← Search

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་དང་པོའི་དཀར་ཆག

p. 0

༄༅། །གྲུབ་བརྙེས་རིག་འཛིན་བྱེ་བའི་ཁྱུ་མཆོག་རིག་རྩལ་ཐོགས་མེད་གླིང་པ་རྗེའི། །དོན་བརྒྱུད་དགོངས་པ་ཆོས་སྐུའི་འདྲ་འབག་གཏེར་བརྒྱུད་གཟུགས་སྐུའི་རྒྱན་འཆང་བ། །དག་ཆེན་ཡེ་ཤེས་སྒྱུ་མའི་སྣང་བརྙན་མི་ཤིགས་སྤྲུལ་པའི་མཆོད་སྡོང་ཆེའི། །ས་གསུམ་དགེ་བའི་བཀྲ་ཤིས་བྱིན་གཡང་དེང་འདིར་བསྟན་འགྲོའི་དཔལ་དུ་ཤོག །ཅེས་ནོར་གླིང་མཁན་པོ་ནམ་མཁས་ཞུས་ངོར་པདྨ་སྐལ་བཟང་དེས།། །།

p. 1

༄༅། །རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་དང་པོའི་དཀར་ཆག་བཞུགས་སོ།།

p. 2

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་དང་པོ་བླ་མ་གུ་རུ་ཞི་དྲག་དང་ཚེ་སྒྲུབ་སྐོར་གྱི་དཀར་ཆག་དང་རྣམ་ཐར་བསྡུས་པ་ ༡-༡༦ དཔའ་བོ་ལས་རབ་རྩལ་གྱི་དག་སྣང་སྙན་བརྒྱུད་ཆོས་ཀྱི་དཀར་ཆག་པདྨ་དཀར་པོའི་ཕྲེང་བ་ ༡༧-༧༤ དག་སྣང་གཏེར་གྱི་ལོ་རྒྱུས་དང་གུ་རུ་རིན་པོ་ཆེའི་ཞབས་རྗེས་མཐོང་བ་དོན་ལྡན་གྱི་ལོ་རྒྱུས་ ༧༥-༨༢ བྱིན་རླབས་ཡོངས་འདུས་ཀྱི་གསོལ་འདེབས་ ༨༣-༨༤ ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་

p. 3

ཡོངས་འདུས་ ༨༥-༩༠ བྱིན་རླབས་ཡོངས་འདུས་ཀྱི་ཚོགས་བསྡུས་འབད་མེད་གཞི་གྲོལ་གསུང་ ༩༡-༩༢ གསོལ་འདེབས་ཐུགས་དམ་བསྐུལ་ཆོག་ ༩༣-༩༦ གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་ཀྱི་དབང་བཞི་བྱིན་རླབས་ལམ་བཟང་ ༩༧-༡༠༢ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་གསང་སྒྲུབ་ ༡༠༣-༡༠༤ བླ་མ་སྤྲུལ་སྐུ་ལ་བརྟེན་པའི་འཕོ་ལུང་ ༡༠༥-༡༠༨ ཟངས་མདོག་དཔལ་རིའི་སྨོན་ལམ་ ༡༠༩-༡༡༠ པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་

p. 4

༡༡༡-༡༡༦ གུ་རུ་པདྨ་སཾ་བྷ་ཝའི་སྒྲུབ་ཐབས་ ༡༡༧-༡༡༨ གུ་རུ་ཤཱཀྱ་སེང་གེའི་སྒོས་སྒྲུབ་ ༡༡༩-༡༢༢ གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་དགོས་འདོད་ཀུན་འབྱུང་ ༡༢༣-༡༣༠ གུ་རུ་ཉི་མ་འོད་ཟེར་གྱི་དབང་ཆོག་རིན་ཆེན་ཕྲེང་བ་ ༡༣༡-༡༤༢ སྒོ་ཞུས་ཐུན་བྲབ་ཀྱི་རིམ་པ་ ༡༤༣-༡༤༤ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་ ༡༤༥-༡༥༠ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཡང་གསང་གནད་ཡིག་འཇམ་དཔལ་སྦྲགས་སྒྲུབ་ ༡༥༡-༡༥༢ གུ་རུ་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས་ ༡༥༣- ༡༥༤ གུ་རུ་སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྒྲུབ་ཐབས་ ༡༥༥- ༡༧༠ བྱིན་འབེབས་དངོས་གྲུབ་ཆར་འབེབས་ ༡༧༡-༡༧༨ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཐུགས་དམ་བསྐང་བའི་རིམ་པ་ ༡༧༩-༡༨༢ ཐོད་ཕྲེང་རིགས་ལྔའི་བསྐུལ་བྱང་ཚེ་གཡང་ཁ་སྤྲོད་ ༡༨༣-༡༨༦ གུ་རུ་སྣང་སྲིད་ཟིལ་གནོན་གྱི་མེ་མཆོད་ ༡༨༧-༡༩༠ གུ་རུ་པདྨ་རྒྱལ་པོའི་ཆོ་གའི་སྨོན་ལམ་ ༡༩༡-༡༩༤ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་

p. 5

སྒྲུབ་ཐབས་ངག་ཁྲིགས་སུ་བཀོད་པ་ ༡༩༥-༢༡༢ ཨོ་རྒྱན་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་ ༢༡༣-༢༡༨ གུ་རུ་དཔལ་འཕེལ་ནོར་བུའི་སྒྲུབ་ཐབས་ ༢༡༩-༢༢༠ དཔལ་འཕེལ་ཆ་ལག་ཟ་ཡིག་ ༢༢༡-༢༢༢ དཔལ་འཕེལ་ཆ་ལག་རླུང་འཁོར་ ༢༢༣-༢༢༤ གུ་རུ་སེང་གེ་སྒྲ་སྒྲོག་གི་སྒྲུབ་ཐབས་ ༢༢༥-༢༢༨ སེང་སྒྲོག་རྒྱུན་ཁྱེར་བསྡུས་པ་ ༢༢༩-༢༣༠ རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ ༢༣༡-༢༤༠ རྡོ་རྗེ་གྲོ་ལོད་ཀྱི་ལོ་རྒྱུས་ ༢༤༡-༢༤༤ རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་མཆོད་འཁོར་འདས་ཟིལ་གནོན་ ༢༤༥-༢༤༨ རྡོ་རྗེ་གྲོ་ལོད་ཀྱི་ཐུགས་སྒྲུབ་གསང་བ་གནམ་ལྕགས་ཁོལ་མ་ ༢༤༩-༢༥༤ རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག་ ༢༥༥-༢༥༨ རྡོ་རྗེ་གྲོ་ལོད་ཀྱི་བསྙེན་ཡིག་བྱིན་རླབས་ཡོངས་འདུས་ ༢༥༩-༢༦༢ རྡོ་རྗེ་གྲོ་ལོད་ཀྱི་དམ་རྫས་སྒྲུབ་ཐབས་ ༢༦༣-༢༦༤ རྡོ་རྗེ་གྲོ་ལོད་ཀྱི་ཟོར་གྱི་ལས་མཐའ་ ༢༦༥-༢༦༨ རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་མཚོན་ཆའི་འཁོར་ལོ་ ༢༦༩-༢༧༠ རྡོ་རྗེ་གྲོ་ལོད་ཀྱི་ལས་

p. 6

མཐའ་རྦད་བསྐུལ་ ༢༧༡-༢༧༤ རྡོ་རྗེ་གྲོ་ལོད་ཀྱི་མན་ངག་སྦས་པ་ལོཀྟྲིའི་དྲག་སྔགས་ ༢༧༥-༢༧༨ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་ཐོག་རྒོད་འབར་བ་ ༢༧༩-༢༨༤ རྡོ་རྗེ་གྲོ་ལོད་ཀྱི་ཟོར་བསྐུལ་གྱི་ཨུ་པ་དེ་ཤ་ ༢༨༥-༢༨༦ རྡོ་རྗེ་གྲོ་ལོད་ཀྱི་སྲུང་བ་གནམ་ལྕགས་ཕོ་བྲང་ ༢༨༧-༢༨༨ བླ་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་མི་ཁ་གྱོད་བྱུར་ཁོག་པའི་སྲུང་འཁོར་ ༢༨༩-༢༩༠ གུ་རུ་རྡོ་རྗེ་དྲག་རྩལ་གྱི་ཆ་ལག་རྒྱལ་འགོང་འདུལ་ཐབས་ ༢༩༡-༢༩༤ རྡོ་རྗེ་གྲོ་ལོད་ཀྱི་ཕན་བྱའི་མན་ངག་རྒྱལ་འགོང་འཇོམས་པའི་ཟ་ཡིག་ ༢༩༥- ༢༩༦ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་ཤི་གཤེད་ཀུན་འཇོམས་ ༢༩༧-༢༩༨ བླ་སྒྲུབ་དྲག་པོའི་ལས་ཚོགས་མཁའ་འགྲོའི་ཟ་ཡིག་ཚན་བདུན་ ༢༩༩-༣༠༠ བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལོ་རྒྱུས་ ༣༠༡-༣༠༤ བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལས་བྱང་དངོས་གྲུབ་ཀུན་འདུས་ ༣༠༥- ༣༣༢ རྒྱལ་བ་སྤྱི་བསྐང་གཙུག་གི་རྒྱན་གཅིག་རཏ་གླིང་གསུང་ ༣༣༣-༣༤༢ ཡང་གསང་སྤྱན་མང་གི་དྲག་

p. 7

སྔགས་ཧཱུྃ་གི་བཟློག་པ་ ༣༤༣-༣༤༦ ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོའི་དབང་གི་ཁྱད་ཆོས་ ༣༤༧-༣༥༦ ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོའི་ལོ་རྒྱུས་གསལ་བའི་མེ་ལོང་ ༣༥༧- ༣༥༨ དྲག་པོ་གནམ་ལྕགས་མེ་ཕྲེང་གི་གསོལ་འདེབས་ ༣༥༩-༣༦༢ བྱིན་འབེབས་ ༣༦༣-༣༦༤ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ལས་བྱང་ ༣༦༥-༣༨༠ བདུད་རྩི་ཁཱ་ཧི་ ༣༨༡-༣༨༤ དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་བསྐང་བ་ ༣༨༥-༣༩༠ ཧཱུྃ་དམིགས་ ༣༩༡-༣༩༢ གནམ་ལྕགས་མེ་ཕྲེང་གི་དྲག་པོ་ཧཱུྃ་གི་སྒྲུབ་ཐབས་ ༣༩༣-༣༩༦ སྨིན་བྱེད་དབང་གི་ཆོ་ག་ངག་བཤད་མཚམས་སྦྱོར་བཅས་ ༣༩༧-༤༡༢ གུ་དྲག་ཡེ་ཤེས་གཟི་བརྗིད་ཀྱི་ཐུགས་དམ་བསྐུལ་ཆོག་ཕྲིན་ལས་ཐོགས་མེད་ ༤༡༣- ༤༡༨ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་གནད་བསྐུལ་ ༤༡༩-༤༢༢ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བསྒྲལ་བ་ ༤༢༣-༤༣༨ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཟོར་ལས་ ༤༣༩-༤༥༦ བཟློག་བསྡུས་

p. 8

གཅེས་ཟབ་ ༤༥༧-༤༦༠ གསེར་སྐྱེམས་བདུད་རྩིའི་སྤྲིན་ཕུང་ཉི་མ་གྲགས་པའི་གསུང་ ༤༦༡- ༤༦༢ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བཟློག་པའི་རྗེས་ཀྱི་རིམ་པ་ཟོར་ལས་ ༤༦༣-༤༨༢ བཟླས་ཆོག་རྡོ་རྗེའི་གོ་ཁྲབ་སོགས་ སྔགས་ཚན་སྣ་ཚོགས་ ༤༨༣- ༥༠༨ སྲོག་བདག་ཀླུའི་སྲུང་བ་ ༥༠༩-༥༡༠ བི་མ་མི་ཏྲའི་སྒྲུབ་ཐབས་ཀྱི་རྫོགས་རིམ་གང་ཤར་གཅེར་གྲོལ་ ༥༡༡-༥༡༢ བི་མའི་སྒྲུབ་ཐབས་ཆ་ལག་གསུར་བསྔོ་༥༡༣- ༥༡༤ ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས་ཡང་སྙིང་གསེར་གྱི་ཞུན་ཐིགས་ ༥༡༥- ༥༡༨ གནད་དོན་བཞིའི་མན་ངག་ཐ་རམ་འཕྲུལ་གྱི་ཡི་གེ་ ༥༡༩- ༥༢༢ ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན་ ༥༢༣-༥༢༦ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ ༥༢༧- ༥༢༨ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་ ༥༢༩- ༥༥༨ ཚེ་དབང་གི་ལོ་རྒྱུས་ ༥༥༩-༥༦༠ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་ ༥༦༡-༥༧༢ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་རྫོགས་རིམ་འཆི་མེད་དོན་ཁྲིད་ ༥༧༣-༥༨༤ རྩ་

p. 9

གསུམ་ཚེ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་མན་ངག་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ ༥༨༥-༥༩༤ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ ༥༩༥-༦༡༦ རྩ་གསུམ་ཚེ་ལྷའི་སྒྲུབ་ཐབས་བཀླག་ཆོག་ཏུ་བཀོད་པ་དུས་མིན་འཆི་འཇོམས་གསང་ཆེན་ལམ་བཟང་ ༦༡༧-༦༤༢ རྩ་གསུམ་ཚེ་ལྷའི་མཆོད་པ་རྒྱས་སྤྲོས་ ༦༤༣-༦༤༨ རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་ལས་མཐའ་འཆི་བ་བླུ་བའི་མན་ངག་ ༦༤༩-༦༥༤ ཚེ་སྒྲུབ་ཐུགས་དམ་ཟབ་མོ་གསང་བ་ཧྲཱིཿགཅིག་མའི་ཕྲིན་ལས་ཚེ་བཅུད་རྡོ་རྗེའི་སྲོག་སྒྲུབ་ ༦༥༥-༦༧༢ ཐུགས་དམ་ཟབ་པ་ཧྲཱིཿགཅིག་མའི་དབང་ཆོག་བྱིན་རླབས་ཡོངས་འདུས་ ༦༧༣-༦༨༨ རྡོ་རྗེ་ཚེ་སྒྲུབ་འཆི་མེད་སྲོག་སྟེར་ ༦༨༩-༦༩༦ བགེགས་ཚོགས་ཆུང་སྲིའི་སྲོག་གི་སྤུ་གྲི་བཀའ་རྒྱ་ཅན་ ༦༩༧-༧༡༤ ཡོད། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་ཆོས་སྐོར་པོད་དང་པོ་ལ་ཆོས་ཚན་༡༤༦ དང་ཤོག་གྲངས་༣༥༧ གསུང་འབུམ་ཡོངས་རྫོགས་པོད་ལྔ་ལ་ཁྱོན་ཆོས་ཚན་༨༣༨ བཅས་བཞུགས།

རྣམ་ཐར་བསྡུས་པ།

p. 10

༈ རིག་རྩལ་ཐོགས་མེད་གླིང་པའམ་སྐྱབས་རྗེ་རིག་འཛིན་ཆེན་པོ་འདི་ཉིད་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ ༤༩ ཤིང་ཡོས་ལོར་ཡུལ་ཆེ་ཡོལ་དུ་སྐུ་འཁྲུངས། ལོ་ལྔ་ནས་འབྲི་ཀློག་བསླབ་མ་དགོས་པར་མཁྱེན། བདུན་ནས་སྔོན་རཏྣ་གླིང་པའི་དུས་ཀྱི་མཛད་སྤྱོད་དང་ལྐོག་གྱུར་གྱི་གནས་རྣམས་སྒྲིབ་མེད་དུ་གསུངས། བཅུ་པའི་ཐོག་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྗེས་སུ་བཟུང་། ཆགས་རུ་འོད་གསལ་སྒྲུབ་སྡེའི་སྒྲིག་ལམ་དུ་ཞུགས། བཅུ་གསུམ་ཐོག་རྡོ་བྲག་རིག་འཛིན་ཆེན་པོའི་མདུན་ནས་ངོ་སྤྲོད་ཞུས། བཅོ་ལྔ་ལ་པཎ་ཆེན་བཱི་མའི་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྲུབ་དབང་རྫོགས་ཆེན་གཉིིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཐོབ། རང་གི་ཁུ་བོ་ནོར་བུ་རྒྱ་མཚོ་ལས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་མཆན་གསལ་འབུམ་ཕྲག་སྣང་བའི་ཐོག་ནས་ཁྲིད་སྦྱོང་མཛད་པས་ངེས་ཤེས་ཟབ་མོ་ཐུགས་ལ་འཁྲུངས། བཅུ་བདུན་ལ་ཉི་གྲགས་ཕག་མོའི་

p. 11

སྒྲུབ་པ་མཛད་པས་ཡེ་ཤེས་མཚོ་རྒྱལ་གྱིས་དབང་བསྐུར་ལུང་བསྟན་ཐོབ་སྟེ་གཏེར་གྱི་ཁ་བྱང་བབས། འབྱུང་པོ་གདུག་པ་ཅན་གྱི་ཚ་དབལ་འཇོམས་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་སྒྲུབ་སྐོར་སྤྲིངས། ཉི་ཤུ་ལ་ཁྱབ་བདག་རྡོ་རྗེ་འཆང་ཉི་སྤྲུལ་རིན་པོ་ཆེའི་མདུན་ནས་རྩ་གསུམ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་སོགས་ཞུས་པས་གདམས་པ་མ་ལུས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང་། སྐུ་ཉམས་སུ་བསྟར་བས་རྟོགས་པའི་གདེང་དང་རྟགས་ཀྱི་དྲོད་ཚད་རྙེད། རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ནས་ཆོས་སྐྱོང་རྣམས་ལ་བཀའ་བཞིན་བསྒྲུབ་པའི་ཕྲིན་ལས་བཅོལ་ཞིང་ཤིས་པའི་མེ་ཏོག་འཐོར་བས་ཀུན་གྱིས་དད་པའི་གནས་སུ་གྱུར། སོ་གཉིས་པར་བྱང་ཕྱོགས་མཚོ་སྔོན་མོའི་ས་ཆར་གནས་པའི་སྐྱེ་དགུ་རྣམས་ཀྱི་ཆེད་དུ་ཕེབས། མི་དང་མི་མིན་གྱིས་རྙེད་པ་བཀུར་བཟོས་ཚད་མེད་པ་བྱུང་། རོང་པོ་རེ་སྐོང་གི་ཡུལ་དུ་བྱོན་ནས་ཕྱོགས་དེར་གདོན་གྱིས་ཟིན་པའི་རོ་ལངས་དང་། སེམས་ཅན་རྣམས་ལ་ཆོས་ཀྱིས་ཕན་འདོགས་ཅི་རིགས་པ་བྱུང་། ཁྱད་པར་མཐུ་ནུས་ཀྱིས་

p. 12

ཁེངས་པའི་དྲེགས་པ་ཅན་དག་སྤ་བཀོང་ཞིང་ཟིལ་གྱིས་མནན། སླར་མཚོ་ཁྲི་ཤོར་རྒྱལ་མོའི་ནང་ནས་ཡིད་བཞིན་གྱི་ནོར་བུ་ཞིག་བཏོན། འོད་གསལ་དག་པའི་སྣང་ངོར་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་ཕྱིན་ནས་སློབ་དཔོན་ཆེན་པོ་བླ་མ་དྲག་པོའི་སྐུར་བཞེངས་ཏེ་དབང་བཞིས་རྒྱུད་སྨིན་པར་བྱས། དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཆོས་སྐོར་རྣམས་ཀྱང་དག་སྣང་དུ་ཐོབ། བཛྲ་ཀཱི་ལ་ཡའི་སྒྲུབ་པ་མཛད་སྐབས་གཙོ་བོའི་ཕུར་པ་འཕར་ཞིང་འཁྲབ་སྟེ་མེ་དུད་འཕྲོ་ཞིང་བཞད་པ་དང་ཕྱོགས་ཀྱི་རི་རྩེར་འཕུར་བ་ལ་ཕུར་བུ་གར་འཁྲབ་མའི་སྡེ་ཞེས་ཐོགས། འདིའི་ལོ་ཧོར་ཟླ་བཞི་པའི་ཚེས་གསུམ་གྱི་ནུབ་མོར་བདུད་བཙན་ཀླུ་གསུམ་དང་བཀྲ་ཤིས་ཚེ་རིང་མས། སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་འདྲེ་བདུད་རྣམས་དམ་ལ་བཏགས་པའི་དུས་ཀྱི་ཞབས་གཡས་པའི་རྗེས་དང་འདྲེ་བདུད་ཀྱི་བླ་རྡོ་བཅས་ཕུལ། ཡང་སྐབས་ཤིག་འོད་ཀྱི་གུར་ཁྱིམ་ན་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་ལྔ་བཞུགས་པའི་ཞལ་ནས་ནང་རྒྱུད་ཡོ་ག་གསུམ་གྱི་ལྟ་

p. 13

སྒོམ་སྤྱོད་འབྲས་ཀྱི་ཟབ་གནད་འདུས་པ་རེ་གསུངས་ནས་སོ་སོའི་རྟེན་སྐལ་དུ། དགའ་རབ་རྡོ་རྗེས་རྡོ་རྗེ། ཤྲཱི་སིཾ་ཧས་བྲམ་ཟེའི་བྲང་རུས། བཱི་མ་མི་ཏྲས་སངས་རྒྱས་འོད་སྲུང་གི་རིང་བསྲེལ། ཨོ་རྒྱན་ཆེན་པོས་ཉིད་ཀྱི་ཚེམས་དུང་། ཀླུ་སྒྲུབ་ཀྱིས་རྡོོ་ལི་འོད་འབར་བཅས་གནང་བ་རྣམས་དངོས་སུ་ཕྱག་ཏུ་ཐོབ། དེ་ནས་དབུས་ཕྱོགས་སུ་ཕེབས་སྐབས་ཇོ་བོ་ཤཱཀྱ་མུ་ནེའི་ཐུགས་ཀ་ནས་རིང་བསྲེལ་བྱ་མོའི་སྒོ་ང་ཙམ་ཕྱག་ཏུ་བབ། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་རྩ་གསུམ་སྒྲུབ་པའི་གདམས་སྐོར་དགོངས་གཏེར་དུ་ཕབ། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་༧ངག་དབང་ཀུན་འགའ་བློ་གྲོས་ཀྱི་བཀའ་ལུང་བཞིན་ས་དབང་སྡེ་དགེ་རྒྱལ་པོས་རྒྱལ་ཁབ་ཏུ་སྤྱན་དྲངས། ཉི་གྲགས་ཚེ་སྒྲུབ་ཀྱིི་སྒྲུབ་པ་མཛད་པས་བུམ་ཆུ་ཕྱིར་ཕྱུར་རིལ་བུ་འཕུར་ཞིང་འཕེལ་བའི་དངོས་གྲུབ་ཀྱི་རྫས་འདན་ཆོས་འཁོར་དུ་ས་ཁོ་ཚང་གི་ཆུང་མ་བ་ཡན་ནུས་རྡོག་ལ་གནང་བས། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་འཁྲུངས། ཁྱད་པར་ས་སྐྱོང་དབང་མོ་ལ་སྲིད་སྤེལ་

p. 14

གྱི་ཟ་ཡིག་གནང་སྐབས་དཀར་ཡོལ་སྐམ་པོའི་ནང་དུ་རང་བྱུང་གི་ཚེ་ཆུ་འཁྱིལ་བས་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར། སླར་ཕྱོགས་ཀུན་ཏུ་ས་བདག་བརྔན་པ་ས་གནད་གསོ་བ་ས་མིག་གཟེར་གང་ཆེ་ལ་དམ་སྲི་མནན་པ། འབྱུང་པོ་ཁ་ཆིངས་རྒྱལ་འགོང་ཨར་གཏད་སོགས་ཀྱིས་བསྟན་འགྲོའི་ཕན་བདེ་ལ་གནོད་པའི་བགེགས་རིགས་རྣམས་ནམ་ཡང་རྒྱུ་བའི་གོ་སྐབས་དང་བྲལ་བར་བྱས། ས་སྐྱོང་སྡེ་དགེའི་བཙུན་མོ་སྒ་རྗེ་དཔོན་མོ་ཚེ་དབང་ལྷ་མོས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ཏེ་གཏེར་ཆོས་ཀྱི་འགྲོ་དོན་སྤེལ་བར་བསྐུལ་བས་རྗེས་སུ་གནང་། དབང་ལུང་ཁྲིད་གསུམ་གྱི་རྒྱུན་སྤེལ། ས་དབང་བཙུན་མོ་སྔ་འགྱུར་རྙིང་རྒྱུད་ཀྱི་ཡོན་བདག་ཏུ་བསྐོས་ཆོས་སྐྱོང་རྣམས་ལ་ཕྲིན་བཅོལ་མཛད་པས་གེགས་མེད་དུ་གྲུབ། མདོར་ན་དམ་པ་འདིའི་ཆེ་བའི་ཡོན་ཏན། གྲུབ་པའི་རྣམ་ཐར་མཛད་པའི་ཕྱག་རྗེས་ལ་སུས་ཀྱང་འགྲན་པར་མི་བཟོད་པར་དུས་མཉམ་གྱི་སྐྱེས་ཆེན་དུ་མས་བསྔགས་པའི་མེ་ཏོག་འཐོར། བརྒྱུད་འཛིན་གྱི་བུ་སློབ་ཡང་རྫོགས་སྤྲུལ་གསུམ་པ་ངེས་དོན་

p. 15

བསྟན་འཛིན་བཟང་པོ་དང་། བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། འཇིགས་མེད་རྒྱལ་བའི་མྱུ་གུ། རྩ་བའི་ཆོས་བདག་རྣམ་གཉིས་དགེ་རྩེ་རིག་འཛིན་རྒྱ་མཚོ་དང་ཨ་སེ་བ་གོ་གྱའི་བསོད་ནམས་ཆོས་བཟང་སོགས་ཀྱི་གཙོས་རྫོགས་ཆེན་གྱི་གདམས་ཁྲིད་ཁོ་ནས་བསྐྱངས་པ་ལྔ་བརྒྱ་ལྷག་ཙམ་དང་། ཆོས་བཀའ་གཞན་དང་དམ་རྫས་མྱོང་གྲོལ་ཆོས་ཀྱིས་འབྲེལ་བ་ཐོགས་པ་བགྲང་ལས་འདས་པ་ཞིག་བྱུང་། མཐར་རབ་བྱུང་བཅུ་གསུམ་པའི་དྲག་པོ་ལྕགས་སྤྲེལ་ལོ་དགུང་གྲངས་རེ་དྲུག་པར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོང་། རྗེས་འཇུག་འགྲོ་བའི་རྟེན་སྐལ་དུ་སྩལ་བའི་ཟབ་གཏེར་དག་སྣང་གི་སྐོར་ཡང་དཀར་ཆག་པདྨ་དཀར་པོའི་ཕྲེང་བ་རུ་འཁོད་པའི་ཆོས་ཚན་ཡོངས་རྫོགས་ལག་སོན་མ་བྱུང་ཡང་སྐབས་འདིར་ཐེངས་གསུམ་པ་པར་བསྐྲུན་བྱས་པའི་སྐབས་སུ་སྔར་མེད་ཀྱི་ཆོས་ཚན་༥༨ཙམ་གསར་དུ་རྙེད་པ་བླ་རྫོགས་ཐུགས་གསུམ་སོགས་སོ་སོའི་ཆོས་ཚན་གྱི་གྲས་སུ་ཁ་སྐོང་གི་ཚུལ་དུ་ཆོག་བསྒྲིགས་བྱས་ཏེ་ཟབ་གཏེར་དག་སྣང་གི་ཆོས་

p. 16

སྐོར་པོད་ཆེན་ལྔ་རྒྱལ་བ་རིགས་ལྔའི་མཚོན་གྲངས་དང་ལྡན་པར་བྱས་ཏེ་སླར་ལྷར་བཅས་འགྲོ་བའི་མཆོད་སྡོང་དུ་བསྐྲུན་པའོ། །ཞེས་གཟིགས་པ་པོ་ལ་དད་སྤྲོའི་ས་བོན་ཙམ་དུ་དམིགས་ནས་མདོ་ཙམ་བཤད་པ་ལས་དམ་པ་འདིའི་ཆེ་བའི་ཡོན་ཏན་གྲུབ་པའི་རྣམ་ཐར་མཛད་པའི་ཕྱག་རྗེས་ལ་སུས་ཀྱང་འགྲན་པར་མི་བཟོད་པའི་ཕྱི་ནང་གསང་བའི་རྣམ་ཐར་ངོ་མཚར་བ་རྒྱ་མཚོ་ལྟ་བུ་ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་ལྟར་ཟབ་པ་མཐའ་དག་སུ་ཞིག་གིས་བརྗོད་པར་ནུས། འོན་ཀྱང་ཟབ་ཆོས་རིན་པོ་ཆེ་འདི་ཉིད་ལ་ཐོག་མཐའ་བར་གསུམ་དུ་ཞབས་ཞུ་ཅུང་ཙམ་སྒྲུབ་པའི་སྐལ་བ་ཐོབ་པ་ལ་དགའ་དད་སྤྲོ་གསུམ་གྱི་བློས་བསྐུལ་ནས་དཔེ་སྐྲུན་གསལ་བཤད་ཀྱི་ས་བཅད་ཙམ་དུ་རྒྱལ་དབང་པདྨའི་རྒྱལ་ཚབ་༧རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་རྣམ་པར་ཐར་བ་ཆུ་ཐིགས་ཙམ་ཞིག་མཁན་མིང་ཙམ་འཛིན་པ་ནམ་མཁའ་རྡོ་རྗེར་འབོད་པ་དེས་བྲིས་པའི་དགེ་བས་སྐྱེ་ཀུན་རྗེ་བཙུན་བླ་མ་མཆོག་གི་གདུལ་བྱ་རུ་འགྱུར་བའི་རྒྱུར་གྱུར་ཅིག། །།སྒྲིག་པ་པོས། །

ངེས་དོན་རྡོ་རྗེ་འཆང་ཆེན་པོ་རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་སྙན་བརྒྱུད་ཆོས་ཀྱི་དཀར་ཆག་པདྨ་དཀར་པོའི་ཕྲེང་བ།

p. 17

༄༅། །ངེས་དོན་རྡོ་རྗེ་འཆང་ཆེན་པོ་རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་སྙན་བརྒྱུད་ཆོས་ཀྱི་དཀར་ཆག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 18

རབ་འབྱམས་རྒྱལ་བའི་རྣམ་འཕྲུལ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ལྡན་བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །འོད་མཚན་སྟོང་དུ་འབར་བའི་ཡེ་ཤེས་མཆོག །བརྩེ་ཆེན་སྙིང་རྗེ་དྲག་པོས་ཉེར་བསྐུལ་བས། །རྡུལ་བྲལ་མཚན་དཔེའི་སྐུར་ཤར་མཚོ་སྐྱེས་རྗེས། །འཛད་མེད་བཀྲ་ཤིས་སྣང་བ་སྩོལ་གྱུར་ཅིག །རིག་འཛིན་གྲུབ་པའི་དབང་པོ་མཚོ་སྐྱེས་རྗེའི། །ཐུགས་བཅུད་ཉི་མ་འདྲེན་པའི་ཤིང་རྟ་ཆེའི། །སྙན་གྲགས་སྲིད་པའི་བླ་ན་མངོན་མཐོ་བའི། །གར་གྱི་དབང་པོ་འགྲོ་འདུལ་གླིང་པ་

p. 19

རྒྱལ། །ཕྱོགས་དུས་སྲས་བཅས་རྒྱལ་བའི་ཡེ་ཤེས་དཔལ་ལྡན་སངས་རྒྱས་པདྨའི་ཕྲིན་ལས་གསེར་གྱི་གྲུ་གཟིངས་ཆེས། །བསིལ་ལྗོངས་འགྲོ་བའི་རྣམ་དཀར་ལས་དང་གང་གི་ཐུགས་བསྐྱེད་ཤེ་མོང་སྟོབས་སུ་བདོ་བས་ལེགས་འཕུལ་བས། །ལུས་མེད་མཁའ་འགྲོའི་གསང་མཛོད་ཕ་མཐའ་མི་མངོན་ཆུ་གཏེར་ཆེ་ལས་ཉེར་བླངས་འོད་གསལ་ཐེག་མཆོག་བསྟན། །འདོད་པའི་དོན་འབྱུང་ཡིད་བཞིན་ནོར་བུ་རྒྱལ་མཚན་རྩེ་མོར་མཆོད་དེས་དུས་ཀུན་ཤིས་པའི་སྣང་བ་སྩོལ། །གཞི་རིག་འཕོ་འགྱུར་བྲལ་བའི་རང་

p. 20

རྩལ་ཆེ། །བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །ཐོགས་མེད་ཤེས་བྱའི་ཆོས་ཀུན་མ་འདྲེས་གཟིགས། །གྲུབ་བརྙེས་ལས་རབ་གླིང་པ་གཏན་གྱི་སྐྱབས། །མཁྱེན་རབ་གསེར་སྦྱངས་ལས་གྲུབ་བུམ་བཟང་ལས། །བྱིན་རླབས་བདུད་རྩིའི་ཆུ་སྦྱིན་འབེབས་མཛད་པའི། །སྐྱབས་ཀུན་འདུས་ཞལ་ཡོན་ཏན་མགོན་པོ་སོགས། རིམ་བྱོན་རྩ་བརྒྱུད་བླ་མར་ཕྱག་བགྱིའོ། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། ས་གསུམ་ན་གནས་པའི་སྐྱེ་དགུ་ཡོངས་ཀྱི་ཕན་བདེའི་སྣང་བ་བརྒྱ་ཕྲག་གི་འབྱུང་གནས་དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་སཾ་བྷ་ཝའི་ཐུགས་བསྐྱེད་ལས་བྱུང་བའི་ཡང་ཟབ་ཆོས་གཏེར་གྱི་སྡེ་ཚན་ལས། འདིར་ལང་འགྲོ་ལོ་ཙཱ་བ་ཞེས་གནམ་ལྕགས་ཁྲོ་ཆུའི་ཐོག་མདའ་མཛུབ་རྩེར་ཁྲིད་པར་ནུས་པ་གང་དེའི་ཡེ་ཤེས་སྒྱུ་མའི་རོལ་གར་གཏེར་ཆེན་གྲུབ་པའི་དབང་ཕྱུག་ ༧ རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་ཞེས་ཡོངས་སུ་གྲགས་པ་གང་དེའི་དག་སྣང་སྙན་བརྒྱུད་ཆོས་ཀྱི་རིམ་པ། དོན་ཟབ་ལ་ཚིག་འབྲུ་བཟང་བ་བྱིན་

p. 21

རླབས་ཀྱི་ཚན་ཁ་གཞན་ལས་མྱུར་བ། དུས་ཀྱི་རྒུད་པ་གསོ་བའི་མཐུ་བྱིན་ཅན་མཆོག་ཐུན་གྱི་དངོས་གྲུབ་འདོད་དགུར་འཇོ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གཏམ་བརྗོད་པར་བྱ་བ་ལ་གསུམ་ལས། དང་པོ། སྐྱབས་རྗེ་རིག་འཛིན་ཆེན་པོ་འདི་ཉིད་གདོད་ནས་མངོན་སངས་རྒྱས་པ་དཔལ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་ཀྱང་། སྣ་ཚོགས་གདུལ་བྱའི་སྣང་ངོར་ཅིར་ཡང་འཆར་བ་ཆོས་ཉིད་ཀྱིས། བསྐལ་བ་དུ་མའི་གོང་རོལ་དུ་སྐྱེ་དགུའི་བདག་པོ་ཚངས་པ་ཆེན་པོའི་སྐྱེ་བ་བཞེས་ཤིང་། དེ་བཞིན་གཤེགས་པ་ཡོན་ཏན་བརྩེགས་པ་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ཏེ་ཆོས་འཁོར་སྐོར་བར་བསྐུལ་བ་དང་། ད་ལྟ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་དྲུང་འདིར་ཤེས་རབ་ཅན་གྱི་མཆོག་སྤྲུལ་བའི་ཉན་ཐོས་ཤཱ་རིའི་བུ་དང་། གནས་བསྟན་བཅུ་དྲུག་གི་རིམ་འགྲོ་བ་དགེ་བསྙེན་དྷརྨ་ཏ། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཞི་བའི་གོ་ཆ། སངས་རྒྱས་གཉིས་པའི་ཐུགས་སྲས་ལང་གྲོ་དཀོན་མཆོག་འབྱུང་

p. 22

གནས། རྡོ་བོད་གཉིས་ཀྱི་མཚམས་སུ་ངན་རྫོང་རས་པ་བྷོ་དྷི་རཱ་ཛ། འགྲོ་མགོན་ས་སྐྱ་བ་བསོད་ནམས་རྒྱལ་མཚན། མངའ་བདག་གསུང་སྤྲུལ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་རིགས་སྲས་པདྨ་དབང་ཆེན། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ། གྲུབ་པའི་དབང་པོ་ཆོས་རྒྱལ་རཏྣ་གླིང་པ། ཨ་འཁར་རྟོགས་ལྡན་ཀརྨ་ཕྲིན་ལས་སོགས་དག་པའི་སྐྱེ་སྲིད་ཁོ་ནར་བཞེས་པའི་སྔོན་གནས་རྗེས་དྲན་དང་། དམ་པའི་སྤྱོད་ཚུལ་འབའ་ཞིག་ལ་གོམས་པའི་རང་བཞིན་ཅན་ཏེ། སྐུ་ཚེ་འདིར་ཡང་མའི་ལྷུམས་ན་ཡོད་དུས་ཨ་འཁར་རྟོགས་ལྡན་ཀརྨ་ཕྲིན་ལས་ཡིན་ཞེས་དང་སྐུའི་རིམ་གྲོ་སོགས་གསུང་བྱོན། རབ་བྱུང་བཅུ་གསུམ་པའི་བགྲང་བྱ་ ༤༩ ཤིང་ཡོས་ལོར་ཡུལ་ཆེ་ཡོལ་དུ་མ་ཡུམ་ཚེ་སྒྲོན་གྱི་སྲས་སུ་སྐུ་འཁྲུངས། ལོ་ལྔ་ནས་འབྲི་ཀློག་བསླབ་མ་དགོས་པ་མཁྱེན། བདུན་ནས་སྔོན་རཏྣ་གླིང་པའི་དུས་ཀྱི་མཛད་སྤྱོད་དང་ལྐོག་གྱུར་གྱི་གནས་རྣམས་སྒྲིབ་མེད་དུ་གསུངས། རྩ་རླུང་སྦྱོང་སྟངས་སྒོམ་བྱེད་པ་ལྷ་རིས་འབྲི་བ་ཆོས་གཏམ་སྨྲ་བ་སོགས་ཁོ་ན་མཛད། བཅུ་པའི་ཐོག་ཉི་སྤྲུལ་གཉིས་པ་པདྨ་

p. 23

ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རྗེས་སུ་བཟུང་། ཆགས་རུ་འོད་གསལ་སྒྲུབ་སྡེའི་སྒྲིག་ལམ་དུ་ཞུགས། བཅུ་གསུམ་ཐོག་རྡོ་བྲག་རིག་འཛིན་ཆེན་པོའི་མདུན་ནས་ངོ་སྤྲོད་ཞུས། བཅོ་ལྔ་ལ་པཎ་ཆེན་བཱི་མའི་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྲུབ་དབང་རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཐོབ། རང་གི་ཁུ་བོ་ནོར་བུ་རྒྱ་མཚོའི་མདུན་ནས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་རྒྱལ་དབང་ལྔ་བའི་མཆན་གསལ་འབུམ་ཕྲག་སྣང་བའི་ཐོག་ནས་ཁྲིད་སྦྱངས་མཛད་པས་ངེས་ཤེས་འདྲོངས་པར་བགྱིས། བཅུ་བདུན་ལ་ཉི་གྲགས་ཕག་མོའི་སྒྲུབ་པ་མཛད་པས་ཡེ་ཤེས་མཚོ་རྒྱལ་གྱིས་དབང་བསྐུར་ལུང་བསྟན་ཐོབ། གཏེར་གྱི་ཁ་བྱང་བབས། འབྱུང་པོ་གདུག་པ་ཅན་གྱི་ཚ་དབལ་འཇོམས་བྱེད་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་སྒྲུབ་སྐོར་སྤྲིངས། ཉི་ཤུ་ལ་ཁྱབ་བདག་རྡོ་རྗེ་འཆང་ཉི་སྤྲུལ་རིན་པོ་ཆེའི་མདུན་ནས་རྩ་གསུམ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་སོགས་ཞུས་པས་གདམས་པ་མ་ལུས་པ་བུམ་པ་གང་བྱོས་

p. 24

ཀྱི་ཚུལ་དུ་གནང། སྐུ་ཉམས་སུ་བསྟར་བས་རྟོགས་པའི་གདེང་དང་རྟགས་ཀྱི་དྲོད་ཚད་རྙེད། རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཆོས་སྐྱོང་རྣམས་ལ་བཀའ་བཞིན་བསྒྲུབ་པའི་ཕྲིན་ལས་བཅོལ་ཞིང་ཤིས་པའི་མེ་ཏོག་འཐོར་བས་ཀུན་གྱིས་ཅུང་ཟད་དད་པ་བྱུང་། སོ་གཉིས་པར་བྱང་ཕྱོགས་མཚོ་སྔོན་མོའི་ས་ཆར་གནས་པའི་སྐྱེ་དགུ་རྣམས་ཀྱི་ཆེད་དུ་ཕེབས། མི་དང་མི་མིན་གྱིས་རྙེད་པ་བཀུར་བཟོས་ཚད་མེད་པ་བྱུང་། རོང་པོ་རེ་སྐོང་གི་ཡུལ་དུ་བྱོན་ནས་ཕྱོགས་དེར་གདོན་གྱིས་ཟིན་པའི་ལངས་དང་། སེམས་ཅན་རྣམས་ལ་ཆོས་ཀྱི་ཕན་འདོགས་ཅི་རིགས་པ་བྱུང་། ཁྱད་པར་མཐུ་ནུས་ཀྱིས་ཁེངས་པའི་དྲེགས་པ་ཅན་དག་དཔའ་སྐོང་ཞིང་ཟིལ་གྱིས་མནན། སླར་མཚོ་ཁྲི་ཤོར་རྒྱལ་མོའི་ནང་ནས་ཡིད་བཞིན་གྱི་ནོར་བུ་ཞིག་བཏོན། འོད་གསལ་དག་པའི་སྣང་ངོར་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དུ་ཕྱིན། སློབ་དཔོན་ཆེན་པོ་བླ་མ་དྲག་པོའི་སྐུར་བཞེངས་དབང་བཞིས་རྒྱུད་སྨིན་པར་བྱས། དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཆོས་སྐོར་རྣམས་ཀྱང་དག་སྣང་དུ་ཐོབ། སླར་རང་

p. 25

ཡུལ་དུ་ཕེབ། ཡུམ་གྱི་ཡབ་ཚང་ཨ་སེ་བ་ཡན་དཔོན་ཚང་དུ་བཛྲ་ཀཱི་ལ་ཡའི་སྒྲུབ་པ་མཛད་པས་གཙོ་བོའི་ཕུར་བ་འཕར་ཞིང་འཁྲབ་ཏེ་མེ་དུད་འཕྲོ་ཞིང་བཞད་པ་དང་། འཁོར་གྱི་ཕུར་བ་ཕལ་ཆེར་ཕྱོགས་ཀྱི་རི་རྩེར་འཕུར་ཞིང་། སླར་སྦྲ་དང་དཀྱིལ་འཁོར་དུ་བབ་ནས་འཁྲབ་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་བསྟན་པས་ངོ་མཚར་ཞིང་ཕུར་བུ་གར་འཁྲབ་མའི་སྡེ་ཞེས་ཐོགས། འདིའི་ལོ་ཧོར་ཟླ་བཞི་བའི་ཚེས་གསུམ་གྱི་ནུབ་མོར། བདུད་བཙན་ཀླུ་གསུམ་བྱུང་ནས། སློབ་དཔོན་ཆེན་པོའི་ཞབས་རྗེས་ལེན་པར་བསྐུལ་ཡང་། ཕེབ་མ་ཐུབ་པར་སྡེ་བརྒྱད་དམ་བསྒྲགས་ནན་དུ་བྱས་ཞག་གསུམ་ནས་བཀྲ་ཤིས་ཚེ་རིང་མས་སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་གཞེངས་ནས་འདྲེ་བདུད་རྣམས་དམ་ལ་བརྟགས་པའི་དུས་ཀྱི་ཞབས་གཡས་པའི་རྗེས་དང་འདྲེ་བདུད་ཀྱི་བླ་རྡོ་བཅས་ཕུལ། ཡང་སྐབས་ཞིག་གི་ཚེ་སྔར་ཚོར་མ་མྱོང་པའི་དྲི་དང་རོལ་མོའི་སྒྲ་ཐོས་པ་ན། ནམ་མཁར་འཇའ་ཚོན་འོད་ཀྱི་གུར་ཁྱིམ་ན་སྤྲུལ་པའི་སྐུ་དགའ་རབ་རྡོ་

p. 26

རྗེ་སོགས་ལྔ་བཞུགས་པའི་ཞལ་ནས་ནང་རྒྱུད་ཡོ་ག་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཟབ་གནད་འདུས་པ་རེ་གསུངས་ནས་སོ་སོའི་རྟེན་སྐལ་དུ། དགའ་རབ་རྡོ་རྗེས་རྡོ་རྗེ། ཤྲཱི་སིཾཧས་བྲམ་ཟེའི་བྲང་རུས། བཱི་མ་མི་ཏྲས་སངས་རྒྱས་འོད་སྲུང་གི་རིང་བསྲེལ། ཨོ་རྒྱན་ཆེན་པོས་ཉིད་ཀྱི་ཚེམས་དུང་། ཀླུ་སྒྲུབ་ཀྱིས་རྡོ་ལི་འོད་འབར་བཅས་གནང་བ་རྣམས་དངོས་སུ་ཕྱག་ཏུ་ཐོབ། དེ་ནས་དབུས་ཕྱོགས་སུ་ཕེབས་ཚོགས་དང་མར་མེ་མཎྜལ་སོགས་གཟབ་རྒྱས་སུ་ཕུལ་བས། ཇོ་བོ་ཤཱཀྱ་མུ་ནེའི་ཐུགས་ཀ་ནས་རིང་བསྲེལ་བྱ་མོའི་སྒོང་ང་ཙམ་ཕྱག་ཏུ་བབ། བསམ་ཡས་འཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་རྩ་གསུམ་སྒྲུབ་པའི་གདམས་སྐོར་དགོངས་གཏེར་དུ་ཕབ། དཔལ་ས་སྐྱ་པ་ཆེན་པོས་རྣམ་པར་དག་པའི་ལུང་གིས་བསྔགས་པའི་མེ་ཏོག་འཐོར་བས། ས་དབང་སྡེ་དགེ་རྒྱལ་པོས་རྒྱལ་ཁབ་ཏུ་སྤྱན་དྲངས། ཉི་གྲགས་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་གྱི་སྒྲུབ་པ་མཛད་པས་བུམ་ཆུ་ཕྱིར་ཕྱུར་རིལ་བུ་འཕུར་ཞིང་འཕེལ་བ། འཇའ་འོད་འཁྲིགས་ཤིང་དྲི་ཞིམ་འཐུལ་

p. 27

བ་སོགས་རྟགས་དང་ལྟས་ཁྱད་པར་ཅན་མང་པོ་བྱུང་། དངོས་གྲུབ་ཀྱི་རྫས་འདན་ཆོས་འཁོར་དུ་ས་ཁོ་ཚང་གི་ཆུང་མ་བ་ཡན་ནུས་རྡོག་ལ་གནང་བས། རྫོགས་སྤྲུལ་བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ་འཁྲུངས་ཤིང་དེའི་བུ་རོག་སྦ་སར་ལྷ་ཤིང་ཤུགས་པའི་ལྗོན་པ་སྐྱེས་པ་ད་ལྟའང་མཇལ་དུ་ཡོད་ལ་སྒྲུབ་རྫ་ས་གཞན་ལ་གནང་བ་རྒྱལ་པོའི་ཐུགས་ལ་ཅུང་མ་རན་ནས། ཡོན་འབུལ་སྐབས་ཚོད་འགབ་ཕྱིར་ཁོ་བོའི་བང་མཛོད་དུ་ཁྱེད་ཀྱི་ཐུགས་ལ་འདོག་པའི་ནོར་གང་ཡིན་པ་ཕུལ་ཞུས་པ་ལ། ཕྱག་མདའ་གཏང་བས་འཛམ་གླིང་གི་ལས་ཟོག་གླིང་གི་ཕ་ནོར་ཡིན་པར་གྲགས་པའི་ཆ་ལང་ངམ་རོལ་མོ་ནོར་བུ་འབྲུག་གྲགས་བྱ་བ་ལ་བབ་པས་ཡིད་ཆེས་ལྷག་པར་བྱུང་། ཁྱད་པར་ས་སྐྱོང་དབང་མོ་ལ་སྲིད་སྤེལ་གྱི་ཟ་ཡིག་གནང་སྐབས་ཀར་ཡོལ་སྐམ་པོའི་ནང་དུ་རང་བྱུང་གི་ཚེ་ཆུ་འཁྱིལ་བས་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར། འདི་ནས་གཟུང་མིའི་བདག་པོའི་བསྟན་སྲིད་ཀྱི་རིམ་གྲོ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་གང་དགོས་ཐམས་ཅད་

p. 28

བསྒྲུབས་པར་མཛད། ཡོན་དུ་ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་ཁང་མཆོག་གསུམ་སྤྲིན་གྱི་གཤལ་མེདཁང་ཞེས་པ་ཀ་བ་བཅོ་བརྒྱད་པའི་ས་ཁྱོན་རྟེན་དང་བརྟེན་པ་དུས་གསུམ་སངས་རྒྱས་ཀྱི་འབུར་སྐུ་ལྡེབ་རིས་བཀའ་བསྟན་འགྱུར། སྲུང་མའི་མགོན་ཁང་དེའི་ཞལ་ཕོག་བཅས་ཆོས་གཞིས་ཕུན་སུམ་ཚོགས་པ་གསར་དུ་བསྐྲུན། སླར་ཕྱོགས་ཀུན་ཏུ་ས་བདག་རྔན་པ་ས་གནད་གསོ་བ་ས་མིག་གཟེར་གང་ཆེ་ལ་དམ་སྲི་མནན་པ། འབྱུང་པོ་ཁ་ཆིངས་རྒྱལ་འགོང་ཨར་གཏད་སོགས་ཀྱིས་བསྟན་འགྲོའི་ཕན་བདེ་ལ་གནོད་པའི་བགེགས་རིགས་རྣམས་ནམ་ཡང་རྒྱུ་བའི་གོ་སྐབས་དང་བྲལ་བར་བྱས། ཕན་བདེ་མ་ལུས་པའི་འབྱུང་གནས་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་སྔ་འགྱུར་བའི་མེ་རོ་གསར་དུ་སློང་བར་མཛད། ང་གསུམ་ལོར་སླར་བླ་མའི་གདན་སར་ཕེབས་ནས་གདུང་མཆོད་ཕུལ། ཕུག་ནག་བདེ་བ་ཆེན་པོ་ནས་ཚེ་ཆུ་བཏོན་དམ་རྫས་ཨ་མྲྀ་ཏ་ཕྱག་ཏུ་སོན་ཏེ་ལྷ་ལྡན་ཕྱོགས་སུ་འབྱོར། ཡེ་ཤེས་མཚོ་རྒྱལ་སྒྲུབ་ཕུག་ཏི་སྒྲོ་བྲག་ནས་ཆོས་རྒྱལ་རཏྣ་གླིང་བས་ཡང་གཏེར་དུ་སྦས་པ་སྐུ

p. 29

ཚབ་ཡིད་བཞིན་ནོར་བུ་མཐོང་བ་དོན་ལྡན་པདྨ་གུ་རུས་སྤྲད། འདམ་གྱི་རྒྱལ་ཆེན་བརྒྱད་སོགས་དམ་འོག་ཏུ་བཅུག་ནས་རང་མལ་དུ་བཞག །སླར་རང་ཡུལ་དུ་ཕེབས། བར་སྐབས་སུ་དུས་ཀྱི་འགྱུར་བ་ཤིན་ཏུ་བདོ་བས་ཐུགས་དབྱུངས་ཏེ། གཏེར་རྫས་རྣམས་ཡང་གཏེར་དུ་སྦས་ཤིང་ཟབ་ཆོས་ཀྱི་འགྲོ་དོན་བརྟུལ་བར་བཞེད་པ་ན། ས་སྐྱོང་སྡེ་དགེའི་བཙུན་མོས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་ཏེ་གཏེར་ཆོས་ཀྱི་འགྲོ་དོན་སྤེལ་བར་བསྐུལ་བས་རྗེས་སུ་གནང་། དབང་ལུང་ཁྲིད་གསུམ་གྱི་རྒྱུན་སྤེལ། སྔ་འགྱུར་རྙིང་རྒྱུད་ཀྱི་པར་སྔར་ལན་གསུམ་དུ་བརྐོ་བར་བརྩམ་ཡང་འཚུབས་སློང་གིས་བརྐོ་མ་གཏུབ་པ་དམ་པ་འདིས། ངང་བྱུང་དཔལ་གྱི་སྐྱེ་སྲིད་ས་དབང་བཙུན་མོར་ཡོན་བདག་ཏུ་བསྐོས་ཆོས་སྐྱོང་རྣམས་ལ་ཕྲིན་བཅོལ་མཛད་པས་གེགས་མེད་དུ་གྲུབ་ཚུལ་རྙིང་རྒྱུད་དཀར་ཆག་པར་བྱང་དུ་གསལ་ཞིང་། མདོར་ན་དམ་པ་འདིའི་ཆེ་བའི་ཡོན་ཏན། གྲུབ་པའི་རྣམ་ཐར་མཛད་པའི་ཕྱག་རྗེས་ལ་སུས་ཀྱང་འགྲན་པར་མི་བཟོད་ཀྱང་། རྒྱུད་འཛིན་གྱི་བུ་

p. 30

སློབ་ཡང་པཎ་ཆེན་བཱི་མ་ལའི་ཡེ་ཤེས་སྒྱུ་མའི་རོལ་གར་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་། བཞི་བ་མི་འགྱུར་ནམ་མཁའི་རྡོ་རྗེ། གཡུ་སྒྲ་སྙིང་པོའི་སྤྲུལ་པ་རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། རྩ་བའི་ཆོས་བདག་རྣམ་གཉིས་བཱི་མ་ལའི་སྤྲུལ་པ་དགེ་རྩེ་རིག་འཛིན་རྒྱ་མཚོ་དང་བཻ་རོའི་རྣམ་འཕྲུལ་ཨ་སེ་བ་གོ་གྱའི་བསོད་ནམས་ཆོས་བཟང་སོགས་ཀྱི་གཙོས་རྫོགས་ཆེན་གྱི་གདམས་ཁྲིད་ཁོ་ནས་བསྐྱངས་པ་ལྔ་བརྒྱ་ལྷག་ཙམ་དང་། ཆོས་བཀའ་གཞན་དང་དམ་རྫས་མྱོང་གྲོལ་ཆོས་ཀྱི་འབྲེལ་བ་ཐོགས་པ་ཙམ་ནི་བགྲངས་ལས་འདས་པ་ཞིག་བྱུང་བར་གསུངས་སོ། །གཉིས་པ། དག་སྣང་སྙན་བརྒྱུད་ཆོས་ཀྱི་བཞུགས་བྱང་དངོས་ལ། པུསྟི་ཀ་དྲུག་ལས། ༈ ཨ་དུམ་པའི་ཆོས་ཚན། དཀར་ཆག་པདྨ་དཀར་པོའི་ཕྲེང་བ་ཨ་སེ་མཁན་པོ་ཆོས་གྲགས་ཀྱིས་བསྒྲིགས། ཀ༽ དག་སྣང་གཏེར་གྱི་ལོ་རྒྱུས་དང་གུ་རུ་རིན་པོ་ཆེའི་ཞབས་རྗེས་མཐོང་བ་དོན་ལྡན་གྱི་ལོ་རྒྱུས། གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས། ཨོ་རྒྱན་གསོལ་འདེབས་ཐུགས་དམ་བསྐུལ་ཆོག

p. 31

དབང་བཞི་བྱིན་རླབས་ལམ་བཟང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་གསང་སྒྲུབ་ཕོ་མོ་ཟས་ནོར་འགུགས་བྱེད། བླ་མ་སྤྲུལ་སྐུ་ལ་བརྟེན་པའི་འཕོ་ལུང་ཐུགས་རྗེའི་ལྕགས་ཀྱུ། ཟངས་མདོག་དཔལ་རིའི་སྨོན་ལམ་བཅས། ཁ༽ པད་འབྱུང་སཾ་བྷ་ཤཱཀྱ་སེང་གེ་གསུམ་གྱི་སྒྲུབ་ཐབས། ག༽ གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་དགོས་འདོད་ཀུན་འབྱུང་། ཉི་འོད་དབང་ཆོག་རིན་ཆེན་ཕྲེང་བ། སྒོ་ཞུས་ཐུན་བྲབ་ཀྱི་རིམ་པ་བཅས། ང༽ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་བློ་གྲོས་མཆོག་གི་སྣང་བ། ཡང་གསང་གནད་ཡིག་འཇམ་དཔལ་སྦྲག་སྒྲུབ་བཅས། ཅ༽ ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) གུ་རུ་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས། གུ་རུ་སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྒྲུབ་ཐབས། བྱིན་འབེབས་དངོས་གྲུབ་ཆར་འབེབས། ཐུགས་དམ་བསྐང་བའི་རིམ་པ། ཐོད་ཕྲེང་རིགས་ལྔའི་བསྐུལ་བྱང་། དངོས་གྲུབ་བསྐུལ་བ། (འདིའི་མ་དཔེ་མ་རྙེད།) སྣང་སྲིད་ཟིལ་གནོན་གྱི་དབང་

p. 32

གི་རིམ་པ། (འདིའི་མ་དཔེ་མ་རྙེད།) ཟིལ་གནོན་མེ་མཆོད་ངག་འདོན། བཀའ་སྲུང་མཆོད་ཐབས། སྣང་སྲིད་ཟིལ་གནོན་གྱི་ཆོ་གའི་སྨོན་ལམ་དྲང་སྲོང་བདེན་ཚིག བུམ་གཏེར་སྦ་ཐབས། (འདིའི་མ་དཔེ་མ་རྙེད།) ཟིལ་གནོན་སེང་གེའི་ཙཀྲ་རབ་ཏུ་གསང་བ། (འདིའི་མ་དཔེ་མ་རྙེད།) པད་རྒྱལ་ལས་ཚོགས་པད་མ་རྒྱལ་པོའི་སྒྲུབ་གནས་པདྨ་རྒྱལ་པོའི་ཐེམ་ཡིག་དྭངས་མ། (འདིའི་མ་དཔེ་མ་རྙེད།) སྲོག་བདག་གཟའ་ཡི་སྒྲུབ་ཐབས་སྤུ་གྲི་ཆིག་ཤུར་གཟའི་བརྒྱུད་འདེབས། གསང་སྒྲུབ་ལས་འབོད་པའི་སྔགས་དམིགས། དྲང་སྲོང་དགྱེས་པའི་བསྟོད་བསྐུལ་བཅས། ཆ༽ ཨོ་རྒྱན་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་བྱིན་རླབས་བླ་མའི་ཆོས་སྐོར་རྣོ་མྱུར་ཚྭ་བ་དམར་ཐག ཇ༽ གུ་རུ་དཔལ་འཕེལ་ནོར་བུའི་སྒྲུབ་ཐབས། དཔལ་འཕེལ་ཆ་ལག་ཟ་ཡིག དཔལ་འཕེལ་ཆ་ལག་རླུང་འཁོར་བཅས། ཉ༽ གུ་རུ་སེངྒེ་སྒྲ་སྒྲོགས་ཀྱི་སྒྲུབ་ཐབས་བདུད་དཔུང་ཚར་གཅོད། རྒྱུན་ཁྱེར་བསྡུས་པ། ཏ༽ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ཕྲིན་ལས་ཐོགས་མེད། ལོ་རྒྱུས་གསལ་བའི་མེ་ལོང་། སྒྲུབ་མཆོད་འཁོར་འདས་ཟིལ་གནོན། ཐུགས་སྒྲུབ་གསང་

p. 33

བ་གནམ་ལྕགས་ཁོལ་མ། དབང་ཆོག་བྱིན་རླབས་མྱུར་འཇུག །བསྙེན་ཡིག་བྱིན་རླབས་ཡོངས་འདུས། དམ་རྫས་སྒྲུབ་ཐབས། ཟོར་གྱི་ལས་མཐའ་ཤིན་ཏུ་ཟབ་པ། ལས་མཐའ་མཚོན་ཆའི་འཁོར་ལོ། ལས་མཐའ་རྦད་བསྐུལ། མན་ངག་སྦས་པ་ལོག་ཏྲིའི་དྲག་སྔགས་དྲེགས་པ་སྤྱི་འདུལ། ཟོར་ལས་ཐོག་རྒོད་འབར་བ། ཟོར་བསྐུལ་ཨུ་པ་དེ་ཤ །སྲུང་བ་གནམ་ལྕགས་ཕོ་བྲང་། སྲུང་འཁོར་སྲུང་བཟློག་དྲིལ་བ། ཆ་ལག་རྒྱལ་འགོང་འདུལ་ཐབས། ཕན་བྱའི་མན་ངག་རྒྱལ་འགོང་འཇོམས་པར་བྱེད་པའི་ཟ་ཡིག །ལས་ཚོགས་ཤི་གཤེད་ཀུན་འཇོམས། མཁའ་འགྲོའི་ཟ་ཡིག་ཚན་བདུན། ཐ༽ བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལོ་རྒྱུས། བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་སྒྲུབ་ཐབས་ལས་བྱང་དངོས་གྲུབ་ཀུན་འདུས་དབང་གི་རྒྱལ་པོ། རྒྱལ་བ་སྤྱི་བསྐང་གཙུག་གི་རྒྱན་གཅིག་རིན་ཆེན་སིལ་མ། རཏྣ་གླིང་པའི་གསུང་། ད༽ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) དྲག་སྔགས་ཧཱྃ་གི་བཟློག་པ་ཟབ་

p. 34

ཁྱད་ཅན། ཧཱུཾ་སྒྲུབ་ཟིལ་གནོན་ཆེན་པོའི་དབང་གི་ཁྱད་ཆོས་བྱིན་རླབས་འབེབས་པའི་ཆོ་ག །དྲག་པོ་གནམ་ལྕགས་ཀྱི་སྨིན་བྱེད་དབང་གི་ཆོ་ག་ངག་བཤད་མཚམས་སྦྱོར་བཅས། གསོལ་འདེབས་བྱིན་རླབས་མྱུར་འཇུག །བྱིན་འབེབས། ལས་བྱང་། སྨན་མཆོད། ཤན་པ་དམར་ནག་གི་མཆོད་ཕྲེང་ཕྲིན་ལས་ཐོགས་པ་མེད་པའི་རོལ་གར། བཀའ་སྲུང་ཤན་དམར་བསྟོད་བསྐུལ། མངའ་གསོལ་ཉུང་བསྡུས། བཀའ་སྲུང་ཤན་དམར་མཆོད་ཐབས་། དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་བསྐང་བ། བྱིན་རླབས་དབང་གི་གདམས་པ། (འདིའི་མ་དཔེ་མ་རྙེད།) གནད་ཡིག་(འདི་གཉིས་གཅིག་ཨེ་ཡིན་སྙམ་)ཧཱུཾ་དམིགས། དྲག་པོ་ཧཱུཾ་གི་སྒྲུབ་ཐབས། རྟགས་མཚན་བྱ་ལམ་སྲུང་བ། (འདིའི་མ་དཔེ་མ་རྙེད།) རྫོ་གས་ཆེན་གྲོང་ཁྱེར་རྒྱུན་གཅོད། (འདིའི་མ་དཔེ་མ་རྙེད།) གུ་དྲག་ཡེ་ཤེས་གཟི་བརྗིད་ཀྱི་ཐུགས་དམ་བསྐུལ་ཆོག ཐུགས་དམ་གནད་བསྐུལ། བསྒྲལ་བ་བདུད་འགོང་གཟུགས་ཕུང་འཐག་བྱེད་གནམ་ལྕགས་རྡོ་རྗེའི་ཐོ་ཆེན། བསོད་ནམས་ཆོས་བཟང་གིས་ཆོག་བསྒྲིགས་མཛད། ཟོར་ལས་དགྲ་བགེགས་གཡུལ་བཟློག ལས་མཐའ་དགྲ་ཆོས་དྲག་

p. 35

པོ་སྲོག་གི་སྤུ་གྲི་གནམ་ལྕགས་འབར་བ། (འདིའི་མ་དཔེ་མ་རྙེད།) དབང་དྲག་རོལ་པའི། བཟློག་བསྡུས་གཅེས་ཟབ། གསེར་སྐྱེམས་བདུད་རྩིའི་སྤྲིན་ཕུང་། (ཉི་མ་གྲགས་པའི་གསུང་།) ཟོར་ལས་བདུད་དཔུང་གཡུལ་འཇོམས། (ཟིལ་གནོན་རྡོ་རྗེས་བསྒྲིགས་ཆོག་མཛད།) བཟླས་ཆོག་རྡོ་རྗེའི་གོ་ཁྲབ། སྲི་རྐུན་ཁ་ཆིང་། བྲམ་ཟེའི་སྔགས་རྒོད་གུ་ལང་མན་ངག །སྲོག་བདག་གཟའ་ཡི་སྲུང་བ། སྲོག་བདག་ཀླུ་ཡི་སྲུང་བ། (འདིའི་མ་དཔེ་མ་རྙེད།) སྲོག་བདག་རྒྱལ་བསེན་སྲུང་བ། རྣལ་འབྱོར་ཆ་རྐྱེན་རྣམ་གསུམ། (འདིའི་མ་དཔེ་མ་རྙེད།) བསེན་མོའི་སྔགས། ལས་ཚོགས་ཇག་རྐུན་གཅན་གཟན་འཆིང་ཐབས། མན་ངག་དགོས་འདོད་ཀུན་འབྱུང་། ཡི་དྭགས་སྒབ་འདྲེ་ཁ་ཆིང་། མངོན་ཤེས་རྩལ་གྱི་ཡིག་ཆུང་། (འདིའི་མ་དཔེ་མ་རྙེད།) འབྱམས་རིགས་སྲུང་ཐབས། སེམས་ཅན་སྨྱོ་སྲུང་། རུས་པ་ཆ༷ག་འབྱོར། ཁ་ཚ་འགོག་ཐབས། བེའུའི་ནད་སྲུང་། བེའུའི་རྣ་ཐོག །རྟ་ཕྱུགས་གོད་སྲུང་། གོད་ཁ་སྲུང་ཐབས། མི་ཁ་དགྲ་སྲུང་། འབྲུམ་སྲུང་། གག་ལྷོག་གཉན་རིགས་ཀུན་འཇོམས་བཀའ་རྒྱ་ཅན། (འདིའི་མ་དཔེ་མ་རྙེད།) མིད་ནད་བཅོས་ཐབས་

p. 36

ཟབ་མོ། (འདིའི་མ་དཔེ་མ་རྙེད།) ཡང་རྒྱལ་པོ་གྲེ་ཐོག་གི་སྔགས། (འདིའི་མ་དཔེ་མ་རྙེད།) ཕན་བྱའི་ལས་ཕྲན། ཁ་ཚ་ནེའུ་ཚ་སྲུང་བ། མི་ཕྱུགས་ལྷོག་པ་སྲུང་བ། འདྲེ་གདོན་བགེགས་རྣམས་སྲུང་བ། ཟ་ཡིག་འབྱུང་པོ་འདུལ་བྱེད། རྩ་འགྱུར་སྔགས། ཐབ་སྔགས། མགོ་སྨྱོན་སྲུང་སྔགས། ལོངས་སྤྱོད་ནོར་འཕེལ་ཟ་ཡིག ཡམས་ནད་སྲུང་བའི་ཟ་ཡིག ཕོ་གདོན་ཚར་གཅོད་ཟ་ཡིག མོ་གདོན་ཚར་གཅོད་ཟ་ཡིག གཟའ་སྤྱི་འཇོམས་ཟ་ཡིག ཡ་མ་སྤྱི་འཇོམས་ཟ་ཡིག སྡེ་བརྒྱད་སྤྱི་འཇོམས་ཟ་ཡིག །བྱིས་པའི་གདོན་ཆེན་བཅོ་ལྔའི་ཟ་ཡིག རིམས་སྲུང་ཟབ་མོ། གཤེད་ཀྱི་གནོད་པ་སྲུང་ཐབས། གཤེད་འཇོམས་གནམ་ལྕགས་མེ་འབར། (འདིའི་མ་དཔེ་མ་རྙེད།) ཐོག་སྲུང་འཇིགས་མེད་གོ་ཆ། ཐོག་སྲུང་གི་སྔགས་དང་ཟ་ཡིག རཏ་གླིང་གཏེར་མ་འབྲུམ་སྲུང་རྡོ་རྗེའི་གུར་ཁང་ལོ་ཐུབ་ཟབ་ཁྱད་ཅན། (འདིའི་མ་དཔེ་མ་རྙེད།) རྒྱུན་ཁྱེར་ཟབ་དོན་སྙིང་པོ་བཅས། (འདིའི་མ་དཔེ་མ་རྙེད།) ན༽ བཱི་མ་མི་ཏྲའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་མཆོག་གི་ལམ་བཟང་། (འདིའི་མ་དཔེ་མ་རྙེད།) དོན་དབང་ཡིད་བཞིན་ནོར་བུ། (འདིའི་མ་དཔེ་མ་རྙེད།)

p. 37

རྫོགས་རིམ་གནད་ཡིག(འདིའི་མ་དཔེ་མ་རྙེད།) བསྙེན་ཡིག་མདོར་བསྡུས་ཟིན་ཐོར་བཀོད་པ། (འདིའི་མ་དཔེ་མ་རྙེད།) དུག་འཇོམས་ཚེ་བསོད་བདུད་རྩི། (འདིའི་མ་དཔེ་མ་རྙེད།) ལས་མཐའ་མཁའ་འགྲོའི་མན་ངག་སྡུག་བསྔལ་ཀུན་འཇོམས། (འདིའི་མ་དཔེ་མ་རྙེད།) བཱི་མ་མི་ཏྲའི་སྒྲུབ་ཐབས་ཀྱི་རྫོགས་རིམ་གང་ཤར་གཅེར་གྲོལ། སྒྲུབ་ཐབས་ཆ་ལག་གསུར་བསྔོ། བླ་མ་རིག་འཛིན་གྱི་སྒྲིག་ཆོག་གསུར་བསྔོ་མདོར་བསྡུས་བཅས། (འདིའི་མ་དཔེ་མ་རྙེད།) པ༽ ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་གསོལ་འདེབས་རྒྱལ་བསྟན་ཉིན་མོར་བྱེད་པའི་སྣང་བ། (འདིའི་མ་དཔེ་མ་རྙེད།) སྒྲུབ་ཐབས་རྒྱལ་བསྟན་རྒྱས་བྱེད། (འདིའི་མ་དཔེ་མ་རྙེད།) ཁྲི་སྲོང་ལྡེའུ་བཙན་གྱི་བྱིན་རླབས་དབང་གི་རིམ་པ་བཅས། (འདིའི་མ་དཔེ་མ་རྙེད།) ཕ༽ ཐུགས་དམ་ཟབ་པ་ཧྲཱིཿགཅིག་གི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས་ཡང་སྙིང་གསེར་གྱི་ཞུན་ཐིག རྒྱུན་ཁྱེར་འདོན་འགྲིག ཐུགས་དམ་ཟབ་པ་ཧྲཱིཿགཅིག་གི་ལྷན་ཐབས། (འདིའི་མ་དཔེ་མ་རྙེད།) ཐུགས་དམ་ཟབ་པ་ཧྲཱིཿགཅིག་གི་ཕྲིན་ལས་ཚེ་བཅུད་རྡོ་རྗེའི་སྲོག་སྒྲུབ། (འདིའི་མ་དཔེ་མ་རྙེད།) གསོལ་འདེབས་ཟབ་

p. 38

བཅུད་ཡང་དྲིལ། (འདིའི་མ་དཔེ་མ་རྙེད།) དབང་མཆོག་བྱིན་རླབས་ཡོངས་འདུས། (འདིའི་མ་དཔེ་མ་རྙེད།) གནད་དོན་བཞིའི་མན་ངག་ཐ་རམ་འཕྲུལ་གྱི་ཡི་གེ །ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན། ཧཱུཾ་སྒྲུབ་ཟིལ་གནོན་ཆེན་མོའི་ལོ་རྒྱུས་གསལ་བའི་མེ་ལོང་། ཐུགས་གཏེར་གཡུ་ཐོག་བླ་སྒྲུབ་ཀྱི་གསོལ་འདེབས། (ནམ་མཁའ་ཚེ་དབང་མཆོག་གྲུབ་གསུང་།) སྨན་རྒྱལ་ཡོན་ཏན་མགོན་པོའི་བླ་སྒྲུབ་བྱིན་རླབས་སྤྲིན་ཕུང་། བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་འབེབས། བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་རླབས་དབང་གི་ཆུ་སྦྱིན། ཐུགས་གཏེར་གཡུ་ཐོག་ཡོན་ཏན་མགོན་པོའི་དབང་གི་ལོ་རྒྱུས། (ནོར་སྤྲུལ་བཞི་བའི་གསུང་།) སངས་རྒྱན་སྨན་གྱི་བླ་མའི་བྱིན་རླབས་དབང་གི་རིམ་པ་ཁྲིགས་ཆགས་སུ་གདབས་པ། གནས་ཡུལ་བྱིན་འབེབས། དབང་ཆེན་ཀུ་རུ་ཀུ་ལེའི་དབང་གི་ལོ་རྒྱུས། དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བ། དྲེལ་འཛོང་རྡོ་རྗེ་དྲག་རྩལ་གྱི་གསོལ་མཆོད་དགེ་ལེགས་རབ་འཕེལ། དམ་ཅན་སྤྱང་ཞོན་གྱི་གསང་སྒྲུབ་གཏོར་འབུལ། ཞིང་

p. 39

སྐྱོང་ཀུན་དགའ་གཞོན་ནུའི་ཕྲིན་ལས། ཁྲུས་སྒྲུབ་མ་རིག་མུན་སེལ། གཡུ་སྒྲོན་མའི་ཕྲིན་བཅོལ། བགེགས་ཚོགས་ཆུང་སྲིའི་སྲོག་གི་སྤུ་གྲི་བཀའ་རྒྱ་ཅན། འཕྲོ་འདུས་དམིགས་པའི་གལ་འགགས། (འདིའི་མ་དཔེ་མ་རྙེད།) ལྟ་བ་ཕྱོགས་བྲལ་ཡངས་པའི་སྒོམ་པའི་རང་ས་འཛིན་པའི་ཐབས་ལམ་ཡང་དག་སྙིང་པོའི་སྙན་བརྒྱུད། (འདིའི་མ་དཔེ་མ་རྙེད།) རྫོགས་པ་ཆེན་པོའི་དོན་བཤད་རབ་ཏུ་གསལ་བ། (འདིའི་མ་དཔེ་མ་རྙེད།) ཨ་ཏི་མཐའ་དང་བྲལ་བའི་གཏན་ཚིགས། (འདིའི་མ་དཔེ་མ་རྙེད།) རྫོ་གས་ཆེན་གསུམ་པའི་བཀའ་ཕེབས་ཏེ་བཀའ་འཕྲལ་དུ་ཕུལ་བའི་ཡི་གེ རྣམ་ཐར་དུ་ཡོད། བར་རླུང་གི་ཡིག་ཆུང་། (འདིའི་མ་དཔེ་མ་རྙེད།) ཚེ་སྒྲུབ་ཐུགས་བཅུད་འདུས་པའི་ཡིག་ཆུང་ཟབ་གནད་འགའ་ཞིག །(འདིའི་མ་དཔེ་མ་རྙེད།) བཅུད་ལེན་སྙིང་གི་ཁུ་བ། (འདིའི་མ་དཔེ་མ་རྙེད།) ཞལ་གདམས་ཐུན་མོང་མ་ཡིན་པ། (འདིའི་མ་དཔེ་མ་རྙེད།) བཅས་ཆོག་གསང་བའི་ཙཀྲ་ཤིན་ཏུ་གསང་བ། (འདིའི་མ་དཔེ་མ་རྙེད།) རིལ་བུ་རིན་ཆེན་ཡིད་བཞིན་ནོར་བུའི་དཀར་ཆག །(འདིའི་མ་དཔེ་མ་རྙེད།) རིལ་བུ་ཡིད་བཞིན་ནོར་བུར་རབ་གནས་སྐྱོང་ཚུལ་གྱི་ཞལ་གདམས་རྣམས་

p. 40

སོ། །(འདིའི་མ་དཔེ་མ་རྙེད།) ༈ ར་དུམ་པའི་ཆོས་ཚན། བ༽ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་སྔོན་འགྲོ་ཐར་བའི་ལམ་བཟང་། རྡོར་སེམས་གསང་ཆེན་རིགས་གཅིག་གི་སྒྲུབ་ཐབས། དབང་བསྐུར་བྱིན་འབེབས་ཐུན་མོང་མ་ཡིན་པ། རྡོར་སེམས་སྙིང་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་འབེབས། (དགེ་རིག་གི་གསུང་།) རྡོར་སེམས་སྙིང་ཐིག་གི་ཚོགས་བསྐང་བསྡུས་པ། (ནོར་སྤྲུལ་བཞི་བའི་གསུང་།) བྱིན་རླབས་དབང་གི་རིམ་པ། ལོ་རྒྱུས་ནོར་བུའི་ཕྲེང་བ། བྱིན་རླབས་རང་བྱུང་གི་རྒྱུད། སྙན་བརྒྱུད་འོད་གསལ་གྱི་ལོ་རྒྱུས། ཐབས་ལམ་བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད། ནོར་སྒྲུབ་སྙིང་པོའི་ཡང་ཡིག བསྐྱེད་བཟླས་བྱ་ཚུལ། ཞལ་གསུང་བྱིན་རླབས་རྩ་བ་རྡོ་རྗེའི་ཚིག་རྐང་། སྙིང་པོ་གནད་ཀྱི་གཟེར་བུའི་འགག་སྡོམ། འཁོར་འདས་རུ་ཤན་གྱི་གནད་སྟོན། ངོ་བོ་རང་བཞིན་ཐུགས་རྗེའི་གསང་ཚིག་སྦས་པ། ངེས་དོན་གསང་ཚིག་གབ་པ། ཞལ་གདམས་སྣང་གསལ་སྒྲོན་མེ། གནད་འགགས་ཟབ་མོ། རིག་འཛིན་བརྒྱུད་པའི་དགོངས་དོན་རྡོ་རྗེའི་གླུའི་དམར་ཁྲིད་ལྟ་སྒོམ་ཟབ་

p. 41

མོའི་ཆིང་། པྲ་ཁྲིད་རྣམ་བཞག་ཟབ་མོ། འཕྲང་སེལ་གནད་ཀྱི་ཞལ་གདམས། རྫོགས་ཆེན་བསྡུས་དོན་སྙིང་ཐིག ཡིན་ལུགས་ངེས་པའི་བཞག་ཐབས། ཀུན་ཏུ་བཟང་པོས་རང་ལས་མི་གཞན་པའི་འཁོར་ལ་ཞལ་ཆེམས་གདམས་པ་བཀའ་རྒྱ་ཅན། ངོ་སྤྲོད་སྦས་པའི་གསང་ཚིག དོན་དམ་ཆོས་སྐུའི་ལམ་རིམ་གྱི་ཡིག་ཆ། གནད་ཀྱི་ཚིག་གསུམ་པ། སྲོག་ཐིག་རབ་ཏུ་སྦས་པ། ལུས་ཀྱི་རྣམ་བཞག་བཀོད་པ། བར་དོའི་གནད་གདམས་ཟབ་མོ་བཅུད་བསྡུས། འདའ་ཀ་འཆི་བྲོད་ཀྱི་གདམས་པ་མི་འགྱུར་གསེར་གྱི་ཐུར་མ། ཟབ་ལམ་ཕོ་བའི་སྒྲོ་གནད་རབ་གསལ་ཐར་ལམ་སྒོ་འབྱེད། ཐབས་ལམ་གནད་ཀྱི་མདོར་བསྟན་གསང་ཁྲིད། ཐབས་ལམ་གཏུམ་མོའི་ཁྲིད་ཡིག་བདེ་དྲོད་རང་འབར། ཐབས་ལམ་གྱི་མན་ངག་བཀའ་རྒྱ་ཅན། ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ཀྱི་གནད་ཡིག་གི་རིམ་པ། ཐབས་ལམ་གཏུམ་མོའི་མན་ངག རྩ་རླུང་ཐིག་ལེའི་རྣམ་བཤད། ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ཀྱི་གདམས་པ་ཟབ་མོ། ཐབས་ལམ་ཟབ་མོ་གཏི་མུག་ལམ་ཁྱེར་འོད་

p. 42

གསལ་མྱོང་ཁྲིད། (འདིའི་མ་དཔེ་མ་རྙེད།) གསང་ཆེན་རིགས་གཅིག་གི་རྒྱུན་ཁྱེར་ཟབ་དོན་འདུས་པ། (འདིའི་མ་དཔེ་མ་རྙེད།) ཟབ་དོན་གཅོད་ཡུལ་བདུད་བཞི་དབྱིངས་སུ་གཅོད་པའི་རྣམ་རོལ། མ༽ ཐུགས་བཅུད་འདུས་པ་ཀུན་བཟང་རིག་པའི་གདེང་ཁྲིད་ཡིད་བཞིན་ནོར་བུ། (འདིའི་མ་དཔེ་མ་རྙེད།) ཀུན་བཟང་རིག་པའི་གདེང་ཁྲིད་ཀྱི་ངག་འདོན་གསོལ་འདེབས་བྱིན་རླབས་གཏེར་ཆེན་བཅས། ཙ༽ ཕྱག་རྒྱ་ཆེན་པོའི་མན་ངག་གནད་ཁྲིད་ཟབ་བཅུད་འདུས་པའི་གཟེར་བུ། (འདིའི་མ་དཔེ་མ་རྙེད།) ཐབས་ལམ་བདེ་དྲོད་རང་འབར་མ་རྒྱུད་མཁའ་འགྲོའི་སྙིང་ཁྲག །(འདིའི་མ་དཔེ་མ་རྙེད།) ཕྱག་ཆེན་སྔོན་འགྲོ་མདོར་བསྡུས། (འདིའི་མ་དཔེ་མ་རྙེད།) བློ་དམན་ལ་མཁོ་བར་སེམས་ནས་ཉི་གྲགས་པས་སྦྱར་པ་ཐུགས་བཅུད་འདུས་པ་བཅས། (འདིའི་མ་དཔེ་མ་རྙེད།) ཚ༽ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལོ་རྒྱུས་སྣང་བ་གསལ་བྱེད། གསོལ་འདེབས་བྱིན་རླབས་མྱུར་འཇུག །བརྒྱུད་འདེབས་བསྡུས་པ།(འདིའི་མ་དཔེ་མ་རྙེད།) སྒྲུབ་ཐབས་ནོར་བུའི་ཕྲེང་བ། དབང་ཆོག་བྱིན་རླབས་ཆུ་རྒྱུན། (འདིའི་མ་དཔེ་མ་རྙེད།) བསྟོད་པ་ཡོན་ཏན་རང་བཞིན། (འདིའི་མ་དཔེ་མ་རྙེད།) ཐུགས་དམ་གནད་

p. 43

བསྐུལ། དངོས་གྲུབ་བསྐུལ་བ། གྲོལ་ལམ་སངས་རྒྱས་ལག་བཅང་གི་ཁྲིད། དགོས་ཆེད་བསྟན་པ་གསེར་གྱི་ཐ་རམ། ལས་མཐའ་བླ་ཤིང་གི་མན་ངག མྱོང་གྲོལ་རིལ་བུ་དང་བདུད་རྩི་གཉིས་ཀྱི་རིམ་པ་གསལ་བྱེད། དེ་བཞིན་གཤེགས་པའི་རིང་སྲེལ་གྱི་དཀར་ཆག །(འདིའི་མ་དཔེ་མ་རྙེད།) སྒྲུབ་ཁོག་ཆེན་མོའི་ཡང་ཡིག་ཟུར་གསལ། ཀུན་ཐུབ་ཀྱི་སྔགས། བླ་སྒྲུབ་ཡེ་ཤེས་ཐུགས་བཅུད། ལས་མཐའ་མྱོང་གྲོལ་ཟ་ཡིག ཨོ་རྒྱན་ཆེན་པོའི་ཞལ་ལུང་མན་ངག་བསྡུས་པ། ལས་བུམ་སྒྲུབ་ཐབས། རྟེན་མཆོག་མ་ཎི་ཀའི་ཁ་བྱང་། ཉང་གཏེར་མིག་འབྱེད་རྒྱུན་ཁྱེར། བསྙེན་ཡིག་ཐར་ལམ་སྣང་བའི་སྒོ་འབྱེད། སྒྲུབ་ཐབས་ནོར་ཕྲེང་སྒྲིག་ཆོག (བསོད་ནམས་ཆོས་བཟང་གིས་ཆོག་བསྒྲིགས་བྱས།) སྒྲུབ་པ་ཆེན་པོའི་ཁོག་དབུབ། (བསོད་ནམས་ཆོས་བཟང་གི་ས་ཆོག་བསྒྲིགས་བྱས།) (འདིའི་མ་དཔེ་མ་རྙེད།) དབང་ཆོག་བྱིན་རླབས་ཆུ་རྒྱུན་སྒྲིག་ཆོག་མ། (དགེ་རིག་གི་གསུང་།) ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་ཕྲིན་ལས་དོན་གྱི་སྙིང་པོའི་གསོལ་འདེབས། (དབོན་སྤྲུལ་པའི་གསུང་།) ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་ཕྲིན་ལས་དོན་གྱི་

p. 44

སྙིང་པོའི་ལས་བྱང་། ཕྲིན་ལས་དོན་གྱི་སྙིང་པོའི་དབང་བཅས། ཛ༽ སྣང་བ་མཐའ་ཡས་ཀྱི་ལོ་རྒྱུས། བདེ་ཆེན་ཞིང་གི་གསོལ་འདེབས་སྨོན་ལམ། བདེ་ཆེན་ཞིང་གི་སྒྲུབ་ཐབས། རཏ་གླིང་ཐུགས་སྒྲུབ་རིགས་བདག་སྒྲུབ་ཐབས་བདེ་ཆེན་ཞིང་སྒྲུབ་ཁྲིགས་སུ་བཀོད་པ་དཔག་མེད་མྱུར་ལམ། (འདིའི་མ་དཔེ་མ་རྙེད།) འོད་དཔག་མེད་ཀྱི་བདེ་སྨོན། བདེ་ཆེན་ཞིང་སྒྲུབ་དང་འབྲེལ་བའི་ཚོགས་མཆོད། (འདིའི་མ་དཔེ་མ་རྙེད།) འོད་དཔག་མེད་ཀྱི་བྱིན་རླབས་དབང་གི་ཆོ་ག་མཚམས་སྦྱོར་བཅས། མཆོད་པའི་སྤྲིན་གཟུངས་མཚན་དཔེའི་ཉི་མ་མཆོག་གི་གཟི་འབར། (འདིའི་མ་དཔེ་མ་རྙེད།) སྡིག་བཤགས་ཕུང་པོ་གསུམ་པའི་མདོའི་དམིགས་དོན། (འདིའི་མ་དཔེ་མ་རྙེད།) མ་བསྒོམས་སངས་རྒྱས་ཀྱི་གདམས་པ་མཁའ་སྤྱོད་མྱུར་ལམ་བཅས། ཝ༽ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་རྩ་བའི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) གསོལ་འདེབས་བྱིན་རླབས་མྱུར་འཇུག རཏྣ་གླིང་བའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེའི་ཕྲེང་འཛིན་དང་དག་སྣང་སྦྲེལ་པ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་། རིག་འཛིན་བསྐུལ་བ། འཛབ་བསྐུལ་

p. 45

བསྙེན་དམིགས། ཚེ་འགུགས་བསྐུལ་བྱང་། ཚེ་འགུགས་རྒྱལ་བ་སྤྱི་བསྐུལ། ཐུགས་དམ་བསྐང་བའི་རིམ་པ། ཚེ་སྒྲུབ་ཐུགས་བཅུད་འདུས་པ། (འདིའི་མ་དཔེ་མ་རྙེད།) ཉི་ཟླ་ཁ་སྦྱོར་རྒྱན་ཁྱེར་དུས་མིན་འཆི་འཇོམས། (འདིའི་མ་དཔེ་མ་རྙེད།) ཚེ་དབང་བྱིན་རླབས་རྫོང་ཆེན། (འདིའི་མ་དཔེ་མ་རྙེད།) ཚེ་གཟུངས་སྣ་ཚོགས་འདུས་པ། (འདིའི་མ་དཔེ་མ་རྙེད།) རྫོ་གས་རིམ་འཆི་མེད་དོན་ཁྲིད། (འདིའི་མ་དཔེ་མ་རྙེད།) བླ་རྡོ་བྱིན་རླབས་སྲོག་བཅུད། (འདིའི་མ་དཔེ་མ་རྙེད།) ཟ་ཡིག་ཕྱོགས་བཅུར་ཀུན་གསལ་ལྕགས་ཀྱི་སྲོག་རྩ་་སྒྲུབ་པའི་ཐབས། (འདིའི་མ་དཔེ་མ་རྙེད།) བཅུད་ལེན་བགྲེས་རྒུད་ཀུན་འཇོམས། (འདིའི་མ་དཔེ་མ་རྙེད།) ཞལ་གདམས་སྒྲུབ་པའི་ཁོག་ཕུབ་ལ་གཅེས་པའི་སྤྱི་ཆིངས་མདོར་བསྡུས། (འདིའི་མ་དཔེ་མ་རྙེད།) བསྙེན་ཡིག་ཉུང་གསལ། (འདིའི་མ་དཔེ་མ་རྙེད།) ལྷ་དབང་ཆེན་པོ་སངས་རྒྱས་སྟོང་གི་བྱིན་རླབས་དབང་གི་རིམ་པ། (འདིའི་མ་དཔེ་མ་རྙེད།) དབང་དོན་གསོལ་འདེབས། (འདིའི་མ་དཔེ་མ་རྙེད།) སྲུང་མ་མཆོད་ཐབས་བཅས། ཞ༽ རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) རྩ་གསུམ་ཚེ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་མན་

p. 46

ངག་འཆི་མེད་རྡོ་རྗེའི་སྲོག་སྒྲུབ། ཡེ་ཤེས་སྤྱན་འདྲེན། རྩ་གསུམ་ཚེ་ཡི་སྒྲུབ་ཐབས། ཚེ་འགུགས། དངོས་གྲུབ་བསྐུལ་བ། རྩྭ་གསུམ་ཚེ་ལྷའི་བསྐང་བ། རྩ་གསུམ་ཚེ་ལྷའི་སྒྲུབ་ཐབས་ཀླག་ཆོག་ཏུ་བཀོད་པ་དུས་མིན་འཆི་འཇོམས་གསང་ཆེན་ལམ་བཟང་། (དགེ་རིག་གིས་བསྒྲིགས་ཆོག་མཛད།) རྩ་གསུམ་ཚེ་ལྷའི་མཆོད་པ་རྒྱས་སྤྲོས། (དགེ་རིག་གིས་ཆོག་བསྒྲིགས་མཛད།) དབང་གི་མཚམས་སྦྱོར། རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་ལས་འཐའ་འཆི་བ་བསླུ་བའི་མན་ངག །རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་ཡིག་ཆུང་། (འདིའི་མ་དཔེ་མ་རྙེད།) རིག་འཛིན་ཨུ་མ་དེ་ཝའི་གསོལ་མཆོད་བསྡུས་པ་། ཚེ་སྒྲུབ་འཆི་མེད་སྲོག་སྟེར། བྱིན་རླབས་དབང་གི་རིམ་པ། (འདིའི་མ་དཔེ་མ་རྙེད།) ཚེ་ཡི་དམ་རྫས་ཀྱི་གནད་ཡིག །(འདིའི་མ་དཔེ་མ་རྙེད།) ཡང་ཟབ་ཙཀྲའི་གབ་ཡིག །(འདིའི་མ་དཔེ་མ་རྙེད།) ཚེ་བསྲུང་པའི་ཟ་ཡིག་ཡིད་བཞིན་ནོར་བུ། (འདིའི་མ་དཔེ་མ་རྙེད།) ཚེ་བསྲུང་བའི་གདམས་པ་ལས་ཚོགས། (འདིའི་མ་དཔེ་མ་རྙེད།) འཆི་བ་བསླུ་བའི་མན་ངག་ཟབ་མོ། (འདིའི་མ་དཔེ་མ་རྙེད།) བསྙེན་ཡིག་ཟབ་མོ་བཅུད་བསྡུས། (འདིའི་མ་དཔེ་མ་རྙེད།) གསོལ་མཆོད་བསྡུས་པ་ཕྲིན་ལས་ཐོགས་མེད་མྱུར་འགྲུབ། (འདིའི་མ་དཔེ་མ་རྙེད།)

p. 47

ཁྲུས་སྒྲུབ་མ་རིག་མུན་སེལ། (འདིའི་མ་དཔེ་མ་རྙེད།) ཨུ་མའི་བསང་མཆོད་འདོད་དགུ་ཀུན་སྩོལ་བཅས། (འདིའི་མ་དཔེ་མ་རྙེད།) ཟ༽ ཚེ་སྒྲུབ་ཚེ་བཅུད་ཀུན་འདུས། (འདིའི་མ་དཔེ་མ་རྙེད།) འ༽ ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན། (འདི་པོད་དང་པོའི་འཇུག་ཏུ་ཡོད།) ཡ༽ བདེར་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ཆོ་ག་དགོས་འདོད་རེ་སྐོང་། ར༽ ཚེ་སྒྲུབ་རྡོ་རྗེའི་སྙིང་རྫོང་ངམ་ཡང་རྫོང་འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ། (འདིའི་མ་དཔེ་མ་རྙེད།) ལ༽ སངས་རྒྱས་སྨན་བླའི་སྒྲུབ་ཐབས་རབ་སྙན་ལྷ་ཡི་རོལ་མོ་བདུད་རྩི་དམ་པ། (འདི་གཉིས་ཆོག་ཁྲིགས་ཀྱི་ཁྱད་ཙམ་མོ།) སངས་རྒྱས་སྨན་གྱི་བླ་མའི་སྒྲུབ་ཐབས་རབ་སྙན་ལྷའི་རོལ་མོ་བདུད་རྩི་དམ་པ་ཆོག་ཁྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་ཞེས། (རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་བསྒྲིགས།) ཆོས་དབྱིངས་ཞལ་ལུང་དུ་མེད་པ་རྣམས་ཟུར་དུ་བཀོད་པ། སྨན་བླའི་བྱིན་རླབས་དབང་ཆོག་མཚམས་སྦྱོར་བཅས། སངས་རྒྱས་སྨན་བླའི་དབང་གི་ཟུར་ཡིག ཤ༽ རྒྱལ་བ་རིགས་འདུས་སྐུ་གསུམ་བླ་མའི་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་། སྐུ་གསུམ་

p. 48

རིགས་འདུས་ཀྱི་བྱིན་འབེབས། (འདིའི་མ་དཔེ་མ་རྙེད།) བྱིན་རླབས་དབང་གི་ཆུ་རྒྱུན། (འདིའི་མ་དཔེ་མ་རྙེད།) ས༽ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར། རྒྱུན་ཁྱེར་བསྡུས་པ། བདུད་འདུལ་མཁའ་འགྲོའི་རྒྱུན་ཁྱེར་འཇིགས་མེད་གོ་ཆ། དྲག་ཁྲོས་མེ་དབལ་སྒྲུབ་ཐབས་མེའི་སྤུ་གྲིའི་ལས་བྱང་ཁྲིགས་ཆགས་སུ་བཀོད་པ་བདུད་དཔུང་ཟིལ་གནོན། (འདིའི་མ་དཔེ་མ་རྙེད།) མེ་དབལ་ཕྲིན་ལས་སྡེ་བརྒྱད་སྤྱི་གཤེད་ལག་ལེན་དུ་བཀོད་པ་དུག་མདའ་ནག་པོ། (འདིའི་མ་དཔེ་མ་རྙེད།) བྱ་ཁྱུང་སྒྲུབ་ཐབས་སྤུ་གྲི་འབར་པ་ཁྲིགས་ཆགས་སུ་བཀོད་པ་དྲེགས་པ་ཚར་གཅོད། (འདིའི་མ་དཔེ་མ་རྙེད།) རྡོ་རྗེ་ཕུར་བའི་སྒྲུབ་མཆོད་རྣོ་གཅོད་སྤུ་གྲིའི་འཁོར་ལོ། (འདིའི་མ་དཔེ་མ་རྙེད།) རྡོ་རྗེ་ཕུར་བའི་དྲག་འདུལ་གནམ་ལྕགས་འཁོར་ལོའི་རྒྱུན་ཁྱེར། (འདིའི་མ་དཔེ་མ་རྙེད།) སྡིག་པའི་སྒོས་སྒྲུབ་མན་ངག་ཏུ་བཀོད་པ་དྲེགས་ཆེན་གཏུམ་པོ་ཀུན་འདུལ། (འདིའི་མ་དཔེ་མ་རྙེད།) སྨན་རྒྱལ་ཡོན་ཏན་མགོན་པོའི་བླ་སྒྲུབ་བྱིན་རླབས་སྤྲིན་ཕུང་བཅས། (འདིའི་མ་དཔེ་མ་རྙེད།) ༈ པ་དུམ་པའི་ཆོས་ཚན། ཧ༽ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) སྒྲུབ་

p. 49

ཐབས་ཕྲིན་ལས་ཐོགས་མེད། (འདིའི་མ་དཔེ་མ་རྙེད།) སྲོག་དབང་བྱིན་འབེབས་ཆེན་མོ། (འདིའི་མ་དཔེ་མ་རྙེད།) ཐུགས་དམ་བསྐུལ་ཆོག་ལོག་འདྲེན་ཚར་གཅོད། (འདིའི་མ་དཔེ་མ་རྙེད།) བཀྲུ་བ་ཁྲུས་ཀྱི་མན་ངག །(འདིའི་མ་དཔེ་མ་རྙེད།) པདྨ་གསུང་གི་ཏནྟྲ། (འདིའི་མ་དཔེ་མ་རྙེད།) དྲེགས་པ་དབང་སྡུད་ཀྱི་ཚོགས་མཆོད། (འདིའི་མ་དཔེ་མ་རྙེད།) ལས་མཐའ་རི་ལུང་བཀྲ་ཤིས་བྱེད་པའི་མན་ངག །(འདིའི་མ་དཔེ་མ་རྙེད།) ལས་མཐའ་བསམ་དོན་ཀུན་འགྲུབ་ཀྱི་མན་ངག །(འདིའི་མ་དཔེ་མ་རྙེད།) རྟ་མགྲིན་བསྙེན་ཡིག་སྒྲུབ་ཐབས་གསལ་བྱེད་བཅས། (འདིའི་མ་དཔེ་མ་རྙེད།) ཨ༽ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐོག་འབེབས་ཀྱི་ལོ་རྒྱུས་དང་། བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཡོངས་འདུས། ལས་བྱང་ཁྲོ་རྒྱལ་དགྱེས་པའི་རྣམ་རོལ། ལས་བྱང་གནམ་ལྕགས་གོ་ཁྲབ། རྒྱུན་ཁྱེར་ཟབ་དོན་འདུས་པ། ཐལ་མོ་བརྡབ་ཆོག །རྡོ་རྗེ་ཐོག་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ། རྡོ་རྗེ་ཐོག་འབེབས་ཀྱི་དབང་ཆོག་མཚམས་སྦྱོར་དང་བཅས་པ། བསྐང་བ་ཉམས་ཆག་ཀུན་སྦྱོང་། བསྒྲལ་ལས་གནམ་ལྕགས་རལ་གྲི། བསྐུལ་བ་བདུད་དཔུང་ཚད་

p. 50

གཅོད། གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་དྲག་སྔགས་དམོད་པའི་མཚོན་ཆ། གནད་བསྡུས་ཤི་ས་བསྟན་པ། གཟའ་སྲུང་ཟབ་མོ་བཀའ་རྒྱ་ཅན། ལས་མཐའ་གོད་ཁ་བཅད་ཐབས་དང་སྔགས་ཚན་འགའ། ཕྱུགས་ནད་གཅོད་མདོས། ཐུགས་རྟེན་གནམ་ལྕགས་རྡོ་རྗེའི་ལོ་རྒྱུས་ངོ་མཚར་རྣ་བའི་རྒྱན་གྱུར། ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་ལས་བྱང་བྱིན་རླབས་རྡོ་རྗེའི་རྫོང་ཆེན། ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་ལས་བྱང་རྗེས་གནང་བཅས། (འདིའི་མ་དཔེ་མ་རྙེད།) ཕྱག་ན་རྡོ་རྗེ་གཏུམ་པོ་ཁམས་གསུམ་རྣམ་པར་རྒྱལ་པའི་སྒྲུབ་ཐབས་གནམ་ལྕགས་རྫོང་ཆེན། (འདིའི་མ་དཔེ་མ་རྙེད།) འབྲུམ་སྲུང་རྡོ་རྗེའི་གུར་ཁང་། (འདིའི་མ་དཔེ་མ་རྙེད།) གཟའ་སྲུང་ཉི་མ་མདུང་གང་གི་ངག་ཁྲིད་རྩ་བའི་དོན་གསལ་། ཀི༽ ཕུར་བ་ཡང་གསང་བླ་མེད་ཀྱི་རྒྱུད་འདེབས་བྱིན་རླབས་ཆར་འབེབས་རྡོ་རྗེ་སྟོབས་མཆོག་གི་གསུང་། ཕུར་བ་ཡང་གསང་སྤུ་གྲིའི་གསང་སྒྲུབ་བལྟས་ཆོག་ཏུ་བཀོད་པ་སྙིང་པོའི་བཅུད་དྲིལ། རིག་འཛིན་བསྐུལ་བྱང་། (འདིའི་མ་དཔེ་མ་རྙེད།) ཕུར་བ་སྤུ་གྲིའི་བརྒྱུད་འདེབས། (པདྨའི་མིང་གི་གསུང་།) རྡོ་རྗེ་ཕུར་བ་ཡང་གསང་སྤུ་གྲི་འབར་

p. 51

བའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ། ཕུར་བའི་ཚོགས་མཆོད་མདོར་བསྡུས། (འབད་མེད་གཞི་གྲོལ་གྱི་གསུང་།) རྡོ་རྗེ་ཕུར་པའི་སྲོག་ཕུར་དྭངས་མ། རྒྱུན་ཁྱེར་མན་ངག །དོན་དམ་ལྟ་བའི་ཚོགས་མཆོད་རྡོ་རྗེའི་གླུ་དབྱངས། (ནོར་སྤྲུལ་བཞི་པའི་གསུང་།) ཕུར་སྲུང་བསྟོད་བསྐུལ། ཉེར་མཁོའི་ཡིག་ཆུང་རྡོ་བཟློག་དྲག་པོའི་དམིགས་པ། (འདིའི་མ་དཔེ་མ་རྙེད།) ལས་ཚོགས་འབྲུམ་སྲུང་རྡོ་རྗེའི་གུར་ཁང་། (འདིའི་མ་དཔེ་མ་རྙེད།) ཨོ་རྒྱན་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བླ་མ་བརྟན་བཞུགས་ཚེ་བཅུད་འདུས་པའི་དྭངས་མ། (འདིའི་མ་དཔེ་མ་རྙེད།) ཕུར་པའི་རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ་བཅས། ཁི༽ སྙན་བརྒྱུད་འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་ལུང་བྱང་རལ་གྲིའི་རྒྱ་ཅན། འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་བྱིན་རླབས་སྤྲིན་འཐིབས། བུ་ཡིག་ཟབ་བཅུད་ཀུན་འདུས། སྨྲ་སེང་རིལ་སྒྲུབ་ཡིག་ཆུང་། སྨྲ་སེང་རྒྱུན་ཁྱེར་ཟབ་མོ། འཇམ་དཔལ་སྒྲུབ་པའི་ཕྲིན་ལས། (འདིའི་མ་དཔེ་མ་རྙེད།) ཚོགས་མཆོད་བསྡུས་པ། (འདིའི་མ་དཔེ་མ་རྙེད།) སྒྲུབ་ཐབས་མདོར་བསྟན་མཁྱེན་བརྩེའི་འོད་སྟོང་

p. 52

བཅས། (འདིའི་མ་དཔེ་མ་རྙེད།) གི༽ འཇམ་མགོན་བླ་མ་ཡབ་ཡུམ་ཟབ་གསང་བླ་མེད་སྒྲུབ་པའི་ཕྲིན་ལས། (འདིའི་མ་དཔེ་མ་རྙེད།) དབྱངས་ཅན་དམར་མོའི་ལས་བྱང་། (འདིའི་མ་དཔེ་མ་རྙེད།) དབྱངས་ཅན་ལྷ་མོའི་ཤེས་རབ་བློ་འཕེལ་གྱི་རིལ་བུ་སྒྲུབ་ཐབས་བཅས། ངི༽ ཐུགས་གསང་སུམ་སྦྲག་དང་གཤིན་རྗེ་གཤེད་ཡང་བཟློག་སྤུ་གྲི་དམར་པོའི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) ཐུགས་གསང་སུམ་སྦྲག་གི་གསོལ་འདེབས། ཐུགས་གསང་སུམ་སྦྲག་གི་ལས་རིམ་གྱི་འགེབས་ཁྲིགས་སུ་བཀོད་པ་བཀླགས་པས་དོན་གྲུབ། མྱོང་གྲོལ་བདུད་རྩིའི་མཆོད་པ། ཐུགས་གསང་སུམ་དྲིལ་ཡང་གསང་སྙིང་ནོར། བླ་སྒྲུབ་གུ་རུ་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་བཀའ་རྒྱ་ཅན། ཐུགས་གསང་སུམ་སྦྲག་གི་བྱིན་རླབས་དབང་གི་རིམ་པ། (འདིའི་མ་དཔེ་མ་རྙེད།) གབ་ཡིག་ཙཀྲའི་ལས་མཐའ། དགེ་འདུན་འདུ་བའི་རླུང་འཁོར་བཀའ་རྒྱ་ཅན། (འདིའི་མ་དཔེ་མ་རྙེད།) དགེ་འདུན་འདུ་འཁོར་གྱི་གཏོར་འབུལ་ཕྲིན་བཅོལ། ཐུགས་གསང་སུམ་སྦྲག་དང་གཤིན་རྗེ་གཤེད་ཀྱི་ལུང་བྱང་བཅས། (འདིའི་མ་དཔེ་མ་རྙེད།) ཅི༽ ཐུགས་སྒྲུབ་དང་གཤིན་རྗེའི་ལོ་

p. 53

རྒྱུས། (འདིའི་མ་དཔེ་མ་རྙེད།) གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་སྒྲུབ་ཐབས། (འདིའི་མ་དཔེ་མ་རྙེད།) འཇམ་དཔལ་ཁྲོས་པ་དགྲ་ཕུང་ནག་པོའི་བརྒྱུད་པའི་གསོལ་འདེབས། གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་རིམ་ཀླག་ཆོག་ཏུ་བཀོད་པ་ཁྲག་འཐུང་དགྱེས་པའི་དགའ་སྟོན་ལས་རིམ་གྱི་འགེབ། དགྲ་བགེགས་ཕུང་བྱེད་ནག་པོའི་ཕྱི་ནང་གསང་བའི་མན་ངག་བསྡུས་དོན་དུ་བསྟན་པ་བདུད་རྩི་ཁཱ་ཧི། ཐུགས་དམ་བསྐང་བའི་རིམ་པ། མངའ་གསོལ་ལས་བཞིའི་ལྷུན་གྲུབ། གབ་ཡིག་བསྲུང་བཟློག་ཟབ་མོ། ཁྲོ་འདུས་དྲག་སྔགས་དམོད་པ། ཟོར་སྒྲུབ་གབ་པ་ཁྲོ་ཆུ་ཁོལ་མ། དབང་གི་གབ་ཡིག བསད་ལས་ཐུན་བསྐུལ་བཀླག་བདེར་བཀོད་པ་དུག་རི་རེག་འཇོམས། (ཟིལ་གནོན་རྡོ་རྗེ་རྩལ་གྱིས་བསྒྲིགས།) དགྲ་ཕུང་གི་གཟུ་དཔང་ཧོམ་བསྐྱེད། བདེན་བརྗོད། ཐུན་བསྐུལ། ཕུར་གདབ། ཚེ་ཁྲུས་དགོངས་གནད་རྣམས། བདག་མདུན་གཉིས་ཆར། བསྐུལ་ཆེན་དུག་མདའ་ནག་པོ་གསང་བའི་བཀའ་རྒྱ་ཅན། དགྲ་ཕུང་ནག་པོའི་ཟོར་ལས་བཀླག་བདེར་

p. 54

བཀོད་པ་བདུད་འཇོམས་རྡོ་རྗེའི་ཐོག་རྒོད། བཟློག་བསྡུས་སྤུ་གྲིའི་འཁོར་ལོ། ཟོར་ལམ་ཕྱེ་བ། བཞེངས་བསྐུལ་དྲག་བསྐུལ་ཟོར་གྱི་ལས་མཐའ། (ཟིལ་གནོན་རྡོ་རྗེ་རྩལ་གྱིས་བསྒྲིགས།) སྲེག་པ་ཧོམ་གྱི་ལས་སྦྱོར་དུས་མཐའི་བྱིན་ཟ། དགྲ་ཕུང་གི་ཞལ་ཤེས། དྲག་སྔགས་ཆེ་བ། དགྲ་ཕུང་ནག་པོའི་གནད་ཀྱི་གབ་ཡིག །(འདིའི་མ་དཔེ་མ་རྙེད།) དགྲ་བགེགས་ཕུང་བྱེད་ཟོར་གྱི་ཤོག་དྲིལ་གབ་པ། (འདིའི་མ་དཔེ་མ་རྙེད།) གཅིག་ཆོག་རྡོ་རྗེ་ཕ་ལམ་སྲུང་བའི་རྒྱལ་པོ་རྩ་བའི་ལས་མཐའ། (འདིའི་མ་དཔེ་མ་རྙེད།) ལས་མཐའ་བདུད་འགོང་མནན་གཏད་བཅིངས་པའི་གབ་ཡིག མནན་པའི་ཟིན་བྲིས། (འདིའི་མ་དཔེ་མ་རྙེད།) དགྲ་ཕུང་ནག་པོའི་སྲུང་འཁོར་འཇིག་སྐྱོབ་རྡོ་རྗེའི་ཕྲེང་བ། (འདིའི་མ་དཔེ་མ་རྙེད།) ཟ་ཡིག་རྒྱ་འགོང་སྲོག་གི་སྤུ་གྲི་དགྲ་ཆིངས་མཆོག་ཏུ་ཟབ་པ་བཀའ་རྒྱ་ཅན། གཤིན་རྗེ་དགྲ་ཕུང་གི་རྒྱུན་ཁྱེར་པདྨ་ཀློང་ཡངས་ཀྱི་གསུང་། ཟབ་བཅུད་བསྡུས་པ། ཐུགས་གསང་བསྙེན་ཡིག་ཁམས་གསུམ་དབང་བྱེད། (ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་།) གཤིན་རྗེའི་བསྙེན་ཡིག་བྱད་མ་འཇོམས་པའི་མཚོན་འཁོར། (ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་།) ཆི༽ གཤིན་རྗེ་ཚེ་བདག་

p. 55

གནམ་ལྕགས་འཁོར་ལོ་ལས་ཡང་བཟློག་མེའི་སྤུ་གྲིའི་སྒྲུབ་ཐབས་དྲག་རྩལ་ཐོགས་མེད། (འདིའི་མ་དཔེ་མ་རྙེད།) གཤིན་རྗེ་ཡང་བཟློག་སྤུ་གྲི་རེག་གཅོད་ཀྱི་ཕྲིན་ལས་གནམ་ལྕགས་རལ་གྲི། གཤིན་རྗེ་སྤུ་གྲི་རེག་གཅོད་ཀྱི་མཚོན་ཆ་ཟོར་གྱི་ལས་སྦྱོར་དགྲ་བགེགས་དཔུང་འཇོམས། གནམ་ལྕགས་ཁོལ་མ་མེའི་སྤུ་གྲིའི་ལག་ལེན་གསལ་བྱེད་བཅས། (འདིའི་མ་དཔེ་མ་རྙེད།) ཇི༽ འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀཾ་དམར་པོའི་དགྲ་མནན་ཟབ་གཏེར་དང་དག་སྣང་གཅིག་ཏུ་དྲིལ་བ། (འདིའི་མ་དཔེ་མ་རྙེད།) དགྲ་མནན་གྱི་ལིང་གའི་དཔེ་རིས། (འདིའི་མ་དཔེ་མ་རྙེད།) ཀིང་ཀཾ་སྐང་གསོལ་མཆོད་ཕྲིན། ཉི༽ ཀླུ་བདུད་ནཱ་ག་རཀྴའི་སྒྲུབ་ཐབས་གནམ་ལྕགས་ཁོལ་མ། ནཱ་ག་རཀྴའི་རྒྱུན་ཁྱེར་ཟབ་གནད་འདུས་པ་བཅས། ཏི༽ རྗེ་བཙུན་སྒྲོལ་མའི་ཆོས་སྐོར་ཀྱི་ལོ་རྒྱུས། སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་ལས་བྱང་སྒྲུབ་ཐབས་དང་འབྲེལ་བ། ཡིད་བཞིན་འཁོར་ལོའི་བསྟོད་པ། སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་བྱིན་རླབས་དབང་གི་རིམ་པ། སྒྲོལ་དཀར་གྱི་བྱིན་རླབས་རྗེས་གནང་བཅས།

p. 56

ཐི༽ བཀྲ་ཤིས་སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་ལས་ཚོགས། སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་བསྟོད་པ། སྒྲོལ་དཀར་ལས་བཞིའི་མེ་མཆོད། (འབད་མེད་གཞི་གྲོལ་གྱི་གསུང་།) སྒྲོལ་མའི་སྒྲུབ་ཐབས་བསམ་འཕེལ་ཡིད་བཞིན་ནོར་བུ། བསམ་འཕེལ་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་གི་རིམ་པ་བཅས། དི༽ མཁའ་འགྲོའི་གསང་སྒྲུབ་དབང་སྡུད་ནོར་སྒྲུབ་ཟབ་མོ། ཐུགས་དམ་བསྐུལ་བའི་རིམ་པ། (འདིའི་མ་དཔེ་མ་རྙེད།) མེ་མཆོད་ཕྲིན་ལས་མྱུར་འགྲུབ། ། (འདིའི་མ་དཔེ་མ་རྙེད།) བླ་རྡོ་སྲོག་གི་དྭངས་མ། (འདིའི་མ་དཔེ་མ་རྙེད།) ཞལ་ཐེམ་གབ་པ་བཅས། (འདིའི་མ་དཔེ་མ་རྙེད།) ནི༽ ཀུ་རུ་ཀུལླེའི་ལོ་རྒྱུས། རིག་བྱེད་མའི་ཡོན་ཏན་དྲན་པར་བྱ་བ། ཀུ་རུ་ཀུལླེའི་གསོལ་འདེབས། དབང་ཆེན་ཀུ་རུཀུལླེའི་གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་དམར་ནག །འཛབ་ཀྱི་འཕྲུལ་འཁོར་གབ་ཡིག་སྙིང་ཁྲག་དྭངས་མ། ལས་སྦྱོར་ཟབ་པའི་མཐར་ཐུག་རླུང་གི་ཞགས་པ། རིག་བྱེད་ཁ་བསྐང་འགའ་ཞིག །ཀུ་རུ་ཀུལླེའི་བསྐང་བ། ཐུགས་དམ་གནད་བསྐུལ་ཟབ་མོ། རིག་བྱེད་མའི་གསང་སྒྲུབ་སྙིང་པོ། སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་

p. 57

འདོད་འབྱུང་ནོར་བུ། རིག་བྱེད་མའི་རྟེན་འབྲེལ་ཚེ་སྒྲུབ། རིག་བྱེད་མའི་འདོད་གསོལ། དབང་གི་རིམ་པ་དངོས་གྲུབ་ཆར་འབེབས། རང་ཉིད་ནུས་པ་ལྡན་བྱེད་བླ་རྡོ་ཙཀྲ་གསང་བའི་གབ་ཡིག་བཀའ་རྒྱ་ཅན། ཀུ་རུ་ཀུལླེའི་སྦྱིན་སྲེག་ངག་འདོན་བཅས། པི༽ ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ། ཕི༽ ལྷ་མོ་ལོ་གྱོན་མ། གནོད་སྦྱིན་ཕག་གདོང་སེར་མོའི་སྒྲུབ་ཐབས་བསམ་འཕེལ་ནོར་བུ། དབྱུག་གུ་མཆེད་གསུམ་བཅས། (འདིའི་མ་དཔེ་མ་རྙེད།) ༈ ཙ་དུམ་པའི་ཆོས་ཚན། བི རཏ་གླིང་ཐུགས་སྒྲུབ་ཆ་ལག་ཁྱུང་དམར་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ཕྲིན་ལས་དྲག་རྩལ་མེ་ཕྲེང་། ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་རྒྱུན་ཁྱེར། ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ། ཁྱུང་དམར་བྱིན་རླབས་དབང་གི་རིམ་པ་མཚམས་སྦྱོར་བཅས། ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱབ་ཆོག་མན་ངག །(སྔགས་འཆང་རྡོ་རྗེ་ཆེ་མཆོག་རྩལ་གྱི་གསུང།) ཁྱུང་དམར་ཀླུ་འདུལ་ཟ་ཡིག ཁྱུང་དཀར་སྒྲུབ་ཐབས་ནད་གདོན་ཀུན་འཇོམས། ཁྱུང་ནག་དྲག་པོ་

p. 58

གནམ་ལྕགས་སྤུ་གྲི་ནད་གདོན་ཀུན་འཇོམས་ཀྱི་སྒྲུབ་ཐབས། ཁྱུང་གསུམ་ཆར་སྦྱར་ཆོག་པའི་ཟ་ཡིག་ཚན་གསུམ་པ་བཅས། (འདིའི་མ་དཔེ་མ་རྙེད།) མི༽ ཁྱད་ཆོས་དབང་ཆེན སྙིང་ཐིག་ལས་བྱིན་རླབས་བླ་མའི་ཐུགས་སྒྲུབ། ཁྱད་ཆོས་དབང་སྙིང་ཐིག་ལས་ཁམས་གསུམ་ཆེ་བཙན་མཆོད་ཅིང་བསྙེན་པའི་རིམ་པ། བསྙེན་ཐབས་དགོས་འདོད་ཀུན་འབྱུང་། སྒྲུབ་ཐབས་ཡིད་བཞིན་ནོར་བུ། ལས་སྦྱོར་རླུང་གི་ཞགས་པ། བླ་རྡོ་ཟབ་པའི་ཡིག་ཆུང་། ཟབ་བཅུད་གུད་དུ་སྦས་པ། ཟབ་བཅུད་བསྟན་པ། རབ་ཏུ་གསང་བའི་སྲོག་གཏད། བསྐུལ་བ་དབང་ཆེན་སྙིང་བྱང་། མཆོད་པ་འཆི་མེད་བདུད་རྩི། ཕྱི་སྒྲུབ་ངག་འདོན་ཕྲིན་ལས་ཐོགས་མེད་བཅས། དབང་གི་མེ་མཆོད་སྣོད་བཅུད་འགུགས་པའི་ལྕགས་ཀྱུ། ཙི༽ མགོན་པོ་དམར་པོའི་དབང་གི་ཕྲིན་ལས་དབང་ཕྱུགས་རླུང་གི་ཞགས་པའི་ལོ་རྒྱུས་གསལ་བྱེད་མེ་ལོང་། རླུང་ཞགས་ནོར་བུ་བསམ་འཕེལ་ལས་བང་མཛོད་ལ་བརྟེན་པའི་སྒྲུབ་པ། ནོར་བུ་བསམ་འཕེལ་གྱི་སྦྱིན་སྲེག །གསང་སྒྲུབ་ཀྱི་གནད་ཡིག་རབ་ཏུ་སྦས་པ། ནོར་བུ་བསམ་འཕེལ་གྱི་

p. 59

སྒྲུབ་མཆོད། བསྐང་བཤགས་ཕྲིན་ལས་ལྷུན་གྲུབ། ཞི་བ་དང་ཚེ་བསྲིང་བའི་མན་ངག བྷནྡྷ་མཚན་ལྡན་ལ་བརྟེན་ནས་དངོས་གྲུབ་ཆར་ལྟར་འབེབས་པའི་མན་ངག །ཌཱ་མ་རུ་ལ་བརྟེན་ནས་སྣང་བ་དབང་དུ་བསྡུ་བའི་མན་ངག །སྲོག་འཁོར་ཙཀྲའི་རིམ་པ། ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག །འཁུ་ལྡོག་གནོན་ཐབས། ཤྭ་འུད་བསྒྱུར་བའི་མན་ངག །ཕན་བྱེད་ཀྱི་མན་ངག །ཡི་དྭགས་སྒབ་འདྲེ་ཁ་ཆིངས། ཀླུ་ཡི་གནོད་གདུག་སྲུང་ཐབས། སྒབ་འདྲེ་དམ་སྲི་སྡེ་བཞི་མནན་ཐབས། སྒྲབ་འདྲེ་མི་ཁ་མནན་ཐབས་བཅས། ཚི༽ ལྷ་ཆེན་པོའི་སྒྲུབ་ཐབས་རླུང་ཞགས་སྐྱེ་འགྲོ་འགུགས་པའི་ཞགས་པ། (བསོད་ནམས་ཆོས་བཟང་གིས་ཆོག་བསྒྲིགས་བྱས་པའོ།) ལྷ་ཆེན་དབང་ཕྱུག་ཆེན་པོའི་རྒྱུན་ཁྱེར་སྣང་སྲིད་དབང་བསྡུད། སྲོག་དབང་ཟབ་མོ། (དགེ་རྩེ་རིག་འཛིན་རྒྱ་མཚོའི་གསུང་།) དག་སྣང་སྙན་བརྒྱུད་དབང་ཕྱུག་དམར་པོའི་མཆོད་སྒྲུབ་དབང་གི་ལྕགས་ཀྱུ། ལྷ་ཆེན་བསྐང་གསོལ། (འདིའི་མ་དཔེ་མ་རྙེད།) བསྐང་བ་ཕྲིན་ལས་ཀུན་འགྲུབ། མ་ཧཱ་དེ་ཝའི་དུས་སྦྱོར་བཅས། (འདིའི་མ་དཔེ་མ་རྙེད།) ཛི༽ སྲིད་པ་སྤྱི་འདུལ་

p. 60

དབང་ཕྱུག་ནག་པོའི་སྔོན་འབྱུང་གི་ལོ་རྒྱུས། (འདིའི་མ་དཔེ་མ་རྙེད།) དབང་ཕྱུག་ནག་པོའི་བརྒྱུད་འདེབས། (འདིའི་མ་དཔེ་མ་རྙེད།) ཕྲིན་ལས་གབ་པ་རྡོ་རྗེའི་རྫོང་ཆེན། (འདིའི་མ་དཔེ་མ་རྙེད།) སྤུ་གྲི་སྔགས་ཀྱི་གབ་ཡིག །དབང་ཕྱུག་ནག་པོའི་ཐུགས་དམ་བསྐུལ་བ། (འདིའི་མ་དཔེ་མ་རྙེད།) དབང་ཕྱུག་ནག་པོའི་བཟློག་པའི་ཕྲིན་ལས། (འདིའི་མ་དཔེ་མ་རྙེད།) དབང་ཕྱུག་ནག་ནག་པོའི་བར་ཆད་ཐམས་ཅད་ཐོགས་མེད་དུ་བཟློག་པའི་ཕྲིན་ལས། (འདིའི་མ་དཔེ་མ་རྙེད།) སྲིད་པ་སྤྱི་འདུལ་གྱི་དྲེགས་པ་སྡེ་བརྒྱད་ཀྱི་བཟློག་པའི་བསྐུལ་བྱང་ཤིན་ཏུ་ཟབ་པ། (འདིའི་མ་དཔེ་མ་རྙེད།) དབང་ཕྱུག་ནག་པོའི་ཟོར་གྱི་རིམ་པ། (འདིའི་མ་དཔེ་མ་རྙེད།) སྔགས་ཀྱི་འགྱུར་ཁའི་མདེའུ། (འདིའི་མ་དཔེ་མ་རྙེད།) མན་ངག་གབ་ཅིང་སྦས་པ། དམིགས་པའི་འཕྲུལ་འཁོར། བཟློག་པའི་ཙཀྲ་ཐུན་མོང་མ་ཡིན་པ། བྱད་མ་གསོད་པའི་ཙཀྲ། སྦས་མཐུ་ཕུང་ཆར་ནག་པོ། དབང་ཕྱུག་ནག་པོའི་ལས་ཀྱི་མཐའ་རྟེན། (འདིའི་མ་དཔེ་མ་རྙེད།) སྲིད་པ་སྤྱི་འདུལ་དབང་ཕྱུག་ནག་པོའི་ཐལ་མོ་བརྡབ་ཆོག་བྱད་མ་སྙིང་འབྱིན། བསྒྲལ་ཆོག་ལས་རིམ་དུ་བཀོད་པ་མ་རུངས་བསྟན་དགྲའི་སྲོག་སྙིང་དམར་ལེན། (འདིའི་མ་དཔེ་མ་རྙེད།)

p. 61

ཟོར་གྱི་སྔགས་དམིགས་བཅས། (འདིའི་མ་དཔེ་མ་རྙེད།) ཝི༽ ཛམ་དམར་ཆགས་པའི་རྡོ་རྗེའི་གསོལ་འདེབས་བྱིན་རླབས་འབྱུང་གནས། (འདིའི་མ་དཔེ་མ་རྙེད།) ཛམ་དམར་གསང་སྒྲུབ་དངོས་གྲུབ་འདུས་པ། (འདིའི་མ་དཔེ་མ་རྙེད།) ཛམ་བྷ་ལྷའི་སྒྲུབ་མཆོད་ཚིག་བཅད། (འདིའི་མ་དཔེ་མ་རྙེད།) ཛམ་བྷ་ལྷའི་སྒྲུབ་ཐབས་བསོད་ནམས་རྒྱས་བྱེད། (འདིའི་མ་དཔེ་མ་རྙེད།) སྒྲུབ་ཐབས་བསོད་ནམས་སྤེལ་བ། (འདིའི་མ་དཔེ་མ་རྙེད།) གྲྭ་མངོན་ཛམ་དམར་བསྐང་བ་འདོད་འབྱུང་དབང་གི་རྒྱལ་པོ། (འདིའི་མ་དཔེ་མ་རྙེད།) གྲྭ་མངོན་ཛམ་དམར་གྱི་བསྐང་བ་དཔག་བསམ་སྙེ་མ། (འདིའི་མ་དཔེ་མ་རྙེད།) ཛམ་དམར་བསྐང་བསྡུས། (འདིའི་མ་དཔེ་མ་རྙེད།) མངའ་གསོལ་ཕྲིན་ལས་མྱུར་འགྲུབ། (འདིའི་མ་དཔེ་མ་རྙེད།) གཏོར་འབུལ་འདོད་དོན་ཀུན་འགྲུབ། (འདིའི་མ་དཔེ་མ་རྙེད།) ཛམ་དམར་ཆགས་རྡོར་ཆུ་སྦྱིན་དངོས་གྲུབ་ཆར་འབེབས། (འདིའི་མ་དཔེ་མ་རྙེད།) ཛམ་དམར་ཆགས་རྡོར་སྦྱིན་སྲེག་གི་སྒྲུབ་ཐབས་དངོས་གྲུབ་མྱུར་འགྱེད། (འདིའི་མ་དཔེ་མ་རྙེད།) སྦྱིན་སྲེག་རླུང་གི་ཞགས་པ་བཅས། (འདིའི་མ་དཔེ་མ་རྙེད།) ཞི) བླ་མའི་རྣལ་འབྱོར་བྱིན་རླབས་ཡོངས་འདུས། (འདིའི་མ་དཔེ་མ་རྙེད།) བྱེད་གྲོལ་གསེར་གྱི་ལྡེ་མིག་

p. 62

བསྡུས་དོན། (འདིའི་མ་དཔེ་མ་རྙེད།) མནོལ་གྲིབ་སྲུང་འཁོར། (འདིའི་མ་དཔེ་མ་རྙེད།) དཀྱིལ་འཁོར་ཆོ་ག་རྒྱུད་དོན་སྙིང་པོ། (འདིའི་མ་དཔེ་མ་རྙེད།) ཚེ་སྒྲུབ་འཆི་མེད་དཔལ་སྟེར་བཅས། (འདིའི་མ་དཔེ་མ་རྙེད།) ཟི༽ དཔལ་ལྡན་ཡེ་ཤེས་མགོན་པོའི་གསོལ་མཆོད་བསྡུས་པ། (འདིའི་མ་དཔེ་མ་རྙེད།) མ་ནིང་ནག་པོ་ཟབ་པ་གསུམ་སྦྲག་ལུགས་སུ་སྒྲུབ་ཐབས། (འདིའི་མ་དཔེ་མ་རྙེད།) མ་ནིང་ནག་པོ་ལ་གཉེར་གཏད་ཅིང་ཕྲིན་ལས་བཅོལ་བ། (འདིའི་མ་དཔེ་མ་རྙེད།) དཔལ་མགོན་མ་ནིང་ནག་པོའི་བསྐུལ་བྱང་། མ་ནིང་གསོལ་བསྡུས་མ་ནིང་ཞལ་གསུང་མ། ནོར་སྒྲུབ་བསྐུལ་བ། མ་ནིང་བསང་བསྡུས། (འདིའི་མ་དཔེ་མ་རྙེད།) མཁའ་འགྲོ་སྡེ་བདུན་མཆོད་གསོལ། (འདིའི་མ་དཔེ་མ་རྙེད།) ཕྱག་བཞིའི་མངའ་གསོལ། བཀའ་སྲུང་སྤྱིའི་གསོལ་མཆོད། དཔལ་ལྡན་ལྷ་མོའི་བསྐང་གསོལ་བསྡུས་པ། (འདིའི་མ་དཔེ་མ་རྙེད།) ཕྲིན་བཅོལ་ཁྱེར་བདེ། རྡོ་རྗེ་ལེགས་པའི་མངའ་གསོལ། སྐུ་ལྔའི་གསོལ་མཆོད་བཅས། འི༽ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་དམ་ཅན་རྡོར་ལེགས་མཆོད་ཐབས། (འདིའི་མ་དཔེ་མ་རྙེད།) ནོར་བདག་ཡེ་ཤེས་གྲགས་པ་མཆོད་ཐབས་ཕྲིན་ལས་མྱུར་མགྱོགས། (འདིའི་མ་དཔེ་མ་རྙེད།) དམ་

p. 63

ཅན་མཁོ་པའི་དམོད་པ། (འདིའི་མ་དཔེ་མ་རྙེད།) དམ་ཅན་སྒྲུབ་ཐབས། (འདིའི་མ་དཔེ་མ་རྙེད།) དམ་ཅན་རྡོར་ལེགས་རུ་མཚོན། (འདིའི་མ་དཔེ་མ་རྙེད།) སྐུ་རྟེན་འབུལ་བའི་ཡི་གེ་འམ་རྟེན་འཛུགས། (འདིའི་མ་དཔེ་མ་རྙེད།) དམ་ཅན་སྒྲུབ་ཐབས་ཀྱི་མན་ངག །དམ་ཅན་རྡོར་ལེགས་མཆོད་ཐབས། (འདིའི་མ་དཔེ་མ་རྙེད།) རཏྣའི་གཏེར་བྱོན་དམ་ཅན་མཆོད་ཕྲིན། (འདིའི་མ་དཔེ་མ་རྙེད།) དམ་ཅན་མགར་དམར་མཆོད་ཐབས་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པའི་གསོལ་མཆོད། (འདིའི་མ་དཔེ་མ་རྙེད།) དམ་ཅན་ནོར་སྒྲུབ་བསྐང་བ་འདོད་རྒུའི་རེ་བསྐང་། (འདིའི་མ་དཔེ་མ་རྙེད།) དམ་ཅན་ཁྱེའུ་ཆུང་དཀར་པོའི་སྒྲུབ་ཐབས་སྲིད་གསུམ་གསལ་བྱེད་དངོས་གྲུབ་བུམ་བཟང་། སྲུང་མ་རྣམས་མཆོད་བསྟོད་གཏོར་འབུལ། (འདིའི་མ་དཔེ་མ་རྙེད།) སྲུང་མ་སྤྱི་ལ་མཁོ་བའི་ཞལ་ཤེས་ཡིག་ཆུང་། (འདིའི་མ་དཔེ་མ་རྙེད།) རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་དམིགས་པ་དང་སྔགས་ཀྱི་མདེའུ་ཐུང་ཕྱག་བཞེས་སུ་བཀོད་པ་བཀའ་རྒྱ་ཅན། རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་འགྲིག ཡི༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་རྡོ་རྗེ་གཡུ་སྒྲོན་གྱི་ཕྱི་སྒྲུབ་ལ་

p. 64

བརྟེན་པའི་མཆོད་ཐབས། གཡུ་སྒྲོན་མའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་དཔག་བསམ་ལྗོན་པ། གཡུ་སྒྲོན་མའི་གསོལ་བསྡུས། རྡོ་རྗེ་གཡུ་སྒྲོན་མའི་བུམ་གཏེར་བསྐྱེད་ཆོག །སྤྱན་འདྲེན་གཡང་འགུགས་སྦྲག་མ་གསང་བའི་བསྐུལ་བྱང་ཆེན་མོ། ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་ནོར་བུ། རྡོ་རྗེ་གཡུ་སྒྲོན་མ་མཆོད་ཐབས་ཁ་ར་ཤག །ཕྲིན་བཅོལ་ཉུང་ངུ་། (འདིའི་མ་དཔེ་མ་རྙེད།) སྲོག་གཏད། (འདིའི་མ་དཔེ་མ་རྙེད།) རྡོ་རྗེ་གཡུ་སྒྲོན་མའི་ཚོགས་མཆོད་བདུད་རྩིའི་བུམ་བཟང་བཅས། (དགེ་རིག་གི་གསུང་།) རི་ལྕགས་རིལ་སྨན་སྦྱོར་གྱི་ངག་ཁྲིད་ལག་ལེན་ཚ་གྲང་ནད་སེལ་གྱི་སྔགས། (འདིའི་མ་དཔེ་མ་རྙེད།) (འདི་སྐྱེས་བུ་གེ་སར་ཞེས་པ་དང་གཅིག་ག་ཨེ་ཨིན་སྙམ།) ལི༽ ཞི་བ་བསྡུས་པ། རྒྱུན་བསང་བཀྲ་ཤིས་ཆར་འབེབས། བསང་མཆོད་བསྡུས་པ། (འདིའི་མ་དཔེ་མ་རྙེད།) ཡེ་ཤེས་མགོན་པོ། དཔལ་མགོན་མ་ནིང་། ཞིང་སྐྱོང་སེང་གདོང་། དཔལ་ལྡན་ལྷ་མོ། བཀའ་སྲུང་གཟའ་བདུད། དམ་ཅན་རྡོར་ལེགས། ཆོས་རྒྱལ་སྐུ་ལྔ། ཆོས་རྒྱལ་གྱི་བསང་མཆོད། འབར་བ་སྤུན་བདུན། གྲི་བཙན་གྱི་བསང་མཆོད་བཅས། ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་

p. 65

བསང་མཆོད། དགེ་བསྙེན་ཉེར་གཅིག སྲིད་པའི་ལྷ་དགུ། མགུལ་ལྷ་བཅུ་གསུམ། བསྟན་མ་བཅུ་གཉིས། ཡུལ་གཞིའི་སྐྱོང་བ་བཅས་ཀྱི་བསང་མཆོད། བསྟན་མའི་བསང་མཆོད་བར་ཆད་ཀུན་སེལ་བདུད་རྩིའི་ཆར་འབེབས། བསང་མཆོད་དགོས་འདོད་ཀུན་འབྱུང་། (འདིའི་མ་དཔེ་མ་རྙེད།) ཡུལ་གར་གནས་ཀྱི་བསང་མཆོད། མདོ་ཁམས་སེང་གེ་གནམ་རྫོང་གནས་ཀྱི་བསང་མཆོད། (འདིའི་མ་དཔེ་མ་རྙེད།) གསེར་གྱི་འབྲོང་རི་སྨུག་པོ། རྨ་རྒྱལ། གེར་མཛོ་རྒྱས་བསྡུས་གཉིས། ཟི་ཁྲོམ་བསང་མཆོད་དངོས་གྲུབ་ཆར་འབེབས་དང་བསང་བསྡུས། ཁྲོ་རི་ཟི་ཁྲོམ། བན་རི་སྙིང་པོའི་བསང་། ནོར་བུ་རི། འོམ་བུ་གོང་འོག(འདིའི་མ་དཔེ་མ་རྙེད།) གཡུ་རྩེ་། (འདིའི་མ་དཔེ་མ་རྙེད།) སྨུག་ཤེས། (འདིའི་མ་དཔེ་མ་རྙེད།) ན་རིང་ཏེ་དམར། (འདིའི་མ་དཔེ་མ་རྙེད།) གོ་ཆེན། (འདིའི་མ་དཔེ་མ་རྙེད།) མགལ་ལུང་ཁྲ་མདུང་མ། ནོར་བུ་སྟག་རྩེ། ཙིག་ཙིག ལྷུམ་པུ་རི་འབུ། ཡ་དོ། (འདིའི་མ་དཔེ་མ་རྙེད།) ཕོ་ཉ་མོ་བསང་གིས་མཆོད་ཐབས་བཅས་སོ། །(འདིའི་མ་དཔེ་མ་རྙེད།) ཤི༽ དྲག་སྔགས་གནམ་ལྕགས་ཐོག་མདའ་ལས་ངན་སྔགས་རླུང་སྒྲུབ་སྤུ་གྲི་རེག་གཅོད།

p. 66

ངན་སྔགས་ལྷན་ཐབས་གསང་བའི་གབ་ཡིག །ངན་སྔགས་སྤུ་གྲི་རེག་གཅོད་ཀྱི་བཅའ་གཞི་དམིགས་པ་དང་བཅས་པ། ངན་སྔགས་ཞག་སྒྲུབ་མའི་ཞལ་གདམས་ཟབ་མོ། སྦིན་སྲེག་སོགས་ལ་ཉེར་མཁོའི་ངག་འདོན་ཉུང་བསྡུས། སི༽ བཟློག་བསད་རྩ་ཀྲིམ་ནག་པོ་བཤན་པ་གྲི་ཐོགས་ཀྱི་ལག་ལེན་གྱི་ཆིངས། དམིགས་པའི་གཟེར་ཁ། སྤུ་གྲི་དམར་འབྱིན་སྔགས་ཀྱི་ཡང་ཡིག བཤན་པ་གྲི་ཐོགས་ཀྱི་བསྐུལ་བ་བཅས། ཧི༽ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བའི་ལོ་རྒྱུས་གསལ་བའི་མེ་ལོང་། (འདིའི་མ་དཔེ་མ་རྙེད།) ཤ་ཟ་ཧོར་མོའི་ལྟས་ངན་མངོན་རྒྱུག་གི་རླུང་སྒྲུབ། གབ་སྦས་གསང་བའི་མན་ངག །གུད་དུ་སྦས་པའི་མན་ངག །ཤ་ཟ་ཧོར་མོའི་ལས་མཐའ་ཉམས་པ་ཆམ་འབེབ། དམོད་བཅོལ། (ཨོ་རྒྱན་འཇིགས་མེད་ཀྱི་གསུང་།) མུ་སྟེགས་བལ་མོ་མགྱོགས་བྱེད་ཀྱི་ཕྲིན་ལས་དྲག་པ་རླུང་སྒྲུབ། དམོད་བཅོལ། ཤ་ཟ་ཧོར་མོའི་བསྐང་བཤགས། (པདྨ་ཀློང་ཡངས་རྡོ་རྗེའི་གསུང་།) རླུང་འཁོར་བསྐོར་ཐབས། (པདྨ་ཀློང་ཡངས་རྡོ་རྗེའི་གསུང་།) དུག་རི་འབར་བའི་ངན་སྔགས་ཉེར་གཅིག་གི་སྐོར་ལས་འདུན་གཤིག་ནག་པོ་

p. 67

བཟློག་མེད། (འདིའི་མ་དཔེ་མ་རྙེད།) འདུན་བཤིག་ནག་པོ་ཟློག་མེད་ཀྱི་ཆུའི་ལྷ་མོ་བསྐུལ་ཞིང་ལྷ་འདྲེ་ལས་ལ་བཅོལ་བ། (འདིའི་མ་དཔེ་མ་རྙེད།) ཉེ་འབྱེད་ངན་སྔགས་སྤུ་གྲི། (འདིའི་མ་དཔེ་མ་རྙེད།) གསོད་བྱེད་དུག་མདའ་ནག་པོ་འཛུལ་ཕུང་ནག་པོའི་གསང་ཚིག །(འདིའི་མ་དཔེ་མ་རྙེད།) གནོད་བྱེད་སྒྲོལ་བའི་མན་ངག་རླུང་ནག་འཚུབས་མ། (འདིའི་མ་དཔེ་མ་རྙེད།) སྨྱོ་བྱེད་སྡེ་བརྒྱད་གཡུལ་འཁྲུགས། (འདིའི་མ་དཔེ་མ་རྙེད།) དགྲ་བོ་སྒྲོལ་བའི་གནད་ཡིག །(འདིའི་མ་དཔེ་མ་རྙེད།) ངག་མནན་ལྐུགས་པ་ཁ་འཐམ། (འདིའི་མ་དཔེ་མ་རྙེད།) སྐྱིན་ཐང་སེར་བ་དྲག་འབེབས། (འདིའི་མ་དཔེ་མ་རྙེད།) དྲག་པོ་རྫས་ཀྱི་ཐོག་འབེབས། (འདིའི་མ་དཔེ་མ་རྙེད།) ཉེ་འབྱེད་འཐབ་བྱེད་གབ་ཡིག །(འདིའི་མ་དཔེ་མ་རྙེད།) སེར་བ་གནམ་ལྕགས་འབར་བ། (འདིའི་མ་དཔེ་མ་རྙེད།) ཕུང་ཁྲོལ་སེར་གྱི་མན་ངག །(འདིའི་མ་དཔེ་མ་རྙེད།) ཕུང་སྲི་མོ་ངན་བྱེད་ལས་ཕྲན་གསུམ། (འདིའི་མ་དཔེ་མ་རྙེད།) བྷོ་ལི་ངན་གཏད། (འདིའི་མ་དཔེ་མ་རྙེད།) སྟུ་གཏད་དམར་མོ་ཁྲག་འཛག །(འདིའི་མ་དཔེ་མ་རྙེད།) དགྲ་བོའི་རླུང་རྟ་སྒྲུབ་པའི་མན་ངག་བཅས། (འདིའི་མ་དཔེ་མ་རྙེད།) ཨི༽ གསང་ཐོར་བུའི་སྐོར། གུ་རུའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས།

p. 68

མཚན་བརྒྱད་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས། དྲི་མེད་བཤགས་རྒྱུད་ཀྱི་བརྒྱུད་འདེབས། ཀར་གླིང་ཞི་ཁྲོའི་བརྒྱུད་རིམ་གསོལ་འདེབས། ཁྲིད་བརྒྱུད་གསོལ་འདེབས། རིག་འཛིན་ཆེན་པོའི་སྐྱེ་ཕྲེང་གསོལ་འདེབས་ཞལ་གསུང་མ། རིག་རྩལ་ཐོགས་མེད་གླིང་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་དུ་འཆར་བའི་ཉི་མ། རྣམ་ཐར་གསོལ་འདེབས་བསྡུས་པ། རྒྱལ་བ་དཀོན་མཆོག །བྱིན་རླབས་འབྱུང་གནས་བླ་མའི་རྣལ་འབྱོར། ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་བསྐུལ་བྱེད། རྒྱལ་ཀུན་སྤྱི་གཟུགས། སྐྱེ་བ་འདི་ནས། གསོལ་འདེབས་རྒྱངས་འབོད། གསོལ་འདེབས་དུས་ངན་འཇིག་སྐྱོབས། དྲང་བ་དང་རྡོ་རྗེའི་གླུ། དམག་བཟློག་བསྡུས་པ། སྐྱབས་མཆོག་གསུམ། (ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་།) རང་སྣང་ཟངས་མདོག །(ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་།) བསྟན་སྨོན་བསྡུས་པ། འགྲོ་འདུལ་ཆོ་ག་ཡིད་བཞིན་ནོར་བུ། ཡེ་ཤེས་མཚོ་རྒྱལ་སྒྲུབ་ཐབས་ངག་ཁྲིད་དུ་བཀོད་པ་དངོས་གྲུབ་ཆར་འབེབས། མཆོད་རྟེན་མཆོད་འབུལ་བྱིན་རླབས་འོད་འབར། (འདི་གཉིས་

p. 69

གཅིག་ཨེ་ཡིན་སྙམ།) རྒྱལ་བ་རྣམ་པར་སྣང་མཛད། གནོད་སྦྱིན་ནོར་ལྷ་འདུས་པའི་སྲོག་གཟུངས། སྐྱེས་བུ་མི་ཡི་ལུས་པོ། སྐྱེ་བ་བརྒྱད་འཁྲུལ་སྣང་དུ་བྱུང་ཚུལ་དྲང་སྲོང་མ། འཕགས་པ་ནམ་མཁའ་མཛོད་ཀྱི་ལོ་རྒྱུས། ཇོ་བོ་མཐོང་བ་དོན་ལྡན་(བྲམ་ཟེའི་བྲང་རུས་མཆན་)གྱི་དཀར་ཆག་རིག་འཛིན་མཁའ་འགྲོའི་ཞལ་ལུང་། གནས་ཆེན་ཙྭ་རི་རང་བྱོན་(ཀླུ་སྒྲུབ་རྡོ་ལི་འོད་འབར་མཆན་)གྱི་ལོ་རྒྱུས། ཐུབ་སྐུ་མཐོང་གྲོལ་ཡིད་བཞིན་ནོར་བུའི་དཀར་ཆག །གུ་རུ་རིན་པོ་ཆེ་རྡོ་རྗེ་དྲག་རྩལ་གྱི་སྐུ་ཚབ་མཐོང་བ་དོན་ལྡན་གྱི་དཀར་ཆག །པདྨ་འབྱུང་གནས་ཀྱི་སྐུ་ཚབ་རིག་འདུས་གུ་རུ་རྡོ་རྗེ་འཆང་གི་དཀར་ཆག་རྡོ་རྗེ་གཡུ་སྒྲོན་མའི་ལུང་བྱང་། ནོར་བུ་རིའི་བང་རྒོད་གུ་རུའི་ལྷ་ཁང་གི་དཀར་ཆག །གུ་རུ་བརྒྱ་རྩའི་དཀར་ཆག །ཐུགས་དམ་ཞལ་ཐང་དྲུག་གི་ལོ་རྒྱུས། མཆོད་རྟེན་རྣམ་གཉིས་ཀྱི་དཀར་ཆག །འདི་རྣམས་མགུར་འབུམ་ཀློང་ཆེན་གན་མཛོད་དང་རྣམ་ཐར་རྟོག་པའི་དྲི་མེད་དུ་ཡོད། དཔའ་བོ་ལས་རབ་རྩལ་གྱི་རྣམ་ཐར་རྟོག་པའི་དྲི་མ་མེད་པ་རབ་ཏུ་གསལ་བའི་སྙིང་པོ་བཅས་སྡེ་ཚན་དྲུག་ཅུ་ཐམ་པ་ལ་དཔེ་ཚན་བདུན་བརྒྱ་ཞེ་དྲུག་གི་

p. 70

གྲངས་སུ་ཡོད་པ་ཨ་སེ་མཁན་ཆོས་གྲགས་ཀྱིས་དཔེ་བསྡུ་གཉིས་པའི་སྐབས་ཡིན་གྱི་ད་ཐང་གི་དཔེ་བསྡུ་གསུམ་པ་ལ་ཆོས་ཚན་འགའ་ཞིག་གསར་འཛུད་བྱས་ཡོད་པས་གྲངས་འདིར་མ་ངེས་སོ། །འདི་ནི་དག་སྣང་སྙན་བརྒྱུད་ཆོས་ཀྱི་བཞུགས་བྱང་དངོས་ཏེ་པོ་ཏི་བཞི་དེའི་སྟེང་དུ། ༈ ན་དུམ་པའི་ཆོས་ཚན། སྤྲུལ་པའི་གཏེར་ཆེན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད་དང་། ༈ དྷིཿདུམ་པའི་ཆོས་ཚན། ཞལ་གདམས་ཀྱི་རིམ་པ་ཆོས་དབྱིངས་གན་མཛོད་གཉིས་བསྣན་པས་པོ་ཏི་རིགས་སྔགས་ཨ་ར་པ་ཙའི་གྲངས་ལྡན་དུ་བྱས་ནས་སྒྲིག་པའོ། །སྤྱིར་ཆོས་སྐོར་འདི་གསར་སྒྲིག་ཞིག་བྱས་ན་ལེགས་སྙམ་པ་ཡོད་ཀྱང་། སྔར་ཆོས་བདག་རྣམ་གཉིས་ཀྱིས་སྡེ་ཚན་དུ་བྱས་པ་དང་། ཐོབ་ཡིག་རྙིང་པ་ཤིན་ཏུ་ཁུངས་བཙུན་ཞིག་འདུག་པ་གཉིས་འགྲིགས་འདུག་པས་བཅོས་མ་ཕོད་པར་དཔེ་ཚན་གསར་རྙེད་ཐམས་ཅད་སོ་སོའི་གྲས་སུ་བཅུག་ནས་བྲིས་པ་ཡིན་ནོ། །གསུམ་པ་དཔེ་བསྡུ་བྱས་ཚུལ་དང་མཇུག་རྩོམ་སྨོན་ཚིག་ནི། སྙིགས་མའི་དུས་འདིར་བསྟན་པ་ལ་ཞུགས་པའི་གང་ཟག་རྣམས་ཀྱང་གལ་ཆུང་

p. 71

ཆོས་ལ་བྱེད་པའི་དབང་གིས་ལེགས་སྨོན་དང་འཇིགས་སྐྱོབས་ཀྱི་ལྟར་སྣང་ཙམ་ལས་ཚུལ་བཞིན་སྤྱོད་པ་ནི་ཉི་མས་ཟིལ་གྱིས་ནོན་པའི་རྒྱུ་སྐར་ལྟ་བུར་གྱུར་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དལ་གྱིས་འགྲིབ་ཀྱང་། རྙེད་དང་གྲགས་པ་ལ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཁོ་ན་ལ་གཡེངས་ཏེ། བསྟན་པ་འཛིན་པར་རློམ་པའི་ཆེན་པོ་རྣམས་ཀྱང་དོན་བཞིན་དུ་ཐོས་བསམ་བསྒོམ་པ་ལ་རང་ཉིད་འཇུག་པ་དང་། གཞན་དོན་དེ་ལ་སྦྱོར་བ་ལྟ་ཅི་བཀླག་ལུང་གི་རྒྱུན་ལེགས་པོ་ཙམ་ཡང་ཇི་མི་སྙམ་པས་འབད་བརྩོན་མི་བྱེད་པར། ཟང་ཟིང་གི་དངོས་པོ་ཕྲ་མོ་ཙམ་ལ་ཡང་དབང་ཤེས་རྩལ་དུ་སྤྲུགས་ནས་གཏན་གྱི་བདེ་ལེགས་མ་ལུས་པའི་རྩ་ལག་གསུང་རབ་དོན་དུ་གཉེར་བ་དང་། དེའི་ཡུལ་ལ་ཐོས་བསམ་སྒོམ་པས་སློབ་པར་བྱེད་པ་བགྱི་བའི་ཐ་ཤལ་དུ་བརྩི་བའི་དུས་ཀྱི་འགྱུར་བ་ལྟར་མི་མངོན་ཞིང་། བདེ་བར་གཤེགས་པའི་ཕྲིན་ལས་ཚད་མེད་པའི་གནས་ཆུད་གསན་ཞིང་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་སྲོག་ནོར་གསུམ་

p. 72

ཕངས་པ་མེད་པར་ཚད་ལ་བོར་ནས་དཀའ་བས་བཙལ་དཀོན་པས་བསྒྲུབས་པའི་མཛད་པ་རྨད་དུ་བྱུང་བའི་ཕྱག་རིས་དང་། སློབ་དཔོན་པདྨའི་ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པའི་གྲུབ་འབྲས་གཏེར་ཆོས་སྤྱི་དང་། ཁྱད་པར་ཟབ་མོོ་དག་སྣང་གི་ཆོས་སྐོར་འདི་ཉིད་ཀྱི་འགྲོ་དོན་ཆུད་འཛའ་བ་ལ་རིང་པོར་མི་ཐོགས་པར་མཐོང་ནས་བློ་ཁུར་དུ་མི་བཟོད་པའི་གདུང་བ་དང་ངལ་བ་ཆེན་པོས་ཕྱོགས་ཀུན་ཏུ་བཙལ་ནས། དཔེ་རྒྱུན་ཇི་སྙད་བཞུགས་པ་བསྡུས་ཏེ་ཁོ་བོས་ཆོས་སྐོར་ཐམས་ཅད་གསར་དུ་བྲིས་ནས། དཀར་ཆག་པདྨ་དཀར་པོའི་ཕྲེང་བ་ཞེས་པ་འདི་ཡང་གསར་བསྒྲིགས་བྱས་པ་ཡིན་མོད། འོན་ཀྱང་འདི་སྐབས་དཔེ་རྒྱུན་མ་རྙེད་པ་དཀར་ཆག་ཏུ་གསལ་བ་དང་མི་གསལ་བ་སྔོན་གྱི་དཀར་ཆག་ཏུ་གསལ་བ་རྣམས་ཆོས་འདིའི་བསྟན་པ་ལ་ཐུགས་ཁུར་བཟོད་པའི་ཆོས་སྤྱན་ལྡན་པ་རྣམས་ཀྱིས་བཙལ་ནས་གཞུང་འདིར་འཛུད་ཐུབ་པར་མཛོད་ཅེས་གསོལ་བ་འདེབས་པ་ལགས་ན་ཐུགས་ཁྲེལ་མི་མཛད་པར་ཞུ་ཞུ། སླར་སྨྲས་པ། ཁོ་བོ་སྐྱེས་སྦྱངས་བློ་གྲོས་ན་ཕྲ་ཡང་། །ན་

p. 73

སོ་རྒན་པོར་སོང་བའི་གོམས་གཤིས་སུ། །སྔོན་བྱོན་མཁས་གྲུབ་དམ་པའི་རྣམ་ཐར་ལ། །གུས་པའི་ཟོལ་གྱིས་དཔེ་བསྡུ་འདི་བགྱིས་སོ། །འདི་ན་རྙེད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི། །ངན་རྟོག་དྲི་མའི་འདམ་གྱིས་མ་གོས་པར། །ལྷག་བསམ་གྱིས་བསྐྲུན་འོ་མའི་ཆུ་སྦྱིན་འདི། །མ་འོངས་བསྟན་དང་འགྲོ་བའི་གསོས་སུ་སེམས། །འདི་ལས་བྱུང་བའི་དགེ་བ་ཉག་ཕྲ་ཞིག །མཆིས་སྲིད་དུས་གསུམ་ལེགས་བྱས་ཚོགས་སྡོམ་ནས། །བསྟན་འགྲོར་སྨན་པའི་ཆེད་དུ་བདག་སྨོན་ན། །ལྷ་དང་བླ་མས་མཐུན་འགྱུར་མཛད་པར་རིགས། །བསྟན་འཛིན་དངོས་རྣམས་ཞབས་པད་བསྐར་བརྒྱར་བརྟན། །བསྟན་འགྲོའི་མཁའ་ལ་ཆོས་ཀྱི་ཉི་མ་ཤར། །རྒྱལ་བསྟན་པད་མོའི་འདབ་སྟོང་བཞད་པ་དང་། །ཡངས་པའི་ཁྱོན་ཀུན་དགེ་བའི་དཔལ་གྱིས་འབྱོར། །བདག་ཀྱང་དེང་ནས་སྐྱེ་དང་ཚེ་རབས་ཀུན། །བསྟན་པ་འདི་དང་བསྟན་འཛིན་མཆོག་ལ་གུས། །སྨིན་གྲོལ་བདུད་རྩིས་བདག་རྒྱུད་གཏམས་པ་དང་། །སྐུ་བཞིའི་རྒྱལ་ཐབས་མཆོག་ལ་ཕྱིན་པར་སྨོན། །ཀ་ཡེ་

p. 74

གསོན་དང་སྔ་འགྱུར་རྗེས་འཇུག་རྣམས། །པད་མའི་ཐུགས་བཅུད་ཟབ་ཆོས་འདི་དག་ལ། །ལོངས་སུ་སྤྱོད་པའི་སྐལ་བ་ལྡན་བཞིན་དུ། །མནོག་ཆུང་ནོར་དང་གྱི་ནའི་སྒྲུབ་པ་ལ། །ཞུགས་པའི་ཟོལ་གྱིས་དལ་བསྟན་ནོར་བུ་འདི། །ཆུད་ཟོས་བྱེད་པར་རིགས་སམ་དཔྱད་པར་ཞུ། །ཞེས་རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་སྙན་བརྒྱུད་ཆོས་ཀྱི་དཀར་ཆག་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། ཨ་སེ་དགོན་གྱི་གྲལ་མཐར་སྐྱེས་པ་ཕྱོགས་ཀུན་ཉུལ་བའི་བན་ཧྲུལ་དྷརྨའི་མིང་ཅན་གྱིས་རབ་བྱུང་བཅུ་བདུན་པའི་མེ་བྱིའི་ལོར་དབོ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ། གཟའ་སྐར་འགྲུབ་སྦྱོར་གྱི་དུས་ཚེས་དགེ་བར་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཡང་དབེན་བསམ་གཏན་གྱི་ཁང་བཟང་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

དག་སྣང་གཏེར་གྱི་ལོ་རྒྱུས།

p. 75

༄༅། །ད་ནི་ཁོ་བོའི་དག་སྣང་གི་རིམ་པ་ནི་ཇི་ལྟར་ཞེ་ན་གཏེར་གྱི་རྟེན་འབྲེལ་མ་འགྲིགས་ཀྱང་། བར་ཆད་ཀྱིས་ཆེར་མ་ཚུགས་པ་དག་སྣང་དུ་བྱུང་བ་ཡིན་ཅིང་། གཞན་འགའ་ཞིག་ཏུ་དག་སྣང་དང་གཏེར་འབྲེལ་བ་དང་། དག་སྣང་གི་མཐར་གཏེར་རྡོལ་བའང་ཡོད་མོད། དག་སྣང་གི་ལུང་ཉུང་ཙམ་སྨོས་ན། ཡང་དག་སྡུད་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་པ་རྣམ་པར་དག་པ་ལ་ལ་ནི། རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལ་གདམས་ངག་དང་རྗེས་སུ་བསྟན་པ་འབྱུང་ངོ་ཞེས་དང་། ཡང་དེ་ཉིད་ལས། ལ་ལ་ནི་སངས་རྒྱས་མི་བཞུགས་ན་ཡང་ནམ་མཁའི་དཀྱིིལ་དང་། རྩིག་པ་དང་ཤིང་རྣམས་ལས་ཆོས་འབྱུང་ངོ་ཞེས་དང་། དགོངས་འདུས་ལེའུ་བདུན་ཅུ་པ་ལས། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །སྟོང་པར་སྦས་པའི་དོན་འདི་ལ། །བརྡ་དང་དཔེས་མཚོན་ལྡེ་མིག་གིས། །མཉམ་ཉིད་རིག་པའི་གཏེར་སྒོ་དབྱེ། །ཞེས་དང་། བྱང་སེམས་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་

p. 76

བཅོམ་ལྡན་འདས་རྣམས་ཀྱིས་ཆོས་རྣམས་ཀྱི་སྣོད་དུ་རིག་ནས་དེ་ཡི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པར་སྟོན་ཏོ། །ཞེས་དང་། རིག་འཛིན་དགོངས་པའི་ལྡེ་མིག་ལས། རིག་འཛིན་འདུས་པའི་གསང་ཚིག་བཅུད། །བཀའ་ཡིན་གཏེར་ཡིན་དག་སྣང་ཆེ། །གྲག་སྟོང་སྐྱེ་མེད་རང་སྒྲ་ཆེ། །ཞེས་དང་། རཏྣ་གླིང་པའི་གཏེར་བྱོན་ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོ་ལས། རྨི་ལམ་སྣ་ཚོགས་སློབ་དཔོན་ཞལ་མཐོང་ཞིང་། །གསུང་ཐོས་གདམས་པ་ཟབ་ཁྲིད་གནང་བ་དང་། །ཞེས་པ་དེ་ལྟ་བུ་འབྱུང་བར་རྙིང་ལུགས་རྣམས་ལས་ཆེས་མང་བར་བཤད་དོ། །དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་ལས། ཐ་ན་རྨི་ལམ་དུ་ཡང་སངས་རྒྱས་ཀྱི་མཚན་རྣ་ལམ་དུ་ཉེ་བར་བསྒྲུབ་པར་བགྱིའོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལ་བདག་གི་རྨི་ལམ་དུ་མཐོང་བ་སྩལ་བར་བགྱི། འབེལ་བའི་བཀའ་མཆིད་ཀྱང་བགྱིད། རེ་བ་ཐམས་ཅད་ཡོངས་སུ་བསྐང་བར་བགྱིའོ། །ཞེས་རྨི་ལམ་དུ་འབྱུང་བ་འགོག་མ་ནུས་པར་དཔེ་བཤུས་པའོ། །༷གཞན་ཡང་ལུང་ཁུངས་དང་འབྲེལ་བ་

p. 77

མང་ཡང་རེ་ཞིག་དེ་ཙམ་མོ། །ཞེས་པ་ལྟར་སྤྱིར་བཏང་དང་། ༈ བྱེ་བྲག་སྐྱབས་མགོན་རིན་པོ་ཆེ་འདི་སྔོན་བྱོན་གྱི་གཏེར་ཆེན་རཏྣ་གླིང་པ་དང་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་ལས་གསལ་བར་གྲུབ་པར་གྲགས་ཤིང་། ཁྱད་པར་ཁམས་པ་ཉི་མ་གྲགས་པའི་གཏེར་བྱོན་ལོ་རྒྱུས་གསང་བའི་སྙིང་པོ་ལས་ལང་གྲོའི་སྤྲུལ་པར་གསུངས་པ་དང་། སྨན་བླ་བདུད་རྩིའི་ཐིགས་པ་ལས། གནས་མཆོག་དེ་ཡི་ཤར་ཕྱོགས་ནས༔ སྐལ་བཟང་ཆོས་ཀྱི་ཨ་བྷིར་འགྱུར༔ ཞེས་མཚན་དོན་དང་མཐུན་པར་ལུང་གིས་ཟིན་པ་གང་དེས་འོད་གསལ་དག་པའི་གཟིགས་མོར་འབྱམས་སུ་ཀླས་པས་རྩ་གསུམ་ལྷག་པའི་ལྷ་ཇི་སྙེད་པའི་ཞལ་མཇལ་ཞིང་དབང་བསྐུར་གདམས་ཟབ་བསྩལ་བ་རྣམས་འགྲོ་དོན་དུས་བབ་ཀྱི་སྐལ་བར་ཐུགས་ཀྱི་དཔལ་བེར་རྒྱས་བཏབ། ལས་དང་སྐལ་བ་ལྡན་པའི་དད་དམ་ཅན་དག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས་པའི་ནང་ཚན་ཟབ་ཆོས་རགས་རིམ་ཞིག་རྗེ་བཙུན་བླ་མའི་གསུང་
སྲས་རྩ་བའི་ཆོས་བདག་རྣམ་འདྲེན་དམ་པ་བསོད་ནམས་ཆོས་བཟང་གིས་འབྲི་ས་ཤོག་བུའི་མཐུན་རྐྱེན་གནང་བ་དང་དུ་བླངས་ཏེ་རང་གི་གམ་དུ་བྲིས་པ་རེ་ཟུང་ལ་ཡོན་དང་བཟའ་བཏུང་སོགས་མགུ་བར་བྱས་ཏེ་བྲིས་པའི་རིམ་པ་ནི་ཡིན་ཚུལ་གྱི་རྣམ་གྲངས་ཅུང་ཟད་དང་། དེ་ལས་བྱུང་བའི་ཆོས་སྡེ་དངོས་ལ་རིག་སྔགས་ཨ་ར་པ་ཙའི་གྲངས་ལྡན་གྱི་པུསྟི་ཀ་དྲུག་བཞུགས་པའི་གླེགས་བམ་དང་པོའི་ནང་དུ། །

གུ་རུ་རིན་པོ་ཆེའི་ཞབས་རྗེས་མཐོང་བ་དོན་ལྡན་གྱི་ལོ་རྒྱུས།

p. 78

༈ གུ་རུ་རིན་པོ་ཆེའི་ཞབས་རྗེས་མཐོང་བ་དོན་ལྡན་གྱི་ལོ་རྒྱུས་བཞུགས་སོ། །མེ་ཁྱི་ཧོར་ཟླ་བཞི་པའི་ཚེས་གསུམ་གྱི་ནུབ་མོ་རྨི་ལམ་དུ་ཤར་བ་སྤུན་གསུམ་ཞེས་ཀླུ་བདུད་བཙན་གསུམ་དུ་འདུག་པ་ཁོང་རྣམས་བྱུང་ཞིང་སྲུང་མ་མཆོད་པའི་རྫས་དང་། གཞན་ཡང་དགོས་བྱ་འགའ་ཞིག་དང་བཅས་ཞབས་རྗེས་དང་། འདྲེ་བདུད་བླ་རྡོ་ཡོད་ཚུལ་རྣམས་བསྐུལ་བྱུང་། དེ་བཞིན་དུ་ཚེ་རིང་མས་ཀྱང་བསྐུལ་བྱུང་། སྔ་སོར་བདག་ལོ་བཅུ་བདུན་དུས་གཏེར་གྱི་ཁ་བྱང་ལེན་པའི་ལུང་བསྟན་བྱུང་བ་མ་འགྲིགས་པས་བར་ཆད་ཆེ་བར་བྱུང་། དེ་རྗེས་རང་ལོ་ཉེར་ལྔའི་དུས་གནས་སྒོ་འབྱེད་པ་དང་གཏེར་གྱི་ལུང་

p. 79

བསྟན་བྱུང་བ་རང་བབས་སུ་བཞག་པས་འཆི་ལ་ཐུག་པའི་ནད་དྲག་པོ་བྱུང་། ད་ཡང་འདི་ལྟར་མ་བྱས་ན་འཚུབ་ལྷོང་ཆེ་ལ་འདི་སོགས་བྱ་དཀའ་བ་ཁོ་ན་ལས་མེད་ཅིང་། སྤྱིར་ན་ཡང་ཐམས་ཅད་ལ་ལ་མགུ་ལ། ལ་ལ་མ་མགུ་ཡང་གང་བྱས་ཐམས་ཅད་སྐྱོན་དུ་མ་གྱུར་པ་ནི་གཅིག་ཀྱང་མེད། རང་གི་བསམ་པ་ལྟར་གྱུར་ན་ཚེ་འདིར་རྫོགས་ཆེན་ཁོ་ན་ཉམས་སུ་ལེན་ཅིང་། རྡོ་རྗེ་འཛིན་པ་ཉི་སྤྲུལ་རིན་པོ་ཆེ་ཐུགས་མཉེས་པའི་ཐབས་ཤིག་མ་གཏོགས་གང་ཡང་དགོས་བྱ་མེད་ནའང་། ད་ཡང་འདི་ལྟར་བྱུང་བའི་མཁོ་ཆ་ཡང་མི་འབྱོར། ལེན་དུའང་མི་སླེབ་པར་འདུག་སྙམ་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་བསྐྱེད་རིམ་ངང་ནས་དམ་ཚིག་བསྒྲགས་པའི་ཆད་ཐོ་མང་དུ་བྱས་པས་ཞག་གསུམ་ནུབ་མོར་རླུང་ནག་འཚུབས་ཤིང་ཐོག་སེར་དྲག་པོ་གནམ་ས་འདྲེས་འགྲོ་བ་ཞིག་བྱུང་བའི་ཐོ་རངས་ཀྱི་རྨི་ལམ་དུ། བཀྲ་ཤིས་ཚེ་རིང་མ་རྡོ་རྗེ་རྩེ་ལྔ་དང་བུམ་པ་བསྣམས་པ་སྐུ་མདོག་དཀར་དམར་མཛེས་འཛུམ་བཞད་པ་བཅུ་དྲུག་ན་ཚོད་ཅན། དར་དཀར་གྱི་

p. 80

གོས་དང་རིན་པོ་ཆེའི་རྒྱན་བཅས་ངག་གླུ་ཡི་རྟ་ལ་དྲངས་ནས། ཀྱེ་མ་སྔགས་སྤྱོད་རིག་འཛིན་ཆེན་པོ་ལགས༔ སྔོན་ཚེ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ གུ་རུ་རྡོ་རྗེ་གྲོ་ལོད་སྐུ་རུ་བཞེངས༔ གཟུངས་མ་མཚན་ལྡན་བཀྲ་ཤིས་ཁྱེའུ་འདྲེན་དེ༔ སྟག་མོ་དྲུས་མར་སྤྲུལ་པ་ཆིབས་ནས་སུ༔ བདུད་དང་དམ་སྲི་ཐམས་ཅད་དམ་ལ་བཏགས༔ བོད་ཡུལ་མཐའ་དབུས་ཐམས་ཅད་ཞབས་ཀྱིས་བཅགས༔ གཏེར་ཁ་བྱེ་བ་ཉི་མ་གཅིག་ལ་སྦས༔ ཟླ་ཡི་སྤོམ་ཆེན་མི་འགྱུར་གནས་ཀྱི་རྟགས༔ མཐོང་ཐོས་དད་ལྡན་སྒྲིབ་འདག་དངོས་གྲུབ་ཐོབ༔ མཆོད་བསྟོད་ཕྱག་བསྐོར་བྱས་པས་བར་ཆད་སེལ༔ འདྲེ་བདུད་མཐའ་དམག་མ་རུངས་ཁ་གནོན་ཡིན༔ ཤར་ཕྱོགས་བསྟན་བདག་ས་ཡི་བདག་པོ་ཡིས༔ གུ་རུ་པདྨ་འབྱུང་གནས་གཙོ་བོ་ལ༔ དུས་གསུམ་སངས་རྒྱས་རིགས་གསུམ་མགོན་པོ་དང་༔ བོ་དྷི་ས་ཏྭ་ཁྲི་སྲོང་ལྡེའུ་བཙན་རྣམས༔ གནས་ཆེན་ས་སྣ་རིན་ཆེན་ཕྱེ་མས་བཞེངས༔ ཐུགས་རྟེན་ཨ་མྲྀ་ཏ་དང་རིང་བསྲེལ་གཞུག༔ བོད་ཁམས་བདེ་སྐྱིད་འཕེལ་བའི་འདོད་གསོལ་བཅས༔ ཞལ་རྣམས་ཤར་གྱི་

p. 81

ཕྱོགས་སུ་གཟིགས་པར་བྱ༔ གུ་རུའི་གདན་ཁྲིར་ཞབས་རྗེས་འབྲུ་སྨན་དང་༔ རཏྣ་རྣམས་ཀྱིས་དགང་ཞིང་བཞུགས་སུ་གསོལ༔ ཞབས་འོག་ཚད་དང་ལྡན་པའི་དོང་བྲུས་ནས༔ ཀླུ་སྲིན་སྤུན་དགུ་མཐའ་མིའི་བསམ་ངན་གཟུགས༔ འདྲེ་བདུད་བླ་རྡོ་འགུགས་གསོད་ལས་སྦྱོར་གནོན༔ དེ་ལྟར་གྲུབ་ན་ཡུལ་ཕྱོགས་རྒྱལ་ཁམས་བདེ༔ མཚོན་འཁྲུགས་ཞི་ཞིང་བདུད་ཚོགས་ཁ་ཡང་གནོན༔ འགྲོ་ཁམས་བདེ་སྐྱིད་བསྟན་པའི་བར་ཆད་ཞི༔ ལུང་བཞིན་བརྩོན་དགོས་གནད་ཆེ་འཆུག་མི་རུང་༔ ཞེས་སོགས་ཟེར་ཞིང་མི་སྣང་བར་ཐལ་སོང་། ནངས་པར་ཉི་དྲོས་ཙམ་དུ་འགྲོས་རྒྱག་སའི་ལམ་ཁ་གཡོན་ངོས་ན་བྱ་རོག་གསུམ་གྱིས་རྡོ་རྗེའི་འགྲོས་བྱེད་ཅིང་རྡོ་ཞིག་ལ་བསྐོར་བ་བྱེད། མཆུ་བཙུགས་གཤོག་པ་གཡོབ་པར་འདུག་པས་དེར་ཕྱིན་པས་ཞབས་རྗེས་ནང་དུ་ཆུ་འཁྱིལ་ཞབས་སུ་བླ་རྡོ་བཅས་འདུག་པ་ལུང་བཞིན་བྱེད་པའི་སྤོབས་པ་མ་བྱུང་། མ་ཎི་པད་སྤུངས་ནང་དུ་སྟེང་དུ་ཞབས་རྗེས་འོག་ཏུ་བླ་རྡོ་གནས་པར་བྱས་སོ། །སརྦ་མངྒ་ལཾ།། །།ལས་རབ་རྩལ་གྱིས་སོ།། །།

བྱིན་རླབས་ཡོངས་འདུས་ཀྱི་གསོལ་འདེབས།

p. 82
p. 83

༄༅། །ༀ་ཨཱཿཧཱུྃ། ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་འོད་དཔག་མེད། །འགྲོ་ལ་ཕན་བདེའི་མཆོག་སྩོལ་སྤྱན་རས་གཟིགས། །དབྱེར་མེད་སྒྱུ་འཕྲུལ་ཨོ་རྒྱན་པདྨ་འབྱུང་། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །བདེ་སྟོང་དགའ་བཞིའི་འབྱུང་གནས་མཁར་ཆེན་བཟའ། །ཆོས་ཀྱི་རྒྱལ་པོ་རྗེ་འབངས་རིག་འཛིན་བཅས། །མཐུ་སྟོབས་དབང་ཕྱུག་ལང་གྲོ་ལོ་ཙཱ་བ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །ཟབ་གཏེར་མཛོད་འཛིན་རཏྣ་གླིང་པའི་ཞབས། །གྲུབ་པའི་སྤྱི་གཟུགས་དཔའ་བོ་ལས་རབ་རྩལ། །ཆོས་བདག་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །ཅེས་པ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ།། །།

ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས།

p. 84
p. 85

༄༅། །ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་བཞུགས་སོ། །

p. 86

བླ་མ་དང་གུ་རུ་པདྨ་འབྱུང་གནས་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །བཀས་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་ཇི་ལྟར་ཉམས་སུ་ལེན་པ་ནི། ཧཱུྃ། སྐྱབས་ཀུན་ངོ་བོ་པདྨ་འབྱུང་གནས་ལ། །མི་ཕྱེད་དད་པས་སྙིང་ནས་སྐྱབས་སུ་མཆི། །ཁམས་གསུམ་རིགས་དྲུག་འགྲོ་བ་མ་ལུས་ཀུན། །རྫོགས་བྱང་ལ་འགོད་བྱང་ཆུབ་སེམས་བསྐྱེད་དོ། །ༀ་ཨཱཿཧཱུྃ་གིས་སྣང་སྲིད་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རོལ་བ་ཆེན་པོའི་རྒྱན། །དག་པའི་ཞིང་ཁམས་བཀོད་པ་ཕུན་ཚོགས་དབུས། །སྐྱོན་བྲལ་པདྨ་

p. 87

མདངས་ལྡན་ཉི་ཟླའི་ཁྲིར། །བདག་ཉིད་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །བཅུ་དྲུག་ན་ཚོད་དཀར་དམར་མཛེས་འཛུམ་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན། །གཡོན་པ་མཉམ་བཞག་བྷནྡྷ་བདུད་རྩིས་བཀང་། །ཁ་ཾ་གཡོན་བརྟེན་ཞབས་གཉིས་སྐྱིལ་མོ་ཀྲུང་། །དབུ་ལ་པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན། །སྐུ་ལ་གསང་གོས་ཕོད་ཁ་ཆོས་གོས་དང་། །སྣང་སྲིད་ཟིལ་གནོན་ཟ་བེར་སྨུག་པོ་གསོལ། །མཚན་དཔེས་ཡོངས་མཛེས་སྣང་སྟོང་འོད་ཀྱི་སྐུ། །འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་

p. 88

དཀྱིལ་ན། །བག་དྲོ་ལྷུན་ཆགས་གཟི་བྱིན་ཐིབས་སེ་ཐིབ། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང་། །བག་དྲོ་ལྷུན་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པས་ས་དང་བར་སྣང་གང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་བླ་མ་ལོངས་སྐུའི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཐུགས་ཀར་ཟླ་དཀྱིལ་ཧྲཱིཿལ་སྔགས་ཕྲེང་བསྐོར། །འོད་འཕྲོས་རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས། །ཁམས་གསུམ་

p. 89

འཁོར་བའི་ལས་ཉོན་བག་ཆགས་སྦྱངས། །སྣང་སྲིད་ལྷ་སྔགས་ཏིང་འཛིན་འཁོར་ལོར་བཞེངས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་བཟླ། སྨོན་ལམ་ནི། ཐུགས་རྗེའི་སྟོབས་ཀྱིས་པདྨ་འོད་ཞིང་དུ། །ཐུགས་རྗེའི་མངའ་བདག་ཁྱེད་ཀྱི་ཞབས་དྲུང་དུ། །ཐུགས་རྗེའི་རང་བཞིན་པདྨའི་ཟེའུ་འབྲུ་ལ། །ཐུགས་རྗེའི་དབང་གིས་ཟག་མེད་བརྫུས་སྐྱེས་ཏེ། །རྗེ་བཙུན་ཁྱེད་དང་ཐུགས་རྗེ་མཉམ་པར་ཤོག །ཐུན་མཐར། བསྡུ་རིམ་ནི། སྣོད་བཅུད་ལྷ་སྐུ་སྔགས་ཕྲེང་ས་བོན་ལ། །རིམ་བསྡུ་རང་ཡལ་དེ་ཡང་མཁའ་ལྟར་དག །དུས་གསུམ་རྟོག་ཚོགས་ཀུན་དང་བྲལ་བ་ཡི། །ཆོས་ཉིད་རང་གསལ་ཆེན་པོའི་ངང་དུ་བཞག །སླར་ཡང་གུ་རུའི་གསང་གསུམ་རོལ་པར་ཤར། །སྒོ་གསུམ་བྱ་བྱེད་ཐམས་ཅད་གསང་གསུམ་གྱི། །རྣམ་རོལ་སྒྱུ་འཕྲུལ་ཆེན་པོའི་ངང་དུ་བཞེངས། །མཆོག་གསུམ་རྩ་གསུམ་དཀོན་མཆོག་བདེན་པའི་མཐུས། །དོན་གཉིས་མཐར་ཕྱིན་མཆོག་གི་བཀྲ་ཤིས་ཤོག །ཅེས་པ་འདི་དཔལ་ས་སྐྱོང་ཆེན་པོའི་དབུ་བླ་ལས་སད་སྨོན་ལམ་དག་པའི་བླ་མ་ངག་དབང་ཆོས་འབྱོར་གྱིས་སྐྱབས་ཀུན་ངོ་བོ་གུ་རུ་རིན་པོ་ཆེ་ལ་སྙིང་ནས་མོས་

p. 90

གུས་ཀྱིས་གསོལ་འདེབས་སྔ་ནས་རྒྱུན་དུ་བརྩོན་པར་མཛད་ཅིང་རྒྱལ་བ་དེ་ཉིད་ཀྱི་སྒྲུབ་ཐབས་འདི་ལྟ་བུ་ཞིག་བསྐུལ་བ་ལ་བརྟེན་ནས། རིག་འདུས་མ་ཧཱ་གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་བློ་བྲལ་ཨ་ཏིའི་རྣལ་འབྱོར་བ་དཔའ་བོ་ལས་རབ་རྩལ་གྱིས་རྒྱལ་ཁབ་ཆེན་པོའི་ཕོ་བྲང་བཀྲ་ཤིས་ཆོས་རྫོང་གི་དབུ་རྩེའི་གཟིམ་ཆུང་ནས་འཕྲལ་དུ་བཀོད་པའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་པ་དགེའོ།། །།

བྱིན་རླབས་ཡོངས་འདུས་ཀྱི་ཚོགས་བསྡུས། འབད་མེད་གཞི་གྲོལ།

p. 91

༄༅། །ཚོགས་ཀྱི་དམ་རྫས་ཤ་ཆང་སོགས་ལ་ཕུད་གཙང་དང་སྨན་རཀྟས་བྲན། རཾ་ཡཾ་ཁཾཿༀ་ཨཱཿཧཱུྃ༔ རང་བྱུང་བྷནྡྷ་ཤ་ལྔ་བདུད་རྩི་ལྔ། །ཚོགས་ཀྱི་དམ་རྫས་སྦྱངས་སྤེལ་བདུད་རྩིར་གྱུར། །རང་བཞིན་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །བདེ་གཤེགས་ཞི་ཁྲོ་མཆོད་སྦྱིན་འདུ་བར་བྱོན། །ཨོ་རྒྱན་ཆེན་པོ་རིག་འཛིན་བརྒྱུད་པར་བཅས། །ཐབས་ཤེས་བཟའ་བཏུང་ཕྱི་ནང་གསང་མཆོད་འབུལ། །ཐོག་མེད་ནས་བསགས་ལས་ཉོན་སྡིག་སྒྲིབ་ཀུན། །མཐོལ་ལོ་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ། །མ་རིག་བདག་འཛིན་རཱུ་ཏྲ་དམ་སྲིའི་དཔུང་། །ཡེ་ཤེས་མཚོན་ཆས་བསྒྲལ་ནས་ལྷ་ལ་མཆོད། །ཚོགས་ཀྱི་ལྷག་མ་འདོད་རྒུའི་ཡོ་བྱད་སྤེལ། །དྲེགས་པ་ཕོ་མོར་འབུལ་ལོ་ཕྲིན་ལས་མཛོད། །གུ་རུ་དེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་གྷ་ན་ཙཀྲ་པཱུ་ཙ་ཧོ། ཨེ་དཾ་བྷ་ལིངྟ་ཁཱ་ཧི་སརྦ་སིདྡྷི་མེ་པྲ་ཡཙྪན་ཏུ། ཞེས་པ་འདི་ཡང་ཉི་མའི་ངོར་འབད་མེད་གཞི་གྲོལ་བས་སོ། །དགེའོ།། །།

བྱིན་རླབས་བཙན་ཐབས་སུ་འབེབས་པའི་མན་ངག་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་བསྐུལ་ཆོག

p. 92
p. 93

࿅༔ བྱིན་རླབས་བཙན་ཐབས་སུ་འབེབས་པའི་མན་ངག་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་བསྐུལ་ཆོག་བཞུགས༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ སྐལ་ལྡན་ལས་ཅན་གྱི་སྐྱེས་བུ་ལ༔ བྱིན་རླབས་བཙན་ཐབས་སུ་འབེབས་པའི་ཨུ་པ་དེ་ཤ་ནི༔ དེ་ཡང་དམ་ཚིག་དང་ལྡན་པའི་གང་ཟག་གི་ལྕེ་ལ་ཨ་མྲྀ་ཏ་མྱོང་༔ རང་དོན་དུ་རང་དང་དབང་དུས་སུ་སློབ་མ་པདྨ་ཐོད་ཕྲེང་དུ་བསྐྱེད་ལ༔ སྙིང་གར་གཡུང་དྲུང་དམར་པོ་དང་དེའི་གྲྭ་བཞིར་ཧ་རི་ནི་ས་དབུས་སུ་ཧཱུྃ༔ གཡུང་དྲུང་གཡས་དང་ཧ་རི་ནི་ས་གཡོན་དུ་འཁོར་བ་ལ་ཤེས་པ་གཏད༔ དེ་ལས་འོད་ཟེར་འཕྲོས་པས་རྩ་གསུམ་རྒྱ་མཚོའི་ཚོགས་དང་༔ རྔ་ཡབ་གླིང་ནས་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་ཆར་ལྟར་བབས་ནས་བསྐྱེད་པའི་སྐུ་ལ་ཐིམ་པར་བསམས་ཤིང་༔ ཧ་རི་ནི་ས་ཧཱུྃ་གི་སྦྱོར་བས་བྱིན་དབབ་ཅིང་༔ བླ་མས་འདི་སྐད་ཅེས་བྱིན་བསྐུལ་ལོ༔ ཧཱུྃ་ཧཱུྃ་ཧཱུྃ། རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ། །ཁྱད་པར་ཐུགས་རྗེས་བོད་ཀྱི་སེམས་ཅན་གཟིགས། །ལས་ངན་སྤྱད་པའི་རྣམ་སྨིན་གྱིས་མནར་བའི། །བདག་སོགས་རྗེས་འཇུག་རྗེས་འབྲང་སློབ་བུ་རྣམས། །ཐུགས་རྗེས་འདོར་རམ་མ་ཧཱ་གུ་རུ་རྗེ། །ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་མངའ་བ་ན། །ཡེ་སངས་རྒྱས་པའི་དགོས་པ་ཅི་ཞིག་མཆིས། །བདག་ཅག་དུས་འདིར་གདུང་བས་མཆི་མ་

p. 94

འཁྲུགས། །གསོལ་འདེབས་ང་རོས་འབོད་པ་ཅུང་གསན་ནམ། །ཡིད་ནི་རྩེ་གཅིག་ཁྱེད་ཀྱི་ཡོན་ཏན་དྲན། །ཕ་ཡི་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ། །བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ། །ལུས་ལ་བདེ་བ་སྤོོར་ཅིག་མཁའ་འགྲོའི་ཚོགས། །ངག་ལ་ནུས་པ་སྐྱེད་ཅིག་ཡི་དམ་ལྷ། །སེམས་ལ་རྟོགས་པ་སྤོར་ཅིག་གུ་རུ་རྗེ། །འདིར་ཚོགས་མོས་པའི་བུ་ལ་བྱིན་གྱིས་རློབས། །ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག །ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག །སེམས་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཕོབ་ཅིག །ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག །ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿགཞན་ཡང་རྩ་གསུམ་གང་ཡིན་གྱི་དབང་དུས་སུ་ཡང་ཡང་བསྐྱར་བས་བྱིན་རླབས་ལྷག་པར་མྱུར་རོ༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དུ་བྱས་ན་གོང་དུ་སྨྲོས་པའི་ཡོན་ཏན་དེ་དག་ཐོགས་མེད་དུ་འབྱུང་༔ ཉམས་རྟོགས་དང་བྱིན་རླབས་འཕྲལ་དུ་འཕེལ༔ བྱིན་རླབས་ཐོབ་དངོས་གྲུབ་བརྙེས་བར་ཆད་ཐམས་ཅད་ཞི་བར་གདོན་མི་ཟའོ༔ ༈ གབ་ཡིག་ནི། ཨ་མྲྀ་ཏ་བཏབ་པའི་ཆང་བཏུང་།

p. 95

རིག་པ་བརྟུལ་ཞུགས་ཀྱི་ངར་ཕྱུང་། ཐོད་རྔ་རྐང་གླིང་སོགས་རོལ་མོ་སྣ་ཚོགས་བསྒྲགབདུད་རྩི་ལྔ་དང་དྲི་བཟང་སྣ་ཚོགས་བདུགརྟོག་པ་སྣ་ཚོགས་མི་སྐྱེ་བར་སྒོ་གསུམ་ཤུགས་འབྱུང་འགག་མེད་ཀྱི་སྤྱོད་པ་སྐྱོང་། གླུ་གར་བྲོ་དང་སྟངས་སྟབས་བྱའོ། །རྒྱུན་དུ་འདི་ལྟར་མ་གྲུབ་ཀྱང་རུང་། དངོས་གྲུབ་ལེན་པ་དང་། བར་ཆད་འདུལ་བ་དང་། རང་གཞན་བྱིན་གྱིས་བརླབ་པ་དང་། ཕྲིན་ལས་སྒྲུབ་པའི་དུས་ཁྱད་པར་ཅན་རྣམས་སུ་བྱའོ། །མཐར་གཞན་དོན་དབང་བསྐུར་དུས་ཡིན་ན་སློབ་མ་ལ་རང་རིག་ཀ་དག་གི་ཡེ་ཤེས་གདོད་མ་ནས་པདྨ་འབྱུང་གནས་རང་ལ་བཞུགས་པ་འདི་ཉིད་ལས་གཞན་དུ་བཙལ་ཞིང་བསྒྲུབ་ཏུ་མེད་པ་ངོ་སྤྲད་དོ། །བདག་དོན་དུ་ཡིན་ན་མ་བཅོས་ཀློང་ཡངས་བཏང་བཞག་འགྲོ་འོང་བྲལ་བའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་དགོངས་པ་བསྐྱང་ངོ་།། །།

ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་ཀྱི་དབང་བཞི་བྱིན་རླབས་ལམ་བཟང་།

p. 96
p. 97

༄༅། །ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྒྲུབ་ཐབས་བྱིན་རླབས་ཡོངས་འདུས་ཀྱི་དབང་བཞི་བྱིན་རླབས་ལམ་བཟང་བཞུགས་སོ། །བླ་མ་དང་གུ་རུ་པདྨ་འབྱུང་གནས་དབྱེར་མེད་པ་ལ་ཕྱག་འཚལ་ལོ་བྱིན་གྱིས་བརླབ་ཏུ་གསོལ། རིག་འཛིན་བླ་མའི་བྱིན་རླབས་ཀྱི་སྒོ་འབྱེད་པ་དབང་གི་རིམ་པ་ནི། བཀྲ་ཤིས་བྱིན་ཆགས་དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་བཀོད་ཅིང་། དབུས་སུ་བུམ་པ་རྫས་ལྡན། གཡས་སུ་རྡོ་རྗེ་རྩེ་ལྔ་བ་དར་གྱི་ཅོད་པན་ཅན། གཡོན་དུ་བྷནྡྷ་ཆང་གི་ཉིང་ཁུར་ཨ་མྲྀ་ཏའི་ཕབས་རྒྱུན་བཏབ་པ། མདུན་དུ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་མེ་ལོང་མན་ཤེལ། རྒྱབ་ཏུ་དབང་གཏོར། མཆོད་གཏོར་དང་མཆོད་པའི་ཡོ་བྱད་རྣམས་བཟང་དུ་བཤམས། བདག་མདུན་བུམ་པ་ཅིག་ཅར་དུ་བསྐྱེད་བཟླས་བྱ། མཐར་མཆོད་བསྟོད་དང་དབང་བཞི་བླང་ཞིང་ལས་བུམ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བཞུ་བཏུལ་བྱ། སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་ཅི་རིགས་པ་བརྗོད་ཅིང་མཎྜལ་ཕུལ། གསོལ་བ་འདི་ལྟར་གདབ། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན། །སྲིད་པའི་དྲྭ་བ་ཀུན་གཅོད་པའི། །རིག་འཛིན་པདྨ་འབྱུང་གནས་ཀྱི། །དབང་དང་བྱིན་རླབས་དངོས་གྲུབ་རྣམས། །དུས་འདིར་བདག་ལ་བསྩལ་དུ་གསོལ། །གསུམ། ལན་དུ། རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཨོ་རྒྱན་ཆེན་པོའི་སྨིན་གྲོལ་སྦྱིན། །ལམ་དུས་དམ་ཚིག་བརྟེན་དགོས་པས། །མི་ཉམས་ཚུལ་བཞིན་བསྲུང་

p. 98

དགོས་སོ། །དེ་ནས་སྐྱབས་སེམས་དང་ཡན་ལག་བདུན་པ་བྱ། དམ་ཚིག་གི་ཆུ་སྦྱིན་ཞིང་། ཉོན་མོངས་སྤངས་པའི་ཉན་རང་དང་། །ཉེས་སྒྲིབ་སྦྱོང་བྱེད་བྱང་ཆུབ་སེམས། །ལམ་ཁྱེར་ཟབ་མོ་གསང་བ་སྔགས། །ཡུལ་དང་དུས་སུ་བསྟུན་པ་ཡི། ཐབས་ལ་མཁས་པས་ཚུལ་བཞིན་སྤྱོད། །འབྲས་བུ་ཡང་དག་དོན་གཉིས་འགྲུབ། །བཛྲ་ས་མ་ཡ་ཧཱུྃ། ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ། དེ་ནས་བུམ་པ་ཐོགས་ལ། ཧཱུྃ། བུམ་པ་བདེ་ཆེན་ཕོ་བྲང་ནས། །བུམ་བཅུད་གུ་རུ་པདྨ་བཞུགས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་འཐིབས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྣང་སྟོང་འགྱུར་བ་མེད་པ་ཡི། །རྡོ་རྗེའི་སྐུ་རུ་འགྱུར་བར་ཤོག །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བྷནྡྷ་བདུད་རྩི་ངག་ཏུ་སྦྱིན། ཧཱུྃ། རྩ་ཁམས་རྣམ་པར་དག་པའི་ཞིང་། །གདོད་ནས་ཐམས་ཅད་ལྷ་སྔགས་དང་། །པད་འབྱུང་གསུང་གི་ངོ་བོ་ཉིད། །སྐལ་ལྡན་ངག་ལ་དབང་བསྐུར་བས། །རླུང་སྔགས་ཟུང་འཇུག་ནུས་པ་རྫོགས། །རྡོ་རྗེའི་གསུང་དུ་འགྱུར་བར་ཤོག །རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ། སངས་རྒྱས་ཐུགས་ཀྱི་བདག་ཉིད་མཆོག །ཁྱབ་བདག་པདྨ་འབྱུང་

p. 99

གནས་ཀྱི། །ཐུགས་མཆོག་འགྱུར་མེད་ཕྱག་མཚན་འདིས། །ཁམས་གསུམ་ཉོན་མོངས་དུས་གཅིག་འཇོམས། །སྐལ་ལྡན་སེམས་ལ་དབང་བསྐུར་བས། །རྡོ་རྗེ་ལྟ་བུའི་དོན་རྟོགས་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མེ་ལོང་མན་ཤེལ་བཅས་ཐོགས་ལ། ཧཱུྃ། ཀུན་བཟང་པདྨ་འབྱུང་གནས་ནི། །གདོད་ནས་ད་ལྟའི་བར་དག་ཏུ། །འབྲལ་མ་མྱོང་བའི་རང་རིག་ཡིན། །སྤང་བླང་ཐེག་བརྒྱད་ལས་འདས་པའི། །དོན་འདི་རྫོགས་པ་ཆེན་པོ་སྟེ། །རང་སེམས་མ་བཅོས་ངང་དུ་ཞོག །བཅོས་ན་ཡིད་དཔྱོད་ཐེག་པ་ཡིན། །སེམས་ཅན་རྣམས་དང་ཁྱད་མི་ཞུགས། །ངོ་བོ་རང་གསལ་རྗེན་པར་ལྟོས། །པད་འབྱུང་དགོངས་པ་འདི་ལ་ཟེར། །ཆོས་ཉིད་ཡེ་ཤེས་དགོངས་པ་ལ། །ཆོས་ཅན་དཔེ་ཡིས་མི་མཚོན་ཀྱང་། །རྒྱལ་བ་ཐབས་ལ་མཁས་པ་ཡིས། །སེམས་ཉིད་མཐའ་བཞི་བྲལ་བ་ནི། །མེ་ལོང་ཀུན་ཟླུམ་ཐིག་ལེའི་དཔེ། །སེམས་ཉིད་སྐུགསུམ་རྫོགས་པའི་བརྡར། །རང་བྱུང་ཤེལ་གྱི་མཆོད་རྟེན་འདི། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཏེ། །ངོ་བོ་སྟོང་ཞིང་རང་བཞིན་གསལ། །རང་

p. 100

མདངས་ཐུགས་རྗེ་འགག་པ་མེད། །ངང་དེར་གནས་ན་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་བཙལ་བ་ན། །རྙེད་པར་མི་འགྱུར་ཨ་ཐང་ཆད། །རང་རིག་རང་དང་འབྲལ་མེད་ལ། །རང་ངོ་ཤེས་བཞིན་མིི་སྐྱོང་བར། །སྒོམ་ཞེས་གཞན་བཙལ་ཡིད་དཔྱོད་པ། །རྨོངས་པའི་ལམ་དེས་སྒྲིབ་རྒྱུན་འཕེལ། །སྲིད་ལས་རྣམ་པར་གྲོལ་བ་ཡི། །ཡེ་ཤེས་ཆེན་པོའི་དབང་ཐོབ་ཤོག །དྷརྨ་དྷརྟུཨ་བྷི་ཥིཉྩ་ཨ་ཨ། གཏོར་མ་ཐོགས་ལ། ཧཱུྃ། དམ་ལྡན་རྡོ་རྗེའི་སློབ་མ་ལ། །ཀུན་བཟང་རྡོར་སེམས་དགའ་རབ་ཞབས། །དགོངས་བརྒྱུད་བླ་མས་བྱིན་གྱིས་རློབས། །རིག་འཛིན་ཤྲཱི་སིང་པདྨ་འབྱུང་། །བརྡ་བརྒྱུད་བླ་མས་བྱིན་གྱིས་རློབས། །མཚོ་རྒྱལ་བཻ་རོ་རྗེ་འབངས་སོགས། །སྙན་བརྒྱུད་བླ་མས་བྱིན་གྱིས་རློབས། །ཟབ་གཏེར་མངའ་བདག་བརྒྱུད་པར་བཅས། །བཀའ་བབ་བླ་མས་བྱིན་གྱིས་རློབས། །བསྐྱེད་རིམ་བུམ་དབང་ཐོབ་པར་ཤོག །ངག་ལ་གསང་དབང་ཐོབ་པར་ཤོག །སེམས་ལ་ཤེར་དབང་ཐོབ་པར་ཤོག །རྫོགས་རིམ་ཚིག་དབང་ཐོབ་པར་ཤོག །རང་རྒྱུད་སྨིན་ཅིང་གྲོལ་

p. 101

བར་ཤོག །གཞན་དོན་ཕྲིན་ལས་མཐར་ཕྱིན་ཤོག །རྩ་སྔགས། བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཤིས་པ་བརྗོད་དམ་ཚིག་ཁས་བླངས་མཎྜལ་ཡོན་འབུལ་དགེ་བ་བསྔོ་བ་སོགས་སྤྱི་ཁྱབ་ལྟར་བྱ། ཁོ་བོའི་གཏེར་ཁ་གསར་རྙིང་གི་ཐུགས་སྒྲུབ་ཀྱི་དབང་བཞི་མང་དུ་མནོས་པའི་བྱིན་རླབས་འདིར་རྫོགས་པར་བྱས་པའོ། །ཞེས་པ་འདི་ཡང་ས་སྐྱོང་རྒྱལ་པོའི་དབུ་བླ་ངག་དབང་ཆོས་འབྱོར་གྱི་གསུང་གིས་བསྐུལ་ངོར་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་སོ། །མངྒ་ལཾ།། །།

ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་གསང་སྒྲུབ་ཕོ་མོ་ཟས་ནོར་འགུགས་བྱེད།

p. 102
p. 103

࿅༔ ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་གསང་སྒྲུབ་ཕོ་མོ་ཟས་ནོར་འགུགས་བྱེད་བཞུགས་སོ༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བདག་འདྲ་དཔའ་བོ་ལས་རབ་ཀྱི༔ ཚེ་ཕྱེད་ཐོས་བསམ་བསྒོམ་ལ་ཟད༔ ད་ལྟའི་དུས་ན་ཉམས་ལེན་བདེ༔ ཨོ་རྒྱན་ཐུགས་བཅུད་བརྒྱ་རྩ་མཇལ༔ ཁྱད་འཕགས་མན་ངག་བཅུ་གསུམ་ཤེས༔ བན་དྷེ་ཁར་ཉན་ཉམ་ཆུང་དོན༔ གསང་སྒྲུབ་ཕོ་མོ་ཟས་ནོར་རྣམས༔ འགུགས་བྱེད་ཌཱཀྐིའི་ལག་སྒུལ་འདི༔ ཡང་ཟབ་སྤྱི་འདུས་ལས་མཐར་བཀོད༔ བླ་སྒྲུབ་ཀུན་ལ་སྦྱར་དུ་རུང་༔ རང་ཉིད་གུ་རུ་གསལ་བ་ཡི༔ མགྲིན་པར་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་པད་སྡོང་ལྕགས་སྒྲོག་བསྣམས༔ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་མཚན༔ སྔགས་ཕྲེང་བསྐོར་ཞིང་འཕྲོ་འདུ་བསྒྱུར༔ འོད་དམར་ཟེར་ཞགས་སྣང་སྲིད་ཁྱབ༔ གང་འདོད་རང་དབང་མེད་པར་བཀུག༔ བདག་ལ་ཆར་ལྟར་བབས་པར་བསམ༔ གསང་སྔགས་འདི་ཉིད་དྲག་ཏུ་བཟླ༔ ༀ་ཨཱཿཧཱུྃ༔ པདྨ་གུ་རུ་ཐོད་ཕྲེང་རྩལ་པདྨ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ མ་ཧ་རི་ནི་ས་ཧཱུྃ་ཧྲིང་ཧྲིང་ཛཿཛཿནྲྀ་ཨ་ཀ་ཡ་ཛཿཛཿམ་མ་ཁ་ཤི་ཁ་ཤི་མི་སྙིང་སྒུལ་སྒུལ་མི་འགྲམ་ཆོག་ཆོག༔ མི་ལག་སྒུལ་སྒུལ༔ ཛ་ཡ་ཛ་ཡ༔ ཛུ་ཡ་ཛུ་ཡ༔ ཁུག་ཛཿཁུག་ཛཿབྲེང་ཛཿབྲེང་ཛཿཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་མི་ནོར་ཟས་གསུམ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བནྡེ་བླ་ཆང་འཇིག་རྟེན་གྱི༔

p. 104

འགུགས་སྔགས་འདོན་ཅིང་དངོས་གྲུབ་འདོད༔ དངོས་གྲུབ་བས་ཀྱང་བར་ཆད་མང་༔ ཡོན་ཏན་བས་ཀྱང་སྐྱོན་གྱི་ཆེ༔ འདི་ནི་གུ་རུའི་གསང་སྒྲུབ་སྟེ༔ བཀྲ་ཤིས་མཐའ་བཙན་བྱིན་རླབས་མྱུར༔ འདི་བསྙེན་འབད་པའི་སྐྱེས་བུ་ལ༔ དགོས་འདོད་ཆར་ལྟར་མ་བབས་ན༔ ཁྱད་ཆོས་བཅུ་གསུམ་ཤེས་པ་རྫུན༔ དེ་ཕྱིར་རབ་ཏུ་གསང་བར་བྱ༔ ཁྱད་པར་གསང་སྔགས་ནི༔ ཧཱུྃ་ར་ཙ་ཧྲཱིཿཡ་མོ་རྒྱུད་ཉི་མ་བྲེང་བྲེང་༔ མ་ཧ་རི་ནི་ས་ཕོ་རྒྱུད་ཟླ་བ་ལྷང་ལྷང་༔ ཙག་ཙག༔ ཁོལ་ཁོལ༔ མཁའ་ལ་སྐོར༔ མཁའ་ལ་གཡུག༔ ས་ལ་ཕོབ༔ ས་ལ་རྡོབ༔ རྩི་བཅུད་དྭངས་མ་ཉི་ལི་ལི༔ ལུས་བཅུད་དྭངས་མ་ན་ར་ར༔ ཡེར་ཡེར་འདུས་འདུས་ཛཿཛཿའདི་བཟླས་ཕོ་མོ་འཕར་ཞིང་གཡོ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

བླ་མ་སྤྲུལ་སྐུ་ལ་བརྟེན་པའི་འཕོ་ལུང་ཐུགས་རྗེའི་ལྕགས་ཀྱུ།

p. 105

࿅༔ བླ་མ་སྤྲུལ་སྐུ་ལ་བརྟེན་པའི་འཕོ་ལུང་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ རྗེ་ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད༔ བདུད་རྒན་ང་ཡི་གསང་ཚིག་འདི༔ སྡིག་ཅན་བཙན་ཐབས་འཚང་རྒྱའི་ཐབས༔ ཡེངས་ཤོར་མ་བསྒོམས་མྱུར་ལམ་མཆོག༔ གསོན་དུས་རང་ཡིད་ཆས་པར་སྦྱོངས༔ དེ་ནས་མ་བརྗེད་ཙམ་དུ་བྱ༔ འཆི་ཁ་མ་ཡི་དུས་ཀྱི་ཚེ༔ རང་ངམ་གྲོགས་ལ་བརྟེན་ནས་ནི༔ སྐལ་བཟང་མ་བསྒོམས་སངས་རྒྱས་འགྲུབ༔ དབེན་པར་སྐྱིལ་མོ་ཀྲུང་གིས་འདུག༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས༔ རང་མདུན་གྱི་ནམ་མཁར་འཇའ་གུར་དབུས༔ སྐྱབས་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་༔ སྐུ་ཕོད་ཁ་ཆོས་གོས་ཟ་བེར་གསོལ༔ ཞལ་དཀར་དམར་མཛེས་འཛུམ་མཚན་དཔེར་ལྡན༔ དབུ་པད་ཞྭ་རྒོད་ལྡེམ་དར་སྣས་བརྒྱན༔ ཕྱག་གཡས་པ་མཆོག་སྦྱིན་ཕྱག་རྒྱ་ལ༔ གཡོན་མི་འཇིགས་སྐྱབས་སྦྱིན་ཐུགས་ཀར་མཛད༔ གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ ཞབས་བཟང་པོའི་བཞུགས་སྟངས་རྣམ་པར་བཞུགས༔ འཁོར་རིག་འཛིན་དཔའ་བོ་མཁའ་འགྲོས་བསྐོར༔ རང་སྤྱི་བོར་རྒྱ་མཐོངས་ཁ་ཕྱེས་བཞིན༔ སྙིང་པདྨ་འདབ་བརྒྱད་གྱེས་པའི་དབུས༔ སེམས་ཕྱོགས་མདོག་ཐིག་ལེ་འོད་ལྔར་ལྡན༔ དེ་སྣུམ་ཞིང་འདྲིལ་ལ་འཕུར་ལ་ཁད༔

p. 106

སེམས་ངེས་འབྱུང་སྐྱོ་ཤས་དྲག་པོ་ཡིས༔ ངག་འོ་དོད་འབོད་པའི་གདུང་ཤུགས་ཀྱིས༔ ད་མཁའ་སྤྱོད་ཞིང་དུ་འགྲོ་ལ་མོས༔ གནས་ངན་སོང་འདི་ལ་འཇིགས་འཇིགས་ནས༔ རྗེ་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་དག་པའི་ཞིང་དུ་སྐྱེ་བར་ཤོག༔ གྲོགས་འཁོར་བ་འདི་ལ་སུན་སུན་ནས༔ རྗེ་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ལས་ཉོན་མོངས་འདི་ལ་སྐྲག་སྐྲག་ནས༔ རྗེ་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ལར་གང་ལ་བསམས་ཀྱང་སྡུག་བསྔལ་རྒྱུ༔ རྗེ་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ལས་ཇི་ལྟར་བྱས་པ་འཁྲུལ་སྣང་ཉིད༔ རྗེ་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས༔ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ གནས་དག་པའི་ཞིང་དུ་སྐྱེ་བར་ཤོག༔ སེམས་

p. 107

རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ མགོན་པད་འབྱུང་ཐུགས་ཀའི་འོད་ཀྱི་ཟེར༔ མདངས་ལྔ་ལྡན་ལྕགས་ཀྱུས་བཏབ་ཅིང་དྲོངས༔ གནས་འོག་རླུང་ཡར་འདྲེན་ཤུགས་ཀྱིས་བསྐྱོད༔ སེམས་ཐིག་ལེ་ཨོ་རྒྱན་ཐུགས་ཀར་ཐིམ༔ རྗེ་བླ་མའི་ཐུགས་དང་དབྱེར་མེད་ཤོག༔ ངག་ཧིཀ་གི་སྒྲ་ཡིས་ཡང་ཡང་བསྐུལ༔ མཐར་ཐུན་མཇུག་བླ་མ་རང་ལ་བསྟིམ༔ དུས་འཆི་ཁ་མ་ལ་སླེབས་པའི་ཚེ༔ སེམས་བླ་མའི་ཐུགས་ཀར་འཕངས་ནས་སུ༔ སངས་རྒྱས་ཐབས་མ་བཅོས་ངང་དུ་གློད༔ དོན་ཟབ་མོ་བདུད་རྒན་ང་ཡིས་བསྟན༔ འདི་ཐར་ལམ་འདོད་ན་ཉམས་སུ་ལོངས༔ དཔེ་མེད་ཀྱི་གདམས་པ་ངོ་མཚར་ཆེ༔ ཞེས་ཕྲིན་ལས་ཀྱིས་སྨྲས༔ མངྒ་ལཾ༔

ཟངས་མདོག་དཔལ་རིའི་སྨོན་ལམ།

p. 108
p. 109

࿅༔ ཟངས་མདོག་དཔལ་རིའི་སྨོན་ལམ་བཞུགས་སོ༔ ཧྲཱིཿ ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ འོག་མིན་རབ་འབྱམས་ཞིང་བཀོད་པདྨ་འོད༔ ངོ་མཚར་འཕྲུལ་གྱིས་ཡོངས་སུ་བརྒྱན་པའི་གནས༔ ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔ སྐུ་གསུམ་ཞིང་ཁམས་རྒྱལ་བ་འབྱམས་སུ་ཀླས༔ དེ་དབུས་རིགས་ཀྱི་གཙོ་བོ་པདྨ་འབྱུང་༔ ཞི་ཁྲོའི་རྣམ་རོལ་གདུལ་བྱར་ཅིར་ཡང་སྣང་༔ རིག་འཛིན་མཆོག་དེའི་དྲུང་དུ་སྐྱེ་བར་ཤོག༔ བདག་གིས་ངོ་ཤེས་བཞིན་དུ་དད་བརྟེན་ཅིང་༔ གུ་རུས་ལུང་བསྟན་དབང་བསྐུར་དབུགས་དབྱུང་སྟེ༔ རིག་འཛིན་རྣམ་བཞིའི་བགྲོད་པ་མྱུར་ཐོབ་ནས༔ མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག༔ འགྲོ་བའི་མགོན་པོ་ཨོ་རྒྱན་རིན་པོ་ཆེ༔ ཞིང་ཁམས་གནས་མཆོག་གང་ན་བཞུགས་གྱུར་ཀྱང་༔ ཐུགས་རྗེ་མྱུར་མགྱོགས་ལྡན་པའི་ལྕགས་ཀྱུ་ཡིས༔ བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་རྣམས༔ འཁོར་བའི་ཆུ་བོ་ཆེ་ལས་མྱུརབསྒྲལ་ནས༔ ཨོ་རྒྱན་མཁའ་སྤྱོད་གནས་སུ་དྲང་དུ་གསོལ༔ ཞེས་པའང་རྔ་ཡབ་ཟངས་མདོག་དཔལ་རིའི་

p. 110

ཞིང་ཁམས་སུ་སྐྱེ་བའི་རྟེན་འབྲེལ་དུ་ཡོད་པ་དེའི་རྐྱེན་གྱིས་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔

ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་མཚན་བརྒྱད་ཀྱི་སྒོས་སྒྲུབ་རྣམས་ནས་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས།

p. 111

༄༅། །ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས། གུ་རུ་མཚན་བརྒྱད་ཀྱི་སྒོས་སྒྲུབ་རྣམས་ནས་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་བཞུགས།

p. 112

ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ། བྱིན་རླབས་འབྱུང་བ་བླ་མའི་སྒྲུབ་ཐབས་ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་གྱི་གཅེས་གནད་མཚན་བརྒྱད་སྒོས་སྒྲུབ་ཀྱི་རིམ་པ་རྣམས་ནི་ཐོག་མར་ཡོ་བྱད་དགོས་རྫས་སྟ་གོན་དང་། ཆོ་ག་སྤྱིའི་ཆིངས་ཐམས་ཅད་གུ་རུ་སྣང་སྲིད་ཟིལ་གནོན་ལྟར་སོར་བཞག་ལ། སྒེར་ཆོས་བྱེ་བྲག་པ་རྣམས་འདི་ལྟར་འབྱིན་འཇུག་བྱེད་རྒྱུའི་ཐོག་མར་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་ནི། ཧྲཱིཿ བྱ་བྲལ་སེམས་ཉིད་པདྨ་འབྱུང་གནས་ནི། །སྐུ་མདོག་མཐིང་གསལ་ཁྲོ་འཛུམ་ཞི་བའི་ཞལ། །གཅེར་བུ་རུས་རྒྱན་སྟག་ཤམ་གཟི་འོད་འབར། །རིན་ཆེན་པྲོག་ཞུ་རྒྱན་ཆ་དར་དཔྱངས་འཕྱོ། །ཕྱག་གཡས་རྡོ་རྗེ་གཡོན་པ་སྡིགས་མཛུབ་མཛད། །ལྷ་ལྕམ་དཀར་མོ་

p. 113

གྲི་ཐོད་འཛིན་པས་འཁྲིལ། །པད་ཉི་ཟླ་སྟེང་སྐྱིལ་ཀྲུང་འགྱིང་བག་ཚུལ། །འཇའ་ཐིག་འོད་ཕུང་སྣ་ལྔའི་ཟེར་ཞགས་འཕྲོ། །སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་སོགས་གཞུང་ལྟར་ལ། སྤྱན་འདྲེན་གྱི་སྐབས། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །དཔལ་ལྡན་ནུབ་ཕྱོགས་ཨོ་རྒྱན་ཡུལ། །དྷཱ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་

p. 114

གཤེགས་སུ་གསོལ། །རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང་། །བག་དྲོ་ལྷུན་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པས་ས་དང་བར་སྣང་གང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །བསྟོད་པ་ལ། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཁྱད་པར། སྲིན་པོའི་ཡུལ་བྱོན་རྔ་ཡབ་གླིང་དུ་བཞུགས། །ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་འདུལ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །ཐེག་དགུ་སྟོབས་སྤྱོད་ལྷོ་ནུབ་པདྨ་རུ། །སྲིན་པོའི་ཁ་གནོན་པདྨ་འབྱུང་གནས་སྤྲུལ། །འཁོར་དུ་རིན་ཆེན་དཔའ་བོ་གིང་གིས་བསྐོར། །ལམ་ལྔ་ས་བཅུ་བགྲོད་མེད་དཀྱིལ་ན་བཞུགས། །པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད། །བླ་མའི་འཁོར་ཚོགས་ཌཱ་ཀི་གིང་གི་

p. 115

ཚོགས། །ཆོས་སྐྱོང་སྒོ་བ་བཞི་དང་སྒོ་མ་བཞི། །མ་མོ་མཁའ་འགྲོས་ཕྱི་ནང་བར་ཆད་སྲུང་། །བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་དང་། སྲོག་སྔགས་ནི། ༀ་ཨཱཿཧཱུྃ་བཛྲ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ནན་ཏན་གྱིས་བཟླའོ།། །།

གུ་རུ་པདྨ་སཾ་བྷ་ཝའི་སྒྲུབ་ཐབས།

p. 116
p. 117

༄༅། །དེ་ནས་གུ་རུ་པདྨ་སཾ་བྷ་ཝའི་སྒྲུབ་ཐབས་ནི། བསྐྱེད་རིམ་ལ། ཧྲཱིཿ བྱ་བྲལ་སེམས་ཉིད་པདྨ་སཾ་བྷ་ཝ། །སྐུ་མདོག་དཀར་སྨུག་གཞོན་ཚུལ་ཞི་ཉམས་ལྡན། །ཕྱག་གཡས་ཐོད་པ་གཡོན་པ་སྐྱབས་སྦྱིན་མཛད། །རབ་བྱུང་ཆ་ལུགས་པཎ་ཞུ་མཛེས་པ་དང་། །ཆོས་གོས་གསུམ་ལྡན་པད་ཟླར་སྐྱིལ་ཀྲུང་བཞུགས། །འཇའ་ཐིག་འོད་ཕུང་འོད་ལྔའི་ཟེར་ཞགས་འཕྲོ། །སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་སོགས་དཀྱུས་ལྟར་དང་། སྤྱན་འདྲེན་སྐབས། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །དེ་ཉིད་བསིལ་ཚལ་དུར་ཁྲོད་དུ། །ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས། །གུ་རུ་པདྨ་སཾ་བྷ་ཞེས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང་། །བག་དྲོ་ལྷུན་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པས་ས་དང་བར་

p. 118

སྣང་གང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཟ་ཧོར་ཡུལ་བྱོན་མ་ག་དྷ་རུ་བཞུགས། །བསིལ་བའི་ཚལ་དུ་བམ་རོའི་སྒྲུབ་པ་མཛད། །སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལ། །པདྨ་སམ་བྷའི་སྐུ་ལ་ཕྱག་འཚལ་བསྟོད། །རྒྱ་མཚོར་རྨང་ཟུག་པདྨའི་ནུབ་ཕྱོགས་སུ། །ནམ་མཁའི་ལུས་ཅན་པདྨ་སམ་བྷར་སྤྲུལ། །འཁོར་དུ་པདྨའི་མ་ཚོགས་འཁོར་གྱིས་བསྐོར། །རྫུ་འཕྲུལ་འདོད་དགུ་སྟོབས་ལྡན་དཀྱིལ་ན་བཞུགས། །པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད། །འཛབ་ཀྱི་སྙིང་པོ་ནི། ༀ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སིདྡྷི་ཧཱུྃཿཞེས་བརྩོན་འགྲུས་དྲག་པོས་བཟླའོ། །ལས་རབ་རྩལ་གྱིས་སོ།། །།

གུ་རུ་ཤཱཀྱ་སེང་གེའི་སྒོས་སྒྲུབ།

p. 119

༄༅། །དེ་ནས་གུ་རུ་ཤཱཀྱ་སེང་གེའི་སྒོས་སྒྲུབ་ནི། ལྷ་བསྐྱེད་སྐབས་ལ། ཧྲཱིཿ བྱ་བྲལ་སེམས་ཉིད་ཤཱཀྱ་སེང་གེ་ནི། །བཙོ་མའི་གསེར་མདོག་ས་གནོན་མཉམ་གཞག་ཅན། །དགེ་སློང་ཆ་ལུགས་ཆོས་གོས་དམར་སེར་གསོལ། །གཙུག་ཏོར་ལ་སོགས་མཚན་དང་དཔེ་བྱད་ལྡན། །ཞབས་གཉིས་པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །འཇའ་ཐིག་འོད་ཕུང་འོད་ལྔའི་ཟེར་ཞགས་འཕྲོ། །སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ་དང་། སངས་རྒྱས་བྱང་སེམས་སོགས་གཞུང་བཞིན་དང་། སྤྱན་འདྲེན་ལ། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །དེ་ཉིད་ཟ་ཧོར་ཡུལ་དབུས་སུ། །བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེེས། །གུ་རུ་ཤཱཀྱ་སེང་གེ་ཞེས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང་། །བག་དྲོ་ལྷུན་ཆགས་བརྟན་པར་བཞུགས་སུ་

p. 120

གསོལ། །ཕྱི་ཡི་མཆོད་པས་ས་དང་བར་སྣང་གང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །བསྟོད་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལྷུན་གྲུབ་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགས། །བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམ། །འདུལ་ཁྲིམས་ལྡན་པའི་དགེ་སློང་ཆ་ལུགས་འཛིན། །ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད། །རང་བྱུང་ལྷུན་གྲུབ་པདྨའི་ཤར་ཕྱོགས་སུ། །སྤྲུལ་པ་ཡོངས་རྫོགས་ཤཱཀྱ་སེང་གེར་སྤྲུལ། །རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོར། །སྐྱེ་མེད་རྣམ་དག་འོད་གསལ་དཀྱིལ་ན་བཞུགས། །ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོད། །བཟླ་བྱའི་སྙིང་པོ་ནི། ༀ་བཛྲ་གུ་རུ་ཤཱཀྱ་སེང་གེ་པྲ་མ་སརྦ་ཤ་ཏྲུཾ་ཧཱུྃ་ཕཊཿཅེས་བཟླའོ། །༈ དེ་ཡང་རིག་འཛིན་འདུས་པའི་རྩ་རྒྱུད་ལས། ཐམས་ཅད་ལྷུན་གྲུབ་འདོད་པ་ན༔ སློབ་དཔོན་པདྨ་བསྒྲུབ་པར་བྱ༔ མཆོག་གི་

p. 121

དངོས་གྲུབ་སྒྲུབ་འདོད་ན༔ པདྨ་འབྱུང་གནས་བསྒྲུབ་པར་བྱ༔ ཡོན་ཏན་སྣ་ཚོགས་འབྱུང་འདོད་ན༔ པདྨ་སཾ་བྷ་བསྒྲུབ་པར་བྱ༔ རྨོངས་པའི་མུན་པ་ཞི་འདོད་ན༔ ཉི་མ་འོད་ཟེར་བསྒྲུབ་པར་བྱ༔ ལོག་འདྲེན་བདུད་བཞི་འདུལ་བ་ན༔ ཤཱཀྱ་སེང་གེ་བསྒྲུབ་པར་བྱ༔ མུ་སྟེགས་ངན་རྩོད་བཟློག་པ་ན༔ སེང་གེ་སྒྲ་སྒྲོག་བསྒྲུབ་པར་བྱ༔ ཤེས་རབ་བློ་དང་ལྡན་འདོད་ན༔ བློ་ལྡན་མཆོག་སྲེད་བསྒྲུབ་པར་བྱ༔ སྐྱེ་འགྲོ་དབང་དུ་སྡུད་འདོད་ན༔ པདྨ་རྒྱལ་པོ་བསྒྲུབ་པར་བྱ༔ མ་རུངས་དགྲ་བགེགས་ཚར་གཅོད་ན༔ རྡོ་རྗེ་གྲོ་ལོད་བསྒྲུབ་པར་བྱ༔ བསྙེན་ཚད་བདུན་འབུམ་བཟླས་པས་འགྲུབ༔ བསྐྱེད་པ་གསལ་སྟོང་དབྱེར་མེད་ངང་༔ བསྡུ་བ་ༀ་ལ་གནས་པ་ཨཱཿའབྱིན་པ་ཧཱུྃ་ལ་རླུང་གི་བཟླས༔ རྫོགས་རིམ་གསལ་སྟོང་འཛིན་མེད་པ༔ ཆོས་ཉིད་སྤྲོས་བྲལ་ངང་ལ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་གང་འདོད་རིགས་པས་འཕྲུལ་ཏེ་བསྒྲུབས་པས་འདོད་དོན་འགྲུབ་པར་གདོན་མི་ཟའོ༔ དབང་གི་རིམ་པ་ཡང་གཞུང་ལྟར་ལྷ་སྔགས་འབྱིན་འཇུག་བྱས་པས་འགྲུབ་བོ། །ཞེས་དོན་གཉིས་འདོད་པ་འགྲུབ་པའི་སྒོ་ཆེན་པོར་མཐོང་སྟེ་མན་ངག་ཇི་བཞིན་དུ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་རིག་འཛིན་རྒྱ་མཚོའི་རེ་བ་སྐོང་ཕྱིར་བཀོད་པའི་ཡི་གེ་པ་ཡང་བསྐུལ་བ་པོས་བགྱིས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ། སྔར་ཆུ་འབྲུག་ལོར་ངེད་རུ་བའི་ནང་ཆོས་ཁྲིད་སྐབས་རྡོ་རྗེའི་ཀློང་སྒྲོམ་དག་སྣང་གི་ཐོག་མར་ཤོག་འབེབས་གནང་བའི་ཚེ་མཚན་བརྒྱད་གཞན་འདིའི་སྒྲོམ་དུ་འཇུག་དགོས་ཞེས་པའི་ཞལ་ཏ་ཕེབས་བཞིན། རྗེས་སོར་ལྕགས་གླང་ལོར་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་ནང་ལྟར་གནས་མདའ་ནས་རྫོགས་ཆེན་སྙིང་ཐིག་གསར་རྙིང་གཉིས་ཀའི་དབང་ཁྲིད་ལུང་བཅས་ཞིབ་

p. 122

རྒྱས་སུ་བརྩེ་བ་ཆེན་པོས་གནང་སྐབས་བདག་གིས་གསོལ་བ་བཏབ་པ་ལ་བརྟེན་ནས་མཚན་བརྒྱད་སྒོས་སྒྲུབ་རྣམས་བྲིས་སུ་གནང་བཞིན་ཚགས་དམ་པར་བྱས། ལར་རྒྱ་འདིའི་སྐོར་ལ་རྗེ་བླ་མ་རང་གི་ཕྱག་ཏུ་འགྱུར་ཡིག་ཡིན་གསུང་བའི་ཤོག་སེར་ཤོག་དྲིལ་ཞིག་ཀྱང་འདུག་རུང་གནས་དུས་ཀྱི་དབང་དུ་སོང་བ་ཡིན་ནམ་གང་ལྟར་འབེབས་པར་མ་གནང་བར་ཡང་གཏེར་དུ་སོང་ངམ་གསལ་ཁ་མ་དོད། འདི་སྐོར་ཆོས་བདག་བླ་མ་དམ་པ་བསོད་ནམས་ཆོས་བཟང་དང་ངེད་གྲོགས་མཆེད་གསུང་བསྡུར་བྱས་ནས་བཀའ་བསྡུ་མཛད་ཚེ། མཚན་བརྒྱད་ཀྱི་གཞན་ལྔ་པོར་སྒྲུབ་ཕྲིན་རང་རྐང་ཚུགས་པ་རེ་འདུག་གཤིས་ཡང་བསྐྱར་མ་དགོས་ལ། སྒྲུབ་ཐབས་འདི་གསུམ་པོ་ཁོལ་འདོན་བྱས་ནས་འདིར་བསྒྲིགས་པ་ལ་བཅོས་བསླད་སོགས་བྱས་མེད་ངེས་ལགས། དེ་ལྟར་རྩ་བའི་སློབ་མ་རྒན་པོ་རིག་འཛིན་པས་འཆལ་ཚིག་ཏུ་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཛ་ཡནྟུ། །ལས་རབ་རྩལ་གྱིས་སོ།། །།

གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་དགོས་འདོད་ཀུན་འབྱུང་།

p. 123

༄༅། །གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་དགོས་འདོད་ཀུན་འབྱུང་བཞུགས་སོ། །

p. 124

ཕྱོགས་དུས་རྒྱལ་ཀུན་ངོ་བོ་ཉིད། །ཉི་མ་འོད་ཟེར་སྐུ་ལ་འདུད། །དེ་ཉིད་སྒྲུབ་པའི་རིམ་པ་ནི། །ཆོས་ཀྱི་དབང་ཕྱུག་གཏེར་བྱོན་དང་། །རང་གི་འཁྲུལ་སྣང་ཟ་ཟི་ལ། །གུ་རུས་རྗེས་སུ་བཟུང་བར་བསྟན། །ཆུ་བོ་གཉིས་སྦྲེལ་ཚུལ་དུ་བཤད། །ཆོས་དབང་གཏེར་བྱོན་མཚན་བརྒྱད་སྒྲུབ་ཐབས་ལས། རྨོངས་པའི་མུན་སེལ་འགྲོ་འདུལ་ན༔ གུ་རུ་ཉི་མ་འོད་ཟེར་བསྒྲུབ༔ ཅེས་དང་། ཡང་དེ་ཉིད་ལས༔ འགྲོ་བ་མ་ལུས་འདུལ་བའི་ཕྱིར༔ གུ་རུ་སྒྲུབ་པའི་ཐབས་ལ་གསུམ༔ ཞེས་སྦྱོར་དངོས་རྗེས་གསུམ་དུ་བཤད་པ་རྣམས་ཁྲིགས་ཆགས་སུ་བཀོད་པ་ནི། མཁོ་བའི་ཡོ་བྱད་རྣམས་འདུ་བགྱིས་ལ། ཐོག་མར་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ། ཆོས་དབྱིངས་བདེ་ཆེན་ཁྲོ་རྒྱལ་པདྨ་འབྱུང་། །ཡེ་ཤེས་ཁྲོ་ཚོགས་མེ་དཔུང་མཚོན་ཆར་འཁྲིགས། །བགེགས་ཀྱི་སྦྱོར་བ་མ་ལུས་

p. 125

ཕྱིར་དེངས་ཤིག །ཧཱུྃ་བཞིའི་སྔགས་བརྗོད། མཚམས་གཅོད་པ་ནི། ཧཱུྃ། སྐུ་དང་ཞིང་ཁམས་འདུ་འབྲལ་མེད་པའི་ཕྱིར། །ཨོ་རྒྱན་ཆེན་པོའི་ལྷ་སྔགས་ཏིང་འཛིན་གྱིས། །མ་དག་འཁྲུལ་འཛིན་གཉིས་སྣང་འཁོར་བའི་ཆོས། །དག་པ་རབ་འབྱམས་ཀློང་དུ་མཚམས་བཅད་དོ། །ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ། སྐྱབས་སེམས་ནི། ན་མོ་བདེ་གཤེགས་འདུས་པའི་སྐུ། །བླ་མ་རྡོ་རྗེ་འཛིན་པ་ལ། །བདག་སོགས་སེམས་ཅན་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་གཞན་དོན་དུ། །བླ་མའི་རྣལ་འབྱོར་བརྩོན་པར་བྱ། །བདག་གི་སྤྱི་བོར་བླ་མ་གསལ། ཀྱེ་ཀྱེ་བླ་མ་རིན་

p. 126

ཆེན་ལགས། །སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས། །བདག་གི་བསམ་པ་བསྒྲུབ་ཏུ་གསོལ། །བླ་མ་རང་ལ་ཐིམ་པར་གྱུར། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ༀ་པཉྩ་རཀྟ་བྷ་ལིཾ་ཏ་ཧཱུྃ། ༀ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་ཧཱུྃ། ཧཱུྃ། ཆོས་ཉིད་སྤྲོས་བྲལ་སྟོང་གསལ་ངང་། །དེ་ནས་སྐད་ཅིག་དྲན་རྫོགས་ལས། །པད་སྡོང་འོད་དུ་འབར་བའི་སྟེང་། །བདག་ཉིད་ཉི་མ་འོད་ཟེར་སྐུ། །ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ། །སྐུ་མདོག་དམར་གསལ་ཞབས་སྐྱིལ་ཀྲུང་། །གཅེར་བུ་སྟག་ཤམ་རུས་རྒྱན་ཅན། །ཕྱག་གཡས་ཁ་ཾ་རྩེ་གསུམ་གསོར། །ཕྱག་གཡོན་སྡིགས་མཛུབ་ཉི་ཟེར་ཞགས། །རིག་འཛིན་མཁའ་འགྲོ་འཁོར་བཅས་གསལ། །ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར། །ཧཱུྃ། སོ་ས་གླིང་གི་དུར་ཁྲོད་དུ། །འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས། །ཉི་མ་འོད་ཟེར་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་

p. 127

བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་གུ་རུ་སཱུ་པྲ་བྷ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན། ན་མོ་པུ་རུ་ཤ་ཡ་ཨ་ཏི་པུ་ཧོ། ཧཱུྃ། གུ་རུ་ཉི་མ་འོད་ཟེར་ལ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྨན་གཏོར་རཀྟ་བདེ་སྟོང་སོགས། །མཆོད་པ་འབུལ་ལོ་དགྱེས་པར་བཞེས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་སརྦ་པཱུ་ཙ་ཧོ། ཧཱུྃ། སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ། །འགྲོ་བ་མཐའ་དག་ཐུགས་རྗེས་འདུལ། །རྨོངས་པའི་མུན་པ་སེལ་མཛད་པ། །ཉི་མ་འོད་ཟེར་སྐུ་ལ་བསྟོད། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །ཧྲཱིཿཡིག་དམར་སེར་འོད་ཟེར་ལས། །ཡི་གེ་ལྔ་བཅུའི་ཆར་བབས་པས། །འགྲོ་དྲུག་སེམས་ཅན་སྒྲིབ་པ་སྦྱངས། །ཀུན་ཀྱང་བདག་ལ་དད་གྱུར་ནས། །ཁོར་ཡུག་ཏུ་ནི་འཁོད་པ་ལས། །གང་འདུལ་ཆོས་འཁོར་བསྐོར་བསྒོམ་ཞིང་། །གསང་བའི་སྙིང་པོ་འདི་སྐད་བཟླ། །ༀ་བཛྲ་གུ་རུ་སཱུ་སརྦ་དྷརྨཱ་སིདྡྷི་ཧཱུྃ་ཧྲཱིཿཞེས་རྩ་བའི་བསྙེན་པ་འདི་འབུམ་ཕྲག་བདུན་བསྙེན་ཚད་དུ་བཤད་

p. 128

དོ། །རྩ་སྔགས་ཀྱི་མཐར། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥཱནྟ་ཏ་ཐཱ་ག་ཏོ་ཧྱ་བ་དཏྟེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ན་ཡཿཏདྱ་ཐཱཿག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱཿགསེར་གྱིས་བྲིས་ཏེ་འབུམ་དུ་བཀླགཅེས་གསུངས་པ་བཞིན་བྱའོ། །སྐབས་སུ་མཆོད་བསྟོད་བྱ་ཞིང་དངོས་གྲུབ་བསྐུལ་བ་ནི། ཧཱུྃ། སངས་རྒྱས་ཀུན་ལས་འགྲོ་བ་འདུལ་བའི་མཆོག །སྙིགས་མའི་སྐྱབས་མགོན་ཉི་མ་འོད་ཟེར་རྩལ། །བསྐལ་ཞབས་བདག་ཅག་འགྲོ་བ་འདུལ་བ་དང་། །ཟབ་དོན་སྙིང་པོའི་བསྟན་པ་འཛིན་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ད་ལྟ་སྩོལ། །རྩ་སྔགས། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། རྫོགས་རིམ་སྣང་སྲིད་ཡི་གེར་གསལ། །ཡི་གེ་བདག་ལ་བདག་ཉིད་ཧྲཱིཿཧྲཱིཿཉིད་གི་གུ་ཉིད་དུ་རྫོགས། །དེ་ཡང་མཐའ་བྲལ་རྣམ་པར་དག །ན་མོ། བླ་མ་བསྒྲུབས་ལ་སོགས། །དུས་གསུམ་བདག་གིས་ཚོགས་བསགས་མཐུས། །ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་། །བདག་སོགས་བླ་མེད་འབྲས་ཐོབ་ཤོག །ཨེ་མ་ཧོ། ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་དམ་པའི་བཀྲ་ཤིས་ཤོག །གང་ལ་བསམ་པ་དེ་

p. 129

ཡིས་འགྲུབ། །ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཀྱི་བྷ་ག་ལ། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །དེ་ཡང་བླ་སྒྲུབ་འདི་ཉིད་ཀྱི་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་ནི། གཏེར་གཞུང་རྩ་བ་ལས། འགྲོ་རྣམས་ཐུལ་ནས་བདག་ཉིད་ཀྱིས། །བསྟན་པའི་རྗེས་སུ་འཇུག་པར་ངེས། །ངེས་པར་འགྲོ་དོན་ཆེར་འགྲུབ་འགྱུར། །ཉི་མ་འོད་ཟེར་གསང་སྒྲུབ་འདི། །ཐུགས་ཀྱི་སྲས་དང་འཕྲད་པར་ཤོག །ཅེས་གུ་རུ་རིན་པོ་ཆེ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་དེ་ཉིད་ཉི་མ་འོད་ཟེར་ལྟར་དུ་སྒྲུབ་པའི་ཐབས་འདི་ཉིད་བསྟན་དང་བསྟན་འཛིན་རྣམས་ལ་ཤིན་ཏུ་གཅེས་ཤིང་མཁོ་བའི་གནད་ཆེ་བར་འདུག་ཅིང་ཁོ་བོའི་དག་སྣང་ཡང་། གཏེར་རྙིང་ནུབ་པ་གསོ་བ་དང་། ཆད་པ་མཐུད་པ་དང་། བག་ལ་ཉལ་བ་སློང་བའི་དོན་ཡིན་ཞིང་། འདི་སྐབས་སུ་སྔ་འགྱུར་བསྟན་པའི་སྲོག་ཤིང་རྒྱ་རོང་པ་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་སྤྲུལ་སྐུ་བསྟན་པའི་ཉི་མའི་བཀས་བསྐུལ་བ་ལ་བརྟེན་ནས་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་འདིས་སྔ་འགྱུར་གྱི་རང་ལུགས་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་བཞེད་དོན་ཕྲིན་ལས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།

གུ་རུ་ཉི་མ་འོད་ཟེར་གྱི་དབང་ཆོག་རིན་ཆེན་ཕྲེང་བ།

p. 130
p. 131

࿅༔ གུ་རུ་ཉི་མ་འོད་ཟེར་གྱི་དབང་ཆོག་རིན་ཆེན་ཕྲེང་བ་བཞུགས་སོ༔

p. 132

ཞི་ཁྲོ་རབ་འབྱམས་ཀུན་གྱི་ངོ་བོ་ཉིད༔ གུ་རུ་ཉི་མ་འོད་ཟེར་ལ་ཕྱག་འཚལ༔ གདུལ་བྱའི་དོན་དུ་བྱིན་རླབས་དབང་ཆོག་འགོད༔ འདིར་ནི་བྱིན་རློབས་བཀའ་ཡིས་གནང་བ་སྩོལ༔ ས་མ་ཡཱ༔ བསྐྱེད་རྫོགས་ལས་རུང་དྲོད་ཐོབ་སློབ་དཔོན་གྱིས༔ དམ་ལྡན་རྡོ་རྗེའི་སློབ་མ་རྗེས་འཛིན་ཕྱིར༔ གསང་སྔགས་གཉན་ཕྱིར་འཆོལ་སྤྱོད་མི་རུང་ངོ་༔ བག་དྲོ་བྱིན་ཆགས་བཀྲ་ཤིས་དབེན་གནས་སུ༔ དཀྱིལ་འཁོར་མཆོད་ཚོགས་ཡོ་བྱད་བཟང་དུ་བཤམས༔ ཁྱད་པར་མཚན་ལྡན་རིན་ཆེན་བུམ་པ་ཡི༔ སུམ་ཆར་རྒྱུན་འབེབས་ཆུ་ཡིས་བཀང་བྱས་ནས༔ ཁ་རྒྱན་མགུལ་ཆིངས་བུམ་རྫས་སོ་ལྔ་བཏབ༔ དཀྱིལ་འཁོར་དབུས་སུ་མཉྫིའི་སྟེང་དུ་དགོད༔ མཚན་ལྡན་ཐོད་པ་དུམ་གཅིག་ནང་དུ་ནི༔ ཛ་གད་ཉིང་ཁུ་ཡབ་ཡུམ་བྱང་སེམས་བཏབ༔ དར་དམར་ཁ་

p. 133

བཀབ་གཡོན་དུ་དགོད་པར་བྱ༔ རིགས་ལྡན་བུད་མེད་དབང་གིས་རྒྱུད་སྨིན་པ༔ ཁྲུས་བྱས་བགེགས་བསྐྲད་དཀྱིལ་འཁོར་ལྷོ་རུ་བཞག༔ མ་རྙེད་སྣང་བརྙན་རི་མོར་བྲིས་ཀྱང་ཆོག༔ མེ་ལོང་སྟེང་དུ་རང་བྱུང་ཤེལ་རྡོ་བཞག༔ རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་བྱ་སྟེ༔ དེ་ཉིད་བུམ་པའི་གཡས་སུ་དགོད་པར་བྱ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་༔ ཞི་རྒྱས་དབང་དྲག་མཚོན་པའི་འབྲང་རྒྱས་དང་༔ འཇིག་རྟེན་སྲིད་པའི་ཟས་སྣ་བཟང་དུ་སྤུངས༔ དེ་ཉིད་བུམ་པའི་མདུན་དུ་ལེགས་པར་བཤམས༔ སྤོད་དང་གཏོར་མ་རིན་ཆེན་འབར་བ་དང་༔ དར་སེར་གུར་ཕུབ་གུ་རུའི་སྐུ་བརྙན་གཟུགས༔ རྒྱབ་ཡིག་རྩ་སྔགས་ཡེ་དྷར་གསེར་གྱིས་བྲི༔ དེ་ནས་སློབ་དཔོན་བདེ་བའི་སྟན་ལ་འཁོད༔ གསང་སྔགས་སྤྱིར་བཏང་སྔོན་འགྲོའི་རྒྱུན་སྤྱོད་དང་༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་སྔགས་ཀྱིས་སྦྱངས༔ གཞུང་བསྲང་ལྷ་སྔགས་ཏིང་འཛིན་ནུས་པས་སྒྲུབ༔

p. 134

ལས་ཀྱི་བུམ་པར་རྡོར་སེམས་སྒོམ་བཟླས་བཞུ༔ བདག་འཇུག་དབང་བླངས་སློབ་མ་ཁྲུས་ནས་ཕྱུང་༔ རྒྱུ་འབྲས་ཆོས་དང་གསང་སྔགས་ཆེ་བ་དང༔ ཁྱད་པར་བྱིན་རླབས་བླ་མའི་ཆེ་བ་བརྗོད༔ སློབ་མས་མཎྜལ་འབུལ་ཞིང་འདི་ལྟར་ཞུ༔ ཀྱེ་ཧོ་ཁྱབ་བདག་རྡོ་རྗེ་འཆང་༔ ཚེ་གཅིག་སངས་རྒྱས་ཐོབ་པའི་ལམ༔ ཕྱི་དུས་ཙམ་དུ་མི་འགོར་ཞིང་༔ ཚེ་འདིར་རྫོགས་སངས་རྒྱས་པའི་ཆོས༔ རྡོ་རྗེ་སློབ་དཔོན་ཐུགས་ལ་མངའ༔ བརྩེ་བ་ཆེན་པོས་བདག་ལ་སྩོལ༔ ལན་དུ༔ ཚེ་གཅིག་མྱུར་ལམ་སྔགས་ཀྱི་ཆོས༔ བདག་གི་རྒྱུད་ལ་ཡང་དག་ལྡན༔ ཉམས་སུ་མི་ལེན་སློབ་མ་དང་༔ དམ་ཚིག་མི་བསྲུང་འཆོལ་སྤྱོད་ལ༔ བསྟན་ན་རང་གཞན་གཉིས་ཕུང་འགྱུར༔ དེ་ཕྱིར་ཚུལ་དང་ལྡན་དགོས་པས༔ ཁྱད་པར་གསང་ཆེན་ཕོ་ཉའི་ལམ༔ ཐ་མལ་རྣམས་དང་ཉན་ཐོས་ལ༔ རླུང་ཕྱོགས་ཙམ་ཡང་བསྒྲག་མི་རུང་༔ བསྒྲགས་ན་གཉིས་ཕུང་སྡིག་པའི་ལས༔ དེས་ན་ཇི་བཞིན་སྒྲུབ་ནུས་སམ༔ སློབ་མས་འདི་ལྟར་ཁས་བླངས༔ ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ༔ སྒོ་གསུམ་ཡོངས་སྨིན་གསང་སྔགས་འཆང་༔ ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས༔ ཁྱེད་ཀྱིས་བདག་ལ་ལེགས་པར་སྩོལ༔ གསང་

p. 135

བ་མཆོག་གི་དམ་ཚིག་རྣམས༔ ནམ་ཡང་འདའ་བར་མི་བགྱིད་དོ༔ དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་འབོགས༔ རིགས་བརྟགས་པའི་ཕྱིར་དུ་སྤྱི་ཁྱབ་ལྟར་རིགས་ལྔའི་དཀྱིལ་འཁོར་ལ་སོ་ཤིང་འདོར༔ ཧཱུྃ༔ དྲི་བཟང་འོ་མ་ལྡན་པའི་ཤིང་༔ རླན་བཅས་ཅོད་པན་མེ་ཏོག་མཛེས༔ རིགས་བདག་དཀྱིལ་འཁོར་འདིར་དོར་བ༔ ཚེ་རབས་ལྷ་ལ་འབབ་པར་ཤོག༔ ༀ་བཛྲ་ཧ་ས་ཧ༔ རིགས་བརྟགས་ལེགས་ཉེས་ངོ་སྤྲོད་གདབ༔ བུམ་པའི་དབང་གི་སྟ་གོན་ནོ༔ རྡོ་རྗེ་སེམས་དཔའི་བུམ་ཆུ་བླུད་ལ༔ རྡོ་རྗེ་སེམས་དཔའི་བྱིན་རླབས་ཆུ༔ སྒྲིབ་སྦྱང་རྒྱལ་པོ་བླ་ན་མེད༔ རྡོ་རྗེ་སློབ་མ་ཁྱོད་ཉིད་ཀྱི༔ སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག༔ ༀ་བཛྲ་ས་ཏྭ་ཧཱུྃ༔ ཆུ་ལན་གསུམ་བཏུང་བའི་ལྷག་མ་རྒྱབ་ཏུ་དོར༔ ཡང་དུང་ཞལ་སོགས་ཀྱི་ཆུ་ལན་བདུན་ལག་ཏུ་བླུད༔ ༀ་བཛྲ་བྷི་ཤ་སོགས་ཀྱིས་བླུད་ཀྱང་རུང་ཞིང་བཏུང་༔ གསང་དབང་གི་སྟ་གོན་ནོ༔ སྲད་བུ་ལྔ་ལྡན་རྩ་སྔགས་དང་བཛྲ་རཀྵས་བསྔགས་ལ་ཕོའི་གཡོན་དང་མོའི་གཡས་སུ་བཅིང་ལ༔ ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི༔ བར་ཆད་ཐམས་ཅད་སྲུང་བ་དང་༔ ཁྱད་པར་ད་ལམ་དབང་བསྐུར་གྱི༔ བར་ཆད་ཐམས་ཅད་བསྲུང་བའི་ཕྱིར༔ རྡོ་རྗེའི་མདུད་པ་ལུས་ལ་བཅིངས༔ མི་ཤིགས་སྲུང་བའི་གོ་བགོའོ༔ བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ༔

p. 136

ལས་བུམ་གྱི་ཆུ་དང་རྡོ་རྗེས་ཀྱང་རྒྱས་གདབ༔ ཅེས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྟ་གོན་ནོ༔ དེ་ནས་ཀུ་ཤ་ༀ་ཨཱཿཧཱུྃ་གིས་བྱིན་བརླབས་ལ་ཐུང་བ་སྔས་དང་རིང་བ་གདན་དུ་བཏིང་ལ༔ སྔོན་གྱི་རྒྱལ་བ་མིའི་སེང་གེ༔ རྩྭ་མཆོག་གདན་བཏིང་རྫོགས་སངས་རྒྱས༔ ཁྱོད་ཀྱིས་སེང་གེའི་ཉལ་སྟབས་ཀྱི༔ སྔས་དང་གདན་དུ་བཏིང་ནས་ཀྱང་༔ རིགས་ཀྱི་ལྷ་ལ་གསོལ་བ་ཐོབ༔ རྨི་ལམ་གང་བྱུང་ང་ལ་སྨྲོས༔ ༀ་ཨཱཿཧཱུྃ༔ རིག་པའི་རྩལ་དབང་གི་སྟ་གོན་ནོ༔ སྐབས་འདིར་ཞི་རྒྱས་དབང་དང་དྲག་པོའི་སྦྱིན་སྲེག་གང་འོས་བྱ༔ བཤགས་རྒྱུད་བཀླག༔ སྒྲིབ་སྦྱང་གི་ཆོ་ག་ཅི་ནུས་བྱ༔ དེ་ནས་དངོས་གཞིའི་དབང་གི་རིམ་པ་རྣམས་སྟན་ཐོག་གཅིག་ཏུ་བསྐུར་བའམ༔ ལོ་ཟླས་བར་མ་ཆོད་པའང་གསུངས་སོ༔ རྙིང་ལུགས་ལ་བླ་མེད་ཀྱི་དབང་བཞི༔ དམིགས་པས་སྐད་ཅིག་དྲན་རྫོགས་སུ་བླངས་ཀྱང་འཐུས་ཤིང་༔ ཞག་མང་པོར་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ལ་གནད་དབང་བཞི་ལས་མེད་ཀྱང་༔ བླ་མས་བསྐུར་རྒྱུ་དང༔ སློབ་མས་སྦྱང་བགྲོད་དབང་བཞི་ཁོ་ན་ཡིན་པས་ཤེས་པར་གྱིས་ཤིག༔ དེ་ནས་མིག་དར་བཅིངས༔ ཁྱད་པར་ཅན་གྱི་མཎྜལ་ཐོགས་ལ་འདི་སྐད་ཞུ༔ ཧཱུྃ༔ བདག་ཅག་མ་རིག་ལུས་ངག་ཡིད༔ རྡོ་རྗེ་གསུམ་དུ་སྨིན་པའི་ཐབས༔ དཔལ་ཆེན་མཆོག་གིས་གནང་དུ་གསོལ༔ བརྩེ་བས་དབང་ཡོན་འདི་དག་བཞེས༔ ལན་དུ༔ དད་དང་དམ་ཚིག་ཁྱོད་ལྡན་ན༔ དངོས་གྲུབ་དུས་ལས་མི་གཡེལ་བར༔ ཁྱོད་

p. 137

ལ་ཡང་དག་སྦྱིན་པར་བྱ༔ ཁྱོད་ནི་པདྨའི་རིགས་ཡིན་ནོ༔ ཁྱོད་ནི་རྡོ་རྗེ་སེམས་དཔའོ༔ ཞེས་སྤྲོ་བ་བསྐྱེད་ལ༔ གནང་བ་སྦྱིན༔ དམ་ཆུ་ནི༔ ཧཱུྃ༔ བླ་མ་སྐུ་གསུམ་དམ་ཚིག་དང་༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་དང་དེ་བཞིན་གཤེགས༔ འདི་དག་རྣམས་ཀྱི་དམ་ཚིག་རྣམས༔ ཉི་ཤུ་རྩ་ལྔར་བཤད་པ་དང་༔ དེ་ཡང་སྐུ་གསུང་ཐུགས་སུ་འདུ༔ ཁྱོད་ཀྱིས་མ་ཉམས་བསྲུང་བར་བྱ༔ བསྲུངས་ན་ཚེ་འདིར་མཆོག་ལ་རེག༔ ཉམས་ན་རྡོ་རྗེ་དམྱལ་བར་འཚིག༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཅེས་དམ་ཚིག་སྦྱིན༔ སློབ་མས༔ ཨི་དན་ཏེ་ན་ར་སྐན༔ ཞེས་མནའ་བོར་རོ༔ གནས་གསུམ་དྲིས་ཐིག་ལེ་བྱ༔ རྩ་བ་སྐུ་གསུང་ཐུགས་དང་དམ་ཚིག་གསུམ་གྱི་རང་བཞིན་གནས་གསུམ་དུ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱིས་མཚན་པར་བསྒོམ༔ དེ་ནས་ཡེ་ཤེས་པ་དབབ་པ་ནི༔ ལས་བུམ་གྱི་ཆུས་སྦྱངས༔ མ་ཧཱ་ཤུ་ནྱ་སོགས་ལྷར་བསྐྱེད༔ རྐང་གླིང་བཤུད་པ་རོལ་མོ་སྣ་ཚོགས་སྙན་བརྗིད་དང་ལྡན་པའི་དབྱངས་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ༔ དུ་བ་མེད་པའི་སོལ་མེ་ལ་ཆོས་སྨན༔ མི་ཀླད༔ བྱང་སེམས་དཀར་དམར་རའི་ཉྭ་བཞི༔ རང་གི་སྐྲ་སེན༔ བྱི་ལ་ནག་པོའི་བྲུན༔ སྤོས་དཀར་རྣམས་ཀྱི་དུ་བ་ཆེར་བཏང་༔ ཕོ་མོ་བཅུ་དྲུག་ལྟག་སྤྲོད་ཀྱི་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་༔ རྩ་

p. 138

སྔགས་ཨ་ཝེ་ཤ་ཡ་ཨ་དྲག་ཏུ་བརྗོད་ཅིང་༔ ཡེ་ཤེས་སེམས་དཔའ་ནན་གྱིས་བསྟིམ༔ ལུས་ངག་ཡིད་གསུམ་གར་དབབ་པའམ༔ མིན་ཀྱང་གཅིག་ལ་ཕབ་པའི་རྟགས་མ་བྱུང་ན༔ འདི་དབང་གི་དངོས་གཞིའམ་སྣོད་དུ་རུང་བར་བྱ་བའི་ཕྱིར་ཏེ༔ འདི་ལ་རྟགས་མ་མཐོང་ན་དབང་དེ་གསོག་དང་ཟོབ་ཏུ་འགྱུར་རོ༔ དེ་ནས་གསེར་ཐུར་གྱིས་མིག་དར་བསལ༔ ཁྱོད་ཀྱི་མ་རིག་ལིང་ཏོག་མིག༔ བདག་གིས་ཡེ་ཤེས་སྤྱན་དུ་དབྱེ༔ ཕྱི་ལྟར་དཀྱིལ་འཁོར་ལྷ་ཞལ་མཐོང་༔ ནང་ལྟར་རང་རིག་ཆོས་སྐུར་མཇལ༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་ཕྱི་མཚོན་པ་ལྷ་དབྱིབས་ཀྱི་མཚན་པ་ངོ་སྤྲད༔ ནང་གི་རྩ་རླུང་ཐིག་ལེ་ཐམས་ཅད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་དུ་ངོ་སྤྲད༔ དོན་དམ་དེ་ཁོ་ན་ཉིད་རིག་པ་ཆོས་ཀྱི་སྐུ་ཀུན་བཟང་བདེ་བ་ཆེན་པོར་ངོ་སྤྲད་པར་བྱའོ༔ རིགས་བརྟག་པའི་ཕྱིར་མེ་ཏོག་དཀྱིལ་འཁོར་ལ་དོར་ཏེ༔ ཡེ་ཤེས་ལྔ་མཚོན་མེ་ཏོག་འདི༔ བདག་གིས་ཡི་དམ་ལྷ་ལ་འབུལ༔ ལས་ཀྱི་འབྲེལ་བའི་ལྷ་དེ་ཡིས༔ ཉེ་བར་དགོངས་ཏེ་བཞེས་སུ་གསོལ༔ ༀ་བཛྲ་པྲ་ཏི་ཛ་ཧོ༔ དབུས་སུ་བབས་ན་སངས་རྒྱས་རིགས་མཆོག་རྩལ༔ ཤར་དུ་བབས་ན་རྡོ་རྗེ་ཐོགས་མེད༔ ལྷོ་རུ་བབས་ན་རིན་ཆེན་དཔལ་འཆང་༔ ནུབ་ཏུ་བབས་ན་པདྨ་ཡོན་ཏན༔ བྱང་དུ་བབས་ན་ཕྲིན་ལས་མཐར་ཕྱིན༔ བུད་མེད་ལ་དབུས་སུ་བབས་ན་སངས་རྒྱས་བདེ་སྦྱིན་སོགས་རིགས་དང་མཐུན་པའི་མིང་སྦྱིན༔ དེ་ནས་རྣམ་རྒྱལ་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཕྱི་སྣོད་གཞལ་ཡས་ཁང་༔ ནང་བཅུད་ཉི་

p. 139

མ་འོད་ཟེར་བཞུགས༔ སྐུ་དང་ཞིང་ཁམས་འདུ་འབྲལ་མེད༔ སྤྲོ་བསྡུའི་ཕྲིན་ལས་བུམ་ཆུར་འཁྱིལ༔ བུ་ཁྱོད་ལུས་ལ་དབང་བསྐུར་བས༔ བསྐྱེད་རིམ་ལྷ་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུས་ཁྲུས་བྱ་ངག་ཏུ་བླུད༔ བསྐྱེད་རིམ་གྱི་རྣམ་དག་བཤད༔ འདི་ནི་སྔགས་ཀྱི་དགེ་བསྙེན་ནོ༔ གསང་བའི་དབང་ནི་བྷནྡྷ་མགྲིན་པ་གཡོན་དུ་བཞག༔ ཧཱུྃ༔ རང་བྱུང་བྷནྡྷའི་སྣོད་མཆོག་ཏུ༔ ཐབས་ཀྱི་བྱང་སེམས་ཨཱ་ལི་དཀར༔ ཤེས་རབ་བྱང་སེམས་ཀཱ་ལི་དམར༔ བདེ་ཆེན་བདུད་རྩིའི་རླན་གྱིས་སྦྲེལ༔ བུ་ཁྱོད་ངག་ལ་དབང་བསྐུར་བས༔ རླུང་སྔགས་དབྱེར་མེད་རྡོ་རྗེའི་སྒྲ༔ གསང་དབང་ངག་ལ་ཐོབ་པར་ཤོག༔ རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྔགས་ཀྱི་དགེ་ཚུལ་ལོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་ནི༔ སྔགས་ཀྱིས་སྦྱངས་པའི་བུད་མེད་དངོས་སུ་སྦྱིན་པའམ༔ བློ་ཆུང་ངུས་མི་ནུས་ན་བརྡ་ཙམ་བསྟན་པར་བྱ་སྟེ༔ ཧཱུྃ༔ བདེ་བ་མཆོག་དགའ་སངས་རྒྱས་ལམ༔ འདི་སྤངས་ཉན་རང་ཡི་དྭགས་ཏེ༔ ལྷ་དང་ལྷ་མོའི་དམ་ཚིག་གི༔ རོལ་བའི་དགའ་བ་རྣམ་པ་བཞི༔ ཡེ་ཤེས་ཏིང་འཛིན་ལམ་དུ་ཁྱེར༔ འདི་ནི་ཕོ་ཉའི་ལམ་ཡིན་ཏེ༔ ཐུགས་དབང་སེམས་ལ་ཐོབ་པར་ཤོག༔ རྩ་སྔགས་ཙིཏྟ་ཨ་

p. 140

བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི༔ རྡོ་རྗེ་སེམས་དཔའི་མེ་ལོང་ཐོགས་ལ༔ ཧཱུྃ༔ སེམས་ཉིད་གསལ་སྟོང་མེ་ལོང་ལ༔ སྐུ་གསུམ་བརྡ་མཚོན་མན་ཤེལ་མཚན༔ སྐལ་ལྡན་སེམས་ལ་དབང་བསྐུར་བས༔ ཆོས་དབང་སེམས་ལ་ཐོབ་པར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མ་ཆོས་བདུན་གྱི་འདུག་སྟངས་བཅའ༔ སླར་ཡང་ཡེ་ཤེས་དབབ་བསྟིམ་དྲག་ཏུ་བསྐྱར༔ སློབ་དཔོན་གྱི་དགོངས་པ་གཏད༔ སློབ་མའི་སེམས་རང་ལུགས་སུ་ལྷུག་པར་བཞག༔ ཐོད་རྔ་བརྡུང་ཞིང་༔ རྡོ་རྗེའི་མགུར་འདི་ཚར་གསུམ་བསྒྲག་གོ༔ ཀྱེ་མ་མ་བསྒོམས་རང་རང་ཞོག༔ ཅི་ཡང་མེད་པའི་སྟོང་པ་ལ༔ རང་ངོ་ཤེས་པ་ལྷག་མཐོང་ཡིན༔ དེའི་རྩལ་འགྱུ་བ་གང་ཤར་ཡང་༔ དེ་ཉིད་གཅེར་གྱིས་ངོས་བཟུང་ནས༔ སྔོན་བསུ་རྗེས་དཔྱོད་མེད་པ་རུ༔ ཆམ་གྱིས་བཞག་པས་རང་སར་གྲོལ༔ འགྱུ་འཕྲོ་ཆད་པའི་སྟོང་པ་དེ༔ རང་ངོ་ཤེས་པའི་ངང་དུ་སྐྱོངས༔ ཆོས་སྐུའི་ཀློང་དུ་མངོན་འཚང་རྒྱ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི༔ སྤང་བླང་རྩོལ་སྒྲུབ་ཕན་གནོད་རྣམས༔ རྣམ་རྟོག་འགྱུ་བ་ཁོ་ན་ཡིན༔ དེ་ལ་གཅེར་གྱིས་ངོས་བཟུང་གིས༔ མ་བཅོས་རང་བབས་ཆམ་གྱིས་ཞོག༔ སྣ་ཚོགས་རང་གྲོལ་བྱ་བ་དང་༔ ནམ་མཁའི་བྱ་ལམ་རྗེས་མེད་དང་༔ ཆུ་ལ་ཆུར་ཐིམ་ཞེས་

p. 141

ཀྱང་བྱ༔ ཐམས་ཅད་ཤར་གྲོལ་རྗེས་མེད་ཡིན༔ ལྟ་བས་ཟིན་ན་གྲོལ་ལམ་ཡིན༔ བཅོས་ཐབས་མང་ན་གོལ་ལམ་ཡིན༔ ཀུན་ཏུ་བཟང་པོའི་དགོངས་པ་དེ༔ ཁྱོད་ཀྱི་སྙིང་ལ་བརྡ་ཐིམ་མོ༔ ཞེས་དབང་འདི་ངོ་འཕྲོད་པ་གལ་ཆེ༔ འདི་ངོ་མ་འཕྲོད་ན་དབང་གཞན་བྱིས་པའི་རྩེད་མོ་འདྲ༔ རང་མ་སྨིན་པའི་སློབ་དཔོན་གྱིས་འདི་གཞན་ལ་བསྟན་ན་སྡིག་ཆེའོ༔ ཞེེས་སྔགས་ཀྱི་དགེ་སྦྱོང་ངམ༔ དགྲ་བཅོམ་པའོ༔ ད་ནི་རྟེན་འབྲེལ་གྱི་དབང་རྒྱལ་སྲིད་སོགས་དང་དབང་རྫས་རྣམས་གཏད་ལ༔ ཧཱུྃ༔ ལོངས་སྤྱོད་ཆེན་པོའི་དམ་ཚིག་རྫས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ ཡོངས་ལ་དབང་བསྒྱུར་རྒྱལ་པོའི་རྟགས༔ ཞི་རྒྱས་དབང་དྲག་དངོས་གྲུབ་རྫས༔ དེ་རིང་སྐལ་ལྡན་ཁྱོད་ལ་སྦྱིན༔ ཕྲིན་ལས་མ་ལུས་ཀུན་འགྲུབ་ཅིང་༔ དངོས་གྲུབ་མ་ལུས་ཀུན་ཐོབ་ཤོག༔ ཅེས་ཡེ་དྷརྨཱ་བརྗོད་ལ་སྦྱིན༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི༔ ཧཱུྃ༔ དམ་རྫས་དཔལ་གྱི་གཏོར་མ་འདི༔ ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ༔ ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་༔ ཉི་མ་འོད་ཟེར་གཉིས་སུ་མེད༔ སྐལ་ལྡན་སེམས་ལ་དབང་བསྐུར་རོ༔ ཆོས་ཀྱི་སྐུ་ཡི་དབང་ཐོབ་ཤོག༔ ཧཱུྃ༔ དམ་རྫས་དཔལ་གྱི་གཏོར་མ་འདི༔ ཚངས་པ་ལྔ་སྒྲའི་ཞིང་ཁམས་སུ༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་དང་༔ ཉི་མ་འོད་ཟེར་

p. 142

གཉིས་སུ་མེད༔ སྐལ་ལྡན་ངག་ལ་དབང་བསྐུར་རོ༔ ལོངས་སྤྱོད་རྫོགས་སྐུའི་དབང་ཐོབ་ཤོག༔ ཧཱུྃ༔ དམ་རྫས་དཔལ་གྱི་གཏོར་མ་འདི༔ ཚངས་ཆེན་བཀོད་པའི་འཇིག་རྟེན་དུ༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་༔ ཉི་མ་འོད་ཟེར་གཉིས་སུ་མེད༔ སྐལ་ལྡན་ལུས་ལ་དབང་བསྐུར་རོ༔ སྤྲུལ་པའི་སྐུ་ཡི་དབང་ཐོབ་ཤོག༔ ཅེས་རྩ་སྔགས་དང་རྟེན་འབྲེལ་སྙིང་པོ་བརྗོད༔ གཏོར་མའི་དམ་ཡེ་ཕྲལ༔ དམ་ཚིག་པ་དངོས་གྲུབ་ཀྱི་རྫས་སུ་གྱུར་པ་ཅུང་ཟད་རེ་ལྕེ་ལ་མྱང་༔ ཤིས་པ་བརྗོད༔ མེ་ཏོག་འཐོར༔ དམ་ཚིག་ཁས་བླངས༔ གཏང་རག་ཡོན་འབུལ་བྱ༔ དགེ་རྩ་བྱང་ཆུབ་ཏུ་བསྔོ༔ ཞག་གསུམ་དུ་དགའ་སྟོན་དང་ཚོགས་འཁོར་བྱ༔ ཨེ་མ་གསང་སྔགས་དབང་ཆོག་རྒྱ་མཚོའི་བཅུད༔ བླ་མེད་དབང་བཞིའི་སྙིང་པོར་དྲིལ༔ ཐུགས་ཀྱི་མན་ངག་གནད་ཀྱི་ཆོས༔ ཕྱི་རབས་སྔགས་པའི་བཙས་སུ་བཞག༔ སློབ་དཔོན་མ་སྨིན་དྲོད་མེད་ཀྱིས༔ ཕྱག་ལེན་ཚུལ་བཞིན་མི་ལྡན་འཆོལ༔ དབང་ཆོག་བརྒྱ་བསྐུར་སྟོང་བསྐུར་ཡང་༔ བུམ་སྟོངས་བྱོ་བླུགས་བྱས་པ་འདྲ༔ བྱིན་རླབས་དྲོད་ཐོབ་རྣལ་འབྱོར་པས༔ སྣོད་དུ་རུང་བའི་སློབ་མ་ལ༔ དབང་བཞིའི་དམིགས་པ་གཏད་ཙམ་གྱིས༔ སྒྲིབ་བཞིའི་ལས་ཉོན་དྲུངས་ནས་འབྱིན༔ སྐུ་བཞིའི་ས་བོན་གསོས་སུ་ཐེབས༔ རྡོ་རྗེ་འཆང་གི་གོ་འཕང་འཐོབ༔ དབང་ཆོག་རིན་ཆེན་ཕྲེང་བ་འདི༔ དབོན་སྤྲུལ་བསྟན་པའི་ཉི་མ་ཡིས༔ ལན་མང་ནན་ཏན་ཆེ་བའི་ཕྱིར༔ ལས་རབ་བདག་གིས་མགྱོགས་པར་བཀོད༔ དགེ་བས་འགྲོ་ཀུན་སངས་རྒྱས་ཤོག༔ ཡི་གེའི་རིས་བྱེད་པ་ནི་བསོད་ནམས་ཆོས་བཟང་བདག་གིས་སྐྱེན་པར་བྲིས་པའོ༔ མངྒ་ལཾ༔ ཤུ་བྷཾ༔

སྒོ་ཞུས་ཐུན་བྲབ་ཀྱི་རིམ་པ།

p. 143

࿅༔ སྒོ་ཞུས་ཐུན་བྲབ་ཀྱི་རིམ་པ་འདི་ལྟར་བྱ། ཧཱུྃ༔ དཔལ་ཆེན་དཀྱིལ་འཁོར་སྒོ་སྐྱོང་བ༔ གིང་ཆེན་ལྕམ་དྲལ་ཕོ་ཉའི་ཚོགས༔ ལས་ཀྱི་རྡོ་རྗེའི་ངོ་བོ་ཉིད༔ ཁྱོད་ཀྱིས་ཕོ་བྲང་སྒོ་ཕྱེས་ལ༔ ཡེ་ཤེས་གཞལ་ཡས་ཆེན་པོ་ཡི༔ བདག་ཅག་ནང་དུ་གཏོང་བར་འཚལ༔ ལན་དུ༔ ཁྱེད་ཅག་སྐལ་བ་ལྡན་ལགས་ན༔ གསང་བའི་དཀྱིལ་འཁོར་སྒོ་ཕྱེ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ སྐལ་ལྡན་ལས་ཅན་ནང་དུ་ཤོག༔ སྐལ་མེད་ཐམས་ཅད་ཕྱིར་དེངས་ཤིག༔ བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་འབར་བ་ཧེ་རུ་ཀ༔ མེ་དཔུང་ཁྲོ་ཚོགས་སྣང་སྲིད་གང་༔ རྒྱལ་བའི་ཞིང་ཁམས་ཆེན་པོ་འདིར༔ ཉན་དང་བལྟ་བར་མི་དབང་བའི༔ ལོག་པར་འདྲེན་པ་བསྲེགས་གཏོར་སྦྱངས༔ བགེགས་ཚོགས་ལོག་འདྲེན་རྡུལ་དུ་རློགས༔ ཞེས་སློབ་དཔོན་རྣམས་ཀྱིས་སྔགས་ཆས་གྱོན༔ གུལ་ཡུངས་ཀྱི་རྫས་དང་རོལ་མོའི་ཚམ་རྔམ་དང་བཅས་བགེགས་ཚོགས་བསྐྲད་པར་བྱའོ༔ ལས་རབ་རྩལ་གྱིས་སོ།། །།

གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་བློ་གྲོས་མཆོག་གི་སྣང་བ།

p. 144
p. 145

࿅༔ གུ་རུ་བློ་ལྡན་མཆོག་སྲེད་ཀྱི་སྒྲུབ་ཐབས་བློ་གྲོས་མཆོག་གི་སྣང་བ་བཞུགས་སོ༔

p. 146

རྒྱལ་ཀུན་མཁྱེན་བརྩེའི་ངོ་བོ་ཉིད༔ བློ་ལྡན་མཆོག་སྲེད་སྐུ་ལ་འདུད༔ ཆོས་ཀྱི་དབང་ཕྱུག་གཏེར་བྱོན་དང་༔ རང་གི་འཁྲུལ་སྣང་ཟ་ཟི་ཡི༔ གུ་རུས་རྗེས་སུ་བཟུང་བར་བསྟན༔ ཟབ་གཏེར་དང་ནི་དག་སྣང་གཉིས༔ ཆུ་བོ་གཉིས་སྦྲེལ་ཚུལ་དུ་བཤད༔ ཆོས་དབང་གཏེར་བྱོན་བླ་སྒྲུབ་མཚན་བརྒྱད་སྒྲུབ་ཐབས་ལས༔ ཤེས་རབ་བློ་དང་ལྡན་འདོད་ན༔ གུ་རུ་བློ་ལྡན་མཆོག་སྲེད་སྒྲུབས༔ ཞེས་དང་༔ ཡང་དེ་ཉིད་ལས༔ ཤེས་རབ་བློ་དང་ལྡན་པའི་ཕྱིར༔ གུ་རུ་སྒྲུབ་པའི་ཐབས་ལ་གསུམ༔ ཞེས་སྦྱོར་དངོས་རྗེས་གསུམ་དུ་བསྟན་པ་ཁྲིགས་ཆགས་སུ་བཀོད་པ་ནི༔ མཁོ་བའི་ཡོ་བྱད་རྣམས་འདུ་བགྱིས་ནས༔ ན་མོ་བདེ་གཤེགས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་གཞན་དོན་

p. 147

དུ༔ བླ་མའི་རྣལ་འབྱོར་བརྩོན་པར་བྱ༔ གསུམ༔ ཀྱེ་ཀྱེ་བླ་མ་རིན་ཆེན་ལགས༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ བླ་མ་རང་ལ་ཐིམ་པར་གྱུར༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུྃ༔ ༀ་པཉྩ་རཀྟ་བྷ་ལིངྟ་ཧཱུྃ༔ ༀ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤབྟ་ཨཱཿཧཱུྃ༔ ཧཱུྃ༔ སྟོང་ཉིད་སྙིང་རྗེའི་རང་བཞིན་ལས༔ པདྨ་དཀར་གསལ་སྡོང་པོའི་སྟེང་༔ རང་ཉིད་བློ་ལྡན་མཆོག་སྲེད་རྩལ༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ སྐུ་མདོག་དཀར་པོ་དར་ཐོད་ཅན༔ སྐུ་ལ་དར་དམར་གོས་སུ་

p. 148

གསོལ༔ རིན་ཆེན་ཨུཏྤལ་སྤེལ་མས་བརྒྱན༔ ཕྱག་གཡས་ཐོད་པའི་རྔ་སྒྲ་སྒྲོག༔ ཕྱག་གཡོན་པད་ཕོར་བདུད་རྩིས་བཀང་༔ འཛུམ་པའི་མདངས་ལྡན་ཞི་ཚུལ་ཅན༔ འཇའ་འོད་སྣ་ལྔའི་དཀྱིལ་ན་བཞུགས༔ ཀུན་ལ་བདུད་རྩི་འགྱེད་པར་བསམ༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ༔ རང་བཞིན་གནས་ནས་སྤྱན་དྲངས་གྱུར༔ ཧཱུྃ༔ རཱ་ག་རཀྟའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་ཅེེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་བཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་བཛྲ་གུ་རུ་ཛྙཱ་ན་པྲཛྙཱ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧཱུྃ༔ གུ་རུ་བློ་ལྡན་མཆོག་སྲེད་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བདེ་སྟོང་སོགས༔ མཆོད་པ་འབུལ་ལོ་དགྱེས་པར་བཞེས༔ མ་ཧཱ་སརྦ་པཱུ་ཙ་ཧོ༔

p. 149

ཧཱུྃ༔ རྒྱལ་ཀུན་མཁྱེན་བརྩེ་རྫོགས་པའི་དཔལ༔ མཁྱེན་རབ་མཆོག་གི་སྣང་བ་སྦྱིན༔ ཤེས་བྱ་ཀུན་ལ་མ་རྨོངས་པའི༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཐུགས་དཀྱིལ་པད་དཀར་འདབ་བཞིའི་དབུས༔ ཧྲཱིཿ དཀར་འོད་འཕྲོས་ཕྱོགས་བཅུར་ཁྱབ༔ ཆོས་ཀྱི་བདུད་རྩིའི་ཆར་འབེབས་བསམ༔ དེ་ནས་གསང་བའི་སྙིང་པོ་བཟླ༔ ༀ་བཛྲ་གུ་རུ་ཛྙཱ་ན་པྲཛྙཱ་སིདྡྷི་ཧཱུྃ་ཧྲཱིཿཞེས་པའི་བསྙེན་པ་འདི་འབུམ་ཕྲག་བདུན་བསྙེན་ཚད་དུ་བཤད་དོ༔ ཅུ་གང་དང་རྒུན་འབྲུམ་ཤུ་དག་དཀར་པོ་བ་དམར་འོ་མས་ནངས་རེ་བཞིན་སྦྱངས་ཏེ་བཏུང་༔ ཞེས་སྔགས་ཀྱིས་ནུས་ལྡན་དུ་བསྒྲུབས་ཟིན་པ་དང་དེ་བཞིན་བྱ༔ རྫོགས་རིམ་བདག་ཉིད་ཧྲཱིཿལ་འདུས༔ ཧྲཱིཿ ཡང་གི་གུ་དག་ལ་འདུས༔ གི་གུ་སྣེ་འཕྲད་ཁོང་སྟོང་ནང་༔ འོད་དཀར་རང་བཞིན་ཝ་ལ་ལ༔ མཁའ་མཉམ་བསྐྱེད་ལ་རྩོལ་བྲལ་བཞག༔ ན་མོ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་བདག་གིས་ཚོགས་བསགས་མཐུས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་སོགས་བླ་མེད་འབྲས་ཐོབ་ཤོག༔ ཨེ་མ་ཧོཿཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་

p. 150

ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་རུ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ དེ་ཡང་བླ་སྒྲུབ་འདི་ཉིད་ཀྱི་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་ནི༔ གཏེར་གཞུང་རྩ་བ་ལས༔ བློ་ལྡན་ཤེས་བྱ་ཀུན་མཁྱེན་སྒྲུབ་པའི་ཐབས་འདི་ནི་མི་ཤེས་པའི་དྲི་མ་མཐའ་དག་བསལ་ནས་འཁོར་འདས་ཀྱི་ཤེས་བྱའི་གནས་མཐའ་དག་ལ་བློ་སྦྱང་བར་འདོད་པ་རྣམས་ལ་ཤིན་ཏུ་མཁོ་བའི་གནད་ཆེ་བར་འདུག་ཅིང་༔ འདི་དག་ལ་རིང་བརྒྱུད་ཀྱི་དབང་ལུང་རྒྱུན་དང་༔ ཉེ་བརྒྱུད་དག་སྣང་དུ་བྱུང་བའི་རིགས་སུ་བརྩིས་ཀྱང་ཆོག་མོད༔ སྤྱིར་གཏེར་ཁ་ནས་བྱུང་བའི་ཆོས་མཐའ་དག་ཁོ་བོའི་ཁ་མིག་ལག་གསུམ་གང་བརྒྱུད་དང་༔ ཁྱད་པར་ལག་ལེན་དུ་བཏབ་པ་དག་ནི་ཉམས་པ་སོས༔ ཆད་པ་མཐུད༔ ནུབ་པ་སློང་༔ སླར་ཡང་བྱིན་ལྡན་དུ་འགྱུར་བ་ཞིག་གི་སྙེམས་པ་རང་བློར་ཡོད་པ་ཡིན་ཡང་ཧ་ཅང་ཐལ་དྲགས་པས་ཟོབ་ཏུ་འགྱུར་བའང་སྣང་༔ ཞེས་པ་འདི་ཤཱཀྱའི་བཙུན་པ་བློ་གྲོས་ཕུལ་དུ་ཕྱིན་པ་དབོན་པོ་བཀྲ་ཤིས་དཔལ་བཟང་གིས་ཁ་བཏགས་དང་གསེར་གྱི་མེ་ཏོག་བཅས་དནྚིའི་ཚིག་སྦྱོར་གྱི་ལམ་ནས་དྲངས་པའི་ངག་གིས་བསྐུལ་བ་ལ་བརྟེན་མི་ཕམ་ཀརྨ་ཕྲིན་ལས་བསྟན་དར་རམ་གསང་བའི་མིང་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔

གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཡང་གསང་གནད་ཡིག་འཇམ་དཔལ་སྦྲགས་སྒྲུབ།

p. 151

༄༅། །གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཡང་གསང་གནད་ཡིག་འཇམ་དཔལ་སྦྲགས་སྒྲུབ་བཞུགས་སོ། །པད་འབྱུང་ཐུགས་ཀྱི་ངོ་བོ་ཉིད། །འཇམ་དཔལ་དཔའ་བོའི་སྐུ་ལ་འདུད། །བློ་ལྡན་མཆོག་སྲེད་ཐུགས་ཀ་རུ། །པདྨ་དམར་སེར་ཉི་མའི་སྟེང་། །འཕགས་མཆོག་འཇམ་དཔལ་གུར་གུམ་མདོག །ཤེས་རབ་རལ་གྲི་པོ་ཏི་འཛིན། །མཚན་དཔེ་ཡོངས་རྫོགས་ལོངས་སྤྱོད་རྫོགས། །ཐུགས་ཀར་ཉི་མའི་དལ་གྱི་སྟེང་། །ཧྲཱིཿཡིག་དཀར་པོའི་ཁོང་གསེང་དུ། །དྷཱིཿཡིག་དམར་པོ་འོད་ཕུང་འབར། །ཐ་མར་གསང་སྔགས་སྙིང་པོས་བསྐོར། །དེ་ལས་འོད་ཟེར་མཆོད་པའི་སྤྲིན། །རྒྱལ་བ་རབ་འབྱམས་རྣམས་ལ་མཆོད། །རྒྱལ་ཀུན་བྱིན་རླབས་ཤེས་བྱ་དང་། །རྒྱ་བོད་མཁས་གྲུབ་མཁྱེན་རབ་རྩལ། །དབྱངས་གསལ་དང་ནི་དྷཱིཿཡིག་དང་། །གླེགས་བམ་རྣམ་པར་ཆར་ལྟར་བབས། །རང་གི་ལུས་ངག་ཡིད་ལ་ཐིམ། །མི་ཤེས་དྲི་མ་ཐམས་ཅད་དག །མཁྱེན་པ་གཉིས་ལྡན་མངོན་གྱུར་བསམ། །ༀ་སརྦ་དྷརྨཱ་བྷཱ་བ་སྭ་བྷཱ་ཝ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿཔྲ་ཀྲྀ་ཏ་པ་རི་ཤུད་དྷཱཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་

p. 152

མཉྫུ་ཤྲཱི་པ་རི་ཤུདྡྷ་ཏཱ་མུ་པཱ་དཱི་ཡེ་ཏི་ཨ་ཨཱཿསརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཧ་ར་ཧ་ར་ༀ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མུརྟི་ཝཱ་གི་ཤྭ་ར་མ་ཧཱ་ཝ་ཙ་སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པཱ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿགྲངས་ནི་འབུམ་ཕྲག་གཅིག་བཟླ་སོགས། །ཡང་ན་ཞག་བདུན་བཟླ་བར་བྱ། །དེའི་ཚེ་ཤ་ཆང་སྒོག་གསུམ་དང་། །མི་གཙང་གྲིབ་ལ་རབ་ཏུ་འཛེམ། །དངོས་ཉམས་རྨི་ལམ་འགྲུབ་རྟགས་འབྱུང་། །ཐུན་བར་སྣང་གྲགས་ཐམས་ཅད་ཀུན། །འཇམ་དཔལ་སྐུ་རུ་གསལ་བ་དང་། །སྒྲ་རྣམས་མ་ལུས་ཐམས་ཅད་ཀྱང་། །སྒྲ་འདི་ཁོ་ན་གྲགས་པར་བསམ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །རྒྱུད་འདི་གསེར་གྱིས་བྲིས་ནས་ནི། །ཁྲི་འམ་སྟོང་ཕྲག་བདུན་དུ་བཟླས། །འབྲལ་མེད་རྒྱུན་དུ་བླ་རྡོར་བཅང་། །དམ་ཚིག་དཀོན་མཆོག་ལ་གུས་དང་། །སྡུག་བསྔལ་ཅན་དང་དམན་པ་ལ། །སྙིང་རྗེ་དང་ནི་ཕན་པར་བརྩོན། །ཁེངས་པ་སྤངས་ཤིང་དུལ་བ་བརྟེན། །དཔེར་ན་སྒྲུབ་གཞུང་རལ་གྲི་ལ། །འདི་ནི་ཕ་ལམ་ངར་བཏགས་འདྲ། །བློ་ལྡན་བཀྲ་ཤིས་དཔལ་བཟང་ལ། །ཆང་རྒན་ལས་རབ་རྩལ་གྱིས་གདམས། །འགྲོ་བའི་རྨོངས་པ་རབ་བསལ་ནས། །པད་འབྱུང་རྒྱལ་བ་ཉིད་འགྲུབ་ཤོག །མངྒ་ལཾ།། །།

ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས།

p. 153

࿅༔ ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས༔ གུ་རུ་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས་བཞུགས༔ ཧྲཱིཿ སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངོ་བོ་ཉིད༔ མཚན་མར་འཛིན་པའི་དྲི་མ་ཡེ་ནས་དག༔ ཀུན་བཟང་རྡོ་རྗེ་འཆང་དབང་འོད་དཔག་མེད༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཧྲཱིཿ ལྷུན་གྲུབ་རང་སྣང་སྐུ་དང་ཞིང་ཁམས་རྫོགས༔ མཚན་དང་དཔེ་བྱད་ངོ་མཚར་མཐའ་ལས་འདས༔ རིགས་ལྔ་རིགས་གསུམ་ལོངས་སྐུའི་རྒྱལ་བ་ལ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཧྲཱིཿ གང་འདུལ་གདུལ་བྱའི་མོས་པ་སྣ་ཚོགས་པར༔ ཐུགས་རྗེའི་དབང་གིས་རྣམ་སྤྲུལ་ཅིར་ཡང་སྟོན༔ ཨོ་རྒྱན་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་ལ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཧྲཱིཿ འཛམ་གླིང་དག་པ་བྱང་ཕྱོགས་བོད་ཡུལ་དུ༔ སངས་རྒྱས་བསྟན་པའི་སྙིང་པོ་གསལ་མཛད་པ༔ མཚོ་རྒྱལ་རིག་འཛིན་རྗེ་འབངས་ལོ་པཎ་ལ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཧྲཱིཿ གསང་ཆེན་བཀའ་དང་གཏེར་བྱོན་དག་སྣང་གིས༔ ལས་ཅན་རྗེས་བཟུང་ཐར་པའི་ལམ་འགོད་

p. 154

པའི༔ བཀའ་སྲོལ་རྣམ་གསུམ་འཆང་མཛད་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ ཧྲཱིཿ སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་དང་༔ བཀའ་གཏེར་མན་ངག་ཟབ་མོའི་སྒོ་ཕྱེ་ནས༔ བརྩེ་བས་སྐྱོང་མཛད་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་དབང་བཞིའི་ཆུ་རྒྱུན་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ སྦྱང་གཞི་སྒོ་གསུམ་མ་དག་སྒྲིབ་བཞིའི་ཚོགས༔ སྦྱོང་བྱེད་དབང་བཞིའི་མན་ངག་ལ་བརྟེན་ནས༔ སྦྱངས་འབྲས་སྐུ་བཞིའི་འབྲས་བུ་མངོན་གྱུར་ཤོག༔ ཕྱི་ལྟར་གཟུང་འཛིན་སྣང་བ་དབང་དུ་འདུས༔ ནང་དུ་རླུང་དང་སེམས་ཉིད་དབང་དུ་འདུས༔ གསང་བ་སྐུ་གསུམ་རིག་པའི་དབང་གྱུར་ནས༔ རོ་གཅིག་བདེ་ཆེན་ཀློང་དུ་འུབས་ཆུབ་ཤོག༔ ཅེས་གསོལ་འདེབས་ཀྱི་རིམ་པ་དད་བརྩོན་ཡང་དག་ལྡན་པ་བསོད་ནམས་ཆོས་བཟང་གིས་བསྐུལ་ངོར་སྔགས་སྨྱོན་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ མངྒ་ལཾ༔ དགེའོ༔

ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྒྲུབ་ཐབས།

p. 155

࿅༔ ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས༔ གུ་རུ་སྣང་སྲིད་ཟིལ་གནོན་པདྨ་རྒྱལ་པོའི་སྒྲུབ་ཐབས་བཞུགས་སོ༔

p. 156

གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ༔ བྱིན་རླབས་འབྱུང་བ་བླ་མའི་སྒྲུབ་ཐབས་ལས༔ གུརུ་སྣང་སྲིད་ཟིལ་གནོན་གྱི་གཅེས་གནད་ལས་བྱང་གི་རིམ་པ་ནི༔ དབེན་ཞིང་བཀྲ་ཤིས་པའི་གནས་སུ་སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་ཚོགས་ཀྱི་དམ་རྫས་དཀྱིལ་འཁོར་སོགས་སྟ་གོན་རྣམས་བྱ༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ ཐམས་ཅད་གདོད་ནས་དག་པ་ལྷ་ཡི་ངང་༔ དེ་ཉིད་མ་རྟོགས་གཉིས་འཛིན་བག་ཆགས་འདྲེ༔ བདག་ཉིད་དྲག་པོའི་བརྟུལ་ཞུགས་ཁྲོ་མཚོན་དང་༔ མེ་དཔུང་འབར་བས་བསྐྲད་གཟིར་བསྲེགས་ཤིང་བརླག༔ ཧཱུྃ་བཞིའི་སྔགས་བརྗོད༔ མཚམས་གཅོད་ནི༔ ཧཱུྃ༔ སྣོད་བཅུད་ཡེ་ཤེས་ཞིང་དུ་ཆལ་མར་བརྡལ༔ འདྲེར་རྟོག་འཛིན་པའི་

p. 157

མཚན་འཛིན་མིང་ཡང་མེད༔ ཁྲོ་ཆུང་ཕྱག་མཚན་མེ་དཔུང་གུར་ཆེན་བཀླུབས༔ གཞོམ་བྲལ་སྲ་བརྟན་རྡོ་རྗེའི་ཕོ་བྲང་བརྩེགས༔ ༀ་བྷྲུཾ་བཛྲ་རཀྵ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ དག་པའི་དབྱིངས་ལས་ཐུགས་རྗེའི་སྐུར་སྣང་བ༔ རྩ་གསུམ་དཀོན་མཆོག་རྒྱ་མཚོའི་དཀྱིལ་འཁོར་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧཱུྃ༔ རང་རིག་ཆོས་སྐུའི་རང་ཞལ་མ་མཇལ་བའི༔ འཁྲུལ་འཛིན་འཁོར་བའི་རྒྱ་མཚོར་འཁྱམས་པའི་འགྲོ༔ ཐབས་མཆོག་རྡོ་རྗེ་ཐེག་

p. 158

པའི་རིམ་གཉིས་ཀྱིས༔ མངོན་སུམ་རྫོགས་བྱང་ལ་འགོད་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི༔ ཧཱུྃ༔ ཆོས་སྐུའི་གདངས་རྩལ་རྩ་གསུམ་འཁོར་ལོའི་སྤྲིན༔ དམ་ཡེ་དབྱེར་མེད་ཐིག་ལེ་ཉག་གཅིག་ངང་༔ སྲིད་ཞིའི་སྙིང་པོ་མཆོག་ལ་ཕྱག་འཚལ་ལོ༔ སྣང་སྲིད་ཀུན་བཟང་རྒྱས་རོལ་རྟག་ཏུ་མཆོད༔ མ་རིག་ཀུན་རྟོག་སྒྲིབ་པས་བཅིངས་པ་བཤགས༔ ཆོས་ཉིད་མཉམ་པ་ཆེན་པོར་རྗེས་ཡི་རང་༔ ཟབ་དོན་རྡོ་རྗེའི་གསུང་དབྱངས་སྒྲོག་པར་བསྐུལ༔ གསང་གསུམ་འཕོ་མེད་འཇའ་སྐུར་རྟག་བརྟན་གསོལ༔ དགེ་བས་ཁམས་གསུམ་གྲོང་ཁྱེར་རྒྱུན་ཆོད་ཤོག༔ མཆོད་པ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ གསུམ༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ བྱིན་འབེབས་ནི༔ ཧཱུྃ༔ འོག་མིན་རབ་འབྱམས་རྡོ་རྗེ་དབྱིངས་ཀྱི་ཚོགས༔ སྤྲུལ་སྐུའི་ཞིང་བརྒྱའི་ཐུབ་པ་བགྲང་ཡས་བཅས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན་སྟོབས༔ སྣོད་བཅུད་ཕུང་ཁམས་ཀུན་ལ་བྱིན་དུ་ཕོབ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཝེ་ཤ་ཡ་ཨ་ཨཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཆོ་འཕྲུལ་གྱི༔ རིག་པ་ཡེ་ཤེས་འོད་ཀྱི་འཕྲོ་འདུ་ལས༔

p. 159

གཞོམ་མེད་མི་ཤིགས་རྡོ་རྗེའི་སྲུང་གུར་དབུས༔ ལྷུན་གྲུབ་མདངས་སྣང་རྒྱལ་བའི་དཀྱིལ་འཁོར་བཀོད༔ བཀྲ་གསལ་རྣམ་མཛེས་འཇའ་འོད་འོད་ཁྱིམ་ཀློང་༔ ཧྲཱིཿ བྱ་བྲལ་སེམས་ཉིད་པདྨ་རྒྱལ་པོ་ནི༔ སྐུ་མདོག་དམར་ལ་མཛེས་འཛུམ་བརྗིད་པའི་ཞལ༔ དར་དམར་བེར་ཕྱམ་དམར་པོ་ལྷབ་ལྷུབ་གསོལ༔ རྒྱལ་པོའི་ཆས་སྤྲས་དབུ་ལ་དར་ཐོད་བཅིང་༔ ཕྱག་གཡས་སྐྱེ་འགྲོ་འཆིང་བྱེད་ལྕགས་སྒྲོག་དང་༔ དབང་གི་སྒྲ་ཆེན་སེང་ལྡེང་ཌཱ་རུ་འཁྲོལ༔ གཡོན་པས་བརྟན་གཡོ་མྱོས་བྱེད་མེ་ལོང་བསྣམས༔ དར་འབོལ་སྟེང་ན་སྐྱིལ་ཀྲུང་འགྱིང་བག་ཚུལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་སྐུ༔ འཇའ་ཐིག་འོད་ཕུང་འོད་དམར་ཟེར་ཞགས་འཕྲོ༔ སྟེང་གི་ཆ་ལ་རྩ་བརྒྱུད་བླ་མ་དང་༔ སངས་རྒྱས་བྱང་སེམས་དགྱེས་བཞིན་མཚན་དཔེ་འབར༔ བར་གྱི་ཆ་ལ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས༔ སྐུ་མདོག་ཕྱག་མཚན་རྣམ་པ་མ་འདྲེས་གསལ༔ གཡས་གཡོན་མདུན་རྒྱབ་ལས་དང་ཡེ་ཤེས་ཀྱི༔ དཔའ་བོ་ཌཱཀྐི་མ་ཚོགས་གླུ་གར་འཁྱུག༔ འོག་ཏུ་བརྒྱུད་

p. 160

གསུམ་དྲེགས་པ་ཆོས་སྐྱོང་སྟེ༔ བཀའ་ཉན་ལས་བྱེད་འདུད་པའི་ཚུལ་དུ་འཁོད༔ ཀུན་ཀྱང་རང་སྣང་དག་པའི་རོལ་པ་ལས༔ བར་མཚམས་མེད་པར་ཐེམ་མེ་ནེམ་མེར་འགེངས༔ རྣམ་པ་གསལ་ལ་དོད་པའི་སྐུ་འབྲས་ཅན༔ བག་དྲོ་ལྷུན་ཆགས་གཟི་བྱིན་འོད་ཕུང་འབར༔ གནས་གསུམ་འོད་འཕྲོས་རབ་འབྱམས་ཞིང་རྣམས་དང་༔ ཁྱད་པར་པདྨ་འོད་ཀྱི་གནས་མཆོག་ནས༔ བསྐྱེད་པའི་རྣམ་པར་སྤྲིན་འཐིབས་ཆར་དུ་བབས༔ སྐུ་འགྱིང་གསུང་བཞད་ཕྱག་མཚན་སྟངས་སྟབས་བསྒྱུར༔ དམ་ཚིག་རྟེན་ལ་སིབ་སིབ་ཐིམ་པར་གྱུར༔ སྤྱན་འདྲེན་པ་ནི༔ ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ གུ་རུ་པདྨ་རྒྱལ་པོ་ཞེས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་

p. 161

སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣོད་བཅུད་ཆོས་ཀྱི་སྐུ་དང་ཞིང་དུ་སད༔ དམ་ཚིག་འཁོར་ལོ་སྣང་སྟོང་སྒྱུ་མའི་བབས༔ ཡེ་ཤེས་འཁོར་ལོ་གནས་ལུགས་གདོད་མའི་གཤིས༔ དབྱེར་མེད་རོ་གཅིག་ངང་དུ་འདྲེས་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ནང་གསལ་གཞོན་ནུ་བུམ་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ཚུལ་རོལ་སྣང་བ་ལོངས་སྤྱོད་རྫོགས༔ གང་འདུལ་དེར་སྟོན་མ་འགགས་སྤྲུལ་པའི་སྐུ༔ སྐུ་གསུམ་འདུས་མ་བྱས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡུལ་དམ་པ་ཐུགས་རྗེ་ཅན་རྣམས་ལ༔ སྟོང་གསུམ་ལྷ་མིའི་བདེ་འབྱོར་ཇི་སྙེད་དང་༔ ཞིང་ཀུན་ཁྱབ་པ་ཡིད་སྤྲུལ་མཆོད་པའི་རྫས༔ དངོས་འབྱོར་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དམ་རྫས་ཚོགས་ཆེན་པོ༔ རྨད་བྱུང་སྦྱོར་སྒྲོལ་རྣམ་དག་ཏིང་འཛིན་གྱིས༔ མཆོད་སྤྲིན་དཔག་

p. 162

ཡས་འབུལ་གྱིས་བཞེས་སུ་གསོལ༔ རྩ་གསུམ་ལྷ་ཚོགས་དགྱེས་པར་ཡོངས་བསྐངས་ནས༔ བྱིན་རླབས་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་པུཥྤེ་སོགས་ཤབྟ་པྲ་ཏི་ཙ་ཨ་ཧཱུྃ་མ་ཧཱ་པཉྩ་རཀྟ་བ་ལིངྟ་ཁཱ་ཧི༔ བདུད་རྩི་ལག་མཆོད་ནི༔ ༀ་ཨཱཿཧཱུྃ༔ ཟག་མེད་བདེ་གཏེར་བདུད་རྩིའི་མཆོད་སྤྲིན་འདི༔ སྐུ་གསུམ་རྩ་བརྒྱུད་བླ་མ་དམ་པར་མཆོད༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་མཆོད༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཐམས་ཅད་མཆོད༔ གྲུབ་གཉིས་ཕུན་ཚོགས་ཚེ་དཔལ་དངོས་གྲུབ་སྩོལ༔ བསྟོད་པ་ནི༔ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ལོངས་སྐུའི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགག་རང་བྱུང་ཡེ་ཤེས་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔

p. 163

འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཐབས་མཁས་རྒྱ་ཆེན་པདྨའི་ལྷོ་ཕྱོགས་སུ༔ ཡེ་ཤེས་ཀློང་ཆེན་པདྨ་རྒྱལ་པོར་སྤྲུལ༔ རིན་ཆེན་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོར༔ ཅིར་སྣང་རིག་པ་གང་ལ་གང་འདུལ་བཞུགས༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཛབ་བཟླས་ནི༔ ཧཱུྃ༔ བདག་མདུན་ཐུགས་ཀའི་ས་བོན་སྔགས་ཕྲེང་ཟེར༔ འཕྲོས་པས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཚུར་འདུས་འཁོར་འདས་སྲོག་བཅུད་དབང་དུ་སྡུས༔ སྣང་གྲགས་ཏིང་འཛིན་ལྷ་སྔགས་འཁོར་ལོར་བཞེངས༔ ༀ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ཎི་ཡེ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ ལས་སྦྱོར་ནི༔ བདག་མདུན་ཐུགས་ཀར་པདྨ་འདབ་བཞིའི་སྟེང་༔ ཧྲཱིཿ དང་ཧ་རི་ནི་སས་མཚན་པ་ལས༔ འོད་དང་ཕེཾ་སྒྲ་བཅས་ཤིང་དྷཱཀྐི་མ༔ དམར་མོ་གྲི་ཐོད་ཐོགས་པས་སྣང་སྲིད་ཁྱབ༔ མཆོག་ཐུན་གང་འདོད་ལྷ་འདྲེ་མི་གསུམ་གྱི༔ སྒོ་གསུམ་ལོངས་སྤྱོད་ཐམས་ཅད་དབང་མེད་བསྡུས༔ སྤྲིན་ལྟར་བཏིབ་ཅིང་ཆར་ལྟར་རབ་ཏུ་བབས༔ ཐམས་ཅད་

p. 164

བདག་གི་དབང་དུ་གྱུར་པར་བསམ༔ རྩ་སྔགས་ཀྱིས་ཁྲིད་དེ༔ ༀ་འགུལ་འགུལ་མ་མ་ཧྲིཾ་ཧྲིཾ༔ མ་མ་ཁ་ཤི་མི་སྙིང་སྒུལ༔ མི་འགྲམ་ཆོག༔ མི་སེམས་དཀྲུགས་ཧྲིཾ་ཧྲིཾ་སྡུས་སྡུས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ནྲྀ་ཨ་ཀ་ཡ་ཛ་ཛ༔ ཞེས་བཟླའོ༔ ༀ་བཛྲ་པུཥྤེ་སོགས༔ ཧཱུྃ༔ རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་བསྟན༔ འཁོར་བར་མ་ཆགས་རོལ་རྩེད་སྣ་ཚོགས་མཛད༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ གུ་རུ་པདྨ་རྒྱལ་པོ་སྤྲུལ་པའི་སྐུ༔ སྐྱེ་འཆི་མེད་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ མཚན་དང་དཔེ་བྱད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་བྲལ་རྣམ་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་སེམས་ལ་བྱིན་གྱིས་རློབས༔ ཟབ་གསལ་ཏིང་འཛིན་ལྟ་བའི་དངོས་གྲུབ་སྩོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་

p. 165

འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚོགས་བྱིན་བརླབ་ནི༔ ༀ་བཛྲ་ཨ་མྲྀ་ཏ་སོགས༔ སྭ་བྷཱ་ཝས་སྦྱངས༔ རཾ་ཡཾ་ཁཾ༔ ཨ་ལས་རང་བྱུང་བྷནྡྷ་ཡངས་པའི་ནང་༔ ཚོགས་རྫས་དངོས་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་ཞུ་སྐོལ་རོ་གཅིག་བསྒྱུར༔ སྲིད་ཞིའི་དྭངས་བཅུད་འབྲུ་གསུམ་རྣམ་པར་ཐིམ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ༀ་ཨཱཿཧཱུྃ་ཧོ༔ ལན་གསུམ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སྒྱུ་འཕྲུལ་གར་མཁན་པདྨ་རྒྱལ་པོ་ལ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ འཁོར་འདས་དྭངས་བཅུད་ངོ་བོར་ཡོངས་སྨིན་པའི༔ འདོད་ཡོན་ཅིར་ཡང་འཆར་བའི་དགའ་སྟོན་འདི༔ གུ་རུ་རྩ་གསུམ་རྒྱལ་བའི་ཚོགས་ལ་འབུལ༔ མཆོད་བཞེས་དམ་བསྐང་དབང་དང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་

p. 166

རུ་དྷེ་ཝ་ཌཱཀྐི་ནི་སརྦ་མ་ཧཱ་གྷ་ན་ཙཀྲ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཚོགས་བཤགས་འབུལ་བ་ནི༔ ཧཱུྃ༔ སྟོང་ཆེན་རིག་པ་ཡེ་ནས་སྐྱོན་བྲལ་ཡང་༔ གློ་བུར་ལྟར་སྣང་དྲི་མས་སྦགས་པས་བསྒྲིབས༔ བླ་མེད་ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ བློ་འདས་ཀློང་ཡངས་ངང་དུ་དག་གྱུར་ཅིག༔ ཚོགས་ཐ་མ་བསྒྲལ་བ་ནི༔ ཨེ༔ དུག་གསུམ་ནད་མཚོན་འཁྲུགས་པའི་ཧོམ་ཁུང་དུ༔ མ་རིག་དུག་ལྔ་ཞིང་བཅུའི་ལུས་སྲོག་ལ༔ སྐུ་གསུམ་དབྱིངས་ཁྲོས་བཛྲ་ཀཱི་ལ་ཡ༔ བཏབ་བོ་གཟུང་འཛིན་སྲོག་རྩ་རྩད་ནས་ཆོད༔ ༀ་བཛྲ་གུ་རུ་པདྨ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི༔ ཧཱུྃ༔ དུག་ལྔ་དུག་གསུམ་བསྒྲལ་བའི་ཚོགས་ཆེན་པོ༔ ཤ་ཁྲག་དོན་སྙིང་རུས་པའི་ལྷུན་པོར་སྤུངས༔ གཏུམ་དྲག་པདྨ་རྒྱལ་པོའི་ཞལ་དུ་བསྟབ༔ བསྟབ་བོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་མ་སྲིང་ཚོགས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་ཕ་འབབ་ལོངས༔ དངོས་འཛིན་མཚན་མའི་བར་ཆད་ཞི་བ་དང་༔ ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་

p. 167

མཛོད༔ བསྐུལ་བ་ནི༔ ཧཱུྃ༔ དོན་དམ་སྟོན་མཛད་རྩ་བརྒྱུད་བླ་མ་དང་༔ ཡེ་ཤེས་རོལ་པའི་རྩལ་སྣང་ཡི་དམ་ལྷ༔ སྤྲུལ་དང་ཡང་སྤྲུལ་མཁའ་འགྲོ་དམ་ཅན་བཅས༔ དབྱིངས་ནས་སྐུར་བསྐྱོད་བདག་གི་གྲོགས་ལ་བྱོན༔ ཐུགས་དམ་ཐུགས་རྗེས་རྣམ་བཞིའི་ཕྲིན་ལས་སྒྲུབས༔ ཁམས་གསུམ་སྲིད་གསུམ་འཁོར་འདས་དབང་དུ་སྡུས༔ སྟོབས་རྩལ་བྱིན་རླབས་ནུས་པ་མཐུ་དཔུང་སྐྱེད༔ ནག་ཕྱོགས་བདུད་སྡེ་དཔུང་བཅས་ཕམ་པར་མཛོད༔ ཆད་མདོ་ནི༔ ཧཱུྃ༔ སྐུ་གསུམ་ཡོན་ཏན་པདྨ་རྒྱལ་པོ་ཡིས༔ གང་འདུལ་དེར་མཐུན་རོལ་གར་བསྟན་པའི་ཚེ༔ དུས་གསུམ་དྲེགས་པ་བརྒྱུད་གསུམ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ དམ་རྫས་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ བསྟན་མ་ནི༔ ཧཱུྃ༔ པདྨའི་བཀའ་སྡོད་རྡོ་རྗེ་དམ་ཅན་མ༔ བསྟན་མ་བཅུ་གཉིས་འཁོར་བཅས་ས་མ་ཛ༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད༔ བྲོ་བརྡུང་བ་ནི༔ ཧཱུྃ༔ གསང་

p. 168

གསུམ་མི་བཟད་དཔལ་དུ་འབར་བའི་གདངས༔ དངོས་སྣང་ཁྲག་འཐུང་གར་གྱི་རྔམ་བྲོ་འཁྲབ༔ དགྲ་བགེགས་གཞོབ་ཀྱི་རྡུལ་བཞིན་ཐལ་བར་འཐག༔ རི་རབ་བརྗིད་མནན་རྡོ་རྗེའི་རྒྱ་ཡིས་བཅིངས༔ ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སརྦ་སྟྭཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ སེམས་ཉིད་བདེ་ཆེན་བདེ་གཤེགས་སྙིང་པོ་ལ༔ སྤྱན་འདྲེན་གཤེགས་བཞུགས་མཚན་མ་མི་དམིགས་ཀྱང་༔ ཀུན་རྫོབ་མོས་བློས་བཏགས་པའི་ཡེ་ཤེས་པ༔ རང་བཞིན་ཆོས་དབྱིངས་ཀློང་དུ་བཛྲ་མུ༔ བསྡུ་རིམ་ནི༔ ཧཱུྃ༔ མཚན་བཅས་དོན་ལ་རྫུན་ལས་བདེན་བྲལ་ཡང་༔ ཐ་མལ་སྣང་ཞེན་འགོག་བྱེད་ལྷ་སྔགས་ལམ༔ མཐའ་ནས་རིམ་བསྡུས་རང་ཡལ་ནམ་མཁའི་ངང་༔ བརྗོད་མེད་གསལ་སྟོང་ཟུང་འཇུག་སྦུབས་སུ་ཐིམ༔ རྒྱུན་སྤྱོད་ནི༔ ཧཱུྃ༔ དེང་ནས་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཚོན་པའི་ཕྱིར༔ གསལ་བཏབ་ཙམ་གྱིས་ཐོགས་མེད་སྣང་གྲགས་ཀུན༔ ལྷ་སྔགས་ཏིང་འཛིན་མཆོད་བསྟོད་རྒྱན་དུ་ཤར༔ བསྔོ་བ་ནི༔ ཧཱུྃ༔ བདག་གཞན་དུས་གསུམ་བསགས་པའི་ཚོགས་

p. 169

གཉིས་སྟོབས༔ གཅིག་བསྡུས་འཁོར་གསུམ་ཡོངས་སུ་དག་པའི་ངང་༔ གློ་བུར་ཁམས་གསུམ་འཁོར་བས་བཅིངས་པ་ཡི༔ འགྲོ་ཀུན་སྐུ་གསུམ་ངོ་བོར་རྫོགས་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ༔ ཟབ་གསང་འོད་གསལ་ཨ་ཏིའི་ཕྲིན་ལས་འཕེལ༔ དཔོན་སློབ་མཆེད་ལྕམ་སྐུ་ཚེ་རྡོ་རྗེར་བརྟན༔ ཁམས་གསུམ་འོད་སྐུ་འཕོ་བ་ཆེན་པོར་ཞིག༔ ཐམས་ཅད་གདོད་མའི་གཏན་སྲིད་ཟིན་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཀ་དག་དགོངས་པའི་ཀློང་༔ ཡི་དམ་ལྷ་ཚོགས་ལྷུན་གྲུབ་ཚོམ་བུར་གསལ༔ མཁའ་འགྲོ་དམ་ཅན་འགག་མེད་ཐུགས་རྗེའི་རྩལ༔ སྐུ་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་དོན་གཉིས་འདོད་པ་ཆེན་པོ་འགྲུབ་པའི་སྒོ་མཐོང་སྟེེ་མན་ངག་ཇི་བཞིན་དུ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

བྱིན་འབེབས་དངོས་གྲུབ་ཆར་འབེབས།

p. 170
p. 171

࿅༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས༔ ཧྲཱིཿ པདྨའི་རིགས་མཆོག་དཀྱིལ་འཁོར་གཙོ༔ སྣང་བ་མཐའ་ཡས་ཐུགས་རྗེ་ཅན༔ བདེ་ཆེན་ཞིང་གི་སྣོད་བཅུད་ཀྱི༔ བྱིན་ཆེན་གནས་འདིར་དབབ་ཏུ་གསོལ༔ མཁའ་ཁྱབ་འགྲོ་བ་ཀུན་གྱི་གཉེན༔ སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན༔ རི་བོ་ཏ་ལའི་སྣོད་བཅུད་ཀྱི༔ བྱིན་ཆེན་གནས་འདིར་དབབ་ཏུ་གསོལ༔ རིག་འཛིན་རྩལ་འཆང་བྱིན་རླབས་གཏེར༔ པདྨ་འབྱུང་གནས་ཐུགས་རྗེ་ཅན༔ པདྨ་འོད་ཀྱི་སྣོད་བཅུད་ཀྱི༔ བྱིན་ཆེན་གནས་འདིར་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ འོག་མིན་ཆོས་དབྱིངས་དབུས་ཀྱི་ཕྱོགས༔ འཐུག་པོ་བཀོད་པའི་ཞིང་ཁམས་ནས༔ རྣམ་པར་སྣང་མཛད་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཤར་གྱི་ཕྱོགས༔ མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ལྷོ་ཡི་ཕྱོགས༔ དཔལ་དང་ལྡན་པའི་ཞིང་

p. 172

ཁམས་ནས༔ རིན་ཆེན་འབྱུང་ལྡན་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ནུབ་ཀྱི་ཕྱོགས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འོད་དཔག་མེད་ཀྱི་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་བྱང་གི་ཕྱོགས༔ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ དོན་ཡོད་གྲུབ་པའི་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཞིང་ཁམས་མུ་མཐའ་མེད་པ་ནས༔ སྤྲུལ་སྐུའི་སངས་རྒྱས་དེ་ཉིད་དང་༔ བྱང་སེམས་དགྲ་བཅོམ་ཉན་ཐོས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ ཁྲག་འཐུང་ཁྲོ་བོ་རོལ་པའི་ཞིང་༔ དུར་ཁྲོད་མེ་རི་འབར་བ་ནས༔ གཞོན་ནུ་དཔའ་བོ་སྟོབས་ལྡན་ནི༔ གང་འདུལ་ཁྲོ་བོའི་སྐུར་སྟོན་པས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔

p. 173

འགག་མེད་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ མི་གཡོ་ཐུགས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་ཡང་དག་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པ་ནས༔ བཅོམ་ལྡན་ཆེ་མཆོག་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྣང་སྲིད་བདེ་ཀློང་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ བསྟན་པ་སྲུང་མཛད་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་

p. 174

ཏུ་གསོལ༔ དྲག་པོ་མངོན་སྤྱོད་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ སྐུ་གསུམ་ཞིང་དང་ཨོ་རྒྱན་གནས༔ རྡོ་རྗེ་ཁྲོས་མ་དགྱེས་མཛད་མ༔ སྐུ་གསུམ་མཁའ་འགྲོ་འབུམ་གྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ ཞི་མཛད་བདེ་ཆེན་དཀར་མོ་ལ༔ རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས༔ རྒྱས་མཛད་དོན་གྲུབ་སེར་མོ་ལ༔ རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ དབང་མཛད་དམར་མོ་སྒྲ་སྒྲོག་མ༔ རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས༔ དག་མཛད་སྣ་ཚོགས་མཐར་ཕྱིན་མ༔ རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ གནས་འདིར་བྱིན་ཆེན་

p. 175

དབབ་ཏུ་གསོལ༔ གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པ༔ བྱེ་བ་དུང་ཕྱུར་ཚོགས་དང་བཅས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ མཆོད་པའི་ལྷ་མོ་སེམས་མ་བརྒྱད༔ གནས་ཀྱི་ཀོའུ་རི་མ་མོ་བརྒྱད༔ རྩི་སྨན་ལྷ་མོ་བཅུ་དྲུག་པོས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ལྷ་ཀླུ་མི་ཡི་རིག་འཛིན་དང་༔ དུས་གསུམ་རིག་འཛིན་རྒྱ་མཚོའི་ཚོགས༔ མ་ལུས་ལུས་པ་མེད་པ་ཡིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྨན་གྱི་ལྷ་དང་ལྷ་མོ་དང་༔ དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས༔ ཕན་དང་བྱམས་པའི་སེམས་ལྡན་རྣམས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག༔ ནག་པོ་ཆེན་པོ་གཙོ་དང་འཁོར༔ དྲེགས་པ་ཕོ་རྒྱུད་བསྟན་སྲུང་རྣམས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཨེ་ཀ་ཛཱ་ཏི་དབྱིངས་ཀྱི་ཡུམ༔ དབང་ཕྱུག་རེ་ཏི་མཆེད་སྡེ་བཞི༔ བསྟན་སྲུང་མོ་རྒྱུད་སྤྲུལ་འཁོར་

p. 176

བཅས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ རྒྱལ་བའི་ཞལ་མཐོང་དམ་ཚིག་ཅན༔ དཔལ་མགོན་བདུན་ཅུ་དྲེགས་སྡེ་འབུམ༔ དཀར་ཕྱོགས་སྐྱོང་བའི་ཚོགས་རྣམས་ཀྱིས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཧཱུྃ༔ ཡང་ཅིག་བྱིན་རླབས་རྨད་བྱུང་བ༔ ལྷོ་ནུབ་རྔ་ཡབ་གླིང་མཆོག་ནས༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ གང་འདུལ་གདུལ་བྱ་དབང་སྡུད་ཕྱིར༔ པདྨ་རྒྱལ་པོའི་སྐུར་བཞེངས་ནས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དངུལ་གྱི་སྙན་ཆ་ཆི་ལི་ལི༔ བྷནྡྷའི་རྔ་རྡུང་ལྡི་རི་རི༔ དར་གྱི་ཅོད་པན་པུ་རུ་རུ༔ དཔའ་བོས་གར་བྱེད་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ ཞུབ་ཆེན་སྟོང་སྒྲ་སི་ལི་ལི༔ དམ་ཅན་ལས་ལ་ཤ་ར་ར༔ འཇའ་ཟེར་འོད་ཕུང་ཡ་ལ་ལ༔ བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ༔ དེང་གི་སྒྲུབ་པའི་གནས་མཆོག་འདིར༔ སྒྲུབ་པའི་དམ་རྫས་དཀྱིལ་འཁོར་དང་༔ རིག་འཛིན་རྣལ་འབྱོར་མཆེད་ལྕམ་

p. 177

ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་མ་བཟང་པོ་སྟོན༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ འཛབ་དབྱངས་ཤིང་བྲོ་གར་དང་མ་འགགས་པའི་སྤྱོད་པ་སྐྱོང་༔ དེར་དངོས་ཉམས་བྱིན་ཀྱིས་བརླབས་པའི་རྟགས་འབྱུང་ངོ་༔ སྐྱབས་མགོན་དབོན་རིན་པོ་ཆེ་མཆོག་སྤྲུལ་བསྟན་པའི་ཉི་མའི་བཞེད་པ་ལྟར་ལས་རབ་རྩལ་གྱིས་སྦྱར་བ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔

ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཐུགས་དམ་བསྐང་བའི་རིམ་པ།

p. 178
p. 179

࿅༔ ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས༔ གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཐུགས་དམ་བསྐང་བའི་རིམ་པ་བཞུགས་སོ༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཉམས་ཆག་བསྐང་ཞིང་དངོས་གྲུབ་སྩོལ་བའི་ཕྱིར༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ བཀའ་བཞིན་སྒྲུབ་དང་མོས་གུས་གཏོང་ཕོད་ཀྱིས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྐྱེད་རྫོགས་འཛབ་ཀྱི་འཕྲོ་འདུས་སྙིང་པོ་ཡིས༔ ཡི་དམ་ཞི་དང་ཁྲོ་བོའི་ཐུགས་དམ་བསྐང་༔ རྩ་ཐིག་རླུང་གསུམ་བདེ་སྟོང་དབྱེར་མེད་ཀྱིས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ རྟེན་རྫས་སྒྲུབ་རྫས་གཏོར་ཚོགས་མཆོད་པ་ཡིས༔ ཡེ་ཤེས་འཇིག་རྟེན་སྲུང་མའི་ཐུགས་དམ་བསྐང་༔ ཧཱུྃ༔ གདོད་ནས་མ་སྐྱེས་སྐུ་གསུམ་མཛད་པ་རྫོགས༔ གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང་༔ ཀུན་ཁྱབ་བརྡལ་བ་ཆེན་པོ་ཡངས་པའི་ཀློང་༔ བྷུདྡྷ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ མི་འགྱུར་མི་ཤིགས་སྟོང་གསལ་དག་པའི་ངང་༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་ཡེ་ཤེས་

p. 180

ཆེན་པོར་གཅིག༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ སྐྱོན་བྲལ་མ་འདྲེས་རང་རིག་ངོ་བོར་རྫོགས༔ པདྨ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དོན་གཉིས་མཐར་ཕྱིན་འགག་མེད་ཐུགས་རྗེ་འཆར༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དག་པའི་གདངས་རྩལ་སྣ་ཚོགས་ཕྲིན་ལས་བདག༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྟན་པ་སྲུང་བའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ འདོད་ཡོན་རྣམ་མང་ཀུན་བཟང་མཆོད་སྤྲིན་གཏིབས༔ སྨན་རཀ་གཏོར་ཚོགས་དམ་རྫས་འབྱམས་སུ་ཀླས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་དཔག་ཡས་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་དག་པ་དང་༔ རྩེ་གཅིག་ཟོལ་མེད་གདུང་ཤུགས་དྲག་པོ་ཡིས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས་གྱུར་ཅིག༔ བྱིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ བདག་སོགས་ཐོག་མེད་མ་རིག་

p. 181

དབང་གྱུར་པའི༔ ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པས་བཅིངས༔ མདོ་སྔགས་ཐེག་པ་རིམ་དགུའི་ལུང་དང་འགལ༔ སོ་ཐར་བྱང་སེམས་སྔགས་ཀྱི་དམ་ཚིག་ཉམས༔ མི་གསང་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ སྐྱབས་མཆོག་རྩ་གསུམ་སྤྱན་སྔར་མཐོལ་ལོ་བཤགས༔ ཚངས་པ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སེམས་ཉིད་རྒྱལ་པོ་ཡེ་ནས་ཀུན་ཏུ་བཟང་༔ སེམས་སྣང་འཁྲུལ་སྣང་དྲི་མའི་གཡའ་དང་བྲལ༔ བཤགས་བྱ་བཤགས་བྱེད་དམིགས་ཡུལ་མཚན་མ་དག༔ སྤྲོས་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་རོལ༔ ཞེས་ཡིག་བརྒྱ་བཤགས་ཚིག་མང་དུ་བརྗོད༔ ཅེས་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ དགེའོ༔

ཐོད་ཕྲེང་རིགས་ལྔའི་བསྐུལ་བྱང་ཚེ་གཡང་ཁ་སྤྲོད།

p. 182
p. 183

༄༅། །ཐོད་ཕྲེང་རིགས་ལྔའི་བསྐུལ་བྱང་ཚེ་གཡང་ཁ་སྤྲོད་བཞུགས་སོ། །ཧཱུྃ། བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་ནས། །གུ་རུ་བྷུདྡྷ་ཐོད་ཕྲེང་རྩལ། །སྐུ་མདོག་སྨུག་ལ་གཟི་འོད་འབར། །ཕྱག་ན་འཁོར་ལོ་ཚེ་བུམ་བསྣམས། །སངས་རྒྱས་མཁའ་འགྲོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །ཆོས་དབྱིངས་ཡེ་ཤེས་ཚེ་དབང་དང་། །དབུས་ཕྱོགས་སྐྱེ་འགྲོའི་དཔལ་དང་གཡང་། །གནས་འདིར་ཁུག་ལ་བདག་ལ་སྩོལ། །གླུ་ནི་ལྷུན་གྱིས་གྲུབ་པའི་གླུ། །བྲོ་ནི་མཐའ་དབུས་བྲལ་བའི་བྲོ། །ཚེ་དང་གཡང་གི་བཀྲ་ཤིས་ཤོག །བདག་ཅག་འདུས་པའི་མཆེད་ལྕམ་རྣམས། །བདུད་དང་དགྲ་ལས་རྒྱལ་གྱུར་ཅིག །ཧཱུྃ། བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས། །གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མདོག་དཀར་པོ་གཟི་འོད་འབར། །ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས། །རྡོ་རྗེ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །མེ་ལོང་ཡེ་ཤེས་ཚེ་དབང་

p. 184

དང་། །ཤར་ཕྱོགས་སྐྱེ་འགྲོའི་དཔལ་དང་གཡང་། །གནས་འདིར་ཁུག་ལ་བདག་ལ་སྩོལ། །གླུ་ནི་གསལ་སྟོང་དག་པའི་གླུ། །བྲོ་ནི་འགྱུར་བ་མེད་པའི་བྲོ། །ཚེ་དང་གཡང་གི་བཀྲ་ཤིས་ཤོག །བདག་ཅག་འདུས་པའི་མཆེད་ལྕམ་རྣམས། །བདུད་དང་དགྲ་ལས་རྒྱལ་གྱུར་ཅིག །ཧཱུྃ། བདེ་གཤེགས་ཡོན་ཏན་དཀྱིལ་འཁོར་ནས། །གུ་རུ་རཏྣ་ཐོད་ཕྲེང་རྩལ། །སྐུ་མདོག་སེར་པོ་གཟི་འོད་འབར། །ཕྱག་ན་རཏྣ་ཚེ་བུམ་བསྣམས། །རིན་ཆེན་མཁའ་འགྲོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །མཉམ་ཉིད་ཡེ་ཤེས་ཚེ་དབང་དང་། །ལྷོ་ཕྱོགས་སྐྱེ་འགྲོའི་དཔལ་དང་གཡང་། །གནས་འདིར་ཁུག་ལ་བདག་ལ་སྩོལ། །གླུ་ནི་ཡོན་ཏན་རྫོགས་པའི་གླུ། །བྲོ་ནི་མཉམ་པ་ཆེན་པོའི་བྲོ། །ཚེ་དང་གཡང་གི་བཀྲ་ཤིས་ཤོག །བདག་ཅག་འདུས་པའི་མཆེད་ལྕམ་རྣམས། །བདུད་དང་དགྲ་ལས་རྒྱལ་གྱུར་ཅིག །ཧཱུྃ། བདེ་གཤེགས་གསུང་གི་དཀྱིལ་འཁོར་ནས། །གུ་རུ་པདྨ་ཐོད་ཕྲེང་རྩལ། །སྐུ་མདོག་དམར་པོ་གཟི་འོད་

p. 185

འབར། །ཕྱག་ན་པདྨ་ཚེ་བུམ་བསྣམས། །པདྨ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སོར་རྟོག་ཡེ་ཤེས་ཚེ་དབང་དང་། །ནུབ་ཕྱོགས་སྐྱེ་འགྲོའི་དཔལ་དང་གཡང་། །གནས་འདིར་ཁུག་ལ་བདག་ལ་སྩོལ། །གླུ་ནི་བདེ་བ་ཆེན་པོའི་གླུ། །བྲོ་ནི་ཆགས་མེད་རིག་པའི་བྲོ། །ཚེ་དང་གཡང་གི་བཀྲ་ཤིས་ཤོག །བདག་ཅག་འདུས་པའི་མཆེད་ལྕམ་རྣམས། །བདུད་དང་དགྲ་ལས་རྒྱལ་གྱུར་ཅིག །ཧཱུྃ། བདེ་གཤེགས་ཕྲིན་ལས་དཀྱིལ་འཁོར་ནས། །གུ་རུ་ཀརྨ་ཐོད་ཕྲེང་རྩལ། །སྐུ་མདོག་ལྗང་གུ་གཟི་འོད་འབར། །ཕྱག་ན་རྒྱ་གྲམ་ཚེ་བུམ་བསྣམས། །ལས་ཀྱི་མཁའ་འགྲོའི་འཁོར་གྱིས་བསྐོར། །ཁྱེད་ཀྱི་ཐུགས་དམ་གནད་ནས་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །བྱ་གྲུབ་ཡེ་ཤེས་ཚེ་དབང་དང་། །བྱང་ཕྱོགས་སྐྱེ་འགྲོའི་དཔལ་དང་གཡང་། །གནས་འདིར་ཁུག་ལ་བདག་ལ་སྩོལ། །གླུ་ནི་ཕྲིན་ལས་མཐར་ཕྱིན་གླུ། །བྲོ་ནི་ཐོགས་མེད་ཤུགས་འབྱུང་བྲོ། །ཚེ་དང་གཡང་གི་བཀྲ་ཤིས་

p. 186

ཤོག །བདག་ཅག་འདུས་པའི་མཆེད་ལྕམ་རྣམས། །བདུད་དང་དགྲ་ལས་རྒྱལ་གྱུར་ཅིག །ཅེས་པ་འདི་སྐྱབས་མགོན་དབོན་རིན་པོ་ཆེའི་སྤྲུལ་སྐུའི་བཀས་བསྐུལ་ཕེབས་པ་ལ་བརྟེན་ནས་རུ་དམ་དཔལ་གྱི་ཆོས་འཁོར་ཆེན་པོར་ལས་རབ་རྩལ་གྱིས་བརྗོད་པ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་མེ་མཆོད།

p. 187

࿅༔ ཟབ་གསང་རྡོ་རྗེའི་ཀློང་སྒྲོམ་ལས༔ གུ་རུ་སྣང་སྲིད་ཟིལ་གནོན་གྱི་མེ་མཆོད་བཞུགས༔ བྷྲུཾ་ལས་ཟབ་ཡངས་བྷནྡྷའི་སྣོད་ནང་དུ༔ བསྲེག་རྫས་འབྲུ་གསུམ་ཞུ་བའི་བདུད་རྩི་ནི༔ རྣམ་པ་མཁོ་དགུའི་ལོངས་སྤྱོད་འཛད་མེད་གཏེར༔ བྱེད་ལས་མགྲོན་རྣམས་བདེ་བས་ཚིམ་ནུས་གྱུར༔ ༀ་ཨཱཿཧཱུྃ་ཧོ༔ ༀ་ཨཱགྣེ་ཡེ་ཛྭ་ལ་རཾ༔ རཾ་ལས་དབང་གི་མེ་ཐབ་ཟླ་གམ་དབུས༔ ཡེ་ཤེས་མེ་དཔུང་རབ་འབར་འཁྲུགས་པའི་ཀློང་༔ ཧྲཱིཿ ཡིག་དམར་པོའི་འཕྲོ་འདུ་ཡོངས་གྱུར་པས༔ འཁོར་འདས་བདག་གིར་བྱེད་པའི་རྣལ་འབྱོར་མ༔ དམར་མོ་ཞི་ཁྲོའི་ཉམས་ལྡན་གྲི་ཐོད་འཛིན༔ བདེ་ཉམས་གར་འཁྱུགས་ཆགས་པའི་ཉམས་ཀྱིས་རོལ༔ སྤྱི་བོའི་གཙུག་ན་པདྨ་རྒྱལ་པོས་བརྒྱན༔ རཱ་གའི་མདངས་ལྡན་རྒྱལ་པོའི་ཆས་ཀྱིས་བརྗིད༔ རིགས་བཞིའི་མཁའ་འགྲོ་འཁོར་ཚོགས་འབུམ་འབུམ་རྣམས༔ སྐུ་མདོག་ཕྱག་མཚན་དབྱིངས་ཀྱི་གཙོ་མོ་བཞིན༔ ཀུན་ཀྱང་བརྟན་གཡོ་འགུགས་པའི་ལས་མཛད་མ༔ ཛཿརྣམ་དག་མཁའ་སྤྱོད་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་ཀྱི་མཁའ་

p. 188

འགྲོ་ཁྲི་འབུམ་བྱེ་བའི་ཚོགས༔ ཐམས་ཅད་དབང་དུ་སྡུད་པའི་དཀྱིལ་འཁོར་འདིར༔ ཐུགས་དམ་དབང་གིས་མ་ཐོགས་མྱུར་དུ་གཤེགས༔ ཡེ་ཤེས་འབར་བའི་མེ་དང་མཉམ་པར་བཞུགས༔ བསྲེག་རྫས་བདུད་རྩིའི་མཆོད་པ་དམ་པ་བཞེས༔ ཁམས་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཅེས་རྩ་སྔགས་སྦྲེལ་མ་གྲངས་མང་དུ་འབུལ་ལ༔ ཧཱུྃ༔ ཆོས་ཉིད་རྣམ་པར་དག་པའི་བྱིན་རླབས་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་ནུས་མཐུ་དང་༔ ཡེ་ཤེས་འབར་བའི་མེ་ཡི་དཀྱིལ་འཁོར་དུ༔ རིགས་ལྔའི་མཁའ་འགྲོའི་དཀྱིལ་འཁོར་རབ་འབྱམས་པར༔ ཀུན་བཟང་མཆོད་སྤྲིན་བསྲེགས་སྦྱངས་གཟི་བརྗིད་ཀྱིས༔ སྣང་སྲིད་མཁའ་འགྲོས་ཡོངས་གང་ལས་བྱེད་མ༔ ཕཊ་དང་ཕེཾ་སྒྲར་བཅས་ཤིང་བརྟན་གཡོ་ཡི༔ ཟག་མེད་མྱང་འདས་རྒྱལ་བའི་ཐུགས་རྗེ་ནི༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་དང་༔ ཟག་བཅས་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་དང་༔ སྒོ་གསུམ་ལུས་དང་ལོངས་སྤྱོད་མ་ལུས་པ༔ སོ་སོའི་གཟུགས་དང་བཀྲ་ཤིས་རྫས་རྟགས་དང་༔ རིན་ཆེན་སྣ་ལྔ་སྣ་བདུན་རྣམ་པ་རུ༔ སྦུར་མ་

p. 189

རླུང་གིས་བདས་པའི་ངང་ཚུལ་གྱིས༔ ཐོགས་པ་མེད་པར་དབང་དུ་ཡོངས་བསྡུས་ནས༔ རྣལ་འབྱོར་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ སྲིད་ཞི་དབང་དུ་བྱས་པ་དེ་ཀུན་ཀྱང་༔ དངོས་འཛིན་ཨ་འཐས་འཁོར་བར་མི་འཕྱན་ཞིང་༔ དམིགས་བྲལ་སྟོང་ཉིད་སྙིང་རྗེས་རྒྱས་བཏབ་ནས༔ མཐར་ཐུག་དོན་གྱི་ཀུན་བཟང་པདྨ་འབྱུང་༔ དབྱེར་མེད་ཆོས་སྐུའི་ཀློང་དུ་བྱང་ཆུབ་ཤོག༔ མེ་ལྷའི་མགྲོན་རྣམས་རང་གི་ཐུགས་ཀར་ཐིམ༔ དམ་ཚིག་ལྷ་སྐུ་མེ་ཡི་རྣམ་པར་གྱུར༔ ཨ་ཨཱཿཞེས་སྤྲོས་བྲལ་གྱི་རྒྱས་བཏབ་ཅིང་ཐུན་མཚམས་ཀྱི་ལྷ་སྐུར་ལྡང་བ་སོགས་སྤྱི་ལྟར་བྱའོ༔ ཞེས་པའང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔

གུ་རུ་པདྨ་རྒྱལ་པོའི་ཆོ་གའི་སྨོན་ལམ་དྲང་སྲོང་བདེན་ཚིག

p. 190
p. 191

࿅༔ གུ་རུ་པདྨ་རྒྱལ་པོའི་ཆོ་གའི་སྨོན་ལམ་དྲང་སྲོང་བདེན་ཚིག་ཅེས་བྱ་བ་བཞུགས༔ རྒྱལ་བའི་དཀྱིལ་འཁོར་དབང་ཕྱུག་པདྨ་འབྱུང་༔ སྲིད་ཞིར་དབང་བསྒྱུར་སྐུར་བསྟན་པདྨ་རྒྱལ༔ བསྙེན་སྒྲུབ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས༔ ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག༔ ཐུབ་བསྟན་མདོ་སྔགས་སྤྱི་དང་ཁྱད་པར་དུ༔ སྔ་འགྱུར་ཆོས་རྒྱལ་ལོ་པཎ་བཞེད་པའི་སྲོལ༔ བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་ཡི༔ བཤད་སྒྲུབ་རྒྱས་ཤིང་ཡུན་རིང་གནས་པར་ཤོག༔ ཟབ་གཏེར་སྤྱི་དང་ཁྱད་པར་དུས་བབ་ཆོས༔ རྒྱ་འགྱུར་དགོངས་པ་མ་འཁྱུགས་པདྨའི་གསུང་༔ བྱིན་རླབས་ན་བུན་འཐིབས་པའི་གཏེར་གསར་ཆོས༔ སཱུ་ཀིརྟིའི་སྒྲུབ་ཕྲིན་རྒྱས་པར་ཤོག༔ རྡོ་རྗེ་སློབ་དཔོན་སྐུ་ཚེ་བརྟན་པ་དང་༔ རྡོ་རྗེའི་མཆེད་ལྕམ་དམ་ཚིག་གཙང་བ་དང་༔ དཀྱིལ་འཁོར་གཉན་པོ་བཀྲ་ཤིས་བྱིན་ལྡན་ཞིང་༔ དོན་གཉིས་ཕྲིན་ལས་གོང་ནས་གོང་འཕེལ་ཤོག༔ འཇིག་རྟེན་ཁམས་སུ་ལོ་ལེགས་འབྲུ་འཕེལ་ཞིང་༔ ནད་མཚོན་མུ་གེའི་སྐལ་ངན་རྒྱུན་ཆད་དེ༔ རྒྱལ་པོ་རྣམས་ཀྱང་

p. 192

ཆོས་བཞིན་རབ་སྤྱོད་ཅིང་༔ རྫོགས་ལྡན་གསར་པ་རྟག་ཏུ་འཆར་བར་ཤོག༔ འདིར་འཚོགས་དཔོན་སློབ་མཆེད་ལྕམ་འཁོར་དང་བཅས༔ ཚེ་རིང་དཔལ་འཕེལ་བསྐྱེད་རྫོགས་མཐར་ཕྱིན་ཅིིང་༔ ལྷ་དང་མཁའ་འགྲོས་ཞལ་སྟོན་དབང་བསྐུར་ཞིང་༔ མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས་པར་ཤོག༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེན་པོ་དང་༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མཐར་ཕྱིན་ཏེ༔ རྒྱལ་བ་ཀུན་དང་དགོངས་པ་མཉམ་གྱུར་ནས༔ འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་ནུས་ཤོག༔ འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས༔ བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ༔ གཙོ་འཁོར་ཚོམ་བུ་གཅིག་ཏུ་འཚོགས་ནས་ཀྱང་༔ པད་འབྱུང་རིགས་ཀྱི་བདག་པོ་བྱེད་པར་ཤོག༔ དམ་པ་རྣམས་ཀྱི་བསྟན་པ་སྲུང་བ་དང་༔ ཡུལ་ལྷ་དགེ་བསྙེན་དཀར་པོའི་ཕྱོགས་སྐྱོང་ཞིང་༔ འབྱུང་པོ་ཀུན་ཀྱང་གདུག་རྩུབ་ཡོངས་སྤངས་ནས༔ སེམས་ཅན་ཀུན་ཀྱང་བདེ་ཞིང་ཆོས་སྤྱོད་ཤོག༔ མ་དག་སྨོན་ལོག་བདུད་དང་མུ་སྟེགས་ཚོགས༔ བསམ་སྦྱོར་ངན་པའི་ནུས་པ་མིང་མེད་དུ༔ མཐུ་སྟོབས་བདེན་པའི་

p. 193

སྟོབས་ཀྱིས་བཅོམ་ནས་ཀྱང་༔ རྒོལ་བ་ངན་པའི་ཚོགས་རྣམས་ཚར་གཅོད་ཤོག༔ འདིས་མཚོན་འཁོར་འདས་དུས་གསུམ་དགེ་བའི་ཚོགས༔ དོན་དམ་ཐིག་ལེའི་ཀློང་དུ་འུབས་ཆུབ་ཅིང་༔ བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་འཛིན་མེད་པར༔ དགེ་ཚོགས་ཆོས་དབྱིངས་རྒྱ་མཚོར་འཇུག་པར་ཤོག༔ མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དངས༔ ཞིང་དང་བསམ་པ་རྣམ་པར་དག་པའི་མཐུས༔ བདག་ཅག་རིག་འཛིན་འདུས་པའི་ཚོགས་རྣམས་ཀྱིས༔ ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ གུ་རུ་པདྨ་རྒྱལ་པོའི་སྨོན་ལམ་དྲང་སྲོང་བདེན་ཚིག་འདི་བསྟན་པའི་སྲོག་ཤིང་རྗེ་བླ་མ་དབོན་རིན་པོ་ཆེ་མཆོག་གི་སྤྲུལ་སྐུ་བསྟན་པའི་ཉི་མའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེའོ༔ མངྒ་ལཾ༔

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཐབས་ངག་ཁྲིགས་སུ་བཀོད་པ་དངོས་གྲུབ་ཆར་འབེབས།

p. 194
p. 195

༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཐབས་ངག་ཁྲིགས་སུ་བཀོད་པ་དངོས་གྲུབ་ཆར་འབེབས་བཞུགས་སོ། །

p. 196

གཞལ་ཡས་ཆེན་པོའི་ཕྱོགས་བཞི་བར་ཁྱམས་དང་། །གྲུ་ཆད་གློ་འབུར་རིག་འཛིན་མཁའ་འགྲོས་ཁེངས། །ལྷ་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས། །ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་འབུལ། །མ་མོ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དཔག་ཡས་ཞིང་གི་རྒྱལ་ཀུན་སྐྱེད་པའི་ཡུམ། །མཚོ་རྒྱལ་དབྱིངས་ཀྱི་མཁའ་འགྲོར་ཕྱག་འཚལ་ནས། །གང་གི་སྒྲུབ་ཕྲིན་ཆོ་གའི་རིམ་པ་ནི། །དངོས་གྲུབ་ཆར་འབེབས་ཉིད་དུ་དེང་འདིར་སྤེལ། །དེ་ཡང་འདི་ཉིད་ཉམས་སུ་ལེན་པར་འདོད་པས་རྫས་དང་ཡོ་བྱད་རྣམས་ལེགས་པར་བསྒྲུབས་ནས་ཐོག་མར་འབྱུང་གཏོར་བཏང་ཞིང་བགེགས་ལ་

p. 197

བཀའ་བསྒོ་བ་ནི། རཾ་ཡཾ་ཁཾ། གསུམ། བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་བསམ། ༀ་ཨཱཿཧཱུྃ། གསུམ། ཧཱུྃ། ཉོན་ཅིག་བགེགས་དང་འབྱུང་པོ་རྣམས། །བྱང་ཆུབ་སྒྲུབ་ལ་མི་དགའ་བའི། །བདུད་སྡེ་དཔུང་དང་བཅས་པ་རྣམས། །ང་ནི་རབ་འཇིགས་ཁྲོ་བོའི་རྒྱལ། །ང་ཡི་བཀའ་ལས་མ་འདའ་བར། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཁྲོ་བོ་ཁྲོ་མོའི་ཚོགས་བཅས་ཀྱིས། །ཁྱེད་ཀྱི་ལུས་ངག་ཡིད་

p. 198

དང་བཅས། །བརླག་པར་འགྱུར་ཞིང་གཞན་དུ་མིན། །དེ་བས་མ་འདུག་གཞན་དུ་དེངས། །ༀ་སུཾ་བྷ་ནི་སོགས། མཚམས་གཅོད་ནི། ཧཱུྃ། ང་ནི་རབ་འཇིགས་ཁྲོ་བོ་ཁྲོས་པའི་སྐུ། །མཚོན་ཆའི་འཁོར་ལོ་ཁྲོ་ཚོགས་དཔག་མེད་འཕྲོ། །རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་། །དབྱུག་ཏོ་ལ་སོགས་རྒྱ་གྲམ་ཕུར་བུའི་གུར། །ཡེ་ཤེས་ལྔ་ཡི་མེ་དཔུང་ལྔ་རུ་འབར། །ཁྲོ་ཆུང་ཡཀྴ་མང་པོ་སྐར་ལྟར་འཁྲུགས། །སྒྲུབ་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་བྱེད། །སྟེང་འོག་ཕྱོགས་བཞི་ཀུན་ཏུ་ཁྱབ་པར་སྲུངས། །བཀའ་དང་མཚམས་ལས་སུ་ཡང་འདའ་མ་བྱེད། །ༀ་བཛྲ་ཙཀྲ་ཏིག་ན་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཛྭ་ལ་རཾ་ཡཀྴ་ཀྲོ་ཏ་ཛྭ་ལ་མཎྜལ་ལ་ཧཱུྃ་ཕཊ། སྐྱབས་སུ་འགྲོ་བ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་

p. 199

པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མཆོད་པ་བྱིན་གྱིས་བརླབ་པ་ནི་ཆུ་གཙང་གིས་བྲནཞིང་། ༀ་བཛྲ་ཨ་མྲྀ་ཏ་སོགས། ༀ་སྭ་བྷཱ་ཝ་སོགས། ཕྱི་ནང་གསང་གསུམ་གྱི་མཆོད་རྫས་སྨན་གཏོར་རཀྟ་དང་བཅས་པའི་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་མཆོད་རྫས་རྟེན་རྫས་སྒྲུབ་རྫས་སྐོང་རྫས་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ་བརྗོད། མཆོད་པའི་སྤྲིན་གཟུངས་སོགས། དེ་ནས་ལྷ་བསྐྱེད་པ་ནི་ལྕེ་ལ་ཨ་མྲྀ་ཏ་གཞན་དཔྲལ་བར་སིན་དྷུ་རའི་ཐིག་ལེ་བྱས་ལ། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སྲུང་བའི་གུར་ཁང་གཞོམ་གཞིག་དང་བྲལ་བའི་ནང་དུ་གཞལ་ཡས་ཀྱི་ཁང་པ་མཚན་ཉིད་དང་ཡོན་ཏན་ཕུན་སུམ་ཚོགས་པའི་དབུས་སུ་སྐད་ཅིག་གིས་བདག་ཉིད་ཡེ་ཤེས་མཚོ་རྒྱལ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན། དཀར་ལ་དམར་བའི་མདངས་དང་ལྡན་པ་མཁུར་ཚོས་གཉིས་རྒྱ་སྐག་ལྟར་དམར་བ་ཤིན་ཏུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། དབུ་སྐྲ་སེར་ཞིང་འབོལ་ལ་ལི་བ་བོད་མོའི་མཛེས་ཐབས་སུ་བརྫིས་པ་ལ་གསེར་གཡུ་མུ་

p. 200

ཏིག་གི་ཐོད་ལ་རིན་པོ་ཆེ་སྣ་ལྔའི་ཕྲས་མཚན་པ་དཔྲལ་བ་ན་རྒྱ་གཡུ་ཟླ་བ་འཁྱིལ་བ་དང་སྤྱི་གཙུག་ན་ནོར་བུ་རིན་པོ་ཆེ་འོད་འབར་བས་མཚན་པ་སྐུ་ལ་དར་སྔོ་དམར་གྱི་ན་བཟའ་གཉིས་བརྩེགས་གསོལ་བ། མགུལ་ལ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་། གསེར་གཡུ་མུ་ཏིག་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མུ་ཏིག་གི་སྐུ་རགས་པདྨ་རཱ་གའི་ཕྲ་ཅན་བཅིང་བ་ཕྱག་གཉིས་མཉམ་བཞག་ཀ་པཱ་ལའི་ནང་དུ་རིན་པོ་ཆེ་འབར་བས་མཚན་པ་དཔྲལ་བར་སིནྡྷུ་རའི་ཐིག་ལེས་མཚན་པར་བསྒོམ། རང་གི་རྩ་གནས་སུ་ཡང་མཁའ་འགྲོ་མ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ཙམ་གྱིས་གང་བར་བསམ་ལ་བདག་མདུན་གྱི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྤྱན་དྲངས། ཐོད་རྔ་དྲིལ་བུ་ལ་སོགས་པས་སྒྲ་སྒྲོགས་ཤིང་དབྱངས་སྙན་པོས་སྤྱན་དྲང་བ་ནི། ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །མཁའ་འགྲོ་བདེ་ཆེན་རང་བཞིན་དག་པའི་ཡུམ། །དངོས་གྲུབ་མ་ལུས་མྱུར་དུ་སྩོལ་བའི་ལྷ། །མ་ཅིག་མཁའ་འགྲོ་གནས་

p. 201

འདིར་གཤེགས་སུ་གསོལ། །བདེ་ཆེན་མཁའ་སྤྱོད་དག་པའི་ཕོ་བྲང་ནས། །རིན་ཆེན་མཁའ་འགྲོ་འབུམ་གྱི་ཚོགས་དང་བཅས། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་ནས་ཀྱང་། །བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །དཔལ་ལྡན་ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མ། །དཔའ་བོ་མཁའ་འགྲོ་བྱེ་བ་འབུམ་དང་བཅས། །དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི། །ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ནས། །སྐྱེ་འཆི་འགྱུར་མེད་ཡེ་ཤེས་མཁའ་འགྲོ་མ། །དབང་བསྐུར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །མ་ཌཱཀྐི་ནི་ས་མ་ཡ་ཛ་ཛཿཞེས་སྤྱན་དྲང་ངོ་། །བཞུགས་སུ་གསོལ་བ་ནི། ཧཱུྃ། དམ་ཚིག་གསང་བའི་དཀྱིལ་འཁོར་གནས་མཆོག་འདིར། །དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། མཁའ་འགྲོ་བདེ་བ་མཆོག་གི་སྐུ་མངའ་བ། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ། །

p. 202

མཁའ་འགྲོ་འབུམ་ཚོགས་རྒྱ་མཚོ་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོ། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། མ་ཅིག་མཚོ་རྒྱལ་མཁའ་འགྲོ་དཔག་མེད་ལ། །ཕྱི་ནང་གསང་བའི་མཆོད་ཚོགས་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི་ལ་སོགས། །ཞལ་ཟས་སིལ་སྙན་མཆོད་ཚོགས་དཔག་མེད་བཅས། །དཔག་མེད་ནམ་མཁའི་མཐའ་ཀླས་གྱུར་པ་རྣམས། །མ་ཅིག་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །ༀ་བཛྲ་པུཥྤེ་པྲ་ཏི་ཛ་ཧཱུྃ། སོགས། གཏོར་མ་འབུལ་བ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ངོ་མཚར་རྨད་བྱུང་བདུད་རྩི་ཨ་མྲྀ་ཏ། །འདོད་ཡོན་རྒྱན་གྱི་དམ་རྫས་གཏོར་ཆེན་དང་། །གཟུང་འཛིན་རཱུ་ཏྲ་བསྒྲལ་བའི་རཀྟ་དང་། །ཏ་ན་གྷ་ཎའི་སྦྱོར་སྒྲོལ་ཚོགས་ཆེན་པོ། །ཚོགས་ཀྱི་ལོངས་སྤྱོད་མཆོད་ཚོགས་དཔག་མེད་པ། །མཁའ་འགྲོ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ། །མཆོད་བཞེས་བླ་མེད་མཆོག་གི་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཱཀྐི་ནི་མ་ཧཱ་པཉྩ་བ་ལིངྟ་མ་ཧཱ་རཀྟ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་ཙཀྲ་སརྦ་ཁ་ཁ་ཁཱ་ཧི། དེ་ནས་བཟླས་པ་ནི། དམ་

p. 203

ཚིག་ཡེ་ཤེས་དབྱེར་མེད་གཉིས་སུ་མེད་པའི་གནས་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྩ་བ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། འགྲོ་བ་རྣམས་དང་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་དཔལ་འབྱོར་མདོར་ན་འཁོར་འདས་ཀྱི་སྲོག་བཅུད་ཐམས་ཅད་བདག་ལ་འདུས་དངོས་གྲུབ་སྤྲིན་ལྟར་གཏིབ་ཅིང་རྩ་གནས་ཀྱི་མཁའ་འགྲོ་མ་ཐམས་ཅད་ཀྱང་སྔགས་ཀྱི་སྒྲ་དི་རི་རི་འབར་བར་བསམ་ལ། ༀ་ཛྙཱ་ན་བུདྡྷ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསྐབས་སུ་གསོལ་འདེབས་ཀྱི་ཚུལ་དུ་བསྐུལ་བསྟོད་འདི་དབྱངས་སྙན་པོས་རྔའམ་ཐོད་རྔ་བརྡུང་ཞིང་། ཧཱུྃ། ཡུལ་གྱི་མིང་ནི་རྔ་ཡབ་གླིང་། །ཟངས་མདོག་དཔལ་རིའི་གནས་མཆོག་གི ། །པདྨ་འོད་ཀྱི་གཞལ་ཡས་ནས། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །མ་ཅིག་ཡེ་ཤེས་མཚོ་རྒྱལ་གཉིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། །སྐྱེ་འཆི་མེད་པའི་སྐུ་བརྙེས་ནས། །སྲིན་པོ་རྣམས་ལ་དམ་ཆོས་སྟོན། །གདོང་དམར་སྲིན་པོ་ཐབས་ཀྱིས་འདུལ། །རིག་འཛིན་མཁའ་འགྲོ་འབུམ་གྱིས་བསྐོར། །བྲན་དུ་ལྷ་སྲིན་སྡེ་བརྒྱད་ཁོལ། །དབུ་ལ་རིན་ཆེན་རྒྱན་

p. 204

གྱིས་བརྒྱན། །དར་གྱི་ཅོད་པན་པུ་རུ་རུ། །སིལ་སྙན་མང་པོ་སི་ལི་ལི། །རྒྱན་ཆ་མང་པ་ོཁྲ་ལ་ལ། །རོལ་མོ་མང་པོ་ཏི་རི་རི། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དཔའ་བོས་བྲོ་རྡུང་ཁྲབས་སེ་ཁྲབ། །དཔའ་མོས་གར་བྱེད་ཤིགས་སེ་ཤིག །མཁའ་འགྲོས་བརྡ་སྐད་དི་རི་རི། །ཁྱེད་རྣམས་སྔོན་གྱི་ཐུགས་དམ་ཅན། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཁྱད་པར་ཡེ་ཤེས་མཁའ་འགྲོ་མ། །རིགས་ལྡན་འབུམ་གྱི་ཚོགས་དང་བཅས། །སྐྱེ་འཆི་འགྱུར་མེད་རྡོ་རྗེའི་སྐུ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །ཐུགས་རྗེའི་མངའ་དབང་དུས་འདིར་བསྩལ་དུ་གསོལ། །དེ་ནས་དབང་དང་དངོས་གྲུབ་བླང་བར་བྱ་སྟེ། གང་གི་གཏོར་མའི་སྐུ་དང་བཅས་ཏེ་མཁའ་འགྲོར་དངོས་སུ་གསལ། རང་གི་སྤྱི་བོར་བཞག་པས་གནས་གསུམ་ནས་འོད་ཟེར་བར་མ་ཆད་པར་བསམ་ལ། གོང་གི་གསོལ་འདེབས་ཀྱི་རྗེས་སུ། ཧཱུྃ།

p. 205

རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མཁའ་འགྲོ་བྱིན་རླབས་ཅན། །མཚན་ལྡན་སྐུ་ཡི་དཀྱིལ་འཁོར་ནས། །སྐལ་ལྡན་ལུས་ལ་དབང་སྐུར་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །འགག་མེད་གསུང་གི་དཀྱིལ་འཁོར་ནས། །སྐལ་ལྡན་ངག་ལ་དབང་སྐུར་ཅིག །ཚངས་པའི་གསུང་གིི་དངོས་གྲུབ་སྩོལ། །སྟོང་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས། །སྐལ་ལྡན་ཡིད་ལ་དབང་སྐུར་ཅིག །ཉམས་དང་རྟོགས་པའི་དངོས་གྲུབ་སྩོལ། །ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་ནས། །སྐལ་ལྡན་བདག་ལ་དབང་སྐུར་ཅིག །གཉིས་མེད་མཆོག་གི་དངོས་གྲུབ་སྩོལ། །ༀ་བུདྡྷ་སརྦ་ཌཱཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཙིཏྟ་ཨ་བྷིི་ཥིཉྩ་ཧཱུྃ། སརྦ་ཨ་བྷི་ཥིཉྩ་ཧྲཱིཿཞེས་གནས་ལྔར་གཏུགས་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་ངེས་ཤེས་བསྐྱེད་དོ། །དེ་ནས་ཚོགས་མཆོད་ཀྱི་རིམ་པ་ལ་དངོས་བྲིན་གདབ་པ་ནི། ཧོ། དགོངས་ཤིག་གསན་དུ་གསོལ་ལོ། །ཆོས་དབྱིངས་རྣམ་པར་དག་པའི་ཀློང་ནས། འགྲོ་བ་འདུལ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚོ་རྒྱལ་མཁའ་འགྲོ་འབུམ་ཚོའི་ཚོགས་དང་

p. 206

བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ། དེ་ནས་ཚོགས་ཀྱི་དྲི་མ་སྦྱང་བ་ནི། ཚོགས་ལ་བསང་ཆུ་འཐོར་ཞིང་། མ་མོ་མཁའ་འགྲོ་སོགས། ༀ་ཛྙཱ་ན་བུདྡྷ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ༀ་སྭ་བྷཱ་ཝ་སོགས། ཧཱུྃ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཆོས་རྣམས་སྒྱུ་མར་རིག་པའི་ཕྱིར། །དངོས་དང་དངོས་འཛིན་བག་ཆགས་ཀུན། །ཡི་གེ་རཾ་ཡཾ་ཁཾ་གསུམ་གྱིས། །བསྲེག་ཅིང་བཀྲུས་ཏེ་གཏོར་བར་བྱའོ། །དག་པར་མ་གྱུར་གང་ཡང་མེད། །རཾ་ཡཾ་ཁཾ་སྭཱ་ཧཱ། ཞེས་བརྗོད་དག་པར་བསམ་མོ། །ༀ་ཨཱཿཧཱུྃ་ཧྲཱིཿཏྲཱཾཿཡི་གེ་རྣམ་ལྔའི་རང་བཞིན་ལས། །ཞལ་ཟས་དངོས་པོ་ཡི་གེ་ལྔ། །ཡི་གེ་སྒྲ་དང་བཅས་པ་ཡི། །ཚོགས་ཀྱང་འོད་དུ་ལྟེམ་གྱིས་ཞུ། །འོད་ཕུང་འབར་བའི་བྱིན་རླབས་ཀྱིས། །རྒྱལ་བའི་ཐུགས་དམ་བསྐངས་གྱུར་ཅིག །ཅེས་བྱིན་གྱིས་བརླབ་པོ། །ཚོགས་ལ་སྤྱན་འདྲེན་པ་ནི། ཧཱུྃ། འོག་མིན་མཁའ་སྤྱོད་ཞིང་ཁམས་དང་། །ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་དང་། །པདྨ་འོད་ཀྱི་གཞལ་ཡས་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མཆོད་ཅིང་བསྟབ་པ་ནི། ཧཱུྃ། དུས་

p. 207

གསུམ་བདེ་གཤེགས་ཡི་དམ་ལྷ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཡེ་ཤེས་མཚོ་རྒྱལ་མཁའ་འགྲོའི་ཚོགས། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །ཚོགས་ཀྱི་མཆོད་པབཞེས་སུ་གསོལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང་། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་པཱ་རི་ཝཱ་ར་ག་ན་ཙཀྲ་པཱུཙྪ་ཁཱ་ཧི་མ་ཧཱ་ཙིཏྟ་མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཀོ་རོ་ཙ་ན་མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་ལན་བདུན་འབུལ་ལོ། །ཚོགས་ཀྱི་བསྐང་བ་ནི། ཧཱུྃ། བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །དུས་གསུམ་བླ་མ་ཡི་དམ་ཐུགས་དམ་བསྐང་། །བདུད་རྩི་རཀྟ་ཛ་གད་ཐུགས་དམ་བསྐང་། །གླུ་གར་སྒྲུབ་པ་ཚིག་གིས་ཐུགས་དམ་བསྐང་། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐངས་གྱུར་ཅིག །མཁའ་འགྲོ་དབང་ཕྱུག་མཚོ་རྒྱལ་ཡང་། །ཞལ་

p. 208

ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །ཌཱཀྐི་སྡེ་ལྔ་ཡབ་ཡུམ་འཁོར་བཅས་ཀྱང་། །ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །མ་སྲིང་མཁའ་འགྲོ་མ་ལུས་འཁོར་བཅས་ཀྱང་། །ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །ཆོས་སྐྱོང་སྲུང་མ་མ་ལུས་འཁོར་བཅས་ཀྱང་། །ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །སྣང་སྲིད་ལྷ་འདྲེ་མ་ལུས་འཁོར་བཅས་ཀྱང་། །ཞལ་ཟས་ཚོགས་གཏོར་མཆོད་པས་ཐུགས་དམ་བསྐང་། །ཞེས་བསྐང་ངོ་། །སྐབས་འདིར་ཚོགས་ལ་རོལ། ལྷག་མ་ནི། ཧཱུྃ། གནས་ཡུལ་དུར་ཁྲོད་མ་ཚོགས་ལྷག་མའི་བདག །འདིར་གཤེགས་ལྷག་གཏོར་ཕམ་ཕབ་འདི་བཞེས་ལ། །ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི། །ཕྲིན་ལས་མ་ལུས་ལྷུན་གྱིས་གྲུབ་པར་མཛོད། ཆད་ཐོ་ནི། ཧཱུྃ། སྐུ་གསུམ་སྟོན་པ་རྡོ་རྗེ་ཐོད་ཕྲེང་དང་། །རིགས་ཀྱི་ཡུམ་ཆེན་མཁར་ཆེན་མཚོ་རྒྱལ་གྱིས། །དམ་ལ་བཏགས་པའི་དམ་ཅན་ཆོས་སྐྱོང་ཚོགས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟློག །སྟན་

p. 209

དགྲ་དམ་ཉམས་མ་ལུས་རྡུལ་དུ་རློགས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསྟན་མ་ནི། ཧཱུྃ། རྒྱ་གར་ཡུལ་གྱི་མཁའ་འགྲོ་ཆེན་པོ་སྟེ། །བོད་ཡུལ་སྐྱོང་མཛད་བསྟན་མ་བཅུ་གཉིས་ཚོགས། །དཔོན་གཡོག་འཁོར་བཅས་འདིར་བྱོན་གཏོར་མ་བཞེས། །རྡོ་རྗེ་ཐོད་ཕྲེང་ཡབ་ཡུམ་བཀའ་ལུང་བཞིན། །བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད། །རྟ་བྲོ་ནི། ཧཱུྃ། མ་རིག་གཉིས་འཛིན་དམ་སྲི་འབྱུང་པོ་རྣམས། །གཏོར་གཞོང་རི་རབ་འབར་བའི་འོག་ཏུ་མནན། །མ་ཚོགས་མཁའ་འགྲོའི་བརྟུལ་ཞུགས་བྲོ་ཡིས་བརྡུང་། །ནམ་ཡང་ཐར་བ་མེད་པའི་རྒྱས་བཏབ་པོ། །ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། སྨོན་ལམ་བཏབ་པ་ནི་ཐལ་མོ་མེ་ཏོག་བཅས་ལ། ༀ། འགྲུབ་པར་གྱུར་ཅིག་རྗེ་བཙུན་ཐུགས་རྗེ་ཅན། །མཚོ་རྒྱལ་ཁྱོད་ལ་བསྙེན་བསྒྲུབས་མཆོད་པ་དང་། །བསྟོད་ཅིང་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །མཁའ་འགྲོ་ཁྱེད་དང་རྟག་ཏུ་མི་འབྲལ་ཞིང་། །ནད་མེད་ཚེ་དང་ལོངས་སྤྱོད་འཕེལ་བ་དང་། །བྱང་ཆུབ་སྒྲུབ་ལ་

p. 210

བར་ཆད་མི་འབྱུང་ཞིང་། །ས་དང་ལམ་གྱི་ཡོན་ཏན་མྱུར་རྫོགས་ནས། །བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཞེས་ལན་གསུམ་བྱས་ནས་རྟེན་རྣམས་ལ་བརྟན་བཞུགས་དང་ཚོམ་བུ་བསྡུ་བ། ཡེ་ཤེས་པ་གཤེགས་དམ་ཚིག་པ་བསྡུ་ཨཱ་ལི་སོགས་ཡིག་བརྒྱ་འདོན། བདག་ནི་རྨོངས་པའི་བློ་ཅན་ཏེ། །ཏིང་འཛིན་དམིགས་པ་མ་གསལ་དང་། །ཆོ་ག་ལྷག་ཆད་ཉེས་གྱུར་རྣམས། །མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཞེས་་བརྗོད་ལ་མི་དམིགས་པས་རྒྱས་གདབ་པོ། །སྨོན་ལམ་ནི། བདག་གིས་དུས་གསུམ་བསགས་པ་ཡི། །བསྙེན་བསྒྲུབས་ལ་སོགས་དགེ་ཚོགས་དང་། །གཞན་ཡང་དགེ་སྤྱོད་བསྐུལ་བཏབ་དང་། །རྗེས་སུ་ཡི་རང་ལས་བྱུང་ཞིང་། །མཁའ་འགྲོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ནད་མེད་ཚེ་རིང་དཔལ་དང་གྲགས། །བཀྲ་ཤིས་བདེ་ལེགས་མཆོག་ཐོབ་ཅིང་། །བདག་གཞན་དོན་གཉིས་མཐར་ཕྱིན་ཤོག །བཀྲ་ཤིས་བརྗོད་པ་ནི། ཧོ། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ། །དགོས་འདོད་རེ་སྐོང་ཡིད་བཞིན་ནོར་བུ་མཆོག །བཀྲ་ཤིས་ཀུན་གྱི་མཆོག་བརྙེས་དོན་འགྲུབ་མ། །དཔལ་

p. 211

ལྡན་ཐོག་མ་བར་དང་མཐར་དགེ་བའི། །བཀྲ་ཤིས་ཀུན་འགྲུབ་མྱུར་མ་དཔལ་མོ་སྟེ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག །ཅེས་དང་ཤིས་བརྗོད་ཅི་རིགས་པས་མཐའ་བརྒྱན་དུ་བྱའོ། །དབྱངས་ཅན་རྣམ་འཕྲུལ་བདེ་ཆེན་རྒྱ་མཚོ་ཡི། །སྒྲུབ་ཐབས་རྩ་བ་གཏེར་གཞུང་བཅོས་བདེ་བ། །ཁ་འཕང་ཀྱིས་བརྒྱན་ཟབ་ཅིང་ཁྱེར་བདེ་བ། །ཕྲིན་ལས་བདག་གིས་བཀོད་པ་དགེ་གྱུར་ཅིག །མངྒ་ལཾ་དགེའོ།། །།

ཨོ་རྒྱན་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་བྱིན་རླབས་བླ་མའི་ཆོས་སྐོར་རྣོ་མྱུར་ཚ་བ་དམར་ཐག

p. 212
p. 213

࿅༔ ཨོ་རྒྱན་མཁའ་འགྲོ་སྡེ་ལྔའི་གསང་སྒྲུབ་བྱིན་རླབས་བླ་མའི་ཆོས་སྐོར་རྣོ་མྱུར་ཚ་བ་དམར་ཐག་བཞུགས༔

p. 214

ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཨོ་རྒྱན་མཁའ་འགྲོའི་འཁོར་ཚོགས་སྒྲུབ་ཐབས་ཞེས༔ བྱིན་རླབས་མྱུར་བ་ཚ་བ་དམར་ཐག་ནི༔ སྐྱབས་སེམས་བླ་མའི་རྣལ་འབྱོར་སྔོན་འགྲོ་བས༔ ཧྲཱིཿ སྣང་སྲིད་རབ་འབྱམས་རྒྱལ་བའི་ཞིང་ཁམས་ཆེ༔ ངོ་མཚར་བཀོད་པ་མཆོག་མངའ་མཆོད་སྤྲིན་འཁྲིགས༔ ཞིང་དེའི་དབུས་སུ་པད་ཉི་བདུད་བཞིའི་སྟེང་༔ རང་སེམས་ཧྲཱིཿལས་དབང་ཆེན་རྟ་མགྲིན་དམར༔ རྡོ་རྗེ་ཕག་མོ་དམར་མོ་མཉམ་པར་སྦྱོར༔ གྲི་ཐོད་ཕྱག་རྒྱ་གར་དང་དུར་ཁྲོད་ཆས༔ ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས༔ དབང་ཆེན་སྙིང་དབུས་པདྨ་འདབ་བརྒྱད་དཀྱིལ༔ པདྨ་

p. 215

འབྱུང་གནས་བཅུ་དྲུག་གཞོན་ནུའི་སྐུ༔ དཀར་གསལ་མཛེས་འཛུམ་རྡོ་རྗེ་བྷནྡྷ་བསྣམས༔ པད་ཞྭ་རྡོ་རྗེ་རྒོད་ལྡེམ་དར་སྣས་བརྒྱན༔ གསང་གོས་དཀར་པོ་ཕོད་ཀ་སྔོན་པོ་མནབས༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་མཛེས༔ ཟ་འོག་བེར་གསོལ་བག་དྲོ་ལྷུན་ཆགས་མཛེས༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་༔ མཚོ་རྒྱལ་དཀར་མོ་གྲི་ཐོད་ཕྱག་རྒྱ་ཅན༔ གཞོན་ཚུལ་སྒེག་ཉམས་དར་དང་རིན་ཆེན་བརྒྱན༔ ཡབ་ཡུམ་ཟུང་འཇུག་ཡེ་ཤེས་འོད་ལྔ་འཁྲིགས༔ ཤར་དུ་བལ་འབངས་ཀ་ལ་སིདྡྷི་

p. 216

ནི༔ མཐིང་གསལ་མཛེས་འཛུམ་རྡོ་རྗེ་བྷནྡྷ་བསྣམས༔ ལྷོ་རུ་མོན་མོ་བཀྲ་ཤིས་ཁྱེ་འདྲེན་ནི༔ སེར་གསལ་མཛེས་འཛུམ་ཅང་ཏེའུ་ཟངས་གཞོང་བསྣམས༔ ནུབ་ཏུ་ལྷ་ལྕམ་མནྡྷ་ར་བ་ནི༔ དམར་གསལ་མཛེས་འཛུམ་མདའ་དར་ཚེ་བུམ་བསྣམས༔ བྱང་དུ་བལ་མོ་ཤཱཀྱ་དེ་བ་ནི༔ ལྗང་གསལ་མཛེས་འཛུམ་ཁ་ཾ་ཕུར་པ་བསྣམས༔ ཀུན་ཀྱང་དར་དང་རཏྣ་རུས་པས་བརྒྱན༔ ཕྱེད་སྐྱིལ་འགྱིང་བག་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་རྗེའི་བྱིན་རླབས་ཡེ་ཤེས་གཟི་བརྗིད་འབར༔ བླ་མ་དཀོན་མཆོག་རྩ་གསུམ་སྤྲིན་ལྟར་གཏིབས༔ མཆོག་ཐུན་དངོས་གྲུབ་སྡུད་ཅིང་ཐོགས་མེད་སྩོལ༔ ཧྲཱིཿ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ ཟོལ་མེད་དད་པས་སྙིང་ནས་གསོལ་བ་འདེབས༔ རིག་འཛིན་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ༔ བདེ་སྟོང་མཉམ་ཉིད་རོལ་པ་ཆེན་པོར་བཞུགས༔ རང་བྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ༔ ཚོགས་གཉིས་ལས་བྱུང་མཆོད་སྤྲིན་རྒྱ་མཚོས་མཆོད༔ མཚན་རྫོགས་ཡོན་ཏན་དཔལ་འབར་བྱིན་རླབས་རྫོགས༔ དྲན་པས་གདུང་སེལ་གུ་རུ་རིན་པོ་ཆེ༔

p. 217

ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་འཁོར་གྱིས་བསྐོར༔ གུས་པས་ཕྱག་འཚལ་མཆོག་ཐུན་དངོས་གྲུབ་སྩོལ༔ ལྷ་ཚོགས་ཐུགས་ཀར་ཟླ་རྒྱས་ལྟེ་བ་རུ༔ གཙོ་བོ་ཡབ་ཡུམ་ཧྲཱིཿལ་འཁོར་བཞི་ལ༔ ཧ་རི་ནི་སས་ཡོངས་སུ་མཚན་པའོ༔ སྔགས་ཕྲེང་འོད་ཀྱིས་འཁོར་འདས་སྲོག་བཅུད་བསྡུས༔ བྱིན་རླབས་ཡེ་ཤེས་ཀློང་ཡངས་ཉམས་རྟོགས་འབར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲི་མ་ཧ་རི་ནི་ས་ཧཱུྃ་ཛ༔ འདི་ཉིད་བཟླས་པ་ཙམ་གྱིས་ནི༔ དངོས་གྲུབ་ཆར་ལྟར་འབེབས་པར་འགྱུར༔ ཕྲིན་ལས་རྣམ་བཞི་ཐོགས་པ་མེད༔ བྱིན་རླབས་དངོས་གྲུབ་ཤུགས་ཀྱིས་འབྱུང་༔ ཐུན་འཇུག་གསོལ་བ་འདི་ལྟར་གདབ༔ ཀྱེ་མ༔ དགོས་འདོད་ཀུན་འབྱུང་རིན་པོ་ཆེ༔ གསོལ་བཏབ་བསླུ་མེད་ཐུགས་རྗེའི་གཏེར༔ རྒྱལ་བ་ཀུན་འདུས་ངོ་བོ་ཉིད༔ གུ་རུ་རིག་འཛིན་མཁའ་འགྲོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཚེ་གཅིག་ལུས་གཅིག་འདི་ཉིད་ལ༔ མཆོག་ཐུན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་ཅི་ནུས་གསོལ་བ་གདབ༔ རང་དང་བླ་མ་མཁའ་འགྲོའི་ཚོགས༔ དབྱེར་མེད་ངང་དུ་དལ་ཏེ་གློོད༔ མ་བཅོས་རང་བབས་དགོངས་པ་སྐྱོང་༔ སེམས་བསྐྱེད་བསྔོ་སྨོན་རྒྱ་ཡིས་འདེབས༔ ཤིན་ཏུ་ཟབ་པའི་མཐར་ཐུག་གོ༔ ཨེ་མ་རིག་འཛིན་མཁའ་འགྲོའི་གསང་སྒྲུབ་ཡིད་

p. 218

བཞིན་ནོར༔ གང་དང་མི་འདྲ་ཀུན་ལས་ཁྱད་པར་འཕགས༔ གསང་སྔགས་བསྐྱེད་རྫོགས་སྙིང་པོའི་མཐར་ཐུག་པ༔ ཚ་བ་དམར་ཐག་མྱུར་མགྱོགས་སྙིང་གི་ཆོས༔ ལས་ལྡན་ཀརྨ་དྲི་མེད་ཀྱིས་བསྐུལ་ངོར༔ གཏད་མེད་ཕྱོགས་བྲལ་གུ་ཡངས་རྣལ་འབྱོར་པ༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད༔ འགྲོ་ཀུན་ཀུན་བཟང་གོ་འཕང་ཐོབ་པར་ཤོག༔ ཅེས་སྔ་འགྱུར་ཐེག་པའི་ཆོས་ཚུལ་འཛིན་པ་ལས་ཅན་བླ་མ་ཀརྨ་དྲི་མེད་ལ་རྗེ་འབངས་རིག་འཛིན་རྣམས་ཀྱིས་འདི་ལྟར་ཁོ་བོ་ལ་བསྐུལ་ཞེས་དག་པའི་ངོ་བོར་བྱུང་བ་ལ་བརྟེན་ནས་བདག་འདྲ་ཀུན་བཟང་ཐེག་མཆོག་འོད་ཟེར་རྡོ་རྗེས་སྒྲུབ་ཆེན་གྱི་དུས་འཁྲུལ་སྣང་རྫུན་གྱི་རི་མོར་དགེ་བར་གྱུར་ཅིག༔ དགེའོ༔ བཀྲ་ཤིས༔

གུ་རུ་དཔལ་འཕེལ་ནོར་བུའི་སྒྲུབ་ཐབས།

p. 219

࿅༔ གུ་རུ་དཔལ་འཕེལ་ནོར་བུའི་སྒྲུབ་ཐབས་བཞུགས་སོ༔ པད་འབྱུང་ཡིད་བཞིན་ནོར་བུའི་སྐུ་ལ་འདུད༔ དེ་ཉིད་སྒྲུབ་ཐབས་ཉི་ཤུ་རྩ་ལྔ་ཡི༔ ནང་ཚན་དཔལ་འཕེལ་སྲིད་འབྱུང་མན་ངག་བཤད༔ བདེ་བའི་སྟན་ལ་འདུག་ཅིང་འདི་ལྟར་འཇུག༔ ༀ་ཨཱཿཧཱུྃ༔ སྐུ་གསུམ་བདག་ཉིད་རྣམས་ལ་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ སྣོད་ཀྱི་རང་བཞིན་པདྨ་འོད་ཀྱི་ཞིང་༔ བཅུད་ཀྱི་སྐྱེ་འགྲོ་དཔའ་བོ་མཁའ་འགྲོའི་ཚོགས༔ འདོད་ཡོན་རྣམ་མང་མཆོད་པའི་ལྷ་མོ་འཕྲོ༔ དེ་དབུས་པད་སྡོང་ཉི་ཟླ་བརྩེགས་པའི་སྟེང་༔ རང་ཉིད་བདེ་གཤེགས་ཀུན་འདུས་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་འཛུམ་མཚན་དཔེས་སྤྲས༔ ཕོད་ཀ་ཆོས་གོས་བེར་ཕྱམ་པད་ཞྭ་གསོལ༔ རྡོ་རྗེ་བྷནྡྷ་ནོར་བུ་དབང་རྒྱལ་བསྣམས༔ ཞབས་ལ་སག་ལྷམ་གྱིས་མཛེས་རོལ་པའི་སྟབས༔ ཁ་ཾ་གཡོན་བརྟེན་ཟུང་འཇུག་བདེ་བའི་ཉམས༔ འཇའ་འོད་ཀློང་ན་རྩ་གསུམ་རྒྱ་མཚོའི་འཁོར༔ བག་དྲོ་བྱིན་ཆགས་དངོས་གྲུབ་སྩོལ་བའི་ཚུལ༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་

p. 220

གྱིས་རློབས༔ གུས་པས་ཕྱག་འཚལ་མཆོད་འབུལ་དང་བས་བསྟོད༔ ཡོན་ཏན་རང་བཞིན་ལྷ་ཚོགས་གསང་གསུམ་ལས༔ འོད་དམར་འཇིག་རྟེན་ཁམས་ཀུན་ཁྱབ་པར་འཕྲོ༔ ལྷ་ཀླུ་མི་ཡི་ཁྱེའུའི་དངོས་གྲུབ་སྡུས༔ བདག་ལ་ཐིམ་པས་དབང་ཐང་འཕེལ་བར་གྱུར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དཱ་ར་ཀ་དཱ་དྷ་ཀི་ནི་ཙི་དྷཾ་ཧཱུྃ༔ ༀ་ཧྲཱིཿཀྵ་ཀྵ་ཧྲཱིཿༀ་སྭཱ་ཧཱཿཞེས་སྨྲ་བ་བཅད་ལྷའི་ང་རྒྱལ་དང་དམིགས་པའི་འཕྲོ་འདུས་གནད་དུ་བསྣུན་ཏེ་བཟླའོ༔ དམིགས་བསམ་བྲལ་བའི་ཡེ་ཤེས་ཆེན་པོའི་ངང་༔ རང་གསལ་འཛིན་པ་མེད་པའི་བབས་སུ་བཞག༔ བསྐྱེད་རྫོགས་མཐུ་ཡིས་འགྲོ་ཀུན་སངས་རྒྱས་ནས༔ དོན་གཉིས་མཐར་ཕྱིན་འགྲུབ་པའི་བཀྲ་ཤིས་ཤོག༔ པད་འབྱུང་ལ་བརྟེན་སྒྲུབ་ཐབས་ཉེར་ལྔ་ལ༔ དགོས་པའི་མན་ངག་ཁོལ་དུ་ཕྱུང་བ་སྟེ༔ རིགས་རྒྱུད་བུ་དང་བུ་མོ་མྱུར་འཕེལ་བྱེད༔ གདམས་པ་འདིས་ཀྱང་འགྲོ་ལ་ཕན་ཐོགས་ཤོག༔ ཅེས་པའི་མན་ངག་འཚོ་བྱེད་བྱང་ཆུབ་སེམས་ལྡན་གུ་རུ་འཕེལ་ལ་གཅེས་ཆོས་སུ་དཔའ་བོ་ལས་རབ་རྩལ་གྱིས་ཕུལ་བས་རང་གཞན་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག༔

དཔལ་འཕེལ་ཆ་ལག་ཟ་ཡིག

p. 221

࿅༔ དཔལ་འཕེལ་ཆ་ལག་ཟ་ཡིག༔ པད་འབྱུང་ཡིད་བཞིན་ནོར་བུའི་སྐུ་ལ་འདུད༔ རྒྱ་ཤོག་རྒྱ་སྣག་ལྷད་མེད་ཀྱིས༔ རྒྱལ་ཕུར་ཡར་ངོའི་ཉི་དྲོའི་དུས༔ བྲི་ཞིང་སེལ་མེད་ཆོས་སྨན་བྱུག༔ རྩ་གསུམ་སྙིང་པོས་རབ་ཏུ་གནས༔ དམེ་མཛེ་ཡུགས་དང་དམ་ཉམས་ཀྱིས༔ མཐོང་དང་འགོམ་དང་ལག་འགྲིམ་སྤངས༔ སྦུཾ༔ དད་དམ་ལྡན་པའི་བུད་མེད་ཀྱིས༔ རྒྱུན་དུ་ཉི་ཤར་ཆག་མེད་བརྟེན༔ རིགས་རྒྱུད་འཕེལ་བར་གདོན་མི་ཟ༔ རྫས་དང་བཅའ་གཞི་གོང་དང་འདྲ༔ ཉལ་ཁར་རྒྱུན་ཏུ་བརྟེན་པ་ནི༔ ལྟེ་བསྒྱུར་གནད་འདིས་ཁྱེའུ་འབྱུང་༔ གསང་ཞིང་སྤྱོད་པ་མན་ངག་ཡིན༔ འགྲོ་བ་རྣམས་ལ་ཕན་ཐོགས་ཤོག༔ སྲི་འབེབས་ཡིད་བཞིན་འབྲུ་བདུན་ལ༔ དུས་ནི་སྐར་རྒྱལ་གྷི་ཝང་ངོ་༔ དད་གུས་ལྡན་པའི་བུད་མེད་ལ༔ ཟླ་བའི་བར་དུ་བདུན་བདུན་ནོ༔ མྱུར་དུ་ཚང་མང་རྡོལ་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྷི་ཝང་ཆུ་ཡིས་ཟླ་བར་བཟའ༔ ལྟེ་བསྒྱུར་ལག་བླང་ཅན་ཡིན་ནོ༔ ཟ་ཡིག་འདི་གཉིས་འབྲུ་གསུམ་བརྒྱ་རྩ་བཟླས་ལ་རབ་ཏུ་གནས༔ གོང་ཚར་བདུན་བྲིས་པ་ཐོ་རངས་ཆག་མེད་བཟའ༔ རྗེས་ལ་ལྟེ་བསྒྱུར་ཚར་གཅིག་རེས་ཆོག༔ ཉལ་ཁ་བཟའ༔ ལོ་བསྲིང་ཞིང་ཡུན་རིང་པོར་བཟའ་དགོས༔ སྔར་དུས་ཁོ་བོ་ཁམས་བསངས་ལ་འཆགས་སའི་ཚེར་ཕུང་ཞིག་ལ་དཔེ་འདི་རླུང་གིས་སྐྱོད་ཀྱིན་འདུག་པ་རྙེད༔ དེ་ཉིན་དགེ་རྩེའི་དཔོན་ཞིག་ལ་བླ་སྔགས་མང་པོས་སྔགས་ཐམས་ཅད་བསྟན་ཀྱང་མ་ཕན་པ་ལ་བདག་ལ་ཟ་ཡིག་སྲུང་འཁོར་དགོས་ཟེར་བ་བྱུང་བ་འདི་བཞིན་བྱས་པས་ཤིན་ཏུ་ཕན་ཐོགས་ངོ་མཚར་ཆེ་བར་བྱུང་༔ ཕྱིའི་འདིའི་གོང་མ་དེ་བདུད་འདུལ་གཏེར་ཁ་དང་འོག་མ་འདི་སྔར་གྱི་ཟ་འབུམ་རྙིང་པ་ནའང་ཡོད་པར་སྣང་ངོ་༔ མངྒ་ལཾ༔

དཔལ་འཕེལ་ཆ་ལག་རླུང་འཁོར།

p. 222
p. 223

࿅༔ དཔལ་འཕེལ་ཆ་ལག་རླུང་འཁོར་བཞུགས༔ པད་འབྱུང་ཡིད་བཞིན་ནོར་བུའི་སྐུ་ལ་འདུད༔ ཡར་ངོའི་འགྲུབ་སྦྱོར་ཉི་ཁྱིམ་ལ༔ སྣག་ཚར་བུ་མ་ཟག་རྫས་སྦྱར༔ ལྟེ་བར་ནོར་བུ་སུམ་སྒྲོམ་འབྲི༔ ཕྱི་རིམ་མུ་ཁྱུད་བཛྲ་དང་༔ སོ་སོར་འབྲང་མའི་སྔགས་ཀྱང་དགོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དཔལ་འཕེལ་རྩ་སྔགས་ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་དཱ་ར་ཀ་དཱ་དྷ་ཀི་ནི་ཙི་དྷཾ་ཧཱུྃ༔ ༀ་ཧྲཱིཿཀྵ་ཀྵ་ཧྲཱིཿༀ་སྭཱ་ཧཱཿམང་དུ་འདེབས༔ སྔགས་རྣམས་ཀྱི་ཤམ་བུར་བདག་ཆྒཻ་མོར༔ བུ་འབྱུང་དུ་གསོལ༔ ཞེས་རང་འདོད་བཅུག༔ དེའི་ཕྱིར་དབྱངས་གསལ་རྟེན་འབྲེལ་སྙིང་༔ ཕོ་འཁོར་མོ་འཁོར་མང་དུ་བརྩེགས༔ སྟེང་དུ་རྣམ་འཇོམས་ཞལ་ཁེབས་ཚུལ༔ བྱིན་རྟེན་དང་ནི་དྲི་བཟང་བྱུག༔ རབ་ཏུ་གནས་ཤིང་ཤིས་པ་བརྗོད༔ ལྷ་སྲུང་མཆོད་ཅིང་བསང་བརྔན་གསོལ༔ དམིགས་བྱའི་དཔལ་གྱི་ཕྱོགས་སུ་ནི༔ རླུང་གིས་གཡས་སུ་བསྐོར་བར་བྱ༔ ཕྲིན་ལས་རླུང་གི་ཙཀྲ་ཡིས༔ དཔལ་དང་རིགས་རྒྱུད་འཕེལ་བར་བྱེད༔ གསང་ཞིང་སྤྱད་ན་དངོས་གྲུབ་མྱུར༔ མ་གསང་རྟགས་དང་དངོས་གྲུབ་བུལ༔ འདིས་ཀྱང་འགྲོ་བའི་དོན་འབྱུང་ཤོག༔ ༀ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་པཱ་རི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ སོ་འབྲང་ལགས་སོ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

གུ་རུ་སེང་གེ་སྒྲ་སྒྲོག་གི་སྒྲུབ་ཐབས་བདུད་དཔུང་ཚར་གཅོད།

p. 224
p. 225

࿅༔ གུ་རུ་སེང་གེ་སྒྲ་སྒྲོག་གི་སྒྲུབ་ཐབས་བདུད་དཔུང་ཚར་གཅོད་བཞུགས་སོ༔ ཧཱུྃ༔ གུ་རུ་སེང་གེ་སྒྲ་སྒྲོག་སྐུ་ལ་འདུད༔ སངས་རྒྱས་ཀུན་ལས་པད་འབྱུང་ཐུགས་རྗེ་མྱུར༔ ཐུགས་དམ་འདི་ལ་མཛོད་དང་སྙིང་གཏམ་ཡིན༔ སྙིགས་མའི་བདུད་ཚོགས་ལས་ངན་གླང་སྙིང་ཅན༔ གསང་སྔགས་བསྟན་དང་བསྟན་འཛིན་ཡོངས་ལ་རྒོལ༔ མུ་སྟེགས་རྩོད་ངན་ལོག་པའི་བློ་ཅན་མང་༔ དེ་ཕྱིར་སེང་གེ་སྒྲ་སྒྲོག་སྒྲུབ་ཐབས་འདི༔ ལས་ཅན་རྣམས་ཀྱིས་འབད་པས་ཉམས་སུ་ལོངས༔ མཐོངས་སྐར་ཉི་ཞུར་ཙམ་ཞིག་བདེ་ཡང་སྲིད༔ ས་མ་ཡ༔ ལས་དཀྱིལ་གྲུ་གསུམ་མཐིང་ནག་མེ་རི་ཅན༔ དབུས་སུ་ཚོམ་བུར་རྡོ་རྗེ་ཕུར་པ་དགོད༔ སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་མཆོད་པ་བཤམས༔ རང་ཉིད་བདེ་བའི་སྟན་ལ་འཁོད་ནས་ཀྱང་༔ ཧཱུྃ༔ ཕྱོགས་བཅུའི་རྒྱལ་ཀུན་ངོ་བོ་ཉིད༔ གུ་རུ་སེང་སྒྲ་སྒྲོག་ལ༔ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུང་༔ འགྲོ་བའི་དོན་དུ་སེམས་བསྐྱེད་དོ༔ མུ་སྟེགས་རྒོལ་ངན་བསྒྲལ་བ་ཡི༔ ཤ་ཁྲག་དོན་སྙིང་མཆོད་ཆེན་དབུས༔ འཇིགས་རུང་དྲག་པོའི་ཕོ་བྲང་ཀློང་༔ པད་ཉི་མུ་སྟེགས་བསྣོལ་བའི་སྟེང་༔ སྐད་ཅིག་བདག་ཉིད་པདྨ་འབྱུང་༔ སེངྒེ་སྒྲ་སྒྲོག་མཐིང་ནག་ཁྲོ༔ གཡས་པས་རྡོ་རྗེ་གཡོན་སྡིགས་མཛུབ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ སྐྲ་གསེབ་སེང་ཞལ་རྔམ་སྒྲ་སྒྲོག༔ ཕ་རོལ་འབོག་

p. 226

བརྒྱལ་ས་ལ་བསྒྲེ༔ གཏུམ་དྲག་མེ་འོད་གཟི་བརྗིད་འཁྲུགས༔ ཞབས་གཉིས་དོར་སྟབས་མུ་སྟེགས་མནན༔ འཁོར་དུ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འབུམ༔ ཐམས་ཅད་བདུད་དཔུང་འཇོམས་ལ་དཔའ༔ ཧཱུྃ༔ རྡོ་རྗེ་གདན་གྱི་གནས་མཆོག་དང་༔ པདྨ་འོད་ཀྱི་ཕོ་བྲང་ནས༔ གུ་རུ་སེངྒེ་སྒྲ་སྒྲོག་རྩལ༔ བདུད་དཔུང་འདུལ་ཕྱིར་གཤེགས་སུ་གསོལ༔ བདག་དང་དབྱེར་མེད་བརྟན་པར་བཞུགས༔ དགྲ་བགེགས་ཤ་ཁྲག་ཚོགས་སུ་རོལ༔ མཐུ་ཆེན་དཔལ་འབར་ཁྱོད་ཕྱག་འཚལ༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་གི༔ མཐའ་སྐོར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཀྱིས་རྩ་གསུམ་སྲུང་མ་ཡི༔ བྱིན་རླབས་བསྡུས་ཤིང་གཟི་བརྗིད་འབར༔ ༀ་བཛྲ་གུ་རུ་སེང་ཧ་གཎྜེ་དྷརྨ་དྷ་ཏུ་ཧཱུྃ༔ བདུན་འབུམ་བསྙེན་པའི་ཚད་ཡིན་ཅིང་༔ རྟགས་བསྙེན་སྤྱི་དང་མཚུངས་པའོ༔ དེ་ནས་ལས་སྦྱོར་སྔགས་དམིགས་ནི༔ བདག་མདུན་སེང་སྒྲོག་སྤྲུལ་འཁོར་གྱི༔ སྐུ་གསུང་ཐུགས་ཀྱི་ནུས་སྟོབས་འབར༔ སྤྲུལ་པའི་ཁྲོ་ཚོགས་མཚོན་ཐོགས་དང་༔ ཁྲོ་མོ་སེང་ཞལ་ཕྲ་མེན་ཚོགས༔ ཆོས་སྐྱོང་ལས་མཁན་གྲངས་མེད་འཕྲོས༔ ནད་མཚོན་

p. 227

ཐོག་སེར་རི་རབ་དང་༔ རྒྱ་གྲམ་མཆོད་རྟེན་ནག་པོ་ཡིས༔ དྲག་སེར་ངན་སྔགས་འབྲུག་སྟོང་དམོད༔ རྒོལ་བྱེད་སྡེ་དཔུང་སྒོ་གསུམ་བཅས༔ དམྱལ་བར་ཐུག་བར་མནན་ཅིང་གཟིར༔ ཐར་མེད་ལྡིང་མེད་རྒྱས་གདབ་དམིགས༔ སྟོང་གསུམ་ཕ་མཐར་བསྐྲད་ཅིང་གཏོར༔ འགའ་ཞིག་རང་གཤེད་རང་ལ་དབབ༔ གནོད་བྱེད་རྡུལ་དུ་བརླགས་པར་དམིགས༔ རྩ་སྔགས༔ ཐ་ནི་ཐ་ནི་ཧུར་ཐུམ་ཝཱཀྐ་སྟྭཾ་བྷ་ཡ་ནན༔ མ་ཡེངས་བརྩོན་པས་དྲག་ཏུ་འབད༔ མུ་སྟེགས་རྒོལ་ངན་རྩོད་པའི་རིགས༔ ངན་སྨྲ་སྐུར་འདེབས་ཡ་ག་སོགས༔ འཇོམས་གྱུར་འདི་ལ་ཐེ་ཚོམ་མེད༔ ཟབ་རྒྱ༔ ཨྠྀི་རྒྱ༔ བསྟན་དགྲ་ཤིན་ཏུ་ཐུ་བ་ན༔ ཁོ་ཡི་རླུང་རྟ་སྦུབ་ཐབས་འབད༔ གཏོར་བཟློག་དགྲ་མནན་ཅི་ཟབ་དང་༔ སྲུང་མ་བསྐང་གསོལ་རྦད་བསྐུལ་བརྩོན༔ དེ་དག་ལས་འདིའི་རྒྱབ་གནོན་ཡིན༔ བསྐྱེད་རིམ་བསྡུ་དང་ལྟ་བས་བཅད༔ བསྔོ་སྨོན་ཤིས་བརྗོད་ཀུན་དང་མཐུན༔ ཨེ་མ་པད་འབྱུང་དྲག་སྒྲུབ་ཟབ་མོ་འདི༔ ལྷས་བྱིན་སྨོན་ལོག་བན་གཟུགས་དམ་ཉམས་དཔུང་༔ གཞོམ་ཕྱིར་ལས་ཅན་རྣམས་ཀྱིས་འདི་ལ་འབུངས༔ ཚུལ་བཞིན་གྲུབ་ན་བསྟན་འགྲོའི་དོན་ཆེན་ཡོང་༔ བདུད་སྟོབས་ཆེ་བས་བར་ཆད་ཤིན་ཏུ་མང་༔ འདི་ཉིད་སྤེལ་དུས་ཕྱི་ནང་རྟེན་འབྲེལ་གཟོབ༔ ཆོས་འདིས་སངས་རྒྱན་བསྟན་པ་སྲུང་བར་ཤོག༔ ལས་ཅན་ཆོས་བདག་རྣམས་དང་འཕྲད་པར་ཤོག༔ ས་མ་ཡ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

སེང་སྒྲོག་རྒྱུན་ཁྱེར་བསྡུས་པ།

p. 228
p. 229

࿅༔ སེང་སྒྲོག་རྒྱུན་ཁྱེར་བསྡུས་པ་བཞུགས་སོ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་བདུད་འདུལ་ནི༔ འཕགས་པ་སེངྒེ་སྒྲ་སྒྲོག་སྐུ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟངས་ཡག་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཟིལ་གནོན་ལྕགས་སྡིག་མགོ་དགུ་བསྣམས༔ སྐུ་ལ་ཟ་བེར་ལྗང་སྨུག་གསེར་བཀྲ་གསོལ༔ ཞབས་གཉིས་དོར་སྟབས་མུ་སྟེགས་དམ་སྲི་མནན༔ གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔ བདུད་འདུལ་དཔའ་བོ་ཆེན་པོའི་སྐུ་རུ་བསྐྱེད༔ ༀ་བཛྲ་གུ་རུ་སིཾ་ཧ་གཎྜེ་དྷརྨཱ་དྷ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ཕྲིན་ལས་ཐོགས་མེད།

p. 230
p. 231

࿅༔ རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ཕྲིན་ལས་ཐོགས་མེད་བཞུགས་སོ༔

p. 232

མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ དྲེགས་པ་དགྲ་བགེགས་ཚར་གཅོད་ན༔ གུ་རུ་རྡོ་རྗེ་གྲོ་ལོད་སྒྲུབས༔ ཞེས་གསུངས་པ་དེ་ལ་ཐབས་གསུམ་སྟེ༔ སྦྱོར་བ་དངོས་གཞི་རྗེས་གསུམ་མོ༔ དང་པོ་གནས་དབེན་པ་དྭངས་ཤིང་མཐུན་པར་དཀྱིལ་འཁོར་དང་སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་ལ་སོགས་པ་ཚོགས་པར་བྱའོ༔ སྐྱབས་སུ་འགྲོ་བ་ནི་སྒོ་གསུམ་དད་པས༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ ཞེས་ལན་གསུམ་བྱའོ༔ སེམས་བསྐྱེད་པ་ནི༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མའི་རྣལ་འབྱོར་བརྩོན་པར་

p. 233

བྱ༔ ལན་གསུམ༔ གསོལ་འདེབས་ནི་སྤྱི་གཙུག་ཏུ་བླ་མ་བསྒོམ་ལ༔ ཀྱེ་ཀྱེ་གུ་རུ་རིན་ཆེན་ལགས༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ ཞེས་བཟླ་ཞིང་དབང་ལེན་པ་དང་ཐུགས་ཡིད་བསྲེ་བ་སོགས་ཀྱང་བྱའོ༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང་༔ བགེགས་འདུལ་ཁྲོ་མོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ༀ་ཨཱཿཧཱུྃ་ཧྲཱིཿགུ་རུ་དྷེ་ཝ་ཌཱ་ཀི་ནི་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ལྷར་གསལ་ངང་ནས༔ ༀ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཱ་སྭ་བྷཱ་ཝ་བི་ཤུདྡྷོ་

p. 234

྅ཧཾ་གིས་སྦྱངས༔ བདུད་རྩི་བྱིན་བརླབ༔ ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ གསུམ༔ གཏོར་མ་བྱིན་བརླབ༔ ༀ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ གསུམ༔ རཀྟ་བྱིན་བརླབ༔ ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ གསུམ༔ ཕྱི་ནང་མཆོད་པ་བྱིན་བརླབ་ནི༔ ༀ་ཨཱཿཧཱུྃ༔ དྷཱུཔྤེ་པུཥྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པཱུ་ཙ་ༀ་ཨཱཿཧཱུྃ༔ ནང་མཆོད་ལྔ་བརླབ་པ༔ ༀ་ཨཱཿཧཱུྃ༔ མ་ཧཱ་མཾ་ས་རཀྟ་ཀེང་ནི་རི་ཏི་མ་ཧཱ་པཉྩ་ༀ་ཨཱཿཧཱུྃ༔ སྦྱོར་མཆོད་བྱང་སེམས་བྱིན་བརླབ་པ༔ ༀ་ཨཱཿཧཱུྃ༔ བྷོ་ཏི་ཙིཏྟ་གྷ་ན་གྷུ་ཧྱ་པཱུ་ཙ་ཧོ༔ དེ་དག་ནི་སྦྱོར་བའི་རིམ་པའོ༔ གཉིས་པ༔ ལྷ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ༔ དམིགས་མེད་ནམ་མཁའ་ལྟ་བུར་བསྒོམ༔ སྟོང་ཉིད་སྙིང་རྗེའི་རང་རྩལ་ལས༔ བདག་ཉིད་གསེར་གྱི་ཕུར་པར་བསྒོམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བསྡུས༔ དེ་ལས་ཆེ་མཆོག་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་འཛུམ་པའི་ཞལ༔ མཐུན་པའི་སྟངས་སྟབས་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་སྡིགས་མཛུབ་བསྡིགས་པའི་ཚུལ༔ རབ་བྱུང་བཙུན་པའི་ཆ་ལུགས་ཅན༔ སྟག་ལྤགས་གདན་ལ་བཞུགས་པར་བསྒོམ༔ སྐུ་ཡི་འོད་ཟེར་ཉི་ཟེར་འཕྲོས༔ དགྲ་

p. 235

བགེགས་ཐམས་ཅད་ཟིལ་གྱིས་གནོན༔ ཞི་སྒྲུབ་ལ་འདིས་ཆོག༔ ཅིས་ཀྱང་དགྲ་བགེགས་ཚར་གཅོད་དྲག་པོ་དགོས་ན༔ དེ་ཉིད་སྐད་ཅིག་གནས་གྱུར་ཏེ༔ བདག་ཉིད་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་དམར་ནག་ཁྲོས་པའི་ཚུལ༔ སྤྱན་བགྲད་ཨམ་གཙིགས་སྨ་ར་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་པས་དགྲ་སྙིང་གཟིར༔ གཡོན་བརྐྱང་གཡས་བསྐུམ་རབ་བྱུང་ཚུལ༔ སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ༔ མི་མགོའི་ཕྲེང་བའི་དོ་ཤལ་ཅན༔ ཆིབས་སུ་སྟག་མོའི་གདན་ལ་བཞུགས༔ ཞལ་ནས་ཧཱུྃ་ཧཱུྃ་ང་རོ་སྒྲོག༔ བསྐལ་པའི་མེ་དཔུང་སྐུ་ལས་འབར༔ འོད་ཟེར་མཚོན་ཆའི་ཆར་པ་ཡིས༔ དམིགས་པའི་དགྲ་བགེགས་ཟིལ་གྱིས་གནོན༔ གནས་གསུམ་ༀ་དཀར་ཨཱཿདམར་དང་༔ སྙིང་གར་ཉི་དཀྱིལ་ཧཱུྃ་མཐིང་དང་༔ ཧྲཱིཿ ཡིག་དམར་པོའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེངྒེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་

p. 236

པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཨེ་མ་ཧོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་ལོ༔ མཆོད་པ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་བཤམས༔ འཁོར་འདས་ཡོངས་གྲོལ་ཆེན་པོའི་ཚོགས༔ གཏུམ་ཆེན་གྲོ་ལོད་ཁྱེད་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ གཏུམ་ཆེན་གྲོ་ལོད་ཁྱོད་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུངས༔ ཞག་དང་རླངས་པ་ཆི་ལི་ལི༔ རྡོ་རྗེ་

p. 237

གྲོ་ལོད་ཐུགས་དམ་བསྐང་༔ བདུད་རྩི་གཏོར་ཆེན་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་གཏིབས༔ རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་༔ བསྟོད་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དྲི་མེད་མདངས་ལྡན་པའི༔ ཡ་མཚན་པདྨ་གེ་སར་སྡོང་པོ་ལ༔ མ་བཅོས་སྤྲོས་བྲལ་བདེ་བ་ཆེན་པོར་བྱོན༔ སྐུ་གཅིག་མཚན་བརྒྱད་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ཁྱབ་བརྡལ་པདྨའི་བྱང་ཕྱོགས་སུ༔ ཉོན་མོངས་བདུད་འཇོམས་རྡོ་རྗེ་གྲོ་ལོད་སྤྲུལ༔ འཁོར་དུ་ཀརྨ་མཁའ་འགྲོ་མ་ཚོགས་བསྐོར༔ ཡེ་ཤེས་ལྔ་རྫོགས་སྣ་ལྔའི་དཀྱིལ་ན་བཞུགས༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ མུསྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས༔ སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ༔ གསང་སྔགས་ཕྱི་ནང་ཐུགས་ཀྱི་དཀྱིལ་ན་གསལ༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ དྲི་མེད་སྐུ་འཁྲུངས་རྫུ་འཕྲུལ་སྟོབས་དང་ལྡན༔ ངོ་མཚར་རྨད་བྱུང་སྡེ་བརྒྱད་དམ་ལ་བཏགས༔ ཆེ་མཆོག་གྲོ་

p. 238

ལོད་སྐུ་ལ་ཕྱག་འཚལ་བསྟོད༔ བླ་མའི་འཁོར་ཚོགས་ཌཱཀྐི་གིང་གི་ཚོགས༔ ཆོས་སྐྱོང་སྒོ་བ་བཞི་དང་སྒོ་མ་བཞི༔ མ་མོ་མཁའ་འགྲོས་ཕྱི་ནང་བར་ཆད་སྲུང་༔ བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་བསྟོད༔ སྔགས་དམིགས་ནི་གཏེར་གཞུང་ལས༔ རིག་པའི་ངར་བསྐྱེད་དགྲ་བགེགས་འདུལ༔ ཞལ་ནས་ཧཱུྃ་ཧཱུྃ་ང་རོ་སྒྲོགས༔ ཟང་ཐལ་རིག་པའི་རྩལ་དང་བཅས༔ བསྐལ་པའི་མེ་དཔུང་སྐུ་ལས་འབར༔ འོད་ཟེར་མཚོན་ཆའི་ཆར་པ་ཡིས༔ དམིགས་པའི་དགྲ་བགེགས་ཟིལ་གྱིས་གནོན༔ ཐུགས་དཀྱིལ་ཧྲཱིཿཡི་འོད་ཟེར་ལས༔ ཧྲཱིཿ ཚོགས་འཕྲོས་ནས་དགྲ་དང་བགེགས༔ ཟིལ་གནོན་དབང་བསྡུས་ལས་ལ་འཁོལ༔ གང་འདོད་དམིགས་པའི་གནད་བསྒྱུར་ཞིང་༔ ཞེས་རྡོ་རྗེའི་ཚིག་རྩ་བར་བཟུང་སྟེ༔ ༀ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ་ཧཱུྃ༔ དེ་ལ་བདུན་འབུམ་གྲངས་ཐེབས་ནས༔ སྐབས་སུ་འདི་ཡིས་དྲེགས་པ་གཟིར༔ ༀ་ཨཱཿཧཱུྃ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ སྲིའུ་གསོ་བ་དང་སྨྱོན་པ་འདུལ་བ་ལ་དེ་ཡན་ཆད་ཀྱིས་ཆོག༔ བདེ་གཤེགས་ཀུན་འདུས་ཀྱི་དྲག་སྔགས་ཏེ༔ བར་ཆད་བགེགས་ཚོགས་འདུལ་བ་ལ༔ ཟབ་ཅིང་རྣོ་བས་ཆིག་ཆོག་གོ༔ སྐབས་སུ་འཆམས་ཤིང་ཧཱུྃ་ཧཱུྃ་སྒྲོགས༔ དགྲ་བགེགས་ཐུལ་དང་ཚར་ཆོད་

p. 239

རྟགས༔ ཉམས་སུ་སྣང་བའི་ཚད་གཟུང་བྱའོ༔ ཐུན་མཚམས་སུ༔ རྔུབ་པ་ༀ་ལ་གནས་པ་ཨཱཿའབྱིན་པ་ཧཱུྃ་བསམ་རླུང་གི་བཟླ༔ དེ་ནི་རྡོ་རྗེའི་བཟླས་པའོ༔ ཞེས་ལན་གསུམ་མམ་བདུན་ནམ་ཉེར་གཅིག་སོགས་སྐབས་དང་སྦྱར༔ དེ་དག་ནི་དངོས་གཞིའི་རིམ་པའོ༔ དགྲ་བོ་གསོད་པའི་མན་ངག་གཞན་དུ་ཤེས་སོ༔ གསུམ་པ་ནི་ཚོགས་མཆོད་སོགས་སྤྲོ་ན་ཆོ་ག་རིགས་མཐུན་ནས་བླངས་ཀྱང་ཆོག༔ རྫོགས་རིམ་ནི༔ རྫོགས་རིམ་སྣང་ལ་རང་བཞིན་མེད༔ དེ་ཡང་མི་དམིགས་སྤྲོས་དང་བྲལ༔ སྤྲོལ་བྲལ་ནམ་མཁའི་ཀློང་ནས་ནི༔ འགག་མེད་སྔགས་ཀྱི་ང་རོ་སྒྲོགས༔ རང་དང་བླ་མ་དབྱེར་མེད་པར༔ སྟོང་གསལ་འཛིན་མེད་མ་བཅོས་བཞག༔ དེ་ལྟར་ཉམས་སུ་སུས་བླངས་པ༔ ཆོས་ཀྱི་སྐུ་ལ་ངེས་པར་སྦྱོར༔ སྨོན་ལམ་འདི་ལྟར་བསྒྱུར་ཞིང་གདབ༔ ན་མོ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་བདག་གིས་ཚོགས་བསགས་མཐུས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་སོགས་བླ་མེད་འབྲས་ཐོབ་ཤོག༔ རྒྱུན་སྤྱོད་བླ་མའི་ང་རྒྱལ་གྱིས༔ གཞན་དོན་དམིགས་པ་བསགས་སྦྱང་བྱ༔ བཀྲ་ཤིས་ནི༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་

p. 240

ཆེན་པོའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ༔ ཕན་ཡོན་དགོས་ཆེད་འབྲས་བུ་ནི༔ རྩ་བ་ལས༔ དགྲ་བགེགས་འཇོམས་པར་གདོན་མི་ཟ༔ རྡོ་རྗེ་གྲོ་ལོད་གསང་སྒྲུབ་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཅེས་གསུངས་སོ༔ དེ་དག་ནི་རྗེས་ཀྱི་རིམ་པའོ༔ རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་ཕྲིན་ལས་ཐོགས་མེད་འདི་ནི་ཟབ་གཏེར་མངའ་བདག་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་གཞུང་རྩ་བ་དང་རང་ཉིད་ཀྱང་དབང་དྲག་འབར་བའི་བྱིན་རླབས་ཐོབ་པའི་མཚན་མ་བྱུང་བའི་གནད་དང་བཅས་པ་ལ་བརྟེན་པ་སྟེ༔ ཁོ་བོ་རི་འགྲིམ་གྱི་ལྷོང་དང་བདུད་ཀྱི་བར་ཆད་ཆོ་འཕྲུལ་ཆེས་ཆེར་བྱུང་བ་དང་༔ ཡུལ་ཁམས་ཀྱི་མི་ནད་ཕྱུགས་ནད་དང་འདྲེ་གཟུགས་དངོས་བསྟན་བྱུང་བ་ལ་བརྟེན་ནས་དྲག་སྒྲུབ་འདི་ཉིད་ལེགས་པར་བཀོད་པས་ཕན་པར་མཐོང་ནས་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

རྡོ་རྗེ་གྲོ་ལོད་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་།

p. 241

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་བཞུགས་སོ། །གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ། །དེ་ཡང་དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་མན་ངག་འདིའི་ལོ་རྒྱུས་ནི། སྤྱིར་གཏེར་ཁ་ཆེ་བའི་ཐུགས་སྒྲུབ་ཕལ་མོ་ཆེར་མཚན་བརྒྱད་སྒོས་སྒྲུབ་ཡོད་ཅིང་། ཁྱད་པར་འདི་ཉིད་གུ་རུ་ཆོས་དབང་གི་ཐུགས་སྒྲུབ་གསང་བ་འདུས་པ་ལ་མཚན་བརྒྱད་སྒོས་སྒྲུབ་བཞུགས་པ་ལས་འདི་ནི་གྲོ་ལོད་ཀྱི་སྒྲུབ་པ་ཁོལ་དུ་ཕྱུང་བའོ། །དེ་ཡང་གཏེར་གཞུང་རྩ་བ་ལས། ཡིད་བཞིན་རེ་བ་བསྐང་བའི་ཕྱིར༔ ལས་ཚོགས་མཚན་བརྒྱད་སྒྲུབ་པ་བསྟན༔ ཞེས་དང་། ཡང་དེ་ཉིད་ལས། འོན་ཀྱང་གདུལ་བྱ་ཐ་དད་ལས༔ མཚན་བརྒྱད་སྒྲུབ་པ་ཤིན་ཏུ་ཟབ༔ ཅེས་དང་ཡང་དེ་ཉིད་ལས། བྱེ་བྲག་ཏུ་དགོས་ཆེད་བསྟན་པ་ཡང་། དྲེགས་པ་དགྲ་བགེགས་ཚར་གཅོད་ན༔ གུ་རུ་རྡོ་རྗེ་གྲོ་ལོད་སྒྲུབ༔ ཅེས་གསུངས་པའི་དོན་ནོ། །ཁོ་བོ་ལས་རབ་རྩལ་ནི་ཆུང་ངུ་ནས་དེང་སང་གི་བར་དུ་སྔོན་གོམས་བག་ཆགས་ཀྱིས་གུ་རུ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཐོབ། དེ་བཞིན་དུ་བླ་སྒྲུབ་དུ་མའི་དབང་ལུང་མན་ངག་ཐོབ།

p. 242

དངོས་ཉམས་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཞི་དྲག་དང་མཇལ་བའི་ཉམས་ཤར། ཁྱད་པར་རྡོ་རྗེ་གྲོ་ལོད་དུ་རང་ཉིད་གྱུར་ནས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་དང་ཕུར་པ་ཐོགས་ནས་བགེགས་ཚོགས་གཟིར་བར་རྨིས་པ་དང་། གུ་དྲག་དང་སེངྒེ་སྒྲ་སྒྲོག་སོགས་ཀྱི་བྱིན་རླབས་ཐོབ་པའི་མཚན་མ་བྱུང་བ་སྟེ། དེ་ཡི་ཕྱིར་ན་དག་སྣང་གི་ཆོས་སུ་འགྱུར་ཞིང་དོན་བརྒྱུད་བྱིན་རླབས་མྱུར་བ་ཡིན་ནོ། །དགོས་ཆེད་ནི་སྙིགས་མའི་མཐའི་སྡེ་བརྒྱད་སྤྱི་དང་རྒྱ་འདྲེ་འགོང་པོ་རྒྱལ་བསེན་དམ་སྲི་ཤི་འདྲེ་སོགས་མ་རུངས་པ་གདུལ་དཀའ་བ་མཐའ་དག་གི་གཉེན་པོར་སྐབས་སུ་བབ་པར་རིག་ནས། དབང་དང་སྒྲུབ་ཐབས་ཆ་ལག་བཅས་པ་བཀོད་པ་འོ། །གུ་རུ་རིན་པོ་ཆེ་རིགས་འདུས་པདྨ་འབྱུང་གནས་ཞི་དྲག་གང་ཡང་རྒྱལ་བ་གཞན་ལས་ཐུགས་རྗེ་མྱུར་བའི་གཏན་ཚིགས་ཀྱང་། རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར༔ ཞེས་དང་། ཇི་སྐད་དུ། གསོལ་བཏབ་པད་འབྱུང་ང་ལས་དགོས་དགུ་འབྱུང་༔ ཞེས་ཞལ་

p. 243

བཞེས་བཙན་པའི་ཐ་ཚིག་ཀྱང་། གློ་སྙིང་བྲང་གསུམ་པདྨ་ང་ལ་གཏོད༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་སོགས་གུ་རུ་ཉིད་ཀྱི་གསུང་ཚད་མ་ལས་ལུང་མང་ཡང་འདིར་དེ་ཙམ་གྱིས་འཐུས་པར་བྱས་ནས། མདོར་ཆོས་འདི་གཏེར་དང་དག་སྣང་སྦྲེལ་ན་ཡུལ་དུས་དང་མཐུན་པར་དགོས་པ་ཁྱད་པར་ཅན་ཡོད་ཕྱིར་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག །མངྒ་ལཾ།། །།

རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་མཆོད་འཁོར་འདས་ཟིལ་གནོན།

p. 244
p. 245

࿅༔ རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་མཆོད་འཁོར་འདས་ཟིལ་གནོན་བཞུགས་སོ༔ རྒྱལ་ཀུན་འདུས་པའི་ངོ་བོ་ཉིད༔ རྡོ་རྗེ་གྲོ་ལོད་སྐུ་ལ་འདུད༔ དེ་ཉིད་སྒྲུབ་པའི་རིམ་པ་ནི༔ མཁོ་བའི་ཡོ་བྱད་འདུ་བགྱིས་ནས༔ ན་མོ་བདེ་གཤེགས་འདུས་པའི་སྐུ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ བདག་སོགས་སེམས་ཅན་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་གཞན་དོན་དུ༔ བླ་མའི་རྣལ་འབྱོར་བརྩོན་པར་བྱ༔ བདག་གི་སྤྱི་བོར་བླ་མ་གསལ༔ ཀྱེ་ཀྱེ་གུ་རུ་རིན་ཆེན་ལགས༔ སངས་རྒྱས་ཀུན་གྱི་ཡོན་ཏན་རྫོགས༔ བདག་གི་བསམ་པ་བསྒྲུབ་ཏུ་གསོལ༔ བླ་མ་རང་ལ་ཐིམ་པར་གྱུར༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུྃ༔ པཉྩ་རཀྟ་བྷ་ལིངྟ་ཧཱུྃ༔ ༀ་བཛྲ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་ཧཱུྃ༔ ཧཱུྃ༔ དམིགས་མེད་ནམ་མཁའ་ལྟ་བུར་བསྒོམ༔ སྟོང་ཉིད་སྙིང་རྗེའི་རང་རྩལ་ལས༔ བདག་ཉིད་གསེར་གྱི་ཕུར་པར་བསྒོམ༔ དེ་ལས་འོད་འཕྲོས་ཕྱོགས་བཅུ་ཡི༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བསྡུས༔ དེ་ལས་ཆེ་མཆོག་ཐོད་ཕྲེང་རྩལ༔ སྐུ་མདོག་དཀར་པོ་འཛུམ་པའི་ཞལ༔ མཐུན་པའི་སྟངས་སྟབས་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་སྡིགས་མཛུབ་བསྡིགས་པའི་ཚུལ༔

p. 246

རབ་བྱུང་བཙུན་པའི་ཆ་ལུགས་ཅན༔ སྟག་ལྤགས་གདན་ལ་བཞུགས་པར་བསྒོམ༔ སྐུ་ཡི་འོད་ཟེར་ཉི་ཟེར་འཕྲོ༔ དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན༔ དེ་ཉིད་སྐད་ཅིག་གནས་གྱུར་ཏེ༔ བདག་ཉིད་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་དམར་ནག་ཁྲོས་པའི་ཚུལ༔ སྤྱན་བགྲད་ཨམ་གཙིགས་སྨ་ར་ཅན༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་པས་དགྲ་སྙིང་གཟིར༔ གཡོན་བརྐྱང་གཡས་བསྐུམ་རབ་བྱུང་ཚུལ༔ སྐུ་ལས་ཁྲོ་ཆུང་དཔག་མེད་འཕྲོ༔ མི་མགོའི་ཕྲེང་བའི་དོ་ཤལ་ཅན༔ ཆིབས་སུ་སྟག་མོའི་གདན་ལ་བཞུགས༔ ཞལ་ནས་ཧཱུྃ་ཧཱུྃ་ང་རོ་སྒྲོགས༔ བསྐལ་པའི་མེ་དཔུང་སྐུ་ལས་འབར༔ འོད་ཟེར་མཚོན་ཆའི་ཆར་པ་ཡིས༔ དམིགས་པའི་དགྲ་བགེགས་ཟིལ་གྱིས་གནོན༔ འཁོར་དུ་རྩ་གསུམ་དམ་ཅན་བསྐོར༔ གནས་གསུམ་འོད་ཀྱིས་སྤྱན་དྲངས་གྱུར༔ ཧཱུྃ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ སྟག་ཚང་སེངྒེའི་བསམ་གྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་ཅེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་

p. 247

བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧཱུྃ༔ རྡོ་རྗེ་གྲོ་ལོད་ལྷ་ཚོགས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བདེ་སྟོང་སོགས༔ མཆོད་པར་འབུལ་ལོ་དགྱེས་པར་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་དཔལ༔ འཁོར་འདས་ཀུན་ལས་རྣམ་པར་རྒྱལ༔ དྲེགས་པ་དགྲ་བགེགས་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོད༔ རིག་པའི་ངར་བསྐྱེད་དགྲ་བགེགས་འདུལ༔ ཞལ་ནས་ཧཱུྃ་ཧཱུྃ་ང་རོ་སྒྲོགས༔ ཟང་ཐལ་རིག་པ་རྩལ་དང་བཅས༔ བསྐལ་པའི་མེ་དཔུང་སྐུ་ལས་འབར༔ འོད་ཟེར་མཚོན་ཆའི་ཆར་པ་ཡིས༔ དམིགས་པའི་དགྲ་བགེགས་ཟིལ་གྱིས་གནོན༔ ཐུགས་དཀྱིལ་ཧྲཱིཿཡི་

p. 248

འོད་ཟེར་ལས༔ ཧྲཱིཿ ཚོགས་འཕྲོས་ནས་དགྲ་དང་བགེགས༔ ཟིལ་གནོན་དབང་བསྡུས་ལས་ལ་འཁོལ༔ ༀ་བཛྲ་གུ་རུ་རྡོ་རྗེ་གྲོ་ལོད་ལོ་ཀ་སརྦ་ཧཱུྃ་ཧཱུྃ༔ ༀ་ཨཱཿཧཱུྃ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྫོགས་རིམ་མི་དམིགས་སྤྲོས་དང་བྲལ༔ གསང་གསུམ་སྟོང་གསལ་བླ་མའི་ངང་༔ ན་མོ་བླ་མ་བསྒྲུབས་ལ་སོགས༔ དུས་གསུམ་བདག་གིས་ཚོགས་བསགས་མཐུས༔ ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་༔ བདག་སོགས་བླ་མེད་འབྲས་ཐོབ་ཤོག༔ ཨེ་མ་ཧོ༔ ཤེས་བྱའི་དོན་ལ་མ་རྨོངས་པའི༔ བླ་མ་དམ་པའི་བཀྲ་ཤིས་ཤོག༔ གང་ལ་བསམ་པ་དེ་ཡིས་འགྲུབ༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྐུ་གསུང་ཐུགས་ཀྱི་བྷ་ག་ལ༔ ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག༔ བླ་སྒྲུབ་ཉུང་གསལ་དོན་འདུས་པ༔ ཆོས་དབང་གཏེར་བྱོན་གཞིར་བཞག་ནས༔ དཔའ་བོ་ལས་རབ་རྩལ་གྱིས་བཀོད༔ རང་གཞན་བདུད་ལས་རྒྱལ་བར་ཤོག༔ མངྒ་ལཾ༔

རྡོ་རྗེ་གྲོ་ལོད་ཀྱི་ཐུགས་སྒྲུབ་གསང་བ་གནམ་ལྕགས་ཁོལ་མ།

p. 249

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ཐུགས་སྒྲུབ་གསང་བ་གནམ་ལྕགས་ཁོལ་མ་བཞུགས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དངོས་གྲུབ་རྣམ་གཉིས་འཐོབ་པ་དང་༔ འདྲེ་བདུད་དྲེགས་པ་ཚར་གཅོད་ཕྱིར༔ ཐུགས་སྒྲུབ་འདི་ཉིད་ཉམས་སུ་ལོངས༔ སྐུ་གསུང་ཐུགས་རྟེན་མཆོད་ཚོགས་བཀྲམ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ ཧཱུྃ༔ འཇིགས་སུ་རུང་བའི་དུར་ཁྲོད་ཞིང་༔ རྔམ་བརྗིད་དྲག་མཆོད་འཁྲིགས་པའི་ཀློང་༔ པད་ཉི་རྒྱལ་བསེན་བསྣོལ་བའི་གདན༔ རྩལ་ལྡན་སྟག་མོ་དྲུས་མའི་སྟེང་༔ རང་རིག་ཧཱུྃ་དམར་འཕྲོ་འདུ་ལས༔ བདེ་གཤེགས་ཀུན་འདུས་པད་མ་འབྱུང་༔ དྲག་ཏུ་ཁྲོས་པ་གྲོ་བོ་ལོད༔ སྨུག་ནག་ཁྲོ་གཏུམ་སྤྱན་གསུམ་བགྲད༔ སྨ་ར་སྨིན་མ་མེ་ལྟར་འབར༔ འཇིགས་པའི་གཟུགས་ཅན་ཨམ་གཙིགས་བསྡམས༔ དབུ་སྐྲ་དམར་སེར་ཚོམ་བུར་འཁྱིལ༔ སྙན་ལ་དུང་གི་ཝང་མིག་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར༔ ལྷ་སྲིན་སྡེ་བརྒྱད་འདར་ཞིང་དངངས༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ དགྲ་བགེགས་སྲོག་རྩ་ཧུར་ཐུམ་བྱེད༔ མཐིང་ནག་བེར་ཆེན་སྐུ་ལ་བཀླུབས༔ མཐང་ཤམ་སྐུ་ཆིངས་སྔོན་པོ་མཛེས༔ མགོ་རློན་ལྔ་བཅུའི་ཕྲེང་བ་འཕྱང་༔

p. 250

ཆོས་གོས་དམར་ལྗང་གསེར་རིས་བཀྲ༔ ཞབས་གཉིས་སག་ལྷམ་འདོར་སྟབས་བགྲད༔ ཟུར་ཞལ་གཡོན་གཟིགས་འགྱིང་བའི་ཉམས༔ ཆེ་བཙན་འགྲན་ཟླ་ཀུན་དང་བྲལ༔ སྐུ་ལས་བསྐལ་པའི་མེ་དཔུང་འཚུབ༔ གསུང་ལས་ཧཱུྃ་ཕཊ་འབྲུག་སྟོང་ལྡིར༔ ཐུགས་ལས་ཁྱུང་དང་ཁྲོ་ཆུང་འཕྲོ༔ ཟེར་ལས་གནམ་ལྕགས་ཞུན་ཐིགས་འཁྲུགས༔ མི་སྡུག་དྲི་ངན་དུག་རླངས་འཐིབ༔ འཁོར་དུ་རྩ་གསུམ་སྲུང་མས་བསྐོར༔ ཧཱུྃ༔ བཞེངས་ཤིག་གུ་རུ་དྲག་པོ་རྩལ༔ རྔམ་བརྗིད་སྲིན་ཡུལ་རྔ་ཡབ་ནས༔ བདུད་དང་ལོག་འདྲེན་འདུལ་ཕྱིར་དུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གཉིས་སུ་མེད་པར་བརྟན་པར་བཞུགས༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ དགྲ་བགེགས་ཀུན་འདུལ་ཁྱོད་ལ་བསྟོད༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དེ་ནས་རང་ཉིད་ཁྲོ་བོའི་ང་རྒྱལ་བསྐྱེད་ལ༔ ཧཱུྃ༔ ང་ནི་རྒྱལ་ཀུན་སྤྱི་དཔལ་གཙོ༔ ང་ནི་ཡེ་ཤེས་རིག་པའི་ལྷ༔ ང་ནི་རྡོ་རྗེ་གྲོ་བོ་ལོད༔ ང་ནི་ལོག་རྟོག་འཁྲུལ་དགྲའི་གཤེད༔ ཅེས་གསལ་བཏབ༔ ཐུགས་ཀར་ཉི་དཀྱིལ་ཧཱུྃ་དམར་

p. 251

མཐར༔ སྔགས་ཕྲེང་འཕྲོ་འདུས་བྱིན་རླབས་རྫོགས༔ སྔགས་ལས་མེ་དཔུང་ཁྲོ་མཚོན་འཕྲོས༔ གནོད་བྱེད་ཐམས་ཅད་བསྲེགས་སྦྱངས་བཏུལ༔ ༀ་བཛྲ་མ་ཧཱ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུན༔ འདི་ཉིད་བདུན་འབུམ་བཟླས་པ་ན༔ རྡོ་རྗེ་གྲོ་ལོད་མངོན་དུ་འགྱུར༔ དགྲ་བགེགས་དམ་སྲི་ཚར་གཅོད་ནུས༔ སངས་རྒྱས་ཀུན་གྱི་བྱིན་རླབས་འཐོབ༔ དངོས་གྲུབ་རྣམ་གཉིས་ཐོགས་པ་མེད༔ དབང་སྡུད་ཟིལ་གནོན་ཤུགས་ཀྱིས་འབྱུང༔ དགྲ་བགེགས་དམ་སྲི་ལོག་འདྲེན་རྣམས༔ འདུལ་བའི་དྲག་སྔགས་འདི་ལྟར་རོ༔ བདག་ཉིད་གྲོ་ལོད་སྤྲུལ་པ་ཡི༔ མཁའ་ལྡིང་ཁྱུང་གིས་ནམ་མཁའ་གང་༔ ཁྲོ་ཆུང་ཡཀྴས་བར་སྣང་གང་༔ གནམ་ལྕགས་སྡིག་པས་ས་གཞི་གང་༔ དགྲ་བགེགས་མ་ལུས་ཚར་གཅོད་གྱུར༔ རྩ་སྔགས༔ ༀ་ཨཱཿཧཱུྃ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ བདེ་གཤེགས་སྟོབས་འདུས་དྲག་སྔགས་འདིས༔ མི་འདུལ་མི་ཐུབ་གང་ཡང་མེད༔ དགྲ་བགེགས་སྡེ་བརྒྱད་འབྱུང་པོའི་རིགས༔ གང་ལ་དམིགས་པ་རྩད་ནས་གཅོད༔ སྲི་ངན་ལོག་འདྲེན་ཀུན་གྱི་གཤེད༔ རང་གི་མཐུ་སྟོབས་མེ་ལྟར་འབར༔ རྩོད་རྒོལ་འཇིགས་བརྒྱད་ཀུན་ལས་རྒྱལ༔ འདི་འདྲའི་དྲག་སྔགས་ས་སྟེང་དཀོན༔ ཟབ་པོ་གཉན་ནོ་རབ་ཏུ་གསང་༔ རིག་པ་མདུང་སློང་ང་རྒྱལ་བསྐྱེད༔ སྐབས་སུ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ སྔོན་ཚེ་སངས་རྒྱས་འོད་

p. 252

དཔག་མེད༔ དབང་ཆེན་ཁྲོས་པའི་སྐུར་བཞེངས་ནས༔ བདུད་ཀྱི་རྒྱལ་པོ་རཱུ་ཏྲ་བཏུལ༔ པད་འབྱུང་སྐུར་བཞེངས་རྒྱ་མཚོར་བལྟམས༔ གཟའ་བརྒྱད་སྡེ་བརྒྱད་ཀླུ་བརྒྱད་བཏུལ༔ རྡོ་རྗེ་ཐོད་ཕྲེང་སྐུར་བཞེངས་ནས༔ རྒྱ་གར་ཡུལ་གྱི་མུ་སྟེགས་བཏུལ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ནས༔ ཡང་ལེ་ཤོད་དུ་བར་ཆད་བཏུལ༔ རྟ་མཆོག་རོལ་པའི་སྐུར་བཞེངས་ནས༔ བོད་ཀྱི་ལྷ་སྲིན་མ་ཡམས་བཏུལ༔ ཕྱག་ན་རྡོ་རྗེའི་སྐུར་བཞེངས་ནས་༔ མ་དྲོས་ཀླུ་དང་ས་བདག་བཏུལ༔ དམར་ནག་མེ་ཕྲེང་སྐུར་བཞེངས་ནས༔ ཧས་པོ་རི་རྩེར་རྒྱལ་འགོང་བཏུལ༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ སེང་གེ་རྫོང་དུ་དམ་སྲི་བཏུལ༔ སྲིན་རྒྱལ་རཀྴའི་སྐུར་བཞེངས་ནས༔ རྔ་ཡབ་གླིང་དུ་སྲིན་པོ་བཏུལ༔ སྔོན་གྱི་ཐུགས་དམ་དེ་བཞིན་དུ༔ དེང་འདིར་བདག་གིས་ཁྱེད་བསྒྲུབ་ཀྱིས༔ མཐུ་སྟོབས་བྱིན་རླབས་ནུས་པ་བསྐྱེད༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བདུད་དང་དམ་སྲི་སྡེ་བརྒྱད་ཐུལ༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྐུལ་ཐུན་མཐར་འདི་ལྟར་བྱ༔ ཧཱུྃ༔ རྡོ་རྗེ་ཁྲོ་

p. 253

མཆོག་གསང་བ་གསུམ༔ ཡེ་ཤེས་རིག་པའི་ཀློང་དུ་ཐིམ༔ རིམ་གཉིས་ཟབ་མོའི་བསོད་ནམས་མཐུས༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ ཅེས་བརྗོད་ཤིས་བརྗོད་མཐའ་རྒྱས་སྐྱོངས༔ གསང་སྒྲུབ་མཐར་ཐུག་སྙིང་པོ་འདི༔ བར་ཆད་འཚེ་བས་ཉེན་པ་ན༔ བརྩོན་པས་འབད་དེ་ཐུན་བཅད་སྒྲུབས༔ བྱིན་རླབས་ཐུགས་རྗེ་ལྷག་པར་མྱུར༔ ལས་ཅན་རྣམས་ཀྱིས་ཉམས་སུ་ལོངས༔ འབྲེལ་ཚད་བདུད་ལས་རྒྱལ་བར་ཤོག༔ ས་མ་ཡཱ༔ ཆུ་ཡོས་ཧོར་ཟླ་དགུ་བའི་བཅོ་ལྔའི་ནུབ་མོའི་རྨི་ལམ་ལ༔ སྐུ་རྡོ་རྗེ་གྲོ་ལོད༔ གསུང་འགག་མེད་ཀྱི་སྒྲ་དབྱངས༔ ཐུགས་གནམ་ལྕགས་རྡོ་རྗེ་རྩེ་དགུ་དང་གནམ་ལྕགས་ཕུར་པ་ཐོགས་པའི་རྟགས་མཚན་བརྡས་མཚོན་པ་ལ་བརྟེན་ནས་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བྲིས་པ་ཛ་ཡནྟུ༔ དགེའོ༔ དགེའོ༔ དགེའོ༔

རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག

p. 254
p. 255

࿅༔ རྡོ་རྗེ་གྲོ་ལོད་ཀྱི་དབང་ཆོག་བྱིན་རླབས་མྱུར་འཇུག་བཞུགས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དེ་ཉིད་ཀྱི་དབང་བསྐུར་བ་ནི༔ དབང་གི་རྫས་དང་ཡོ་བྱད་རྣམས་ལེགས་པར་གྲུབ་ནས་བསྙེན་ཅིང་བསྒྲུབས་ཏེ་བདག་འཇུག་ལེན་པར་བྱས་ལ༔ ལས་བུམ་གྱིས་སློབ་མ་བཀྲུ༔ བགེགས་གཏོར་བཏང་༔ ལོ་རྒྱུས་བརྗོད་ཅིང་མཎྜལ་འབུལ༔ སློབ་མས་གསོལ་བ་འདེབས་པ་ནི༔ ཀྱེ༔ རྡོ་རྗེ་སློབ་དཔོན་ཁྲོ་བོའི་རྒྱལ༔ འབར་བའི་དཀྱིལ་འཁོར་གཙོ་བོ་མཆོག༔ ཐུགས་རྗེས་བདག་ལ་དགོངས་མཛོད་ལ༔ དམ་ཚིག་དཀྱིལ་འཁོར་བསྟན་དུ་གསོལ༔ ལན་དུ༔ འཇིག་རྟེན་ཀུན་ལས་རབ་འདས་པའི༔ རྡོ་རྗེ་གྲོ་ལོད་ཆེ་བའི་མཆོག༔ གང་གི་གསང་བའི་དཀྱིལ་འཁོར་འདིར༔ ཁྱོད་ནི་བྱིན་གྱིས་བརླབ་པར་བྱ༔ དེ་ནས་སྐྱབས་སེམས་དང་ཡན་ལག་བདུན་པ་རྣམས་འབོག༔ དམ་ཚིག་གི་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་ཡང་དག་དམ་ཚིག་ཆུ༔ དམ་ལ་གནས་ན་རྡོ་རྗེ་གསུམ༔ ཚེ་འདི་ཉིད་ལ་ངེས་པར་འགྲུབ༔ ཉམས་ན་སྒོ་གསུམ་འཚིག་ཏ་རེ༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ བཛྲ་ས་མ་ཡ་ན་ར་སྐན་ཧཱུྃ༔ དེ་ནས་སློབ་མ་བསང་སྦྱང་ལྷར་བསྐྱེད་ཡེ་ཤེས་དབབ་བསྟིམ་བྱ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ བུམ་པ་ཐོགས་ལ༔ ཧཱུྃ༔ སྤྲོས་བྲལ་བུམ་པ་ཆོས་ཀྱི་དབྱིངས༔ དབང་དྲག་འབར་བའི་

p. 256

ཞིང་ཁམས་རྫོགས༔ ཞིང་ཁམས་སྐུ་དང་འདུ་འབྲལ་མེད༔ གུ་རུ་རྡོ་རྗེའི་གྲོ་ལོད་ཀྱིས༔ རྡོ་རྗེ་སློབ་མ་འདི་ཉིད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ དམ་ཚིག་དབང་གི་བྱིན་ཕོབ་ཅིག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན༔ ཧཱུྃ༔ བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ རང་བྱུང་བདུད་རྩིའི་བཅུད་ཀྱིས་གཏམས༔ རྡོ་རྗེའི་གསུང་གི་ངོ་བོ་ཉིད༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ ནུས་མཐུ་གསུང་གི་བྱིན་རླབས་ཏེ༔ ཁྱོད་ཀྱི་ངག་ལ་རྫོགས་པར་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་ནི༔ ཧཱུྃ༔ བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ བྱིན་རླབས་སྔགས་ཀྱི་ངོ་བོ་ནི༔ འོད་ཟེར་མེ་དཔུང་རྣམ་པར་ཐོན༔ སློབ་མ་ཁྱོད་ཀྱི་ངག་ལ་ཞུགས༔ སྙིང་གར་འཁོར་ཞིང་ནད་གདོན་བསྲེག༔ འཁོར་འདས་ཆིག་ཆོད་དབང་བསྐུར་རོ༔ ཞེས་རྩ་སྔགས་བརྒྱ་རྩའི་རྗེས་ཟློས་བྱ༔ དམ་བཅའ་བཟུང་ངོ་༔ རྡོ་རྗེ་སྙིང་གར་བཞག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༔ ཡེ་ཤེས་གཟི་བརྗིད་དཔལ་དུ་འབར༔ འགྱུར་བ་མེད་པ་ཆོས་སྐུའི་དོན༔ གྲོ་ལོད་བྱིན་རླབས་འདི་ལ་རྫོགས༔ སྙིང་པོའི་ཐུགས་ཀྱི་དོན་དམ་འདི༔ སློབ་མའི་སེམས་ལ་བརྟན་

p. 257

གྱུར་ཅིག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཏིང་འཛིན་ངོ་སྤྲོད་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད༔ ཀུན་བཟང་དོན་ལ་བཟང་ངན་མེད༔ ཀ་དག་དགོངས་པར་ལྷ་བདུད་མེད༔ མཐའ་བྲལ་ཀློང་ལ་ཡངས་དོག་མེད༔ གདོད་ནས་རང་རིག་གྲོ་བོ་ལོད༔ མཐའ་བརྒྱད་ཀུན་བྲལ་རྫོགས་སངས་རྒྱས༔ ས་ལམ་དུས་གཅིག་ཆོད་པའོ༔ ཞེས་བསྟན་ཉམས་ལེན་མེད་པ་ལ་འདི་མི་བརྗོད༔ ཕུར་བུ་གཏད༔ ཧཱུྃ༔ ཁྲག་འཐུང་ཡོངས་ཀྱི་ཕྲིན་ལས་ནི༔ ཁྲོ་བོའི་རྒྱལ་པོ་ཀཱི་ལ་ཡ༔ དགྲ་དང་བགེགས་ཀྱི་གཉེན་པོར་ཆེ༔ རྡོ་རྗེ་གྲོ་ལོད་ཁྲོས་པའི་མཚོན༔ སྐལ་ལྡན་ཁྱོད་ལ་འདི་སྦྱིན་ནོ༔ དྲག་རྩལ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ ཆོས་དབྱིངས་བདེ་ཆེན་ཕོ་བྲང་ནས༔ དུས་གསུམ་བདེ་གཤེགས་ཁྲོས་པའི་སྐུ༔ རྡོ་རྗེ་གྲོ་ལོད་དཔལ་ཆེན་པོའི༔ དམ་ཚིག་དབང་གིས་སྐུར་བཞེངས་ཤིག༔ རྡོ་རྗེ་སློབ་མ་འདི་ཉིད་ལ༔ དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ རྩ་སྔགས༔ གུ་ཧྱ་ཨ་དྷིཥྛ་ཨ་བྷི་ཥིཉྩ་ཧཱུྃ༔ དབང་བསྡུ་ན་ཡེ་ཤེས་དབབ་རྗེས་གཏོར་དབང་བྱས་པས་འཐུས་སོ༔ རྗེས་ཀྱི་རིམ་པ་སྤྱི་དང་མཚུངས༔ དབང་འདི་

p. 258

ཤིན་ཏུ་བཀའ་གཉན༔ བྱིན་རླབས་ཀྱི་ཚན་ཁ་ཆེའོ༔ དམ་ཚིག་གི་གསང་བ་རྒྱ༔ བདག་དཔའ་བོ་ལས་རབ་རྩལ་གྱིས་བརྗེད་ཐོའོ༔ མངྒ་ལཾ༔

རྡོ་རྗེ་གྲོ་ལོད་ཀྱི་བསྙེན་ཡིག་བྱིན་རླབས་ཡོངས་འདུས།

p. 259

࿅༔ རྡོ་རྗེ་གྲོ་ལོད་ཀྱི་བསྙེན་ཡིག་བྱིན་རླབས་ཡོངས་འདུས་བཞུགས་སོ། །གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ། །དེ་ལ་འདིར་དཔལ་རྡོ་རྗེ་གྲོ་ལོད་བསྙེན་ཅིང་དོན་གཉིས་སྒྲུབ་པར་འདོད་པ་དག་གིས། གནས་ནི་གོང་མའི་ཞབས་ཀྱིས་བཅགས་ཤིང་མི་དང་མི་མ་ཡིན་གྱིས་འཚེ་བ་མེད་པའི་ས་ཕྱོགས་སུ་དུས་ནི་གཟའ་སྐར་ཚེས་གྲངས་བཟང་པོར་བརྩམ་པར་བྱ་ཞིང་། ཡོ་བྱད་ནི་ཚོགས་གཏོར་གྱི་ཆ་རྐྱེན་ན་བའི་གསོལ་སྨན་འཚོ་བའི་ཟས་གོས་སོགས་འབྱོར་བར་འདུ་བགྱིས་ནས། དཔུང་བསྐྱེད་པའི་ཕྱིར་ཚོགས་བརྒྱ་སཱཙྪ་ཆུ་གཏོར་སོགས་དགེ་རྩ་ཅི་ནུས་དང་། སྒྲིབ་སྦྱང་གི་རིམ་པ་དང་བཤགས་རྒྱུད་སོགས་ཉམས་ཆག་སྦྱང་བའི་རིམ་པ་ལ་འབུངས་པས་དངོས་གྲུབ་མྱུར་བའི་དགོས་པ་ཡོད་དོ། །གང་དུ་སྒྲུབ་པའི་གནས་དེ་ཉིད་དུ་ས་མ་བཏུལ་བའི་རིགས་ཡིན་ན་ས་ཆོག་བྱ། སྟེགས་གཙང་མའི་སྟེང་དུ་ཚོམ་བུ་འགོད་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། སྨན་རཀ་གཏོར་མ་མཆོད་ཚོགས་སྤྱན་གཟིགས་སོགས་བཀོད་ལེགས་མཛེས་ཤིང་ཡིད་དུ་འོང་བར་བྱ། ཕྱི་མཚམས་སུ་ཐོ་དཀར་པོ་

p. 260

བརྩིགས་པ་ལ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་སོགས་གང་བབ་བསྐྱེད་བསྟིམ་ཕྲིན་བཅོལ་བྱེད། ཐོག་མར་དགོང་ཐུན་ནས་འཇུག །ཐུན་བཞིའི་འགྲོས་བྱ་ཞིང་། ཐོ་རངས་ནས་ཉིན་གུང་། ཉིན་གུང་ནས་དགོང་མོ། དགོང་མོ་ནས་སྲོད་འཁོར་ཏེ་ཐུན་བཞིའོ། །ཡང་བསྙེན་པ་འགྲོ་ཁྱད་ཀྱིས་ཐུན་གཉིས་སམ་གསུམ་སོགས་བྱས་ཀྱང་མི་འགལ། ཐོ་རངས་སྔ་མོར་དབྱངས་གསལ་རྟེན་འབྲེལ་སྙིང་པོ་འགྱུར་སྔགས་རྣམས་བཟླ། སྤྱི་ཁྱབ་ལྟ་བུའི་བྱིན་རླབས་བྱས་པའི་ཕྲེང་བ་བྷོ་ཏི་ཙིཏྟའམ་ཐོད་ཕྲེང་དང་རཀྴ་སོགས་ལ་བགྲང་ཕྲེང་འོས་པར་མངོན། གྲུབ་ན་ནུས་པ་བསྐྱེད་པའི་ཟ་ཡིག་ཀྱང་བརྟེན། དམིགས་པ་ནི་བདག་མདུན་ལས་བྱང་གཅིག་གི་ཁོངས་ནས་རྫོགས་པར་གྲུབ་ནས། ཐུགས་ཀར་ཉི་དཀྱིལ་ཧཱུྃ་མཐིང་དང་ཧྲཱིཿཡིག་དམར་པོར་སྔགས་ཀྱིས་བསྐོར་བའི་འཕྲོ་འདུས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུ་བ་འགྲོ་བའི་སྒྲིབ་ཚོགས་སྦྱང་བ་སོགས་ཀྱི་ངང་ནས་ཐོག་མར་བཟླ་ཞིང་། དེ་ནས་གཞུང་ནས་གསལ་བའི་དམིགས་པའི་ངང་ནས་རྩ་བསྙེན་འབུམ་ཕྲག་བདུན་ཁ་འགེངས་བཅས་

p. 261

པ་བྱ། གཏེར་ཁ་འགའ་ཞིག་ཏུ་འབུམ་ཕྲག་གིས་ཆོག་པར་བཤད་པས་ཐ་ན་དེ་ག་ཙམ་གྱིས་ཀྱང་གོ་ཆོད། དྲེགས་པ་གཟིར་བའི་སྔགས་ནི་ཁ་ཅིག་ལས་སྡེ་བརྒྱད་ཁ་ཆུར་བཤད་ཀྱང་། འདིར་ནི་ཁྲོ་རྒྱལ་སྟོབས་འདུས་བདེ་གཤེགས་ཡོངས་རྫོགས་ཀྱི་དྲག་སྔགས་ཏེ་ཁམས་གསུམ་ལས་རྒྱལ་ཞིང་དགྲ་བགེགས་ཚར་གཅོད་པའི་ཡོན་ཏན་མཐའ་ཡས་པ་ཅན་དུ་བཞེད་ཅིང་། ལྷ་སྔགས་ལས་འཕྲོས་པའི་མེ་དཔུང་ཁྲོ་མཚོན་སྟོང་གསུམ་གང་བའི་ཚོགས་ཀྱིས་ལོག་འདྲེན་གཟིར་བའི་དགོངས་པ་དང་ལྡན་པས་བཟླ་ཞིང་། གདུག་པ་ཚར་ཆོད་པའི་མཚན་མ་མ་མཐོང་བར་དུའོ། །གྲངས་རབ་འབུམ་འབྲིང་ཁྲི་ཚོ་ལྔ། ཐ་ན་ཁྲི་ཙམ་གྱིས་རུང་། བཟླས་པ་དེའི་རྗེས་ཧཱུྃ་སྒྲུབ་ཅི་ནུས་བྱེད། ལར་འདི་དག་གི་སྐབས་སུ་གནས་ཁང་དྲག་པོའི་གཞལ་ཡས། གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་དང་ལྡན་པ་ཁོ་ན་དགོས་ན། རླུང་རྡོ་རྗེའི་བཟླས་པ་ཡང་མན་ངག་ལྟར་མང་ཉུང་ཅི་རིགས་པ་བྱ། བསྙེན་པའི་དུས་འདིར་སྤང་བླང་གི་རིམ་པ་

p. 262

སྤྱི་ཁྱབ་དང་རིགས་འགྲེས་སོ། །དེ་ནས་མཚམས་གྲོལ་བ་ན་ཚོགས་གཏོར་བཟང་དུ་བཤམས། དངོས་གྲུབ་བསྡུ་བའི་སྔགས་དམིགས་བསལ་དུ་བྱ་ཞིང་ཐོ་རངས་སྒྲུབ་རྫས་རྣམས་ལས་དབང་ལེན་པ་སོགས་བྱ། མཚམས་རིམ་གྱིས་གྲོལ། ཐོ་བསྡུ་ཤུལ་མི་མངོན་པར་བྱ། སྒྲུབ་རྫས་རྣམས་དམ་མེད་ལ་སྦའོ། །དེ་ལྟར་གྲོ་ལོད་ཀྱི་གསང་སྒྲུབ་ཕྲིན་ལས་ཐོགས་མེད་ཀྱི་བསྙེན་ཡིག་ཟིན་ཐོ་མདོར་བསྡུས་འདི་ནི་ལས་རབ་རྩལ་གྱིས་སྦྱར་བའོ། །དགེའོ། །དགེའོ། །དགེའོ།། །།

རྡོ་རྗེ་གྲོ་ལོད་ཀྱི་དམ་རྫས་སྒྲུབ་ཐབས།

p. 263

࿅༔ རྡོ་རྗེ་གྲོ་ལོད་ཀྱི་དམ་རྫས་སྒྲུབ་ཐབས་བཞུགས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ བླ་མ་སྒྲུབ་པའི་ཁ་སྐོང་དུ༔ འགྲོ་དོན་ཕྲིན་ལས་རྨད་པོ་ཆེ༔ མྱོང་གྲོལ་མ་བསྒོམས་སངས་རྒྱས་བསྟན༔ བུམ་རྫས་ཉེར་ལྔར་གཞི་བྱས་ལ༔ བདེ་གཤེགས་རིང་བསྲེལ་སྐྱེ་བདུན་གདུང་༔ ཡབ་ཡུམ་བྱང་སེམས་ཆོས་སྨན་རིགས༔ ཁུངས་བཙུན་སེལ་མེད་མང་དུ་བསགས༔ བག་ཕྱེ་དང་སྦྱར་རིལ་བུ་དྲིལ༔ དེ་ལ་ན་བཟའ་དམར་པོ་གསོལ༔ བྷནྡྷ་མཚན་ལྡན་ནང་དུ་བསྩལ༔ ཡང་ན་རྣམ་རྒྱལ་བུམ་པར་བྲུབ༔ རྒྱན་ལྡན་དཀྱིལ་འཁོར་དབུས་སུ་འགོད༔ བདག་དང་དམ་རྫས་གྲོ་ལོད་བསྐྱེད༔ སྤྱི་བོར་སྣང་བ་མཐའ་ཡས་དམར༔ སྤྲུལ་སྐུའི་ཆ་ལུགས་ཚེ་བུམ་འཛིན༔ ཐུགས་ཀར་སྤྱན་རས་གཟིགས་དབང་དཀར༔ ལོངས་སྐུ་མཆོག་སྦྱིན་པདྨ་འཛིན༔ ཡེ་ཤེས་བསྐྱེད་བསྟིམ་ཡང་ཡང་བྱ༔ མཆོད་ཅིང་བསྟོད་དེ་གསོལ་བ་གདབ༔ ལྷ་སྔགས་འོད་ཟེར་འཕྲོ་འདུ་ཡིས༔ འཁོར་འདས་བྱིན་བཅུད་ནན་གྱིས་བསྟིམ༔ སྔགས་གསུམ་སྦྲེལ་ཞིང་ཐུན་བཅད་བསྙེན༔ རྟགས་མཐོང་དབང་དང་དངོས་གྲུབ་ལེན༔ དེ་ལྟ་བུ་ཡི་རིལ་བུ་དེ༔ གར་བསྒྲུབས་གནས་སུ་བཀྲ་ཤིས་འཕེལ༔ མཐོང་ཐོས་དྲན་རེག་གྲོལ་བ་ཐོབ༔ མཚམས་མེད་ལྔ་སྤྱད་ལྟོར་སོང་ཡང་༔ ངན་སོང་སྐྱེ་སྒོ་རྒྱུན་གཅོད་འགྱུར༔ གང་གིས་བཅངས་སམ་མྱང་བ་ན༔ ནད་གདོན་སྡིག་སྒྲིབ་ངེས་པར་འདག༔ ཚེ་དཔལ་ཏིང་འཛིན་རྒྱས་པར་འགྱུར༔ མཆོད་རྟེན་ནང་གཞུག་བྱས་པ་ན༔ རྒྱལ་བ་ཀུན་དང་གཉིས་སུ་མེད༔ དེ་ཕྱིར་ལས་ཅན་རྣམས་ཀྱིས་སྤྱོད༔ སྐུ་གསུམ་དྲིལ་སྒྲུབ་དམ་རྫས་འདི༔ བདུད་ཀྱི་བར་ཆད་མ་བྱུང་བར༔ ཡུལ་དུས་རྟེན་འབྲེལ་དང་བསྟུན་ནས༔ རིག་འཛིན་ལས་རབ་རྩལ་ཁྱོད་ཀྱིས༔ གནས་ཆེན་གསུམ་དུ་སྒྲུབ་པ་ན༔

p. 264

རྒྱ་འདྲེ་དམ་སྲིའི་ཁ་རླངས་ཞི༔ བོད་དང་བོད་ཆེན་སྡུག་བསྔལ་སེལ༔ དེ་ཕྱིར་ལུང་བཞིན་ཉམས་སུ་ལོངས༔ འདི་ལ་མཐུན་རྐྱེན་སུས་སྦྱོར་བ༔ བར་ཆད་ཞི་ཞིང་དངོས་གྲུབ་ཐོབ༔ ས་མ་ཡཱ༔ མངྒ་ལཾ༔ ༀ་པདྨ་དྷ་རི་ནི་ཧཱུྃ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ༀ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ལོ་ཀ་སརྦ་ཧཱུྃ་ཧཱུྃ༔ སྔགས་གསུམ་ཡིན་ལགས། །ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་ཟོར་གྱི་ལས་མཐའ་ཤིན་ཏུ་ཟབ་པ།

p. 265

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ཟོར་གྱི་ལས་མཐའ་ཤིན་ཏུ་ཟབ་པ་བཞུགས༔ རྡོ་རྗེ་གྲོ་ལོད་ཀྱི་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ སྣང་བ་མཐའ་ཡས་ཐུགས་རྗེའི་རོལ་པ་ལས༔ དབང་ཆེན་ཁྲོས་པ་རྔམ་པའི་རྟ་གདོང་ཅན༔ མ་འགགས་ཆོ་འཕྲུལ་པདྨ་ཐོད་ཕྲེང་རྩལ༔ གདུག་པ་ཚར་གཅོད་རྡོ་རྗེ་གྲོ་བོ་ལོད༔ ཡེ་ཤེས་ཁྲོ་རྒྱལ་མཐུ་སྟོབས་རྫོགས་པའི་དཔལ༔ ཁྲོས་པའི་སྐུ་ལ་འཇིགས་པའི་གཟི་བརྗིད་འབར༔ ཁྲོ་བོ་ཁྲོ་མོ་ཚྭ་ཚྭ་སྐར་ལྟར་འཁྲུགས༔ བདུད་དང་དམ་སྲིའི་སྙིང་རྩ་ཁོང་ནས་འབྱིན༔ ཧཱུྃ་བྷྱོ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་སྐུར་བཞེངས་ཤིག༔ འོག་མིན་ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ཤིག༔ ཨོ་རྒྱན་མཁའ་སྤྱོད་གནས་ནས་སྐུ་བཞེངས་ཤིག༔ སྲིན་ཡུལ་རྔ་ཡབ་གླིང་ནས་སྐུ་བཞེངས་ཤིག༔ བོད་ཡུལ་སྟག་ཚང་གནས་ནས་སྐུ་བཞེངས་ཤིག༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་དུས་ལ་བབ༔ དབྱིངས་ནས་སྐུ་བསྐྱོད་བདག་གི་གྲོགས་ལ་སྤྱོན༔ གདུལ་དཀའ་སྙིགས་མའི་ལོག་འདྲེན་འདུལ་བའི་ཕྱིར༔ ཐུགས་རྗེ་ཚད་མེད་པད་འབྱུང་གྲོ་བོ་ལོད༔ བོད་ཁམས་འགྲོ་ལ་ཐུགས་རྗེས་

p. 266

སྤྱན་རྒྱང་གཟིགས༔ ཁྲག་འཐུང་རོལ་པ་ཆེན་པོའི་སྐུར་བཞེངས་ལ༔ སྣང་སྲིད་འཁོར་འདས་བྲན་དུ་ད་བཀོལ་ཅིག༔ མ་སྲིང་མཁའ་འགྲོ་གྲོགས་སུ་ད་རོལ་ཅིག༔ དམ་ཅན་ཆོས་སྐྱོང་ལས་ལ་ད་ཆོས་ཤིག༔ དགྲ་བགེགས་འབྱུང་པོ་རྡུལ་དུ་ད་རློགས་ཤིག༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རབ་འཇིགས་ཁྲོ་བོའི་རྒྱལ་པོ་གྲོ་བོ་ལོད༔ སྨུག་ནག་བརྗིད་ལྡན་དབུ་སྐྲ་ཝང་མིག་འཁྱིལ༔ སྤྱན་བགྲད་ཨམ་གཙིགས་བསྡམས་ཤིང་དྲག་རྩལ་འབར༔ དྲག་ཆས་སྔགས་ཆས་རབ་བྱུང་ཆས་ཀྱིས་སྤྲས༔ རྩལ་ལྡན་སྟག་མོའི་སྟེང་ནས་འགྱིང་བའི་སྟབས༔ རྡོ་རྗེ་རྩེ་དགུས་དགྲ་བགེགས་ཐལ་བར་བརླག༔ གནམ་ལྕགས་ཕུར་པས་དམ་ཉམས་སྙིང་ལ་གཟིར༔ གནམ་ལྕགས་སྡིག་པས་འགོང་པོའི་སྙིང་ལ་རྔམ༔ ཁྲོ་ཚོགས་ཕོ་ཉས་སྡེ་བརྒྱད་དམྱལ་ཐག་གཅོད༔ སྤྲུལ་བ་ཡང་སྤྲུལ་མེ་ཡི་ཚྭ་ཚྭ་འཕྲོ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ དམ་མེད་འབྱུང་པོ་དབང་བསྡུས་རྡུལ་དུ་རློགས༔ རྒྱ་འདྲེ་འགོང་པོའི་སྙིང་ཁྲག་ཞལ་དུ་བཞེས༔ བདུད་དང་ལོག་འདྲེན་སྒྲོལ་བའི་དུས་

p. 267

ལ་བབ༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ཆམ་ལ་ཕོབ༔ སྣང་སྲིད་གདོན་ཚོགས་གཡོ་འགུལ་མེད་པར་གནོན༔ མཐའ་བཞིའི་དམག་དཔུང་རང་རང་གནས་སུ་ཟློག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྐུལ་བ་འདི་དྲག་ཅིང་རྩུབ༔ བྱིན་རླབས་ཀྱི་ཚན་ཁ་ཆེའོ༔ ཟབ༔ ཟབ༔ ཟབ༔ དམ་རྒྱ༔ ཨྠྀི༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་མཚོན་ཆའི་འཁོར་ལོ།

p. 268
p. 269

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་མཚོན་ཆའི་འཁོར་ལོ་བཞུགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ གནོད་བྱེད་འགུགས་སྒྲོལ་མནན་པའི་ལས་མཐའ་ནི༔ དབང་ཐོབ་དམ་ཚིག་དང་ལྡན་ཞིང་བསྙེན་གྲངས་རྫོགས་ཤིང་ལས་སུ་རུང་བའི་སྔགས་པས༔ དྲག་པོའི་ལས་ལ་ཤིས་པའི་གནས་སུ་འཕུང་གསུམ་བདུད་ཀྱི་ཉི་མ་ལ་དུག་ཤོག་ལ་དུག་ཁྲག་གིས་གནོད་བྱེད་ཀྱི་རཱུ་པ་དབང་པོ་ཚང་བ་ལྕགས་སུ་བཅུག་པ་བྲི༔ སྲོག་ཡིག་དགྲ་ལ་ནྲྀ་བགེགས་ལ་ཏྲི་བྱད་མ་ལ་ནྲྀ་ཏྲི་གཉིས་ཀ་འབྲི་ཛ་ཁ་སྦྱོར་དང་ཁྲམ་གྱིས་བསྐོར༔ ཆེ་གེའི་མིང་ཡིག་བླ་དྭགས་དང་བཅས་དྲག་སྔགས་སྤྱི་འགྲོས་པ་དང་བསྟུན་ནས་བྱའོ༔ དེ་ཧོམ་ཁུང་དུ་བཅུག་གསེར་སྐྱེམས་གཟུ་དཔང་དྲག་བསྐུལ་དང་བཅས་བདེན་པའི་སྟོབས་ཀྱིས་དགུག་གཞུག་ནན་གྱིས་བྱ༔ ཕྱག་རྒྱས་བཅིངས༔ བདག་མདུན་གྱི་ཕོ་ཉ་ལས་མཁན་རྣོ་མྱུར་དྲག་རྩུབ་དང་ལྡན་པ་རྣམས་ཀྱིས་དམིགས་བྱའི་བླ་སྲོག་རྣམ་ཤེས་རི་དྭགས་ཤྭ་ཁྱིས་དེད་པ་བཞིན་དུ་རང་དབང་མེད་པར་བཀུག་ནས་བྱེ་མ་ལ་མར་ཐིམ་པ་བཞིན་ལིངྒ་ལ་ཡང་ཡང་ཐིམ་པར་དམིགས༔ སྔགས་ཤམ་དུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ཆྒཻ་བཛྲ་ཨང་ཀུ་ཤ་ཡ་ཛ་ཛཿཁུག་ཅིག༔ དྲོངས་ཤིག་ཛཿཧཱུྃ་བཾ་ཧོཿཞེས་ཁུག་རྟགས་མ་མཐོང་བར་དུ་ནན་གྱིས་བཟླའོ༔ དེ་ནས་གྲོགས་དང་ཕྲལ་བའི་རྫས་སྔགས་རིགས་མཐུན་ལྟར་བྱ༔ བསད་དམིགས་ནི༔ བདག་གི་ཐུགས་ཀ་ནས་ཛ་དམར་ནག་

p. 270

གཉིས་འཕྲོས༔ ཁ་དང་བཤང་ལམ་ནས་ཞུགས༔ སྙིང་གར་ཕྱིན་པས་ཟངས་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་སུ་གྱུར་ནས་གཡས་གཡོན་དུ་དྲག་ཏུ་འཁོར་བས་ཁོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ཐམས་ཅད་དམར་ཕྲི་ལི་ལི་གཏུབ༔ ཡེ་ཤེས་དང་འཇིག་རྟེན་གྱི་ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་དྲག་རྩལ་ཅན་རྣམས་ལྕགས་སྡིག་ཏུ་སྤྲུལ་ནས་ཧབ་དི་རི་རི་ཟོས་པར་བསམ་ཞིང་༔ སྔགས་ཤམ་དུ༔ གནོད་བྱེད་ཆྒཻའི་སྲོག་ལ་རྦད་ཡ༔ གནོད་བྱེད་ཆྒཻའི་སྲོག་ལ་རྦུད་ཡ༔ བླ་སྲོག་དོན་སྙིང་དང་བཅས་པ་ཐམས་ཅད་མཱ་ར་ཡ་ཛཿཛཿསོད་སོད༔ ཅེས་རྟགས་བརྟན་པོར་མ་མཐོང་བར་དུ་འབུངས༔ སྐབས་སུ་ཐུན་མཚོན་སྔགས་ཀྱིས་ངར་བཏགས་པས་ལིངྒ་ལ་བྲབ༔ སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་མ་ཐོབ་བཞིན་དུ་ནད་མཚོན་དུག་གསུམ་གྱི་ཆར་ཕབ་པས་དགྲ་བགེགས་ཀྱི་སྒོ་གསུམ་གནས་རིས་དང་བཅས་པ་གྲོག་ཚང་སེར་བས་བརྡུངས་པ་ལྟར་བསམ༔ སྔར་གྱི་སྔགས་ལ་ཨེ་ཧུར་ཐུམ་ཛ༔ ཏྲིག་ནན་རྦད་ཡ༔ ཧཱུྃ་མཱ་ར་ཡ་ཕཊ༔ ཐུན་བྷྱོ༔ ཞེས་དྲག་ཏུ་བཟླ༔ ལས་མཐའ་ནན་བསྲེག་གང་རུང་ངམ་གཉིས་ཀས་བསྡུ༔ ལག་ལེན་ནི་དྲག་ལས་སྤྱི་དང་འཕྲུལ་ཤེས་པར་བྱའོ༔ དགྲ་བགེགས་བྱད་མ་གསོད་ཅིང་གནོན་པར་ཐེ་ཚོམ་མེད་དོ༔ འདི་དང་ལོག་ཏྲི་སྦྲག་ན་སྣང་སྲིད་གདོན་ཚོགས་བརླག་པར་གདོན་མི་ཟ༔ ས་མ་ཡ༔ བཀའ་རྒྱ༔

རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་རྦད་བསྐུལ།

p. 271

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་རྦད་བསྐུལ་བཞུགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དགྲ་བགེགས་བསྒྲལ་ཕྱིར་རྦད་བསྐུལ་ནི༔ བདེན་བརྗོད་དགུག་གཞུག་དྲག་ཏུ་བྱས་ལ་འདི་སྐད་དོ༔ བྷྱོ༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི༔ སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་དང་༔ ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་དང་༔ མ་མོ་མཁའ་འགྲོའི་ཚོགས་རྣམས་དང་༔ ཆོས་སྐྱོང་དམ་ཅན་ཚོགས་རྣམས་དང་༔ ཕོ་ཉ་ལས་མཁན་ཚོགས་རྣམས་ཀྱིས༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ འགུགས་བྱེད་ཚོགས་ཀྱིས་གནས་ནས་ཁུག༔ འབེབས་བྱེད་ཚོགས་ཀྱིས་གཟུགས་ལ་ཕོབ༔ འཛིན་བྱེད་ཚོགས་ཀྱིས་སྙིང་ནས་ཟུང་༔ འཆིང་བྱེད་ཚོགས་ཀྱིས་ཡན་ལག་ཆིངས༔ སྡོམ་བྱེད་ཚོགས་ཀྱིས་སྒོ་གསུམ་སྡོམས༔ མྱོས་བྱེད་ཚོགས་ཀྱིས་སྨྱོ་རུ་ཆུག༔ འབྲལ་བྱེད་ཚོགས་ཀྱིས་ལྷ་དང་ཕྲོལ༔ གནོན་བྱེད་ཚོགས་ཀྱིས་སྟེང་ནས་ནོན༔ གསོད་བྱེད་ཚོགས་ཀྱིས་སྲོག་རྩ་ཆོད༔ འདེབས་བྱེད་ཚོགས་ཀྱིས་མཚོན་ཆས་ཐོབ༔ སྤོར་བྱེད་ཚོགས་ཀྱིས་རྣམ་ཤེས་སྤོར༔ རྡུང་བྱེད་ཚོགས་ཀྱིས་ཕྱེ་མར་འཐོག༔ ཟ་བྱེད་ཚོགས་ཀྱིས་ཤ་ལ་ཟོ༔ འཐུང་བྱེད་

p. 272

ཚོགས་ཀྱིས་ཁྲག་ལ་འཐུངས༔ མུར་བྱེད་ཚོགས་ཀྱིས་རུས་པ་མུར༔ མཱ་ར་ཡ་ཡི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡཱ༔ ཞེས་དྲག་སྔགས་དམོད་ཅིང་ཐུན་མཚོན་བརྡེག༔ སླར་ཡང་འདི་ལྟར་བསྐུལ༔ བྷྱོ༔ རྡོ་རྗེ་གྲོ་ལོད་ཁྲོ་བོའི་རྒྱལ༔ ཡེ་ཤེས་འཇིག་རྟེན་དྲེགས་པའི་ཚོགས༔ དབང་དུ་བསྡུས་ལ་བྲན་དུ་ཁོལ༔ དམ་ཉམས་དགྲ་བགེགས་བྱད་དུ་ཕོབ༔ དགྲ་བགེགས་ལས་ངན་སྡིག་ཅན་འདིས༔ བདེན་དང་དགེ་བ་ཁྱད་དུ་བསད༔ སྡིག་ལྟུང་མི་དགེ་མཚམས་མེད་སྤྱད༔ དུག་ལྔ་དུག་གསུམ་ལས་ལས་གྲུབ༔ དེ་ཕྱིར་བསྒྲལ་བའི་ཞིང་དུ་གྱུར༔ དེ་ཕྱིར་བསྒྲལ་བའི་ལས་མཛོད་ཅིག༔ དཔལ་ཆེན་དྲག་པོའི་ལྷ་ཚོགས་ཀྱི༔ ཀུན་མཁྱེན་སྤྱན་ལ་རྣོ་རྟུལ་མེད༔ ལས་མཁན་ལས་ལ་གབ་གཡོགས་མེད༔ ཡུངས་ཀར་རྦབ་ལ་གྱེན་ཐུར་མེད༔ ངན་སྔགས་དུག་མདར་ཕྱིར་ལྡོག་མེད༔ དོ་ནུབ་དམ་ཉམས་སྲོག་ལ་ཡ༔ དོ་ནུབ་དམ་ཉམས་དཔུང་ལ་ཡ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ རྒྱུ་ལས་མ་གྲུབ་རྐྱེན་གྱིས་མིན༔ ཆོས་ཀྱི་དབྱིངས་ལས་རང་བྱུང་བའི༔ གཞོམ་ཞིག་ཀུན་བྲལ་རྡོ་རྗེའི་མཚོན༔ ཀུན་རྫོབ་མཚན་བཅས་ཡོངས་ཀྱི་

p. 273

གཤེད༔ བསྐོར་ཞིང་གདེངས་ཏེ་རྔམ་ཞིང་འདྲིལ༔ ཤུགས་དྲག་རྣོ་དབལ་འབར་བའི་སྟོབས༔ ལོག་འདྲེན་དགྲ་བགེགས་སྙིང་ལ་ཐོབ༔ ལུས་སྲོག་ཐལ་བ་རྡུལ་དུ་རློགས༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ ཀཱི་ལ་ཡ་ཡི་དུས་ལ་བབ༔ ཅེས་དྲག་སྔགས་དང་བཅས་པས་བསྒྲལ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ མ་རིག་ལས་གྲུབ་ཕུང་ཁམས་འདི༔ རྡོ་རྗེ་གྲོ་ལོད་ཞལ་དུ་སྟོབས༔ ཕོ་ཉ་ལས་མཁན་ཚོགས་ཀྱིས་རོལ༔ གཏི་མུག་ཤ་ལ་ཧབ་ཀྱིས་ཐོབ༔ འདོད་ཆགས་ཁྲག་ལ་ཧུབ་ཀྱིས་རྔུབས༔ ཞེ་སྡང་རུས་ལ་ཁྲུམ་གྱིས་མུར༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དབྱིངས་སུ་བསྟིམ་མོ་ཨ་ར་ལི༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ ཅེས་བསྟབ་པར་བྱའོ༔ ས་མ་ཡཱ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་མན་ངག་སྦས་པ་ལོཀྟྲིའི་དྲག་སྔགས་དྲེགས་པ་སྤྱི་འདུལ།

p. 274
p. 275

࿅༔ རྡོ་རྗེ་གྲོ་ལོད་ཀྱི་མན་ངག་སྦས་པ་ལོཀྟྲིའི་དྲག་སྔགས་དྲེགས་པ་སྤྱི་འདུལ་བཞུགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ སྣང་སྲིད་སྡེ་བརྒྱད་ཀུན་གྱི་གཤེད༔ གདོན་བགེགས་འབྱུང་པོ་ཚར་གཅོད་པའི༔ དྲག་སྔགས་ཀུན་གྱི་ཡང་ཟབ་འདི༔ ཁྲོ་རྒྱལ་སྤྱི་གཟུགས་གྲོ་ལོད་ཀྱི༔ ལས་མཐར་བསྡེབས་པས་སྤུ་གྲི་འདྲ༔ མན་ངག་ཀུན་གྱི་མཐར་ཐུག་སྟེ༔ ཅེས་ཀྱང་མི་ཐུབ་བགེགས་ཆེན་ལ༔ འདི་ཉིད་ཆིག་དྲིལ་གནད་དུ་བསྣུན༔ ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་དེ༔ པད་འབྱུང་དྲག་པོ་ཉིད་ལ་རྫོགས༔ འཁོར་འདས་དྲག་སྔགས་དམོད་པའི་དབལ༔ ལོཀྟྲིའི་སྔགས་རྒོད་འདི་ལ་རྫོགས༔ གང་ལ་བཏབ་ཀྱང་ཐོགས་པ་མེད༔ གང་ལ་དམིགས་པ་གཏན་ནས་བརླག༔ དམིགས་པ་རང་ཉིད་གྲོ་ལོད་ལས༔ ཁྲོ་མཚོན་མེ་དཔུང་གནམ་ལྕགས་ཆར༔ ཕོ་ཉ་སྡིག་པའི་ཚོགས་སྤྲོས་ནས་༔ དགྲ་བགེགས་བྱད་མ་དམ་སྲི་སོགས༔ འགུགས་བསྒྲལ་བསད་གཏུབ་བསྐྲད་གཟིར་མནན༔ བསྲེགས་སྦྱངས་དངོས་མེད་ནམ་མཁར་བསམས༔ ལྷ་སྔགས་བརྟུལ་ཞུགས་ངར་གྱིས་བཟླ༔ གྲྭ་ཟུར་མ་ཉམས་དག་པར་བྱ༔ ༀ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོི་ཀ་སརྦ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་གདོན་བགེགས་ཀྱི་སྲོག་ལ་དུ་དུ༔ རུ་རུ་བྷ་ཤ་ཧཱུྃ་མ་མ་སྲོག་དུང་དུང་སྙིང་ལཾ་མ་བྷྱོ་ས་མ་ཡ་ཧཱུྃ་ཕཊ༔ ལོག་ཏྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མཾ་མ་མཾ་མ༔ ཙི་ཙ་ར་ཙི་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ༔ རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་

p. 276

སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ ཀཱ་ཝཱ་ཙི་བརླག༔ མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བརྒྱ་སྟོང་ཁྲི་འབུམ་སྐབས་ལྟར་བྱ༔ ཐུན་མཐར་དྲང་སྲོང་དམོད་པ་ནི༔ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་གཞན་དུ་དེངས་ཤིག༔ སྲིད་པ་སྤྱི་ནས་ཤིག་ཅིག༔ སྟོང་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ དམ་ཚིག་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག༔ སུམྦྷ་ནིས་ནོན་ཅིག༔ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་རྡོ་རྗེའི་མེ་ཆར་ཆེན་པོ་ཕོབ་ཅིག༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ༔ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ བཀའ་བསྒོ་འདི་ཡི་ནུས་པ་ཡིས༔ ཐལ་ཕྱེ་རླུང་གིས་གཏོར་བ་ལྟར༔ གནོད་བྱེད་དེ་རུ་གནས་མི་འགྱུར༔ གལ་ཏེ་གནས་ན་རླག་པར་བྱེད༔ དྲང་སྲོང་བཀའ་ཡི་དམོད་པ་འདི༔ ཉེར་གཅིག་ཙམ་ལས་མང་མི་བྱ༔ གསུམ་བདུན་དགུ་སོགས་སྐབས་ཐོབ་བྱ༔ ཤིན་ཏུ་ཟབ་ཅིང་གཉན་པའོ༔ གདོན་བགེགས་གང་དང་གང་ལ་དམིགས༔ ཐུལ་རྟགས་མཚན་མ་ངེས་པར་འབྱུང་༔ ཐོགས་རྡུགས་མེད་པའི་དྲགས་སྔགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་ལ་གབ་པའི་མན་ངག་ནི༔ ཏིང་འཛིན་སེམས་དཔའ་ཕྱག་

p. 277

རྡོར་བསྒོམ༔ སྐུ་མདོག་ཕྱག་མཚན་སྤྱི་དང་མཚུངས༔ རྫས་ལ་གབ་པའི་མན་ངག་ནི༔ རྟེན་ནི་རྡོ་རྗེ་ཕུར་པ་བྱ༔ བྲབ་པའི་རྫས་ནི་ཡུངས་ཀར་བྱ༔ བདུག་པའི་རྫས་ནི་གུ་གུལ་བྱ༔ བྱུག་པའི་རྫས་ནི་དུག་ཁྲག་བྱ༔ བཀྲུ་འཐུང་ནུས་ལྡན་དྲི་ཆུར་བྱ༔ དེ་དག་སྔགས་ཀྱི་ནུས་ལྡན་གཅེས༔ སྔགས་ལ་གབ་པའི་མན་ངག་ནི༔ གནོད་བྱེད་མཚམས་སུ་མིང་ཐེམས་གཞུག༔ སྤྱིར་སྨྲོས་དག་ལ་དཀྱུས་ལྟར་བྱ༔ ལར་ནི་ལྷ་སྲིན་སྡེ་བརྒྱད་ཀྱི༔ སྲོག་སྙིང་ཡི་གེ་འབྲུ་བརྒྱད་པོ༔ འདི་ཡོད་དྲེགས་པ་ཐམས་ཅད་ཀྱི༔ སྲོག་སྙིང་ལག་ན་ཡོད་པའི་ཕྱིར༔ འཁུ་དང་ལྡོག་པའི་རང་དབང་མེད༔ རྗེས་སྙེགས་དམ་འདྲལ་བྱེད་མི་ནུས༔ བྲན་དུ་ཉན་ཞིང་བསྡོ་མི་ཕོད༔ དྲག་སྔགས་འདི་ཡི་ཁྱད་ཆོས་ཡིན༔ ལོག་འདྲེན་མེ་ལྟར་འབར་བ་ན༔ དམ་ལྡན་རྣལ་འབྱོར་བཙས་སུ་གདམས༔ བཀའ་རྒྱ༔ ལས་རབ་རྩལ་གྱིས་སོ།། །།

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་ཐོག་རྒོད་འབར་བ།

p. 278
p. 279

࿅༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ཟོར་ལས་ཐོག་རྒོད་འབར་བ་བཞུགས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དེ་ཉིད་དྲག་པོར་སྒྲུབ་པ་ཡི༔ མངོན་སྤྱོད་ཐུགས་དམ་བསྐུལ་བའི་ལས༔ དམ་ལྡན་སྔགས་པའི་དོན་དུ་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཧཱུྃ་བྷྱོ༔ སྔོན་འདས་དུས་ན་པདྨ་ཧེ་རུ་ཀ༔ ད་ལྟའི་དུས་ན་རྡོ་རྗེ་ཐོད་ཕྲེང་རྩལ༔ དུས་གསུམ་ཀུན་མཁྱེན་གུ་རུ་པདྨ་འབྱུང་༔ དྲེགས་པའི་སྲོག་འཕྲོག་རྡོ་རྗེ་གྲོ་ལོད་རྩལ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་ཁྲོ་བོའི་རྒྱལ༔ གདུལ་བྱའི་དོན་དུ་ཐུགས་དམ་དབང་གིས་གཤེད༔ གཏི་མུག་དབང་གྱུར་དགྲ་བགེགས་འདུལ་བའི་ཕྱིར༔ བྷུདྡྷ་རིགས་ཀྱི་མཐུ་རྩལ་རྫོགས་པའི་དཔལ༔ གཏུམ་ཆེན་མི་བཟད་རྡོ་རྗེ་གྲོ་བོ་ལོད༔ གཏི་མུག་མུན་ལྟར་འཐིབ་པའི་ཀློང་ནས་བཞེངས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ དགྲ་བགེགས་དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལ༔ ཞེ་སྡང་དབང་གྱུར་དགྲ་བགེགས་འདུལ་བའི་ཕྱིར༔ རྡོ་རྗེ་རིགས་ཀྱི་མཐུ་རྩལ་རྫོགས་པའི་དཔལ༔ གཏུམ་ཆེན་མི་བཟད་རྡོ་རྗེ་གྲོ་བོ་ལོད༔ ཞེ་སྡང་མེ་ལྟར་འབར་བའི་ཀློང་ནས་བཞེངས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ དགྲ་བགེགས་

p. 280

དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལ༔ ང་རྒྱལ་དབང་གྱུར་དགྲ་བགེགས་འདུལ་བའི་ཕྱིར༔ རིན་ཆེན་རིགས་ཀྱི་མཐུ་རྩལ་རྫོགས་པའི་དཔལ༔ གཏུམ་ཆེན་མི་བཟད་རྡོ་རྗེ་གྲོ་བོ་ལོད༔ ང་རྒྱལ་རི་ལྟར་ཉིལ་བའི་ཀློང་ནས་བཞེངས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ དགྲ་བགེགས་དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལ༔ འདོད་ཆགས་དབང་གྱུར་དགྲ་བགེགས་འདུལ་བའི་ཕྱིར༔ པདྨ་རིགས་ཀྱི་མཐུ་རྩལ་རྫོགས་པའི་དཔལ༔ གཏུམ་ཆེན་མི་བཟད་རྡོ་རྗེ་གྲོ་བོ་ལོད༔ འདོད་ཆགས་ཆུ་ལྟར་འཁྲུགས་པའི་ཀློང་ནས་བཞེངས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ དགྲ་བགེགས་དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལ༔ ཕྲག་དོག་དབང་གྱུར་དགྲ་བགེགས་འདུལ་བའི་ཕྱིར༔ ལས་ཀྱི་རིགས་ཀྱི་མཐུ་རྩལ་རྫོགས་པའི་དཔལ༔ གཏུམ་ཆེན་མི་བཟད་རྡོ་རྗེ་གྲོ་བོ་ལོད༔ ཕྲག་དོག་རླུང་ལྟར་འཚུབ་པའི་ཀློང་ནས་བཞེངས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ དགྲ་བགེགས་དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་

p. 281

བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་ཁྲོ་ཆེན་རྔམ་པའི་སྐུར་བསྟན་པ༔ སྣང་སྲིད་སྤྱི་གཤེད་རྡོ་རྗེ་གྲོ་བོ་ལོད༔ དེང་འདིར་མངོན་སྤྱོད་དྲག་པོའི་ལས་ལ་བཞེངས༔ རིག་འཛིན་ལྷ་ཚོགས་སྤྲིན་ལྟར་གཏིབ་ཅིང་བཞེངས༔ ཡི་དམ་ལྷ་ཚོགས་སྐར་ལྟར་འཁྲུག་ཤིང་བཞེངས༔ དཔའ་བོ་མཁའ་འགྲོ་འཇའ་ལྟར་བསྐོར་ཞིང་བཞེངས༔ ཆོས་སྐྱོང་དམ་ཅན་ལས་ལ་འཁོར་ཞིང་བཞེངས༔ ཁྲོ་ཆུང་ཕོ་ཉ་ཐོག་ལྟར་འབེབས་ཤིང་བཞེངས༔ ཁྲོ་གཏུམ་དྲག་ཤུལ་འགུགས་སྒྲོལ་ཕྲིན་ལས་ཀྱིས༔ དགྲ་གདོན་བྱད་མ་བརླག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐུགས་རྗེ་མཚུངས་པ་མེད་པའི་ཨོ་རྒྱན་རྗེ༔ གང་འདུལ་འགྲོ་དོན་རྣམ་འཕྲུལ་མཁའ་ཁྱབ་གར༔ བསམ་ལས་འདས་ཀྱང་དམ་སྲིའི་གཉེན་པོ་རུ༔ རྨད་བྱུང་ཕྲིན་ལས་མངའ་བདག་གྲོ་བོ་ལོད༔ སྐུ་མདོག་སྨུག་ནག་ཆོས་དབྱིངས་འགྱུར་བ་མེད༔ འོད་དམར་ཟེར་གྱིས་སྣང་སྲིད་ཁྱབ་ཅིང་འཁྲུགས༔ དབུ་སྐྲ་སྣུམ་འབོལ་ཝང་མིག་འཁྱིལ་ཞིང་འཁོར༔ འཁོར་འདས་སྣང་སྲིད་དུས་

p. 282

གཅིག་ཟིལ་གྱིས་གནོན༔ དམར་ཟླུམ་སྤྱན་གསུམ་སྡང་མིག་ཁྲག་མཚོ་ཁོལ༔ དུས་གསུམ་ཐམས་ཅད་མ་འདྲེས་ས་ལེར་གཟིགས༔ ཁྲོ་གཉེར་རབ་བརྩེགས་སྨ་ར་སྨིན་མ་འབར༔ མཐུ་ཆེན་སྟོབས་ལྡན་འཁུ་མི་ནུས་པ་གནོན༔ གཏིང་ནས་ཁྲོས་ཤིང་ཨམ་གཙིགས་རབ་ཏུ་བསྡམས༔ བདུད་སྡེ་འབྱུང་པོའི་སྙིང་ལ་རབ་ཏུ་རྔམ༔ སྙན་ལ་རབ་མཛེས་དུང་གི་ཝང་མིག་བརྒྱན༔ ཡེ་ནས་ཐབས་ཤེས་འདུ་འབྲལ་མེད་པའི་དོན༔ ཕོད་ཀ་མཐིང་ནག་ལྷབ་ལྷུབ་གསོལ་བ་ནི༔ གསང་སྔགས་རིག་སྔགས་ནུས་པ་རྫོགས་པའི་བརྡ༔ མགོ་ཕྲེང་ཁྲག་འཛག་ལྔ་བཅུའི་དོ་ཤལ་མཛད༔ བསྒྲལ་འདྲེན་ལས་ལ་ཐོགས་མེད་རྫུ་འཕྲུལ་ལྡན༔ དར་ཆོས་དམར་ལྗང་སྐུ་ལ་གསོལ་བ་ནི༔ སངས་རྒྱས་ཀུན་དང་མཛད་པ་གཅིག་པའི་ངང་༔ ཐལ་ཆེན་རཀྟ་ཞག་གིས་སྤྲས་པ་ནི༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་རོལ་པའི་དོན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་འཕྱར་བ་ཡིས༔ སྲིད་གསུམ་དྲེགས་པ་དམ་ལ་འདུད་པར་སྡུད༔ ཕྱག་གཡོན་གནམ་ལྕགས་ཕུར་བ་གཟིར་པ་ཡིས༔ དགྲ་བགེགས་དམ་སྲིའི་

p. 283

སྲོག་རྩ་རྩད་ནས་གཅོད༔ ཆིབས་སུ་རྩལ་ལྡན་རྒྱ་སྟག་དྲུས་མ་ཆིབས༔ གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེ༔ སྐུ་ལ་བསྐལ་པའི་མེ་ཆེན་འབར་ཞིང་འཚུབས༔ སྟོང་གསུམ་འཇིག་རྟེན་ཁོར་ཡུག་སྐད་ཅིག་འཇོམས༔ ཐུགས་སྤྲུལ་ཁྲོ་ཚོགས་ཕོ་ཉ་ཕྱོགས་བཅུར་འགྱེད་༔ འགུགས་འཆིང་སྒྲོལ་སྟོབས་བསྐྲད་གཟིར་ཕྲིན་ལས་མཛད༔ གནམ་ལྕགས་སྡིག་པའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དམ་ཚིག་ཉམས་པའི་གཟུགས་ཕུང་ཧབ་ཧབ་རོལ༔ ཁྲོ་བོ་ཁྲོ་མོ་ལས་མཁན་འཁོར་གྱིས་བསྐོར༔ གང་ལ་དམིགས་པ་ཐལ་བའི་རྡུལ་བཞིན་བརླགས༔ ཡེ་ཤེས་ཁྲོ་རྒྱལ་ཐུགས་དམ་དུས་ལ་བབ༔ དྲག་གཏུམ་མི་བཟད་རྔམ་པའི་དྲག་ཤུལ་གྱིས༔ གང་ལ་དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ བྱད་ཕུར་གཏད་ཁྲམ་ཐན་ལྟས་ཆོ་འཕྲུལ་ཟློག༔ དམ་སྲི་འགོང་པོའི་དོན་སྙིང་དཔའ་ཟས་རོལ༔ བདུད་དང་ལོག་འདྲེན་ཐམས་ཅད་ཆམ་ལ་ཕོབ༔ མཐའ་དམག་མཚོན་ཁ་དུས་ཀྱི་ཡོ་ལང་ཟློག༔ ཡེ་ཤེས་གཟི་བརྗིད་གཡོས་པའི་བཀའ་ཆད་ཟློག༔ ཁམས་གསུམ་ཆགས་སྡང་རྨོངས་པའི་

p. 284

ལས་ངན་ཟློག༔ སྣང་སྲིད་ལྷ་སྲིན་འཁྲུགས་པའི་ཆོ་འཕྲུལ་ཟློག༔ བར་ཆད་མི་མཐུན་མི་རུང་སྣ་དགུ་ཟློག༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ མངོན་སྤྱོད་མངོན་བྱུང་ཤུགས་སྒྲོལ་ཕྲིན་ལས་མཛོད༔ དྲག་རྩལ་ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ ཐུགས་དམ་བསྐུལ་ལོ་བཅོལ་བའི་ཕྲིན་ལས་མཛོད༔ ༀ་ཨཱཿཧཱུྃ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ཨེ་ཧུར་ཐུམ་ཛཿམཱ་ར་ཡ་རྦད༔ དགྲ་འདྲེ་བྱུར་གསུམ་སརྦ་ཨ་པ་ན་ཡ་བྷྱོ་བཟློག༔ ཅེས་བརྗོད༔ གཞན་ཡང་བཟློག་པའི་སྨེང་་མང་དུ་གྱེར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ འདི་ཡིས་མི་ཐུབ་པ་དང་མི་བཟློག་པ་ནི་གང་ཡང་མེད་དོ༔ རྣོ་ལ་མྱུར་བའི་མན་ངག་གོ༔ ཨྠྀི་བཀའ་རྒྱ༔ བཅའ་གཞི་ནི་དུར་ཁྲོད་ཀྱི་ས་ལ་སྟེགས་བུ་ནག་པོ་གྲུ་གསུམ་མེ་རི་དང་བཅས་པ་བྱ༔ དེའི་ཁར་ༀ་གྱི་སྟེང་དུ་ཟངས་ལྕགས་སམ་བྷནྡྷའི་ནང་དུ་འབྲུ་ནག་གི་གཏོར་མ་ཆེ་ཞིང་བརྗིད་པ་གྲུ་གསུམ་པ་ལ་རཀྟ་བྱུག༔ མེ་རིས་བརྒྱན༔ དར་གུར་ཕུབ༔ རྩང་དང་ཤ་དུམ་ལིངྒས་བརྒྱན༔ དཔལ་འབར་བཙུགས༔ ཐུན་སྣ་ཚོགས་མཚོན་སྣ་ཚོགས་ཀྱིས་བརྒྱན༔ ལྷར་བསྐྱེད་བསྙེན་ཅིང་ཕྲིན་ལས་བཅོལ༔ མཐར་དགྲ་བགེགས་ཀྱི་ཕྱོགས་སུ་ཟོར་དུ་འཕེན༔ ཁྲོ་དམག་ནད་མཚོན་གྱི་ཆར་གྱིས་དགྲ་བགེགས་ཁ་ཕུང་རྗེས་མེད་དུ་བཏང་བར་བསམ་མོ༔ ཆོས་སྐྱོང་རྣམས་རྦད་བསྐུལ་དྲག་ཏུ་བྱའོ༔ འདི་ནི་དྲག་ལས་ཀྱི་མཐར་ཐུག་སྟེ་དགྲ་བགེགས་བྱད་མ་ཐན་ལྟས་སོགས་ཆག་ཆེ་ཉམ་ང་བ་ཐམས་ཅད་བཟློག་པར་གདོན་མི་ཟའོ༔ འཇོམས་པར་གདོན་མི་ཟའོ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་ཟོར་བསྐུལ་གྱི་ཨུ་པ་དེ་ཤ

p. 285

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ཟོར་བསྐུལ་གྱི་ཨུ་པ་དེ་ཤ་ནི༔ ཧཱུྃ་བྷྱོ༔ ང་ནི་རྡོ་རྗེ་གྲོ་ལོད་ཡིན༔ དུས་གསུམ་བདེ་གཤེགས་ང་ལ་རྫོགས༔ ཡེ་ཤེས་ཁྲོ་ཚོགས་ང་ལས་འཕྲོས༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ ཆོས་སྐྱོང་སྡེ་བརྒྱད་ང་ཡི་བྲན༔ མཐུ་ཆེན་སྟོབས་ལྡན་ཟིལ་གྱིས་གནོན༔ སྡང་དགྲ་གནོད་བྱེད་རྡུལ་དུ་བརླག༔ ང་ལས་ཆེ་བཙན་སུ་ཡང་མེད༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ གནམ་ལྕགས་དྲག་པོའི་ཐོག་དང་འདྲ༔ ཁྲོ་བོ་ཁྲོ་མོའི་དམག་དཔུང་འཕྲོ༔ ཐུན་དང་མཚོན་གྱི་ཚྭ་ཚྭ་འཁྲུགས༔ ནད་དང་དུག་གི་རླངས་པ་འཐུལ༔ གང་ལ་ཕོག་པ་ཐལ་བར་བརླག༔ རྡོ་རྗེའི་རང་བཞིན་ཟོར་ཆེན་འདིས༔ ནག་ཕྱོགས་བདུད་ཀྱི་སྡེ་དཔུང་ཐུལ༔ སྡང་བྱེད་དགྲ་སྡེའི་སྲོག་དབུགས་ཕྲོལ༔ གནོད་བྱེད་བགེགས་ཀྱི་དཔུང་ཚོགས་ཆོམ༔ བྱད་མ་རྦོད་གཏོང་རང་གཤེད་ཕོབ༔ གནོད་བྱེད་མིང་ཡང་མེད་པར་མཛོད༔ ཐུན་ཟོར་མཚོན་ཆ་ལས་ལ་བྷྱོ༔ མཱ་ར་ཡ་ཡི་ཕྲིན་ལས་མཛོད༔ ཅེས་དྲག་སྔགས་དམོད་པ་དང་བཅས་པས་ཟོར་བརྡེག་གོ༔ མནྟྲ་ཁ་ཐཾ༔ ལས་རབ་རྩལ་གྱིས་སོ།། །།

རྡོ་རྗེ་གྲོ་ལོད་ཀྱི་སྲུང་བ་གནམ་ལྕགས་ཕོ་བྲང་།

p. 286
p. 287

࿅༔ རྡོ་རྗེ་གྲོ་ལོད་ཀྱི་སྲུང་བ་གནམ་ལྕགས་ཕོ་བྲང་བཞུགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ དུས་ངན་འགྲོ་ལ་ཕན་པའི་ཐབས༔ སྲུང་བ་གནམ་ལྕགས་ཕོ་བྲང་བསྟན༔ དྲང་སྲོང་ཕུར་བུ་དར་བའི་ཉིན༔ དར་རས་ཤོག་བུ་གང་རུང་ལ༔ ཙཀྲ་མུ་ཁྱུད་རིམ་པར་བཀོད༔ ལྟེ་བར་ༀ་ཨཱཿཧཱུྃ་ཧྲཱིཿབརྩེགས༔ དེ་ཡི་མཐའ་ལ་འདི་ཉིད་བྲི༔ ༀ་བཛྲ་གུ་རུ་རྡོ་རྗེ་གྲོ་ལོད་ལོ་ཀ་སརྦ་ཧཱུྃ་ཧཱུྃ༔ འཆང་བ་པོའི་ལུས་ངག་ཡིད་ལ་བྱིན་གྱིས་རློབས་ཤིག་སྲུངས་ཤིག་རཀྵ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ༀ་བཛྲ་ཀྲོ་ཏ་གྲོ་བོ་ལོད་ཙཎྜ་ཛྭ་ལ་རཾ་རཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བར་མཚམས་མེད་པར་བྱ༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ ༀ་ནི་ལཾ་ཝ་ར་དྷ་ར་བཛྲ་པཱ་ནི་ར་ཛྙ་ས་མ་ཡ་ཏི་སྭཱ་ཧཱ༔ ༀ་ཁྲོཾ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧྲཱིཿ བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཨཿཀཿསཿམཿརཿཙཿཤཿདྷཿརཿསཿམཿརཿཡཿཕཊ༔ སོ་སོའི་ཤམ་དུ་མ་མ་རཀྵ་རཀྵ་བྲི༔ རྩིབས་མཚམས་སུ་ཧཱུྃ༔ཧཱུྃཿཧཱུྃ༔ ཧྲཱིཿ ཧྲཱིཿཧྲཱིཿརཾཿརཾཿརཾཿཕཊཿཕཊཿཕཊཿཅེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ༀ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ༀ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅི་ཤོང་དང་སྲུང་བའི་འདོད་གསོལ་བྲི༔ དེ་ཡི་ཕྱི་རིམ་དབྱངས་གསལ་ཡེ་དྷར་འབྲི༔ ཕྱི་རིམ་རྡོར་ཕྲེང་མེ་

p. 288

རིས་བསྐོར༔ ཆོས་སྨན་དམ་རྫས་ཁུངས་བཙུན་བྱུག༔ ཙཀྲ་ཁྲུས་བྱས་བགེགས་བསྐྲད་ནས༔ ཡེ་ཤེས་བསྐྱེད་བསྟིམ་ནན་ཏན་བྱ༔ ཙཀྲའི་སྔགས་རྣམས་བརྒྱ་རྩ་དང་༔ ཡེ་དྷར་བརྒྱ་རྩས་རབ་ཏུ་གནས༔ ཤིས་པ་བརྗོད་ཅིང་དར་གྱིས་དྲིལ༔ གྲོ་ལོད་ཁྲོ་འདུས་དངོས་སུ་བསམ༔ ཐུགས་སྲོག་ཧཱུྃ་གི་ཧ་ཁོག་ནང་༔ བསྲུང་བྱ་ནྲྀ་ལྗང་རྣམ་པར་བསམ༔ བསྲུང་བྱ་བགེགས་བསྐྲད་བྱས་ལ་བཏགས༔ འདྲེ་གདོན་བྱད་ཕུར་ཐམས་ཅད་བསྲུང་༔ རྡོ་རྗེའི་གུར་དུ་ཚུད་པ་འདྲ༔ སྣང་སྲིད་བགེགས་ཚོགས་ཐམས་ཅད་ཀྱི༔ གྲོ་ལོད་མེ་དཔུང་འབར་བར་མཐོང་༔ དཔག་ཚད་རྒྱང་གྲགས་ཉེ་མི་ནུས༔ སྲོག་ལ་ཅི་རི་འདི་ལ་རི༔ ནད་གདོན་བྱད་ཕུར་སྲི་གོད་འདྲེ༔ གང་བསྲུང་ཁ་བསྒྱུར་འདོད་གསོལ་བྱ༔ དེས་ནི་གང་བརྩམས་ལས་དེ་འགྲུབ༔ ཐེ་ཚོམ་མེད་དོ་ས་མ་ཡ༔ བཀའ་འདི་རྡོ་རྗེ་ལེགས་པར་གཏད༔ ཨྠྀི༔ ལས་རབ་རྩལ་གྱིས་བྲིས༔ མངྒ་ལཾ༔

བླ་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་མི་ཁ་གྱོད་བྱུར་ཁོག་པའི་སྲུང་འཁོར་སྲུང་བཟློག་དྲིལ་བ།

p. 289

࿅༔ བླ་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་མི་ཁ་གྱོད་བྱུར་ཁོག་པའི་སྲུང་འཁོར་སྲུང་བཟློག་དྲིལ་བ་བཞུགས༔ པད་འབྱུང་རྡོ་རྗེ་གྲོ་ལོད་སྐུ་ལ་འདུད༔ མི་ཁ་གྱོད་བྱུར་གྱི་གནོད་པ་སྲུང་བར་བྱེད་པའི་ཙཀྲ་ནི་གལ་ཆེ་སྟེ༔ མི་ཁས་བླ་མ་དང་སློབ་མ་འབྱེད༔ རྒྱལ་བློན་སྡེ་དམངས་རྣམས་འབྱེད༔ བཟའ་མི་ཁ་འབྱེེད༔ མི་ཁ་ཆོས་མཛད་ལ་ཞུགས་ན༔ བླ་མའི་ཁྲི་འཆོར་འགྲོ་དོན་མི་འབྱུང་༔ རྒྱལ་པོ་ལ་ཞུགས་ན་ཆུས་ཉེས༔ སྡེ་ཆེན་ལ་ཞུགས་ན་མཐའ་འགྲས་མང་༔ བན་སྔགས་ལ་ཞུགས་ན་ཅི་བྱས་འགལ་རྐྱེན་དང་འཕྲད༔ བློན་འབངས་ཡ་རབས་ལ་ཞུགས་ན་མི་ཁྱུ་ནས་འབུད༔ ཕྱུག་པོ་ལ་ཞུགས་ན་སྤྲང་སར་འགྲོ༔ ཁྱད་པར་བན་བཙུན་བུ་མོ་གཉིས་ལ་མི་ཁས་སྡང་༔ ལ་དགུ་ལུང་དགུ་བྲོས་ཀྱང་འདེད༔ མི་ཁའི་སྣ་བྱུར་གྱིས་ཁྲིད༔ དེའི་སྣ་གྱོད་ཀྱིས་ཁྲིད༔ མི་ཁ་གྱོད་བྱུར་གསུམ་གཅིག་སྣ་གཅིག་གིས་ཁྲིད༔ གཅིག་གྲོགས་གཅིག་གིས་བྱེད༔ དང་པོ་ཟས་ནོར་ལ་གནོད༔ དེ་ནས་མི་ལ་གནོད༔ དེ་ནས་ཚེ་སྲོག་ལ་གནོད༔ མི་ཁ་ཟུག་པའི་རྟགས་བློ་མང་༔ ཁ་མང་༔ བྱ་བྱེད་མང་༔ ངོ་མདངས་འཆོར༔ གོས་བཀྲག་ཉམས༔ དགྲ་གྱོད་ཀྱིས་སྡང་༔ གླེང་བརྗོད་དང་གཟེ་རེ་རྒྱུན་མི་ཆད༔ འགྱེལ་འབུབ་རྒོད༔ དེ་ཉེས་དེ་ལན་རྒྱུན་མི་འཆད༔ གཞན་ལ་ཕན་བཏགས་པ་གནོད་དང་འདྲ༔ ཟས་ནོར་བྱིན་ཀྱང་ངོ་མེད༔ བཟང་ལན་དུ་ངན་འོང་༔ གཞན་ཡང་མི་རུང་མི་ཤིས་པ་ཀུན་གྱི་རྩ་བ་མི་ཁ་བྲ་མཆུ་ཡིན༔ དཔེར་ན་ཡར་ལ་གོམ་པ་གང་བགྲོད་ན་མར་ལ་གོམ་པ་གཉིས་འདྲེད་པ་དང་འདྲ༔ ལེགས་

p. 290

པར་བྱས་པ་སྐྱོན་དུ་འགྱུར་ན་ཉེས་པར་བྱས་པ་སྐྱོན་དུ་དགུ་འགྱུར་གྱི་ཆེའོ༔ ཅི་བྱས་ཅི་རུ་མི་བཏུབ་པ་ཡོང་༔ དེ་ཕྱིར་མི་ཁ་བྲ་མཆུ་གྱོད་དང་ཁ་སྨྲས་ཀྱི་སྲུང་བ་གཅིག་ཆོག་ཟབ་མོ་འདི་བཏགས་པ་ཙམ་གྱིས་གྱོད་དང་མི་ཁས་གནོད་པ་ལས་ཐར་བར་གདོན་མི་ཟའོ༔ དེ་ཕྱིར་རབ་ཏུ་གསང་བ་གཅེས༔ འགྲོ་བའི་དོན་དུ་བླ་སྒྲུབ་རྡོ་རྗེ་གྲོ་ལོད་ཀྱི་ལས་མཐའ་བསྟན་པའོ༔ ཐུགས་གཏེར་དག་སྣང་གསང་བའི་མན་ངག་ས་མ་ཡཱ༔ ཨྠྀི༔ སྐར་མ་རྒྱལ་ལ་རྒྱ་ཤོག་ལ་རྒྱ་སྣག་གིས་བྲི༔ ཚོན་གྱིས་བྱུག༔ གྱོད་དང་མི་ཁ་ཁོག་པའི་སྲུང་འཁོར་ནོར་བུ་བརྒྱད་སྐོར་དང་བྱ་མགོ་གཉིས་མི་བྱ་མགོ་འབྲེལ་དང་གསུམ་ཁ་སྤྲོད་བྱའོ༔ ཚོན་སྐུད་ཀྱིས་བཅིངས༔ ཡུངས་ཀར་དང་སྐྱུང་ཀའི་མཆུ་དར་ཚོན་སྣ་ལྔ་དེ་རྣམས་དང་ལྷན་དུ་གཡོགས༔ རབ་གནས་དབྱངས་གསལ་དང་ཡེ་དྷརྨས་བྱ༔ ཨྠྀི༔ ཁོ་བོ་ཁྲག་འཐུང་ལས་རབ་རྩལ་གྱིས་མངོན་སུམ་སྣང་བའི་ཡི་གེ་ལས་ཕབ་ཤིན་ཏུ་གཉན་པས་ལན་གསུམ་གྱི་རྗེས་མ་མ་གཏོགས་གཙང་ཞིང་དག་མ་ཐུབ༔ འདི་ལ་ལས་ཕྲན་མི་ཁ་དང་གྱོད་བྱུར་ལ་ཕན་པའི་ཟ་ཡིག་དང་སྔགས་སོགས་ཡོད་འདུག་ཀྱང་རྒྱལ་པོའི་ཆོ་འཕྲུལ་གྱིས་བར་དུ་བཅད་ནས་འབྲིར་མ་བཏུབ་པོ༔ འདི་ཤིན་ཏུ་བཀའ་རྒྱ་དམ་དགོས་པར་འདུག༔ ཉམ་ཐག་སེམས་ཅན་རྣམས་ལ་ཕན་ཐོགས་ཤོག༔ དགེའོ༔

གུ་རུ་རྡོ་རྗེ་དྲག་རྩལ་གྱི་ཆ་ལག་རྒྱལ་འགོང་འདུལ་ཐབས།

p. 291

࿅༔ གུ་རུ་རྡོ་རྗེ་དྲག་རྩལ་གྱི་ཆ་ལག་རྒྱལ་འགོང་འདུལ་ཐབས་བཞུགས༔ ཨོ་རྒྱན་ཆེན་པོ་རྡོ་རྗེ་དྲག་རྩལ་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་འདུད༔ སྙིགས་མར་མ་རུངས་ལོག་སྤྱོད་རྩིང་མོ་དར༔ གཙུག་ལག་མཆོད་རྟེན་ཞིག་རལ་བཤུ་འགེབ་མང་༔ འབྱུང་པོ་ལོག་འདྲེན་མནན་པ་ཕལ་ཆེར་འཆོར༔ མཐའ་མིའི་དཔུང་རྡོལ་རྒྱ་འདྲེའི་འཚུབ་མ་ལང་༔ བདུད་དང་དམ་སྲི་བོན་བློན་མི་གཟུགས་འཛིན༔ ཨོ་རྒྱན་བསྟན་དང་བསྟན་འཛིན་ཡོངས་ལ་གཤེ༔ དེ་འབྲས་ནག་ཕྱོགས་རྒྱལ་ཞིང་དཀར་ཕྱོགས་ཉམས༔ མཁའ་འགྲོ་ཆོས་སྐྱོང་རི་རབ་ཞལ་གཟིགས་པས༔ མཆོད་སྒྲུབ་བསྟེན་ལ་ནུས་པ་ཐོན་པ་ཉུང་༔ མཐའ་འདྲེས་བོད་ཁམས་གཞི་བདག་ཡུལ་འདོན་པས༔ རི་བྲག་ཆུ་གངས་འུར་ཆོམ་འཕར་འདར་དང་༔ གང་སྟོང་ཞིག་རལ་མི་རུང་རྟགས་མཚན་མང་༔ བླ་མ་མཁན་ཆེན་མིང་བཟང་ཁྲིམས་ལས་གཏོང་༔ ཁ་ནས་ཆོས་འཆད་ལག་ནས་སྡིག་ལས་བྱེད༔ ཆགས་སྡང་འཐབ་རྩོད་བཙོན་དོང་གནས་དགོན་དར༔ མི་ཕྱུགས་ནད་ཡམས་བཅོས་མི་བཏུབ་པ་འབྱུང་༔ ཆོས་མཛད་བར་ཆད་འབྱུང་ངམ་སྐུ་ཚེ་ཐུང་༔ ས་བཅུད་ཉམས་པས་གཏེར་རྡོལ་ཟ་ཐང་ཕྲི༔ བསྟན་པ་མཐར་ཐུག་མདོ་སྔགས་ཉམས་ལེན་ནུབ༔ ཕྱི་ཚུལ་གཟབ་དང་ཁ་ཆོས་ཙམ་ལ་བརྩི༔ དེ་དུས་ལོག་ལྟ་ཅན་ལ་ཚད་མར་འཛིན༔ ཐེ་ཚོམ་ཅན་ལ་མཁས་པའི་མཆོག་ཏུ་འབོད༔ ཆགས་སྡང་ཅན་ལ་བསྟན་འཛིན་མང་དུ་འདོགས༔ འཕུང་དཀྲུགས་རྩོམ་ལ་སྐྱབས་འཚོལ་བསྔགས་པ་བརྗོད༔ བླ་མ་མཁན་ཆེན་ཕལ་ཆེར་སྡུག་འདྲེར་སྐྱེ༔ བན་བཙུན་རྒྱལ་འགོང་བུད་མེད་བསེན་མོར་སྐྱེ༔ དམ་མེད་སྔགས་པ་དམ་སྲི་སྐྱེ་བོ་བཙན༔ འདྲེ་བདུད་མིར་སྐྱེ་མི་རྣམས་འདྲེ་རུ་སྐྱེ༔ འཕུང་འགོང་དམ་སྲིས་བར་ཆད་བྱུར་སྣ་འདྲེན༔ སྨྱོ་འབོག་བརྒྱལ་ནད་གདོན་གྱི་ཆོ་འཕྲུལ་གྱིས༔ སེམས་ཅན་བདེ་བ་བྲལ་ཞིང་སྡུག་ལ་གཏོད༔ དེ་ལ་ཕན་

p. 292

ཕྱིར་གསང་བའི་གནད་ཟབ་མོ༔ རྒྱལ་པོ་རང་གཤེད་གནད་བོར་འདི་ཉིད་གཅེས༔ མ་སྤེལ་རང་ལ་ལྷ་འདྲེས་ཞེ་བསྙེགས་ཡོང་༔ བཛྲ་ས་མ་ཡཿཨྠྀི༔ ནུས་ལྡན་སྔགས་པས་སྐྱབས་སེམས་སྔོན་འགྲོ་ཞིང་༔ ཡི་དམ་གསལ་སྣང་ང་རྒྱལ་བརྟན་པོའི་ངང་༔ སྨྲ་བཅད་རྒྱལ་པོའི་སྲོག་གི་སྙིང་པོ་བཟླ༔ ༀ་རཱ་ཛ་ཙིཏྟ་སརྦ་ས་མ་ཡ་གནོད་མ་བྱེད་ན་ར་སྐན༔ དེས་ནི་རྒྱལ་པོའི་གནོད་པ་ཐམས་ཅད་ཀུན༔ རང་སར་ཞི་བར་འགྱུར་ལ་ཐེ་ཚོམ་མེད༔ རང་གི་ཤ་ལ་རང་གིས་མི་ཟ་ཞིང་༔ མནའ་དང་ཁྲིམས་ལ་མི་ཉན་གང་ཡང་མེད༔ བརྒྱ་རྩ་བརྒྱད་བཟླས་ཁོང་བཏང་རྒྱལ་ནད་ཞི༔ ཨྠྀི༔ དེས་ཀྱང་མ་ཕན་ཤིན་ཏུ་ཚབས་ཆེ་ན༔ རང་ཉིད་གནམ་ལྕགས་སྡིག་རྒོད་རྔམ་བྱེད་བསྒོམ༔ གདོན་བགེགས་ཧབ་ཧབ་ཆིལ་ཆིལ་ཟོས་པར་བསམ༔ བརྟུལ་ཞུགས་ངར་དང་བཅས་ཏེ་དྲག་ཏུ་བཟླ༔ ༀ་ཨཱཿཧཱུྃ་བཛྲ་ཧཱུྃ༔ ཡཀྴ་ཧཱུྃ༔ རཀྴ་ཧཱུྃ༔ ༀ་ཏྲི་རཱ་ཛ་མཱ་ར་ཡ་རྦད༔ ཏྲི་ཆིངས་ཏྲི་ནན་ཏྲི་ཙིཏྟ་རྦད༔ ཇི་ལྟར་དཀའ་ཡང་ཐེ་ཚོམ་མེད་པར་བཟློག༔ ས་མ་ཡ་ཁ་ཐཾ་རྒྱ༔ གདོན་བགེགས་དྲག་པོ་ཞུགས་པའི་གལ་ཆེན་ལ༔ བལ་ཚོན་སྣ་ལྔས་སྲིན་ལག་རྩ་བ་བསྡམ༔ དྲག་པོའི་སྔགས་རྒོད་གོང་བཞིན་བཟླས་ནས་ཀྱང་༔ བླ་སྲོག་བཅིངས་པའི་དམིགས་གནད་དྲག་ཏུ་གཟིར༔ རཱ་ཙའི་སྙིང་དྲངས་འདར་ཡེད་སྐད་ངན་ཙེར༔ ཅི་བགྱིས་བཀའ་བཞིན་སྒྲུབ་པའི་དམིགས་པ་བྱ༔ དེ་ལྟར་བྱས་པས་རང་སྐད་འབྱིན་པ་ན༔ བཀའ་དང་དམ་ལ་ནན་གྱིས་བཞག་པར་བྱ༔ ས་མ་ཡ༔ དེ་ནས་རྒྱལ་པོ་འདུལ་བའི་ཟ་ཡིག་ནི༔ རྒྱ་སྣག་རྒྱ་མཚལ་ཨ་མྲྀ་ཏ་དང་སྦྱར༔ རྒྱ་ཤོག་ཡང་ན་ཤིང་ཤུན་དག་ལ་འབྲི༔ རྩ་བ་གསུམ་གྱི་སྔགས་ཀྱིས་རབ་ཏུ་གནས༔ ཐོ་རངས་བསྟེན་པས་རྒྱལ་ནད་སྲོག་རླུང་འཇོམས༔ མཁའ་འགྲོའི་མན་ངག་གསང་བའི་གནད་ཡིག་ཡིན༔ ས་མ་ཡ༔ སྤྱིར་ནི་འབྱུང་པོའི་བར་ཆད་གང་སྡང་ཡང་༔ དྲག་པོའི་ཧཱུྃ་སྒྲུབ་གུ་རུ་དྲག་བསྒྲུབ་བྱ༔

p. 293

བཀའ་བཀླག་སཱཙྪ་ཉེའུ་འདོན་སྲོག་བླུ་དང་༔ བསང་མཆོད་སྲུང་མ་གསོལ་དང་གསེར་སྐྱེམས་འབུལ༔ གདོན་ལས་གྲོལ་རྗེས་ཞི་བའི་སྦྱིན་སྲེག་དང་༔ ཚེ་དབང་ཚེ་ཆོག་སྲུང་བའི་འཁོར་ལོ་དང་༔ མི་དམིགས་རྒྱས་གདབ་བྱམས་དང་སྙིང་རྗེ་བསྒོམ༔ དགེ་སྒྲུབ་སྡིག་སྤང་མཆོད་སྦྱིན་ལས་ལ་འཇུག༔ སྒབ་འཇམ་རང་གཞན་བདེ་བའི་དགོས་པ་ཡོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་སྨྱོན་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་དག་པར་བྲིས་པའོ༔

རྡོ་རྗེ་གྲོ་ལོད་ཀྱི་ཕན་བྱའི་མན་ངག་རྒྱལ་འགོང་འཇོམས་པར་བྱེད་པའི་ཟ་ཡིག

p. 294
p. 295

࿅༔ རྡོ་རྗེ་གྲོ་ལོད་ཀྱི་ཕན་བྱའི་མན་ངག་རྒྱལ་འགོང་འཇོམས་པར་བྱེད་པའི་ཟ་ཡིག་བཞུགས༔ རྡོ་རྗེ་ཐོད་ཕྲེང་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ ཆོས་མཛད་བྱང་ཆུབ་སྒྲུབ་པ་ལ༔ དམ་ལོག་རྒྱལ་པོས་བར་དུ་གཅོད༔ འཁུ་ལྡོག་འདའ་བའི་ཆོ་འཕྲུལ་སྟོན༔ སྨོན་ལམ་ལོག་པའི་དམ་སྲི་རྣམས༔ བླ་མ་མཁན་བཙུན་གཟུགས་བཟུང་ནས༔ གཤིན་ལོག་འདྲེ་རྒོད་མངོན་རྒྱུག་བྱེད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མནན་གཏད་བཅིངས་པའི་དམ་སྲི་རྣམས༔ འདྲེ་སྤྲུལ་མི་ཡིས་རྐྱེན་བྱས་ནས༔ ལྷ་ཁང་མཆོད་རྟེན་འོག་ནས་འདོན༔ དེའི་སྟོབས་བོད་དུ་མི་དགེ་དར༔ ནད་མཚོན་མུ་གེས་སྐབས་སྐབས་སྡང་༔ ལྷ་མིན་འདྲེ་མིན་ཟེར་ཞིང་འབབ༔ རྨི་ལམ་ལྷ་ཁང་བཙུན་པ་དང་༔ འབག་སེང་གར་གིང་བྱི་ལ་སྤྲེལ༔ ཁྱི་དང་སྔགས་ནག་གཞན་ཡང་ནི༔ ཆོ་འཕྲུལ་མང་ཞིང་གློ་སྙིང་ན༔ སྨྱོ་འབོག་ཁ་འཆལ་བྱ་བྱེད་མང་༔ དེ་དུས་རྒྱལ་པོ་གནད་འབེབས་ཀྱི༔ ཟ་ཡིག་འདི་ལྟར་སྤྱོད་པར་བྱ༔ རྒྱ་ཤོག་ངོས་ལ་རྒྱ་སྣག་གིས༔ ནུས་པ་ཅན་གྱི་རྫས་རྒོད་བྱུག༔ ཐོ་རངས་དུས་སུ་བསྟེན་པར་བྱ༔ རྐྱེན་ལས་གྲོལ་ནས་བཟའ་འཕྲོ་གཅོད༔ རྒྱལ་པོ་གནད་འབེབས་ཟ་ཡིག་གོ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གྲོ་ག་འམ་ནི་ཤོག་བུ་ལ༔ འདི་བྲི་རྫས་སུ་་་་གུར་ནག་་་་་མ་དཔེ་ལ་དུར་ནག་་་བྱུག༔ སྔར་བཞིན་ཐོ་རངས་དུས་སུ་བསྟེན༔ གསོས་པར་འགྱུར་ན་བསྟེན་མི་བྱ༔ རྒྱལ་པོ་ཨར་གཏད་ཟ་ཡིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞན་ཡང་རྒྱལ་པོའི་གདོན་དག་ལ༔ ཕན་བྱེད་ཟ་ཡིག་འདི་ལྟར་རོ༔ ཡང་ན་ཡིག་ཚན་བཅུ་གཉིས་༔ འདི་རྒྱལ་པོའི་གདོན་ལ་ཤིན་ཏུ་རྣོ༔ འདི་ལྟར་གསང་སྔགས་འདི་

p. 296

རྣམས་ལ༔ ཞལ་འབྲེལ་ལྷག་ཆད་མེད་པར་གཟབ༔ དྲག་སྒྲུབ་སྙིང་པོ་ཅི་མང་དང་༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ མི་ལག་མི་འགྲིམ་གསང་ཞིང་སྤྱོད༔ བཤལ་སྐྱུགས་བྱུང་ན་ཕན་རྟགས་མངོན༔ རྣོ་མྱུར་མན་ངག་ཁྱད་པར་ཅན༔ མང་དུ་སྤེལ་ན་རང་ལ་གནོད༔ དེ་ཕྱིར་རབ་ཏུ་གསང་བར་བྱ༔ སེམས་ཅན་ཡོངས་ལ་ཕན་ཐོགས་ཤོག༔ བཀའ་རྒྱ༔ ཟབ༔ ཟབ༔ ཟབ༔ ཅེས་རྒྱ་རོང་ནམ་མཁའི་གསུང་གིས་བསྐུལ་བར་བརྟེན་ནས་སྨྱོ་སྤྱོད་པ་དཔའ་བོ་ལས་རབ་རྩལ་གྱིས་ཡི་གེར་བཀོད་པ་ཤིན་ཏུ་འཚུབ་ལྷོང་ཆེ་བར་འབྱུང་ངོ༔

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་ཤི་གཤེད་ཀུན་འཇོམས།

p. 297

࿅༔ གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་ཚོགས་ཤི་གཤེད་ཀུན་འཇོམས་བཞུགས་སོ༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ པད་འབྱུང་དྲག་སྒྲུབ་ཆ་ལག་ཕན་བྱའི་མན་ངག་ནི༔ དེ་ཡང་སྙིགས་མའི་ཐ་མ་རང་མཚང་༔ བཙུན་པ་སྡོམ་ཉམས༔ སྔགས་པ་ལྟ་ལོག༔ སྐྱེ་བོ་སྡིག་ཅན༔ བུད་མེད་ལས་ངན་དེ་རྣམས༔ འཆི་ཁ་མ་ནོར་རྫས་ལ་ཆགས་འཛིན་ཞུགས་པ་དང་༔ སྨོན་ལམ་ལོག་པ་བཏབ་པ་དང་༔ ཞེ་སྡང་བསམ་ངན་སྐྱེས་པ་དང་༔ འཆི་ཐབས་ངན་པ་དང་༔ སྲོག་གཅོད་ངན་པའི་དབང་གིས་འདྲེར་སྐྱེས་ནས་སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བར་བྱེད༔ བར་ཆད་རྐྱེན་ངན་སྣ་ཚོགས་གཏོང་༔ དེ་ལ་ཕན་ཕྱིར་གཤེད་སྲུང་མཁའ་འགྲོའི་གསང་བའི་ཡིག་རྒོད་འདི་ནོར་འཁྲུལ་མེད་པར་བྲིས་ལ་གྲོ་ལོད་ཀྱི་བསྙེན་པ་དང་ཡེ་དྷརྨས་རབ་གནས་བྱའོ༔ བདགའཆངབལགཤེདའཁྱམསཀྱིགདུགཔསྲུངསཤིགརཀྵརཀྵཀུརུཡེསྭཱཧཱ༔ འཛམ་གླིང་འདི་ན་འདི་བས་དཀོན་པ་མེད༔ སྙིང་གི་དཀྱིལ་དུ་ས་མ་ཡ༔ དམ་མེད་ལག་ཏུ་ཤོར་ར་རེ༔ ཡོན་ལ་གསེར་སྲང་གསུམ་མ་ཕུལ་ན་སྦ་བར་གྱིས༔ ཨྠྀི༔ ཟ་འདྲེ་ཤི་གཤེད་འཇོམས་པར་བྱེད་པའི་ཟ་ཡིག་ནི༔ཟ་ཡིག་དང་སྲུང་བའི་རྫས་བདུད་རྩི་ཆོས་སྨན་ཡིན་ནོ༔ ཟ་ཡིག་འདི་གདོན་ལས་མ་གྲོལ་བར་དུ་བཟའ་འོ༔ ཨྠྀི༔ ཡང་ཕོ་གཤེད་ཀྱི་སྔགས་ནི༔ ཨོཾ་ཡ་མ་ཙ་ཏྲི་རཾ་རཾ་མཱ་ར་ཡ་ཕཊ༔ཟབ་ཟབ༔ ཡང་མོ་གཤེད་ཀྱི་སྔགས༔ ཨཱོཾ་ཁྲོཾ་ཤ་ཧུར་ཐུཾ་མཱ་ར་ཡ་ཕཊ༔ ཨྠྀི༔ ཟབ་ཟབ༔ སྤྱི་དྲིལ་གཤེད་སྔགས་ནི༔ ༀ་ཧ་ར་ཧ་ར་ཤག་ཤག་ཐུར་ཐུར་བྱ་ཁྱུང་ནག་པོ་ཐུར་ཐུར་ཤག་

p. 298

ཤག༔ ཨྠྀི༔ ཟབ་ཟབ༔ སྔགས་ཆུ་དང་གཏད་སྔགས་གང་རིགས་བྱ༔ ཡང་ན་གུ་གུལ་ནག་པོ་དང་ཡུངས་ཀར་ལ་བསྔགས་ནས་ཟོས་ན་རྣོ་ཞིང་མྱུར་ལ་ཟབ་བོ༔ ཨྠྀི༔ གུ་ཧྱ༔ སེམས་ཅན་རྣམས་ལ་ཕན་ཐོགས་ཤོག༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ༔

བླ་སྒྲུབ་དྲག་པོའི་ལས་ཚོགས་མཁའ་འགྲོའི་ཟ་ཡིག་ཚན་བདུན།

p. 299

࿅༔ བླ་སྒྲུབ་དྲག་པོའི་ལས་ཚོགས་མཁའ་འགྲོའི་ཟ་ཡིག་ཚན་བདུན་བཞུགས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ བླ་སྒྲུབ་དྲག་པོའི་ལས་ཚོགས་མཁའ་འགྲོའི་ཟ་ཡིག་ཚན་བདུན་པོ་འདི་རྣམས་གཟའ་ཤིས་པའི་དུས་བྲི་ཤིང་རྩ་བའི་སྔགས་ཀྱིས་རབ་གནས་བྱའོ༔ མི་ཁྱིས་མི་མཐོང་ཞིང་འགོམ་ཡུག་མ་ཤོར་བར་བྱའོ༔ རིམས་ཀྱིས་མི་འཇིགས་པའི་ཟ་ཡིག་ནི༔ ཟབ་བོ༔ ཨྠྀི༔ མནན་པ་མི་འཇིགས་པའི་ཟ་ཡིག་ནི༔ ༀངཱༀཟབ་བོ༔ ཨྠྀི༔ མཐུ་ཡིས་མི་འཇིགས་པའི་ཟ་ཡིག་ནི༔ཟབ་བོ༔ ཨྠྀི༔ གཏད་ཀྱིས་མི་འཇིགས་པའི་ཟ་ཡིག་ནི༔ ཟབ་བོ༔ ཨྠྀི༔ བྱད་ཀྱིས་མི་འཇིགས་པའི་ཟ་ཡིག་ནི༔ ཟབ་བོ༔ མཛེས་མི་འཇིགས་པའི་ཟ་ཡིག་ནི༔ ཟབ་བོ༔ ཨྠྀི༔ མཚོན་གྱིས་མི་འཇིགས་པའི་ཟ་ཡིག་ནི༔ ཟབ་བོ༔ ཨྠྀི༔ འདི་རྣམས་བྱིན་རླབས་བྱིན་ཚན་ཆེ༔ ནུས་པ་རྣོ་ལ་མྱུར༔ གུ་རུ་ཞི་དྲག་གི་མན་ངག་ལས་གསང་བའི་མཐར་ཐུག་ཡིན་ནོ༔ ས་མ་ཡཱ༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ༔

བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལོ་རྒྱུས།

p. 300
p. 301

࿅༔ བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལོ་རྒྱུས་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་དྲག་པོའི་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་མོས་པ་བརྟན་པོས་མ་ཡེངས་པར་གསན་པར་ཞུ། དེའང་རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། གདུལ་བྱ་རྣམས་བླ་ན་མེད་པའི་གོ་འཕང་ལ་འགོད་པར་མཛད་པའི་ཐབས་ཀྱི་སྒོ་བསམ་ལས་འདས་པ་ཞིག་བསྟན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ཟབ་ལམ་བླ་མའི་སྒྲུབ་པ་ཉིད་ཡིན་ཏེ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དེ་ཉིད་སྒྲུབ་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། ཁྱད་པར་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་

p. 302

བྱ་བ་ཡེ་གདོད་མའི་རྒྱལ་བ་ཀུན་བཟང་ཆོས་ཀྱི་སྐུར་མངོན་པར་རྫོགས་སངས་རྒྱས་ནས་ལོངས་སྤྱོད་རྫོགས་སྐུ་སྣང་བ་མཐའ་ཡས་ལ་སོགས་པའི་རྣམ་པར་བཞུགས་པ་ལས། ཞིང་འདིར་གདུལ་བྱའི་འགྲོ་བ་རྣམས་ཀྱི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་མཐའ་ཡས་པར་སྣང་བར་མཛད་ཅིང་། ཁྱད་པར་རྒྱ་བོད་སོགས་ཡུལ་གྲུ་ཐམས་ཅད་དུ་ཐུབ་པའི་དབང་པོའི་བསྟན་པ་ལ་སྟོན་པ་ཉིད་དང་རྣམ་དབྱེར་མེད་པའི་ཕྲིན་ལས་རྣམ་བཞིའི་རྫུ་འཕྲུལ་གྱི་བཀོད་པ་མཐའ་ཡས་པས་འཁོར་བ་ཇི་སྲིད་པར་བཞུགས་ནས་ནོར་བུ་རིན་པོ་ཆེ་ལྟར་འདོད་དོན་ལྷུན་གྲུབ་ཏུ་མཛད་པའི་གུ་རུ་རཏྣ་དེ་ཉིད་ལས། ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཟབ་རྒྱས་ཀྱི་གདམས་པ་ཁྱད་པར་ཅན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་བ་ལས། ཁྱད་པར་གདུལ་བྱ་ཞི་བས་མི་ཐུལ་བ་རྣམས་གདུལ་ཕྱིར་ཆེ་མཆོག་པདྨ་དྲག་པོའི་སྐུར་བཞེངས་ཏེ་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅན་བཏུལ་ནས་རྩིས་ལ་ཕབ། དེ་ཉིད་སྒྲུབ་ཐབས་དང་ལས་རབ་འབྱམས་ཟབ་དྲིལ་ཁྱད་པར་ཅན་

p. 303

མང་དུ་གསུངས་པ་རྣམས་སྙིགས་དུས་ཀྱི་གདུལ་བྱ་སྐལ་ལྡན་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པ་ལས། འདིར་ནི་ལང་གྲོ་ལོ་ཙཱ་བའི་སྐྱེ་བ་གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་མཁར་ཆུའི་གཟིམ་ཕུག་ཏུ་རྟ་རྒྱུན་མར་གྲགས་པ་ནས་བཏོན་པའི་ཐུགས་སྒྲུབ་དྲག་པོ་གནམ་ལྕགས་འཁོར་ལོའི་ཆེས་ཟབ་པ་ཐེམས་མེད་ཀྱི་སྐོར་ལས་ཡང་གསང་སྤྱན་མང་གི་སྒྲུབ་ཐབས་དང་འབྲེལ་བའི་གདམས་ཟབ་དང་། དེར་མ་ཟད་རཏྣའི་ཡང་སྤྲུལ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་ལ་སྔ་ཕྱི་ཅི་རིགས་པར་གུ་རུ་ཞི་དྲག་གི་ཞལ་གཟིགས་གདམས་གཏད་དང་པདྨ་དྲག་པོའི་སྐུར་གྱུར་ནས་སྡེ་བརྒྱད་རྒྱལ་བསེན་མང་པོ་བཏུལ་བའི་ཚུལ་མང་ཞིང་། ཁྱད་པར་མེ་སྤྲེལ་ཟླ་བ་དང་པོའི་ཚེས་ཀྱི་ནུབ་ནས་ཞེས་པ་ནས་ཉི་དྲོས་བར་འབྲལ་མེད་དུ་མཇལ་ལོ། །ཞེས་གསུངས་པ་ལྟར་ཟབ་གཏེར་དང་དག་སྣང་སྙན་བརྒྱུད་ཟུང་འབྲེལ་དུ་གཏན་ལ་ཕབ་པ་སྟེ། དེ་ཡང་གཞུང་ལས། ཨུ་དུམ་ཝཱ་ར་ལྟར་ཀུན་གྱི་རྣམ་ཤེས་འཕྲོག༔ ཡིད་བཞིན་ནོར་འདྲ་དགོས་འདོད་འདི་ལ་ཕྱུག༔ ཅེས་དང་།

p. 304

འདི་འདྲའི་ཟབ་གནད་ཉམས་སུ་བླང་བ་ན༔ ཨོ་རྒྱན་ང་དང་འདུ་འབྲལ་ག་ལ་ཡོད༔ ཅེས་གསུངས་པ་ལྟར་ཕན་ཡོན་བྱིན་ནུས་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་དབང་བསྐུར་སོགས་བརྗོད། དགེའོ།། །།

བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལས་བྱང་དངོས་གྲུབ་ཀུན་འདུས་དབང་གི་རྒྱལ་པོ།

p. 305

࿅༔ བླ་མ་དྲག་པོ་ཡང་གསང་སྤྱན་མང་གི་ལས་བྱང་དངོས་གྲུབ་ཀུན་འདུས་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ༔

p. 306

རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ གང་གི་སྒྲུབ་ཐབས་ཀུན་ཀྱི་མཐར་ཐུག༔ སྐུ་གསུམ་རྒྱལ་བ་ཡོད་དོ་ཅོག་གི་སྤྱི་སྒྲུབ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་ཡོངས་ཀྱི་དྲིལ་སྒྲུབ༔ བཀའ་གཏེར་དག་སྣང་གསུམ་གྱི་གནད་དོན༔ སྙིང་བོ་ལས་བྱུང་བ་འདི༔ སྙིགས་དུས་ཚེ་ཐུང་གཡེང་བ་ཆེ༔ ཆོས་ཕྱོགས་ཀྱི་འབད་པ་ཆེ་ཡང་དོན་མེད་གསོག་དང་གསོབ་དང་ཡ་མ་བརླ༔ རྟག་ཆད་འཛིན་པའི་མཐའ་ལྟུང་མུ་སྟེགས་དར༔ གཅིག་བསྟན་གཅིག་གིས་བཤིགས་པ་ངོ་སོ་ཇེ་ཆེར་མཐོ་བ༔ འདི་ལྟ་བུའི་དུས་སུ་རང་དོན་སྤྲོས་པ་མེད་ལ༔ དགོས་པའི་ཟབ་ཆོས་སོ༔ སངས་རྒྱས་དགོངས་པ་ཇི་བཞིན་སྤྱོད་ན་རྒྱུ་འབྲས་སྤང་བླང་ཞིབ་པ་དང་༔ སྨོན་འཇུག་བྱང་སེམས་ལ་བློ་ཡང་དག་འཇུག་པ་དང་༔ ཐབས་དང་ཏིང་འཛིན་དོན་དུ་སྔགས་ལ་ཉེ་བར་སྤྱོད་པར་བྱའོ༔ འདིར་ལྷ་སྔགས་ཏིང་འཛིན་ཀུན་གྱི་མཐར་ཐུག་ཟབ་

p. 307

གཏེར་དག་སྣངདབྱེར་མི་ཕྱེད་པའི་ཚུལ༔ རཏྣ་གླིང་པའི་དྲག་པོ་དམར་ནག་མེ་ཕྲེང་ཅན་གྱི་ཟིལ་གནོན་ཧཱུྃ་སྒྲུབ་དེའི་སྲོག་རྒྱུད་གསལ་དུ་འཛིན་པ་དང་༔ ཉམས་པ་གསོ༔ ཆད་པ་མཐུད༔ བག་ལ་ཉལ་བ་སློང་༔ གདུལ་བྱ་མ་བྱུང་བ་སླར་བསྐྱར་བའི་དོན་ལྟ་བུའི་གནད་ཀྱང་ཡིན༔ ཁོ་བོའི་དག་སྣང་གཞན་རྣམས་ཀྱང་དེའི་འགྲོས་སུ་སྐལ་ལྡན་ལས་འཕྲོ་ཅན་གྱིས་ཤེས་པར་བྱའོ༔ རྩ་བའི་སྒྲུབ་གཞུང་རྣམས་རཏྣའི་གཏེར་བྱོན་ཡང་གསང་སྤྱན་མང་དུ་ཤེས་པར་བྱའོ༔ འདིར་ཅུང་ཟད་བསྟན་པ་སྤྲོས་པ་བྱིན་རླབས་ཀྱི་གནད་དུ་ཆེའོ༔ གཏེར་གཞུང་རྩ་བའི་དགོངས་པར༔ རང་རིག་ཡེ་ནས་ཀུན་བཟང་པདྨ་འབྱུང་གནས་ཡོན་ཏན་ངང་རྫོགས་སྐྱོན་གཏན་བྲལ༔ ཕྲིན་ལས་མ་བྱས་ལྷུན་གྲུབ༔ འཁོར་བ་ལྟར་སྣང་ཡང་ངོ་བོ་ལ་སྐྱོན་གྱིས་མ་གོས་བ༔ སངས་རྒྱས་སྣང་ཡང་རང་བཞིན་དེ་ལས་གསར་དུ་ཐོབ་པའི་ཡོན་ཏན་མེད་པ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་

p. 308

སྟོང་བ་ཅི་ཡང་མེད་པ༔ རང་བཞིན་འཁོར་འདས་ཀྱི་ཆ་འཛིན་པ༔ ཐུགས་རྗེ་འཁོར་བའི་བདེ་བ་མྱ་ངན་ལས་འདས་པའི་ཕྲིན་ལས་སྣ་ཚོགས་མའགགས་པའོ༔ ཀུན་གྱི་མཐར་ཐུག་བླ་མ་སྒྲུབ་ན་འདི་ལྟ་སྟེ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་བདེ་གཤེགས་ཞི་ཁྲོའི་ཚོགས༔ ཀུན་གྱི་ངོ་བོ་ཆེ་མཆོག་དྲག་པོ་རྩལ༔ རྡོ་རྗེ་ཐོད་ཕྲེང་ཡེ་ཤེས་ལྷ་ཡི་ལྷ༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ སེམས་ཅན་ཁམས་ཀྱི་སྒྲིབ་པ་ཀུན་བཅོམ་ནས༔ ཡང་དག་སྙིང་པོ་མངོན་དུ་བྱ་བའི་ཕྱིར༔ རྡོ་རྗེ་གྲོ་ལོད་ཁྲོས་པའི་ཏིང་འཛིན་གྱིས༔ ཚད་མེད་སྙིང་རྗེས་འགྲོ་རྣམས་སྒྲོལ་བར་བགྱི༔ མཆོད་པ་མེད་པར་བཤད་ཀྱང་འདིར་དམན་བར་ཚོགས་བསགས་པའི་ཕྱིར་ཅུང་ཟད་སྤྲོ་བར་འདོད་ན༔ རང་གདངས་ཡེ་ཤེས་རོལ་པར་ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲོ་བ་ནི། ཧཱུྃ༔ མ་དག་དྲི་མའི་ཚོགས་ཀུན་རཾ་ཡཾ་ཁཾ༔ ཕྱི་དང་ནང་དང་གསང་བའི་མཆོད་ཚོགས་རྣམས༔ དབང་དྲག་རྫ་ས་མཆོག་དགྲ་བགེགས་ཤ་ཁྲག་རུས༔ ཁྲག་འཐུང་ཁྲོ་ཚོགས་མཆོད་པའི་རྫ་ས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ གཏེར་གཞུང་རྩ་བ་གསེར་ཆོས་འགྱུར་བ་མེད་པ་ལས༔ མཁའ་ལ་ཉི་ཤར་ཆུ་བུར་རྡོལ་བ་བཞིན༔ སྟོང་པའི་ངང་ལས་རང་ཉིད་ཐོད་ཕྲེང་རྩལ༔ རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་

p. 309

སྨུག་ནག༔ གཅེར་བུ་རུས་རྒྱན་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་གཙུག་རྟ་མགོ་ལྗང་ཁུར་ཙེ་རེ་རེ༔ སྣ་སྒྲ་ཁྲིལ་ཁྲིལ་བག་ཆགས་ནད་རྣམས་གཏོར༔ སྤྱན་མིག་ཕྲུམ་ཕྲུམ་དྲེགས་པ་ཟིལ་གྱིས་གནོན༔ འཇིགས་པའི་ཆ་ལུགས་རྣོ་དབལ་མཆེ་བ་གཙིགས༔ སྤྱི་བོར་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ༔ མགྲིན་པར་ཐུགས་རྗེ་ཆེན་པོ་གསལ་བར་བསྐྱེད༔ ཕྱག་ཞབས་བཞི་ལ་མཁའ་འགྲོ་སྡེ་བཞི་བསྐྱེད༔ སྐུ་ལུས་མ་ལུས་སྤྱན་མིག་སྟོང་གིས་གཏམས༔ ཐུགས་རྗེ་ཉེ་རིང་མེད་པར་ཀུན་ལ་ཁྱབ༔ བམ་རོ་བསྣོལ་བའི་ཁྲི་ལ་བརྗིད་ཅིང་འགྱིང་༔ གར་དགུའི་ཚུལ་དུ་ཧཱུྃ་དགུ་འབྲུག་སྟོང་ལྡིར༔ སྐུ་ནི་སངས་རྒྱས་ཀུན་མཉམ་རི་རབ་འདྲ༔ གསུང་ནི་རྔམ་པའི་ང་རོ་དྲག་ཧུར་ཅན༔ ཐུགས་ནི་གསལ་སྟོང་ཐུགས་རྗེ་འགགས་པ་མེད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར༔ གདོན་བགེགས་མ་ལུས་གཞོབ་ཏུ་ཐུར་ལ་སྲེག༔ གཡོན་པས་ཕུར་བུ་དགྲ་བགེགས་སྙིང་ལ་འདེབས༔ སྐུ་ལས་འོད་ཟེར་ཚྭ་ཚྭ་ཁྲོ་ཆུང་འཕྲོ༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཆེན་མཐིང་ནག་ལས༔ མེ་འབར་

p. 310

ཁམས་གསུམ་མ་ལུས་ཐམས་ཅད་སྲེག༔ སྲིད་གསུམ་ཟིལ་གནོན་རང་ལས་ཆེ་བཙན་མེད༔ སྡེ་བརྒྱད་དྲེགས་པ་འདུལ་ཞིང་མདུན་ན་གནས༔ ཅི་གསུང་བཀའ་ཉན་ལས་ལ་འཁོར་བ་དང་༔ མཁའ་འགྲོ་འབུམ་གྱིས་རང་ཉིད་འཁོར་གྱིས་བསྐོར༔ འཇིག་རྟེན་ཁམས་ཀུན་འུར་འུར་ཤིག་ཤིག་འདེགས༔ ཧཱུྃ་སྒྲས་འཇིག་རྟེན་ཁམས་ཀུན་གང་བར་བསམ༔ སྤྱིར་རྩ་བའི་གཏེར་གཞུང་ལས་འགྲེས་པར་བྱ་སྟེ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་མདོ་རྒྱུད་དང་༔ གྲུབ་ཐོབ་པཎྜི་ཏ་སོགས་རྟོགས་པ་དང་༔ ཐུགས་རྗེ་འོད་ཟེར་མ་ལུས་འདུས་པར་བསམ༔ ལྷ་འདྲེ་མི་གསུམ་ཚེ་སྲོག་བཅུད་རྣམས་ཀུན༔ མ་ལུས་བདག་ལ་འདུས་པའི་ངོ་བོར་བསམ༔ ཧཱུྃ༔བཟླ༔ འཛབ་བསྐུལ་ནི༔ རང་བྱུང་སངས་རྒྱས་འོད་དཔག་མེད༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དང་༔ བྱང་ཆུབ་སེམས་དཔའི་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་

p. 311

ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་ཆོས་སྐུའི་ལྷ་ཚོགས་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཕགས་མཆོག་ལོངས་སྐུ་སྤྱན་རས་གཟིགས༔ སངས་རྒྱས་སྟོང་དང་རྩ་གཉིས་དང་༔ འགྲོ་བ་འདུལ་མཛད་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་ལོངས་སྐུའི་ལྷ་ཚོགས་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྤྲུལ་སྐུ་གུ་རུ་པདྨ་འབྱུང་༔ དགའ་རབ་ཤྲཱི་སེང་རིག་འཛིན་བརྒྱད༔ གྲུབ་པའི་དབང་ཕྱུག་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་

p. 312

མཛད༔ རྒྱལ་བ་སྤྲུལ་སྐུའི་ལྷ་ཚོགས་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཚོ་རྒྱལ་ལས་ཀྱི་དབང་དྲག་རྩལ༔ གནས་གསུམ་རིག་འཛིན་མཁའ་འགྲོ་དང་༔ མཁའ་སྤྱོད་གྲུབ་པའི་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་ཡུམ་གྱི་ལྷ་ཚོགས་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག༔ བཀའ་བབ་དྲོད་ཐོབ་འབངས་ཉེར་ལྔ༔ གསང་སྔགས་གྲུབ་བསྙེས་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་གྲུབ་པའི་བདག་ཉིད་རྣམས༔

p. 313

ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉང་སྟོན་ཆོས་དབང་རཏྣ་གླིང་༔ གཏེར་ཆེན་བརྒྱ་དང་རྩ་བརྒྱད་དང་༔ གཏེར་ཕྲན་སྟོང་དང་རྩ་གཉིས་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་དངོས་གྲུབ་བརྙེས་པ་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྩ་བའི་བླ་མ་རྡོ་རྗེ་འཛིན༔ བཀའ་བརྒྱུད་བླ་མ་དམ་དང་༔ ས་དང་ལམ་གནས་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་བདེ་གཤེགས་གདུང་འཚོབ་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་

p. 314

ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲག་འཐུང་ཆེ་མཆོག་དཔལ་ཆེན་དགུ༔ ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ༔ ཞི་ཁྲོ་རབ་འབྱམས་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་ཡི་དམ་ལྷ་ཚོགས་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། རྡོ་རྗེ་རྣལ་འབྱོར་ཁྲོས་མ་ནག༔ མཁའ་འགྲོ་སྡེ་ལྔ་འཁོཪ་ཚོགས་འབུམ༔ ལས་དང་ཡེ་ཤེས་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བ་མ་རྒྱུད་མཁའ་འགྲོ་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀ་ལ་རེ་མ་ཏི༔ ཕོ་རྒྱུད་མོ་རྒྱུད་

p. 315

མ་ནིང་སྡེ༔ ཆོས་སྐྱོང་དམ་ཅན་ཚོགས་དང་བཅས༔ རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ གསོལ་བ་འདེབས་སོ་དབང་མཆོག་སྐུར༔ བྱིན་རླབས་དངོས་གྲུབ་ཧཱུྃ་གིས་སྡུད༔ བགེགས་དང་ལོག་འདྲེན་ཧཱུྃ་གིས་འདུལ༔ སྒྲིབ་སྦྱོང་ཕྲིན་ལས་ཧཱུྃ་གིས་མཛད༔ རྒྱལ་བའི་བཀའ་སྡོད་ཆོས་སྐྱོང་རྣམས༔ ཟིལ་གནོན་རྡོ་རྗེའི་ཧཱུྃ་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་༔ ནང་བཅུད་སྐྱེ་འགྲོ་ཡི་དམ་ལྷ༔ སྒྲ་གྲགས་ཐམས་ཅད་སྙིང་པོ་ཧཱུྃ༔ དྲན་རྟོག་མི་དམིགས་ལྟ་བའི་ངང་༔ འགྲོ་འདུག་བྱ་སྤྱོད་ཕྲིན་ལས་བཞི༔ མ་དག་ཐ་མལ་ཀུན་དང་བྲལ༔ བྱིན་རླབས་ཀློང་ཡངས་ཉམས་རྟོགས་འབར༔ ཞེས་བྱིན་དབབ་ཅིང་བཟླས་པ་བྱའོ༔ ཐུན་མཐར་བརྡ་དོན་རྟགས་ཀྱི་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སྤྱི་གཙུག་རིགས་བདག་ཚེ་ལ་དབང་བའི་བརྡ༔ སྤྱན་རས་གཟིགས་དབང་སྙིང་རྗེའི་སྐུར་བཞེངས་བརྡ༔ མཁའ་འགྲོའི་ཚོགས་རྣམས་སྣང་སྲིད་དབང་སྡུད་བརྡ༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུའི་དོན་མཚོན་ཐུགས་ཉིད་སྐྱེ་བ་

p. 316

མེད༔ ལོངས་སྐུའི་དོན་མཚོན་རྡོ་རྗེ་སྲིན་པོའི་གསུང་༔ སྤྲུལ་སྐུའི་དོན་མཚོན་འབར་བའི་ཁྲོ་ཚོགས་འཕྲོ༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སྤྱི་གཙུག་རྟ་དབུ་དབང་བསྐུར་རྫོགས་པའི་རྟགས༔ རྡོ་རྗེ་ཕུར་བ་གདུག་པ་གཟིར་བའི་རྟགས༔ མདོག་དམཪ་སྤྱན་སྟོང་སྣང་སྲིད་ཟིལ་གནོན་རྟགས༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་སྐུ་ཡི་གཟི་བརྗིད་ཧཱུྃ༔ ཧཱུྃ་ཆེན་མཐིང་ནག་ཁམས་གསུམ་མ་ལུས་ཁྱབ༔ བསྐལ་པ་དུས་མཐའི་མེ་ཡི་ཕུང་པོར་འབར༔ དངོས་དང་དངོས་འཛིན་སྲེག་པར་མཛད་ལ་བསྟོད༔ སངས་རྒྱས་ཀུན་གྱི་གསུང་གི་ནུས་པ་ཧཱུྃ༔ ཧཱུྃ་གི་རང་སྒྲ་འབྲུག་སྟོང་དུས་གཅིག་ལྡིར༔ བདུད་ཚོགས་ལོག་འདྲེན་བརྒྱལ་ཞིང་སྙིང་རྩ་འགེམས༔ དྲག་སྔགས་དཔལ་དུ་འབར་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ཧཱུྃ༔ ཧཱུྃ་གིས་ཐམས་ཅད་རོ་གཅིག་ངང་དུ་སྒྲོལ༔ སྒྲིབ་བཞིའི་བདུད་ཚོགས་མི་དམིགས་མཁའ་ལྟར་དག༔ མྱ་ངན་འདས་པ་མཆོག་ལ་ཕྱག་འཚལ་བསྟོད༔ དུར་ཁྲོད་རབ་ཏུ་འཇིགས་པའི་གནས་མཆོག་

p. 317

འདིར༔ ཐམས་ཅད་གྲོ་ལོད་ཁྲོས་པའི་གད་རྒྱང་ཧཱུྃ༔ བླ་མ་རིག་འཛིན་རྣམས་ནི་སྤྲིན་ལྟར་འཐིབས༔ ཡི་དམ་ལྷ་ཚོགས་རྣམས་ནི་ཆར་ལྟར་འབེབས༔ དཔའ་བོ་མཁའ་འགྲོ་རྣམས་ནི་གློག་ལྟར་འཁྱུག༔ ཆོས་སྐྱོང་དམ་ཅན་རྣམས་ནི་འཇའ་ལྟར་བསྐོར༔ བདུད་དང་ལོག་འདྲེན་རྣམས་ནི་བརྒྱལ་ཞིང་འབོག༔ བགེགས་དང་འབྱུང་བོ་རྣམས་ནི་ཕྱེ་མར་འཐག༔ གདོན་དང་བར་ཆད་བྱད་མ་བྱེར་ཞིང་གཏོར༔ མི་ལྡོག་སྟོང་གསུམ་རྒྱ་མཚོའི་ཕ་མཐར་བསྐྲད༔ སྤྲོ་བསྡུས་ཕྲིན་ལས་ཡོངས་སུ་རྫོགས་ལ་བསྟོད༔ ཁྱད་པར་དངོས་གྲུབ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ དགོངས་པའི་དབྱིངས་ནས་ཏིང་འཛིན་དགོངས་པ་འཕོས༔ ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས༔ བརྡ་དང་བརྡས་མཚོན་ཟབ་ཆོས་ཐུགས་སུ་ཆུད༔ དགའ་རབ་ཤྲཱི་སེང་པད་འབྱུང་བི་མ་ལ༔ སྙན་ནས་སྙན་བརྒྱུད་ཆོས་ཉིད་བདུད་རྩིར་བརྙེས༔ བཀའ་བབ་གྲུབ་ཐོབ་ཆོས་ཀྱི་སྤྱན་ལྡན་ཚོགས༔ མི་འཇིགས་བཙས་སྡོམ་མི་ནུབ་གཏད་རྒྱ་གྲོལ༔ ཟབ་མོ་གཏེར་ལ་དབང་བསྒྱུར་ལས་འཕྲོ་ཅན༔ སྨོན་ལམ་ལས་སད་སྔོན་

p. 318

གནས་རྗེས་སུ་དྲན༔ རྩ་བརྒྱུད་བླ་མ་བཀའ་བརྒྱུད་རིན་པོ་ཆེ༔ ཐུགས་བསྐྱེད་སྨོན་ལམ་སྦྱངས་སྟོབས་མཐར་ཕྱིན་རྣམས༔ སྐལ་དམན་སེམས་ཅན་ཐུགས་རྗེས་མ་དོར་བར༔ མངོན་སུམ་ཞལ་སྟོན་དབང་བསྐུར་རྗེས་སུ་ཟུང་༔ གནས་སྐབས་ཕྲིན་ལས་དངོོས་གྲུབ་རྣམ་པ་བཞི༔ མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་སྩོལ༔ ཅེས་གདུང་བས་གསོལ་བ་བཏབ་ཞིང་༔ ལྷ་ཚོགས་རྣམས་ཀྱི་སྒྲ་ཡི་འོད་ཟེར་གྱིས་ནམ་མཁའི་མཐའ་དང་མཉམ་པའི་འཁོར་འདས་ལམ་གསུམ་གྱི་ཚེ་བསོད་དཔལ་འབྱོར་ལེགས་པའི་ཡོན་ཏན་ཐམས་ཅད༔ འབྲུ་གསུམ་དང་འོད་ལྔའི་རྣམ་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བདག་མདུན་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་དམིགས་ཤིང་༔ མངོན་དུ་གྱུར་བའི་ང་རྒྱལ་དང་༔ ཅི་མི་སྙམ་པའི་དཔའ་གདེང་དང་༔ སྤང་བླང་མེད་པའི་སྨྱོན་པ་ལྟར༔ དུས་གསུམ་སྒྱུ་མའི་བརྟུལ་ཞུགས་ཀྱི༔ ངང་ཡིན་ཡེ་ཡིན་རྫོགས་པ་ཆེ༔ རིག་རྩལ་འགགས་མེད་ངང་ནས་བཟླ༔ ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི༔ ན་ན་ཁ་དྷེ་སིདྡྷི་སརྦ་ཕ་ལ༔ ཨ་ཡུ་སིདྡྷི་ཧྲཱི༔ ས་མ་ཡཱ༔ བསྡུས་བསྡུས༔ ཞེས་ནན་གྱིས་

p. 319

བཟླ༔ ཞི་བའི་བཟླས་པ་ནི༔ བདག་དང་མདུན་བསྐྱེད་རྡོ་རྗེ་གྲོ་ལོད་ནི༔ སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་དང་༔ ཧཱུྃ་དཀར་འཕྲོས་པས་ནད་གདོན་སྡིག་སྒྲིབ་དང་༔ དགྲ་འདྲེ་མི་ཁ་གྱོད་བྱུར་ཐན་ལྟས་བྱད༔ རྡོ་ཚན་ཁ་ལ་ཁ་བ་བབས་པ་ལྟར༔ རང་ཞི་རང་དག་མི་དམིགས་ཆེན་པོའི་ངང་༔ ཧཱུྃ༔ དལ་ལ་འཇམ་པ་སྙན་པའི་དབྱངས་ཀྱིས་བཟླ༔ རྒྱས་པའི་བཟླས་པ་ནི༔ རྒྱས་པའི་ལས་མཛད་བདག་མདུན་གྲོ་བོ་ལོད༔ སྐུ་མདོག་སེར་བོ་འོད་ཟེར་སེར་པོ་ལས༔ ཧཱུྃ་སེར་རིན་ཆེན་སྣོད་བཅུད་གང་བ་ཡིས༔ བུ་འབངས་འཁོར་དང་ལོངས་སྤྱོད་སྟོབས་འབྱོར་དང་༔ ཟས་ནོར་དངོས་གྲུབ་ཆར་ལྟར་འབབ་པར་གྱུར༔ ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས༔ ཧཱུྃ༔ བརྗིད་ལ་འབོལ་བ་དཔའ་བའི་ཉམས་ཀྱིས་བཟླ༔ དབང་གི་བཟླས་པ་ནི། བདག་མདུན་དབང་བསྒྱུར་རྡོ་རྗེ་གྲོ་བོ་ལོད༔ སྐུ་མདོག་དམར་པོ་འོད་ཟེར་ལྕགས་ཀྱུ་དམར༔ ཧཱུྃ་དམར་སྣ་ཡིས་སྲིད་ཞིའི་དཔལ་ཡོན་དང་༔ གང་ལ་དམིགས་པ་དེ་ཉིད་དབང་དུ་བསྡུས༔ ཤིང་བལ་རླུང་གིས་བསྐྱོད་པ་ལྟ་བུར་བཀུག༔ ཧཱུྃ༔ དབྱངས་སྙན་འགྱུར་ཁུགས་བབ་ལ་བཟླ༔ དྲག་པོའི་བཟླས་པ་ནི༔

p. 320

བདག་མདུན་རྡོ་རྗེ་གྲོ་ལོད་ལྗང་ནག་ལས༔ འོད་ཟེར་ལྗང་ནག་ཕུར་བ་ཚྭ་ཚྭ་འཕྲོས༔ སྒབ་འདྲེ་དམ་སྲི་བྱད་ཕུར་མཐའ་འདྲེ་དམག༔ གནོད་བྱེད་གདོན་བགེགས་མ་ལུས་རྡུལ་དུ་བསྲེག༔ ཧཱུྃ༔ དབྱངས་རྔམ་བརྗིད་དྲག་རྩུབ་ཤུགས་ཀྱིས་བཟླ༔ དེ་ནས་ཚོགས་དང་ཡོ་བྱད་རྣམས་རིག་འཛིན་དཔའ་བོ་མཁའ་འགྲོའི་དགའ་སྟོན་དུ་བྱིན་གྱིས་བརླབ་པ་ནི༔ འབྱོར་བའི་ཡོ་བྱད་རྣམས་ཆེར་སྤུངས་ནས༔ སླར་ཡང་གསལ་སྣང་ཐམས་ཅད་སྣང་སྲིད་གཞིར་བཞེངས་ངང་༔ འགྲོ་ཀུན་བདེ་གཤེགས་སྙིང་པོ་ཉིད་དུ་ངེས་པ༔ དེ་ཕྱིར་རྡོ་རྗེ་གྲོ་ལོད་ཀྱི་རོལ་པར་བཞེངས་ལ༔ འཁོར་འདས་ཐམས་ཅད་བདེན་མེད་རྫུན་དུ་ཤེས་པའི་དཔའ་བོ་རྣམས་ཀྱིས༔ བདེན་མེད་སྒྱུ་མར་རོལ་པའི་ངང་ནས་ཚོགས་ཀྱི་རྟོགས་པ་བསལ་བ་དང་༔ བྱིན་གྱིས་བརླབ་པ་དང་༔ མཆོད་ཅིང་སྟོབ་བའི་ཚུལ༔ རཾ་ཡཾ་ཁཾ༔ གསུམ༔ མ་དག་མི་གཙང་དྲི་མའི་ཚོགས༔ བསྲེགས་གཏོར་བཀྲུས་ཤིང་ཡོངས་སུ་སྦྱངས༔ བྷནྡྷ་འབར་བའི་སྣོད་མཆོག་ཏུ༔ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡབ་ཡུམ་ངོ་བོར་གསལ༔ མེ་རླུང་སྦྱོར་བས་ཞུ་ཞིང་ཁོལ༔ སྲིད་ཞིའི་དྭངས་བཅུད་མ་ལུས་ཀུན༔ འབྲུ་གསུམ་རྣམ་པར་ཆར་ལྟར་བབས༔ དམ་ཡེ་དབྱེར་མེད་བདུད་རྩིར་འཁྱིལ༔ བཟའ་བཏུང་འདོད་ཡོན་སྣང་སྲིད་གང་༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ ཀུན་

p. 321

བཟང་མཆོད་སྤྲིན་མཆོག་ཏུ་སྦར༔ རྫས་ཀྱི་དམ་ཚིག་གསང་བའོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཞན་དུ་ཚོགས་ཞིང་སྤྱན་འདྲེན་བར་བཤད་པར༔ འདིར་ནི་ཡེ་ཡིན་སངས་རྒྱས་ཀྱི་དགོངས་པ་གསལ་གདབ་པ་ནི༔ ཧཱུྃ༔ བདག་དང་གཞན་གྱི་ཚོགས་དང་བཅས༔ སྟོང་ཞིང་བདག་མེད་ཆོས་ཀྱི་སྐུ༔ འཁོར་འདས་འཆར་སྣང་ལོངས་སྤྱོད་རྫོགས༔ བྱེད་ལས་མ་འགགས་སྤྲུལ་པའི་སྐུ༔ གདོད་ནས་དཔལ་ཆེན་གྲོ་བོ་ལོད༔ སྐུ་དང་ཞིང་ཁམས་དུས་གཅིག་རྫོགས༔ ལྷ་དང་ལྷ་མིན་རོལ་པར་ཤར༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ རིན་ཆེན་རུས་རྒྱན་ཁྲ་ལ་ལ༔ དུར་ཁྲོད་རྒྱན་ཆ་སྤུངས་སེ་སྤུང་༔ དར་གྱི་ཅོད་པན་ལྷབས་སེ་ལྷབ༔ ཧཱུྃ་གི་འབྲུག་སྒྲ་འུ་རུ་རུ༔ དཔལ་གྱི་རྟ་སྐད་ཙེ་རེ་རེ༔ མཁའ་འགྲོའི་བརྡ་སྐད་དི་རི་རི༔ འཇའ་གུར་འོད་ཁྱིམ་ཀྱི་ལི་ལི༔ མེེ་དཔུང་མཚོན་ཆ་ལྷགས་སེ་ལྷག༔ དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔ གཟི་བྱིན་འཇིགས་ཟིལ་ཆུམས་སེ་ཆུམ༔ བླ་མ་རིག་འཛིན་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་རུབས་སེ་རུབ༔ དམ་ཅན་བཀའ་སྡོད་ཤ་ར་ར༔ ལྷུན་གྲུབ་རྒྱལ་བའི་

p. 322

ཞིང་ཁམས་འདིར༔ ཡེ་ཡིན་སྒྱུ་འཕྲུལ་ལྷ་ཚོགས་རྣམས༔ དུ་མ་རོ་གཅིག་ཆོས་ཀྱི་དབྱིངས༔ ཚོགས་ཀྱི་མཆོད་པ་དམ་པ་བཞེས༔ ཚེ་དང་དབང་གི་དངོས་གྲུབ་སྩོལ༔ ཚོགས་ཞིང་དམ་ཚིག་གསང་བའོ༔ གུ་རུ་དྷེ་ཝ་དྷཀྐི་ནི་ཛཿཧཱུྃ་བཾ་ཧོ༔ ཚོགས་མཆོད་འབུལ་ཁ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ༔ རྩ་བརྒྱུད་བླ་མའི་ཚོགས་དང་བཅས༔ རིག་འཛིན་མཁའ་འགྲོའི་འཁོར་གྱིས་བསྐོར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག༔ ཧཱུྃ༔ ལྷུན་གྲུབ་དག་པའི་ཞིང་ཁམས་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ༔ ཡི་དམ་རྒྱ་མཚོའི་ཚོགས་དང་བཅས༔ ཡེ་ཤེས་མཁའ་འགྲོའི་འཁོར་གྱིས་བསྐོར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག༔ ཧཱུྃ༔ མཁའ་སྤྲོད་གནས་མཆོག་དམ་པ་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ༔ དཔའ་བོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ ལས་དང་འཇིག་རྟེན་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ཀྱི་མཆོད་

p. 323

པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག༔ ཧཱུྃ༔ དུར་ཁྲོད་ཆེན་པོ་གནས་བརྒྱད་ནས༔ གུ་རུ་རྡོ་རྗེ་གྲོ་ལོད་ལ༔ མ་མགོན་ཆོས་སྐྱོང་ཚོགས་དང་བཅས༔ ཤ་ཟ་དམ་ཅན་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ནི་ག་ན་ཙཀྲ་པུ་ཙ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སྐབས་འདིར་སྤྲོ་ན་བསྐང་བཤགས་རྒྱལ་བ་སྤྱི་བསྐང་སོགས་ཀྱང་བྱའོ༔ བསྒྲལ་བ་ནི༔ ཧཱུྃ༔ རྩ་གསུམ་རྒྱལ་བ་སྲུང་མའི་ཚོགས༔ བཞེངས་ཤིག་བསྐུལ་ལོ་ལས་ལ་བསྐྱོད༔ བདག་འཛིན་དྲེགས་པའི་དགྲ་དང་བགེགས༔ ཡེ་ཤེས་མཚོན་ཆས་དུམ་བུར་གཏུབས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཀྐི་ནི་ནྲི་ཏྲི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ ཉོན་མོངས་མཚན་འཛིན་དགྲ་བགེགས་ཀྱི༔ ཤ་ཁྲག་དབང་པོ་དོན་སྙིང་བཅས༔ རྩ་གསུམ་སྲུང་མའི་ཞལ་དུ་སྟོབས༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ༀ་ཨཱཿཧཱུྃ་བཛྲ་

p. 324

གུ་རུ་དྷེ་ཝ་དྷཀྐི་ནི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི༔ གསང་འདུས་ལས་སོ༔ རྒྱལ་བ་སྤྱི་བསྐང་གསུངས་པ་སྤྱིར་འདྲ་མོད་ཀྱང་རཏྣ་གླིང་པའི་གཏེར་ཁའི་རྒྱལ་བ་སྤྱི་བསྐང་འཐད་པར་མངོན་ནོ།༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ཀུན་གྱི་མཐའ་ཉུལ་བའི༔ མ་སྲིང་ཆུང་མ་བྲན་གྱི་ཚོགས༔ ཚུར་གཤེགས་ཚུར་གཤེགས་དབང་ཕྱུག་རྣམས༔ བོད་ཡུལ་མཐའ་དབུས་སྐྱོང་མཛད་པའི༔ བསྟན་མ་སྐྱོང་མ་ཡང་མའི་ཚོགས༔ ཚུར་གཤེགས་རྡོ་རྗེ་དམ་ཅན་མ༔ ཁྱེད་རྣམས་འཁོར་དང་བཅས་པ་ཡིས༔ ཚོགས་ལྷག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་སྡོང་གྲོགས་མཛོད༔ ཨུཥྩིཊ་བྷ་ལིངྟ་ཁཱ་ཧི། ཆད་ཐོ་ནི༔ ཧཱུྃ༔ སྐུ་གསུམ་སྟོན་པ་རྡོ་རྗེ་གྲོ་ལོད་ཀྱིས༔ གང་འདུལ་དེར་མཐུན་རོལ་གར་བསྟན་པའི་ཚེ༔ དུས་གསུམ་དྲེགས་པ་བརྒྱུད་གསུམ་ཐམས་ཅད་ཀྱིས༔ ཅི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ བསྟན་མ་ནི༔ ཧཱུྃ༔ པདྨའི་བཀའ་སྡོད་རྡོ་རྗེ་དམ་ཅན་མ༔ བསྟན་མ་བཅུ་གཉིས་འཁོཪ་བཅས་ས་མ་ཛ༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་

p. 325

བཞེས་ལ༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད༔ རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གྲོ་ལོད་ཁྲོས་པའི་བྲོ༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་འདི་དུམ་བུར་གཏུབ་པའི་བྲོ༔ མཁའ་འགྲོའི་ཚོགས་ཀྱིས་དགྲ་ལ་ཡ༔ དགྲ་བོ་མནན་པ་ཡིན་ནོ་མ་ལྡང་ཞིག༔ དགྲ་བོ་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ བཅིངས་མལ་འདི་ལས་མ་གྲོལ་ཅིག༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གྲོ་ལོད་ཁྲོས་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ནི་ཕྱེ་མར་འཐག་པའི་བྲོ༔ མཁའ་འགྲོའི་ཚོགས་ཀྱིས་བགེགས་ལ་ཡ༔ བགེགས་དཔུང་མནན་པ་ཡིན་ནོ་མ་ལྡང་ཞིག༔ མནན་འོག་འདི་ལས་མ་གྲོལ་ཅིག༔ བགེགས་དཔུང་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ བཅིངས་མལ་འདི་ལས་མ་གྲོལ་ཅིག༔ ཧཱུྃ༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་འདིར༔ རྡོ་རྗེ་གྲོ་ལོད་ཁྲོས་པའི་བྲོ༔ གཡས་གཡོན་ཐབས་ཤེས་སྲི་ལ་བརྡུང་༔ དམ་སྲི་རྡུལ་དུ་བརླག་པའི་བྲོ༔ མཁའ་འགྲོ་མ་ཚོགས་བྲོ་ལ་ཡ༔ དམ་

p. 326

སྲི་མནན་པ་ཡིན་ནོ་མ་ལྡང་ཞིག༔ མནན་འོག་འདི་ལས་མ་ལྡང་ཞིག༔ དམ་སྲི་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ བཅིངས་འོག་འདི་ནས་མ་གྲོལ་ཅིག༔ ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སརྦ་སྟཾ་བྷ་ཡ་ནན༔ ཚོགས་དང་དངོས་གྲུབ་ཀྱི་རྫས་རྣམས་བཏེག་ཅིང་༔ སྙན་པའི་དབྱངས་ཀྱིས་འདི་ལྟར་བསྐུལ༔ ཀྱེ་ཧོ༔ ཁམས་གསུམ་གཏན་བྲལ་རིགས་སྟོང་རྡོ་རྗེའི་ཐུགས༔ གཟི་བརྗིད་འོད་དཔག་མེད་མགོན་རིགས་ཀྱི་གཙོ༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ སྙིང་རྗེ་རྒྱ་ཆེན་ནམ་མཁའི་མཐའ་དང་མཉམ༔ མཁྱེན་བརྩེ་ནུས་པའི་སྤྱན་རས་འགྲོ་ལ་གཟིགས༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབས༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ ཡིན་ལུགས་ངང་ནས་དགོངས་པ་མ་གཡོས་ཀྱང་༔ སྐུ་གསུམ་རྩལ་རྫོགས་པད་འབྱུང་གྲོ་བོ་

p. 327

ལོད༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོའི་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ འབྱུང་བཞི་རང་དག་འཆི་མེད་དྭངས་མའི་སྐུ༔ ཡེ་ཤེས་མཚོ་རྒྱལ་ཐོག་མའི་ཀུན་ཏུ་བཟང་༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ ཡི་དམ་ཞལ་གཟིགས་རྫུ་འཕྲུལ་སྣ་ཚོགས་སྟོན༔ རྗེ་འབངས་ཉེར་ལྔ་རིག་འཛིན་ཚོམ་བུའི་ཚོགས༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ མི་སྣང་རྒྱས་བཏབ་འདོད་འབྱུང་ནོར་བུའི་གཏེར༔ ཡོངས་ལ་དགའ་སྟོན་འགྱེད་མཛད་རཏྣ་གླིང་༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔

p. 328

གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ ཐུགས་སྲས་ཆོས་སྲས་རིམ་བྱོན་རྡོ་རྗེ་འཛིན༔ སྨིན་གྲོལ་སྲོག་བརྒྱུད་འཛིན་མཛད་ཕྲེང་བ་རྣམས༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ སྡོམ་གསུམ་བསྐྱེད་རྫོགས་སྒྲུབ་པའི་རྒྱལ་མཚན་བཙུགས༔ སངས་རྒྱས་གཉིས་པ་རྡོ་རྗེ་སྟོབས་མཆོག་རྩལ༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དུས་ལ་བབ༔ གདུང་ཤུགས་དྲག་པོས་སྙིང་ནས་ཁྱེད་ལ་ཞུ༔ གྲུབ་བརྙེས་རྒྱ་མཚོའི་ཕྲིན་ལས་རབ་འབྱམས་སོགས༔ ཐོགས་པ་མེད་པར་དེང་འདིར་བདག་ལ་སྩོལ༔ ཨེ་མ་མ་བཅོས་ལྷུན་གྲུབ་དཀྱིལ་འཁོར་འདིར༔ ལྷ་ཚོགས་ཡོངས་འདུས་རྡོ་རྗེ་གྲོ་བོ་ལོད༔ འཁོཪ་འདས་སྲོག་བཅུད་གྲགས་སྟོང་ཧཱུྃ་གི་དབྱངས༔ རང་རིག་དམ་པ་མ་ནོར་མ་བཅོས་ངང་༔ དུས་གྲངས་རྟགས་ཀྱི་བསྙེན་སྒྲུབ་

p. 329

ལས་སྦྱོར་ཐེམས༔ ད་ལྟ་དངོས་གྲུབ་ལེན་པའི་དུས་ལ་བབ༔ དུས་ལས་མ་གཡེལ་རྡོ་རྗེའི་དམ་ཚིག་ཅན༔ ཟག་མེད་མྱང་འདས་རྒྱལ་བའི་བྱིན་རླབས་དང་༔ ཟག་བཅས་ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས༔ བྱིན་རླབས་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་སྡུས༔ འབྲུ་གསུམ་འོད་ལྔའི་ཟེར་ཐག་ཐིག་ལེར་སྦྲེལ༔ བྱིན་དུ་ཐིབ་ཐིབ་འོད་དུ་མེ་རེ་རེ༔ ཛ་གད་ཟས་མཆོག་འདོད་དགུའི་རྫས་ལ་ཐིམ༔ རོ་བཅུད་ནུས་ལྡན་དཔལ་ལ་རོལ་བ་ཡིས༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས༔ ཐོད་ཕྲེང་རྩལ་དང་སྐུ་ཚེ་སྐལ་བ་མཉམ༔ དབང་བཞི་མངོན་གྱུར་སྐུ་བཞིར་མཐར་ཕྱིན་སྩོལ༔ ཚེ་ཆོས་ཟས་ནོར་གོས་ཀྱི་དངོས་གྲུབ་སྩོལ༔ དཔལ་དང་གཟི་བརྗིད་སྙན་གྲགས་དངོས་གྲུབ་སྩོལ༔ བུ་སློབ་འཁོར་འབངས་བསྟན་སྲིད་དངོས་གྲུབ་སྩོལ༔ འགྲོ་དོན་གདུལ་བྱ་ཕྲིན་ལས་དངོས་གྲུབ་སྩོལ༔ དགོས་འདོད་ཀུན་འབྱུང་དབང་གི་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ནི་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ༔

p. 330

བསྡུ་རིམ་ནི༔ ཧཱུྃ༔ སྣང་སྲིད་སྒྱུ་མ་ལྟ་བུར་ལྷ་ཡི་སྐུ༔ ཕྲིན་ལས་རབ་འབྱམས་རང་བཞིན་ཅི་ཤར་ཡང་༔ ཀུན་རྫོབ་བློ་ཡིས་སྦག་པ་དག་བྱའི་ཕྱིར༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཀློང་དུ་སྦ༔ བསྔོ་བ་ནི༔ ཧཱུྃ༔ སྐུ་གསུམ་བདག་ཉིད་རྡོ་རྗེ་གྲོ་བོ་ལོད༔ བསྐྱེད་རྫོགས་བཟླས་པས་ཚུལ་བཞིན་བསྒྲུབས་པའི་དགེ༔ ཞིང་དང་བསམ་པ་རྣམ་པར་དག་པའི་མཐུས༔ འགྲོ་ཀུན་རྫོགས་འཚང་རྒྱ་བའི་རྒྱུ་རུ་བསྔོ༔ སྨོན་ལམ་ནི༔ ཧཱུྃ༔ བདག་གཞན་སྒྲིབ་གཉིས་བག་ཆགས་ཀུན་བྱང་སྟེ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ནས༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ནས་ཀྱང་༔ ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག༔ ཤིས་བརྗོད་ནི༔ ཧཱུྃ༔ ཆོས་སྐུའི་བདག་ཉིད་པདྨ་རིགས་ཀྱི་གཙོ༔ རྒྱལ་བ་ཚེ་མཐའ་ཡས་པའི་བཀྲ་ཤིས་ཤོག༔ སྤྲོས་བྲལ་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བདག་ཉིད་གཙོ་བོ་པདྨའི་རིགས༔ འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ རྣམ་དག་ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བདག་ཉིད་རང་བྱུང་པདྨ་འབྱུང་༔ ཁྲག་འཐུང་

p. 331

རྡོ་རྗེ་གྲོ་ལོད་བཀྲ་ཤིས་ཤོག༔ འགྲོ་འདུལ་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ རང་གདངས་འགགས་མེད་མ་རྒྱུད་མཁའ་འགྲོའི་ཚོགས༔ བདེ་ཆེན་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག༔ དངོས་འཛིན་ཀུན་བྲལ་རང་རིག་དམ་པ་མཆོག༔ ཕྱོགས་འཛིན་གོལ་སྒྲིབ་ཆོད་པའི་བཀྲ་ཤིས་ཤོག༔ རྣམ་ཀུན་མཆོག་ལྡན་དགོངས་པའི་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས༔ དུས་གསུམ་ཀུན་ཏུ་འབྲལ་མེད་བཀྲ་ཤིས་ཤོག༔ ཞིང་ཁམས་གཅིག་ཏུ་འཚོགས་པའི་བཀྲ་ཤིས་ཤོག༔ ཅེས་ཧཱུྃ་སྒྲུབ་ཀྱི་རྩ་བའི་མན་ངག་སྤྲོས་མེད་དུ་དངོས་ཟུར་ཤུགས་གསུམ་དུ་བསྟན་པ་དང་མི་འགལ་བ་བླ་སྒྲུབ་རྒྱལ་བ་ཀུན་འདུས་ཀྱི་ངོ་བོར་གསོལ་འདེབས་འཛབ་བསྐུལ་རྩ་བ་རྡོ་རྗེའི་ཚིག་རྐང་གིས་ཟིན་པ་བཞིན༔ བརྡ་དོན་རྟགས་ཀྱི་བསྟོད་པ་གཏོར་ཚོགས་དངོས་གྲུབ་ཀྱི་བསྐུལ་བྱང་གསང་སྔགས་མཐའ་དག་ལ་མེད་དུ་མི་རུང་བའི་མཇུག་གི་རྣམ་བཞག་ཅུང་ཟད་བཅས༔ རང་ཉིད་ཀྱིས་ཉམསསུ་ཇི་ལྟར་བླངས་པའི་ཚུལ་བཞིན་གཞན་དག་སྐལ་མཉམ་ཉེ་བར་མཁོ་བ་བྱུང་བ་ལ་བཀླག་ཆོག་ཏུ་འགྲུབ་པའི་ཕྱིར་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

རྒྱལ་བ་སྤྱི་བསྐང་གཙུག་གི་རྒྱན་གཅིག་རིན་ཆེན་སིལ་མ། རཏྣ་གླིང་པ།

p. 332
p. 333

࿅༔ རྒྱལ་བ་སྤྱི་བསྐང་གཙུག་གི་རྒྱན་གཅིག་རིན་ཆེན་སིལ་མ་བཞུ་གས་སོ༔ ཨོཾ་སྭ་སྟི༔ དུས་དང་གནས་དང་བྱེ་བྲག་གི་ཁྱད་པར་རྣམས་ནི་བསྐང་བའི་གཞུང་གཞན་དང་མཐུན་ལ་འདིར་རྣལ་འབྱོར་བ་དགའ་སྤྲོ་དང་བཅས་རོལ་མོ་སྣ་ཚོགས་བསྒྲགས་ཤིང་དབྱངས་དང་བཅས་པས་འདི་སྐད་དོ༔ ༀ་ཨཱཿཧཱུྃ་ཧྲཱི༔ ཀ་དག་སྤྲོས་བྲལ་ཆོས་སྐུ་མངོན་གྱུར་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ རང་བྱུང་ལྷུན་གྲུབ་རྟོགས་པ་མཐར་ཕྱིན་པའི༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཕྲིན་ལས་འགྲོ་འདུལ་བསམ་ཡས་ཐུགས་རྗེའི་བདག༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡོན་ཏན་ཀུན་རྫོགས་དངོས་གྲུབ་ཀུན་གྱི་བདག༔ དྲིན་ཅན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་མཆོག༔ སྐུ་གསུམ་བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་དཔལ༔ རྒྱ་གར་མཁས་གྲུབ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྙེན་སྒྲུབ་མཐར་ཕྱིན་བསྟན་པའི་སྲོག་ཤིང་འཛིན༔ བོད་ཀྱི་མཁས་གྲུབ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡོན་ཏན་ཀུན་རྫོགས་དངོས་གྲུབ་

p. 334

གཏེར་གྱི་བདག༔ ཨོ་རྒྱན་པདྨའི་ལྷ་ཚོགས་ཐུགས་དམ་བསྐང་༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཐུགས་དམ་བསྐང་༔ སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཐུགས་རྗེ་ཁྲོས་མའི་ལྷ་ཚོགས་ཐུགས་དམ་བསྐང་༔ དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས༔ དབང་དྲག་པདྨའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ མ་རིག་མུན་སེལ་ཡེ་ཤེས་ཕྱོགས་བཅུར་རྒྱས༔ འཇམ་དཔལ་གཞོན་ནུའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་བསྐང་༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགས་དམ་བསྐང་༔ བདེ་གཤེགས་མ་ལུས་འདུས་པའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང་༔ ཐུགས་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་

p. 335

ཐུགས་དམ་བསྐང་༔ གསུང་མཆོག་འགགས་པ་མེད་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ མངོན་སྤྱོད་ཕྲིན་ལས་འདུས་པའི་དཀྱིལ་འཁོར་ནས༔ ཕྲིན་ལས་ཕུར་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ བདེ་ཆེན་གཟི་བརྗིད་འབར་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགས་དམ་བསྐང་༔ བྱིན་རླབས་དངོས་གྲུབ་འབྱུང་བའི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་༔ དྲེགས་པ་ཁམས་གསུམ་བསྒྲལ་བའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་༔ རྩལ་ཆེན་དགྲ་བགེགས་བསྒྲོལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲགས་སྔགས་ལྷ་ཚོགས་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས༔ བཀའ་སྡོད་བྱེ་བ་འབུམ་གྱི་ཐུགས་དམ་བསྐང་༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ལྔ་བརྒྱ་ལྔ་བཅུ་རྩ་གཅིག་

p. 336

ཐུགས་དམ་བསྐང་༔ ཞི་ཁྲོ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ནས༔ བདུན་རྒྱ་ཉི་ཤུ་རྩ་ལྔའི་ཐུགས་དམ་བསྐང་༔ རབ་བརྟན་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ནས༔ དངོས་གྲུབ་བཾ་གྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དུས་གསུམ་འགྲོ་བ་འདུལ་བའི་དཀྱིལ་འཁོར་ནས༔ འདུས་པ་མདོ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ ཞི་ཁྲོ་གསང་བ་འདུས་པའི་དཀྱིལ་འཁོར་ནས༔ སྒྱུ་འཕྲུལ་རྒྱན་གྱི་ལྷ་ཚོགས་ཐུགས་དམ་བསྐང་༔ གང་འདུལ་ཕྲིན་ལས་མཛད་པའི་དཀྱིལ་འཁོར་ནས༔ ཐེག་པ་དགུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ ཆོས་ཉིད་སྒྱུ་མར་རོལ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་བདེ་མཆོག་འཁོར་ལོའི་ཐུགས་དམ་བསྐང་༔ དངོས་གྲུབ་མ་ལུས་འབྱུང་བའི་དཀྱིལ་འཁོར་ནས ཡི་དམ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ ཕྲིན་ལས་ཐམས་ཅད་འགྲུབ་པའི་དཀྱིལ་

p. 337

འཁོར་ནས༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ཐུགས་དམ་བསྐང་༔ གནས་མཆོག་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ དཔལ་མགོན་ཕྱག་དྲུག་འཁོར་བཅས་ཐུགས་དམ་བསྐང་༔ ཨོ་རྒྱན་ཁྲག་མཚོ་མེ་འབར་དུར་ཁྲོད་ནས༔ དཔལ་ལྡན་ལྷ་མོའི་ལྷ་ཚོགས་ཐུགས་དམ་བསྐང་༔ དུར་ཁྲོད་ཐོད་མཁར་འབར་བའི་དཀྱིལ་འཁོར་ནས༔ དཔལ་མགོན་མ་ནིང་འཁོར་བཅས་ཐུགས་དམ་བསྐང་༔ བསྐལ་པ་མེ་འབར་ཁྲག་མཚོའི་དཀྱིལ་འཁོར་ནས༔ དཔལ་ལྡན་སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་སྲུང་བསྟན་པའི་སྲོག་ཤིང་འཛིན༔ རྒྱུད་མགོན་ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་༔ བྱང་ཤར་མེ་རླུང་འཚུབས་མའི་ཀློང་དཀྱིལ་ནས༔ དཔལ་ལྡན་ལྷ་མོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཙཱ་རི་ཡེ་ཤེས་འཁོར་ལོའི་གནས་མཆོག་ནས༔ ཞིང་སྐྱོང་ཆེན་པོ་འཁོར་བཅས་ཐུགས་དམ་བསྐང་༔ རླུང་ནག་འཚུབ་མ་ཆེན་པོའི་དཀྱིལ་འཁོར་

p. 338

ནས༔ ཤན་པ་སྲོག་སྒྲུབ་ནག་མོའི་ཐུགས་དམ་བསྐང་༔ བམ་རི་ཁྲག་མཚོ་འཁྲུགས་པའི་དཀྱིལ་འཁོར་ནས༔ མ་ཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་དཀྱིལ་འཁོར་ནས༔ དྲང་སྲོང་གཟའ་མཆོག་འཁོར་བཅས་ཐུགས་དམ་བསྐང་༔ བྱང་ཕྱོགས་ཧེ་ཆེན་བརྡལ་བའི་དཀྱིལ་འཁོར་ནས༔ གནོད་སྦྱིན་ཤན་དམར་འཁོར་གནས་བཅས་ཐུགས་དམ་བསྐང་༔ གཙུག་ལག་ཆོས་འཁོར་གཉན་པོའི་ཕོ་བྲང་ནས༔ དཀོར་སྲུང་རྒྱལ་པོ་འཁོར་བཅས་ཐུགས་དམ་བསྐང་༔ རྒྱ་བོད་མདོ་གཙང་ཁྱབ་པའི་གནས་མཆོག་ནས༔ དམ་ཅན་རྡོར་ལེགས་འཁོར་བཅས་ཐུགས་དམ་བསྐང་༔ རི་རབ་རི་རྒྱལ་ཆེན་པོའི་བྱང་ཕྱོགས་ནས༔ རྒྱལ་ཆེན་རྣམ་སྲས་འཁོར་བཅས་ཐུགས་དམ་བསྐང་༔ དགོས་འདོད་མ་ལུས་འབྱུང་བའི་གནས་མཆོག་ནས༔ ནོར་བདག་འཛམ་ལྷ་རིགས་ལྔའི་ཐུགས་དམ་བསྐང་༔ ལོངས་སྤྱོད་ཆར་ལྟར་འབེབས་པའི་གནས་མཆོག་ནས༔ ལྷ་ཆེན་ཚོགས་ཀྱི་བདག་པོའི་ཐུགས་དམ་བསྐང་༔ ཁམས་གསུམ་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔

p. 339

དབང་ཕྱུག་མ་ཧཱ་དེ་བའི་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་བསྒྲལ་པའི་དཀྱིལ་འཁོར་ནས༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ཐུགས་དམ་བསྐང་༔ ཕྲིན་ལས་དྲག་རྩལ་ལྡན་པའི་དཀྱིལ་འཁོར་ནས༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང་༔ འཇིག་རྟེན་བོད་ཁམས་སྐྱོང་བའི་གནས་མཆོག་ནས༔ བསྟན་མ་བཅུ་གཉིས་འཁོར་བཅས་ཐུགས་དམ་བསྐང་༔ བསྟན་སྲུང་བདེ་ལེགས་སྒྲུབ་པར་ཞལ་བཞེས་པའི༔ དགེ་བསྙེན་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་པ་སྲུང་བར་དམ་བཅས་པའི༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཆོས་མཛད་བུ་བཞིན་སྐྱོང་བར་ཞལ་བཞེས་པའི༔ སྒྲུབ་གནས་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡུལ་ཕྱོགས་ཀུན་ཏུ་བདེ་ལེགས་སྐྱོང་མཛད་པའི༔ ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ རྟག་ཏུ་རྣལ་འབྱོར་རྣམས་ཀྱི་གྲོགས་མཛད་པའི༔ མཆོད་པར་འོས་པ་རྣམས་ཀྱི་ཐུགས་དམ་བསྐང་༔ དཀར་ཕྱོགས་སྐྱོང་ཞིང་ནག་ཕྱོགས་འཇོམས་མཛད་

p. 340

པའི༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྦྱོརཿ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱི་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ ཟ་ལེ་འབྲི་དང་ཤེལ་སྒོང་ལུག༔ ཙ་ར་མཁའ་ལྡིང་མདངས་ཀྱིས་བསྐང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ བདུད་རྩི་སྨན་གྱི་མཆོད་པ་དང་༔ རཀྟ་དམར་གྱི་ཨརྒྷཾ་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ ཤ་ཆེན་ལང་ལིང་ཚིལ་ཆེན་དང་༔ ཞུན་ཆེན་མར་མེ་མདངས་ཀྱིས་བསྐང་༔ ཐོད་པ་ལྟག་སྤྲོད་རྔ་སྒྲ་དང་༔ རྐང་ཆེན་དུང་གི་གླིང་བུ་དང་༔ ཤ་ཆེན་གསུར་གྱིས་དུད་པ་དང་༔ བརྡ་དང་གར་གྱི་ཕྱག་རྒྱ་དང་༔ སིལ་སྙན་རོལ་མོ་སྣ་ཚོགས་དང་༔ མཆོད་པའི་བྱེ་བྲག་དཔག་མེད་ཀྱིས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ བདག་ཅག་གཡར་དམ་སོར་སྩོལ་ཅིག༔ གཡར་དམ་བསྐང་ལ་རྐྱེན་

p. 341

དབང་བཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཞེས་བསྐང་བསྡུས་རྒྱལ་བའི་སྤྱི་བསྐང་གཙུག་གི་རྒྱན་གཅིག་མ་ཞེས་ཀྱང་བྱ༔ བསྐང་བསྡུས་རིན་ཆེན་སིལ་མ་ཞེས་བྱ་བ་འདི་ནི་གཏེར་སྟོན་ཆེན་པོ་རཏྣ་གླིང་པས་མཛད་པ་རེ་ཞིག་རྫོགས་སོ༔

ཐུགས་སྒྲུབ་དྲག་པོ་ཡང་གསང་སྤྱན་མང་གི་དྲག་སྔགས་ཧཱུྃ་གི་བཟློག་པ་ཟབ་ཁྱད་ཅན།

p. 342
p. 343

࿅༔ ཐུགས་སྒྲུབ་དྲག་པོ་ཡང་གསང་སྤྱན་མང་གི་དྲག་སྔགས་ཧཱུྃ་གི་བཟློག་པ་ཟབ་ཁྱད་ཅན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣང་བ་མཐའ་ཡས་བདེ་ཆེན་སྤྲོས་བྲལ་མདངས༔ སྤྱན་རས་གཟིགས་དབང་འགྲོ་བའི་དོན་དུ་ཤར༔ གང་འདུལ་ཚུལ་སྟོན་ཨོ་རྒྱན་པདྨ་འབྱུང་༔ སྐུ་གསུམ་མཛད་པ་ཡེ་ནས་རང་ལ་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གོང་ལྟར་འོག་མ་ཀུན་ལ་འགྲེའོ། །ཆོས་ཀུན་དམིགས་སུ་མེད་པའི་ངང་ཉིད་ལས༔ སེམས་ཅན་དོན་དུ་སྙིང་རྗེ་ཆེན་པོའི་རྩལ༔ གདོད་ནས་རིག་པ་ཆོས་སྐུ་འགྱུར་མེད་གཤིས༔ མ་བཅོས་རྫོགས་པའི་རྡོ་རྗེ་གྲོ་བོ་ལོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཁྱབ་པའི་སྐུ་མཆོག་འབར་བའི་ཞལ༔ གཏུམ་དྲག་ཁྲོས་རྔམ་འཇིགས་ཟིལ་རབ་ཏུ་འཁྲུགས༔ དམར་ནག་སྐུ་ལ་སྤྱན་སྟོང་ཚ་ཟེར་འཕྲོ༔ སྤྱི་གཙུག་རྟ་དབུ་རྟ་སྐད་ཙེ་རེ་རེ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དཔའ་བོའི་སྐུ་ལ་གར་དང་དུར་ཁྲོད་ཆས༔ ཁྲོ་བོ་རོལ་པའི་ལྷ་ཚོགས་མཐུ་སྟོབས་རྫོགས༔ ཕྱག་གཡས་རྡོ་རྗེས་རི་རབ་རྩེ་ནས་བསྙིལ༔ ཕྱག་གཡོན་ཕུར་བས་དམ་ཉམས་སྲོག་རྩ་གཅོད༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རིགས་ཀྱི་

p. 344

བདག་པོ་རྒྱལ་བ་འོད་དཔག་མེད༔ ལོངས་སྤྱོད་འཁོར་ལོར་འཇིག་རྟེན་དབང་ཕྱུག་བཞུགས༔ ཐུགས་སྲོག་ཡེ་ཤེས་དྭངས་མ་ཧཱུྃ་མཐིང་གསལ༔ ཡན་ལག་བཞི་ལ་མཁའ་འགྲོ་སྡེ་བཞིས་བརྒྱན༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་ལས་མཆེད་པའི་མེ་དཔུང་སྣང་སྲིད་ཁྱབ༔ དྲག་སྔགས་ཧཱུྃ་སྒྲས་འཁོར་འདས་འདར་ཞིང་འཁྱོམ༔ ཐུགས་ལས་ཁྲོ་ཆུང་གནམ་ལྕགས་ཐོག་སེར་འབེབས༔ མཁའ་འགྲོའི་འཁོར་ཚོགས་བུ་ཡུག་རྡུལ་ལྟར་འཚུབ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྤྲོ་བསྡུས་འོད་ཀྱིས་སྲིད་ཞིའི་སྟོབས་བཅུད་སྡུད༔ ཐུགས་རྗེའི་ཤུགས་ཀྱིས་རྣམ་བཞིའི་ཕྲིན་ལས་མཛད༔ སྟངས་སྟབས་གར་གྱིས་དངོས་ཀུན་སྒྱུ་མར་བཤིགས༔ རྡོ་རྗེའི་བྲོ་ཡིས་བདུད་ཚོགས་ཕྱེ་མར་འཐག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཞོམ་བྲལ་རིག་པའི་རྡོ་རྗེ་གྲོ་ལོད་ཀྱིས༔ འཁྲུལ་སྣང་ཞེ་སྡང་གནོད་སྦྱོར་སྡང་བའི་དགྲ༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པའི་རྡོ་རྗེ་གྲོ་ལོད་ཀྱིས༔ རྣམ་རྟོག་གཟུང་འཛིན་

p. 345

གདོན་བགེགས་འབྱུང་པོའི་ཚོགས༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་རྩལ་རྫོགས་རྡོ་རྗེ་གྲོ་ལོད་ཀྱིས༔ དུག་གསུམ་འབྱུང་འཁྲུགས་བཞི་བརྒྱ་རྩ་བཞིའི་ནད༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་རྡོ་རྗེ་གྲོ་ལོད་ཀྱིས༔ མི་རུང་མཚན་རྟགས་ལྟས་ངན་ཆོ་འཕྲུལ་རྣམས༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་དབང་སྡུད་རྡོ་རྗེ་གྲོ་ལོད་ཀྱིས༔ བོད་ཁམས་འཕུང་བྱེད་མཐའ་དམག་དཔུང་དང་བཅས༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དྲག་སྔགས་རྣོ་དབལ་རྡོ་རྗེ་གྲོ་ལོད་ཀྱིས༔ བན་བོན་མུ་སྟེགས་མཐུ་བྱད་སྦྱོར་ངན་རིགས༔ བདེན་པའི་སྟོབས་ཀྱིས་ཐུལ་

p. 346

ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཐུགས་བསྐྱེད་མཐར་ཕྱིན་རྡོ་རྗེ་གྲོ་ལོད་ཀྱིས༔ སྙིགས་མའི་རང་མཚང་སྨོན་ལོག་བདུད་འགོང་བྱུར༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་བཙན་རྣམ་པར་རྒྱལ་བའི་གྲོ་ལོད་ཀྱིས༔ སྔོན་ལས་འཕྲལ་རྐྱེན་མི་མཐུན་བར་ཆད་ཚོགས༔ བདེན་པའི་སྟོབས་ཀྱིས་ཐུལ་ཤིག་ཆོམས་ཤིག་ཡ༔ དྲག་རྩལ་ཤུགས་ཀྱིས་ཟློག་ཅིག་སྒྱུར་ཅིག་ཡ༔ སངས་རྒྱས་རྣམས་ནི་བདུད་ལས་རྒྱལ་བ་དང་༔ ཚངས་དབང་ལྷ་མིན་གཡུལ་ལས་རྒྱལ་བ་བཞིན༔ གུ་རུ་རྡོ་རྗེ་གྲོ་ལོད་མཐུ་བྱིན་གྱིས༔ བདག་ཅག་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དམར་གཏོར་ཐུན་རྫས་ཀྱིས་བརྒྱན་པ་ལྷར་གསལ་བ་ལ་ཟོར་ཆུང་དང་ལིང་རོ་ཕུལ་ཞིང་ཧཱུྃ་བཟློག་དྲག་ཏུ་བཏང་ནས་མཐར་ཟོར་དུ་འཕང་ན་གང་ལ་དམིགས་པ་བཟློག་པར་ཐེ་ཚོམ་མེད་དོ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཐུགས་གཏེར་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་སྡེའོ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

ཧཱུྃ་སྒྲུབ་ཟིལ་གནོན་ཟིལ་གནོན་ཆེན་མོའི་དབང་གི་ཁྱད་ཆོས་བྱིན་རླབས་འབེབས་པའི་ཆོ་ག

p. 347

࿅༔ ཧཱུྃ་སྒྲུབ་ཟིལ་གནོན་ཟིལ་གནོན་ཆེན་མོའི་དབང་གི་ཁྱད་ཆོས་བྱིན་རླབས་འབེབས་པའི་ཆོ་ག་བཞུགས་སོ།།

p. 348

རྡོ་རྗེ་ཐོད་ཕྲེང་རྩལ་ལ་གུས་པས་འདུད། དབང་ལ་མཁོ་བའི་ཡོ་བྱད་ལེགས་པར་བསྒྲུབས་ནས། བསྙེན་ཅིང་བྱིན་རླབས་དང་ལྡན་པར་བྱས་ལ། ཁྲུས་བུས་བགེགས་བསྐྲད་སྲུང་འཁོར་བསྒོམ། ལོ་རྒྱུས་བརྗོད་ལ། དབང་དོན་དུ་གསོལ་བ་འདེབས་པ་ནི། ཀྱཻ་ཧོ་རྡོ་རྗེ་ཐོད་ཕྲེང་དང་། །དབྱེར་མེད་བླ་མ་དགོངས་སུ་གསོལ། །སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །བོད་ཀྱི་རིག་འཛིན་རྗེ་འབངས་ལ། །སྨིན་གྲོལ་དབང་བསྐུར་མཛད་པ་བཞིན། །རྡོ་རྗེ་སློབ་དཔོན་མཆོག་ཁྱེད་ཀྱིས། །བདག་ལ་སྨིན་གྲོལ་དབང་བསྐུར་སྩོལ། །ལན་དུ། ཀྱེ་ཧོ་རིགས་སད་ལས་ལྡན་པ། །རྡོ་རྗེ་སློབ་མ་ཁྱོད་ཉོན་ཅིག །སྔོན་ཚེ་

p. 349

པདྨ་འབྱུང་གནས་ཀྱིས། །བོད་ཀྱི་རིག་འཛིན་རྗེ་འབངས་ལ། །སྨིན་གྲོལ་དབང་བསྐུར་མཛད་པ་བཞིན། །རྡོ་རྗེ་སློབ་དཔོན་མཆོག་ང་ཡིས། །ཁྱོད་ལ་སྨིན་གྲོལ་དབང་བསྐུར་སྦྱིན། །དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱ། དམ་ཚིག་གི་ཆུ་སྦྱིན་པ་ནི། ཧཱུྃ། གསང་ཆེན་སྔགས་ཀྱི་དམ་ཚིག་རྣམས། །ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ། །ཉམས་ན་དམྱལ་བས་འཇིགས་ཏ་རེ། །ཁྱེད་ཅག་དམ་ཚིག་ཡང་དག་སྲུངས། །བཛྲ་ས་མ་ཡ་ན་ར་ཀན། ཡེ་ཤེས་དབབ་ཅིང་བྱིན་རླབས་ཀྱི་སྒོ་དབྱེ་བ་ནི། སློབ་མ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རང་རིག་སྐུ་གསུམ་

p. 350

རྩལ་སྣང་འགགས་པ་མེད་པའི་ངང་ལས་རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་སྨུག་མེ་ཡི་འོད་ཟེར་འཕྲོ་བ་འཇིགས་པའི་ཞལ་གདེངས་པ། འབར་བའི་མཆེ་བ་གཙིགས་པ། དྲག་པོའི་ལྗགས་འགྲིལ་བ། ཡེ་ཤེས་ཀྱི་སྤྱན་གསུམ་བསྒྲད་པ། རལ་བའི་གསེབ་ནས་དབང་རྟགས་ཀྱི་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་ལོག་འདྲེན་རྣམས་བརྒྱལ་བར་བྱེད་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར་བའི་སྟབས་སུ་འཛིན་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་རློག་པ། ཕྱག་གཡོན་གནམ་ལྕགས་ཀྱི་ཕུར་བུས་གདུག་པའི་སྙིང་ལ་གཟིར་བ། སྐུ་ལུས་ཐམས་ཅད་ཡེ་ཤེས་ཀྱི་སྤྱན་སྟོང་གིས་གཏམས་པ། གར་གྱི་ཉམས་དགུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་སོགས་དབང་དྲག་འབར་བའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སྐུས་ཁམས་གསུམ་ཁྱབ་པ། སྤྱི་བོར་རིགས་ཀྱི་བདག་པོ་འོད་

p. 351

དཔག་མེད་མགོན་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་ཅན། མགྲིན་པར་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་བཞི་པ་རྒྱན་དང་ཆ་ལུགས་རྫོ་གས་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་རིག་ཡེ་ཤེས་འགྱུར་བ་མེད་པའི་སྲོག་སྙིང་ཧཱུྃ་མཐིང་ནག་ཚ་ཞིང་སྲེག་པ། སྣོད་བཅུད་ཀྱི་དངོས་པོ་དང་མ་དག་པ་ཐམས་ཅད་རྡུལ་དང་ཐལ་བའི་རང་བཞིན་དུ་བུན་བུན་གཏོང་བ། ཕྱག་གཡས་ན་རྡོ་རྗེ་མཁའ་འགྲོ། གཡོན་ན་རིན་ཆེན་མཁའ་འགྲོ། ཞབས་གཡས་པདྨ་མཁའ་འགྲོ། གཡོན་ལས་ཀྱི་མཁའ་འགྲོ། དེ་རྣམས་རིགས་ཀྱི་མདོག་དང་། རིགས་ཀྱི་ཕྱག་མཚན་གྲི་གུག་ཐོད་ཁྲག་བསྣམས་པ་སྐུའི་རང་མདངས་ལས་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བ། ཁྲོ་རྒྱལ་འབར་བའི་ཞབས་དོར་སྟབས་ཀྱིས་པད་ཉི་བམ་གྱི་གདན་ལ་བཞུགས་པ། ཧཱུྃ་གི་སྒྲ་ཆེན་པོ་འབྲུག་སྒྲ་སྟོང་དུས་གཅིག་ཏུ་སྒྲོག་པ་ལྟ་བུས་ཁམས་གསུམ་དབང་དུ་སྡུད་པ་སྲིད་གསུམ་ཟིལ་གྱིས་གནོན་པ། འཁོར་འདས་ཐམས་ཅད་ལས་ཆེ་བཙན་རྣམ་པར་རྒྱལ་པ་དེ་ལྟར་དུ་

p. 352

བསྒོམ། སློབ་དཔོན་ཡང་དེ་ལྟར་དུ་གསལ་བའི་འོད་ཟེར་གྱིས་དུས་གསུམ་བླ་མ་རིག་འཛིན་ཡི་དམ་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་ཐམས་ཅད་སྔོན་གྱི་ཐུགས་དམ་དམ་ཚིག་གནད་ནས་བསྐུལ་ཏེ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས། ནམ་མཁའ་ནས་ཁ་བ་བབ་པ་ལྟ་བུ། ས་གཞི་ལ་རྡུལ་འཚུབ་པ་ལྟ་བུ་སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་མེར་མེར་དུ་ཁྱབ་ནས་རྡོ་རྗེ་སློབ་མའི་ལུས་ལ་ཐིམ་པས། དཔལ་ཆེན་པོའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་དུས་གཅིག་ཐོབ་པའི་མོས་པ་མཛོད། སྤོས་རོལ་དབྱངས་དང་བཅས་པས། རང་བྱུང་སངས་རྒྱས་འོད་དཔག་མེད། །རིག་འཛིན་ཚེ་ཡི་ལྷ་ཚོགས་རྣམས། །སོགས་མཚམས་མཚམས་སུ་ཧཱུྃ་དབྱངས་དང་བཅས་ཏེ་བྱིན་དབབ་པོ། །སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱ། བུམ་པ་སློབ་མའི་སྤྱི་བོར་བཞག་ལ། ཧཱུྃ། སྤྱི་གཙུག་རིགས་བདག་ཚེ་ལ་དབང་བའི་བརྡ། །སྤྱན་རས་གཟིགས་དབང་སྙིང་རྗེའི་སྐུར་བཞེངས་བརྡ། །མཁའ་འགྲོའི་འཁོར་ཚོགས་སྣང་སྲིད་དབང་སྡུད་བརྡ། །རྡོ་རྗེ་གྲོ་ལོད་སྐུ་ཡི་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ཀཱ་ཡ་ཨབྷི་ཥིཉྩ་ཨོཾ།

p. 353

བྷནྡྷ་མགྲིན་པར་བཤག་ལ། ཧཱུྃ། ཆོས་སྐུའི་དོན་མཚོན་ཐུགས་ཉིད་སྐྱེ་བ་མེད། །ལོངས་སྐུའི་དོན་མཚོན་རྡོ་རྗེ་སྲིན་པོའི་གསུང་། །སྤྲུལ་སྐུའི་དོན་མཚོན་འབར་བའི་ཁྲོ་ཚོགས་འཕྲོ། །རྡོ་རྗེ་གྲོ་ལོད་གསུང་གི་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཕྱག་མཚན་སྙིང་གར་བཞག་ཅིང་ལག་ཏུ་གཏད་ལ། ཧཱུྃ། སྤྱི་གཙུག་རྟ་དབུ་དབང་བསྐུར་རྫོགས་པའི་རྟགས། །རྡོ་རྗེ་ཕུར་བ་གདུག་པ་གཟིར་བའི་རྟགས། །མདོག་དམར་སྤྱན་སྟོང་སྣང་སྲིད་ཟིལ་གནོན་རྟགས། །རྡོ་རྗེ་གྲོ་ལོད་ཐུགས་ཀྱི་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་གུ་རུ་དྷེ་ཝ་དྷཀྐི་ཙིཏྟ་ཨ་བྷི་ཥིཙྪ་ཧཱུྃ། ཧཱུྃ་མཐིང་ནག་མེ་འབར་བ་སྤྱི་བོར་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་སྐུ་ཡི་གཟི་བརྗིད་ཧཱུྃ། །ཧཱུྃ་ཆེན་མཐིང་ནག་ཁམས་གསུམ་མ་ལུས་ཁྱབ། །བསྐལ་པ་དུས་མཐའི་མེ་ཡི་ཕུང་པོར་འབར། །དངོས་དང་དངོས་འཛིན་སྲེག་མཛད་དབང་བསྐུར་རོ། །ཧཱུྃ་དབྱངས་ཤིང་སྤྱི་བོར་བསྐུར། ཧཱུྃ། སངས་རྒྱས་ཀུན་གྱི་གསུང་གི་ནུས་པ་ཧཱུྃ། །ཧཱུྃ་གི་རང་སྒྲ་འབྲུག་སྒྲ་དུས་གཅིག་ལྡིར། །བདུད་ཚོགས་འདྲེ་གདོན་བརྒྱལ་ཞིང་སྙིང་རྩ་འགེམས། །དྲག་སྔགས་དཔལ་

p. 354

དུ་འབར་བའི་དབང་བསྐུར་རོ། །ཧཱུྃ་དབྱངས་ཤིང་མགྲིན་བར་བསྐུར། ཧཱུྃ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཡེ་ཤེས་ཧཱུྃ། །ཧཱུྃ་གིས་ཐམས་ཅད་རོ་གཅིག་ངང་དུ་སྒྲོལ། །སྒྲིབ་བཞི་བདུད་ཚོགས་མི་དམིགས་མཁའ་ལྟར་དག །མྱ་ངན་འདས་པ་མཆོག་གི་དབང་བསྐུར་རོ། །ཧཱུྃ་དབྱངས་ཤིང་སྙིང་གར་བསྐུར། སྐུ་དང་དར་གདུགས་ཀྱིས་བརྒྱན་པའི་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ། དུར་ཁྲོད་རབ་ཏུ་འཇིགས་པའི་གནས་མཆོག་འདིར། །ཐམས་ཅད་གྲོ་ལོད་ཁྲོས་པའི་གད་རྒྱང་ཧཱུྃ། །བླ་མ་རིག་འཛིན་རྣམས་ནི་སྤྲིན་ལྟར་འཐིབས། །ཡི་དམ་ལྷ་ཚོགས་རྣམས་ནི་ཆར་ལྟར་འབེབས། །དཔའ་བོ་མཁའ་འགྲོ་རྣམས་ནི་གློག་ལྟར་འཁྱུག །ཆོས་སྐྱོང་དམ་ཅན་རྣམས་ནི་འཇའ་ལྟར་བསྐོར། །བདུད་དང་ལོག་འདྲེན་རྣམས་ནི་བརྒྱལ་ཞིང་འབོག །བགེགས་དང་འབྱུང་པོ་རྣམས་ནི་ཕྱེ་མར་འཐག །གདོན་དང་བར་ཆད་བྱད་མ་བྱེར་ཞིང་གཏོར། །མི་ལྡོག་སྟོང་གསུམ་རྒྱ་མཚོའི་ཕ་མཐར་སྤྲད། །སྤྲོ་བསྡུས་ཕྲིན་ལས་ཡོངས་རྫོགས་དབང་བསྐུར་རོ། །ཧཱུྃ་དབྱངས་ཤིང་གཏོར་མ་སྤྱི་བོར་བསྐུར། ཡོངས་རྫོགས་ཕྲིན་ལས་རབ་འབྱམས་ཀྱི་དབང་བསྐུར་རོ། །སྤྲོས་པ་ལ་དགའ་བའམ། སྒྲུབ་པ་ཆེན་པོ་དང་སྦྲེལ་ན་ཚེ་རྫས་

p. 355

དང་ཟས་སྣ་དངོས་གྲུབ་ཀྱི་རྫས་རྣམས་ལ་འཁོར་འདས་ཀྱི་ཡོན་ཏན་རྣམས་འགུགས་བསྟིམ་བྱ་ཞིང་། ན་ན་ཁ་དྷི། འཛབ་དབྱངས་དཀྱུས་ལྟར་བྱས་ལ་དངོས་གྲུབ་བསྐུལ་བའི་ཚིག་རྣམས་སྙན་པའི་དབྱངས་ཀྱིས་བསྐུལ་ཞིང་། ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ་རོལ་བར་བྱའོ། །མཇུག་གི་བྱ་བ་རྣམས་དབང་ཆོག་སྤྱི་ལྟར་རོ། །ཞེས་དཔའ་བོ་ལས་རབ་རྩལ་གྱིས་སོ་མངྒ་ལཾ།། །།

ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོའི་ལོ་རྒྱུས་གསལ་བའི་མེ་ལོང་།

p. 356
p. 357

࿅༔ ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོའི་ལོ་རྒྱུས་གསལ་བའི་མེ་ལོང་བཞུགས༔ དྲག་པོ་མེ་ཡི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ༔ མེ་སྤྲེལ་ཟླ་བ་དང་པོའི་ཚེས་ཀྱི་ནུབ་མོ་ནམ་མཁར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཁྲུ་གང་བ་གཅིག་འདུག་པས་དེ་ལས་རཏྣའི་གཏེར་བྱོན་ཟིལ་གནོན་ཧཱུྃ་གྲུབ་ཡང་གསང་སྤྱན་མང་གི་སྒྲུབ་པའི་ཆོས་ཚན་དེའི་སྒྲ་རང་གྲགས་སུ་བྱུང་བ་རྨིས༔ ནུབ་གཉིས་པར་ལུང་པ་རྩྭ་ཤིང་རྒྱས་པ་ཞིག་གི་ཕུ་ན་མཆོད་རྟེན་དཀར་པོ་བརྒྱ་རྩ་བརྒྱད་འདུག་པ་དེ་ལས་གུ་རུ་པདྨའི་ཕྱག་ཕྱི་བདག་གིས་བགྱིས་ནས་ཧཱུྃ་བཟླས་ཤིང་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པ་རྨིས༔ ནུབ་གསུམ་པར་དྲག་པོའི་ལྷ་དང་སྔགས་ཧཱུྃ་གི་ང་རོ་དང་བཅས་སྤྲེའུ་ནག་པོ་ཞིག་གི་རྐང་པ་གཉིས་ནས་འཇུས་ཏེ་ཀླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཁོའི་ཤ་རུས་འོ་རྐྱལ་ནས་འོ་མ་འབོ་བ་ལྟར་ཕྱིར་ལུད༔ པགས་པ་སྒྱེ་སྟོང་པ་བཞིན་རླུང་བུར་སོང་བ་རྨིས༔ ནུབ་བཞི་པར་མི་ཞིག་གིས་ཧཱུྃ་སྒྲུབ་ཀྱི་སྒྲུབ་རྟེན་གྱིས་ཟེར་ནས་གནམ་ལྕགས་ཀྱི་ཕུར་བུ་བཅུ་བྱིན་པ་རྨིས༔ ནུབ་ལྔ་པར་ཧཱུྃ་སྒྲུབ་ཀྱི་ཡི་གེ་མི་འདྲ་བ་

p. 358

མང་པོ་ཀློག་པ་རྨིས༔ ནུབ་དྲུག་པར་ཁྲོ་བོའི་ང་རྒྱལ་གྱིས་ཧཱུྃ་དྲག་ཏུ་བགྲངས་པས་བེ་དཀར་གཙོར་བྱས་དྲེགས་པ་མང་པོས་འདུད་ཅིང་ཐལ་མོ་སྦྱར་བ་རྨིས༔ ནུབ་བདུན་པར་ཁྲི་ཆེན་པོར་བསྡད་ནས་ཧཱུྃ་སྒྲུབ་ཀྱི་གཞི་བཟུང་བའི་མཐའ་སྐོར་དུ་བུད་མེད་རྒྱན་ལྡན་མང་པོས་ཧཱུྃ་དབྱངས་ཤིང་རོལ་ཆ་སྒྲོག་པར་རྨིས༔ འཁྲུལ་ཆ་འདིའི་རྟེན་འབྲེལ་ལ་བལྟས་ན་ནུས་པ་འབྱུང་སྙམ་ཡོད་ཅིང་༔ རིང་བརྒྱུད་རཏྣ་གླིང་པའི་དྲག་དམར་དབང་ལུང་གི་བརྒྱུད་པ་ལྟར་ཡིན༔ ཉེ་བརྒྱུད་འདི་ལྟར་བགྱིས་ཀྱང་རུང་སྟེ༔ གང་ལྟར་ཡང་འདི་ལ་དགོས་བྱའི་ཡན་ལག་འགའ་ཞིག་ཁོ་བོས་སྦྱར་བ་ཡང་ཡོད་དོ༔ ཞེས་བྱིན་རླབས་ཆར་འབེབས་གསང་བའི་ལོ་རྒྱུས་དཔའ་བོ་ལས་རབ་རྩལ་གྱིས་བྲིས་པ་དགེའོ༔ ༈ སྤྱིར་ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོ་ནི་རྗེ་རང་ནས་ཀྱང་མང་བ་དང་༔ ཚོགས་སྒྲུབ་ཆེན་མོ་གསུམ་མཛད་པའི་ཕྱི་མའི་ཚེ་ཨོ་རྒྱན་རིན་པོ་ཆེ་ཟ་ཧོར་མའི་ཆ་བྱད་གཟི་མདངས་དང་ལྡན་པ་ཞིག་མཇལ་བས་དེ་གཅིག་ལས་ཆད་ནས་སུམ་གཤིབས་ཚུལ་དུ་ཉི་དྲོས་བར་འབྲལ་མེད་དུ་མཇལ་ལོ༔ གསུངས་སོ༔

དྲག་པོ་གནམ་ལྕགས་མེ་ཕྲེང་གི་གསོལ་འདེབས་བྱིན་རླབས་མྱུར་འཇུག

p. 359

࿅༔ དྲག་པོ་གནམ་ལྕགས་མེ་ཕྲེང་གི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ༔ རང་ཉིད་གུ་རུ་དྲག་པོའི་སྤྱི་བོར་རྩ་བརྒྱུད་བླ་མ་ཀུན་འདུས་གུ་རུ་དྲག་པོ་ནོར་བུའི་ལུགས་སུ་གཅིག་ཆོག་ཏུ་བསྒོམ༔ ཁྱེད་ཤེས་ཀྱི་དད་པ་དང་བཅོས་མིན་གྱིས་གདུང་བའི་ཤུགས་ཕྱུང་སྟེ་གསོལ་བ་འདི་ལྟར་གདབ༔ ཨོཾ་གུ་རུ་བཛྲ་ཀྲོ་ཏ་སརྦ་སིདྡྷི་ཧཱུྃ༔ སྐུ་དང་ཞིང་ཁམས་ཡོན་ཏན་བརྗོད་ལས་འདས༔ སྣང་བ་མཐའ་ཡས་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ རྒྱལ་བ་ཀུན་གྱི་སྤྲུལ་གཞི་རྩ་བའི་ལྷ༔ སྤྱན་རས་གཟིགས་དབང་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ སྐྱེ་འཆི་གཉིས་སྤངས་བརྫུས་སྐྱེས་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོ་རྒྱན་རྗེ་དང་ཏིང་འཛིན་དྲོད་ཚད་མཉམ༔ ཡེ་ཤེས་མཚོ་རྒྱལ་ལས་ཀྱི་དྲག་མོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ བཀའ་ཡི་བརྗིད་ཀྱིས་མཐའ་བཞིའི་རྒྱལ་པོ་གནོན༔ ཁྲི་སྲོང་ལྡེའུ་བཙན་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ གཟུངས་དང་ཏིང་

p. 360

འཛིན་དབང་ཐོབ་ཐམས་ཅད་མཁྱེན༔ བཻ་རོ་ཙ་ན་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ རིམ་གཉིས་རྩལ་གྱིས་གནམ་ལྕགས་མདའ་ལྟར་འཕེན༔ དཀོན་མཆོག་འབྱུང་གནས་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཟོལ་མེད་དམ་ཚིག་སྟོབས་ཀྱིས་བླ་མ་མཉེས༔ དཔའ་བོ་ལས་རབ་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ལྷ་སྔགས་ཏིང་འཛིན་རྩལ་གྱི་ནུས་པ་རྫོགས༔ རྩ་བའི་བླ་མ་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཧས་པོ་རི་རྩེར་དྲེགས་པའི་དྲེགས་པ་འདུལ༔ ཡི་དམ་ཀུན་འདུས་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་མཛད་པ་བསམ་མི་ཁྱབ༔ དཔའ་བོ་མཁའ་འགྲོ་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ བསྟན་པ་སྲུང་བའི་ཕྲིན་ལས་སྣ་ཚོགས་སྟོན༔ དཔལ་མགོན་དམ་ཅན་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་

p. 361

དངོས་གྲུབ་སྩོལ༔ འཁྲུལ་རྟོག་སེམས་ཀྱི་གཟུང་འཛིན་རྩད་ནས་གཅོད༔ རང་རིག་དོན་གྱི་གུ་རུ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ འཁོར་བ་སྐྱོན་དུ་ཤེས་པས་ངེས་པར་འབྱུང་༔ ཐེག་དགུ་ལམ་དུ་ཤེས་པས་ཕྱོགས་འཛིན་བྲལ༔ འབྲས་བུ་རང་ལས་གཞན་དུ་འཚོལ་མི་བྱེད༔ དོན་གཉིས་ལྷུན་གྲུབ་རང་བཞིན་ལྷུན་གྲུབ་ཤོག༔ ཅེས་བཅོས་མིན་དད་པས་སྙིང་ནས་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་སུ་བག་དྲོ་བྱིན་ཆགས་ཏིང་འཛིན་དང་བསྐྱེད་རིམ་ན་འཕར་བ་ཟབ་དོན་རྡོ་རྗེའི་གནས་ཤིན་ཏུ་བརླིང་པ་རྣམས་མ་བསླབས་པར་རང་གྲོལ་དུ་འབྱུང་༔ འཁོར་འདས་ཐམས་ཅད་སྒྱུ་མ་དང་རྩེད་མོར་མཐོང་༔ སངས་རྒྱས་རང་ནས་རྙེད་པའི་ངེས་ཤེས་ལ་དཔའ་འདྲོངས༔ སྨྱོན་པ་དང་བྱིས་པ་ཁྱི་ཕག་ལྟ་བུའི་བརྟུལ་ཞུགས་ཁོང་ནས་རྡོལ༔ འཁྲུལ་སྣང་ཆོས་ཀྱིས་ཡིད་མི་འཕྲོག་པའི་དཔའ་གདེང་ཐོབ༔ ཉམས་ལེན་ཤི་རྒས་ལ་གཏུགས། མཐར་ཕྱིན་ནས་བློ་བདེ་ན་བྱིན་རླབས་འཇུག་པའི་རྟགས་ཡིན༔ དབང་བཞི་ལེན་པ་དང་ཐུགས་ཡིད་བསྲེ་བ་སོགས་སྤྱི་ལྟར་བྱ༔ ཞེས་དད་དམ་ཡང་དག་ལྡན་པ་བསོད་ནམས་ཆོས་བཟང་གིས་བསྐུལ་བ་ལ་བརྟེན་ནས༔ རང་སྐྱོན་མ་མཐོང་བས་ཡིན་སྣང་དང་༔ ཐུགས་རྗེ་མེད་ཅིང་གཞན་རྒྱུད་འདུལ་སྙམ་པའི་བློ་ངན་གོམས་ཤོག་དྲིལ་གྱིས་མོས་པ་ལྟར་སྐུལ་བ་པོ་དེས་ཡི་གེར་བྱས་པ་མངྒ་ལཾ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

བྱིན་འབེབས།

p. 362
p. 363

࿅༔ བྱིན་དབབ་པ་ནི༔ སྤོས་རོལ་དབྱངས་དང་བཅས༔ ཧཱུྃ༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་དང་ཁྲོ་བོའི་ཚོགས༔ མཁའ་འགྲོ་དཔའ་བོ་ཆོས་སྐྱོང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྐུ་ཡི་གར་སྟབས་ཡ་ལ་ལ༔ གསུང་གི་གད་རྒྱངས་དི་རི་རི༔ ཐུགས་ཀྱི་ཏིང་འཛིན་ཏ་ལ་ལ༔ རྒྱན་ཆ་མང་པོ་སི་ལི་ལི༔ རོལ་མོ་མང་པོ་དི་རི་རི༔ དར་གྱི་ཅོད་པན་པུ་རུ་རུ༔ བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ རྟགས་དང་མཚན་མ་མངོན་སུམ་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཕེཾ་ཕེཾ་ཧྲིང་ཧྲིང་ཨ་བེ་ཤ་ཡ་ཨ་ཨ༔ ཞེས་དགེ་སློང་ཀུན་དགའ་གྲགས་པས་བསྐུལ་བར་བརྟེན་ནས་ཕྲིན་ལས་ཀྱིས་སྦྱར་བ་དགེའོ༔ སརྦ་མངྒ་ལཾ༔

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ལས་བྱང་།

p. 364
p. 365

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ལས་བྱང་བཞུགས་སོ༔

p. 366

གུ་རུ་རྡོ་རྗེ་དྲག་རྩལ་སྐུ་ལ་འདུད༔ དུས་གསུམ་རྒྱལ་བ་སྲས་བཅས་ཇི་སྙེད་ཀྱིས༔ བོད་ཁམས་འདུལ་བའི་དུས་ལ་བབ་པའི་ཚེ༔ འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སངས་རྒྱས་གཉིས་པ་ཨོ་རྒྱན་སྤྱན་དྲངས་ནས༔ བོད་ཡུལ་མདོ་སྔགས་བསྟན་པའི་སྒྲོན་མེ་སྦར༔ བཀའ་གཏེར་དག་སྣང་ཆག་མེད་ཆུ་རྒྱུན་སྦྲེང་༔ དྲེགས་ཚོགས་དམ་བཏགས་བཀའ་ཡི་སྲུང་མར་བཞག༔ བྱིན་རླབས་མཁའ་འགྲོའི་ཞལ་རླངས་མ་ཉམས་པའི༔ དྲག་སྒྲུབ་ཀུན་ཀྱི་སྙིང་པོ་བཅུད་དམ་པ༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་ནི༔ མངོན་སུམ་དངོས་གྲུབ་ལྡན་པའི་ཁྱད་ཆོས་སོ༔ ས་མ་ཡཱ༔ དབང་ཐོབ་དམ་ཚིག་མན་ངག་ལྡན་པ་ཡིས༔ དབེན་པའི་གནས་སུ་སྐུ་གསུང་ཐུགས་རྟེན་དང་༔ སྨན་གཏོར་རཀྟ་ཚོགས་མཆོད་ཡོ་བྱད་བསགས༔ ལྷ་སྔགས་ཏིང་འཛིན་ཕྲིན་ལས་ཟབ་མོར་འཇུག༔ ས་མ་ཡ༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་

p. 367

ཅིག་བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས༔ ཁྲོ་ཆེན་ང་ཡི་གནས་འདིར་མ་འདུག་ཅིག༔ བཀའ་ལས་འདས་ན་ཁྲག་འཐུང་ཧེ་རུ་ཀས༔ རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ༔ ཨོཾ་སུམ་བྷ་ནི་སོགས། སྲུང་འཁོར་ནི༔ ཧཱུྃ༔ གསང་བའི་དཀྱིལ་འཁོར་སྲ་བརྟན་རྡོ་རྗེའི་གུར༔ མཚོན་ཆ་སྣ་ཚོགས་ཁྲོ་བོ་མེ་རིས་གཏམས༔ སུས་ཀྱང་མི་ཤིགས་སྲུང་བའི་ཕོ་བྲང་ལ༔ ཡེ་ཤེས་དཀྱིལ་འཁོར་དཔག་ཡས་སྤྱན་དྲངས་བསྟིམ༔ ཧཱུྃ་བྷྲུཾ་བཛྲ་རཀྵ་རཀྵ་ཧཱུྃ༔ སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧཱུྃ༔ གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་སྐུ༔

p. 368

དབང་ཆེན་ཁྲོས་པའི་རྒྱལ་པོར་སྐྱབས་སུ་མཆི༔ ཁམས་གསུམ་བག་ཆགས་འཁྲུལ་སྣང་རྒྱུན་གཅོད་ཕྱིར༔ བསྐྱེད་རྫོགས་སྙིང་པོ་ཉམས་སུ་བླང་བར་བགྱི༔ མཆོད་པ་བྱིན་བརླབ་ནི༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མཆོད་པའི་མ་དག་དངོས་འཛིན་སྦྱངས༔ ཕྱི་ནང་གསང་བ་ཀུན་བཟང་མཆོད་པའི་སྤྲིན༔ ལྷ་ཚོགས་དགྱེས་པ་སྐོང་བའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་རང་མདངས་ལས༔ སྣང་སྲིད་འོད་དམར་ཕུང་པོ་བརྡལ་བའི་ཞིང་༔ སྐད་ཅིག་དྲན་རྫོགས་རང་ཉིད་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་མེ་རི་ཚྭ་ཚྭ་འཕྲོ༔ རི་རབ་ལྟ་བུར་ཆེ་བརྗིད་འགྲེང་བར་ལངས་༔ དེ་ཡི་ལྟེ་བ་ཡངས་ཤིང་རྒྱ་ཆེའི་དབུས༔ རང་རིག་ཧཱུྃ་དམར་དཔག་ཚད་ཆ་ཙམ་གསལ༔ རང་སྒྲ་ཧཱུྃ་ཧཱུྃ་དྲག་པོའི་འབྲུག་ཆེན་སྒྲོགས༔ སྲ་བརྟན་གནམ་ལྕགས་རྡོ་རྗེ་འབར་བ་ཡི༔ ཡར་གྱི་རྩེ་བརྒྱད་གཟའ་བརྒྱད་སྙིང་གར་གཟིར༔ བདེ་གཤེགས་བརྒྱད་སྤྲུལ་ཁྱུང་བརྒྱད་འཕྲོ་བ་ཡིས༔ སྟེང་གདོན་འོག་གདོན་མ་ལུས་རྔམ་ཟས་བྱེད༔ དབུས་ཀྱི་རྭ་ཆེན་

p. 369

གནམ་ཐིལ་དཀར་པོ་ཡི༔ སྙིང་ལ་ཟུག་ཅིང་སྲོག་རྩ་རྦད་ཀྱིས་གཅོད༔ མར་རྩེ་འགོང་པོ་བརྒྱད་ཀྱི་སྙིང་ཁར་གཟིར༔ སེམས་དཔའ་བརྒྱད་སྤྲུལ་དུག་སྦྲུལ་འཕྲོ་བ་ཡིས༔ འགོང་པོ་དེ་དག་སྙིང་ལ་རྔམ་ཟས་བྱེད༔ དབུས་ཀྱི་རྭ་ཆེན་ས་ཐེལ་ནག་པོ་ཡི༔ སྙིང་ལ་ཟུག་ཅིང་སྲོག་རྩ་རྦད་ཀྱིས་གཅོད༔ ལྟེ་བའི་སྒོ་བརྒྱད་ཕྱི་རོལ་གནམ་ལྕགས་ནི༔ རྣོ་ངར་ལྡན་པའི་འཁོར་ལོ་རྩིབས་བརྒྱད་པ༔ གཡོན་ཕྱོགས་དྲག་ཏུ་འཁོར་བའི་དབལ་ཁ་རུ༔ གནམ་ལྕགས་སྡིག་པ་ནག་པོ་མགོ་དགུ་བརྒྱད༔ ཕྱོགས་མཚམས་གནོད་བྱེད་སྡེ་བརྒྱད་འགུགས་ཤིང་གཅོད༔ དབུས་ཀྱི་ཧཱུྃ་དམར་རབ་ཏུ་འཕྲོས་པའི་འོག༔ བར་ཐེལ་ཁྲ་བོ་མནན་ཞིང་དྲག་ཏུ་གཟིར༔ བཛྲ་ཙིཏྟ་ཧཱུྃ༔ ཧཱུྃ་དམར་དེ་ལས་ཧཱུྃ་བརྒྱད་རྩིབས་ནང་འཕྲོས༔ འཇིགས་བྱེད་ཁྲོ་རྒྱལ་མེ་དབལ་བརྒྱད་དུ་གྱུར༔ དམར་ནག་དུར་ཁྲོད་ཆས་རྫོགས་ཁྲོ་གཏུམ་འཁྲུགས༔ མེ་ཡི་ཐོ་བ་མེ་ཡི་ཞགས་པ་བསྣམས༔ མ་རུངས་ལོག་འདྲེན་འགུགས་སྒྲོལ་བསྐྲད་གཟིར་རོལ༔ ཨོཾ་བཛྲ་ཡཀྴ་ཧཱུྃ༔ ཧཱུྃ་དམར་གཟི་བརྗིད་ནུས་སྟོབས་ཆེས་ཆེར་ལྡན༔

p. 370

རི་རབ་ངོས་ལ་མེ་མཆེད་འུར་ཆོམ་དང་༔ འབྲུག་སྒྲ་སྟོང་ཕྲག་དུས་གཅིག་བསྒྲགས་པ་བཞིན༔ ཧཱུྃ་གི་རང་སྒྲ་དྲག་པོའི་ནུས་སྟོབས་ཀྱིས༔ རྒྱལ་ཀུན་ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་བསྡུས༔ དབང་དང་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས༔ བདུད་འགོང་དམ་སྲི་རྒྱལ་འབོག་སྙིང་རྩ་གས༔ མཐུ་སྟོབས་འཕྲོག་ཅིང་འཁུ་མི་ནུས་པར་བྱས༔ འོད་ཟེར་འགྱེད་ཅིང་ཁམས་གསུམ་སྒྲིབ་པ་སྦྱངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཡིག་གནས་གྱུར་རང་རིག་ཁྲོ་བོའི་རྒྱལ༔ དབང་དྲག་རྩལ་ལྡན་པདྨ་ཐོད་ཕྲེང་རྩལ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་བརྩེགས༔ སྤྱན་གསུམ་དམར་ཟླུམ་སྨིན་མ་གློག་སྟོང་འཁྱུག༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་གཟེངས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར༔ གཡོན་པས་སྡིགས་མཛུབ་ལྕགས་ཀྱི་སྡིག་པ་འགྱེད༔ ཞབས་གཉིས་འདོར་ཐབས་པད་ཉི་རྒྱལ་ཐེལ་མནན༔ ཟུར་ཞལ་གཡོན་གཟིགས་ཁ་ཊྭཱཾ་མཆན་ཁུང་བརྟེན༔ འོད་ཟེར་གཟི་བརྗིད་འཇིགས་ཟིལ་རྔམ་

p. 371

འཁྲུགས་འབར༔ གར་གྱི་ཉམས་དགུ་དུར་ཁྲོད་ཆས་བརྒྱད་རྫོགས༔ སྐུ་ལས་བསྐལ་པའི་མེ་དཔུང་ཚྭ་ཚྭ་འཕྲོས༔ སྣང་སྲིད་ཁྱབ་པའི་སྐུ་མཆོག་གཏུམ་པར་བཞུགས༔ སྤྱི་གཙུག་སྣང་མཐའ་དམར་གསལ་ལོངས་སྤྱོད་རྫོགས༔ མཉམ་བཞག་སྟེང་ན་ཚེ་ཡི་བུམ་པ་བསྣམས་༔ དབང་དྲག་ཐུགས་མཆོག་གསེར་གྱི་མཆོད་རྟེན་ནི༔ བུམ་ནང་ཕྱག་རྡོར་མཐིང་ནག་ཁྲོ་ཆས་ལྡན༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད༔ དེ་ཉིད་ཐུགས་ཀར་གསེར་རྡོར་རྩེ་དགུ་ཡི༔ ལྟེ་བར་ཉི་སྟེང་ཧཱུྃ་དམར་མེ་ཕྲེང་འབར༔ གང་འདུལ་གཤེད་མ་འཕྲོ་བའི་མཐའ་སྐོར་དུ༔ གསང་བའི་ཡང་གསང་དྲག་པོའི་སྔགས་ཕྲེང་འཁོར༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཐུགས་སྲོག་འོད་ཀྱིས་རང་བཞིན་གནས་མཆོག་དང་༔ ཁྱད་པར་པདྨ་འོད་ཀྱི་གཞལ་ཡས་ནས༔ ཡེ་ཤེས་སེམས་དཔའ་དཔག་མེད་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་པ་ནི༔ སྤོས་དང་རོལ་མོ་རྔམ་བརྗིད་དབྱངས་དང་བཅས༔ ཧཱུྃ༔ དམིགས་མཐའ་བྲལ་བའི་ཆོས་དབྱིངས་ཆེན་པོ་དང་༔ སྤྲུལ་པའི་ཞིང་

p. 372

མཆོག་རྔ་ཡབ་དཔལ་རི་ནས༔ བདེ་གཤེགས་མཐུ་སྟོབས་འདུས་པའི་གཟི་བརྗིད་ཅན༔ དྲག་རྩལ་རྡོ་རྗེ་ཐོད་ཕྲེང་གཤེགས་སུ་གསོལ༔ སྔོན་ཚེ་པདྨ་ཁྲག་འཐུང་རུ་ཏྲའི་གཤེད༔ རྒྱ་མཚོར་སྐུ་འཁྲུངས་གཟའ་ཀླུ་དམ་ལ་བཏགས༔ དྲེགས་ཚོགས་སྲོག་འཕྲོག་དབང་དྲག་ཧེ་རུ་ཀ༔ དེང་འདིར་ལོག་འདྲེན་འདུལ་ཕྱིར་གཤེགས་སུ་གསོལ༔ རིགས་ཀྱིས་དབུར་བརྒྱན་རྒྱལ་བ་འོད་དཔག་མེད༔ ཡེ་ཤེས་སེམས་དཔའ་དཔལ་ཆེན་རྡོ་རྗེ་འཛིན༔ ཁྱུང་རྒོད་མེ་དབལ་གནམ་ལྕགས་སྡིག་པའི་ཚོགས༔ སྤྲུལ་པའི་རྩལ་མདངས་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཀྲོ་ཏ་བཛྲ་ས་མ་ཡ་ཛ་ཛཿབཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གནམ་ལྕགས་ཕོ་བྲང་ཡངས་ཤིང་རྒྱ་ཆེའི་དབུས༔ པདྨ་ཉི་ཟླ་བགེགས་ཀྱི་གདན་སྟེང་དུ༔ པདྨ་དྲག་པོའི་སྐུ་མཆོག་བརྟན་པར་བཞུགས༔ དབང་དང་བྱིན་རླབས་མ་ལུས་ཆར་ལྟར་ཕོབ༔ ཛཿཧཱུྃ་བཾ་ཧོཿས་མ་ཡ་སཏྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་གསང་བའི་བདག༔ སྤྲུལ་སྐུ་གུ་རུ་པདྨ་ཁྲོ་བོའི་རྒྱལ༔ སྐུ་གསུམ་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ མཆོད་པ་འབུལ་བ་

p. 373

ནི༔ ཧཱུྃ༔ སྣང་སྲིད་རྣམ་པར་དག་པའི་མཆོད་པ་རྣམས༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ ཏིང་འཛིན་རིག་པའི་ཆོ་འཕྲུལ་མཆོད་པ་རྣམས༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ ཉེར་སྤྱོད་རྣམ་ལྔ་ཕྱི་ཡི་མཆོད་པ་རྣམས༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ འདོད་ཡོན་རྣམ་ལྔ་ནང་གི་མཆོད་སྤྲིན་རྣམས༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ གསང་བ་དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ སྨན་གཏོར་རཀྟ་བླ་མེད་མཆོད་ཆེན་པོ༔ དབང་དྲག་འབར་བའི་ཚོགས་ལ་མཆོད་པ་འབུལ༔ ཨོཾ་བཛྲ་ཀྲོ་ཏ་དྷེ་ཝ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ འཇིགས་བྱེད་མེ་འབར་པདྨ་ཧེ་རུ་ཀ༔ གར་དགུའི་ཉམས་ལྡན་སྟོབས་རྩལ་དཔལ་དུ་འབར༔ དུར་ཁྲོད་ཆས་རྫོགས་དྲག་ཏུ་ཁྲོས་པའི་སྐུ༔ བདུད་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་བསྟོད༔ ཁྲོས་པའི་གད་རྒྱངས་ཧཱུྃ་གི་སྒྲ་ཆེན་སྒྲོགས༔ བདེ་གཤེགས་བསྐུལ་ཞིང་མཁའ་འགྲོ་དམ་ཅན་བསྡུ༔ ལོག་འདྲེན་

p. 374

འབྱུང་པོའི་སྙིང་རྩ་ཁོང་ནས་འབྱིན༔ དྲག་སྔགས་ནུས་པ་རྫོགས་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་རྩེ་དགུ་གསོར་བས་འཁོར་འདས་འདར༔ གནམ་ལྕགས་སྡིག་པས་དམ་ཉམས་དམྱལ་ཐག་གཅོད༔ སྤྲུལ་པའི་ཁྲོ་ཆུང་ཚྭ་ཚྭ་སྐར་ལྟར་འཁྲུགས༔ དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྤྱི་བོར་ཚེ་མཐའ་ཡས་པའི་རྒྱན་གྱིས་བརྒྱན༔ ཐུགས་ཀར་གསང་བདག་སྔགས་ཕྲེང་ཕྱག་མཚན་བཅས༔ མེ་དབལ་ཁྱུང་ཆེན་སྡིག་པའི་སྤྲུལ་པ་འཕྲོ༔ ལྷ་ཚོགས་ཡོངས་སུ་རྫོགས་ལ་ཕྱག་འཚལ་བསྟོད༔ འཛབ་ནི༔ ཧཱུྃ༔ བསྐལ་པ་སྔོན་ནས་བདག་གིས་བསྙེན་པའི་ལྷ༔ དུས་འདིར་རང་དང་གཉིས་སུ་མེད་པའི་ངང་༔ སྔགས་ཕྲེང་འོད་ཟེར་འཕྲོ་འདུས་རྒྱལ་བ་མཆོད༔ སེམས་ཅན་སྒྲིབ་སྦྱངས་བྱིན་རླབས་རང་ལ་འདུས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བསྙེན་པའོ༔ ཧཱུྃ༔ ཐུགས་སྲོག་ཧཱུྃ་ལས་མེ་དབལ་ཁྱུང་སྡིག་འཕྲོ༔ ཕྱོགས་བཅུར་ཁྱབ་ཅིང་གནོད་བྱེད་འབྱུང་པོ་རྣམས༔ འགུགས་འཆིང་བསད་བཅད་རོལ་ཞིང་བསྐྲད་གཟིར་བརླག༔ མེ་དཔུང་ཁྲོ་ཆུའི་

p. 375

ཆར་ཕབ་བསྲེག་ཅིང་བརླག༔ རྩ་སྔགས་ཤམ་བུར་བཛྲ་ག་རུ་ཊ་ཡཀྴ་རཀྴ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ ཅེས་དྲག་ཏུ་བཟླས་པ་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གནད་དོ༔ བྷྱོ༔ སྣང་སྲིད་དུར་ཁྲོད་དྲག་པོ་ཨེ་ཡི་ཞིང་༔ བདག་ཉིད་དཀོན་མཆོག་སྤྱི་འདུས་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ༔ དམར་ནག་རྔམ་ཁྲོས་འཇིགས་ཟིལ་གཏུམ་རྔམ་འཁྲུགས༔ དུར་ཁྲོད་ཆས་རྫོགས་རྡོ་རྗེ་སྡིག་པ་བསྣམས༔ མེ་རླུང་ཁྲོ་མཚོན་ཟེར་གྱིས་སྟོང་གསུམ་ཁྱབ༔ ངན་སྔགས་དམོད་པའི་འབྲུག་སྟོང་ཁོར་ཡུག་ལྡིར༔ བདག་ཉིད་བླ་མ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་ཡི་དམ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་མཁའ་འགྲོ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་ཆོས་སྐྱོང་ཀུན་འདུས་ཁྲོ་བོའི་རྒྱལ༔ བདེན་པའི་སྟོབས་རྫོགས་ནུས་རྩལ་གཟི་བྱིན་འབར༔ ཆེ་བཙན་འགྲན་ཟླ་བྲལ་བའི་དཔལ་ཆེན་པོ༔ ལོག་འདྲེན་བདུད་ཚོགས་ཡོངས་ཀྱི་གཤེད་དུ་འབར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ༈ དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ དུས་གསུམ་བླ་མ་རིག་འཛིན་དཀྱིལ་འཁོར་འདིར༔ སྒྲུབ་མཆོག་

p. 376

བདག་ཅག་དངོས་གྲུབ་བླང་བའི་ཕྱིར༔ གདུང་ཤུགས་དྲག་པོས་སྙིང་ནས་གསོལ་བ་འདེབས༔ ཉམས་ཆག་སྡིག་སྒྲིབ་མ་ལུས་མཐོལ་ཞིང་བཤགས༔ ཐུགས་རྗེ་མ་གཡེལ་བྱིན་རླབས་ནུས་པ་སྐྱེད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླ་མེད་སྩོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་དམ་པ་སྐུར༔ བདག་དང་པདྨ་དྲག་པོ་དབྱེར་མེད་ཅིང་༔ མཆོག་ཐུན་ལྷུན་གྱིས་གྲུབ་པའི་མངའ་དབང་སྩོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཚོགས་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བྷནྡྷའི་སྣོད་ནང་དུ༔ དམ་རྫས་ཤ་ལྔ་བདུད་རྩི་འོད་ཕུང་འཁྲིགས༔ སྐུ་ལྔའི་བྱིན་རླབས་འབྲུ་གསུམ་ཆར་དུ་བབས༔ དམ་ཡེ་དབྱེར་མེད་མཆོག་གི་བདུད་རྩི་སྤེལ༔ ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཁྲག་འཐུང་རྗེ་བཙུན་པདྨ་དྲག་པོ་ལ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ གསང་ཆེན་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་རོལ༔ ཚོགས་ཀྱི་མཆོད་སྤྲིན་ཞིང་ཀུན་

p. 377

ཡོངས་སུ་ཁྱབ༔ གུ་རུ་དྲག་པོ་རྩ་གསུམ་དམ་ཅན་བཅས༔ ཚོགས་མཆོད་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་གཱ་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྐང་བཤགས་ནི༔ ཧཱུྃ༔ ཞལ་ཟས་འདོད་ཡོན་ཚོགས་ཀྱི་མཆོད་པ་འདིས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ གནས་ཡུལ་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ ཚོགས་ཐ་མ་བསྒྲལ་བ་ནི༔ ཧཱུྃ༔ ཁམས་གསུམ་དབྱིངས་སྒྲོལ་པདྨ་དྲག་པོ་རྩལ༔ གསོད་བྱེད་ཕྱག་མཚན་བཛྲ་ཀཱི་ལ་ཡ༔ ལོག་འདྲེན་བདུད་སྡེའི་སྙིང་ལ་འདྲིལ་ཞིང་འདེབས༔ གཟུང་འཛིན་རྩ་བ་སྲོག་རྩ་རྦད་ཀྱིས་ཆོད༔ ཨོཾ་པདྨ་ཀྲོ་ཏ་བཛྲ་ཀཱི་ལ་ཡ་ནྲྀ་ཏྲི་ཛ་ཧུར་ཐུམ་མཱ་ར་ཡ་རྦད༔ ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཤ་ཁྲག་རུས་པའི་ཚོགས་ཆེན་སྤུངས་པ་འདི༔ དཔལ་ཆེན་ཁྲོ་

p. 378

རྒྱལ་དགྱེས་པའི་དམ་རྫས་མཆོག༔ ཐོད་ཕྲེང་དྲག་རྩལ་དཀྱིལ་འཁོར་ལྷ་ལ་འབུལ༔ ལྷག་མ་ཙམ་ཡང་མེད་པར་བཞེས་སུ་གསོལ༔ ལྷག་མ་ནི༔ ཧཱུྃ༔ གནས་ཡུལ་སྐྱོང་བའི་མཁའ་འགྲོ་ཞིང་སྐྱོང་དང་༔ དཀྱིལ་འཁོར་ཡོངས་ཀྱི་མཐའ་ཉུལ་བྱ་ར་བ༔ ཚོགས་ལྷག་དམ་རྫས་མཆོད་པ་འདི་བཞེས་ལ༔ མ་རུངས་ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་དབང་ཆེན་པདྨ་ཧེ་རུ་ཀས༔ དམ་ལ་བཏགས་པའི་མ་མོ་མཁའ་འགྲོའི་ཚོགས༔ བར་དུ་གུ་རུ་རྡོ་རྗེ་ཐོད་ཕྲེང་གིས༔ གཡར་དམ་ཕོག་པའི་ཆོས་སྐྱོང་དམ་ཅན་དང་༔ ཐ་མ་གུ་རུ་དྲག་པོ་རིགས་ལྔ་ཡིས༔ སྲོག་སྙིང་བླངས་པའི་དྲེགས་ཚོགས་སོ་སོའི་སྡེ༔ ཀུན་ཀྱང་མི་འདའ་རྡོ་རྗེའི་ཡལ་གམ་ཅན༔ བཀའ་ཡི་ཐ་ཚིག་གཏོར་མ་འདི་བཞེས་ལ༔ དམ་སྲི་འགོང་པོ་རྒྱ་འདྲེའི་གནོད་པ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་མ་ནི༔ ཧཱུྃ༔ བདུད་མོ་བཞི་དང་གནོད་སྦྱིན་ཆེན་མོ་བཞི༔ སྨན་བཙུན་རྣམ་བཞི་ལ་སོགས་བོད་སྐྱོང་རྣམས༔ འཁོར་དང་བྲན་འཁོར་བྲན་དང་ཕོ་ཉའི་ཚོགས༔ དཔལ་གྱི་

p. 379

ཕམ་ཕབ་བདུད་རྩིའི་བཤལ་ཆུ་བཞེས༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་༔ མུ་སྟེགས་བར་ཆད་སྒྲོལ་བའི་སྡོང་གྲོགས་མཛོད༔ རྟ་བྲོ་ནི༔ ཧཱུྃ༔ ཡ་མ་དམ་སྲི་སྒྲུབ་ལ་འཁུ་བ་རྣམས༔ གྲོལ་མེད་རྡོ་རྗེའི་ཞགས་པས་དམ་དུ་བཅིངས༔ རྣོ་ངར་ལྡན་པའི་མཚོན་ཆའི་ཚོགས་ཀྱིས་གཟིར༔ མེ་རླུང་སྟོབས་ལྡན་འཁྲུགས་པའི་ནང་དུ་བསྲེག༔ རྣམ་སྨིན་རང་གཟུགས་ཆུ་སྲིན་གྲེ་བར་བརྫངས༔ རི་རབ་གླིང་བཞི་གླིང་ཕྲན་འོག་ཏུ་མནན༔ ཁྲག་འཐུང་རྡོ་རྗེའི་འགྱིང་འགྲོའི་བྲོ་ཡིས་བརྡུང་༔ དམ་སྲི་མནན་པ་ཡིན་ནོ་མ་ལྡང་ཞིག༔ དམ་སྲི་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ མཱ་ར་ཡ་སཏྭཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ལ་གཤེགས་བཞུགས་མི་མངའ་ཡང༔ ཀུན་རྫོབ་འགྲོ་བ་འདུལ་བའི་སྣང་ངོ་རུ༔ མངོན་སུམ་བསྐྱེད་ཅིང་སྤྱན་དྲངས་ལྷ་ཚོགས་རྣམས༔ རང་བཞིན་གནས་གཤེགས་སླར་ཡང་འབྱོན་འཚལ་ལོ༔ རྫོགས་རིམ་ནི༔ ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ ལྷ་སྐུ་རིམ་བསྡུས་དྭངས་མའི་ཡིག་འབྲུར་ཐིམ༔ དེ་ཉིད་མི་དམིགས་རང་ཡལ་དག་

p. 380

པའི་ངང་༔ བརྗོད་མེད་དེ་བཞིན་ཉིད་ཀྱི་དབྱིངས་སུ་གྱུར༔ བསྔོ་སྨོན་ནི༔ ཧཱུྃ༔ བསྙེན་སྒྲུབ་ཏིང་འཛིན་རྣམ་དག་བདེན་པའི་མཐུས༔ བདག་སོགས་འགྲོ་ཀུན་ཡི་དམ་སྐུ་འགྲུབ་ཤོག༔ གནས་སྐབས་ཕྲིན་ལས་བཞི་དང་དངོས་གྲུབ་གཉིས༔ སྔགས་ཀྱི་ལྟ་སྤྱོད་བརྟུལ་ཞུགས་མཐར་ཕྱིན་ཤོག༔ བཀྲ་ཤིས་ནི༔ ཧཱུྃ༔ རྨད་བྱུང་མཐུ་རྩལ་རྫོགས་པའི་ཧེ་རུ་ཀ༔ མཐོང་ཐོས་དྲན་པས་ཡིད་ལ་རེ་བ་སྐོང་༔ མ་ཧཱ་གུ་རུ་ཞི་བ་ཁྲོ་བོའི་ཚུལ༔ སྐུ་བཞིས་འགྲོ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག༔ གཞན་ཡང་རྡོ་རྗེའི་གླུ་དང་རྡོ་རྗེའི་བྲོ་དང་ཚོགས་ཀྱི་དགའ་སྟོན་ལ་རོལ་བར་བྱའོ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་གསལ་སྣང་དང་མ་བྲལ་བར་སྤྱོད་ལམ་ལ་འཇུག༔ ཨེ་མ་ཟབ་པའི་སྙིང་ཐིག་པད་འབྱུང་དྲག་སྒྲུབ་འདི༔ དགྲ་བགེགས་དམ་སྲི་མ་རུངས་ཀུན་གྱི་གཤེད༔ ཁོག་པའི་སྙིང་བཞིན་འདི་ལ་གཅེས་པར་གྱིས༔ འདི་དང་སུ་འཕྲད་བར་ཆད་རྐྱེན་ལས་གྲོལ༔ བྱིན་རླབས་ནུས་པ་རྟགས་མཚན་འཕྲལ་དུ་འོང་༔ སྤྱི་ཆིངས་སྒྲུབ་ཐབས་ཕྲིན་ལས་ཟབ་མོ་ཉིད༔ དཔེ་ཚར་གཅིག་ལ་མ་སྤེལ་བཀའ་ཡི་རྒྱ༔ ཆོས་བཞིན་སྤྱོད་པ་རྣམས་ཀྱི་གྲོགས་སུ་ཤོག༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ལས་རབ་རྩལ་གྱིས་སོ།། །།

བདུད་རྩི་ཁཱ་ཧི།

p. 381

࿅༔ བདུད་རྩི་ཁཱ་ཧི་ནི༔ ཧཱུྃ༔ ར་སཱ་ཡ་ན་མཆོག་གི་བདུད་རྩི་འདི༔ འཐོར་བས་སྣང་སྲིད་མཆོད་པའི་སྤྲིན་གྱིས་ཁྱབ༔ ཕུལ་བས་རྒྱལ་བ་རྩ་གསུམ་ཐུགས་དགོངས་རྫོགས༔ བསྟན་པས་མ་སྲིང་དམ་ཅན་དགྱེས་ཤིང་སྐོང་༔ རོལ་བས་རྣལ་འབྱོར་ཚེ་དཔལ་ཏིང་འཛིན་བསྐྱེད༔ ཕོག་པས་ཁམས་གསུམ་འགྲོ་དྲུག་སྒྲིབ་པ་སྦྱོང་༔ བཏབ་པས་བར་གཅོད་དམ་སྲི་རྡུལ་དུ་བརླག༔ ངོ་མཚར་རྨད་དུ་བྱུང་བའི་དམ་རྫས་འདིས༔ རིགས་ཀྱི་བདག་པོ་འོད་དཔག་མེད་མགོན་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ འགྲོ་ཀུན་སྐྱབས་གཅིག་གུ་རུ་པདྨ་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔

p. 382

བཀའ་ཡི་བསྡུ་བ་ཡེ་ཤེས་མཚོ་རྒྱལ་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ དྲག་སྔགས་མེ་འབར་དཀོན་མཆོག་འབྱུང་གནས་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་མཆོད༔ རྣམ་དག་བདུད་རྩིའི་

p. 383

མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ རང་ལུས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ སྣང་སྲིད་དག་པ་རྒྱལ་བའི་དཀྱིལ་འཁོར་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་མཆོད༔ རྣམ་དག་བདུད་རྩིའི་མཆོད་པ་དམ་པ་བཞེས༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཚེ་དཔལ་ཏིང་འཛིན་མཆོག་གི་དངོས་གྲུབ་སྩོལ༔ བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར༔ བདུད་རྩིའི་མཆོད་པའི་ཚིགས་བཅད་འདི༔ བསོད་ནམས་ཆོས་བཟང་གིས་བསྐུལ་བར༔ དཔའ་བོ་ལས་རབ་རྩལ་གྱིས་སོ༔ མངྒ་ལཾ༔

དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་བསྐང་བ།

p. 384
p. 385

࿅༔ དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་བསྐང་བ་བཞུགས་སོ༔ ཐུགས་དམ་བསྐང་བའི་རིམ་པ་ནི༔ ཚོགས་དང་མཆོད་པའི་ཡོ་བྱད་རྣམས་བཟང་དུ་བཤམས༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རང་བྱུང་ཡེ་ཤེས་མངོན་དུ་གྱུར༔ ཆོས་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ སྐུ་ལྔ་ལྷུན་གྲུབ་ཞིང་ཁམས་ནས༔ སྐུ་དང་ཞིང་ཁམས་ལྟ་ན་སྡུག༔ ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ སྟོང་གསུམ་འཇིག་རྟེན་ཁམས་རྣམས་སུ༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ སྤྲུལ་སྐུའི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་༔ ནང་མཆོད་འདོད་ཡོན་སྣ་ཚོགས་དང་༔ གསང་མཆོད་སྨན་གཏོར་རཀྟ་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་གིས༔ སྐུ་གསུམ་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ གྲུབ་པ་ཡ་བརྒྱད་དངོས་གྲུབ་ཐོབ༔ སྐྱེ་འཆི་སྤྲུལ་བསྒྱུར་རང་དབང་བརྙེས༔ རྒྱ་གར་རིག་འཛིན་བརྒྱད་ཀྱི་ཐུགས་དམ་བསྐང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ སྤྲུལ་

p. 386

པའི་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་༔ གནས་མཆོག་ཁ་བ་ཅན་ལྗོངས་སུ༔ ཡི་དམ་ཞལ་གཟིགས་རྫུ་འཕྲུལ་བརྙེས༔ བོད་ཀྱི་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་༔ ནང་མཆོད་འདོད་ཡོན་སྣ་ཚོགས་དང་༔ གསང་མཆོད་སྨན་གཏོར་རཀྟ་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་གིས༔ རྒྱ་བོད་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ སྨོན་ལམ་དབང་བཞིའི་ཆུ་རྒྱུན་གྱི༔ རྡོ་རྗེའི་སྲོག་རྒྱུད་མ་ཆད་པའི༔ རིང་བརྒྱུད་བཀའ་མ་བརྒྱུད་པའི་ཐུགས་དམ་བསྐང་༔ དམ་སེལ་དུག་ཆུས་མ་བསླད་ཅིང་༔ རྒྱ་འགྱུར་དགོངས་པ་མ་འཕྱུགས་པའི༔ ཉེ་བརྒྱུད་གཏེར་ཆོས་བརྒྱུད་པའི་ཐུགས་དམ་བསྐང་༔ དངོས་ཉམས་རྨི་ལམ་སྣང་བ་རུ༔ རྩ་བ་གསུམ་གྱི་བྱིན་རླབས་ཐོབ༔ ཟབ་མོ་དག་སྣང་བརྒྱུད་པའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་༔ ནང་མཆོད་འདོད་ཡོན་སྣ་ཚོགས་དང་༔ གསང་མཆོད་སྨན་གཏོར་རཀྟ་དང་༔ ལྟ་སྤྱོད་ཏིང་འཛིན་

p. 387

དམ་ཚིག་གིས༔ བརྒྱུད་གསུམ་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཁྲོ་རྒྱལ་ཀུན་གྱི་ཆེ་བཙན་མཆོག༔ གནམ་ལྕགས་མེ་ཡི་ཕྲེང་བ་ཅན༔ ཁྲག་འཐུང་གུ་རུ་དྲག་པོའི་ཐུགས་དམ་བསྐང་༔ བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན༔ ཕྱག་ན་རྡོ་རྗེ་དཔལ་ཆེན་པོ༔ གཙོ་མཆོག་གདུག་པ་ཀུན་འདུལ་ཐུགས་དམ་བསྐང་༔ ཁྲོ་རྒྱལ་ཉིད་དང་དགོངས་པ་མཉམ༔ མཁའ་ལྡིང་རྒྱལ་པོ་མཐུ་སྟོབས་བདག༔ ཁྱུང་ཆེན་གནམ་ལྕགས་ཐོག་རྒོད་ཐུགས་དམ་བསྐང་༔ གནོད་སྦྱིན་ནག་པོ་དྲག་རྩལ་ཅན༔ སྡེ་བརྒྱད་འབྱུང་པོ་ཀུན་གྱི་གཤེད༔ ཕྲིན་ལས་ཡཀྴ་མེ་དབལ་ཐུགས་དམ་བསྐང་༔ མཐོང་བ་ཙམ་གྱིས་དམ་སྲི་འདར༔ མེ་ཡི་ཚྭ་ཚྭ་དྲི་ངན་འཐུལ༔ སྲིན་པོ་གནམ་ལྕགས་སྡིག་པའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་༔ ནང་མཆོད་འདོད་ཡོན་སྣ་ཚོགས་དང་༔ གསང་མཆོད་སྨན་གཏོར་རཀྟ་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་གིས༔ དབང་དྲག་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ སངས་རྒྱས་བསྟན་པ་

p. 388

བསྲུང་བའི་ཕྱིར༔ ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་པ༔ དཔལ་ཆེན་གཙོ་འཁོར་རྣམས་ཀྱི་ཐུགས་དམ་བསྐང་༔ སྲིད་པ་གསུམ་ལ་བྱ་ར་མཛད༔ མོ་རྒྱུད་ཡོངས་ཀྱི་ཆེ་བཙན་པ༔ ལྷ་མོ་གཙོ་འཁོར་རྣམས་ཀྱི་ཐུགས་དམ་བསྐང་༔ རྒྱལ་བ་རྣམས་ཀྱི་ཞལ་མཐོང་ཞིང་༔ དྲེགས་པ་རང་སྡེའི་ཆེ་བཙན་པ༔ ཆོས་སྐྱོང་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་༔ ནང་མཆོད་འདོད་ཡོན་སྣ་ཚོགས་དང་༔ གསང་མཆོད་སྨན་གཏོར་རཀྟ་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་གིས༔ ཆོས་སྐྱོང་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ བསྐང་བཤགས་ནི༔ ཧཱུྃ༔ ཞལ་ཟས་འདོད་ཡོན་ཚོགས་ཀྱི་མཆོད་པ་འདིས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ གནས་ཡུལ་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བ་དང་༔ ཕྲིན་ལས་

p. 389

རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ༔ སྐུ་གསུམ་རྩ་བ་བརྒྱུད་པའི་བླ་མ་དང་༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཞི་དང་ཁྲོ༔ མཁའ་འགྲོ་དམ་ཅན་བཀའ་ཡི་བྱ་ར་བ༔ མ་ལུས་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་ཅག་ཐོག་མ་མེད་ནས་ད་བར་དུ༔ རང་ངོ་མ་ཤེས་མ་རིག་མུན་པས་བསྒྲིབས༔ ལས་ངན་དབང་གིས་བག་ཆགས་ལུས་བླངས་ཤིང་༔ མི་ཤེས་མ་རིག་དབང་གིས་ཉེས་བྱས་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་པས༔ མི་དགེ་སྡིག་ལྟུང་ཉེས་བྱས་གྱུར་པའི་ལས༔ ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས༔ བཟོད་མེད་གནོང་འགྱོད་དྲག་པོའི་གདུང་ཤུགས་ཀྱིས༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་གོང་ནས་གོང་འཕེལ་ཞིང་༔ སྣང་སྲིད་འཁོར་འདས་ལེགས་ཚོགས་དབང་འདུས་ཏེ༔ དགྲ་བགེགས་ཤུགས་སྒྲོལ་མངོན་སྤྱོད་ལས་

p. 390

འགྲུབ་ནས༔ རྣམ་བཞིའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་ཡིག་བརྒྱ་བཤགས་ཚིག་བརྗོད་པར་བྱའོ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

ཧཱུྃ་དམིགས།

p. 391

࿅༔ བྷྱོ༔ སྣང་སྲིད་དུར་ཁྲོད་དྲག་པོ་ཨེ་ཡི་ཞིང་༔ བདག་ཉིད་དཀོན་མཆོག་སྤྱི་འདུས་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་པདྨ་ཐོད་ཕྲེང་རྩལ༔ དམར་ནག་རྔམ་འཁྲོས་འཇིགས་ཟིལ་གཏུམ་རྔམ་འཁྲུགས༔ དུར་ཁྲོད་ཆས་རྫོགས་རྡོ་རྗེ་སྡིག་པ་བསྣམས༔ མེ་རླུང་ཁྲོ་མཚོན་ཟེར་གྱིས་སྟོང་གསུམ་ཁྱབ༔ ངན་སྔགས་དམོད་པའི་འབྲུག་སྟོང་ཁོར་ཡུག་ལྡིར༔ བདག་ཉིད་བླ་མ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་ཡི་དམ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་མཁའ་འགྲོ་ཀུན་འདུས་ཁྲོ་བོའི་རྒྱལ༔ བདག་ཉིད་ཆོས་སྐྱོང་ཀུན་འདུས་ཁྲོ་བོའི་རྒྱལ༔ བདེན་པའི་སྟོབས་རྫོགས་ནུས་རྩལ་གཟི་བྱིན་འབར༔ ཆེ་བཙན་འགྲན་ཟླ་བྲལ་བའི་དཔལ་ཆེན་པོ༔ ལོག་འདྲེན་བདུད་ཚོགས་ཡོངས་ཀྱི་གཤེད་དུ་འབར༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ལས་རབ་རྩལ་གྱིས་སོ།། །།

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་དྲག་པོ་ཧཱུྃ་གི་སྒྲུབ་ཐབས།

p. 392
p. 393

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་དྲག་པོ་ཧཱུྃ་གི་སྒྲུབ་ཐབས་བཞུགས་སོ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ རྒྱལ་བ་ཀུན་གྱི་ཐུགས་སྒྲུབ་འབྲུ་གཅིག་པ༔ ལྷ་སྲིན་སྟོང་སྲོག་གཅོད་པའི་སྤུ་གྲི་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་གཏོར་མ་བཤམས༔ མཆོད་པའི་ཡོ་བྱད་ཚོགས་ཀྱི་དམ་རྫས་བཅས༔ ཁྱད་པར་སྒྲུབ་རྟེན་ལྕགས་སམ་སེང་ལྡེང་གི༔ ཕུར་པ་དར་མཐིང་ཅོད་པན་བཅས་པ་ནི༔ ད་ལའི་དབུས་འགོད་དབང་དྲག་དཔའ་བོར་བསྐྱེད༔ ལས་ཀྱི་གཞུང་བསྲང་བདག་མདུན་ལྷན་ཅིག་ཏུ༔ གུ་རུ་དྲག་པོའི་ང་རྒྱལ་གསལ་སྣང་བརྟན༔ བདག་མདུན་ཐུགས་སྲོག་ཧཱུྃ་དམར་འོད་འབར་བའི༔ རང་སྒྲ་ཧཱུྃ་བཅས་འོད་དམར་ཚ་ཟེར་ཅན༔ ཡར་འཕྲོས་དཀོན་མཆོག་རྩ་གསུམ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་སྟོབས་རྣམས༔ དྲག་པོའི་སྐུ་དང་འབྲུ་གསུམ་ཕྱག་མཚན་གྱི༔ རྣམ་པར་སྤྲིན་ལྟར་འཐིབ་ཅིང་ཆར་ལྟར་དབབ༔ བྱིན་རླབས་ཧཱུྃ་གི་སྒྲ་དབྱངས་དི་རི་རི༔ བདག་མདུན་ལ་ཐིམ་མཐུ་སྟོབས་གཟི་བརྗིད་འབར༔ སླར་ཡང་སྒྲ་བཅས་འོད་ཟེར་ཕར་འཕྲོས་པས༔ མཁའ་འགྲོ་དམ་ཅན་དབང་བསྡུས་ལས་ལ་བཀོལ༔ མར་འཕྲོས་ཁམས་གསུམ་སེམས་ཅན་སྒྲིབ་པ་སྦྱངས༔ སྣང་སྲིད་ཐམས་ཅད་ཁྲོ་བོ་

p. 394

མེ་རིར་གྱུར༔ ཧཱུྃ་གི་སྒྲ་དབྱངས་འབྲུག་སྟོང་འུ་རུ་རུ༔ སླར་ཡང་ཐུགས་སྲོག་ཧཱུྃ་ལས་རང་སྒྲ་བཅས༔ ཚ་ཟེར་འོད་དམར་རབ་ཏུ་འབར་ཞིང་འཁྲུགས༔ ཁྲོ་ཚོགས་རང་འདྲ་སེར་ལྟར་འདྲིལ་ཤིང་རྔམ༔ གང་ལ་དམིགས་པའི་དགྲ་བགེགས་བྱད་ཐན་བཅས༔ བཀུག་ཅིང་ཕྱག་མཚན་གྱིས་བསྣུན་ཕྱེ་མར་འཐག༔ ལ་ལ་ཧཱུྃ་སྒྲས་བརྒྱལ་འབོག་སྙིང་གས་འགྱེལ༔ མེ་དཔུང་གནམ་ལྕགས་ཚྭ་ཚྭས་བསྲེགས་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་དབང་བསྡུས་ཟིལ་གྱིས་མནན་པར་བསྒོམ༔ རེས་འགའ་སྙན་བརྗིད་འགྱུར་ཁུག་ལྡན་པར་བཟླ༔ རེས་འགའ་དྲག་རྔམ་ངར་གྱི་རྣམ་པར་བཟླ༔ ཞག་བདུན་བཅུ་བཞི་ཉེར་གཅིག་གིས༔ དངོས་གྲུབ་ཐོབ་དང་གནོད་བྱེད་དྲག་ཐུལ་འབྱུང་༔ སྐབས་སྐབས་མི་ཕོད་ཐོག་བརྫིས་བརྟུལ་ཞུགས་སྤྱོད༔ རེས་འགའ་ལྷ་སྔགས་གསལ་བཏབ་ང་རྒྱལ་བརྟན༔ རེས་འགའ་རྟོག་བྲལ་བརྗོད་མེད་ངང་དུ་བཞག༔ རེས་འགའ་གཅེར་བུ་དྲན་ཐང་སྨྱོ་སྤྱོད་སྐྱོང་༔ མཐར་ནི་ཕུར་པ་དབང་བླངས་ལུས་ལ་འཆང་༔ འདི་སྒྲུབ་རྒྱལ་ཀུན་དུས་གཅིག་སྒྲུབ་པ་ཡིན་༔ མཐུ་དང་ནུས་པ་ཨོ་རྒྱན་ཉིད་དང་མཉམ༔ བར་ཆད་ཐམས་ཅད་རྩྭ་སྦུར་མེ་འཕྲད་འདྲ༔ མ་རུངས་ཀུན་གྱི་གཉེན་པོ་འདི་ཁོ་ན༔ སྙིགས་མའི་བདུད་ཚོགས་གཞན་གྱིས་ཆོམ་པར་དཀའ༔ གསང་སྒྲུབ་འབྲུ་གཅིག་ཡང་སྙིང་ཁྱད་པར་ཅན༔ ཉམས་སུ་བླངས་པའི་རྣལ་འབྱོར་དམ་ལྡན་གྱིས༔ སྣང་བ་འར་མ་འུར་དང་བན་མ་བུན༔ རིག་པ་གཏད་མེད་ཤུགས་འབྱུང་

p. 395

དགོངས་པ་འབྱུང་༔ བྱིན་རླབས་ཉམས་འབར་གར་ཆང་འཐུང་བ་འདྲ༔ ཞུམ་པ་མེད་པའི་དཔའ་གདེང་རིག་རྩལ་ཐོབ༔ ཉམས་ཀྱང་མི་ནོན་ཙམ་འཕེལ་ཧཱུྃ་གླུ་ལེན༔ དེ་ཚེ་ཞི་ཁྲོ་རྒྱལ་བའི་སྲས་སུ་དགོངས༔ དབང་བསྐུར་བྱིན་གྱིས་རློབས་པར་ཐེ་ཚོམ་མེད༔ དཔའ་བོ་མཁའ་འགྲོ་རྣམས་ཀྱིས་གྲོགས་སུ་དགོངས༔ དངོས་གྲུབ་མ་ལུས་ཐོགས་པ་མེད་པར་སྐྱེལ༔ ཆོས་སྐྱོང་དམ་ཅན་རྣམས་ཀྱི་རྗེ་བོར་མཐོང་༔ གང་བཅོལ་ལས་རྣམས་ཐོགས་པ་མེད་པར་འགྲུབ༔ བདུད་ཚོགས་སྡེ་བརྒྱད་འགོང་ཚོགས་གཤེད་མ་སྟེ༔ དཔེར་ན་མི་ཡིས་སྲིན་པོ་མཐོང་བ་འདྲ༔ གང་བརྩམས་ལས་འགྲུབ་ཅི་བྱ་ལས་སུ་རུང་༔ ནད་གདོན་བགེགས་དང་བར་ཆད་རང་སར་དག༔ ཟབ་པའི་གནད་འདི་ཁོ་ན་ཉམས་སུ་ལོངས༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ལས་རབ་རྩལ་གྱིས་སོ།། །།

དྲག་པོ་གནམ་ལྕགས་ཀྱི་སྨིན་བྱེད་དབང་གི་ཆོ་ག་ངག་བཤད་མཚམས་སྦྱོར་བཅས།

p. 396
p. 397

࿅༔ དྲག་པོ་གནམ་ལྕགས་ཀྱི་སྨིན་བྱེད་དབང་གི་ཆོ་ག་ངག་བཤད་མཚམས་སྦྱོར་བཅས་བཞུགས་སོ། །

p. 398

སངས་རྒྱས་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་། དབྱེར་མེད་རིག་འཛིན་དཔའ་བོ་ལས་རབ་རྩལ། བརྒྱུད་ནས་དྲག་པོ་གནམ་ལྕགས་མེ་ཕྲེང་གི་དབང་བཤད་མདོར་བསྡུས་གསལ་པོར་བྲི་བར་བྱེད་པ། དེ་ལ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་དབང་བསྐུར་འདོད་པའི་ལས་བྱང་བཟླས་ཚོགས་ལྷག་པར་གྲུབ་ནས་ལས་བུམ་བསྐྱེད་བཟླས་བཅས་བྱ། སློབ་མ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བསྒོམས་ནས་མེ་ཏོག་བཀྱེ་བསྡུ་བྱས་རྗེས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པས་གསན་

p. 399

འཚལ། དེ་ཡང་སྐྱེས་རབས་ལས། རབས་ཏུ་དམའ་བའི་ས་ལ་འདུག། དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་གསུངས་པས། ལུས་ངག་ཡིད་གསུམ་ཞི་དུལ་དད་གུས་དང་ལྡན་པའི་ངང་ནས་ཉན། དེ་ཡང་མཉན་པར་བྱ་བའི་ཆོས་ནི་གང་ཞེ་ན། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་དང་བསྟུན་པའི་འདུལ་བྱེད་ཀྱི་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་གསུངས་པ་ལས། དེ་ལ་མདོར་

p. 400

བསྡུ་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་བསྡུ་བ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ནི། འབྲས་བུ་སྔགས་ཀྱི་ཐེག་པ་ཡིན། དེ་ཡང་རིང་བརྒྱུད་བཀའ་མ་ཉེ་བརྒྱུད་གཏེར་མ་དང་ཟབ་མོ་དག་སྣང་དང་བཀའ་སྲོལ་རྣམ་པ་གསུམ་ལས། འདི་ནི་ཟབ་མོ་དག་སྣང་གི་སྐོར་ཡིན་ཏེ་དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། གསང་ཆེན་ངེས་པའི་བཀའ་འདི་ལ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །དེ་ཕྱིར་ལོ་རྒྱུས་བརྗོད་པར་བྱ། །ཞེས་གསུངས་པས། ལོ་རྒྱུས་ཅུང་ཞིག་བརྗོད་ན། སྤྲུལ་པའི་སྐྱེས་མཆོག་༧རིག་འཛིན་དཔའ་བོ་ལས་རབ་རྩལ་ཞེས་དམ་པ་དེ་ཉིད་ཤིང་སྤྲེལ་གྱི་ལོར་ཁྲི་ཤོར་རྒྱལ་མོའི་མཚོ་འགྲམ་ནས་འོད་གསལ་དག་པའི་སྣང་ངོར། ཟངས་མདོག་དཔལ་གྱི་རི་བོ་ལོགས་རྣམས་སུ་བཻ་ཌཱུརྻའི་གྲོང་ཁྱེར་འབུམ་ཕྲག་ཡོད་པའི་རྩེ་མོའི་ཕོ་བྲང་གི་དབུས་སུ་ཟབ་འབོལ་དགུ་བརྩེགས་ཡོད་པའི་སྟེང་དུ། ཨོ་རྒྱན་རིན་པོ་ཆེ་བཞུགས་པའི་མདུན་དུ་མངོན་སུམ་བྱོན་ནས་དགའ་སྤྲོ་དད་པའི་ཕྱག་འཚལ་པུས་

p. 401

བཙུགས་ནས། བོད་ཡུལ་འགྲོ་བའི་གནས་ཚུལ་དང་། བསྟན་པའི་འཕེལ་འགྲིབ་ཇི་ལྟར་དང་། མི་ནད་གཙོ་གྱུར་བཅོས་མེད་ཀྱི་ནད་གདོན་རྣམས་ལ་ཕན་ཐབས་བཅས་གནང་བར་ཞུས་པས། གུ་རུ་རིན་པོ་ཆེས་དྲག་པོ་འདི་ཉིད་ཀྱི་སྒྲུབ་ཐབས་མན་ངག་ལས་ཚོགས་དང་སྤྱི་སྒོས་ཀྱི་ལུང་བསྟན་བཅས་ཟབ་རྒྱ་ཆེ་བར་གནང་ནས། དྲག་པོའི་སྐུར་བཞེངས་ནས་དབང་བཞིའི་ཡེ་ཤེས་ཀྱིས་སྨིན་པར་མཛད་ནས་ཁྱད་ཆོས་ཁྱད་པར་འཕགས་པ་ཡིན་ཏེ། གཞུང་ལས། བྱིན་རླབས་མཁའ་འགྲོའི་ཁ་རླངས་མ་ཉམས་པ༔ དྲག་སྒྲུབ་ཀུན་གྱི་སྙིང་པོའི་བཅུད་དམ་པ༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་ནི༔ མངོན་སུམ་བྱིན་རླབས་ལྡན་པའི་ཁྱད་ཆོས་སོ༔ ཞེས་དང་། ཨེ་མ་ཟབ་པའི་མཐར་ཐུག་པད་འབྱུང་དྲག་སྒྲུབ་འདི༔ དགྲ་བགེགས་དམ་སྲི་མ་རུངས་ཀུན་གྱི་གཤེད༔ ཁོག་པའི་སྙིང་བཞིན་འདི་ལ་གཅེས་པར་ཟུངས༔ འདི་དང་སུ་འཕྲད་བར་ཆད་རྐྱེན་ངན་གྲོལ༔ བྱིན་རླབས་ནུས་པའི་རྟགས་མཚན་འཕྲལ་དུ་འོང་༔ ཞེས་གསུངས་པ་དེ་ལྟ་བུའི་གདམས་པ་ཁྱད་

p. 402

པར་འཕགས་པའི་ཟབ་ཆོས་འདི་ཉིད་ཤིང་སྤྲེལ་ནས་ས་ཁྱིའི་བར་གྱི་མི་ལོ་བཅོ་ལྔ་ལ་གསང་བསྡམས་ཀྱི་བཀའ་རྒྱ་མཛད། དེ་ནས་སྤེལ་བའི་དུས་རྟགས་རྟེན་འབྲེལ་དང་བསྟུན་ནས་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྒྱ་རིམ་པར་འགྲོལ་བས། རིག་འཛིན་བརྒྱུད་པའི་གྲལ་མ་ཞིགམཁའ་འགྲོའི་ཁ་རླངས་མ་ཡལ། བྱིན་རླབས་ཀྱི་ཚ་ངར་མ་ཞི། རྟོག་གེས་བསྲེ་བསླད་མ་ཞུགས་པའི་ཐུགས་རྗེ་བྱིན་རླབས་ཤིན་ཏུ་མྱུར་བའི་གདམས་པ་ཟབ་མོའི་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བྱ་བར་བགྱི་འོས་སུ་གྱུར་པ། བདག་མདུན་དབྱེར་མེད་དུ་བསྒྲུབས་ཤིང་མཆོད་པ། ཟབ་གཏེར་གྱི་སྲུང་མ་ལ་གཏོར་མ་འབུལ་ཏེ་རྒྱ་འགྲོལ་བའི་ཕྲིན་ལས་བཅོལ་བ་ཚོགས་ཀྱི་འཁོར་ལོས་ལྷག་ཆད་ཁ་སྐོང་བ། བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བརླབས་པ་སོགས་གོང་དུ་གྲུབ་པ་ཡིན། ད་ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཞུ་བའི་ཕྱིར་དུ་མཎྚལ་ཕུལ། དེ་ནས་མཎྚལ་འབུལ་ནས། དེ་ནས་མི་ཕྱེད་དད་པའི་གདུང་ཤུགས་

p. 403

དྲག་པོས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མི་ཕྱེད་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་དབང་བཞིའི་ཐབས་ལྡན་རྡོ་རྗེ་འཛིན་པ་ཆེ༔ དཀྱིལ་འཁོར་གཙོ་བོ་བདག་ལ་དགོངས་སུ་གསོལ༔ བླ་མ་དྲག་པོའི་བྱིན་རླབས་གདམས་པ་ཡིས༔ བདག་རྒྱུད་སྨིན་ཕྱིར་རྗེས་སུ་འཛིན་པར་ཞུ༔ ལན་གསུམ་སོགས་ཞུ་བ་ཞུ་ལན་བྱ། ཨེ་མ་ཁྱོད་ནི་ལས་ཀྱི་སྐལ་བ་བཟང་༔ ཟབ་མོའི་སྔགས་ལ་མི་ཕྱེད་མོས་པ་ལྡན༔ གུ་རུ་དྲག་པོའི་སྐུ་གསུང་ཐུགས་རྡོ་རྗེ༔ བདག་གིས་ཁྱོད་ཉིད་བྱིན་གྱིས་བརླབ་པར་བྱ༔ དེ་ནས་དམིགས་པ་འདི་བཞིན་མཛོད༔ ས་ཕྱོགས་འདི་ཉིད་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་མདུན་གྱི་ནམ་མཁར་བླ་མ་དང་ཆེ་མཆོག་པདྨ་དྲག་པོ་རྩལ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་རྩ་གསུམ་ལྷ་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞུགས་པའི་མདུན་དུ་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་

p. 404

མཛོད། ཧཱུྃ༔ གུ་རུ་དྲག་པོ་བདེ་གཤེགས་འདུས་པའི་སྐུ༔ དབང་ཆེན་ཁྲོས་པའི་རྒྱལ་པོར་སྐྱབས་སུ་མཆི༔ ཁམས་གསུམ་བག་ཆགས་འཁྲུལ་སྣང་རྒྱུན་གཅོད་ཕྱིར༔ བསྐྱེད་རྫོགས་སྙིང་པོ་ཉམས་སུ་བླང་བར་བགྱི༔ ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས། དེ་ནས་དམ་ཆུ་སྦྱིན་པ་ནི། དམ་ཚིག་གི་བཤད་པ་ནི། རྒྱས་པར་བཤད་ན་མཐུས་ལེགས་ཀྱང་། མདོར་བསྡུ་ན། པད་སྡོང་བརྩེགས་པ་ལས། མ་ཉམས་བསྲུངས་ན་དོན་འབྲས་འགྲུབ༔ ཉམས་ན་ཡུན་དུ་དུཿཁ་མྱོང་༔ ཞེས་གསུངས་པས་ཆུ་འདི་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ༔ དམ་ཚིག་ལས་འདས་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བ་ནས་ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་ཅིང་མཐོང་ཆོས་སུ་ཡང་ཚེ་ཐུང་ནད་མང་བ་སོགས་ཕྱི་མ་དམྱལ་བའི་གནས་སུ་ལྟུང་ནས་ཉམ་ཐག་པར་གྱུར། དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་ཏུ་གྱུར་ནས་བྱིན་གྱིས་བརླབས་ཤིང་འདི་ཕྱིའི་ཕན་པ་མ་ལུས་པ་སྟེར་བར་བྱེད་པས། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་སྐུ་གསུང་ཐུགས་རྩ་བ་

p. 405

ཡན་ལག་གི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་བར་མཛོད། དེ་ནས་དམ་ཆུ་སྦྱིན་པ་ནི། ཧཱུྃ༔ དངོས་གྲུབ་སྲོག་ནི་དམ་ཚིག་ཉིད་ལ་རག༔ རྩ་བ་ཡན་ལག་མ་ཉམས་ཚུལ་བཞིན་སྲུངས༔ ཚེ་འདི་ཉིད་ལ་གྲུབ་པའི་རིག་འཛིན་འགྲུབ༔ ཉམས་ན་རྡོ་རྗེ་མེ་ཡིས་ཚིག་ཏ་རེ༔ བཛྲ་ས་མ་ཡ་ན་ར་སྐན༔ དམ་ཆུ་སྦྱིན། དེ་ནས་དངོས་གཞིའི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཨོཾ་མ་ཧཱ་ཤུ་ནྱེ་སོགས། ཁྱེད་རང་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་མེ་ཡི་ཚྭ་ཚྭ་འཕྲོ་བ་དེ་ལས་འོད་ཟེར་འཕྲོས་པས་ཞིང་རབ་འབྱམས་ཀྱི་རྒྱལ་བ་ཐམས་ཅད་ལ་ཕོག་པས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་མར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་གནོད་བྱེད་གདོན་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཧཱུྃ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཇིགས་བྱེད་

p. 406

པདྨ་དྲག་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ནམ་མཁར་ཕྱར་བ་གཡོན་པས་ལྕགས་ཀྱི་སྡིག་པ་མགོ་ཐུར་དུ་བསྣམས་པ། ཡུམ་མཆོག་ཕག་མོའི་ངོ་བོ་ཁ་ཊྭཱཾ་ག་མཆན་ཁུང་དུ་བརྟེན་པ། ཞབས་གཉིས་བརྐྱང་བསྐུམ་གྱིས་བམ་རོའི་གདན་ལ་འགྱིང་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་རབ་ཏུ་གཙིགས་པ། རལ་པ་ཁམ་ནག་ནམ་མཁའི་དབྱིངས་སུ་སྒྲེང་བ་སྤྱི་བོར་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དམར་གསལ་མཉམ་བཞག་གི་སྟེང་ན་ཚེ་ཡི་བུམ་པ་བསྣམས་པ། ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་ནང་ཕྱག་ན་རྡོ་རྗེ་མཐིང་ནག་ཁྲོ་ཆས་ལྡན་པ་དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རྡོ་རྗེའི་མཐའ་སྐོར་དུ་སྔགས་ཕྲེང་དམར་པོ་མེའི་ཚྭ་ཚྭ་ལྟར་འཕྲོ་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྲེག་པར་གསལ་བཏབ། སློབ་དཔོན་ཡང་དེ་ལྟར་གསལ་བའི་གནས་གསུམ་

p. 407

ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཕོ་བྲང་རི་བོ་ཏ་ལ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ནས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་གཞན་ཡང་ཕྱོགས་དུས་རྒྱལ་བ་སྲས་བཅས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་གུ་རུ་དྲག་པོའི་རྣམ་པ་ཁ་བ་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབང་པོའི་སྒོ་བ་སྤུའི་བུ་ག་ཐམས་ཅད་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིགདེ་ནས་རོལ་མོ་རྔ་དྲིལ་དང་གུ་གུལ་སྤོས་བསྲེགཧཱུྃ༔ དམིགས་མཐའ་བྲལ་བའི་ཆོས་དབྱིངས་ཆེན་པོའི་ངང་༔ སྤྲུལ་པའི་ཞིང་མཆོག་རྔ་ཡབ་དཔལ་རི་ནས༔ བདེ་གཤེགས་མཐུ་སྟོབས་འདུས་པའི་གཟི་བརྗིད་ཅན༔ དྲག་རྩལ་རྡོ་རྗེ་ཐོད་ཕྲེང་གཤེགས་སུ་གསོལ༔ སྔོན་ཚེ་པདྨ་ཁྲག་འཐུང་རཱུ་ཏྲའི་གཤེད༔ རྒྱ་མཚོར་སྐུ་འཁྲུངས་གཟའ་ཀླུ་དམ་ལ་བཏགས༔ དྲེགས་ཚོགས་སྲོག་འཕྲོག་དབང་དྲག་ཧེ་རུ་ཀ༔ དེང་འདིར་ལོག་འདྲེན་འདུལ་ཕྱིར་གཤེགས་སུ་གསོལ༔ རིགས་ཀྱི་བདག་པོ་རྒྱལ་བ་

p. 408

འོད་དཔག་མེད༔ ཡེ་ཤེས་སེམས་དཔའ་དཔལ་ཆེན་རྡོ་རྗེ་འཛིན༔ ཁྱུང་རྒོད་མེ་འབར་གནམ་ལྕགས་སྡིག་པའི་ཚོགས༔ སྤྲུལ་པའི་རྩལ་མདངས་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཀྲོ་ཏ་བཛྲ་ས་མ་ཡ་ཛཿཛཿཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ་སརྦ་ས་མ་ཡཱ་ཛཿཛཿམང་དུ་བརྗོད། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བྱ་བའི་ཕྱིར། ཨོཾ་སུ་པྲ་ཏིཥྛ་སོགས། སྤྱི་བོར་རྡོ་རྗེ་དང་མེ་ཏོག་བཞགདེ་ནས་དབང་དངོས་གཞི་ལ་དང་པོ་སྐུའི་དབང་། བུམ་པ་ཐོགས་ལ་འདི་སྐད་དོ། །ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་དྲག་པོའི་སྐུ་ལ་རྫོགས༔ བུམ་པ་ཞིང་ཁམས་སྐུ་དང་འདུ་འབྲལ་མེད༔ གཟི་བརྗིད་འོད་དང་ཟེར་དུ་མེ་རེ་རེ༔ སྐལ་ལྡན་ཁྱོད་ཀྱི་ལུས་ལ་དབང་བསྐུར་རོ༔ གུ་རུ་དྲག་པོ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་སོགས། བྷནྡྷ་མགྲིན་པར་བསྐུར་ལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་དྲག་པོའི་གསུང་ལ་རྫོགས༔ བྷནྡྷ་བདུད་རྩི་གསུང་གི་ངོ་བོ་ཉིད༔ ཨཱ་ལི་ཀཱ་ལིའི་སྔགས་སྒྲ་དི་རི་རི༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་རོ༔ གུ་རུ་དྲག་

p. 409

པོའི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཝཱཀྐ་ཨ་བྷི་སོགས། ཐུགས་ཀྱི་དབང་རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་དྲག་པོའི་ཐུགས་ལ་རྫོགས༔ འབར་བའི་ཕྱག་མཚན་མི་འགྱུར་ཐུགས་ཀྱི་རྟགས༔ འཁོར་འདས་རོ་གཅིག་ཀློང་དུ་ཡ་ལ་ལ༔ སྐལ་ལྡན་ཁྱོད་ཀྱི་སེམས་ལ་དབང་བསྐུར་རོ༔ གུ་རུ་དྲག་པོའི་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཙིཏྟ་ཛྙཱ་ན་སོགས། ཡོན་ཏན་ལྷ་གསུམ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་ཡོན་ཏན་ངོ་བོར་རྫོགས༔ སྣང་མཐའ་གསང་བདག་དབང་དྲག་འབར་བའི་ལྷ༔ ཡོན་ཏན་རྩལ་མདངས་དངོས་གྲུབ་ཆར་ཆེན་འབེབས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ གུ་རུ་དྲག་པོའི་ཡོན་ཏན་དབང་ཐོབ་ཤོག༔ རྩ་སྔགས་མཐར་གུ་ཧྱ་ཨ་བྷི་སོགས། ཕྲིན་ལས་ལྷ་གསུམ་ལག་ཏུ་གཏད་ལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་ཕྲིན་ལས་ངོ་བོར་རྫོགས༔ ཁྱུང་ཆེན་མེ་དབལ་གནམ་ལྕགས་སྡིག་པའི་ཚོགས༔ ཕྲིན་

p. 410

ལས་ཐོགས་མེད་སྤྲུལ་དང་ཡང་སྤྲུལ་འཕྲོ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ གུ་རུ་དྲག་པོའི་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་ཀརྨ་ཨ་བྷི་སོགས། ཡོངས་རྫོགས་གཏོར་མ་སྤྱི་བོར་བཞག་ལ། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ ཀུན་གྱི་བྱིན་རླབས་དྲག་པོའི་ལྷ་ལ་རྫོགས༔ གཏོར་མ་ཡེ་ཤེས་ལྷ་དང་གཉིས་སུ་མེད༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་གཏིབས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ གུ་རུ་དྲག་པོའི་ཡོངས་རྫོགས་དབང་ཐོབ་ཤོག༔ རྩ་སྔགས་སརྦ་ཨ་བྷི་སོགས། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། ལང་གྲོ་དཀོན་མཆོག་འབྱུང་གནས། ཀུན་མཁྱེན་ཆེན་པོ་ཆོས་དབྱིངས་དྲི་མེད་རྩལ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཁྱད་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་བདག་ཉིད་འཇིགས་བྱེད་པདྨ་དྲག་

p. 411

པོ་གནམ་ལྕགས་མེ་ཡི་ཕྲེང་བ་ཅན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། སྟེང་གདོན་གཟའ་དང་དྲང་སྲོང་གི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགའོག་གདོན་ཀླུ་ཆེན་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགབར་གདོན་བཙན་དང་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགཁྱད་པར་སྔར་མེད་གསར་བྱུང་གི་རྒྱལ་གཤེད་དམ་སྲི་འདྲེ་རྒོད་གདུག་པ་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་ངོ་བཞིན་དུ་རྒྱས་པར་མཛད་དུ་གསོལ། རྩ་སྔགས་དང་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ གཞན་ཡང་ཤིས་བརྗོད་སྲུང་སྡོམ་རྣམས་སྤྱི་ལྟར་བྱ། དེ་ལྟར་གུ་རུ་དྲག་པོ་གནམ་ལྕགས་མེ་ཡི་ཕྲེང་བའི་དབང་ཐོབ་པའི་དམ་ཚིག་བསྲུང་སྙམ་པ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། སྐུ་དྲིན་གྱི་ཆེད་དུ་མཎྚལ་

p. 412

ཕུལ་བར་མཛོད། ས་གཞི་སྤོས་ཆུས་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་བའི་ཚོགས་ཐམས་ཅད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་སོགས། དེ་ལྟར་དབང་བསྐུར་གྱི་དགེ་ཚོགས་སེམས་ཅན་གྱི་དོན་དུ་བསྔོ་བར་བགྱིའོ། །བསོད་ནམས་འདི་ཡིས་སོགས།། །།ལས་རབ་རྩལ་གྱིས་སོ།། །།

གུ་རུ་དྲག་པོ་ཡེ་ཤེས་གཟི་བརྗིད་ཀྱི་ཐུགས་དམ་བསྐུལ་ཆོག་ཕྲིན་ལས་ཐོགས་མེད།

p. 413

࿅༔ གུ་རུ་དྲག་པོ་ཡེ་ཤེས་གཟི་བརྗིད་ཀྱི༔ ཐུགས་དམ་བསྐུལ་ཆོག་ཕྲིན་ལས་ཐོགས་མེད་བཞུགས་སོ༔ གུ་རུ་དྲག་པོ་ཡེ་ཤེས་གཟི་བརྗིད་ལ་ཕྱག་འཚལ་ལོ༔ ཕྲིན་ལས་མྱུར་དུ་སྒྲུབ་བྱེད་ཐུགས་དམ་བསྐུལ་བའི་རིམ་པ་ནི༔ རྔམ་ཞིང་དྲག་པོའི་སྟངས་སྟབས་དང་༔ ཧེ་རུ་ཀའི་ང་རྒྱལ་ལྡན་པས་འདི་སྐད་དོ༔ ཧཱུྃ་བྷྱོ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་སྐུའི་རང་བཞིན་མཚན་མ་ཀུན་བྲལ་ཡང་༔ ཆོས་ཅན་བག་ཆགས་དངོས་འཛིན་སྦྱང་བའི་ཕྱིར༔ བདེ་གཤེགས་ཐུགས་རྗེའི་རང་བཞིན་འོད་དཔག་མེད༔ འགྲོ་ལ་བརྩེ་བས་དོན་མཛད་སྤྱན་རས་གཟིགས༔ རྣམ་འགྱུར་འགོག་མེད་སྤྲུལ་སྐུ་པདྨ་འབྱུང་༔ གདུལ་དཀའ་འདུལ་ཕྱིར་པདྨ་དྲག་པོ་རྩལ༔ འབར་བའི་ཁྲོ་རྒྱལ་གཏུམ་ཆེན་ཧེ་རུ་ཀ༔ སྐུ་གསུང་ཐུགས་མཆོག་གར་དགུའི་རོལ་པ་ལ༔ རབ་འཇིགས་དུར་ཁྲོད་ཆས་བརྒྱད་ཁྲོ་ཆས་རྫོགས༔ དམར་ནག་མདོག་ཅན་ཡེ་ཤེས་མེ་དཔུང་འཕྲོ༔ གཟི་བརྗིད་ཟིལ་གྱིས་སྣང་སྲིད་དབང་དུ་སྡུད༔ སྤྲུལ་པ་ཡང་སྤྲུལ་ཁྲོ་ཚོགས་སྟོང་གསུམ་ཁྱབ༔ ཕྱག་མཚན་གནམ་ལྕགས་རྡོ་རྗེ་འབར་བ་ཡིས༔ བདུད་སྡེའི་རི་བོ་སྙིལ་ཞིང་མགོ་བོ་འགེམ༔

p. 414

སྡིགས་མཛུབ་རྩེ་ནས་གནམ་ལྕགས་སྡིག་པ་འགྱེད༔ དམ་ཚིག་ཉམས་པའི་སྙིང་ཁྲག་ཧུབ་ཀྱིས་རྔུབ༔ རྩ་གསུམ་དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་གཙོ༔ རྗེ་བཙུན་ཆེན་པོ་པདྨ་དྲག་པོ་རྩལ༔ གདུང་ཤུགས་དྲག་པོའི་ང་རོས་ཁྱོད་ལ་འབོད༔ སྔོན་གྱི་ཐུགས་དམ་ཞལ་བཞེས་དུས་ལ་བབ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་མཁའ་ལྟར་དག་པའི་ཕོ་བྲང་ནས༔ ཁྲོ་མཆོག་པདྨ་རྒྱལ་པོ་སྐུ་བཞེངས་ཤིག༔ སྐུ་གསུམ་འགྱུར་བ་མེད་པའི་ཀློང་ཡངས་ནས༔ ཁྲོ་མཆོག་པདྨ་རྒྱལ་པོ་སྐུ་བཞེངས་ཤིག༔ བདེ་ཆེན་དབང་དྲག་རོལ་པའི་དུར་ཁྲོད་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ འོག་མིན་ཡོན་ཏན་བརྩེགས་པའི་ཞིང་ཁམས་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ རི་བོ་ཏ་ལ་དབང་གི་གཞལ་ཡས་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ ལྷོ་ནུབ་རྔ་ཡབ་གླིང་གི་ཕོ་བྲང་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ ཤ་ཆེན་རི་ལྟར་སྤུངས་པའི་ཕོ་བྲང་ནས༔ ཁྲོ་མཆོག་པདྨ་དྲག་

p. 415

པོ་སྐུ་བཞེངས་ཤིག༔ རཀྟ་མཚོ་ལྟར་བསྐྱིལ་བའི་ཕོ་བྲང་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ ཀེང་རུས་གྲམ་ལྟར་བརྡལ་བའི་ཕོ་བྲང་ནས༔ ཁྲོ་མཆོག་པདྨ་དྲག་པོ་སྐུ་བཞེངས་ཤིག༔ རྩ་བརྒྱུད་བླ་མ་འཁོར་དང་བཅས་ཏེ་གཤེགས༔ བྱིན་རླབས་ཐུགས་རྗེའི་འོད་ཕུང་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་འཁོར་དང་བཅས་ཏེ་གཤེགས༔ དངོས་གྲུབ་རྣམ་གཉིས་ཆར་ལྟར་སི་ལི་ལི༔ དཔའ་བོ་མཁའ་འགྲོ་འཁོར་དང་བཅས་ཏེ་གཤེགས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་ཤ་ར་ར༔ ཆོས་སྐྱོང་སྲུང་མ་འཁོར་དང་བཅས་ཏེ་གཤེགས༔ དྲག་པོ་མངོན་སྤྱོད་ལས་ལ་རྔམས་སེ་རྔམ༔ འདིར་གཤེགས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དུར་ཁྲོད་རབ་ཏུ་འཇིགས་པའི་དཀྱིལ་འཁོར་འདིར༔ དུང་ཆེན་ལྕང་ལོར་བཅས་པའི་སྣོད་ནང་དུ༔ དགྲ་བགེགས་རཱུ་ཏྲའི་སྙིང་གི་གཏོར་མ་བཙུགས༔ ཤ་ཁྲག་རུས་གསུམ་དབང་པོ་ནང་ཁྲོལ་སྤུངས༔ དམ་རྫས་སྨན་དུ་བདུད་རྩི་བྱིན་གྱིས་བརླབས༔ རྔམ་བརྗིད་དྲག་པོའི་མཆོད་པ་ཆེན་པོ་འདི༔ རྗེ་བཙུན་

p. 416

པདྨ་དྲག་པོའི་ལྷ་ལ་འབུལ༔ འཇིགས་རུང་གནམ་སར་བགྲད་པའི་ཞལ་དུ་སྟོབས༔ གསོལ་ཞིག་རོལ་ཞིག་སྣོམས་ཤིག་ཁ་རཾ་ཁཱ་ཧི༔ མཐུ་སྟོབས་བྱིན་རླབས་ནུས་པའི་དཔུང་སྐྱེད་ཅིག༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཐུགས་དམ་ཅན༔ ཐུགས་དམ་གནད་ནས་བསྐུལ་དུ་མི་འཚལ་ཡང་༔ སྙིགས་མ་ལྔ་བདོའི་སྙིགས་མའི་མཐའ་ལ་ཐུག༔ བསྟན་དགྲ་བར་ཆད་རྣམས་ནི་རླུང་ལྟར་འཚུབ༔ ནག་ཕྱོགས་ལྷ་སྲིན་རྣམས་ནི་གཟེངས་ལ་ལངས༔ རྒྱ་འདྲེ་འགོང་པོའི་དངོས་སུ་གཟུགས་ཀྱང་སྟོན༔ བདུད་དང་དམ་སྲིས་འགྲོ་བའི་བདེ་སྐྱིད་བཅོམ༔ དེ་ཕྱིར་གཞན་དུ་སྐྱབས་གནས་མ་མཆིས་པས༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ངོ་བོ་ཉིད༔ སངས་རྒྱས་གཞན་ལས་མྱུར་བའི་ཐུགས་རྗེ་ཅན༔ ཞལ་བཞེས་བསླུ་མེད་རྗེ་བཙུན་པདྨ་འབྱུང་༔ དབང་དྲག་འབར་བའི་ཀློང་ནས་ད་བཞེངས་ཤིག༔ གདུང་བས་འབོད་ཅིང་དམ་ཚིག་གནད་ནས་བསྐུལ༔ སྡུག་བསྔལ་ཉམ་ཐག་སེམས་ཅན་ཐུགས་རྗེས་གཟིགས༔ སྟོབས་

p. 417

རྩལ་རི་རབ་འབུམ་སྙིལ་དྲག་ཤུལ་གྱིས༔ དུག་གསུམ་དགྲ་བགེགས་ལོག་འདྲེན་སྡེ་དཔུང་བཅས༔ དབང་སྡུས་ཟིལ་གྱིས་ནོན་ལ་རྡུལ་དུ་རློགས༔ དུག་ལྔའི་ལྔ་ཕུང་དུམ་བུ་ཕྱེ་མར་འཐོགས༔ ཀླད་པ་དཀར་པོ་ཞོ་ཁྲག་བཞིན་དུ་དཀྲུགས༔ གཟུང་འཛིན་རྩ་བ་སྲོག་རྩ་རྦད་ཀྱིས་ཆོད༔ ཁོང་ཁྲག་དམར་པོ་རཀྟ་ཐང་ལ་ཕོས༔ གློ་སྙིང་དམར་པོ་ཁྲོས་པའི་ཞལ་དུ་རོལ༔ མ་རིག་འཁྲུལ་བ་སེམས་ཉིད་དབྱིངས་སུ་སྟིམས༔ ནག་ཕྱོགས་བདུད་སྡེ་དཔུང་བཅས་དུས་མཐའ་ཐུལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་ཕྲིན་ལས་མྱུར་དུ་འགྲུབ་པར་འགྱུར་བའི་གནད་ཡིག་གཅེས་པའོ༔ ས་མ་ཡཱ༔ བརྡ་ཐིམ༔ སྔགས་ནག་དྲག་པོ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པའོ༔ སརྦ་མངྒ་ལཾ༔ དགེའོ༔

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་གནད་བསྐུལ།

p. 418
p. 419

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཐུགས་དམ་གནད་བསྐུལ་བཞུགས་སོ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ དགྲ་བགེགས་བར་ཆད་བྱད་མ་སྒྲོལ་བའི་ཕྱིར༔ དབང་དྲག་དཔལ་ཆེན་ཐུགས་དམ་བསྐུལ་བ་ནི༔ གཏོར་མ་དགྲ་བགེགས་འགུགས་བསྟིམ་ཤ་ཁྲག་དམིགས༔ ལྷ་ཡི་ང་རྒྱལ་དྲག་པོའི་སྟངས་སྟབས་བཅས༔ རལ་ནག་ཐོད་བཅིངས་གསུར་ཆེན་དུད་པ་བཏང་༔ དར་ནག་གཡབ་ཅིང་གཟར་གྱིས་རཀྟ་འཐོར༔ ཧཱུྃ་བྷྱོ༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྱོད་ཀྱི་ཐོག་མའི་དུས་ཀྱི་ཐུགས་བསྐྱེད་དང་༔ བོད་ཀྱི་ཆོས་རྒྱལ་རྗེ་འབངས་གྲུབ་ཐོབ་ལ༔ གང་གི་ཞལ་གྱིས་བཞེས་པའི་དམ་བཅའ་རྣམས༔ བར་ཆད་ལོག་འདྲེན་འཚེ་བས་ཉེན་པའི་ཚེ༔ བདག་ཅག་གདུང་ཤུགས་དྲག་པོའི་སྙིང་ནས་བསྐུལ༔ གསོལ་བ་འདེབས་སོ་གུ་རུ་དྲག་པོ་རྩལ༔ བྱིན་གྱིས་རློབས་ཤིག་རྩ་བརྒྱུད་བླ་མའི་ཚོགས༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་དང་ཁྲོ༔ བར་ཆད་སོལ་ཅིག་དཔའ་བོ་མཁའ་འགྲོ་རྣམས༔ ཕྲིན་ལས་སྒྲུབས་ཤིག་ཆོས་སྐྱོང་དམ་ཅན་རྗེ༔ ཐུགས་དམ་མ་གཡེལ་མཐུ་སྟོབས་ནུས་པ་བསྐྱེད༔ ཧཱུྃ་བྷྱོ༔ ཉི་མ་ལྷོ་ནུབ་རྔ་ཡབ་དཔལ་གྱི་རི༔ ཤིན་ཏུ་མི་བསྲུན་རཀྴ་སྲིན་པོའི་

p. 420

ཡུལ༔ མི་མགོའི་རྩིག་པ་གནམ་ལྕགས་གཟེར་གྱིས་བསྡམས༔ ཞིང་ལྤགས་ཐོག་ཕུབ་རཀྟའི་ཞམ་ཆུ་འབབ༔ ཀེང་རུས་དྲལ་ཕྱམ་ཡན་ལག་ཀ་བ་བྱས༔ རོ་སྐྲས་ཁ་བད་སྦྲུལ་ནག་སྐྱེས་བུ་འཕྱང་༔ ཕོ་ལོང་ལྡ་ལྡི་ཁྲག་ཆེན་ཞལ་ཞལ་བསུབ༔ ཙིཏྟའི་ཏོག་བཙུགས་ཞིང་གི་རྒྱལ་མཚན་འཕྱར༔ གསུར་ཆེན་སྤྲིན་འཐིབ་བམ་རོ་གཅལ་དུ་བཀྲམ༔ བསྐལ་པའི་མེ་འཁྲུག་དུས་ཀྱི་རླུང་ཆེན་ལྡང་༔ འཇིགས་ཤིང་སྐྱི་གཡའི་ཕོ་བྲང་ཆེན་པོ་ནས༔ རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཐོད་ཕྲེང་རྩལ༔ གདུལ་དཀའ་འདུལ་ཕྱིར་སྲིན་པོ་ཁྲོས་པའི་ཞལ༔ སྐུ་ཆེ་ཡན་ལག་རགས་ཤིང་ལྷུན་པོར་མཉམ༔ ཡེ་ཤེས་ཁྲོ་བོ་འབུམ་གྱི་དབུས་ན་འགྱིང་༔ ཧཱུྃ་གི་སྒྲ་ཆེན་རི་རབ་འབུམ་བསྙིལ་བཞིན༔ མེ་དཔུང་ཁྲོ་ཆུང་ཟེར་གྱིས་སྣང་སྲིད་ཁྱབ༔ ཆོས་ཀྱི་དབྱིངས་ནས་སྤྲུལ་པར་བཞེངས་པའི་གར༔ ཆེ་བའི་ཆེ་མཆོག་པདྨ་ཧེ་རུ་ཀ༔ འཇིགས་བྱེད་འཇིགས་པར་བྱེད་པའི་དཔལ་ཆེན་པོ༔ ཁམས་གསུམ་དབང་སྡུད་རྡོ་རྗེ་ཐོད་ཕྲེང་རྩལ༔ ཐམས་ཅད་ཟིལ་གནོན་སྲིན་པོའི་གདན་ནས་བཞེངས༔ མྱུར་མགྱོགས་

p. 421

གློག་དང་དྲག་རྩལ་གནམ་ལྕགས་ཐོག༔ ཤིན་ཏུ་མི་བཟད་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དབང་དྲག་འབར་བའི་ཐུགས་དམ་དུས་ལ་བབ༔ སྔོན་གྱི་ཐུགས་དམ་བདུད་དང་རཱུ་ཏྲའི་གཤེད༔ ཁྱེད་ནི་ཡེ་ཤེས་ཁྲོ་རྒྱལ་ཡོངས་རྫོགས་བདག༔ སྤྱི་བོའི་གཙུག་ན་ཨ་མི་དྷེ་ཝས་བརྒྱན༔ ཐུགས་ཀྱི་ཀློང་ན་རྡོ་རྗེ་སྲིན་པོ་ཁྲོ༔ འོད་དང་ཟེར་ལས་ཁྲོ་བོ་ཁྲོ་མོ་འགྱེད༔ རྡོ་རྗེ་འབར་བའི་སེར་ཆེན་འདྲིལ་ཞིང་འབེབས༔ ཡཀྴ་མེ་དབལ་གློག་ལྟར་འཁྱུགས་སེ་འཁྱུག༔ ཁྱུང་ཆེན་ཁྲ་ཐབས་ཐོག་ལྟར་ཤ་ར་ར༔ གནམ་ལྕགས་སྡིག་པའི་ཚྭ་ཚྭ་ཐོ་རོ་རོ༔ རཀྴ་སྲིན་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ འགོང་པོོ་ཐེའུ་རང་འདུལ་ཕྱིར་གཤེགས་སུ་གསོལ༔ བེ་དཀར་རིགས་གསུམ་འདུལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་དམ་སྲི་འདུལ་ཕྱིར་གཤེགས་སུ་གསོལ༔ མོ་འདྲེ་བསེན་མོ་འདུལ་ཕྱིར་གཤེགས་སུ་གསོལ༔ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས་སུ་གསོལ༔ ཟ་འདྲེ་ཤི་གཤེད་འདུལ་ཕྱིར་གཤེགས་སུ་གསོལ༔ ཕུང་སྲི་རྒྱ་འདྲེ་འདུལ་ཕྱིར་གཤེགས་སུ་གསོལ༔ དམ་

p. 422

ལོག་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ སྣང་སྲིད་དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ དུག་གསུམ་ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ བདུད་དགྲ་དམ་ཉམས་སྲོག་རྩ་རྦད་ཀྱིས་ཆོད༔ བགེགས་དང་ལོག་འདྲེན་ཐལ་བ་རྡུལ་དུ་རློགས༔ དམ་སྲི་འབྱུང་པོའི་སྙིང་ཁྲག་ཧུབ་ཀྱིས་ཐོབ༔ བྱད་ཕུར་གཏད་ཁྲམ་རང་གཤེད་རང་ལ་ཕོབ༔ མཐུ་དང་ནུས་པ་གཟི་བརྗིད་དབང་དུ་སྡུས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ རྣམ་སྨིན་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ དུས་ལ་བབ་པོ་དབང་དྲག་ཕྲིན་ལས་མཛོད༔ ཅེས་བསྐུལ་སྤྲུལ་པའི་ཁྲོ་ཚོགས་དཔུང་བཅས་ཀྱིས༔ དགྲ་བགེགས་ཐམས་ཅད་ཚར་གཅོད་ལས་མཛད་བསམ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ལས་རབ་རྩལ་གྱིས་སོ།། །།

གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བསྒྲལ་བ་བདུད་འགོང་གཟུགས་ཕུང་འཐག་བྱེད་གནམ་ལྕགས་རྡོ་རྗེའི་ཐོ་ཆེན།

p. 423

࿅༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བསྒྲལ་བ་བདུད་འགོང་གཟུགས་ཕུང་འཐག་བྱེད་གནམ་ལྕགས་རྡོ་རྗེའི་ཐོ་ཆེན་བཞུགས་སོ༔

p. 424

བདུད་རྒྱལ་པདྨ་དྲག་རྩལ་སྐུ་ལ་འདུད༔ དེ་ཡང་བསྒྲལ་བའི་ལས་ལ་མཁོ་བའི་བྲུབ་ཁུང་ལིངྒ་བསྐུལ་གཏོར་གསེར་སྐྱེམས་བདུག་རྫས་ཕུར་པ་སོགས་འོག་ནས་བྱུང་བའི་བསྒྲལ་རྫས་ཚོགས་པར་བྱས་ལ༔ གསེར་སྐྱེམས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་མ་ལུས་པ༔ གསེར་སྐྱེམས་འདི་བཞེས་བདག་གི་དཔུང་གཉེན་མཛོད༔ སྣང་ཞིང་སྲིད་པའི་ལྷ་ཀླུ་འབྱུང་པོ་དང་༔ སྡེ་བརྒྱད་མཐུ་ཆེན་ཡུལ་ལྷ་གཞི་བདག་ཚོགས༔ གསེར་སྐྱེམས་འདི་བཞེས་བདག་གི་དཔུང་གཉེན་མཛོད༔ ཅེས་པས་ཕུད་མཆོད༔ གཟུ་དཔང་མཁྱེན་གསོལ་ནི༔ བདག་ཅག་བྱང་ཆུབ་

p. 425

བསྒྲུབ་ལ་བར་གཅོད་པའི༔ མི་དགེ་མཚམས་མེད་དབང་གྱུར་ཞིང་བཅུ་འདི༔ ལོ་ཟླ་ཞག་དང་ཟ་མར་མ་བཞག་པར༔ མྱུར་དུ་ཁུག་ལ་སྒྲོལ་བའི་ལས་མཛོད་ཅིག༔ བདག་གིས་མ་ཉེས་དམ་ཉམས་འདི་ཡིས་ཉེས༔ གཟུ་དཔང་མཛོད་ཅིག་དཀོན་མཆོག་ཐུགས་རྗེ་ཅན༔ མི་མངོན་དབྱིངས་ནས་བདག་གི་ར་མདའ་མཛོད༔ མཁྱེན་པས་གཟིགས་ཤིག་རྩ་གསུམ་རྒྱལ་བ་རྣམས༔ བཀའ་ཡི་ཆད་པ་དགྲ་དང་བགེགས་ལ་ཆོད༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསོལ་བས་མྱུར་དུ་སྒྲོལ་ཅིག་ཅེས་པས་གནང་བ་སྩལ་

p. 426

ཞིང་དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་ནས་དྲག་པོའི་ལས་ཀྱི་དཔུང་གཉེན་དུ་བཞེངས་པར་བསམ་མོ༔ བྲུབ་ཁུང་བསྐྱེད་པ་ནི༔ ཨེ་ལས་གནམ་ལྕགས་ཁང་སྒྲོམ་གྲུ་གསུམ་པ༔ ཁ་དོག་མཐིལ་ཡངས་ཟིན་ནས་ཐར་མེད་གནས༔ ནད་མཚོན་འཁྲུགས་ཤིང་བཤའ་གཏུབས་བཤན་པའི་གླིང་༔ འཇིགས་ཤིང་ཉམ་ང་མུན་པ་དགུ་རིམ་འཁྲུགས༔ དེའི་ནང་བསྟན་དང་བདག་ལ་སྡང་བའི་དགྲ༔ ཡན་ལག་ལྕགས་བཅུག་མྱ་ངན་འོ་དོད་འབོད༔ སྐྱབས་བྲལ་བྱེའུ་ཕྲུག་རྗེན་ལ་བོར་བ་ལྟར༔ གཅེར་བུ་འདར་ཞིང་འཁུན་ལ་ཉམ་ཐག་པ༔ དབང་པོའི་སྒོ་ནས་ཁྲག་འབབ་མཆི་མ་འབྱིན༔ དགྲ་བགེགས་ལོག་འདྲེན་ཀུན་འདུས་ངོ་བོར་གསལ༔ ཅེས་པ་ལྟར་གསལ་ཐེབ་པར་གདབ༔ དེ་ནས་དམོད་པ་འགུགས་པ་ནི༔ བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་ཕོ་ཉ་ལས་མཁན་དྲག་ལ་མྱུར་བ་རྣོ་ལ་རྩུབ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་སྟེ་དམིགས་བྱའི་དགྲ་བགེགས་གང་ན་གནས་ཀྱང་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་བསྟིམ་པར་དམིགས་ལ༔ སློབ་དཔོན་གྱིས་རྡོར་དྲིལ་གཡབ་དར་བཅས་འགུགས་པའི་ཕྱག་རྒྱ་བཅས་ལ༔ ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་དམ་པ་

p. 427

རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་༔ ཡི་དམ་དཔའ་བོ་ཌཱཀྐི་དམ་ཅན་སྲུང་མའི་བཀའ་བདེན་པ་དང་༔ ཁྱད་པར་དུ་ཆེ་མཆོག་པདྨ་དྲག་པོ་གནམ་ལྕགས་མེ་ཡི་ཕྲེང་བ་ཅན་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དམོད་པའི་བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་སྤྱི་བདུད་དགའ་རབ་དབང་ཕྱུག༔ བསྟན་བདུད་ལྷས་བྱིན་ནག་པོ༔ མུ་སྟེགས་ཕྱི་བོན་གདུག་པ་ཅན་རྣམས་ཀྱི་སྨོན་ལམ་ལོག་པའི་ཤུགས་ཀྱིས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཞི་དྲག་ལས་སྟོབས་དུ་མའི་སྒོ་ནས་འཇོམས་ཤིང་འཕུང་སེལ་འཇུག་པ༔ འཇིག་རྟེན་གྱི་ཁམས་སུ་དམག་འཁྲུག་རིམས་ནད་དལ་ཡམས་འབེབས་པ༔ ཚེ་འཕྲོག་སྲོག་ལེན་དཔལ་གཡང་ཉམས་པར་བྱེད་པ༔ སྐྱེ་བ་ནས་ཚེ་རབས་ཀྱི་ལན་ཆགས་སྨོན་ལམ་ལོག་པའི་བདུད་རིགས་སྤྱི་དང་༔ ཁྱད་པར་དུ་བདག་ཅག་ཡོན་མཆོད་མི་ཕྱུགས་འཁོར་དང་བཅས་ལ་གནོད་ཅིང་འཚེ་བའི་དགྲ་

p. 428

བགེགས་འབྱུང་པོ་འཕུང་བྱེད་རྒྱལ་གཤེད་བསེན་མོ་འགོང་པོ་སྤུན་དགུའི་སྡེ་རིགས་རྒྱབ་རྟེན་སྡོང་ཟླ་དང་བཅས་པ་གཟུགས་ཅན་དངོས་མེད་ཅི་མཆིས་པ་ཐམས་ཅད༔ སྟོང་གསུམ་སྲིད་པའི་འཛིན་ཁྱོན་གང་དུ་གནས་ཀྱང་༔ རང་དབང་མེད་པར་གཟུགས་ལིང་མིང་བྱང་བླ་རྫས་རྣམ་ཤེས་ས་བོན་དང་བཅས་པ་འདི་ལ་ད་ལྟ་ཉིད་དུ་ཁུག་ཅིག༔ རཱུ་ཏྲ་ནྲི་ཏྲི་མཱ་ར་ཡ་ཛཿཛཿཞེས་ལན་གསུམ་མམ་ཡང་ཡང་ཡིད་ཆེས་པར་བཀུག་ནས༔ འགུགས་སྔགས་ནི༔ ༀ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ནྲི་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ཐམས་ཅད་བཛྲ་ཨཾ་ཀུ་ཤ་ཡ་ཛཿཛཿཁུག་ཅིག་དྲོངས་ཤིག༔ བཟླས༔ ཛཿཧཱུྃ་བཾ་ཧོས་རྒྱས་འདེབས༔ ཕོ་ཉ་འགྱེད་ཅིང་འགུགས་པ་ནི༔ ཧཱུྃ་ཛ༔ དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ སྟོང་གསུམ་སྲིད་པ་ཤིགས་སེ་ཤིག༔ རྔམ་པའི་འབྲུག་སྒྲ་འུ་རུ་རུ༔ མེ་ཆར་ཚྭ་ཚྭ་སི་ལི་ལི༔ རྡོ་རྗེའི་སེར་རྒོད་ཐ་ར་ར༔ གནམ་ལྕགས་ཐོག་མདའ་ཤ་ར་ར༔ བླ་འབོད་ཤུགས་པ་ཀྱུ་རུ་རུ༔ བླ་འཛིན་ལྕགས་ཀྱུ་ཚུབས་སེ་ཚུབ༔ བླ་ཆིངས་ཞགས་པ་ན་

p. 429

ར་ར༔ བླ་འགུགས་གཡབ་ཡུག་ལྷབས་སེ་ལྷབ༔ གཤིན་སྐད་འོ་དོད་ཙེ་རེ་རེ༔ ལྕགས་སྡིག་འདུར་སྟངས་ཟངས་སེ་ཟང་༔ དུག་གི་ཕག་རྒོད་ང་ར་ར༔ ཆུ་སྲིན་རྐན་སྒྲ་ཐགས་སེ་ཐག༔ མེ་ཡི་བྱ་ཁྱུང་འུ་རུ་རུ༔ མངོན་སྤྱོད་དམོད་པའི་ལས་ལ་ཡ༔ མཐུ་སྟོབས་ནུས་པའི་རྩལ་ཕྱུང་ལ༔ སྡང་དགྲ་གནོད་བྱེད་གདུག་པའི་དབལ༔ འཕུང་བྱེད་རྒྱ་འདྲེ་འགོང་པོའི་རིགས༔ སྲིད་པའི་འཛིན་ཁྱོན་གར་གནས་ཀྱང་༔ བླ་སྲོག་རྣམ་ཤེས་རྟེན་དང་བཅས༔ འགུགས་འཆིང་སྡོམ་མྱོས་གནད་ལ་ཕོག༔ ལུས་ཀྱང་རླུང་གི་རྦ་ལ་གཡེངས༔ མུན་ནག་འཁྲིགས་པའི་ལྷུམས་སུ་ཁྱིགས༔ རྔམ་སྟབས་ཧབ་སྒྲ་དི་རི་རི༔ ཀླད་ལ་གཡུགས་ཤིང་བཙོན་ཁང་དུ༔ སྐད་ཅིག་ཡུད་ཙམ་རྟེན་ལ་ཕོབ༔ བཛྲ་ཧ་ལ་མུ་ཁ་ཛ་ལ་བྷྱོ་བྷྱོ༔ ཛཿཧཱུྃ་བཾ་ཧོཿསྲིད་པའི་གབ་སྐུང་ཕུད་ཅིང་འགུགས་པ་ནི༔ ཧཱུྃ་ཨེ་བྷྱོ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ མངོན་སྤྱོད་དམོད་པའི་སྟོབས་ཤུགས་ཀྱིས༔ སྣང་སྲིད་ཐམས་ཅད་དྲག་པོ་ཨེ༔ ནམ་མཁའ་ཐམས་ཅད་ཁྲོ་བོའི་སྤྲིན༔ ས་གཞི་ཐམས་ཅད་ཁྲོ་ཆུའི་རྦ༔ བར་སྣང་ཐམས་ཅད་

p. 430

ཐོག་རྒོད་ཆར༔ འབྱུང་ལྔའི་ཁམས་ཀུན་སྤུ་གྲིའི་དབལ༔ དྲག་ཏུ་འཁྲུགས་ཤིང་སྟོང་གསུམ་འཚུབ༔ སྲིད་ཞི་སུས་ཀྱང་བཟོད་གླགས་མེད༔ བདུད་དང་དམ་སྲི་འགོང་པོའི་དཔུང་༔ འབྲོས་རི་གབ་སྐུང་རྩད་ནས་ཕུད༔ སྔངས་སྐྲག་སྐྱབས་སུ་བྲོས་པ་བཞིན༔ དབང་མེད་ལས་ཀྱི་རླུང་གིས་འཕུལ༔ མཐར་བྱེད་བཤན་ར་འདིར་ཁུག་ཅིག༔ བཛྲ་ཏིགྞ་ཛ་ལ་ཐུན་ཛཿཛཿགསུམ་འདྲིལ་ཅིག་ཆར་འགུགས་པ་ནི༔ ཧཱུྃ་ཛ༔ པདྨ་དྲག་པོའི་དཀྱིལ་འཁོར་ནས༔ རྩལ་འགྱེད་དམོད་པའི་དུས་ལ་བབ༔ སྟེང་ནས་རིག་འཛིན་དམོད་པའི་ཆས༔ དྲག་སྔགས་འབྲུག་སྒྲ་འུ་རུ་རུ༔ བར་ན་ཡི་དམ་ཞི་ཁྲོའི་ཚོགས༔ རྔམ་སྟབས་ཐོག་མདའ་ཤ་ར་ར༔ འོག་ནས་ལས་བྱེད་བཀའ་སྡོད་ཚོགས༔ བླ་འབོད་གཤིན་སྐད་ལྷངས་སེ་ལྷང་༔ མཐའ་ནས་འབྱུང་བཞིའི་དགྲ་གཤེད་བསྐོར༔ སྣང་སྲིད་མཚོན་ཆར་འཚུབས་སེ་འཚུབ༔ ཀུན་ཀྱང་དྲག་ཏུ་འཁྲུག་པ་ཡིས༔ སྲིད་གསུམ་རྡུལ་ཕྲན་སི་ལི་ལི༔ རྒྱལ་འགོང་ངུ་སྐད་ཙེ་རེ་རེ༔ འདྲེ་རྒོད་སྐད་ངན་ཅོངས་སེ་ཅོང་༔ བདུད་ཀྱི་སྙིང་ཁྲག་ཙ་ར་ར༔ བསྟན་ལ་གནོད་བྱེད་འགོང་པོའི་དཔུང་༔

p. 431

རང་དབང་མེད་པར་འདིར་ཁུག་ཅིག༔ ཏིང་འཛིན་ཡི་དམ་མཐུ་མ་ཆུང་༔ བཀའ་སྡོད་ཕོ་ཉ་དམ་མ་གཡེལ༔ དམོད་པའི་ལས་ལ་རྩལ་མ་ཞན༔ དུས་ལ་བབ་པོ་ས་མ་ཡཱ༔ དེ་ནས་འགུགས་འཆིང་སྡོམ་མྱོས་ལྷ་བྲལ་གཟུགས་དབབ་ཀྱི་ཕྱག་རྒྱ་དང་དམིགས་པ་གསལ་བར་བྱས་ལ༔ བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གནྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨ་བེ་ཤ་ཡ་ཨ༔ དེ་ནས་བསྐུལ་གཏོར་བྲན་ལ༔ འགུགས་བསྟིམ་སྤེལ་ནས་སྨན་རཀ་བྲན་ཞིང་༔ དྲག་པོའི་ཐུགས་དམ་བསྐུལ་བ་གཏོང་༔ ལྷ་དང་དབྱེ་བ་ནི༔ གུལ་རྒོད་བདུག་ལ་བྱ་རོག་དང་འུག་པའི་སྒྲོ་བརྡེབ་ཅིང་དབྱེ་བའི་ཕྱག་རྒྱ་བཅས༔ ཧཱུྃ༔ པདྨ་དྲག་པོའི་ལྷ་ཚོགས་རྣམས༔ དབྱེེ་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ ཁྭ་ཁ་ཧུ་ལུའི་ཚོགས་སྤྲོས་ནས༔ དགྲ་བགེགས་རྒྱབ་རྟེན་ལྷ་དང་ཕྲོལ༔ རྩ་སྔགས་དང་༔ ཧ་ས་ཡ་ར་ཧྲཱིཿཏ་ན་ཡ་ཧཱུྃ་ཕཊ༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ༔ ནྲི་ཏྲི་དྷེ་ཝ་ཨུ་ཙ་ཡ་ཕཊ༔ ཐུན་ནི་དུག་ཁྲག་ཟངས་ལྕགས་རྡོ་ཕྱེ་ཡུངས་དཀར་ནག་སོགས་ཐུན་རྫས་སྣ་ཚོགས་ནད་མཚོན་དུག་གི་རང་བཞིན་དབལ་ཤུགས་རེག་ཙམ་གྱིས་རྡུལ་དུ་བརླག་ནུས་པར་དམིགས་ནས་དྲག་སྔགས་ཀྱིས་ནུས་ལྡན་དུ་ཕྱག་ལེན་ལྟར་བསྒྲུབས་པ་ཐོགས་ལ༔ བསད་དམིགས་དང་ཐུན་བཅས་དྲག་སྔགས་བཟླ་ཞིང་བརྡེགས་ལ༔ ཛཿཡིད་ལ་བརྣག་པའི་དགྲ་

p. 432

གདོན་བྱད་མ་ཡི༔ ལུས་ནང་སྤྱི་མགྲིན་སྙིང་ལྟེ་གསང་བ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན་པ་ཟུང་༔ གཡས་གཡོན་དྲག་ཏུ་འཁོར་བའི་རྣོ་ངར་གྱིས༔ འཁོར་ལོ་ལྔ་ཡི་རྩལ་རྣམས་ཐལ་བར་གཏུབས༔ ཕྱི་ནས་དཔལ་ཆེན་སྤྲུལ་པའི་ཕོ་ཉའི་ཚོགས༔ ཁྲོ་བོ་ཁྲོ་མོ་ཐུན་མཚོན་ཐོགས་པ་ཡིས༔ མ་ཐོབ་བཞིན་དུ་ཐུན་མཚོན་ཆར་ཕབ་པས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་བརླག་པར་གྱུར༔ ཅེས་དམིགས་པ་དེའི་ངང་ནས་རྩ་སྔགས་དང་དྲག་སྔགས་དྲག་ཏུ་བཟླ་ལ་ཐུན་གྱིས་བྲབ༔ དེ་ནས་ཕུར་པ་བྱིན་གྱིས་བརླབ་པ་ནི༔ ཐལ་མོ་སྦྱར་བའི་བར་དུ་ཕུར་པ་བཟུང་སྟེ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་ཡི༔ ཐབས་ཤེས་ཕྱག་སོར་རྣམ་པ་བཅུ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་ལས༔ ཧཱུྃ་ལས་སྐྱེས་པའི་ཀཱི་ལ་ཡ༔ སྐུ་སྟོད་པདྨ་དྲག་པོའི་སྐུ༔ སྐུ་སྨད་གནམ་ལྕགས་འབར་བའི་དབལ༔ དུག་སྤྲིན་མཚོན་ཆར་མེ་འོད་འཕྲོ༔ ཁྲོ་རྒྱལ་དེ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་ཕྲིན་ལས་སྟོབས༔ རང་འདྲའི་རྣམ་པར་སྤྱན་དྲངས་ནས༔ སྲས་མཆོག་འབར་བ་དེ་ལ་ཐིམ༔ ཁམས་གསུམ་དུས་གཅིག་སྒྲོལ་ནུས་པའི༔ དཔལ་དང་ནུས་པ་ལྡན་གྱུར་ཅིག༔

p. 433

ཚེ་ཁྲུས་ཀྱི་དགོངས་པ་ནི༔ ཧཱུྃ༔ ཡེ་ཤེས་ཕུར་བུའི་འོད་ཟེར་ནི༔ འོད་དམར་ཚ་ལ་མྱུར་བ་ཡིས༔ དགྲ་བགེགས་རྣམ་ཤེས་ལྷ་སྲུང་བཅས༔ དབང་དུ་བསྡུས་ནས་ཚེ་བསོད་ནི༔ ཨ་དཀར་རྣམ་པར་ཅན་གྱིས་འཕྲོག༔ བདག་ལ་ཐིམ་པས་གཟི་བརྗིད་འབར༔ སླར་ཡང་སྲས་མཆོག་ཁྲོ་བོའི་འོད༔ དམ་ཉམས་གཟས་པོར་ཕོག་པ་ཡིས༔ བག་ཆགས་ལས་ངན་ཐམས་ཅད་དག༔ བདག་ཉིད་དབང་དྲག་ཁྲོ་བོའི་རྒྱལ༔ སྲས་མཆོག་ཐོགས་མེད་ཀཱི་ལ་ཡ༔ མཚན་མ་ཞིང་བཅུ་ཚང་བའི་དགྲར༔ ཕྲིན་ལས་བསྒྲལ་འདྲེན་མངོན་སྤྱོད་ཉིད༔ དེ་ནས་རྫོང་འཕྲང་སྲོག་གསུམ་གནད་དང་ལྡན་པས༔ ལོག་རྡུགས་འབྱམས་གསུམ་གྱི་འཕྲང་བསལ་ཕྱིར་བདག་ལྷར་གསལ་བ༔ ཕུར་པ་སྲས་མཆོག་ཏུ་གསལ་བ༔ ལིངྒ་དགྲ་བགེགས་དངོས་སུ་གསལ་བ་གསུམ་གྱི་ངང་ནས་ཕུར་པ་འདྲིལ་ཞིང་༔ ཧཱུྃ༔ ཁམས་གསུམ་དབྱིངས་སྒྲོལ་པདྨ་དྲག་པོ་རྩལ༔ གསོད་བྱེད་ཕྱག་མཚན་བཛྲ་ཀཱི་ལ་ཡ༔ ལོག་འདྲེན་བདུད་སྡེའི་སྙིང་ལ་འདྲིལ་ཞིང་འདེབས༔ གཟུང་འཛིན་རྩ་བ་སྲོག་རྩ་རྦད་ཀྱིས་ཆོད༔ ༀ་པདྨ་ཀྲོ་ཏ་བཛྲ་ཀཱི་ལ་ཡ་ནྲི་ཏྲི་ཛ༔ ཧུར་ཐུམ་མཱ་ར་ཡ་རྦད༔ དེ་ནས་གཟས་པ་པོ་ཞིང་བཅུ་ཚང་བའི་རྣམ་སྨིན་གྱིས་ངན་

p. 434

སོང་དུ་འགྲོ་བ་ལ་སྙིང་རྗེ་ཆེན་པོའི་ཞེ་སྡང་འཁྲུགས་པའི་ང་རྒྱལ་དྲག་པོས་གནས་ངན་ལས་སྒྲོལ་ཕྱིར་རྣམ་ཤེས་སྤར་བ་ནི༔ ཕུར་པ་སྙིང་དཀར་ནག་མཚམས་སུ་བཏབ་ནས༔ སྲས་མཆོག་འབར་བའི་ཕུར་རྩེ་ཡིས༔ དགྲ་བགེགས་རྣམ་ཤེས་ནྲི་ཡིག་ཕྲོག༔ ཡེ་ཤེས་ཁྲོ་བོའི་སྐུ་དབྱིབས་བརྒྱུད༔ བག་ཆགས་ལས་ངན་དབྱིངས་སུ་དག༔ ཡེ་ཤེས་ས་བོན་ཧཱུྃ་དུ་བྱས༔ འོག་མིན་བདེ་བ་ཅན་གྱི་ཞིང་༔ འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ༔ རྒྱལ་བའི་སྲས་སུ་སངས་རྒྱས་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྤར་ནས་ལྟ་བའི་ངང་དུ་བཞག༔ དེ་ནི་ཐུགས་རྗེའི་འོད་ཀྱི་ཕུར་བུ་ཞེས་བྱ་སྟེ་ལས་ངན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་བྱའོ༔ རྒྱུད་ལས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་པའི་དོན་ནོ༔ དེ་གསལ་ཐེབས་པས་སྟོང་སྲོག་གཅིག་གིས་ཆོད་ཅིང་༔ བསྒྲལ་བ་གཞན་རྣམས་རོ་བརྩེགས་པ་དང་འདྲ་ཞེས་ལུང་མང་དུ་གསུངས་སོ༔ དེ་ལྟར་རྣམ་ཤེས་དབྱིངས་སུ་བསྒྲལ་ནས༔ ཕྱིར་མི་ལྡོག་པའི་ཕྱིར་བག་ཆགས་ཀྱི་རྟེན་གཞི་མཚོན་ཆ་སྣ་ཚོགས་ཀྱིས་བསྒྲལ་བ་ནི༔ བསྒྲལ་བྱའི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཉོན་མོངས་པའི་ཡུལ་དུ་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་འབར་བའི་མཚོན་ཆ་བརྡེགས་པས༔ སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས་ཤིང་༔ འབྲས་བུ་རྣམ་ཤེས་ཚོགས་བརྒྱད་དག་ནས༔ རིགས་ཀྱི་ཡབ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྲོལ་བར་བསམ་ལ༔ གཡས་རལ་གྲི་དང་

p. 435

གཡོན་ལྕགས་ཀྱུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱིས་ཕྱག་ན་རལ་གྲི་བསྣམས༔ དགྲ་བགེགས་མགོ་ལུས་དུམ་བུར་གཏུབ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ དགྲ་བགེགས་སྙིང་རྩ་ཁོང་ནས་དྲོངས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་ཧ་ན་ཧ་ན་ཧཱུྃ་ཕཊ༔ གཡས་རྡོ་རྗེ་དང་གཡོན་ཞགས་པ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ དགྲ་བགེགས་ཀླད་ཁྲག་ཞོ་ལྟར་དཀྲུགས༔ གཡོན་གྱི་ཕྱག་ན་ཞགས་པ་བསྣམས༔ དགྲ་བགེགས་ཡན་ལག་དུམ་བུར་གཏུབ༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ གཡས་པས་ལྕགས་སྒྲོག་དང་གཡོན་དྲིལ་བུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ དགྲ་བགེགས་ཤ་རུས་སོ་སོར་ཕྱེས༔ གཡོན་གྱི་ཕྱག་ན་དྲིལ་བུ་བསྣམས༔ དགྲ་བགེགས་དབང་པོ་དབང་དུ་སྡུས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་ཚལ་པ་ཚལ་པ་ཧཱུྃ་ཕཊ༔ གཡས་ཡུངས་ཀར་དང་གཡོན་ཁྲག་ཐུན་ཐོགས་ལ༔

p. 436

ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་ཡུངས་ཀར་བསྣམས༔ དགྲ་བགེགས་དོན་སྙིང་ཐང་ལ་ཕོས༔ གཡོན་གྱི་ཕྱག་ན་ཁྲག་མཚོ་ཁོལ༔ དགྲ་བགེགས་དམར་ཡམས་ནད་ཀྱིས་ཐོབ༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་གརྫ་གརྫ་ཧཱུྃ་ཕཊ༔ གཡས་དུག་སྡོང་དང་གཡོན་མཚེ་ཐུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་དུག་སྡོང་བསྣམས༔ ཕོ་གླང་དུག་ནད་ཆར་ལྟར་ཕོབ༔ གཡོན་གྱི་ཕྱག་ན་མཚེ་ཐུན་བསྣམས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་ནན་ཧཱུྃ་ཕཊ༔ གཡས་གཏོར་ཟོར་དང་གཡོན་རྡོ་ཐུན་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་ཕོ་ཉའི་ཚོགས༔ གཡས་ཀྱི་ཕྱག་ན་གཏོར་ཟོར་བསྣམས༔ དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ༔ གཡོན་གྱི་ཕྱག་ན་རྡོ་ཐུན་བསྣམས༔ དགྲ་བགེགས་ཐམས་ཅད་འཇོམས་པར་གྱིས༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ དགྲ་བགེགས་སརྦ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་ནས་ཐུན་གྱིས་བྲབ་ཅིང་མཚོན་ཆ་སྣ་ཚོགས་ཀྱིས་གཏུབ་པ་ནི༔ ཧཱུྃ༔ པདྨ་དྲག་རྩལ་ཁྲོས་པའི་སྐུ༔

p. 437

སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་སྤྲུལ་པས་སྟོང་གསུམ་གང་༔ ལས་བྱེད་ཚོགས་ཀྱིས་སྲིད་གསུམ་གཡོ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ རྩ་སྔགས་དང་དྲག་སྔགས་སྦྲེལ་བ་དྲག་ཏུ་བཟླས་ནས་བསྒྲལ་བར་བྱ༔ དེ་ལྟར་བསྒྲལ་བའི་ལིང་རོ་ཆ་གཅིག་བཟློག་མཚམས་འབུལ་རྒྱུར་བཞག༔ ཆ་གཅིག་ལྷག་མར་བསྲེ༔ ཆ་གཅིག་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཤ་ཁྲག་རུས་པའི་ཚོགས་ཆེན་སྤུངས་པ་འདི༔ དཔལ་ཆེན་ཁྲོ་རྒྱལ་དགྱེས་པའི་དམ་རྫས་མཆོག༔ ཐོད་ཕྲེང་དྲག་རྩལ་དཀྱིལ་འཁོར་ལྷ་ལ་འབུལ༔ ལྷག་མ་ཙམ་ཡང་མེད་པར་བཞེས་སུ་གསོལ༔ ༀ་ཨཱཿཧཱུྃ་ཨརྩིག་ནེརྩིག་སོགས་དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤ་ཡི་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ འདོད་ཆགས་ཁྲག་གི་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ ཞེ་སྡང་རུས་པའི་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ དབང་པོ་རྣམ་ལྔའི་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ དོན་སྙིང་རྣམ་ལྔའི་བྷ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁ་ཧཱི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་ཕུལ་བས་དྲག་

p. 438

པོའི་རྐན་སྒྲ་དང་བཅས་དགྲ་བགེགས་ཐམས་ཅད་ཀྱི་ཤ་ཁྲག་རུས་པ་ཁྲུམ་ཁྲུམ་དུ་ལྷག་མ་མེད་པར་ལྷ་ཚོགས་ཐམས་ཅད་ཀྱིས་བཞེས་ནས་དགྱེས་ཏེ་དགྲ་བགེགས་དབྱིངས་སུ་བསྒྲལ༔ རྣལ་འབྱོར་པ་ལ་ཁམས་གསུམ་ཡོངས་སྒྲོལ་གྱི་དངོས་གྲུབ་བསྩལ་ཏེ་ཐུགས་ཆོས་ཉིད་ཀྱི་ངང་དུ་བཞུགས་པར་བསམ་ལ་ལྟ་བའི་ངང་བསྐྱང་ངོ་༔ དེ་ནས་བཞེངས་ཏེ་བཟློག་པའི་ལས་མཛད་པར་བསམ་ལ༔ གཞུང་ལྟར་བཟློག་སྔགས་ཀྱི་རྟགས་ཐོན་དུ་བསྒྲུབས་ནས༔ ལྷ་འཁོར་ཐམས་ཅད་ཀྱི་བཟློག་པའི་མཚམས་རྣམས་སུ་ལིང་རོ་ཁྲག་སྐྱེམས་གཏོར་ལིང་བཅས་འབུལ་ནས་ལྷ་གྲངས་ལ་བཟློག་སྔགས་སྦྱར་ཏེ་བཟློག་གཞུང་དང་བཟློག་བསྐུལ་པདྨ་དྲག་ཁྲོས་ཀྱི་རྩ་བཟློག་བཅས་གཏོང་༔ ཞེས་པ་འདི་རྒྱ་རོང་སྤྲུལ་སྐུ་ནམ་མཁའ་དང་༔ དགེ་རྩེའི་བླ་མ་རིག་འཛིན༔ དགེ་མང་བླ་མ་ཨོ་རྒྱན་བསོད་ནམས་གསུམ་གྱི་བཀའ་ཕེབས་དང་༔ ཆོས་འདིར་དོན་གཉེར་བ་འགས་ཡང་ཡང་བསྐུལ་བ་དང་༔ རང་གི་བསྙེན་སྒྲུབ་དུས་སྡེ་བརྒྱད་དམ་ལ་བཞག་པ་དང་༔ སྲུང་མའི་ལས་དྲག་བྱུང་བ་དང་སྔ་ཕྱི་བདུད་འགོང་འགས་ཆོ་འཕྲུལ་གྱི་ལྟས་འཚུབས་པ་ལ་ཕན་པ་མངོན་དུ་གྱུར་ཅིང་༔ ཁྱད་པར་རྒྱལ་འགོང་བེར་ནག་གིས་ཆོ་འཕྲུལ་བསྟན་ཚེ་༧སྐྱབས་མགོན་རིན་པོ་ཆེ་ནས་བཟློག་པའི་ཤོག་དྲིལ་འབེབས་རྒྱུ་ཕེབས་པའི་ཁ་སྐོང་ཟབ་ཆོས་པདྨ་དྲག་ཁྲོས་ཀྱིས་བྱས་ནས་བྱིན་རླབས་ཀྱི་རྣོ་ཚན་ཆེ་བའི་ལྟས་བྱུང་བ་བཞིན༔ རྗེ་དེའི་རྗེས་འཇུག་ཏུ་རློམ་པའི་བསོད་ནམས་ཆོས་བཟང་གྲགས་པའམ་ཟིལ་གནོན་རྡོ་རྗེ་དྲག་པོ་རྩལ་གྱིས་བསྒྲིགས་པ་འདིས་བདུད་འགོང་བེར་ནག་དང་སྙིགས་མའི་བསྐལ་ངན་གྱི་སྣ་འདྲེན་པའི་དམ་སྲི་རྒྱ་འདྲེ་ཧ་ཤེད་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔ ཛ་ཡནྟུ༔

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཟོར་ལས་དགྲ་བགེགས་གཡུལ་བཟློག

p. 439

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་ཟོར་ལས་དགྲ་བགེགས་གཡུལ་བཟློག་བཞུགས་སོ༔

p. 440

གུ་རུ་རྡོ་རྗེ་དྲག་རྩལ་སྐུ་ལ་འདུད༔ དགྲ་བགེགས་བྱད་ཟོར་ཐན་ལྟས་མཐའ་དམག་སོགས༔ མི་མཐུན་ཀུན་བཟློག་ཟོར་གྱི་རིམ་པ་ནི༔ དྲག་པོའི་ལས་ལ་སྔགས་པའི་གནས་ཉིད་དུ༔ དབང་ཐོབ་དམ་ལྡན་བསྙེན་སྒྲུབ་ལས་རུང་བས༔ དྲག་དཀྱིལ་དམར་ནག་གྲུ་གསུམ་མེ་རིས་མཚན༔ དབུས་སུ་དུག་དང་འབྲུ་ནག་ཚོམ་བུ་བཀོད༔ ལྕགས་སླང་ནང་དུ་དཔལ་གྱི་ཟོར་ཆེན་ལ༔ ཟོར་ཕྲན་བརྒྱད་བསྐོར་ཤ་ཁྲག་དམར་གྱིས་བརྒྱན༔ རྩང་དང་མཚེ་ཡུངས་ཐུན་རྫས་སྣ་ཚོགས་དང་༔ ལིངྒ་དང་ནི་དཔལ་འབར་གཟུགས་པར་བྱ༔ སྟེང་དུ་ཁྱུང་སྐུ་དར་གྱི་གུར་ཡང་ཕུབ༔ ཐ་མར་རྔམས་བརྗིད་ཟོར་ཆ་མང་པོ་བཀོད༔ ཕྱི་ནང་མཆོད་པ་སྤྱན་གཟིགས་བཟང་དུ་བཤམས༔ གཞུང་བསྲངས་མདུན་བསྐྱེད་པདྨ་དྲག་པོ་ལ༔ རིག་འཛིན་ལྷ་ཚོགས་ཁྱུང་དང་མེ་དབལ་འཁོར༔ རྔམ་བརྗིད་ཁྲོས་འཁྲུགས་འབར་བའི་འཕྲུལ་འཁོར་གྱིས༔ དགྲ་བགེགས་

p. 441

ཐམས་ཅད་ཚར་བཅད་བཟློག་པར་བསམ༔ ༀ་ཨཱཿཧཱུྃ༔ ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ བཛྲ་ག་རུ་ཊ་ཡཀྴ་རཀྴ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ ༀ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲཾ་ཁྲཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཕ་རོལ་རྟགས་སྦྱར་

p. 442

བཟློག་པའི་དྲག་སྔགས་བསྒྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟུ་དཔང་གསེར་སྐྱེམས་ཕྱོགས་བཅུར་འཐོར༔ དགྲ་བགེགས་འགུགས་སྒྲོལ་ལས་སྦྱར་ལིང་རོ་བཏབ༔ བདག་མདུན་ཡེ་ཤེས་ཁྲོ་བོའི་ང་རྒྱལ་གྱིས༔ ཁྲོ་ཚོགས་སྤྲུལ་བསྒྱུར་ཏིང་འཛིན་དགོངས་པའི་ངང་༔ བཟློག་པའི་ཕྲིན་ལས་གྱེར་བ་འདི་ལྟར་རོ༔ ཧཱུྃ་བྷྱོ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ༔ བླ་མ་རིག་འཛིན་དྲག་རྩལ་རྫོགས་པའི་སྐུ༔ བཅོམ་ལྡན་དཔལ་ཆེན་པདྨ་དྲག་པོ་ནི༔ སྐུ་མདོག་དམར་པོ་གཟི་བརྗིད་འབར་བ་ཡིས༔ སྣང་སྲིད་ཕོ་རྒྱུད་མོ་རྒྱུད་དབང་དུ་སྡུས༔ སྣང་སྲིད་གཡོ་འཁྲུག་སྡང་བའི་དགྲ་ལ་ཟློག༔ འཇིགས་པའི་སྐུ་མཆོག་རི་རབ་ཟོམ་དང་མཉམ༔ སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད༔ སྲིད་གསུམ་ཕུང་གཡོས་སྡང་བའི་དགྲ་ལ་ཟློག༔ སྤྱན་གསུམ་དམར་ནག་ཕྱོགས་བཅུར་སྐོར་ཅིང་གཟིགས༔ ཕྱོགས་སྐྱོང་གདོན་ཚོགས་ཐམས་ཅད་འདར་ཞིང་སྔངས༔ ཕྱོགས་སྐྱོང་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ དབུ་སྐྲ་ཁམ་འབོལ་སྲིད་རྩེར་གཡེངས་ཤིང་འཐིབས༔ ལྷ་ཆེན་ཐམས་ཅད་རབ་ཏུའཇིགས་པར་མཛད༔ ལྷ་ཡི་བཀའ་ཆད་སྡང་བའི་དགྲ་ལ་ཟློག༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་

p. 443

ཡིས༔ ཁྲག་འཐུང་ལྷ་ཚོགས་རང་བཞིན་གནས་ནས་བསྐྱོད༔ ཁྲག་འཐུང་རིགས་ལྔའི་གདུག་རྩུབ་དགྲ་ལ་ཟློག༔ རིན་ཆེན་རྩེ་ཕྲན་ལྔ་ཡིས་བརྒྱན་པ་ཡིས༔ ཡེ་ཤེས་ལྔ་དང་འདུ་འབྲལ་མེད་པར་སྟོན༔ དུག་ལྔའི་བག་ཆགས་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་སྐོར་ཞིང་གདེངས༔ སྡེ་བརྒྱད་འབྱུང་པོའི་ཚོགས་ཀུན་རྡུལ་དུ་གཞོམ༔ སྡེ་བརྒྱད་ཆོ་འཕྲུལ་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡོན་གནམ་ལྕགས་སྡིག་པ་མགོ་དགུ་འགྱེད༔ དམ་ཚིག་ཉམས་པའི་སྙིང་ལ་རྔམས་ཤིང་ཟ༔ དམ་སྲི་སྒབ་འདྲེ་སྡང་བའི་དགྲ་ལ་ཟློག༔ མཆན་ཁུང་བདེ་སྟོང་ཁ་ཾ་ཀ་ལ་འཁྱུད༔ དུག་གསུམ་རྣམ་རྟོག་སྐུ་གསུམ་ཀློང་དུ་སྒྲོལ༔ ཉེས་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ ཐལ་ཆེན་ཚོམ་བུ་དཔྲལ་བར་བཀོད་པ་ཡིས༔ གཟའ་དང་རྒྱུ་སྐར་བཀྲག་མདངས་མོག་པོར་བྱེད༔ གཟའ་སྐར་དལ་ཁ་སྡང་བའི་དགྲ་ལ་ཟློག༔ མཁུར་ཚོས་རཀྟའི་ཐིག་ལེས་བརྒྱན་པ་ཡིས༔ འོད་དམར་ཟེར་གྱིས་བར་སྣང་མ་ལུས་འགེངས༔ ཡམས་ནད་རིམས་ནད་སྡང་བའི་

p. 444

དགྲ་ལ་ཟློག༔ ཞལ་ལ་ཞག་གི་ཟོ་རིས་ཆགས་པ་ཡིས༔ ཤ་ཟ་ཐམས་ཅད་བྲན་དུ་བཀོལ་བར་བྱེད༔ ཤ་ཟའི་ཟ་ཁ་སྡང་བའི་དགྲ་ལ་ཟློག༔ མགོ་ཕྲེང་ལྔ་བཅུའི་ཕྲེང་བ་གྱོན་པ་ཡིས༔ གཞན་ཕྱོགས་མ་ལུས་བརྒྱལ་འབོག་སྙིང་རྩ་འགས༔ གཞན་ཕྱོགས་སྡང་སེམས་སྡང་བའི་དགྲ་ལ་ཟློག༔ རུས་པའི་རྒྱན་དྲུག་སྐུ་ལ་བརྒྱན་པ་ཡིས༔ དུར་ཁྲོད་མ་ཚོགས་ལས་ལ་སྐུལ་བར་བྱེད༔ མ་ཚོགས་མཁའ་འགྲོའི་དམོད་ཟོར་དགྲ་ལ་ཟློག༔ རིན་ཆེན་རྒྱན་ཆ་སྣ་ཚོགས་སྤྲས་པ་ཡིས༔ གནོད་སྦྱིན་རྣམས་ཀྱི་ཁེངས་སེམས་འཕྲོག་པར་བྱེད༔ གནོད་སྦྱིན་གདུག་རྩུབ་སྡང་བའི་དགྲ་ལ་ཟློག༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན་པ་ཡིས༔ ཀླུ་དང་ས་བདག་གཡོ་འགུལ་མེད་པར་འཆིངས༔ ས་བདག་ཀླུ་ཡི་གཏད་ཁྲམ་དགྲ་ལ་ཟློག༔ མི་ལྤགས་དམར་པོའི་གཡང་གཞི་གསོལ་བ་ཡིས༔ འདོད་ཁམས་མ་ལུས་སྐྲག་ཅིང་འགྱེལ་བར་བྱེད༔ འདོད་ཁམས་བསམ་ངན་སྦྱོར་རྩུབ་དགྲ་ལ་ཟློག༔ གླང་ཆེན་པགས་པས་སྐུ་སྟོད་གཡོགས་པ་ཡིས༔ གཏི་མུག་ཅན་རྣམས་ང་རྒྱལ་གནོན་པར་མཛད༔ མ་རིག་

p. 445

འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ སྟག་ལྤགས་རློན་པའི་ཤམ་ཐབས་དཀྲིས་པ་ཡིས༔ ཆེ་བཙན་དྲེགས་ལྡན་ཐམས་ཅད་འཁོར་བར་བྱེད༔ དཔའ་རྩལ་ཤུགས་ལྡན་དམག་ཚོགས་དགྲ་ལ་ཟློག༔ སྐུ་མཆོག་གར་དགུ་རྫོགས་ཤིང་འགྱིངས་པ་ཡིས༔ ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པར་སྟོན༔ མུ་སྟེགས་ཀླ་ཀློའི་ངན་སྔགས་དགྲ་ལ་ཟློག༔ ལྗགས་འཁྱུགས་ཞལ་བསྒྲད་ཧཱུྃ་ཧཱུྃ་གད་རྒྱངས་ཀྱིས༔ ཕ་རོལ་བྱད་མ་རང་གཤེད་གནད་དུ་འབེབས༔ བྱད་ཟོར་ཕུར་ཁ་སྡང་བའི་དགྲ་ལ་ཟློག༔ ཐུགས་ཉིད་ཆོས་དབྱིངས་འགྱུར་མེད་གསང་བའི་བདག༔ འཁྲུལ་སྣང་གཟུང་འཛིན་ཐམས་ཅད་སྦྱོང་བར་བྱེད༔ མ་རིག་གཟུང་འཛིན་སྡང་བའི་དགྲ་ལ་ཟློག༔ ཞབས་གཉིས་དོར་སྟབས་བདུད་དང་སྲིན་པོ་མནན༔ ལོག་འདྲེན་ཐམས་ཅད་ལྡང་བ་མེད་པར་གནོན༔ གནོད་བྱེད་ལོག་འདྲེན་སྡང་བའི་དགྲ་ལ་ཟློག༔ ཉི་ཟླ་འབར་བའི་དཀྱིལ་འཁོར་གདན་དུ་བཏིང་༔ ཐབས་ཤེས་འགྱུར་མེད་དབྱིངས་སུ་རོལ་བར་མཛད༔ ཡ་བྲལ་ལོག་ལམ་སྡང་བའི་དགྲ་ལ་ཟློག༔ སྣ་

p. 446

ཚོགས་པདྨ་འབར་བའི་ཁྲི་ལ་བཞུགས༔ སྲིད་པའི་སྐྱོན་བྲལ་ཆགས་མེད་དགོངས་པ་བརྙེས༔ འགྲོ་དྲུག་སྲིད་པའི་ལས་ངན་དགྲ་ལ་ཟློག༔ སྤྲུལ་པའི་ཁྲོ་ཆུང་གནམ་ས་བར་སྣང་འགེངས༔ ཁྲོ་ཚོགས་དམག་གིས་མཐའ་བཞིའི་གཡུལ་ངོ་འཇོམས༔ མཐའ་དམག་དུས་འཁྲུགས་སྡང་བའི་དགྲ་ལ་ཟློག༔ གཟི་བརྗིད་འོད་ཀྱིས་མེ་ཆེན་འབར་བ་ཡིས༔ ཁམས་གསུམ་མ་ལུས་བསྲེགས་ཤིང་འཚིག་པར་བྱེད༔ ཁམས་གསུམ་བསམ་སྦྱོར་ངན་ཤོམ་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཆེ་བཙན་དཔལ་འབར་དབང་དྲག་ཧེ་རུ་ཀའི༔ སྤྱི་གཙུག་མཐའ་ཡས་སྤྲུལ་པའི་ཁྱུང་ཆེན་ལྡིང་༔ བདེ་གཤེགས་བརྒྱད་སྤྲུལ་ཁྱུང་གི་ཕོ་ཉར་འགྱེད༔ ཡང་སྤྲུལ་ཁྱུང་རྒོད་ཐོག་ལྟར་ཤ་ར་ར༔ གཟའ་ཀླུ་སྡེ་བརྒྱད་ཚོགས་རྣམས་དམྱལ་ཐག་གཅོད༔ ཡེ་ཤེས་ཁྱུང་ཆེན་འབར་བའི་མཐུ་སྟོབས་ཀྱིས༔ གཟའ་ཀླུ་སྡེ་བརྒྱད་ལྟས་ངན་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ རིག་འཛིན་རྩལ་འཆང་རྡོ་རྗེ་དྲག་པོ་རྩལ༔ རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་བརྒྱན༔ སྤྲུལ་པའི་བླ་མ་རིག་འཛིན་སྤྲིན་ལྟར་འཐིབས༔ བྱིན་རླབས་ཐུགས་རྗེའི་ཀློང་

p. 447

ནས་ནུས་པ་སྐྱེད༔ ལས་ཉོན་བག་ཆགས་བདུད་ཀྱི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ ཐུགས་ཀྱི་རིག་འཛིན་ཆེན་པོ་ཧཱུྃ་ཀ་ར༔ རྡོ་རྗེ་གྲུབ་པ་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབ༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན་ཅན༔ རྡོ་རྗེ་དགའ་བ་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབས༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ གསུང་གི་རིག་འཛིན་ཆེན་པོ་ནཱ་གརྫུ༔ རྡོ་རྗེ་དབང་བདུད་དམར་ནག་

p. 448

གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབས༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ ཕྲིན་ལས་རིག་འཛིན་ཆེན་པོ་པྲ་ཧསྟི༔ རྡོ་རྗེ་དྲག་རྩལ་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབས༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ རྦོད་གཏོང་རིག་འཛིན་དྷ་ན་སིཾ་སྐྲྀ་ཏ༔ རྡོ་རྗེ་བདེ་བ་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབས༔ ཕྱག་གཡོན་རྡོ་རྗེ་

p. 449

ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ ཡོན་ཏན་རིག་འཛིན་བི་མ་ལ་མི་ཏྲ༔ རྡོ་རྗེ་གྲོ་ལོད་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབ༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ མཆོད་བསྟོད་རིག་འཛིན་རོམ་བུ་གུ་ཧྱ་རྩལ༔ རྡོ་རྗེ་གཤོག་རྒོད་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབས༔ ཕྱག་གཡོན་རྡོ་རྗེ་ཕུར་བུ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ དམོད་པའི་རིག་འཛིན་

p. 450

ཤཱནྟིཾ་གརྦྷ་ཆེ༔ རྡོ་རྗེ་ཐེབས་གཤོག་དམར་ནག་གཏུམ་པའི་གཟུགས༔ པད་ཞྭ་བེར་མཐིང་མགོ་ཕྲེང་ཆོས་གོས་གསོལ༔ འཇའ་ཟེར་མེ་ཕྲེང་གཟི་བརྗིད་ཡ་ལ་ལ༔ ཕྱག་གཡས་ཟོར་ཆེན་ཐོག་མཚོན་བུ་ཡུག་འཚུབ༔ ཕྱག་གཡོན་རྡོ་རྗེ་ཕུར་པ་འདྲིལ་ཞིང་འདེབས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབས༔ དམ་ཉམས་དགྲ་བགེགས་མཐའ་ཡི་དམག་དཔུང་ཟློག༔ ཧཱུྃ་བྷྱོ༔ དུས་གསུམ་ཀུན་ཏུ་གཤེགས་ཤིང་བཞུགས་པ་ཡི༔ བླ་མ་རིག་འཛིན་རྒྱལ་བ་ཐུགས་རྗེ་ཅན༔ གང་འདུལ་ཐུགས་རྗེའི་ཀློང་ནས་ཁྲོ་ཚུལ་སྟོན༔ ནུས་པའི་རྩལ་རྫོགས་དྲག་སྔགས་དམོད་ཅིང་སྡིག༔ ཡེ་ཤེས་རྩལ་གྱི་སྤྲུལ་མདངས་ཅིར་ཡང་བསྒྱུར༔ མཁའ་འགྲོ་དམ་ཅན་མ་ཚོགས་འཁོལ་ཞིང་འགྱེད༔ ཡི་དམ་མངོན་གྱུར་རིག་འཛིན་རྣམ་བཞིའི་ཚུལ༔ དབུ་ལ་རྡོ་རྗེས་མཚན་པའི་པད་ཞྭ་མཛེས༔ ཕོད་ཀ་མཐིང་ནག་ཆོས་གོས་དམར་ལྗང་བཀླུབས༔ རུས་རྒྱན་མགོ་ཕྲེང་རྒྱན་སྤྲས་མེ་འོད་འཕྲོ༔ སྙིགས་མའི་རང་མཚང་དགྲ་གདོན་མཐའ་དམག་དཔུང་༔ རྡུལ་དུ་བརླག་པའི་ཐུགས་བསྐྱེད་ཁྱད་པར་ཅན༔

p. 451

ཁྱེད་རྣམས་ཟག་མེད་ཏིང་འཛིན་ཀློང་ནས་བཞེངས༔ བོད་ཡུལ་འགྲོ་བའི་སྡུག་བསྔལ་ཉེས་ཚོགས་ཟློག༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དབུས་ཕྱོགས་དམར་ནག་གྲུ་གསུམ་ཨེ་ཡི་དཀྱིལ༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་བྱིན་རླབས་རྩལ༔ དབང་དྲག་པདྨ་འཇིགས་བྱེད་ཁྲོ་བོའི་རྒྱལ༔ དུར་ཁྲོད་ཆས་རྫོགས་རྡོ་རྗེ་སྡིག་པ་བསྣམས༔ བླ་མ་རིག་འཛིན་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ སྣང་ཞིང་སྲིད་པའི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་ཐུགས་གསང་བ༔ བཅོམ་ལྡན་དཔལ་ཆེན་ཡང་དག་ཧེ་རུ་ཀ༔ མེ་དབལ་མཐིང་ནག་རྡོ་རྗེ་ཐོ་པ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་

p. 452

འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་སྐུ་ཡི་དཔལ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ མེ་དབལ་སེར་ནག་བེ་ཅོན་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་ནུས་པའི་དཔལ༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་རོལ་པ་རྩལ༔ མེ་དབལ་དམར་ནག་རལ་གྲི་ཕུར་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་འབར་བའི་དྲག་རྩལ་ཤུགས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྒྱལ༔

p. 453

མེ་དབལ་ལྗང་ནག་ཕུར་བུ་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ཤར་ལྷོ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་གཟི་བརྗིད་མདངས༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་མངོན་རྫོགས་ཆེ༔ མེ་དབལ་མཐིང་ནག་ཁྲག་མཚོ་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཤར་ལྷོའི་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ལྷོ་ནུབ་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་ཡོན་ཏན་རྩལ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཁྲོ་བོའི་གཙོ༔ མེ་དབལ་སྨུག་ནག་གྲི་གུག་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་

p. 454

ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ ནུབ་བྱང་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་དྲེགས་པའི་གཟུགས༔ བཅོམ་ལྡན་དཔལ་ཆེན་མཆོད་བསྟོད་འབར་བ་ནི༔ མེ་དབལ་མཐིང་ནག་མགོ་ཕྲེང་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ བྱང་ཤར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ དུས་གསུམ་བདེ་གཤེགས་ཁྲོ་ཚོགས་དམོད་པའི་མཐུ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི༔ མེ་དབལ་ནག་པོ་སྙིང་ཕྲེང་ཐོ་བ་བསྣམས༔ སྤྲུལ་པའི་ཁྲོ་ཚོགས་དགྲ་བགེགས་དམྱལ་ཐག་གཅོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་བསྒྱུར༔ ཧཱུྃ་བྷྱོ༔ གུ་རུ་དྲག་པོ་རབ་ཏུ་

p. 455

ཁྲོས་པ་ཡི༔ རང་མདངས་མ་མོ་མཁའ་འགྲོ་ཆོས་སྐྱོང་དང་༔ གནམ་ལྕགས་སྡིག་པ་དུག་སྦྲུལ་རྔམ་ཆེན་ཚོགས༔ ལྷ་ཚོགས་སྤྲུལ་པའི་ཚོགས་རྣམས་དབྱིངས་ནས་བཞེངས༔ རྒྱ་འདྲེ་འགོང་པོ་མཐའ་ཡི་དམག་དཔུང་ཟློག༔ ཀེག་དང་སྲི་རྩུབ་བར་ཆད་ཆོ་འཕྲུལ་སྒྱུར༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་ཟོར་འཕེན་པ་ནི༔ དམར་སྦྲེང་དཔལ་འབར་བཙུགས༔ ཁྲོ་ཚོགས་སྤྲུལ་པའི་དམག་གིས་དགྲ་བགེགས་རྡུལ་དུ་བརླགས་པར་བསམ་ལ་དྲག་པོའི་ང་རྒྱལ་གྱིས༔ ཧཱུྃ་བྷྱོ༔ དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཁྲོས་པའི་རྩལ་ལྡན་པདྨ་དྲག་པོ་རྩལ༔ སོགས་བརྗོད་ལ་དམིགས་པ་གནད་དུ་བསྣུན་ཞིང་ཟོར་བརྡེག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟོར་ཆེན་དྲག་པོའི་དམོད་བྱང་འདིས༔ དགྲ་བགེགས་བྱད་མ་མ་ལུས་རླག་པར་བྱེད༔ དེ་ཕྱིར་ཤིན་ཏུ་གསང་ཞིང་སྦ་བར་བྱ༔ བསྟན་དང་གང་ཟག་སྲུང་བའི་ལག་ཆར་ཤོག༔ ས་མ་ཡཱ༔ ཁ་ཐམ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཞེས་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་ལ་བབ་པ་ཡི་གེ་པ་སྔགས་བན་བསོད་ནམས་ཆོས་བཟང་གིས་བྱས་པའོ༔ ཟབ་ཆོས་འདིའི་བདེན་པས་སྙིགས་མའི་རང་མཚང་བསྟན་འགྲོའི་ཆག་སྒོ་བསྐལ་པ་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག༔ རྗེས་ཤུལ་ཙམ་ཡང་མེད་པར་བརླག་པར་གྱུར་ཅིག་དགེའོ་བཀྲ་ཤིས༔

p. 456

༈ ཧཱུྃ་བྷྱོ༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ དྲག་པོའི་ཟོར་དང་གཉིས་མེད་འབར་བའི་སྐུ༔ སྤྲུལ་པའི་འཕྲོ་འདུས་སྣང་སྲིད་ཁྲག་འཐུང་ཞིང་༔ དགྲ་བགེགས་ཚར་གཅོད་མཐུ་སྟོབས་ཐོགས་པ་མེད༔ དཔལ་ཆེན་ལྷ་ཚོགས་ཐུགས་དམ་དབྱིངས་ནས་བསྐུལ༔ དགྲ་བགེགས་བྱད་ཟོར་བཟློག་པའི་དུས་ལ་བབ༔ རིག་སྔགས་དམོད་པ་རང་གཤེད་རང་ལ་ཡཱ༔ ལས་རབ་རྩལ་གྱིས་སོ།། །།

གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་ལས་བཟློག་བསྡུས་གཅེས་ཟབ།

p. 457

࿅༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་ལས༔ བཟློག་བསྡུས་གཅེས་ཟབ་བཞུགས་སོ༔ ཧཱུྃ་བྷྱོ༔ དགོངས་པ་མཁའ་ལྟར་དག་པའི་ཀློང་ཡངས་ནས༔ དགོངས་པ་བརྡ་བརྒྱུད་སྙན་བརྒྱུད་རིག་འཛིན་དང་༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམ་པ་བརྒྱད༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ༔ ནག་ཕྱོགས་བདུད་དཔུང་འཇོམས་པའི་ཕྲིན་ལས་མཛོད༔ མངོན་སྤྱོད་དྲག་པོའི་ཐུགས་དམ་དུས་ལ་བབ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་དབང་དྲག་འབར་བའི་སྐུ༔ འཇིགས་པའི་ཁྲོ་རྒྱལ་འཇིགས་བྱེད་ཡོངས་ཀྱི་གཤེད༔ གཏུམ་ཆེན་མི་སྡུག་བདུད་དང་སྲིན་པོ་འདུལ༔ ཡེ་ཤེས་འཇིག་རྟེན་ཆེ་བཙན་ཟིལ་གྱིས་གནོན༔ པདྨ་དྲག་པོའི་ཐུགས་དམ་དུས་ལ་བབ༔ ཕྱག་ན་རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ ཡཀྴ་མེ་དབལ་ཐུགས་དམ་དུས་ལ་བབ༔ ཁྱུང་ཆེན་འབར་བའི་ཐུགས་དམ་དུས་ལ་བབ༔ གནམ་ལྕགས་སྡིག་པའི་ཐུགས་དམ་དུས་ལ་བབ༔ ཁམས་གསུམ་དབང་དུ་སྡུད་པའི་དུས་ལ་བབ༔ སྲིད་

p. 458

གསུམ་ཟིལ་གྱིས་གནོན་པའི་དུས་ལ་བབ༔ བདུད་དང་ལོག་འདྲེན་འདུལ་བའི་དུས་ལ་བབ༔ གནོད་བྱེད་དམ་སྲིའི་ཤ་ཟོས་ཁྲག་ལ་འཐུངས༔ དམ་མེད་འབྱུང་པོ་ཐལ་བའི་རྡུལ་དུ་རློགས༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ བླ་སློབ་རྗེ་འབངས་དཀྲུགས་པའི་འགོང་པོ་བཟློག༔ བྱུར་དང་མཐའ་དམག་འདྲེན་པའི་རྒྱ་འདྲེ་ཟློགས༔ བཙའ་ཐན་མུ་གེ་གཏོང་བའི་ཐེའུ་རང་བཟློག༔ ནད་ཐན་ཡམས་སྣ་འདྲེན་པའི་ཕུང་འདྲེ་བཟློག༔ ཉམས་སད་དངོས་གྲུབ་འཕྲོག་པའི་དམ་སྲི་ཟློགས༔ སྒབ་འདྲེ་འབྱུང་པོ་སྲི་རིགས་བཅོ་བརྒྱད་བཟློག༔ བྱད་ཕུར་གཏད་ཁྲམ་མནན་བསྲེགས་ཕུང་བཤིག་བཟློག༔ དགྲ་འདྲེ་གྱོད་བྱུར་མི་ཁ་གླེང་གཞི་བཟློག༔ དམེ་འདྲེ་གོད་འདྲེ་བསེ་རག་འབྱུང་པོ་བཟློག༔ གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་རྣམས༔ འགུགས་འཆིངས་སྒྲོལ་ལ་ཤ་རུས་དོན་སྙིང་རོལ༔ དཔུང་ཆོམས་གཡུལ་བཟློག་རྩ་ལག་སྡེ་དཔུང་ཐུལ༔ མེས་བསྲེགས་ཆུས་བཀྲུས་བསྐལ་པའི་རླུང་གིས་གཏོར༔ དམིགས་མེད་སྟོང་པའི་དབྱིངས་སུ་རྒྱས་ཐོབ་ཅིག༔ རྩ་སྔགས་ཤམ་དུ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་

p. 459

ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུན་དུན་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོམ་ཁྲོམ་བྷྱོ་རྦད་ནན་༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ བྱད་ཕུར་གཏད་ཁྲམ་སརྦ་ཨེ་ས་ན་ཡ་བྷྱོ་བཟློག་རྦད་ནན༔ ནད་གདོན་བར་ཆད་ཨེ་ས་བྷྱོ་བཟློག༔ ཨེ་ས་བྷྱོ་བཟློག༔ བཟློག་བསྡུས་གཅེས་ཟབ་འདི་སྔ་སོར་དགེ་བའི་བཤེས་གཉེན་བླ་མ་སྤྲུལ་སྐུ་ནམ་མཁའ་མཆོག་གྲུབ་ཀྱི་གསུང་ལན་འགར་ཕེབས་པ་དང་ཉེ་ཆར་བླ་མ་མགོན་པོ་དབང་རྒྱལ་གྱིས་བསྐུལ་ངོར་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ སརྦ་མངྒ་ལཾ༔

ཟབ་ཆོས་པདྨ་དྲག་ཁྲོས་ལས་གསེར་སྐྱེམས་བདུད་རྩིའི་སྤྲིན་ཕུང་།

p. 460
p. 461

དྷཾ༔ ཟབ་ཆོས་པདྨ་དྲག་ཁྲོས་ལས༔ གསེར་སྐྱེམས་བདུད་རྩིའི་སྤྲིན་ཕུང་བཞུགས༔ ཏིདྷྱཧཱུྃ༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ དྲག་པོ་པདྨའི་རྣལ་འབྱོར་པས༔ མདོས་ཀྱི་ཟོར་ལམ་སྒོ་དབྱེའི་འཕྱོངས༔ རིན་ཆེན་སྣོད་དུ་གསེར་སྐྱེམས་བཤམས༔ རང་ཉིད་ལྷར་གསལ་བྱིན་གྱིས་བརླབས༔ འདོད་དགུ་རང་བྱུང་བདུད་རྩིར་དམིགས༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཀོང་བུ་རུ༔ རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ གསེར་དངུལ་ལ་སོགས་རིན་ཆེན་ཚང་༔ ཨ་བུར་ལ་སོགས་སྨན་སྣ་ཚོགས༔ ནས་འབྲས་ལ་སོགས་འབྲུ་སྣ་ཚང་༔ དར་གོས་ལ་སོགས་དར་ཟབ་ཚང་༔ འདོད་དགུ་རང་བྱུང་བདུད་རྩིས་གཏམས༔ བསྐྱེད་རིམ་ལྷ་བསྒོམ་བྱིན་གྱིས་བརླབ༔ བཟླས་པ་སྔགས་ཀྱིས་སྤེལ་ཞིང་སྒྱུར༔ ཏིང་འཛིན་དམིགས་པས་མགྲོན་ལ་བསྔོ༔ ཧཱུྃ༔ དབང་དྲག་རོལ་པའི་དུར་ཁྲོད་ནས༔ ལས་བྱེད་ཕོ་ཉ་སྒོ་མའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དྲག་པོ་དཔལ་གྱི་ཟོར་ལམ་ཕྱེ༔ སྒོ་བས་སྒོ་ཕྱེ་ཤ་ར་ར༔ འཕྲང་མས་འཕྲང་སྒྲོལ་སི་ལི་ལི༔ ཟོར་ལམ་དགྲ་དང་བགེགས་ལ་གཏོད༔ ཧཱུྃ༔ སྟེང་གི་ཕྱོགས་ཀྱི་ལྷ་རྣམས་དང་༔ འོག་གི་ཕྱོགས་ཀྱི་ཀླུ་རྣམས་དང་༔ བར་སྣང་གནས་པའི་

p. 462

གཉན་རྣམས་དང་༔ གཟའ་དང་རྒྱུ་སྐར་ས་བདག་ཚོགས༔ ཕོ་རྒྱུད་མོ་རྒྱུད་སྲུང་མ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཐམས་ཅད་སྐུ་བཞེངས་ལས་ལ་གཤེགས༔ དྲག་པོའི་ཟོར་གྱི་དཔུང་ལ་གཤེགས༔ དགྲ་བགེགས་སྒྲོལ་བའི་དམག་ལ་ཆོས༔ དམ་ཉམས་སྒྲོལ་བའི་ཕྲིན་ལས་མཛོད༔ བཀའ་དང་དམ་ལས་མ་འདའ་ཞིག༔ གསེར་སྐྱེམས་མཆོད་པ་འདི་བཞེས་ནས༔ ལས་དང་གྲོགས་ལ་མ་སྤྱོན་ན༔ དྲག་པོའི་ཟོར་གྱི་འོད་འཕྲོས་ཏེ༔ ཕོག་ན་རྡུལ་དུ་བརླག་པར་འགྱུར༔ དེ་བས་སྔོན་གྱི་དམ་དགོངས་ལ༔ གསེར་སྐྱེམས་བཞེས་ལ་ཕྲིན་ལས་མཛོད༔ ཟོར་སྣ་དྲོངས་ལ་རུ་མཚོན་འཕྱོར༔ དམག་དཔུང་བསྐྱེད་ལ་དགྲ་བགེགས་སྒྲོལ༔ སྡེ་བརྒྱད་ལྷ་སྲུང་གཞི་བདག་རྣམས༔ སྔགས་འཆང་བདག་གི་བཀའ་མ་གཅོག༔ གསང་སྔགས་ཟབ་མོའི་དམ་མ་བཀྲལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟོར་སྒོ་དབྱེ་ཞིང་གསེར་སྐྱེམས་མཆོད༔ ཟོར་སྣ་དགྲ་བགེགས་ཕྱོགས་སུ་གཏད༔ འདིས་ནི་བར་ཆད་ཀུན་ཞི་ཞིང་༔ གང་བརྩམས་ཕྲིན་ལས་འགྲུབ་པར་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུ་ཀིརྟིས་ཤངས་ཟབ་བུ་ལུང་ནས་གདན་དྲངས་པའོ༔ མངྒ་ལཾ༔

གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བཟློག་པའི་རྗེས་ཀྱི་རིམ་པ་ཟོར་ལས་བདུད་དཔུང་གཡུལ་འཇོམས།

p. 463

࿅༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་བཟློག་པའི་རྗེས་ཀྱི་རིམ་པ་ཟོར་ལས་བདུད་དཔུང་གཡུལ་འཇོམས་བཞུགས་སོ༔

p. 464

བདུད་འདུལ་པདྨ་འབྱུང་གནས་སྐུ་ལ་འདུད༔ དེ་ཡང་གཏོར་བཟློག་གི་རྗེས་ཀྱི་རིམ་པ་ནི༔ བཟློག་པ་རྒྱས་བསྡུས་ཆ་བཅས་གྲུབ་ནས་ལྷག་མ་བསྔོ༔ ཕྱི་སྒོར་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་གསེར་སྐྱེམས་བདུད་རྩི་སྤྲིན་ཕུང་ལྟར་བྱ༔ ནང་དུ་ཕྱིན་ནས་མཆོད་བསྟོད་བྱ་ཞིང་དངོས་གྲུབ་ལེན༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ བརྗོད་པས་གཏོར་མའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་གཟུ་དཔང་གི་ཚུལ་དུ་བཞུགས་པར་བསམ་ལ་བཏེགས༔ དམ་ཚིག་པའི་ངོ་བོ་ཁྲོ་རྒྱལ་སྤྲུལ་འཁོར་སྲུང་མ་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་དམག་དཔུང་བསམ་གྱིས་མི་ཁྱབ་པ་སྲིད་གསུམ་རྡུལ་དུ་བརླག་ནུས་པའི་ཁྲོ་གཏུམ་འབར་ཞིང་ནད་མཚོན་དུག་གི་ཆར་འཕྲོ་བའི་རང་བཞིན་ཅན་དུ་བཞེངས་ལ་དམིགས་ནས་བཞེངས་བསྐུལ་གཏོང་བ་ནི༔ ཧཱུྃ༔ ལྷུན་གྲུབ་འོད་གསལ་འདུས་མ་བྱས༔ ཆོས་སྐུ་ཀུན་ཁྱབ་རྡོ་

p. 465

རྗེའི་དབྱིངས༔ སྟོང་ཆེན་ཐིག་ལེ་ཉག་གཅིག་ལ༔ བཞེངས་བཞུད་མཚན་མ་མི་མངའ་ཡང་༔ ཆོས་སྐུ་གནས་ལུགས་སྤྲོས་མེད་དབྱིངས༔ མ་རྟོགས་འཁྲུལ་བའི་གཟུང་འཛིན་ལས༔ རྟེན་འབྲེལ་སྒྱུ་མའི་སྣང་བརྙན་དུ༔ རྣམ་པར་ཤར་བའི་དགྲ་བགེགས་བྱུར༔ ལོག་པར་འདྲེན་པའི་བདུད་དཔུང་རྣམས༔ ཐུགས་རྗེའི་སྟོབས་ཀྱིས་འདུལ་བའི་ཕྱིར༔ ཆོས་དབྱིངས་དྲག་པོའི་གཞལ་ཡས་སུ༔ དབང་དྲག་ཁྲོས་པ་ཁྲོ་བོའི་རྒྱལ༔ ཆེ་བའི་ཆེ་མཆོག་འབར་བའི་སྐུ༔ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀ༔ གདུལ་དཀའ་འདུལ་

p. 466

མཛད་གར་དགུར་ལྡན༔ ཁྲོ་བོ་ཁྲོ་མོ་སྐུ་ལ་རྫོགས༔ སྐུ་ལ་རྫོགས་ཤིང་སྐུ་ལས་འཕྲོས༔ ཁྲོ་ཚོགས་ཕོ་ཉས་སྟོང་གསུམ་འགེངས༔ མ་ཚོགས་ཁྲོ་མོས་སྲིད་གསུམ་གཡོ༔ སྤྲུལ་པ་ཡང་སྤྲུལ་ཕྱོགས་བཅུར་ཁྱབ༔ བཞེངས་ཤིག་བཞེངས་ཤིག་སྐུར་བཞེངས་ཤིག༔ དབང་དྲག་ཕྲིན་ལས་དུས་ལ་བབ༔ བསྟན་དགྲ་བར་ཆད་རྡུལ་དུ་རློགས༔ སྤྱི་གཙུག་སྟེང་གི་ནམ་མཁའ་ནས༔ དྲིན་ཅན་མཚུངས་མེད་རྡོ་རྗེ་འཛིན༔ དཔལ་ལྡན་རྩ་བའི་བླ་མ་ལ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་དང་༔ དགུ་ལྡན་བརྒྱུད་པའི་བླ་མས་བསྐོར༔ མི་མངོན་དབྱིངས་ནས་སྐུ་བཞེངས་ཤིག༔ ཐུགས་དམ་བསྐུལ་ལོ་འགྲོ་དྲུག་སྒྲོལ༔ ཞི་བདེ་བྱང་ཆུབ་ལམ་ལ་སྦྱོར༔ དཔལ་མགོན་བདུན་ཅུ་ནག་པོ་སྟོང་༔ མགོན་པོ་ཕོ་རྒྱུད་གཡས་ནས་བཞེངས༔ དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས༔ དགྲ་གདོན་ཕོ་རྒྱུད་རྡུལ་དུ་རློགས༔ མ་མོ་མཁའ་འགྲོ་བྱེ་བ་འབུམ༔ ལྷ་མོ་མོ་རྒྱུད་གཡོན་ནས་བཞེངས༔ དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས༔ དགྲ་གདོན་མོ་རྒྱུད་རྡུལ་དུ་རློགས༔ རྒྱུད་སྡེ་བཞི་དྲུག་དཔལ་ཆེན་དགུ༔ ཡི་དམ་

p. 467

རྒྱ་མཚོ་རྒྱབ་ནས་བཞེངས༔ དམག་དཔུང་སྐྱེད་ཅིག་དགྲ་ལ་ཆོས༔ ཞིང་བཅུའི་དགྲ་གདོན་རྡུལ་དུ་རློགས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་༔ མཆོད་བསྟོད་བསྟན་པའི་སྲུང་མའི་ཚོགས༔ ཕོ་ཉ་ཤ་ཟ་འབུམ་སྡེ་རྣམས༔ མདུན་ནས་སྐྱོད་ཅིག་རུ་མཚོན་ཕྱོར༔ སྒོས་དགྲ་ཐལ་བའི་རྡུལ་བཞིན་རློགས༔ ཧཱུྃ་བྷྱོ༔ མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས༔ ད་དུས་བསྐལ་པའི་ཡང་མཐའ་འདིར༔ སངས་རྒྱས་བསྟན་པ་ལྷག་ལ་ཉེ༔ དགྲ་གདོན་བུ་ཡུག་རླུང་ལྟར་འཚུབ༔ ནད་མཚོན་མུ་གེའི་བསྐལ་པ་དར༔ མཆོག་གསུམ་བསྟན་པའི་དབུ་འཕང་དམའ༔ ཆོས་མཛད་རྣལ་འབྱོར་སྐྱབས་མགོན་བྲལ༔ ཀྱེ་མ་བསྟན་པའི་གཞུག་གཉེར་འདིར༔ དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས༔ ཐུགས་རྗེ་མ་གཡེལ་ཐུགས་བསྐྱེད་དགོངས༔ བརྟེན་ཅིང་བསྒྲུབས་པའི་རྩ་བ་གསུམ༔ མོས་འདུན་གཏད་པ་སུན་མ་ཕྱུང་༔ བསྙེན་སྒྲུབ་བརྩམས་པ་ཡིད་མ་གཅོད༔ མཆོད་གཏོར་ཕུལ་བའི་ཆོས་སྐྱོང་རྣམས༔ གསོལ་མཆོད་བྱས་པ་ཆུད་མ་གསོན༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་

p. 468

རྣམས༔ རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ལྟར༔ དམ་ཚིག་དྲན་པའི་ཕྲིན་ལས་མཛོད༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ ཉམས་པའི་དགྲ་བགེགས་བྱད་མ་འདིས༔ བླ་མའི་སྐུ་དང་བསྟན་ལ་བསྡོས༔ སྡིག་ལྟུང་མི་དགེ་མཚམས་མེད་སྤྱད༔ ད་ལྟ་བདག་གི་དགྲ་རུ་ལངས༔ རྣལ་འབྱོར་བདག་ལ་ལྷ་མེད་ཟེར༔ རྩ་གསུམ་སྲུང་མར་མཐུ་མེད་ཟེར༔ དེ་ཕྱིར་བསྒྲལ་བའི་ཞིང་བཅུ་འདི༔ མཐུ་སྟོབས་དྲག་པོས་མ་བསྒྲལ་ན༔ རྗེས་འཇུག་རྣལ་འབྱོར་སུ་ལ་རེ༔ སངས་རྒྱས་བསྟན་པ་མི་འཇིག་གམ༔ དེ་ཕྱིར་ཐུགས་རྗེའི་ཤུགས་ཕྱུངས་ཤིག༔ དེ་ཕྱིར་ནུས་པའི་སྟོབས་སྐྱེད་ཅིག༔ དྲག་སྔགས་བཟློག་སྔགས་སྦྲེལ་བ་ཅི་ནུས་བཟླས་པས༔ ཟོར་རྫས་ནུས་ལྡན་དུ་བསྒྲུབ༔ ཡེ་ཤེས་པ་ནམ་མཁར་བཞུགས་པའི་ལྷ་ཚོགས་ཀྱིས་ཟོར་དཔུང་བསྐྱེད་པའི་ཕྲིན་ལས་མཛད་ཅིང་ཟོར་རྫས་དྲེགས་པའི་དམག་དཔུང་ཁྲོ་གཏུམ་ཞེ་སྡང་དྲག་པོའི་ངར་དང་བཅས་སྣང་སྲིད་གང་ནས་བསྐྱོད་པར་བསམ་ལ་གཏོར་མ་དཔག༔ དམག་ལྟོའི་ཚུལ་དུ་ཆད་ཐོ་དགུག་པ་བྱིན་རླབས་བྱས་ནས་གཏོར་མ་འབུལ༔ རུ་མཚོན་ཟོར་བཅས་སྔོན་རིམ་བཞིན་ཁྱེར་བའི་རྗེས་ནས་སྒྲུབ་པོ་རྣམས་ཀྱིས་དྲག་པོའི་ང་རྒྱལ་བཅས་དྲག་སྔགས་བཟླ་ཞིང་དྲག་རོལ་བཅས་བསྐྱོད༔ གང་དུ་འཕེན་པའི་སར་སླེབས་ནས༔ ཟ་ལམ་གཟུ་དཔུང་གསེར་སྐྱེམས་འགུགས་བསྒྲལ༔ བསྟབ་པ་དམོད་

p. 469

བཅོལ་བྱ༔ དེ་ནས་ཟོར་དཔུང་བསྐྱེད་ཕྱིར་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ ད་ནི་ཟོར་འཕེན་དགྲ་ལ་འཕེན༔ ད་ནི་ཟོར་འཕེན་བགེགས་ལ་འཕེན༔ ང་ནི་ཁྲག་འཐུང་ཁྲོ་བོའི་རྒྱལ༔ ང་ནི་ཁྲག་འཐུང་ཁྲོ་མོའི་གཙོ༔ འཁོར་འདས་སྐྱེ་འགྲོ་ང་ཡི་དབང་༔ ཐམས་ཅད་མ་ལུས་ང་ཡི་བྲན༔ ཟ་གསོད་རྔམ་པའི་ཕོ་ཉ་ནི༔ སྤྲུལ་པ་འབུམ་འབུམ་གྲངས་མེད་འཕྲོ༔ དམག་ཚོགས་ལས་ལ་ཉེ་རེ་རེ༔ དགྲ་བགེགས་ཆམ་ལ་ད་ཕོབ་ཅིག༔ སྡེ་བརྒྱད་ལས་ལ་ཤ་ར་ར༔ དོན་སྙིང་དམར་པོ་ཁྱེར་ལ་ཤོག༔ རྣོ་ངར་མཚོན་ཆ་ཟངས་སེ་ཟང་༔ མཚོན་གྱི་གྲུ་གུ་དགྲ་ལ་གཡོས༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ བཞི་བརྒྱ་རྩ་བཞིས་དགྲ་སྲོག་ཆོད༔ མཚོན་གྱི་ཆར་པ་སི་ལི་ལི༔ དམ་ཉམས་དགྲ་བགེགས་སྟེང་དུ་ཕོབ༔ ཀི་སྒྲ་མང་པོ་དི་རི་རི༔ གོ་ཐོགས་མགྱོགས་པའི་རྟ་ལ་ཞོན༔ བསྭོ་སྒྲ་མང་པོ་ཀྱུ་རུ་རུ༔ མྱུར་མགྱོགས་བང་རྩལ་ལྡན་པས་རྒྱུག༔ རྒྱོབ་སོད་སྒྲ་སྐད་ལྷངས་སེ་ལྷང་༔ ད་སོད་ད་གཏུབས་རྡུལ་དུ་རློགས༔ མེ་རླུང་འཚུབ་མ་འུ་རུ་རུ༔ སྲེགས་ཤིག་ཐལ་བ་རླུང་གིས་གཏོར༔ མགྱོགས་པའི་རྟ་རྒྱུག་སྤྲེངས་སེ་སྤྲེང་༔

p. 470

སྟོང་གསུམ་བང་གིས་བསྐོར་ལ་སྒྲོལ༔ ཤོ་ཐོགས་རྩིས་མཁན་ཐ་ར་ར༔ རྩིས་ལ་མ་ནོར་དགྲ་བགེགས་ཐོབ༔ ཁྲམ་ཐོགས་བདུད་པོ་ཡེ་རེ་རེ༔ མ་འགྱངས་ཁྲམ་ལ་དགྲ་བགེགས་ཐོབ༔ སྲོག་གཅོད་བཤན་པ་སྤུངས་སེ་སྤུང་༔ སྙིང་རྗེ་མེད་པར་མྱུར་དུ་སྒྲོལ༔ ཤ་ཟོ་ཁྲག་འཐུང་འཇིབས་སེ་འཇིབ༔ རྡུལ་ཙམ་མ་ལུས་ད་ཟོ་ཞིག༔ ཟོར་འཕེན་པ་ནི༔ བཟློག་གཞུང་ལས༔ ཐ་མར་རྔམས་བརྗིད་ཟོར་ཆ་མང་པོ་བཀོད༔ ཅེས་པས་རི་གསུམ་འདུས་སྣ་གཡུལ་འགྱེེད་དུར་ཁྲོད་ཕུང་པོ་ཚོགས་པའི་ཟོར་ཀོང་ནང་དུ་ཐང་ཁྲོམ་མཚེ་ཡུངས་རྩང་དང་ཐུན་རྫས་སྦྱར་བའི་རྔམས་བརྗིད་ཅན་ལ་ཁྱད་པར་གྱི་ཟོར་རྫས་བཙུགས་འོས་ཅན་ལས་དང་པོ་ཚ་བའི་མེ་ཟོར་ནི༔ མི་རྟ་ཁྱི་སྤྱང་གི་ཚིལ་རྐང་གིས་བཙོས་པའི་དཔལ་འབར་ཅན་གྱི་ཟོར་ཐོགས་ལ༔ ཚ་བའི་མེ་ཟོར་ཐོ་རོ་རོ༔ མཐུ་སྟོབས་མེ་ཐུན་འབར་བས་སྲེགས༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་

p. 471

དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དམིགས་གནད་བཅས་དྲག་སྔགས་བཟློག་སྔགས་སྦྲེལ་ལ་བཟླ་ཞིང་འཕེན༔ ཆུ་ཟོར་ནི༔ ཆུ་མིག་བྱང་བལྟས་དགུ་སེར་བའི་ཆུ་རབ་ཐོད་སོགས་སྣ་ཚོགས་སུ་བླུགས་པ་ཐོགས་ལ༔ གྲང་བའི་ཆུ་ཟོར་ཆི་ལི་ལི༔ ཐར་མེད་རྒྱ་མཚོའི་ཀློང་དུ་བསྟིམ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རླུང་ཟོར་ནི༔ ཕུང་རེའི་གཡབ་རྡེབ་

p. 472

བྱ་ཞིང་༔ གཡབ་པའི་རླུང་ཟོར་འཚུབས་སེ་འཚུབ༔ སྤུ་གྲི་རླུང་གི་འཁོར་ལོ་བསྐྱོན༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀོང་གི་ས་ཟོར་ནི༔ ཚེ་ཟད་ས་དང་ཕུང་ས་སྣ་ཚོགས་ཀྱིས་རིམ་གྱི་གཟུགས་བཅོས་ཐོགས་ལ༔ ཀོང་གི་ས་ཟོར་ཐིབས་སེ་ཐིབ༔ རི་རབ་གླིང་དགུའི་འོག་ཏུ་ནོན༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔

p. 473

མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་ཟོར་ནི༔ ཐོག་མདེའུ་ལྟ་བུ་རྒྱན་མེད་པ་མཚེ་ཡུངས་རྩང་བཙུགས་པ་ཐོགས་ལ༔ སྔགས་ཀྱི་གཏོར་ཟོར་ཆེམས་སེ་ཆེམ༔ ནད་གདོན་ཐན་ངན་ཆར་པ་ཕོབ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་

p. 474

བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་ཟོར་ནི་དུར་ཁྲོད་རི་གཉན་གྱི་རྡོ་ནག་དུག་ཁྲག་གིས་བྷྱོ་བཟློག་རྦད་བྲིས་པ་ཚོན་སྐུད་སྒུལ་རྡོ་ཞིང་ལྤགས་ཀྱི་མཐིལ་ཡུགས་སྐྲས་འཇག་ཅན་ཐོགས་ལ༔ འཕེན་པའི་རྡོ་ཟོར་ཧྲི་ལི་ལི༔ རྫ་ལྟར་ཉིལ་ལ་དགྲ་བགེགས་རློགས༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མཚོན་ཟོར་ནི༔ མཚོན་ཆ་སྣ་ཚོགས་ཤིང་བྱང་ལ་བྲིས་པའམ་དངོས་དགྲ་བཅོས་ནས་བཅུག་པ་ཐོགས་ལ༔ བསད་པའི་མཚོན་ཟོར་ཟངས་སེ་ཟང་༔ སྣ་ཚོགས་མཚོན་ཆར་དགྲ་ལ་ཕོབ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་

p. 475

ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡུངས་ཟོར་ནི༔ ཡུངས་ཀར་ཤ་རི་རམ་མམ༔ ཡུངས་ཀར་གྱི་གོང་བུ་བཙུགས་པ་ཐོགས་ལ༔ དྲག་པོའི་ཡུངས་ཟོར་ཐོ་རོ་རོ༔ སེར་ཆེན་ལྟར་འདྲིལ་དགྲ་བགེགས་སྒྲོལ༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་

p. 476

ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྒོང་ཟོར་ནི་བྱ་མོ་ནག་མོའི་སྒོ་ང་ཐོགས་ལ༔ ནམ་མཁའ་སྒོང་ཟོར་ཡ་ལ་ལ༔ སྐྱེ་མེད་དབྱིངས་ལ་རྣམ་ཤེས་སྦྱོར༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མདའ་ཟོར་ནི་སྐྱེར་མདའ་འུག་སྒྲོ་ལ་གྲི་ལྕགས་ཀྱི་མདེའུ་ཅན་བཟློག་སྔགས་ཀྱིས་བརྒྱན་པ་ཐོགས་ལ༔ རྣོ་བའི་མདའ་ཟོར་ཀྱུ་རུ་རུ༔ བུ་ཡུག་ལྟར་འཚུབ་དགྲ་བགེགས་སྒྲོལ༔ ཕོ་རྒྱུད་རྩད་ནས་

p. 477

ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཁྲག་ཟོར་ནི༔ གཡག་རྒོད་མགོ་ཅན་གྱི་རྭ་གཡས་པར་ཁྲག་སྣ་ཚོགས་ཚད་བླུགས་པ་ཐོགས་ལ༔ ཁྲག་ཟོར་ནད་དུ་ཆི་ལི་ལི༔ དམར་ཡམས་ནད་ཀྱིས་ད་སོད་ཅིག༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་

p. 478

གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མཚེ་ཟོར་ནི༔ ཀེ་ཤང་བྲག་མཚེ་རྣམས་བཙུགས་པ་ཐོགས་ལ༔ མཚེ་ཟོར་མདུང་ལྟར་ཟེངས་སེ་ཟེང་༔ དགྲ་བགེགས་དོན་སྙིང་ཚལ་པར་ཁོས༔ ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་རྒྱུད་མངལ་ནས་སྐོམ་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨངས་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ ཕུང་ཐབས་སྣ་དགུས་རྗེས་མེད་ཐོངས༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོངས༔ ཁ་ཕུང་རྗེས་མེད་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་གཏོར་མའི་དམ་ཚིག་པ་བདག་ལ་བསྟིམས་ནས་གཏོར་ཟོར་སྤྲུལ་པའི་དམག་ཚོགས་དང་ནད་མཚོན་དུག་སོགས་

p. 479

ཀྱི་རྣམ་པར་བསྒྱུར་ནས་དྲག་པོའི་ང་རྒྱལ་གྱིས༔ ཧཱུྃ་བྷྱོ༔ དམར་ནག་ཟུར་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཁྲོས་པའི་རྩལ་ལྡན་པདྨ་དྲག་པོ་རྩལ༔ རྔམས་བརྗིད་ཁྲོས་པའི་སྟངས་སྟབས་ཡ་ལ་ལ༔ མེ་དཔུང་ཁྲོ་ཚོགས་དྲག་སྔགས་འུ་རུ་རུ༔ ཁྱུང་རྒོད་མེ་དབལ་སྡིག་སྲིན་ཤིགས་སེ་ཤིག༔ ཟོར་ཆེན་ནད་མཚོན་དུག་ཐུན་ཤ་ར་ར༔ དམ་ཉམས་དགྲ་བགེགས་བརྟེན་པའི་མཁར་ལ་ཡ༔ གནས་གཞིས་གྲོང་ཁྱེར་ཐལ་བ་རྡུལ་དུ་རློགས༔ དམ་ཉམས་དགྲ་བགེགས་ལུས་ངག་ཡིད་ལ་ཡ༔ སྡེ་དཔུང་རྩ་ལག་ཐལ་བ་རྡུལ་དུ་རློགས༔ དམ་ཉམས་དགྲ་བགེགས་བརྟེན་པའི་ལྷ་ལ་ཡ༔ རྒྱབ་རྟེན་དཔུང་གཉེན་ཐལ་བ་རྡུལ་དུ་རློགས༔ དྲག་པོའི་ཟོར་གྱི་ཕྲིན་ལས་དུས་ལ་བབ༔ དགྲ་གདོན་བྱད་མ་རྩད་ཆོད་དྲུངས་ནས་ཕྱུངས༔ ནད་མཚོན་དུག་དང་ཐུན་གྱི་འཁོར་ལོ་བསྐོར༔ གཡུལ་བཟློག་དཔུང་ཆོམ་མཐའ་སྡུས་རྗེས་མེད་ཐོངས༔ མཱ་ར་ཡ་ཐུན་བྷྱོ༔ ཟོར་བྷྱོ༔ དམ་ཉམས་དགྲ་བགེགས་བྱད་མ་ཧུར་ཐུམ་ཛ་རྦད༔ ཅེས་བརྗོད་ནས་དྲག་སྔགས་བཟློག་སྔགས་སྦྲེལ་ལ་འཕངས་པས༔ ཁྲག་འཐུང་པདྨ་དྲག་པོའི་ལྷ་ཚོགས་བཀའ་སྡོད་

p. 480

དམ་ཅན་དང་བཅས་པ་ཐམས་ཅད་ཀྱིས༔ ཟོར་དང་ནད་མཚོན་དུག་གསུམ་གྱི་ཆར་མཚོན་སྣ་ཚོགས་ཕབ་པས༔ དགྲ་གདོན་བྱད་མ་ཐན་ལྟས་སོགས་གང་ལ་དམིགས་པའི་སྒོ་གསུམ་རྩ་ལག་སྡེ་དཔུང་གནས་གཞིས་དང་བཅས་པ་ཐམས་ཅད་རྫ་བྲག་ཐོག་གིས་བཤིགས་པའམ་གྲོག་ཚང་སེར་བས་བརྡུངས་པ་བཞིན་རྡུལ་དུ་བརླགས་ཤིང་དངོས་མེད་རྗེས་མེད་དུ་གཏོར་བར་བསམ་ལ་འཕང་༔ ཐལ་རྡེབ་དམོད་མོ་ཕུང་རེས་གཡབ་མོ་བཅས་བྱའོ༔ གཏོར་གཞོང་བཤལ་ལ་བསྟན་མའི་གཏོར་མ་བླུགས་ལ་བྱིན་གྱིས་བརླབས་ནས་སྐྱོང་བ་ནི༔ ཧཱུྃ༔ བདུད་མོ་བཞི་དང་གནོད་སྦྱིན་ཆེན་མོ་བཞི༔ སྨན་བཙུན་རྣམ་བཞི་ལ་སོགས་བོད་སྐྱོང་རྣམས༔ འཁོར་དང་ཡང་འཁོར་བྲན་དང་ཕོ་ཉའི་ཚོགས༔ དཔལ་གྱི་ཕམ་ཕབ་བདུད་རྩིའི་བཤལ་ཆུ་བཞེས༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་༔ མུ་སྟེགས་བར་ཆད་སྒྲོལ་བའི་སྡོང་གྲོགས་མཛོད༔ ཅེས་པས་བསྟན་མའི་གཏོར་མ་ཟོར་དུ་འཕེན། དེ་ནི་ཟོར་རྗེས་གཅོད་པའི་མན་ངག་ཏུ་གསུངས༔ གཏོར་གཞོང་སྦུབས་ལ་འགུགས་བསྟིམས་བྱས་པའི་སྟེང་དུ་དར་ནག་ཡོད་ན་བཙུགས་ཏེ་བརྡུང་བ་ནི༔ ཧཱུྃ༔ ཡ་མ་དམ་སྲི་སྒྲུབ་ལ་འཁུ་བ་རྣམས༔ གྲོལ་མེད་རྡོ་རྗེའི་ཞགས་པས་དམ་དུ་བཅིངས༔ རྣོ་ངར་ལྡན་པའི་མཚོན་ཆའི་ཚོགས་ཀྱིས་གཟིར༔ མེ་རླུང་སྟོབས་ལྡན་འཁྲུགས་པའི་ནང་དུ་བསྲེགས༔ རྣམ་སྨིན་རང་གཟུགས་ཆུ་སྲིན་

p. 481

གྲེ་བར་བརྫངས༔ རི་རབ་གླིང་བཞི་གླིང་ཕྲན་འོག་ཏུ་མནན༔ ཁྲག་འཐུང་རྡོ་རྗེའི་འགྱིང་འགྲོའི་བྲོ་ཡིས་བརྡུངས༔ དམ་སྲི་མནན་པ་ཡིན་ནོ་མ་ལྡང་ཞིག༔ དམ་སྲི་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དེ་ནས་གཏོར་གཞོང་ཁ་ཡར་བཏེགས་ལ་འབྲུ་ཚོམ་བླུགས༔ ཟོར་རྗེས་གཅོད་པའི་སྲུང་འཁོར་ནི༔ གསང་བའི་དཀྱིལ་འཁོར་སྲ་བརྟན་རྡོ་རྗེའི་གུར༔ མཚོན་ཆ་སྣ་ཚོགས་ཁྲོ་བོ་མེ་རིས་གཏམས༔ སུས་ཀྱང་མི་ཤིགས་སྲུང་བའི་འཁོར་ལོ་ལ༔ ཡེ་ཤེས་དཀྱིལ་འཁོར་དཔག་ཡས་སྤྱན་དྲངས་བསྟིམ༔ ཧཱུྃ་བྷྲུཾ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་ལ་སློབ་དཔོན་གྱིས་སྲུང་འཁོར་སྒོམ་བཞིན་རྗེས་ནས་འོང་༔ ནང་དུ་ཕྱིན་ནས་ཚེ་གཡང་འགུགས༔ མཆོད་བསྟོད་དང་རྗེས་ཀྱི་རིམ་པ་སྤྱི་ལྟར་རྒྱས་པར་བྱའོ༔ ཞེས་པ་འདི་ཡང་གཏེར་གསར་སྤྱི་འགྲོས་ཀྱི་ཟོར་བསྐུལ་ལྟར་ལ་སྐབས་དབྱེ་ཚུལ༔ རིག་འཛིན་འཁོར་ལོའི་མགོན་པོ་མཆོག་གི་ཞལ་ཤེས་ནོར་འཁྲུལ་མེད་པར་ཟིལ་གནོན་རྡོ་རྗེ་རྩལ་གྱིས་བསྒྲིགས་པ་འདིས་བསྟན་འགྲོའི་མི་མཐུན་ཕྱོགས་ཀུན་དམིགས་མེད་དུ་བརླག་ཅིང་འཇོམས་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

བཟླས་ཆོག་རྡོ་རྗེའི་གོ་ཁྲབ་སོགས་སྔགས་ཚན་སྣ་ཚོགས།

p. 482
p. 483

࿅༔ བཟླས་ཆོག་རྡོ་རྗེའི་གོ་ཁྲབ་བཞུགས༔

p. 484

གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ཀྱིས༔ རྗེ་འབངས་དག་པའི་འཁོར་ལ་གདམས་ངག་གནང་༔ བཟླས་ཆོག་རྡོ་རྗེའི་གོ་ཁྲབ་ཟབ་མོ་འདི༔ གསང་བའི་གཏེར་གནས་རྣམས་སུ་རྒྱ་ཡིས་བཏབ༔ ལས་འཕྲོ་ལྡན་པ་རྣམས་ཀྱིས་སྤྱོད་ཡུལ་ཤོག༔ ལྔ་བརྒྱའི་དུས་ཀྱི་ཐ་མར་སླེབས་པའི་ཚེ༔ འགྲོ་བ་མི་རྣམས་སྡིག་སྤྱོད་བསོད་ནམས་ཟད༔ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིན༔ དེ་དུས་སྤྱོད་ངན་མི་རུང་སྣ་ཚོགས་བྱེད༔ སྡེ་བརྒྱད་འབྱུང་པོ་འཁྲུག་ཅིང་གཟའ་ཀླུ་དར༔ སྔར་མེད་རིམས་ནད་མིང་མི་ཐོགས་པ་དང་༔ སྨན་པས་ངོ་མི་ཤེས་ཤིང་བཅོས་མི་ལེན༔ དེ་དུས་ནད་བརྒྱ་སྔགས་གཅིག་ཟབ་མོ་འདི༔ སྲིད་པ་གསུམ་ན་དཀོན་པའི་ཡིད་བཞིན་ནོར༔ གནོད་བྱེད་ཐམས་ཅད་ཐེམ་བུས་བཀག་དང་མཚུངས༔ བདེན་རྫུན་ལག་ཏུ་ལོངས་ལ་ལྟོས་དང་གསལ༔ དཀོན་མོད་རྒྱལ་ཁམས་མི་ལ་དྲིས་དང་གསལ༔

p. 485

རྒྱ་གར་རྒྱ་ནག་ཁ་ཆེ་ཨོ་རྒྱན་སོགས༔ འཛམ་གླིང་ཉུལ་ཡང་འདི་འདྲ་རྙེད་མི་སྲིད༔ ཉི་ཟླའི་འོག་དང་ས་སྟེང་ཇི་སྙེད་དང་༔ རྡོ་རྗེ་གདན་གྱི་དབུ་བྱས་འཛམ་གླིང་གི༔ མཁའ་འགྲོའི་གསང་མཛོད་ཐམས་ཅད་དཀྲུགས་བྱས་ཀྱང་༔ འདི་འདྲའི་གདམས་པ་གར་ཡང་ཡོད་མི་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་ཟབ༔ ཨྠྀི༔ འདི་ལ་ལྟ་སྒོམ་དམིགས་པའི་སྤྲོ་བསྡུ་མེད༔ སྲུང་ཆ་གང་ཡང་མི་དགོས་འཇུག་པར་བདེ༔ སྟེང་འོག་བར་གདོན་ཀུན་གྱིས་མི་ཚུགས་པའི༔ རྡོ་རྗེའི་གོ་ཁྲབ་འདི་ལ་ཡི་དམ་བྱ༔ དང་པོར་ངག་བཅད་ཞག་བདུན་ཅི་ནུས་བགྲང་༔ ཐ་མ་ཞག་གསུམ་ཅི་ནུས་བཟླས་པ་གཅེས༔ བརྒྱ་རྩ་རེ་ལ་རྒྱུན་གྱི་ཡི་དམ་ཟུངས༔ གཞན་དོན་བྱེད་ན་ཁྲུས་དང་སྔགས་ཆུ་ཡིས༔ སོས་པར་མི་འགྱུར་གང་ཡང་ཡོད་མ་ཡིན༔ དངོས་གཞི་མན་ངག་རྩ་བའི་སྔགས་འདིའོ༔ ༀ་པདྨ་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔

p. 486

སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ སྔགས་ཐེམ་གྲོང་ཁྱེར་སུམ་ཅུ་ཐམ་པ་ལ༔ ན་རོ་ཀླད་ཀོར་གཅིག་དང་གི་གུ་བཞི༔ འགྲེང་བུ་གཅིག་དང་རིང་ཆ་བཞི་ཡིས་ཚང་༔ གཅེས་ཕྱིར་ལྷག་ཆད་བྱུང་དོགས་གྲངས་སུ་བཏབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དམ་མེད་ལ་སྦས་རྒྱ༔ དེ་ལྟར་ཡོན་ཏན་བརྒྱ་ལྡན་གསང་བའི་སྔགས༔ འབྱུང་བ་ལྔ་ཡི་གཟའ་ནད་རིགས་གྱུར་དང་༔ འོག་གདོན་ས་བདག་ཀླུ་གཉན་ཐམས་ཅད་ལ༔ ཁྱད་པར་བསྔགས་ཤིང་དྲན་ཆོག་ཐེང་ཆོག་ཡིན༔ བཙན་དུག་སྦྱར་དུག་དུག་རིགས་ཡིན་ནོ་ཅོག༔ གག་པ་ལྷོག་པ་གཟེར་ཐུང་འགོ་བའི་ནད༔ ཕོ་ལྷོག་དམར་ཤལ་འབྲུམ་བུའི་རིགས་ཀུན་དང་༔ ཕོ་གླང་སྐྲན་དང་དམུ་ཆུ་མཛེ་ནད་དང་༔ ཤུ་བ་མེ་དབལ་བས་བལྡགས་གཡེན་པ་དང་༔ རྨ་དང་འབྲས་དང་གཉན་དང་ཆུ་བུར་སྐྲངས༔ ལིང་ཐོག་ཤ་འཛེར་ཤུ་ཐོར་ལིང་རོ་སོགས༔ མིག་ནད་སྣ་ཚོགས་ནད་རིགས་སྣ་ཚོགས་ལ༔ སྔགས་ཆུ་བཏབ་པས་མི་སོས་གང་ཡང་མེད་༔ ཀུན་ལ་བསྔགས་ཤིང་ཡོན་ཏན་བསམ་མི་ཁྱབ༔ ཕྱི་ཡི་ནད་རིམས་གདུག་པ་ཐམས་ཅད་ལ༔ སྔགས་འདི་བརྒྱབ་པས་མི་སོས་གང་ཡང་མེད༔ སོ་ཡི་ནད་སོགས་རུས་ནད་ཐམས་ཅད་ལ༔ ཚྭ་ཆུར་སྔགས་བཏབ་བྱིན་པས་མི་སོས་མེད༔ དེ་བཞིན་ཚད་པའི་ནད་རིགས་ཐམས་ཅད་ལ༔ གངས་ཀྱི་ཆུ་ལ་བཟླས་ནས་སྦྱིན་པར་བྱ༔ གྲང་བའི་ནད་རིགས་ཀུན་ལ་ཆང་ལ་བསྔགས༔ གློ་བུར་ནད་རིགས་ཐམས་ཅད་ཡུངས་ཀར་བསྔགས༔ སྔགས་བཟླས་བཏབ་པས་མྱུར་དུ་གྲོལ་བར་ངེས༔ མི་གཙང་ནད་རིམས་གྱུར་པ་ཐམས་ཅད་ལ༔ བུམ་ཆུར་བུལ་ཏོག་སྔགས་བཟླས་ནད་པ་བཀྲུ༔ དེ་དག་རྣམས་ཀྱིས་མི་སོས་གང་ཡང་མེད༔ ནད་རིམས་ཀུན་ལ་མི་ཕན་གང་ཡང་མེད༔ ཡང་ནི་གཉན་འབུར་ཐམས་ཅད་འཇོམས་པ་ལ༔ བུར་རྒོད་

p. 487

གར་ཆང་བསྲེས་ལ་སྔགས་ཀྱིས་བརླབས༔ ལྟོ་སྟོང་འཐུང་བས་མཆོག་ཏུ་ཕན་པར་འགྱུར༔ དམུ་ཆུའི་ནད་ལ་ཚྭ་ཆུར་བསྔགས་པ་ཡིན༔ མི་རྟ་ཆུ་སྡོམ་ཆུ་ནད་རིགས་རྣམས་ལ༔ སྦྲུལ་ཤ་དྲོད་སྨན་རྒྱ་ཚྭ་སྦྱར་བར་བསྔགས༔ ཆང་བསྐོལ་མར་ཁུ་བསྐོལ་བར་བཏབ་ལ་གཏོར༔ ཆུ་ནད་འབམ་རིགས་གསུམ་ལ་ལ་ཁུར་བཟླས༔ མཁྲིས་ནད་ཀུན་ལ་འབྲས་ཐང་སྔགས་བཟླས་བརྟེན༔ སྨུག་པོ་ཁྲག་ནད་སྐྱུགས་ནད་བྱུང་བ་ལ༔ འབྲོང་གི་སྙིང་ཁྲག་སྲན་ཙམ་ཆུར་སྦྱངས་ནས༔ སྔགས་ཀྱི་དྲོད་ལྡན་བཏུང་བས་མཆོག་ཏུ་ཕན༔ མཁན་པའི་རྩ་བ་ལོ་མར་སྔགས་བཟླས་ནས༔ སྣ་རུ་བརྫངས་པས་སྣ་ཁྲག་གཅོད་པར་བྱེད༔ མར་ཆང་ཆ་སྙོམས་གུར་གུམ་བཅས་ལ་བཟླས༔ དྭངས་མ་དཀར་དམར་འཛག་པ་གཅོད་ལ་ཟབ༔ གཞན་ཡང་གཅིག་ཆོག་སྔགས་འདིའི་ནུས་པ་བསྟན༔ ལྷ་ཡི་བཀའ་ཆད་གཟའ་ཡི་གཟེར་བུ་ཐུབ༔ རྒྱལ་པོའི་ཆོ་འཕྲུལ་གཉན་གྱི་གདུག་རྩུབ་ཐུབ༔ ལྷོག་པ་དཀར་ནག་ས་བདག་གནོད་པ་ཐུབ༔ བཙན་གྱི་གདོན་དང་ལྷ་སྲིན་སྡེ་བརྒྱད་ཐུབ༔ མ་མོའི་དལ་ཡམས་དམུ་དང་མ་སང་ཐུབ༔ ཐེའུ་རང་སྲིས་རྐུན་བསྟན་མའི་གདོང་ཐུག་ཐུབ༔ སྔགས་པའི་རྦོད་ཟོར་སྤར་ཁ་དགྲ་གཤེད་ཐུབ༔ ལོ་འབྱུང་མི་མཐུན་སྨེ་བའི་བཞི་གཤེད་ཐུབ༔ ལྟས་ངན་བརྒྱད་ཅུ་གློ་བུར་བདུན་བརྒྱ་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་མ་ལུས་དང་༔ ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་ཀྱི་རིགས༔ སྟོང་ཕྲག་བརྒྱད་ཅུའི་ཚོགས་བཅས་གནོད་པ་དང་༔ མི་མཐུན་ཕྱོགས་ངན་གང་ཡང་འདི་ཡིས་ཐུབ༔ གཉན་སར་དཔང་བཙུགས་མནའ་ཡི་ཉེས་པ་དང་༔ ཕོ་འདྲེ་མོ་འདྲེ་མ་ལུས་ས་བདག་དང་༔ སྲོད་ཐོར་རྒྱུ་དུས་གཙུག་ལག་ངན་པ་སོགས༔ འདི་ཡིས་མི་ཐུབ་བྱ་བ་གང་ཡང་མེད༔ སྲ་མཁྲེགས་རྡོ་རྗེ་འབར་བའི་བྲག་དང་

p. 488

མཚུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མཐིང་ཤོག་དག་ལ་གསེར་གྱི་དབུ་ཅན་བྲིས༔ རང་སྔགས་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ བསྲུང་བྱར་བཏགས་ན་ཁམས་གསུམ་སྔགས་པ་ཡིས༔ ཕུར་ཐོགས་ངན་སྔགས་མཐུ་ཡིས་ཚུགས་མི་སྲིད༔ འཆི་བ་མེད་པ་ཚངས་པའི་ཚེ་དང་ལྡན༔ གཞན་ཡང་ཡོན་ཏན་གོང་དང་འདྲ་བ་ཉིད༔ སྲུང་བའི་མཆོག་གྱུར་རྡོ་རྗེའི་གོ་ཆ་ཡིན༔ བཟློག་པའི་མཐར་ཐུག་མཚོན་ཆའི་འཁོར་ལོ་ཡིན༔ སྔགས་བཟློག་ཡོངས་ཀྱི་མཐར་ཐུག་འདི་མེད་ན༔ གཞན་ལ་གདེང་འཆའ་སྙིང་མེད་བེམ་པོ་འདྲ༔ འདི་དང་ལྡན་ན་མི་དེ་རྡོ་རྗེའི་སྐུ༔ གནད་ཀྱི་མན་ངག་སྙིང་དང་མིག་འདྲ་བ༔ རང་ལ་ཅི་རི་གཅིག་ཆོག་འདི་ལ་རི༔ སྒྲུབ་པའི་མཐུ་རྩལ་ནུས་པ་ཐོགས་མེད་འབྱུང་༔ ཤི་དུས་འཇའ་དང་རིང་བསྲེལ་གདུང་རྣམས་འབྱུང་༔ ཕྱི་མ་ཨོ་རྒྱན་མཁའ་སྤྱོད་ཞིང་དུ་སྐྱེ༔ བཀའ་སྒྲུབ་དགྱེས་པའི་ཡོན་གྱིས་མི་བསླུ་བར༔ ཁ་གསག་སྟོང་ཞུས་ཅན་ལ་ཨ་ཐཾ་རྒྱ༔ སྡིག་ཅན་དམ་ཉམས་ལག་འགྲིམ་ཀུན་ལ་སྤེལ༔ ཚེ་འདིར་མཁའ་འགྲོ་ཆོས་སྐྱོང་བཀའ་ཆད་འོང་༔ ཤི་ནས་རྡོ་རྗེ་དམྱལ་བར་སྐྱེ་ཏ་རེ༔ འདི་སྤྱོད་འགྲོ་ལ་བྱམས་དང་སྙིང་རྗེ་ལྡན༔ བླ་མ་ལ་གུས་ཡང་དག་སྲི་ཞུ་བསྐྱེད༔ གདམས་པར་ཡིད་གཉིས་ཐེ་ཚོམ་སེལ་མི་གཞུག༔ བློ་གཏད་ཐུབ་པའི་བུ་ལ་བཀའ་རྒྱས་ཐོབ༔ ཕྲིན་ལས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ བཛྲ་ས་མ་ཡཱ༔ གུ་ཧྱ༔ མནྟྲ༔ ཨྠྀི༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔགས་སྨྱོན་དཔའ་བོ་ལས་རབ་རྩལ་གྱིས་དག་པར་བྲིས་པ་དགེའོ༔ ༈ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་སྲི་རྐུན་ཡི་དྭགས་བསེ་རག་འགོང་པོ་ཁ་ཆིངས་བཞུགས་སོ༔ གུ་རུ་རྡོ་རྗེ་དྲག་རྩལ་སྐུ་ལ་འདུད༔ ལས་ཕྲན་ཡིག་ཆུང་ཟུར་དུ་བཀོད་པ་

p. 489

འདི༔ ཟ་འདྲེ་སྲིས་རྐུན་ཡི་དྭགས་འདྲེ་གདོན་གྱི༔ ལོ་ཏོག་དཀར་ཐོག་བསེར་ཞིང་ཉམ་ཐག་གཏོང་༔ ཟས་ནོར་མི་སྨེ་འཛད་ཅིང་བཅུད་མེད་བྱེད༔ ཞོ་ཆང་ཉེས་དང་གོད་ཁ་འཕང་གཏོར་གཏོང་༔ དེ་ཉིད་སྲུང་བྱེད་འབྱུང་པོོ་ཁ་ཆིངས་ནི༔ རབ་ནི་སེང་ལྡིང་མ་རྙེད་སྐྱེར་ཕུར་ལ༔ དྲག་པོའི་བསྙེན་སྒྲུབ་ལས་གསུམ་དྲིལ་བའི་མཐར༔ པྲ་ཏ་མལ་ཏ་ལ་ར་བཛྲ་ཏུ་ན་ཡ་ཧཱུྃ་ཕཊ༔ མཚལ་གྱིས་བྲིས་ཤིང་པདྨ་དྲག་པོར་བསྐྱེད༔ དེ་ཉིད་སྲུང་བྱེད་འབྱུང་པོ་ཁ་ཆིངས་ནི༔ རབ་ཏུ་གནས་ཤིང་མཛོད་ཀྱི་ཕུག་ཏུ་བཅིངས༔ ཡང་ན་དམིགས་བྱ་གང་སྲུང་དེ་རུ་བཅིངས༔ སྲི་རྐུན་ཡི་དྭགས་བསེ་རག་འགོང་པོ་ཁ་ཆིངས་འགྱུར༔ ས་མ་ཡཱ༔ ༈ ནད་རིམས་ཀུན་ཐུབ་སྔགས་རྒོད་ཟབ་མོ་བཞུགས༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྔགས་ཟབ་མོ་འདི་བལ་པོའི་གཏེར་སྟོན་བཛྲ་མ་ཏིའི་ཐུགས་སྒྲུབ་ཀྱི་ལས་ཚོགས་ལས་བྱུང་བ་དང་༔ གཞན་ཡང་གཏེར་ཁ་གསར་རྙིང་དུ་མར་ནད་རིམས་སྲུང་བའི་སྔགས་ཟབ་ཤོས་སུ་ཡང་ཡང་བྱུང་བ་དང་༔ དུས་ཕྱིས་དཔའ་བོ་ལས་རབ་རྩལ་གྱི་གཏེར་ཁར་བྲམ་ཟེའི་སྔགས་རྒོད་གུ་ལང་མན་ངག་ཅེས་སྔགས་འདི་ཉིད་ཕན་ཡོན་བཅས་བྱུང་བ་རྣམས་དོན་གྱི་དགོངས་པ་གཅིག་དང་དབྱངས་གཅིག་ལྟ་བུར་གྱུར་པས་དེ་དག་གི་གནད་དྲིལ་ཏེ་བསྟན་ན༔ དུས་སྙིགས་མར་སྐྱེ་བོ་རྣམས་ཀྱི་ལོག་སྤྱོད་སྣ་ཚོགས་ལ་བརྟེན་ནས་སྡེ་བརྒྱད་མ་མོ་འཁྲུགས་པའི་རྐྱེན་ལས་ནད་རིམས་གསོ་གླགས་མེད་པ་སྣ་ཚོགས་འབྱུང་སྟེ་གཉན་པར་པ་ཏ་སོགས་བར་སྣང་ནས་འཇའ་ལྟ་བུར་སེམས་ཅན་གྱི་སྣ་སྒོ་སོགས་ནས་ལུས་ལ་ཞུགས་པས༔ མགོ་ལ་ཀླད་གཟེར་རྒྱུངས་པར་འཛུམ་བུ་ལྟག་དགྱེ༔ སྙིང་ལ་ནག་པོ་རྒྱུག་

p. 490

འགྱེལ་སོགས་མིང་གི་རྣམ་པ་དང་ན་ལུགས་ཐ་དད་པ་དུ་མ་འབྱུང་སྟེ༔ མཁྲིས་པ་རྩར་རྒྱུག་དང་༔ གཉན་པར་པ་ཏ་དང་༔ ནག་པོ་སུམ་སྒྲིལ་དང་༔ རིམས་སྨྱོན་ཏྲེ་ཏྲེ་ཧོ་དང་༔ རྒྱུག་འགྱེལ་ནག་པོ་སོགས་སུ་གྲགས་པ་དེས་མི་རྣམས་ཁ་བཏགས་པར་བྱེད་པའི་དུས་སུ་པདྨའི་བརྒྱུད་འཛིན་སྦས་པའི་ཚུལ་ཅན་འགའ་ཞིག་ལ་ནད་ཡམས་ཀྱིས་མི་ཚུགས་ཤིང་སེམས་ཅན་གཞན་གྱི་སྲོག་སྐྱོབ་པར་བྱེད་དོ༔ དེ་ལྟ་བུའི་ནད་རིམས་དྲག་པོ་མཐའ་དག་སྲུང་བ་དང་གསོ་བའི་སྔགས་ཀྱི་རྒྱལ་པོ་འདི་ལ་འབད་པར་བྱའོ༔ སྔགས་དེ་གང་ཞེ་ན༔ ༀ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ་ཧི་ར་ཧོཾ༔ ཏྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ འཇིག་རྟེན་ཁམས་སུ་འབྱུང་བར་དཀོན་པའི་སྔགས་ཀྱི་རྒྱལ་པོ་འདི་ཡི་ཐེམས་ཡིག་ལ༔ གྲོང་ཁྱེར་དྲུག་གི་དང་པོ་ལ་འབྲུ་ལྔ་ཡོད༔ དེ་ནས་ལྔ༔ དེ་རྗེས་ལ་དྲུག་ཡང་བཞི་ཡང་བཞི་ཡང་ལྔའོ༔ དང་པོའི་འབྲུ་ལྔ་ལ་སྟེང་དུ་ན་རོ་ཀླད་ཀོར་དང་བཅས་པ་གཅིག༔ འགྲེང་བུ་གཉིས་ཞབས་ཀྱུ་གཅིག་ཡོད༔ གཉིས་པ་ལ་ཞབས་ཀྱུ་གཉིས་འགྲེང་བུ་གཅིག་ཡོད༔ གསུམ་པ་ལ་གི་གུ་གཉིས་ན་རོ་གཅིག་ཀླད་ཀོར་དང་བཅས་པ་ཡོད༔ བཞི་པ་ལ་གི་གུ་གཅིག་ར་རྟ་གཅིག་ཞབས་ཀྱུ་གཅིག་འགྲེང་བུ་གཅིག་ཡོད༔ ལྔ་པ་ལ་འགྲེང་བུ་གཉིས་ཡོད༔ དྲུག་པ་ལ་གི་གུ་གཅིག་ཡོད༔ སྔགས་འབྲུ་ཉེར་བདུན་གྱི་མཇུག་ན་སྭཱ་ཧཱ་དང་བཅས་པ་ཡོད་པ་སྔགས་ཀྱི་དག་ཡིག་གོ༔ སྔགས་བཟླ་དུས་ཀྱི་ཏིང་འཛིན་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་དྲག་པོ་མཐིང་ནག་སྐུ༔ གཡས་པ་རྡོ་རྗེ་གཡོན་ཐོད་ཁྲག༔ ཆིབས་སུ་ཕག་རྒོད་ཁམ་ནག་ཆིབས༔ ཞལ་ནས་དྲག་

p. 491

སྔགས་མེ་སྟག་འཕྲོ༔ རང་སྤྲུལ་ཕག་རྒོད་དཔག་མེད་འཕྲོས༔ ནད་གདོན་ཧུར་ཐུམ་ཟོས་པར་བསམ༔ དྲག་སྔགས་མེ་འོད་མགར་གྱི་ནི༔ ཚྭ་ཚྭ་ལྟར་འཕྲོས་ནད་གདོན་བསྲེག༔ མ་ཡེངས་དམིགས་ལ་སྔགས་བཟླའོ༔ གཞན་ཡང་ནད་གདོན་སྤྱི་ལ་གུར་དྲག་མེ་འབར་ཕག་ནག་ཞོན་པ༔ དུག་ལ་རྨ་བྱ་ཆེན་མོ༔ འགོ་ནད་ལ་དུག་རི་མེ་འབར༔ ཚད་ནད་ལ་སངས་རྒྱས་སྨན་པའི་རྒྱལ་པོར་བསྒོམ༔ བདག་སྲུང་ན་ལྷ་དེའི་འོད་ཟེར་གྱིས་ནད་བཅོམ་པར་དམིགས༔ གཞན་གསོ་ན་སྐུ་ལས་བདུད་རྩི་བབ་པས་ནད་སོས་པར་བསམ༔ རང་ལ་ནད་སྔ་ནས་ཞུགས་པ་གསོ་ན༔ མདུན་གྱི་ནམ་མཁར་སློབ་དཔོན་པདྨ་བསྒོམ་ལ་རང་གི་རྣམ་ཤེས་དེའི་ཐུགས་ཀར་འཕོས༔ པདྨའི་སྐུ་ལས་སྤྲུལ་པའི་ཕག་རྒོད་དཔག་མེད་ཀྱིས༔ རང་ལུས་དབང་པོའི་སྒོ་ནས་ཞུགས་ཏེ་ལུས་ཀྱི་ནད་གདོན་ཐམས་ཅད་ཟོས་པར་བསྒོམ་ལ་སྔགས་མཐར་གུར་དྲག་རང་ལུས་ལ་ཐིམ་པས་རང་ཉིད་གུ་རུ་དྲག་པོའི་སྐུར་གྱུར་པར་བསམ༔ དེ་ལྟར་སྨྲ་བཅད་གྲ་ཟུར་མ་ཉམས་པར་སྔགས་འདི་མང་དུ་བཟླས་ན་བྱིན་རླབས་ཁྱད་པར་ཆེ་བས་འབུམ་བཟླས་པས་གོང་བསྙེན་རྫོགས༔ བསྙེན་པ་མེད་ཀྱང་འཕྲལ་དུ་བཟླས་པའི་ཡོན་ཏན་གྱིས་ནད་གདོན་འཇོམས་པར་ཐེ་ཚོམ་མེད༔ སྔགས་འདི་བློ་ལ་ཡོད་ན་འགོས་རིམས་མི་བཟད་པས་ཉེན་པའི་ནད་གཡོག་བྱས་ཀྱང་རང་ལ་མི་ཚུགས་ཏེ་ངེས་པར་སྲུང་ཐུབ་བོ༔ གཞན་ལ་སྔགས་ཆུ་ཁོང་དུ་བཏུང་བས་ཆོག༔ སྔགས་འདི་བཟླས་པའི་ཕན་ཡོན་ནི༔ རིམས་ནད་སྟོད་གཟེར་ཀླད་གཟེར་ཀླད་རྒྱ་འཆོལ་བ༔ ཚད་པ་གཟེར་ཆེན་གཟེར་ཐུང་༔ རྒྱ་བལ་གྱི་ཚད་

p. 492

ནད༔ རྒྱས་ཚད་ཀླད་ཚད་སོགས་ཀྱི་རིགས་དང་༔ མགོ་མིག་སྟོད་ནད་ཐམས་ཅད་དང་རྒྱུ་གཟེར་དམར་བཤལ་སོགས་བཤལ་སྐྱུག་གི་ནད་འབྲུམ་ནག་འབྲུམ་དཀར་སོགས་ཤུ་བ་ཅན་གྱི་ནད་རིགས༔ གག་ལྷོག་གཉན་གཟེར་སྐྲངས་རིགས༔ གཉན་ནད་ནག་པོ་རྒྱུག་འགྱེལ་ཏྲེ་ཏྲེ་ཧོ༔ སྲིན་པར་པ་ཏ་ཁོང་ལྷོག༔ འཛུམ་བུ་ལྟག་དགྱེ༔ ཉ་ལོག་ཕོ་ལོག་ཚ་བ་སོགས་རིམས་ངན་གྱི་རིགས་ཐམས་ཅད་དང་༔ གཞན་ཡང་འབྲས་དང་སྐྲན་དང་༔ སྐྲངས་པ་དང་༔ མེས་ཚིག་པ༔ མེ་དབལ༔ ཁྲག་གི་ནད་སོགས་ཚ་བ་དང་བཅས་པ་དང་༔ སྲིན་བུ་ཡ་མ་དཀར་ནག་སོ་ནད་གླང་ཐབས་མིག་གི་ལིང་ཐོག་སོགས་ཟུག་གཟེར་ཅན་གྱི་རིགས་དང་༔ རྟས་བརྡབས་པ༔ གཡང་ས་ལ་ལྷུང་བ་སོགས་ཀྱིས་རུས་པ་ཆག་པ་ཚིག་འཁྲོལ་བ་སོགས་ལུས་ཞོམ་པ་དང་༔ རྨ་ཡི་རིགས་ཐམས་ཅད་དང་༔ ས་བདག་ཀླུ་གཉན་སོགས་གདོན་ཐམས་ཅད་འཇོམས༔ ཕྱུགས་ནད་གློ་གོར་ཧོན་དང་གག་ལྷོག་སོགས༔ མདོར་ན་རྟ་ནད་ལུག་ནད་ར་ནད་ཁྱི་ནད་དང་༔ ཁྱད་པར་ཁྱི་ལ་གནམ་གཟེར་ཕོག་པ་དང་༔ ཁྱི་སྨྱོན་གྱི་དུག་སོགས་ཐམས་ཅད་འཇོམས༔ མདོར་ན་ནད་རིགས་མཐའ་དག་འཇོམས་ཏེ༔ ཁྱད་པར་དུ་ཚད་པའི་ནད་ཀྱི་རིགས་སུ་གཏོགས་པ་ཀུན་ལ་བསྔགས༔ སྔགས་ཆུ་བར་མ་ཆད་པར་བསྟེན་པས་ཚད་མགོ་ཆོག་ནས་བཟའ་བཏུང་འཛེམ་མི་དགོས་པར་བཅུད་ཟས་ཀྱིས་ལུས་ཟུངས་གསོ་བར་བྱ༔ སྦྲུམ་མ་དང་རླུང་དང་གྲང་ནད་ཤུགས་ཆེ་བར་སྔགས་འདི་མང་དུ་མི་བཏབ༔ སྔགས་འདི་ཉིད་ཁྱད་པར་དུག་ནད་ཀྱི་གཉེན་པོ་སླེབ་ཆོག་མཆོག་ཏུ་གྱུར་པ་ཡིན༔ སྔགས་འདི་བསྙེན་གྲངས་ཅི་ཙམ་འཐེམ་པ་བཞིན་ནུས་པ་ཇེ་ཆེར་འགྲོ༔ ཡུལ་དུ་ནད་ཡམས་ཆེན་པོ་བྱུང་དུས་འདི་ཉིད་ཟབ་པ་ཡིན༔ ནད་ཀྱི་དཔུང་གཞིལ་ཞིང་གདོན་གྱི་དཔུང་བཟློག་པའི་ཕྱིར་སྔགས་འདི་

p. 493

དར་ལྕོག་ལ་བྲིས་ཏེ་རི་རྩེར་ཕྱར༔ གྲོང་སོགས་སུ་ཐོ་བརྩིགས་ཏེ་དེར་སྔགས་བྲིས་ནས་གཟུགས་ན་ནད་རིམས་འཇོམས་ཤིང་ཚེ་དཔལ་སྐྱེད་པར་བྱེད་དོ༔ སྔགས་འདི་བཟླས་ནས་སྔགས་ཆུ་བྱེད་པའི་ཚེ་སྔགས་བཏབ་པའི་ཆུ་ལ་ཆུ་གཞན་སྔགས་ཀྱིས་མ་བཏབ་པ་རྒོད་བླུག་བྱས་ན་ནུས་པ་ཅུང་ཉམས་པས༔ དང་པོར་སྣོད་གཙང་མར་ཆུ་དེ་བླུགས་ལ་དེ་ནང་སྔགས་ཆུ་ཐིགས་གཅིག་བླུགས་པས་དེ་ཐམས་ཅད་སྔགས་ཆུར་འགྱུར་རོ༔ ནད་ཚབས་ཆེ་ན་ཡང་སྔགས་མང་དུ་བཏབ་པ་ཁོ་ནས་འཚོ་ནུས་ཀྱིས་སྨན་ལ་མི་ལྟོས་སོ༔ དེས་ན་བདུད་རྩི་མར་ཁུ་དང་༔ གླ་རྩི་དང་སྔགས་ཆུ་གསུམ་ཙམ་ལས་སྨན་གཞན་མི་བཏུང་ངོ་༔ དེ་ལྟར་ཡིད་ཆེས་པ་དམ་ཚིག་ཡིན༔ ཡང་རིམས་སྲུང་འདིའི་རྫས༔ སྟེང་གི་བྱ་རྒོད༔ སའི་ཕག་རྒོད༔ རྟུག་ཏེལ་སྦྲེ་ཅན༔ གླ་ནག་རྩི་དང་བྱ་རྒོད་ཕག་རྒོད་ཏེ་ལོ་གསུམ་གྱི་ཤ་དང་གླ་ནག་གི་རྩི་བཞི་ཞིབ་བཏགས་རྫས༔ བཞི་པོ་ལ་སྔགས་འབུམ་བཏབ་པའི་རྫས་བུམ་འཆང་ཞིང་བསྣོམ་པའམ་བདུག་པ་སོགས་ཀྱིས་རང་གཞན་ཀུན་བདུན་དྲུག་ཏྲེ་ཏྲེ་ཧོ་སོགས༔ མ་རུངས་པའི་ནད་གདོན་ཀུན་ལས་སྐྱོབ་པར་ངེས་སོ༔ སྔགས་ཆུ་བཏབ་པས་ལུས་རྔུལ་བ་དང་ཁོང་བ་འཁྲོག་པ་འཁྲུ་བ་བྱུང་ན་ཕན་རྟགས་སོ༔ དེ་ལྟར་མ་བྱུང་ཡང་སྔགས་བུང་བསྐྱེད་དེ་བཏབ་པའི་སྔགས་ཆུ་བཏང་བས་གོང་སྨོས་ནད་ཀུན་འཚོ༔ མི་ཡིན་ན་གོས་དྲོ་བར་བྱས་ཏེ་ཉལ་བའམ་འདུག་པར་བྱ༔ ཞལ་གདམས་ལུགས་གཅིག་ལ་བདུད་རྩི་མར་ཁུ་དང་གླ་རྩི་ལ་བཏབ་ནས་བཏང་ན་ནད་ཀུན་སྲུང་༔ བདུད་རྩི་མར་ཁུ་དངོས་མ་འཛོམས་ན་བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན་གྱིས་ཀྱང་རུང་ངོ་༔ རིམས་རྒོད་ཏྲེ་ཏྲེ་ཧོ་ཞེས་པ་དེ་མི་ཕྱུགས་གང་ལ་ཕོག་ཀྱང་ནད་བབས་པའི་གནས་དོན་ལྔ་སྣོད་དྲུག་ཀླད་པ་རྒྱུངས་པ་ཉྭ་རྣམས་གང་ལ་

p. 494

བབས་ཀྱང་དེ་དག་ལ་ཕན་པའི་སྨན་སུམ་ཆ་གཅིག་དང་༔ མ་གི་ཏ་ཐུན་གཉིས་བཅས་ཕུར་མང་ནག་པོ་མེ་ཏོག་སེར་པོ་ཡོད་པའི་ཁུ་བ་ལ་རྟ་བྱས་ཏེ་བཏུང་༔ ཕུར་མང་སུམ་ཆ་གཉིས་བྱས་ནས་བཏུང་ན་ཡང་ཤིན་ཏུ་ཕན་ནོ༔ གར་བབ་གནས་ཀྱི་དབང་གིས་ཕན་པའི་སྨན་གོང་སྨོས་དེ་གང་ཞེ་ན༔ གློ་བར་ཕོག་ན་ཅུ་གང་༔ སྙིང་ལ་སྙིང་པོ་ཞོ་ཤ༔ སྲོག་རྩར་ཕུར་མང་མེ་ཏོག་སེར་པོ༔ མཆིན་པར་ཁ་ཆེ་གུར་གུམ་མམ་བྲག་ཞུན༔ མཁྲིས་པར་གི་ཝང་༔ ཕོ་བར་པི་ལིང་༔ རྒྱུ་དཀར་ལ་ལྒ་སྐྱ༔ རྒྱུ་ནག་ལ་མ་རུ་རྩེ༔ ཉྭ་ལོག་ལ་མིའི་དྲི་ཆུ་བར་པ༔ ཀླད་པ་ལ་གླ་བའི་རྐང་༔ རྒྱུངས་པ་ལ་བྱ་རྒོད་སྤོས༔ མཚེར་པ་ཀ་ཀོ་ལ་དང་མཁལ་མ་རྣམས་ལ་སུག་སྨེལ་ཡང་དེ་དེའི་སྨན་དང་བསྡེབས་པར་གཏང་བར་བྱའོ༔ ཤིན་ཏུ་ཟབ་པའི་གདམས་པ་སྐྱེ་འགྲོའི་སྲོག་གི་མཐུད་མ་མ་འོངས་ལས་ཅན་ལ༔ གཏད་རྒྱ་མཛད་པའི་གཏེར་གྱི་མན་ངག་གོ༔ དེ་ཡང་སྙིགས་དུས་སུ་ཡུལ་ཁམས་ལ་ནད་ཡམས་ཆེན་པོ་འབྱུང་བའི་ནད་བདག་གཟའ་ཀླུ་མ་མོ་གསུམ་གྱི་རྩ་བ་བྱེད་པས་དྲག་པོས་བརྡུངས་ན་ཐུ་རུ་འགྲོ་བས༔ གཟའ་དང་མ་མོའི་མདོས༔ ཀླུ་ཡི་གདོན་གྲོལ་སླེབས་ཆོག་གྲིབ་མདོས་བྱ་ཞིང་༔ དེའི་རྒྱབ་ཆོས་སུ་བཀའ་སྒྲོགས་པ་སོགས་དཀར་ཆོས་ཅི་འགྲུབ་དང་༔ གཞན་ཡང་བསང་མདོས་གླུད་སོགས་ཞི་བའི་ཆོ་གར་འབད་ན་ནད་རིམས་ཞི་བར་ཐེ་ཚོམ་མེད༔ དུས་ངན་ཐ་མར་མི་འདོད་སྣ་ཚོགས་དང་༔ ཁྱད་པར་དུ་རུ་ཀ་ལྔ་འབྱུང་སྟེ༔ དམག་གི་དུ་རུ་ཀ་དེས་མཚོན༔ མུ་གེ་ནད་དུག་གི་དུ་རུ་ཀ་ལྔ་འབྱུང་ཞིང་༔ རྒྱལ་ཁམས་ནད་ཀྱིས་བཟུང་༔ ཆེ་བཙན་དུག་གིས་གསོད་པའི་དུས་སུ་དེ་རྣམས་སྐྱབས་པའི་གདམས་པ་ལྔ༔ ཐུགས་སྒྲུབ་ཟབ་མོའི་ཆ་རྐྱེན་དུ་གདམས་པ་དེ་དག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བལ་ཡུལ་གྱི་བྲག་ཧོམ་ཁུང་འདྲ་བའི་

p. 495

ནང་དུ་གཏེར་དུ་སྦས་ནས༔ བདུད་ནག་པོ་བཀྲག་མེད་དང་མ་མོ་ཨེ་ཀ་ཛཱ་ཏི་དང་རེ་མ་ཏི་གསུམ་ལ་གཏེར་བདག་ཏུ་བཅོལ་བ༔ གཏེར་སྟོན་བཛྲ་མ་ཏིས་གཏེར་ནས་གདན་དྲངས་པའི་རིམས་སྔགས་འདི་ཉིད་གསེར་སྲང་བརྒྱ་ཡི་བཀའ་རྒྱ་དང་བཅས་ཏེ་གུང་ཐང་ཀུ་མཱ་ར་ལ་གཏད་ནས་རིམ་པར་བརྒྱུད་པ་ལགས་སོ༔ ཡང་ཁྱི་ནག་སྤུ་དང་ར་བལ༔ བུད་མེད་སྟག་ལོ་མའི་སྐྲ་གསུམ་གྱི་སྲུང་སྐུད་ལ་མདུད་པ་གཅིག་བྱས་ནས༔ ༀ་ནིར་སེང་ཡེར་རྦད༔ ཐིམ་ཐ་ར་ཏིས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ༀ་བྷེ་ཧུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ་ཧི་ར་ཧོཾ༔ ཏྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ ༀ་རྩེའུ་ལྷང་ལྷང་༔ ཆུང་ཆུང་༔ རྔུབ་རྔུབ༔ རྩ་དུར་སྡོམ་སྭཱ་ཧཱ༔ ཞེས་བཟླས་ཏེ་བཏབ་པ་འཆང་བས་ཀྱང་རིམས་སྲུང་བ་བླ་མ་གོང་མའི་ཞལ་རྒྱུན་ནོ༔ ཨེ་མ་འདི་ནི་རྡོ་རྗེ་སྲུང་བའི་རྫོང་༔ མི་བཟད་ནད་སེལ་བདུད་རྩིའི་ཆུ་རྒྱུན་ཆེ༔ སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་གིས༔ བརྩེ་བས་གདམས་པ་འདི་འདྲ་ངོ་མཚར་ཆེ༔ སྙིགས་དུས་ནད་རིམས་དྲག་པོའི་མེ་འབར་ཚེ༔ ཉམ་ང་མེད་པའི་རིག་སྔགས་འདི་ལྟ་བུ༔ རིན་ཆེན་གསེར་གྱི་བང་མཛོད་ཆེན་པོ་ལས༔ ལྷག་པར་གཅེས་སྤྲས་བགྱིད་འོས་མ་ཡིན་ནམ༔ འདི་ནི་གཏེར་ཁ་རྣམས་སུ་འབྱུང་བའི་དོན་ཕྱོགས་གཅིག་གསལ་པོར་མི་ཕམ་འཇམ་དཔལ་དགྱེས་པས་ཤིང་འབྲུག་དབོ་ཟླའི་རྒྱལ་བ་དང་པོར་བསྡེབས་པས་གཞན་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར་ཅིག༔ མངྒ་ལཾ༔ ༈ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་སྲོག་བདག་གཟའི་སྲུང་བ་བཞུགས་སོ༔

p. 496

གུ་རུ་རྡོ་རྗེ་དྲག་རྩལ་སྐུ་ལ་འདུད༔ སེམས་ཅན་མི་དགེ་སྤྱོད་པའི་འབྲས་བུ་ཡིས༔ ཧུར་ཐུམ་གློ་བུར་གཟའ་ནད་དྲག་པོ་ལྡང་༔ བཅོས་བྱེད་སྨན་དཔྱད་རྟེན་འབྲེལ་ནུས་པ་ཡི༔ ལོང་མེད་གལ་སྲིད་ཅུང་ཟད་ཡུན་འགོར་ཡང་༔ ཕན་ཐབས་མི་ལེན་ཉམ་ངའི་གནས་སུ་གྱུར༔ དེ་ཕྱིར་ཐོག་མ་ཉིད་ནས་སྲུང་བའམ༔ གནོད་པ་བྱུང་ཚེ་གསོ་བའི་མན་ངག་ནི༔ རབ་གསེར་འབྲིང་དངུལ་ཐ་མ་རྒྱ་མཚལ་གྱིས༔ ལྷག་ཆད་མེད་པར་སྔགས་བྱང་དག་པར་བྲི༔ སམུནཀྱིམིངརྡལོཛེའབའསྐྱོཤེདདཱནནནརྒྱདུངགྷབནལཁསྡམཙཀིཧིརྡདེཨརྨནསརྦནབཛྲསྟཙཀྲཱཏེངམནབཏེཏིབཤཧཿཔཿནཿཁྲིཿདུཿཕཊཿཚེག་མེད་ཕྲེང་གཅིག་བྱས་ཏེ་རབ་གནས་ནི༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩས་ཤིས་བརྗོད་བཅས༔ མཇུག་ནས་ཡར་དྲིལ་སྣལ་མ་ནག་པོས་བཅིང་༔ ལ་ཆས་བཏུམ་ཞིང་གཟའ་མིག་མངོན་པར་བཏོད༔ དྲང་སྲོང་གཟའ་ཡི་གནོད་པར་ཉམ་ང་མེད༔ གནམ་ལྕགས་རྡོ་རྗེའི་མཁར་དུ་ཚུད་པ་འདྲ༔ གཟའ་ནད་བྱུང་བའི་ནད་པར་བཏགས་པར་བྱ༔ ངེས་པར་ནད་ལས་གྲོལ་བར་ཐེ་ཚོམ་མེད༔ ཡོན་དུ་གསེར་སྲང་གང་མེད་སྦྱིན་མི་རུང་༔ མང་དུ་སྤེལ་ན་རང་ལ་འཁུ་ལྡོག་འོང་༔ སྲོག་ལ་ཅི་རི་སྲུང་བ་འདི་ལ་རི༔ དམ་དུ་གྱིས་ཤིག་བཀའ་ཡིས་རྒྱས་བཏབ་བོ༔ ས་མ་ཡཱ༔ ༈ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་སྲོག་བདག་རྒྱལ་བསེན་སྲུང་བ་བཞུགས༔ གུ་རུ་རྡོ་རྗེ་དྲག་རྩལ་སྐུ་ལ་འདུད༔ མ་རུངས་དམ་སྲི་གདུག་པ་ཁ་དར་ནས༔ རྒྱལ་བསེན་འབྱུང་པོ་དམ་སྲི་ལོག་འདྲེན་གྱིས༔ ཆོས་ལྟར་སྤྱོད་པའི་དགེ་སྦྱོང་ཚད་མར་གནོད༔ སྐྱེས་པའི་སྲོག་དང་བུད་མེད་སྲི་ལ་གནོད༔

p. 497

ཆུང་གསུམ་ལུས་དང་ལོངས་སྤྱོད་ནོར་ལ་གནོད༔ དེ་དག་སྲུང་བྱེད་མདུད་ཆོག་མེ་འཁོར་ལོ༔ གདུག་པའི་སྤུ་གྲི་སྲུང་ཆིངས་ཁྲ་བོ་འདི༔ སོག་གཡས་བལ་དཀར་གཡོན་པའི་བལ་ནག་ནི༔ དཀར་པོ་སྐྱ་གཉིས་ནག་པོ་སྐྱ་གཅིག་བསྒྲིལ༔ གྲོང་ཆོས་མ་གོས་བུད་མེད་གཙང་མས་བཀལ༔ མདུད་པ་ལྔ་འམ་བདུན་ནམ་ཉེར་གཅིག་སོགས༔ གནོད་ཚབས་ཆེ་ཆུང་གལ་དང་བསྟུན་ལ་མདུད༔ སྨྲ་བཅད་མདུད་པ་རེ་རེ་བཞིན་དུ་བསྔགས༔ ༀ་རཱ་ཙ་ཐུཾ་རིལ༔ རཱ་ཙ་ཤག་དུན༔ རཱ་ཙ་ཡ་ཤི་རྦད༔ རཱ་ཙ་ཧུར་ཐུམ་རྦད༔ ཨ་ཐུམ་རཱ་ཙ་ཡི་སྲོག་ལ་ཛ་ཛ༔ ཡ་ཡཱ་རྦད༔ རཱ་ཙ་ཡི་སྙིང་ལ་དུན་དུན༔ སྲིལ་སྲིལ་ཧཱུྃ་ཛ་ཧཱུྃ་རཱ་ཙ་ཧིར་ཤོག༔ རཱ་ཙ་མཱ་ར་ཡ་ཁྲག་ཏིག་ཐུཾ་ཧཱུྃ་ཛཿརྒྱལ་འགོང་གནོད་པར་བྱེད་པའི་སྙིང་ལ་བཾ་ཧོ༔ མཱ་ར་ཡ་ཆིངས་ཆིངས་སྭཱ་ཧཱ༔ ༈ བསེན་མོའི་སྔགས་ནི༔ ༀ་རག་མོ་ཐུཾ་རིལ༔ རག་མོ་ཤག་དུན༔ རག་མོ་ཡ་ཤི་རྦད༔ རག་མོ་ཧུར་ཐུཾ་རྦད༔ ཨ་ཐུཾ་རག་མོ་ཡི་སྲོག་ལ་ཛ་ཛ༔ མ་ཡཱ་རྦད༔ རག་མོ་ཡི་སྙིང་ལ་དུན་དུན༔ སྲིལ་སྲིལ་ཧཱུྃ་ཛ་ཧཱུྃ༔ རག་མོ་ཧིར་ཤིག༔ རག་མོ་མཱ་ར་ཡ་ཁྲག་ཏིག་ཐུམ་ཧཱུྃ་ཛ༔ བསེན་མོ་གནོད་པར་བྱེད་པའི་སྙིང་ལ་བཾ་ཧོ༔ མཱ་ར་ཡ་ཆིངས་ཆིངས་སྭཱ་ཧཱ༔ རྒྱལ་བསེན་གང་གི་གནོད་ཚེའི་སྲོག་སྔགས་ནི༔ མང་བཟླས་བརྒྱ་རྩ་བརྒྱད་ཀྱིས་ཆོ་ག་བསྒྲུབས༔ བཏགས་

p. 498

པས་གདོན་ལས་གྲོལ་བར་ཐེ་ཚོམ་མེད༔ པད་འབྱུང་དུར་ཁྲོད་བརྒྱད་དུ་མཁའ་འགྲོའི་ཚོགས་དཔོན་མཛད་བཞིན་བཞུགས་རྗེས་ནམ་ཞིག་ལ༔ ཤ་ཀ་རཏྣ་ཞེས་པའི་གྲོང་ཁྱེེར་དེར༔ མི་ནད་དང་ནི་ཕྱུགས་ནད་ཆེན་པོ་བྱུང་༔ སྨྱོ་བ་འབོག་དང་བརྒྱལ་བ་མང་དུ་བྱུང་༔ འདི་འདྲའི་གནོད་འཚེ་གང་གིས་གདུལ་གྱུར་གཅེས༔ གྲོང་ཁྱེར་བཞུགས་པའི་མཁའ་འགྲོ་རྣམས་ཀྱིས་ནི༔ དངོས་སུ་ཕུལ་བའི་གདམས་པ་ཁྱད་པར་ཅན༔ ཆོས་ལོག་སྤྱད་ཅིང་དུག་ལྔ་གཡོས་པའི་དུས༔ སྔགས་བཙུན་དགེ་སློང་བུད་མེད་འདྲེ་རུསྐྱེས༔ དེ་དུས་གདམས་པ་འདི་ལ་ལྟོས་པར་ཟུང་༔ རབ་ཏུ་གསང་ཞིང་རང་སྲུང་ཙམ་ལས་ནི༔ ཧ་ཅང་སྤེལ་ན་རང་ལ་གནོད་འཚེ་འབྱུང་༔ དྲག་སྒྲུབ་གསང་བའི་ལས་མཐའ་བཀོད་དོ་རྒྱ༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ༈ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི༔ ལས་ཚོགས་ཇག་རྐུན་གཅན་ཟན་འཆིང་ཐབས་བཞུགས་སོ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་སྐུ་ལ་འདུད༔ དགྲ་རྐུན་གཅན་གཟན་འཆིང་བའི་ཐབས་བསྟན་པ༔ ཙཀྲ་མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་ༀ་མཐར་སྔགས་ཀྱི་ཤམ་བུ་རུ༔ གནོད་བྱེད་འདི་ཞེས་བྱ་བ་ཆོམས་ཤིག་ཆིངས་ཤིག༔ དེ་ཡི་ཕྱི་རིམ་རྩིབས་དྲུག་བཀོད་བྱས་ལ༔ རྩིབས་དང་པོ་ལ༔ ༀ་ན་མཿསརྦ༔ རྩིབས་གཉིས་པ་ལ་ཏ་ཐཱ་ག་ཏ༔ རྩིབས་གསུམ་པ་ལ་ཨ་ཝ་ལོ་ཀི་ཏེ༔ རྩིབས་བཞི་བ་ལ་ཛཱ་ལ་ཡ༔ ཛཱ་ལ་ཡ༔ རྩིབས་ལྔ་པ་ལ་ཇག་པ་དང་ཆོམ་རྐུན་གཅན་གཟན་ཆྒཻ་མོ་ཞེས་བྱ་བ༔ རྩིབས་དྲུག་པ་ལ་ཆིངས་ཤིག་ཆིངས་ཤིག་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་བྲི༔ དེ་ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨ་བྲི༔ དེའི་ཕྱི་རིམ་

p. 499

ལ་མེ་རི་གཡས་སྐོར་བྲི༔ ཡིག་མགོ་ཐམས་ཅད་ཕྱིར་བསྟན་དག་ཏུ་འགོད༔ སྔགས་འདི་ཉེར་གཅིག་བཟླས་པས་རབ་ཏུ་གནས༔ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཛྭ་ལ་ཡ་ཛྭ་ལ་ཡ་སྭཱ་ཧཱ༔ རི་བོང་གསོན་པོའི་སྤུས་གཏུམས་ལ་རི་བོང་སྤུ་བུ་མོ་གཙང་མས་བཀལ་བའི་སྲད་བུ་སྤུ་མི་མཐོང་བར་དྲིལ་བྱས་བསྲུང་བྱར་བཏགས༔ གང་ཞིག་ཁྱིམ་གྱི་གདུང་ཆ་ལ་བཏགས་ན་དཀོར་ཆ་ཡོ་བྱད་རྐུན་མས་མི་ཁྱེར༔ རྟ་ཕྱུགས་ཀྱི་སྐེ་ལ་བཏགས་ན་རྐུན་མ་དང་གཅན་གཟན་སྲུང་༔ ཁྱི་ཡི་སྐེ་ལ་བཏགས་ན་སྤྱང་ཀི་ཐུབ༔ ར་ལུག་གི་སྐེ་ལ་བཏགས་ན་སྤྱང་ཀིའི་གནོད་མི་སྲིད༔ ལྕགས་ལ་བཏགས་ན་རྐུན་མ་འཆི༔ ཞིང་གི་དཀྱིལ་བཏགས་ན་ལོ་ཀུན་ཐུབ༔ ལུས་ལ་བཏགས་ན་ཇག་པ་དང་མི་འཕྲད༔ ས་སྤར་གང་ལ་སྔགས་ཉེར་གཅིག་བཟླས༔ གར་འགྲོའི་ཕྱོགས་སུ་གཏོར་ན་འདི་ལྟར་དམོད༔ ས་ཕྱོགས་འདིར་ཇག་པ་དང་ཆོམ་རྐུན་སྤར་བརྒྱད་སྨེ་དགུ་ལོ་བཅུ་གཉིས་ནང་ན་ཡོད་པའི་བསམ་སྦྱོར་ངན་པ་ཐམས་ཅད་ཆིངས་ཤིག་ཆིངས་ཤིག༔ ཞེས་ཁ་སྒྱུར་མན་ངག་རིག་མདས་སྣུན༔ རྟེན་འབྲེལ་གནད་ཟབ་གསང་བའི་ལས་མཐར་བཀོད༔ ཐེ་ཚོམ་མེད་པའི་ཡིག་ཆུང་ཟབ་མོའོ༔ ས་མ་ཡཱ༔ གུ་ཧྱ༔ བརྡའ་ཐིམ༔ ལས་རབ་རྩལ་གྱིས་བཀོད་པ་དགེའོ༔ ༈ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་མན་ངག་དགོས་འདོད་ཀུན་འབྱུང་བཞུགས་སོ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ ལྟ་སྒོམ་གདེང་མེད་འདོད་པས་ནོར་ལྷ་བཀོལ༔ དམ་འཁྲུགས་དམ་སེལ་སྔགས་ཀྱི་བྱིན་རླབས་ཡལ༔ གསང་འོས་གཞན་ལ་སྤེལ་ལམ་མཐོང་བས་ཞུད༔ ཡང་ན་རྩ་བའི་དམ་ཉམས་སྒྲུབ་འབྲས་སད༔ གྲིབ་ཅན་

p. 500

མནོལ་བཙོག་འབག་པས་དྲོད་རྟགས་ཡལ༔ ནུས་པ་ཆུང་བས་བཀོལ་མ་ཐུབ་པ་དང་༔ ལྷག་ཆད་གྲ་ཟུར་ཉམས་པས་སྒྲ་མ་ཐོན༔ དེ་དག་སྐྱོན་གྱིས་ནོར་སྒྲུབ་གང་གི་ལྷ༔ ཅི་ཙམ་བསྒྲུབས་ཀྱང་དངོས་གྲུབ་རྟགས་མེད་བུལ༔ དེ་ཚེ་གང་ཡིན་བསྙེན་སྒྲུབ་ལས་སྦྱོར་སམ༔ ཨུཿཀཿཡེཿཨ་ཀ་ཡེཿཀ་ས་ཡེཿབཛྲ་སིདྡྷི་སིདྡྷི་ཧཱུྃ་ཛ་ཛ༔ གཙང་ཞིང་དག་པར་བཟླས་པའི་གཞུང་དེ་ཡི༔ རྟགས་རྣམས་མྱུར་དུ་གཏན་ལ་ཕེབ་པར་འགྱུར༔ མི་ནོར་ཟས་གསུམ་འདུ་བ་ཐེ་ཚོམ་མེད༔ བརྒྱ་རྩ་ཉེར་གཅིག་སྟོང་དང་ཁྲི་ལ་སོགས༔ མང་ཉུང་ཚོད་སྦྱོར་ཡང་ན་རྟགས་དང་བསྟུན༔ ས་མ་ཡཱ༔ ༈ ཡེ་ཤེས་པའམ་ཡང་ན་འཇིག་རྟེན་ནམ༔ དངོས་གྲུབ་འབྱུང་བའི་ནོར་སྒྲུབ་གང་བསྒྲུབས་ཀྱང་༔ ཟས་ནོར་དཀོར་ཆའི་རྗེས་སུ་འདྲེ་འབྲང་དང་༔ ཡི་དྭགས་སྒབ་འདྲེ་ཚོགས་ཀྱིས་བར་གཅོད་ན༔ འཁུ་མི་ནུས་པ་ཁ་ཆིངས་འདུལ་བའི་ཐབས༔ དྲག་པོའི་སྔགས་ཀྱི་ཁྲིད་དེ་འདི་བཟླའོ༔ ཏྲི་མཱ་ར་ཡ་ཐུམ་རིལ་རྦད་ཡ༔ རུ་ལུ་རུ་ལུ༔ མ་མ་ཏི་མུཾརྦད༔ བཛྲ་ཡཀྵ་ཏྲི་ཐུཾ་རིལ་རྦད༔ ཕུ་ལིང་བཛྲ་ནཱ་ག་རཱ་ཙ་ནཱ་ག་ཕུ༔ ཏྲི་ཐུཾ་རིལ༔ གནོད་བྱེད་ཁ་ཐཾ༔ ཁ་ཐཾ༔ མཆུ་ཆིངས་མཆུ་ཆིངས་རྦད་སོད༔ འགོང་པོ་སྒབ་འདྲེ་དམ་སྲི་བསེ་རག་བྲེལ་འགོང་གནོད་བྱེད་ཡི་དྭགས་འབྱུང་པོ་ཐམས་ཅད་ཐུཾ་མཱ་ར་ཡ་ཕཊ༔ ཡི་དམ་བསྐྱེད་རིམ་དྲག་པོའི་ངར་དང་བཅས༔ ཐུལ་གྲངས་སྤྱི་མཚུངས་མ་གསལ་བར་དུ་བཟླ༔ ཡང་ན་འཚུབ་ལྷོང་བྱུང་བའི་ཚེ་ན་བསྒྲང་༔ ཡང་ན་ནོར་སྒྲུབ་བྱེད་པའི་ཐུན་མཚམས་སམ༔ ལྷག་པར་སྲོད་ཀྱི་དུས་སུ་བཟླ་བར་

p. 501

བྱ༔ མང་ཉུང་གལ་དང་གནོད་པའི་ཚབས་དང་བསྟུན༔ གནོད་བྱེད་སྒབ་འདྲེ་འཇོམས་པར་ཐེ་ཚོམ་མེད༔ ས་མ་ཡཱ༔ ཟབ་པའི་ནང་ནས་ཡང་ཟབ་བསྡུས༔ མན་ངག་ནང་ནས་སྙིང་པོ་ཕྱུང་༔ གུ་རུ་དྲག་པོའི་ལས་ཕྲན་གསལ་བར་བཀོད༔ མང་དུ་མ་སྤེལ་གསང་ཞིང་ཉམས་སུ་ལོངས༔ ས་མ་ཡཱ༔ ༈ ཨོ་རྒྱན་རྗེ་ལ་ཕྱག་འཚལ་ནས༔ བདག་འདྲ་དཔའ་བོ་ལས་རབ་ཀྱིས༔ སྙིགས་མའི་དུད་འགྲོ་སྙིང་རྗེའི་ཕྱིར༔ ཟབ་མོའི་གདམས་པ་འདི་འདྲ་བསྟན༔ དེ་ཡང་འབྱམས་རིགས་ཞེས་གྲགས་ཤིང་༔ ཁ་ཅིག་ཁ་བོལ་ཚ་ཚ་ཞེས༔ དེ་ཉིད་སྲུང་བའི་གདམས་པ་ནི༔ རྒྱ་ཤོག་རྒྱ་སྣག་འདི་བཞིན་འབྲི༔ ཨཱོཾནཱགཔརུཔཙཧལེཕེསསོད༔ གཉལཧུརཁྱུདརྦད༔ ནོརལུགའདིལསྲུངསཤིགརཀྵརཀྵསྭཱཧཱ༔ བྲི་ས་བསུབ་ལྷག་མེད་པ་རུ༔ ཕྲེང་གཅིག་ནུས་ལྡན་རྫས་རྒོད་བྱུག༔ གཤམ་ནས་ཡར་དྲིལ་དྲག་སྒྲུབ་དང་༔ ཁྱུང་སྔགས་རྟེན་སྙིང་རབ་གནས་བྱ༔ ནོར་ལུག་གང་བསྲུང་རྣ་བར་བཏགས༔ ཐེ་ཚོམ་མི་དགོས་ཟབ་པོ་རྒྱ༔ ཨྠྀི༔ མ་དཔེ་ལ་འདིར་ལྡེབ་གཉིས་མེད། ༈ སེམས་ཅན་སྨྱོ་སྲུང་ནི༔ ༀསིམིའིམོགལརྦདནནསྭཱཧཱ༔ ཞེས་བྲིས་ལ་གྲི་རུས་དང་སུག་སྨེལ་གཉིས་དང་ལྷན་ཅིག་དྲིལ་ནས་ཐུམ་ནག་པོས་བཏུམ་སྐུད་པ་སྔོ་དམར་གྱིས་བཅིངས་ལ་ཕོའི་གཡས་མོའི་གཡོན་ལ་བཏགས་པས་ཐུབ་བོ༔ ཿཀཿསཿརཛཛས༔རཡབྲཕཊ༔ ཨཱོཾསྤུརུརྫུལྦུཡེནིསྔགཡིགཝརྣིསྭཱཧཱ༔ ཧསེརམཏྲདྲནིཨོམ༔ཞེས་ཕྲེང་གཅིག་བྱས་ལ་བཏགས་པས་རྟ་སྲི་ཁ་

p. 502

ཆིངས་ཟབ་མོ་ལགས༔ ༈ རུས་པ་ཆག་འབྱོར་ལ༔ བཛྲ་ཙཀྱུ་རྦད་ནན༔ ཐག་གུ་ཁྲ་བོ་ལ་མདུད་པ་བྱ་ཟབ་པོ༔ ༈ ཁ་ཚའི་འགོག་ལ༔ ༀནགཡཾབུརཀྵ༔ རྣ་བར་བཏགས༔ ༈ བེའུའི་ནད་སྲུང་བ་ལ་སྐུད་པ་དམར་པོ་བསྔགས་ཏེ་མདུད་པ་བརྒྱབ་ནས་རྔ་མར་བཅིང་༔ ༀཨཏིནགཔོནན༔ཏུརིནགཔོནན༔ ༈ བེའུ་རྣ་ཐོག༔བྠༀབནམརཡཉཧཱུྃརཾཧཱུྃསྲིམརཡརྦད༔ སྲུང་སྐུད་ནག་པོ་ལ་མདུད་པ་དགུ་བྱ་སྔགས་སྟོང་ཚོ་ཞིག་བཏབ་ལ་བཏགས་སྔགས་ནི༔ ནམོརཏྣབཱིརཡེསྭཱཧཱ༔ ༈ ཡང་རྟ་ཕྱུགས་ཀྱི་གོད་ཀ་བསྲུང་བ་ནི༔ མེདུརཧཱུྃ༔བྷྲུཾསྲོཾ༔མིཁིལབྷྱོཕཊ༔མཁིལཡབྷྱོ༔ཆེགེལགནོདཔཐམསཅདསྲུངསཤིག༔ མིནོརཕྱུགསདངབཅསཔལརཀྵརཀྵསྭཱཧཱ༔ རིན་ཆེན་སྣག་ཚ་བྱུག་པའི་བྱང་བུར་བྲིས༔ རང་སྔགས་སྟོང་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩའི་རབ་གནས་བྱ༔ གདོན་བགེགས་ལ་གཏོར་མ་སྦྱིན་བདེན་སྟོབས་བརྗོད༔ དྲག་སྔགས་ཀྱིས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ རྟ་ཕྱུགས་ཀྱི་སྐེ་ལ་བཏགས་པས་གོད་ཁའི་གནོད་པ་ཐུབ་པོ༔ ཨྠྀི༔ ༈ ཡང་གོད་ཁ་སྲུང་བའི་ཐབས་ལ༔ མེཀཧཱུྃ༔ཕྲྃཕྲྃཀཱིལཡབྷྱོཕཊ༔ བདག་ཆྒཻའི་རྟ་ཕྱུགས་ནོར་གསུམ་གྱི་གོད་ཁ་ཐམས་ཅད་སྲུངས་ཤིག་རཀྵ༔ ཕོ་ཤིང་བྱང་བུ་ལ་བྲིས་ནས་སྒོ་ཁྱིའི་སྐེ་ལ་བཏགས་པས་གོད་ཁ་ཆོད༔ ཨྠྀི༔ ༈ ཡང་སྒོག་སྐྱ་དང་ལོ་མ་བདུན་སྐུད་པ་ལ་བརྒྱུས་ནས་གོང་བ་ལ་བཏགས་ན་མི་ཁ་དང་ཕྱོགས་ངན་ཐུབ་བོ༔ ༈ ཡང་སྒོའི་ཕྱི་སྒོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ན་མི་ཁ་དང་དགྲ་ཉུང་བར་འགྱུར་རོ༔ འགྲོ་ལ་ཕན་

p. 503

ཕྱིར་མན་ངག་ལས་རབ་རྩལ་གྱིས་བཀོད་པ་ཨྠྀི༔ ༈ ཡང་གཅིག་གུ་གུལ་སྣག་ཚ་བསྲེས་པས༔ ༀཨམཱརཎཛིཝནྟིཡེསྭཱཧཱ༔ ༀཧཱུྃཛརཐརབརུཡེསྭཱཧཱ༔ སྔགས་འདི་དབུ་ཅན་ཕྲེང་གཅིག་བྱས་ལ་བྲིས༔ རང་སྔགས་སྟོང་དང་རྟེན་འབྲེལ་བརྒྱ་རྩ་རེ༔ བཟླས་ལ་བཏགས་པས་རབ་ཏུ་གནས་བྱས་ལ༔ ས་ལ་མི་བཞག་མི་ལག་མི་འགྲིམ་པར༔ མགུལ་དུ་བཏགས་པས་འབྲུམ་པ་སྲུང་བར་ཐེ་ཚོམ་མེད༔ དགེའོ༔ ༈ གཞན་ཡང་ཕན་བྱའི་ལས་ཕྲན་ནི༔ དཔག་མེད་ཉམས་བླང་གཞན་དོན་བྱས༔ བདུད་རྒན་ང་ཡི་ལག་རིས་ཡིན༔ འདི་ཡང་ཟབ་ལ་རྣོ་བའོ༔ བབཨཱོཾབལོདསྭཱདདུཀཱལོངདུགཕོཾསདདེཕྲེངཕྲེངསྭཱོདསྭཱཧཱ༔ འདི་སྔ་དྲོའི་དུས་ཐམས་ཅད་དུ་ཟོས་ན་ནད་གདོན་རིམས་གསུམ་ཐན་དང་བྱུར་ངན་རྨི་ལམ་མོ་རྩིས་ངན་པ་པྲ་ལྟས་མི་རུང་པ་ཐམས་ཅད་བསྒྱུར་ཞིང་བཟློག་ནས་གཟའ་གྲིབ་མི་འབྱུང་ངོ་༔ ཟབ་རྒྱ༔ སྔགས་ནུས་རྒྱས་པའི་འབྲུ་བདུན་ལ༔ གཟའ་དང་དུས་ཚོད་སྐར་མ་རྒྱལ༔ རྫས་ནི་ཁ་ཆེ་གྷི་ཝང་ངོ་༔ ནངས་རེ་བཞིན་དུ་བདུན་བདུན་ནོ༔ སྔགས་ཀྱི་ནུས་པ་རབ་རྒྱས་ནས༔ གཅིག་བཟླས་དུང་ཕྱུར་བདུན་དུ་འགྲོ༔ འདི་ལ་ཐེ་ཚོམ་ཡོད་རེ་སྐན༔ ཉམས་སུ་ལོངས་ཤིག་སྐལ་ལྡན་ཀུན༔ ཉམས་གྲིབ་རྣམས་ལ་འཛེམ་པར་བྱ༔ ས་མ་ཡཱ༔ ༈ ཨེ་མ་རྒྱ་གར་མཁས་པའི་ལུགས༔ སྲུང་བ་རྟེན་འབྲེལ་ཀུན་འདུས་ཀྱི༔ བཅའ་ཆོག་མན་ངག་བཅས་པ་ཡིས༔ ཁ་ཚ་ནེའུ་ཚ་སྲུང་བའི་ཐབས༔ གླ་རྩི་མཚལ་དང་མུ་ཟི་དང་༔ ངང་པ་བྱ་རྒོད་ཉ་ཡི་ཤ༔ ཤ་ཆེན་འཁོར་ལོའི་ནང་དུ་བཏུམ༔ རང་དང་ཡིག་འབྲུ་རེ་རེ་བཞིན༔ རྟ་མགྲིན་ནག་པོའི་སྐུ་རུ་བསྒོམ༔

p. 504

རྟ་མགྲིན་སྔགས་ཀྱིས་རབ་ཏུ་གནས༔ རྫས་དང་ཡིག་རྒོད་མགུལ་དུ་བཏགས༔ ཐེ་ཚོམ་མེད་པར་སྲུང་བའི་མཆོག༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ ཨེ་མ་རྒྱ་གར་མཁས་པའི་ལུགས༔ སྲུང་བ་རྟེན་འབྲེལ་ཀུན་འདུས་ཀྱི༔ བཅས་ཆོག་མན་ངག་གཅེས་པ་ཡིས༔ མིི་ཕྱུགས་ལྷོག་པ་སྲུང་བའི་ཐབས༔ རྒྱ་སྣག་ལྷད་མེད་དག་གིས་འབྲི༔ རྡོ་རྗེའི་འགྲོས་ཅན་ཤ་ཡིས་བྱུག༔ མན་ངག་བརྒྱ་རྩས་རབ་ཏུ་གནས༔ ཚོན་སྐུད་ཀྱིས་བཅིངས་བསྲུང་བྱར་བཏགས༔ ཐེ་ཚོམ་མེད་པར་སྲུང་བའི་མཆོག༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་མཱ༔ རྒྱ་རྒྱ་རྒྱ༔ ༈ ཨེ་མ་རྒྱ་གར་མཁས་པའི་ལུགས༔ གཅེས་ཆོགས་མན་ངག་གཅེས་པ་ཡིས༔ འདྲེ་གདོན་བགེགས་ཀྱིས་མི་ཚུགས་པའི༔ སྲུང་བ་རྡོ་རྗེའི་གོ་ཁྲབ་ནི༔ ལྷག་ཆད་མེད་པར་བྲིས་ནས་སུ༔ བདུད་རྩི་ཆོས་སྨན་རྫས་སུ་རླན༔ ཡི་དམ་ཁྲོ་བོའི་སྔགས་དང་ནི༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ བསྲུང་བར་བྱ་བའི་མགུལ་དུ་བཏགས༔ ཐེ་ཚོམ་མེད་དགོས་སྲུང་བའི་མཆོག༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ གཞན་ཡང་ཐུན་མོང་ལས་ཚོགས་ལས༔ ཟ་ཡིག་འབྱུང་པོ་འདུལ་བྱེད་བསྟན༔ བདུད་རྩི་པཉྩ་ཨ་མྲྀ་ཏ༔ རྒྱ་སྣག་རྒྱ་མཚལ་བསྲེས་པ་ཡིས༔ རྒྱ་ཤོག་འམ་ནི་ཤ་ཤུན་ལ༔ ཌཱཀྐིའི་གསང་ཡིག་ལེགས་བྲིས་ཏེ༔ རང་གཞན་ཀུན་གྱི་རྒྱུ་རུ་རུང་༔ཐོ་རངས་ཟོས་པས་ཚེ་བསྲིང་བར་ཆད་ཞི༔ཐོ་རངས་ཟོས་པས་འགོས་ནད་རིམས་ཡམས་བསྲུང་༔ཐོ་རངས་ཟོས་པས་རྒྱལ་ནད་སྲོག་རླུང་འཇོམས༔གཡུལ་ངོར་ཞུགས་དུས་ཟོས་པས་མཚོན་འཇིགས་བྲལ༔ རྟག་ཏུ་ཟོས་

p. 505

པས་ཚེ་གཅིག་སངས་རྒྱས་འགྲུབ་༔སུ་ཡིས་ཟོས་ཀྱང་མྱོང་གྲོལ་ངན་སོང་ཁོག༔ ༈ རྩ་འགྱུར་སྔགས་ནི༔ རྩ་ལ་ཉ་རཾ་རཾཿསྐུད་པ་ཁྲ་བོ་ལ་མདུད་པ་དགུ་བརྒྱབ་སྔགས་རེས་བཅིངས་པས་ཟབ༔ ༈ ཐབ་སྔགས་ནི༔ ༀ་ཧྲི་ཧྲི་ཐེབ་ཐེབ༔ ཐབ་སོད༔ གཞོབ་སོད༔ ཡ་མ་སོད༔ ཡ་ཁྱི་སོད༔ བྲམ་ཟེ་ནག་པོའི་གཉན་སོད༔ ལས་རབ་རྩལ་གྱིས་སོ༔ ༈ གཟའ་གྲིབ་སྔགས་ཕྱག་རྡོར་ང་རྒྱལ་མི་ཚིག་མ་འདྲེས་པས༔ ཡུང་བ་གུར་གུམ་ཆུར་བསྔགས་ཁོང་བཏང་སེལ༔ ༀ་ཕྲེད་དུ་དེ་ཤ་ན་ཡེ་སྭཱ་ཧཱ༔ ཨྠྀི༔ ༈ མགོ་སྨྱོན་སྲུང་བ་ནི༔ དྲི་རུས་རྒྱ་སྣག་འདྲེས་པ་ཡིས༔ ཤོག་བུར་ཚེག་མེད་འཕྲེང་ཅིག་བྲི༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ མཇུག་ནས་དྲིལ༔ ༀརལགྲིཆདཀྱིསརལགྲིསགཏུབསརལགྲིའབརབསམགོའཁོརཆོདརཀྵ༔ ཕོའི་རྣ་གཡས་དང་མོའི་རྣ་གཡོན་དུ་བཏགས་པའི་སྲུང་བ་ཟབ་པོ༔ ༈ ལོངས་སྤྱོད་ནོར་འཕེལ་ཟ་ཡིག་ནི༔གཞན་ལ་གསང་བ་དམ་ཚིག་ཡིན༔ ཨྠྀི༔ ༈ ཡམས་ནད་སྲུང་བའི་ཟ་ཡིག་ནི༔ གླ་རྩི་བཙན་དུག་ཤུ་དག་ནག་པོ་བྱུག༔ ཨྠྀི༔ ༈ ཕོ་གདོན་ཚར་གཅོད་ཟ་ཡིག་ནི༔རྫས་ལ་ཡུངས་ཀར་སྦྱར་བར་བྱ༔ ཨྠྀི༔ ༈ མོ་གདོན་ཚར་གཅོད་ཟ་ཡིག་ནི༔ གནས་ཆེན་སིན་དྷུ་ར་བྱུགས༔ ཨྠྀི༔ ༈ འདི་གཟའ་སྤྱི་འཇོམས་ཟ་ཡིག་གུ་གུལ་བྱུག་ཕྱག་རྡོར་སྙིང་པོས་རབ་གནས་བྱ༔ ༈ འདི་ཡ་མ་སྤྱི་འཇོམས་ཟ་ཡིག༔བཛྲཔཱཎིཧལནགཔོསོད༔ འདི་གཉིས་རྫས་ནུས་ལྡན་ཡི་དམ་ལྟང་ཐུན་

p. 506

གུ་གུལ་བྱུག་གཟའ་གྲིབ་ཟ༔ ༈ སྡེ་བརྒྱད་སྤྱི་འཇོམས༔རྒྱལ་པོ་གནད་འབབས་ཧབཤམཏྲིགནནདུརགྲུབཛཿམཱརཡཕཊཿགསང་བདག་བསྐྱེད་རིམ་རྒྱ་ཤོག་རྒྱ་སྣག་བྲིས་རྟེན་འབྲེལ་རབ་གནས་པད་འབྱུང་སྤྱི་བོར་བསྒོམས་ལ་ཟ༔ སྟེང་གདོན་ནད་ལས་གྲོལ༔ ཧཱུྃ་ཧྲཱིཿམཏྲིཨསུསྭཱཧཱ༔ ཕྱག་རྡོར་བསྙེན་པས་རབ་གནས་བྱ༔ ༈ བྱིས་པའི་གདོན་ཆེན་བཅོ་ལྔའི་ཟ་ཡིག་ནི༔ ༈ རིམས་སྲུང་ཟབ་མོ་ནི༔ སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས༔ ངོ་བོ་བཅོམ་ལྡན་རྡོ་རྗེ་ཕག་མོའི་སྐུ༔ རྣམ་པ་ལྕགས་ཀྱི་ཕག་རྒོད་འཇིགས་རུང་བ༔ ནད་རིམས་གདོན་བགེགས་ཟ་བའི་ནུས་ལྡན་གྱུར༔ ནིར་སཾ་ཡ་ར་བྷེ་སྭཱ་ཧཱ༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་གུ་རུ་རབ་ཁྲོས་མཐིང་ནག་འབར༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་འཛིན༔ ཕག་རྒོད་ཁམ་ནག་འཇིགས་སུ་རུང་བ་ཆིབས༔ ཞལ་ནས་དྲག་སྔགས་མེ་སྟག་ཚྭ་ཚྭ་འཕྲོ༔ རང་ལས་སྤྲུལ་པའི་ཕག་རྒོད་གྲངས་མེད་འཕྲོས༔ ནད་གདོན་ཐམས་ཅད་ཧུར་ཐུམ་ཟོས་པར་གྱུར༔ ༈ གཤེད་ཀྱི་གནོད་པ་སྲུང་ཐབས་ནི༔ གུ་དྲག་རྩ་སྔགས་ཤམ་བཅས་ལ༔ ཡིག་རྒོད་གནམ་ལྕགས་འབྲུ་བཅུ་སྦྱར༔ ༀ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཕཊ་བཛྲ་གྷ་རུ་ཊ་ཡཀྵ་

p. 507

ཡཀྵ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ༔ བདགའཆངབལགཤེདའཁྱམསཀྱིགདུགཔསྲུངསཤིག༔ ཡི་དམ་རང་སྔགས་རྟེན་འབྲེལ་གྱི༔ སྙིང་པོས་རབ་ཏུ་གནས་པར་བྱ༔ ནུས་ལྡན་སྔགས་ཀྱི་རྫས་རྒོད་བྱུག༔ མཇུག་ནས་ཡར་དྲིལ་མགུལ་དུ་བཏགས༔ ཤི་གཤེད་འབྱུང་པོས་གནོད་མི་ནུས༔ སྲུང་བ་གནམ་ལྕགས་མེ་འབར་འདྲ༔ འཛམ་གླིང་འདི་ན་འདི་འདྲ་དཀོན༔ སྙིང་གི་དཀྱིལ་དུ་ས་མ་ཡཱ༔ དམ་མེད་ལག་ཏུ་ཤོར་ར་རེ༔ ཡོན་ནི་གསེར་སྲང་གསུམ་རེའོ༔ ཨྠྀི༔ ༈ ཐོག་སྲུང་འཇིགས་མེད་གོ་ཆ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་༔ ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད༔ ད་ནི་དུས་ཀྱང་ཇེ་ངན་འགྲོ༔ སྡེ་བརྒྱད་ལྷ་སྲིན་ཆོ་འཕྲུལ་དང་༔ ནག་ཕྱོགས་གཞི་བདག་དྲག་རྩལ་དང་༔ མི་རུང་ཐོ་ཅོའི་སྤྱོད་པ་ཡིས༔ འབྱུང་བའི་ཟོར་ཆེན་ཐོག་འབེབས་ཤིང་༔ སྲོག་དང་བྲལ་ལམ་འཇིགས་པར་བྱེད༔ དེ་ཡི་སྲུང་བ་འདི་ལྟར་རོ༔ རྒྱ་ཤོག་དག་ལ་རྒྱ་སྣག་གིས༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་རྒྱལ་པོ་དྲི་མ་མེད་པའི་སྒྲོན་མ་ལ་ཕྱག་འཚལ་ལོ༔ ༀ་ཏྲིའུ་ཏྲིའུ་ཛཿའུར་ལང་འུར་ལང་ཚིལ་ཚིལ་དྲི་མ་ཛཿཐོག་སྲུང་བདུན་བརྗོད་རབ་གནས་བྱེད༔ ཞྭ་ཡི་ནང་དུ་བཏགས་པར་བྱ༔ ཁང་བའི་ཀ་བ་སྦྲའི་ཆོན་ཐག༔ གཞན་ཡང་གང་བདེར་མགུལ་དུ་བཏགས༔ ཐོག་སྲུང་འཇིགས་མེད་གོ་ཆ་ཡིན༔ ས་མ་ཡཱ༔ ༈ ཡང་ན་སྐྱེས་བུ་གང་ཞིག་

p. 508

གིས་རང་ལ་ཐོག་མི་འོང་བའི་སྔགས༔ ༀ་བཛྲ་ཏུ་བྲི་རུ་ཙན་དུ་བྲི་དུ་ཐོན་ཡཀྵ༔ འབྲུག་ནི་བཞིའམ་གསུམ་ཚོགས་གྲགས༔ ཡང་ན་ཐོག་གི་ལྟས་བྱུང་ན༔ གོང་གི་སྔགས་འདི་དྲག་ཏུ་བཟླ༔ ཐོག་གི་འཇིགས་པ་ཀུན་དང་བྲལ༔ ས་མ་ཡཱ༔ ༈ གནམ་ལྕགས་ཐོག་སྲུང་ཟ་ཡིག་འདི༔ སྐར་མ་སྨིན་དྲུག་ཉིན་མོ་ལ༔ གྲོ་ག་དག་ལ་མཚལ་གྱིས་བྲི༔ ཉི་ཤུ་དགུ་ལ་བཏགས་པར་བྱ༔ ཐོག་དང་རག་གཟའི་གནོད་པ་ཐུབ༔ ཟབ་པའི་མཐར་ཐུག་དམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལས་རབ་རྩལ་གྱིས་སོ།། །།

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་སྲོག་བདག་ཀླུའི་སྲུང་བ།

p. 509

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་གི་སྲོག་བདག་ཀླུའི་སྲུང་བ་བཞུགས་སོ༔ གུ་རུ་དྲག་པོ་གནམ་ལྕགས་མེ་ཕྲེང་རྩལ་ལ་འདུད༔ གཏིང་རིང་ཀླུ་དང་སྡེ་བརྒྱད་མ་རུངས་རྣམས༔ དཔག་མེད་རྒྱང་གྲགས་ཉེ་མི་ནུས་པ་ཡི༔ དྲག་པོའི་རྫས་རྒོད་ཁྲོ་ཆུ་ཁོལ་མ་ནི༔ བཙན་དུག་ར་དུག་བོང་ང་ནག་པོ་དང་༔ ཐང་ཁྲོམ་ཤུ་དག་ནག་པོ་ལྡོང་རོས་དང་༔ གུ་གུལ་གླ་རྩི་སྤྲུ་ནག་ཞིབ་ཏུ་འཐག༔ མི་རྟ་ཁྱི་གསུམ་ཁྲག་རྣམས་བཏུལ་བར་སྦྱར༔ དགེ་སློང་སྔགས་པ་ཁྱེའུ་ལོ་བརྒྱད་ཆུ༔ གར་ཆང་ཉིང་ཁུར་སྦྱར་བས་ལེགས་པར་སྦྲུན༔ འབྱོར་ན་རྟ་བོང་ཤ་ཟན་བྱ་ཡི་ཁྲག༔ གཡག་ནག་ཁྲག་དང་བུད་མེད་གཙང་མ་ཡི༔ མངལ་ཁྲག་ཕག་ཁྲག་རྣམས་ཀྱང་སྐྱོབ་ཏུ་བསགས༔ སྨན་རྣམས་གསར་པ་ནུས་པ་ལྷག་ཏུ་ཆེ༔ ཁྲག་སྣ་དེ་དག་བཏུལ་བས་ནུས་པ་ཆེ༔ རྫས་ནང་སེང་ལྡེང་ཕུར་པ་ཧཱུྃ་ཡིག་ལས༔ ཕྱག་ན་རྡོ་རྗེ་བསྐྱེད་ཅིང་རང་ཉིད་ནི༔ གུ་རུ་དྲག་པོའི་ས་མ་ཏི་ལ་གནས༔ རྫས་ནི་ཁྲོ་ཆུ་ཁོལ་མ་དུག་རླུང་འཚུབས༔ མེ་དཔུང་འུར་འུར་ཚྭ་ཚྭ་ཕྲོམ་ཕྲོམ་བསྐྱེད༔ གདོན་བགེགས་ཐམས་ཅད་མྱོས་ཤིང་བསྲེགས་པར་བསམ༔ གཏུམ་པོ་གནམ་ལྕགས་སྤུ་གྲི་སོ་གཉིས་པ༔ མི་ཚིག་བར་མ་ཆོད་པར་ཁྲི་གཅིག་བཟླ༔ ༀ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ཙེནྡྷ་ཙེནྡྷ་མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ རྫས་ལ་ཕུས་བཏབ་རླངས་པ་མ་ཤོར་བྱ༔ ནུས་སྟོབས་ཆེར་རྒྱས་མེ་འབར་ཁོལ་བར་བསྒོམ༔ གླང་གཡག་མགོ་ཅན་རྭ་གཡས་ནང་དུ་བསྩལ༔ ཁ་ལ་རྡོ་རྗེ་ཞབས་སུ་རྒྱ་གྲམ་གཏམས༔ ཆུ་སྲིན་ཁ་བྱས་རྡོ་རྗེ་སྡིག་པ་བཀོད༔ འབྲལ་མེད་འཆང་ཞིང་སྔགས་ཀྱིས་རྟག་ཏུ་

p. 510

གསོ༔ དམ་མེད་ཡ་ཤན་མཛེ་ཡུགས་ལག་མི་འགྲིམ༔ ལྷ་སྔགས་རྫས་གསུམ་ལྡན་པའི་རྫས་རྒོད་དེ༔ རྡུལ་ཙམ་གྱིས་ཀྱང་ཀླུ་གྲོང་འབུམ་ཕྲག་བརླག༔ དྲི་ཚོར་ཙམ་གྱིས་སྡེ་བརྒྱད་འབྱུང་གདོན་བྲོོས༔ བྱད་མ་རྦོད་གཏོང་རྒྱལ་བསེན་དམ་སྲི་འཇོམས༔ མོ་འདྲེ་ཐེའུ་རང་འགོང་པོ་ཀུན་གྱི་གཤེད༔ ནད་པ་གསོ་དང་སྲིའུ་གསོ་བ་དང་༔ ནད་རིམས་འགོ་ནད་བར་ཆད་ཐམས་ཅད་སྲུང་༔ གག་ལྷོག་གཟེར་གསུམ་ཀླུ་གཉན་ས་བདག་ཐུབ༔ བྱུག་བདུག་ལྟོ་སྨན་སྐབས་ཐོབ་རིགས་པས་དཔྱད༔ དྲག་ལས་ཅི་སྤྱོད་མི་ཕོད་ལྷ་འདྲེ་སྡོམ༔ ས་ཆུ་ཤིང་གཉན་བྲག་རྒོད་ཞིག་རལ་གཅོད༔ གང་ལ་འདི་ཡོད་མེ་དཔུང་རྡོ་རྗེའི་གུར༔ གཞན་སྲུང་སྨྱུག་ཚིགས་ནང་བཅུག་ཁ་སྡོམ་འདོགས༔ ཞུད་ཅིང་ཉམ་རྟགས་སྐད་འབྱིན་ཁ་ལུད་འོང་༔ དེ་ཚེ་སྔགས་ཀྱིས་བསྐྱར་ཏེ་བསྒྲུབ་པར་བྱ༔ མཛེ་ཡུགས་དམ་ཉམས་ཁྱི་དང་བུད་མེད་འགོམ༔ དེ་ཡི་ཞུད་ཅིང་ནུས་པ་ཉམས་པར་འགྱུར༔ ཆིག་བརྒྱུད་སྙིང་དང་འདྲ་འོ་དམ་དུ་ཆོངས༔ ས་ཡ་མ་གྷུ་ཧྱ༔ བརྡ་ཐིམ༔ ལས་རབ་རྩལ་གྱིས་སོ། །

བི་མ་མི་ཏྲའི་སྒྲུབ་ཐབས་ཀྱི་རྫོགས་རིམ་གང་ཤར་གཅེར་གྲོལ།

p. 511

࿅༔ བི་མ་མི་ཏྲའི་སྒྲུབ་ཐབས་ཀྱི་རྫོགས་རིམ་གང་ཤར་གཅེར་གྲོལ་བཞུགས་སོ༔ ན་མོ་གུ་རུ༔ རྫོགས་རིམ་གང་ཤར་གཅེར་གྲོལ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྒོ་ལྔའི་གཟུང་འཛིན་ཚོགས་དྲུག་གི་སྣང་བ་བཟང་ངན་དངོས་གྲུབ་དང་བར་ཆད་ལྷར་འཛིན་དང་འདྲེ་འཛིན་དགའ་སྡུག་སྤང་བླང་༔ གང་འདྲ་ཤར་ཀྱང་གང་ཤར་དེ་ངོས་ཅེར་གྱིས་བཟུང་ནས་ཆམ་གྱིས་བཞག་པས་བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོར་འགྱུར༔ སྙིང་ཏིག་སྙིང་པོའི་ལྟ་གྲུབ་འཛིན་པ་རྣམས་ཀྱི་དབུ་ཕྱག་སོགས་རྩོལ་སྒྲུབ་ཆེད་འཛིན་ཕྱོགས་ལྷུང་ངོས་བཟུང་ཅན་གྱི་ཚིག་དང་ཡི་གེ་དཔེ་རྫོགས་པ་ཆེན་པོ་ལ་མ་འགེབས་ཤིག༔ བཀབ་ན་ལྷམ་དཔེ་ཞྭ་ལ་བཀབ་པ་དང་འདྲ༔ ཆོས་རྫོགས་པ་ཆེན་པོ་རྟོགས་པའི་གང་ཟག་གིས་ཆོས་འདི་སྤངས་ནས་ཀུན་རྫོབ་སྡུག་སྒུར་གྱི་དགེ་སྦྱོར་མ་བྱེད་ཅིག༔ བྱས་ན་རྟ་མཆོག་ལས་བབས་ནས་བོང་བུ་ལ་ཞོན་པ་དང་འདྲའོ༔ ངེས་དོན་རྫོགས་ཆེན་ལྟ་བ་རྟོགས་ནས་ཉམས་ལེན་ལ་འབུངས་ཤིག༔ ཉམས་སུ་མ་བླངས་ན་ཡིད་བཞིན་གྱི་ནོར་བུ་རྙེད་ནས་སྟོར་བ་

p. 512

དང་འདྲའོ༔ སྤྲོས་མེད་གྱིན་འདའ་མངོན་སུམ་ངོ་སྤྲོད་ཀྱི་བླ་མ་སྤངས་ནས་ཇོ་བཟང་ཕོ་ཚུགས་མཐོ་བའི་བླ་མ་ནས་བརྒྱུད་པ་མ་འདྲེན་ཞིག༔ བརྒྱུད་པ་དྲང་ན་ལམ་དྲང་༔ ངེས་པར་སྟོན་པ་དང་༔ ལོག་པར་སྟོན་པ་ནོར་བ་འདྲའོ༔ རྫོགས་པ་ཆེན་པོའི་སེམས་ཉིད་ལ་ནི་དཔེ་མེད་དོ་ཡི་གེ་མེད་དོ་ཚིག་མེད་དོ་རྟོགས་གྲོལ་དུས་མཉམ་ཡེ་ནས་རང་ལ་གནས་པའི་ཡེ་ཤེས་རྩོལ་སྒྲུབ་དང་སྤང་བླང་ལས་འདས་པ་བཟང་པོས་མ་བསྒྱུར་ངན་པས་མ་བསླད་གཉེན་པོས་མ་བཅོས་གྲ་མ་ཆག་སྤུ་མ་ཉམས་པ་ཡིན་ལུགས་རང་གསལ་ཆེན་པོའི་ངང་དུ་བཞུགས་པ་འདི་ཁོ་ནའོ༔ རྩ་བ་ལས་གང་ཤར་རང་གྲོལ་དུ་སྤྱོད་པ་སྐྱོང་ཟེར་བའི་དོན་ཁྲིད་དེ་འདི་ཡིན་ནོ༔ ས་མ་ཡཱ༔ དཔའ་བོ་ལས་རབ་རྩལ་གྱིས་སོ༔ དགེའོ༔

བི་མའི་སྒྲུབ་ཐབས་ཆ་ལག་གསུར་བསྔོ།

p. 513

࿅༔ བི་མའི་སྒྲུབ་ཐབས་ཆ་ལག་གསུར་བསྔོ་བཞུགས་སོ༔ ན་མོ་ཡི་དམ་རྩ་བ་གསུམ་གྱི་ཐུགས་རྗེ་དང་༔ དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས༔ འཇིག་རྟེན་འདི་ནས་ཕ་རོལ་ཚེ་འདས་འདི༔ གང་དུ་ལུས་བླངས་སྐྱེ་གནས་ཐམས་ཅད་དུ༔ སྐོམ་དང་ཚད་པའི་ནད་ཀྱིས་ཐེབ་སྲིད་ན༔ ག་བུར་བདུད་རྩིའི་ཆར་དང་ལྡན་པར་ཤོག༔ བཟའ་བཏུང་འཚོ་བའི་ཟས་དང་བྲལ་སྲིད་ན༔ མ་རྨོས་ལོ་ཏོག་ཞིང་དང་འཕྲད་པར་ཤོག༔ ལས་ཀྱི་རླུང་དམར་དག་གིས་དེད་སྲིད་ན༔ ལྷ་ཡི་ན་བཟའ་དག་དང་འཕྲད་པར་ཤོག༔ འཆི་བདག་བདུད་ཀྱི་ནད་ཀྱིས་ཐེབ་སྲིད་ན༔ འཚོ་མཛད་བདུད་རྩིའི་སྨན་དང་འཕྲད་པར་ཤོག༔ འདོད་ཆགས་ཆུ་བོའི་རྒྱུན་གྱིས་ཁྱེར་སྲིད་ན༔ ཤེས་རབ་གྲུ་བོ་ཆེ་དང་འཕྲད་པར་ཤོག༔ ཞེ་སྡང་དྲག་པོའི་མེ་དང་འཕྲད་སྲིད་ན༔ བསིལ་བ་བདུད་རྩིའི་ཆར་དང་འཕྲད་པར་ཤོག༔ གཏི་མུག་མུན་པའི་ན་བུན་འཐིབ་པའི་ཚེ༔ དབྱིངས་ཀྱི་བདག་མོའི་འོད་གསལ་རྟོགས་པར་ཤོག༔ ཕྲག་དོག་ལས་ཀྱི་རླུང་གིས་དེད་པའི་ཚེ༔ བྱང་ཆུབ་སེམས་ཀྱི་སྐྱབས་དང་འཕྲད་

p. 514

པར་ཤོག༔ དུག་ལྔ་གཅོང་སྐྲན་ནད་ཀྱིས་ཐེབས་པའི་ཚེ༔ ཡེ་ཤེས་ལྔ་ཡི་སྨན་གྱིས་གསོ་བར་ཤོག༔ ངན་སོང་འཁོར་བའི་གནས་སུ་བྱིང་གྱུར་ན༔ འཛེག་པ་ཅང་ཤེས་རྟ་དང་ལྡན་པར་ཤོག༔ སློབ་དཔོན་བྱམས་པའི་བཀའ་དང་བྲལ་བའི་ཚེ༔ གསུང་རབ་དམ་ཆོས་གླེང་མོ་ཐོས་པར་ཤོག༔ སྡང་བའི་དགྲ་བོའི་གནོད་ཀྱིས་ཉེན་པའི་ཚེ༔ དགེ་བཤེས་བྱམས་པའི་གཉེན་དང་འཕྲད་པར་ཤོག༔ འཇིགས་སྐྲག་སྡུག་བསྔལ་ཡི་མུག་ལྡང་བའི་ཚེ༔ བླ་མ་ལྷ་དང་གདམས་ངག་འཛོམས་པར་ཤོག༔ འགྲོ་དྲུག་འཁོར་བའི་གནས་སུ་འཁྱམས་པའི་ཚེ༔ ཤེས་རབ་དབྱིངས་ཀྱི་དོན་རྣམས་རྟོགས་པར་ཤོག༔ ཟས་གོས་ཉེ་འབྲེལ་རྣམས་ལ་ཆགས་པའི་དུས༔ ཞེན་ལོག་དགོས་མེད་རྒྱུད་ལ་འཆར་བར་ཤོག༔ དེ་ལྟར་གྲུབ་པའི་བསོད་ནམས་དགེ་བ་དེས༔ ཚེ་འདས་བྱང་ཆུབ་གོ་འཕང་ཐོབ་པར་ཤོག༔ ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་ཤོག༔ འདྲེན་པ་འོད་དཔག་མེད་མགོན་མཐོང་བར་ཤོག༔ རྣམ་དག་སངས་རྒྱས་གོ་འཕང་ཐོབ་པར་ཤོག༔ ཚེ་འདས་ངན་སོང་སོགས༔ ལས་རབ་རྩལ་གྱིས་སོ༔

ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས་ཡང་སྙིང་གསེར་གྱི་ཞུན་ཐིགས།

p. 515

࿅༔ ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས་ཡང་སྙིང་གསེར་གྱི་ཞུན་ཐིགས་བཞུགས་སོ༔ ཧྲཱིཿ ཚེ་དབང་རིག་འཛིན་མི་ཤིགས་རྡོ་རྗེའི་སྐུ༔ ཨོ་རྒྱན་རྡོ་རྗེ་འཆང་ལ་སྐྱབས་སུ་མཆི༔ འགྲོ་ཀུན་འཆི་བདག་གཡུལ་ལས་རྒྱལ་བའི་ཕྱིར༔ རྒྱལ་བ་ཚེ་མཐའ་ཡས་པ་བསྒྲུབ་པར་བགྱི༔ སྣོད་ཀྱི་རང་བཞིན་བདེ་ཆེན་བཀོད་པའི་ཞིང་༔ བཅུད་ཀྱི་རང་བཞིན་དགོས་འདོད་མཆོད་སྤྲིན་འཐིབས༔ དེ་དབུས་སྐྱོན་བྲལ་པདྨ་ཉི་ཟླའི་སྟེང་༔ དོན་དམ་ངོ་བོ་རང་རིག་ཧཱུྃ་དམར་པོ༔ འཕྲོ་འདུ་བསྒྱུར་བས་མགོན་པོ་ཚེ་དཔག་མེད༔ དམར་གསལ་དྲི་མེད་མཚན་དཔེས་བརྒྱན་པའི་སྐུ༔ ལོངས་སྤྱོད་རབ་རྫོགས་དར་དང་རིན་ཆེན་བརྒྱན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་སྟེང་༔ ཚེ་བཅུད་བདུད་རྩིས་གང་བའི་བུམ་པ་བསྣམས༔ རང་མདངས་འོད་ཕུང་འཇའ་ཟེར་ཕྱོགས་བཅུར་འཁྲིགས༔ དཀོན་མཆོག་རྒྱལ་བ་ཀུན་འདུས་ངོ་བོར་གསལ༔ ༀ་ཨཱཿཧཱུྃ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ ཐུགས་རྗེའི་ཐུགས་དམ་དབང་གིས་གནས་འདིར་གཤེགས༔ བདག་ལ་དབང་བསྐུར་བྱིན་རླབས་

p. 516

དབྱེར་མེད་བཞུགས༔ དད་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ རང་ཉིད་ཚེ་དཔག་མེད་པའི་ང་རྒྱལ་བརྟན༔ ཐུགས་ཀར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བ་ཉི་ཟླ་གའུ་ཁ་སྦྱོར་ནང་༔ སྲིད་ཞིའི་དྭངས་བཅུད་ཧྲཱིཿཨཱ་ཧཱུྃ་ནྲི་བསམས༔ དེ་ཡི་འོད་ཀྱིས་འཁོར་འདས་ལམ་གསུམ་གྱི༔ ཚེ་དང་བསོད་ནམས་དཔལ་དང་ཡོན་ཏན་དང་༔ རང་གི་བླ་ཚེ་ཆད་ཉམས་ཐམས་ཅད་ཀུན༔ ཧྲཱིཿ ཨཱཿཧཱུྃ་དང་ནྲི་ཡིག་རྣམ་པར་བསྡུས༔ སྤྲིན་ལྟར་གཏིབས་ཤིང་ཆར་ལྟར་བབས་ནས་ཀྱང་༔ ཐུགས་ཀའི་ཡིག་འབྲུ་རྣམས་ལ་སིབ་སིབ་ཐིམ༔ གཟི་བརྗིད་ཆེར་འབར་འཆི་མེད་དཔལ་ཐོབ་གྱུར༔ པར་བསམས༔ ༀ་གུ་རུ་ཨཱ་ཡུ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་ནན་ཏན་དུབཟླས་པས་ཚེ་ཡི་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད་དོ༔ གཞུང་རྩ་བ་ལས༔ ཡིག་འབྲུ་རྩ་གཅིག་འཆི་མེད་རྡོ་རྗེའི་སྔགས༔ སྙིང་འདྲའི་མཐར་ཐུག་ཡིན་ནོ་ཡོད་པས་ཆོག༔ ཅེས་དང་༔ ཚེ་སྒྲུབ་ཟབ་མོའི་གཏེར་ཁ་དཔག་མེད་ལས༔ ཀུན་གྱི་མཐར་ཐུག་ཡིན་ནོ་སྙིང་ལ་ཆོངས༔ ཞེས་ཤིན་ཏུ་ཟབ་པར་གསུངས་པ་བཞིན་ནོ༔ བླ་མ་ཚེ་དཔག་མེད་མགོན་ལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་

p. 517

སྒྲིབ་མཐོལ་ཞིང་བཤགས༔ རང་སྣང་ཚེ་དཔག་མེད་ལ་བསྟོད༔ དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སོགས་བརྗོད༔ ཐུན་མཐར༔ ཧཱུྃ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ རྒྱལ་བའི་ཐུགས་ཀྱི་གསང་མཛོད་དམ་པ་ནས༔ འགྱུར་མེད་རྡོ་རྗེའི་ཚེ་མཆོག་དམ་པ་སྩོལ༔ སྐལ་ལྡན་བདག་ལ་འཆི་མེད་ཚེ་ཡི་དབང་༔ སྐུ་གསུམ་རྡོ་རྗེའི་དབྱིངས་ནས་བསྐུལ་ནས་ཀྱང་༔ འཆི་མེད་རྡོ་རྗེའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་ལན་གསུམ་བཏབ་པས༔ ཕྱོགས་བཅུའི་ཚེ་ལྷ་རིག་འཛིན་ཐམས་ཅད་ཀུན༔ པད་འབྱུང་རྣམ་པར་ཉི་ཟེར་རྡུལ་ལྟར་འཚུབ༔ བདག་གི་ལུས་ངག་ཡིད་ལ་དབྱེར་མེད་ཐིམ༔ འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་གྱུར༔ པར་བསམས༔ འཆི་མེད་བདུད་རྩིས་ལུས་གང་སྤྱི་བོར་ལུད༔ དྭངས་མ་ཀུན་འདུས་ཡིག་འབྲུ་བཞི་ལ་ཐིམ༔ དྭངས་མ་བཞི་ཡང་ཉི་ཟླའི་ག་འུར་གཏམས༔ དེ་ཡང་སྙིང་གི་དཀྱིལ་ཞུགས་སྙིང་གི་ཕྱིར༔ མི་འགྱུར་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་བཏབ༔ ལོ་བརྒྱའི་བར་དུ་གཡོ་འཇིག་མེད་པར་གྱུར༔ རྩ་སྔགས་མཇུག་ཏུ༔ བཛྲ་རཀྵ་རཀྵ༔ ཧཱུྃ༔ བསྐྱེད་པའི་ལྷ་སྐུ་རིམ་ཡལ་རྫོགས་པ་ཆེ༔ དགེ་བས་

p. 518

བདག་གཞན་ཚེ་མཐའ་ཡས་པ་འགྲུབ༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི༔ དགེ་ལེགས་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་ཚེ་སྒྲུབ་རྡོ་རྗེ་ཕྲེང་འཛིན་གྱི་རྒྱུན་ཁྱེར་ཟབ་མོ་འདི་ཉིད་ཚེ་སྒྲུབ་བདུད་བཞི་གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཆེན་གྱི་སྐབས་སྦྱིན་བདག་གཉེར་པ་སྟག་རྒྱལ་གྱི་ཐུགས་དམ་ཟབ་མོ་བཞེས་རྒྱུར་ལས་རབ་རྩལ་གྱིས་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གནས་སུ་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག༔ དགེའོ༔ དགེའོ༔ དགེའོ༔ ༈ རྒྱུན་ཁྱེར་འདི་འདོན་ལུགས་ནི༔ ཐོག་མར་ཚིག་བདུན་གསོལ་འདེབས་ཚར་གསུམ༔ བླ་མ་སྐུ་གསུམ་གསོལ་འདེབས་ཚར་གཅིག༔ ལེའུ་བདུན་མའི་ནང་ནས་ཚེ་དཔག་མེད་ལ་གསོལ་འདེབས་ཤྭ་ལོ་ཀ་གང་རུང་གཅིག༔ སྐྱབས་སེམས་ཤྭ་ལོ་ཀ་ཚིག་བཞི་ཚར་གསུམ༔ བསྙེན་མཇུག་བླ་མ་ཚེ་དཔག་མེད་མགོན་ལ༔ ཕྱི་ནང་གསང་སོགས་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་སོགས་ནས་དཀྱུས་ལྟར་རོ༔ དགེའོ༔

ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས་གནད་དོན་བཞིའི་མན་ངག་ཐ་རམ་འཕྲུལ་གྱི་ཡི་གེ

p. 519

࿅༔ ཚེ་སྒྲུབ་ཐུགས་བཅུད་འདུས་པ་ལས༔ གནད་དོན་བཞིའི་མན་ངག་ཐ་རམ་འཕྲུལ་གྱི་ཡི་གེ་བཞུགས༔ ཚེ་དབང་རིག་འཛིན་པད་འབྱུང་སྐུ་ལ་འདུད༔ ཚེ་ཡི་སྒྲུབ་པ་ཇི་སྙེད་ཀུན་གྱི་བཅུད༔ ཐུགས་དམ་ཟབ་པ་ཧྲཱིཿགཅིག་བསྙེན་སྒྲུབ་ཆིངས༔ གནད་དོན་བཞི་ཡི་མན་ངག་ཐ་རམ་ནི༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་ཞིང་༔ བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་འདུག༔ གནས་པའི་ཡུལ་དེར་བདེ་ཆེན་ཞིང་དུ་བསྒོམ༔ རང་ཉིད་སྐད་ཅིག་གུ་རུ་པདྨ་འབྱུང་༔ དཀར་པོ་མཚན་དང་དཔེ་བྱད་རྫོགས་པའི་སྐུ༔ བཅུ་དྲུག་ན་ཚོད་སྣང་སྟོང་འོད་ཀྱི་སྐུ༔ ཁྲོ་འཛུམ་བརྗིད་འབར་མཉམ་བཞག་བྷནྡྷ་བསྣམས༔ ཚེ་བཅུད་ཡེ་ཤེས་བདུད་རྩིས་གང་བར་བསམ༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་པྲོག་ཞུས་མཛེས༔ པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས༔ སྣང་སྲིད་ཟིལ་གནོན་བེར་དམར་ན་བཟའ་གསོལ༔ རང་འོད་རབ་འབར་རྩ་གསུམ་སྤྲིན་ལྟར་འཁྲིགས༔ ཐུགས་ཀར་པདྨ་འདབ་བཞི་ཉི་དཀྱིལ་སྟེང་༔ ཧྲཱིཿ དམར་རིང་ཆ་ཚེག་དྲག་ལྡན་པ་ནི༔ སྣུམ་བཅུད་བཀྲག་མདངས་ཆེས་ཆེར་རབ་ཏུ་འབར༔ ཟག་མེད་མྱང་འདས་རྒྱལ་བའི་ཐུགས་རྗེ་དང་༔ ཟག་བཅས་འཁོར་བའི་ཚེ་དཔལ་དབང་སྡུད་པའི༔ ནུས་མཐུ་

p. 520

ཐོགས་པ་མེད་པའི་རྩལ་ལྡན་བསྒོམ༔ ངག་རླུང་འབྱུང་འཇུག་ཧྲཱིཿདམར་འཕྲ་ོའདུ་གསལ༔ ཏིང་འཛིན་འདིའི་ངང་ཧྲཱིཿསྒྲ་ཆད་མེད་བཟླ༔ གནད་དོན་གཉིས་པ་སྣང་སྲིད་སྐུ་དང་ཞིང་༔ ལྷ་སྔགས་ཏིང་འཛིན་དགོངས་པའི་གཟེར་བཏབ་ནས༔ འཕྲོ་འདུའི་ངང་ནས་གསང་སྔགས་རྒྱལ་པོ་བཟླ༔ གནད་དོན་གསུམ་པ་རང་ཉིད་ལྷར་གསལ་བའི༔ ཐུགས་སྲོག་ཧྲཱིཿལས་དྭངས་བཅུད་བདུད་རྩི་འབབ༔ རྩ་གསུམ་འཁོར་ལོ་ལྔ་སོགས་ལུས་ནང་ཀུན༔ ཚེ་དཔག་མེད་པས་ཐེམ་མེ་ནེམ་མེར་གང་༔ ཆེ་ཆུང་ཚད་ནི་ཡུངས་འབྲུའི་ཆ་ཙམ་པ༔ དམར་གསལ་ལོངས་སྐུ་ཧྲཱིཿསྒྲ་དི་རི་རི༔ ཏིང་འཛིན་འཕྲོ་འདུས་ངང་ནས་ནན་གྱིས་བསྙེན༔ བཞི་པ་གཞི་གནས་རང་རིག་ཚེ་དཔག་མེད༔ ཀ་དག་དགོངས་པ་ཆོས་སྐུ་སྐྱེ་བ་མེད༔ ལྷུན་གྲུབ་རང་སྣང་སྐུ་དང་ཐིག་ལེ་དང་༔ དབྱིངས་རིག་ལོངས་སྐུ་སྐུ་ལྔ་ཚེ་དཔག་མེད༔ ཐུགས་རྗེ་འགག་མེད་ཕྲིན་ལས་སྤྲུལ་སྐུའི་གདངས༔ སྐུ་གསུམ་ཀློང་གཅིག་ངང་རྫོགས་ངང་ཉིད་ནས༔ རྒྱལ་ཀུན་སྲོག་ཡིག་འབྲུ་གཅིག་དལ་གྱིས་བསྙེན༔ དེ་དག་རྩ་བའི་གནད་

p. 521

དོན་མན་ངག་ཡིག༔ གནད་དེའི་འཕྲོས་བཤད་འགག་ཏུ་བསྡམ་པ་ནི༔ དང་པོ་ལྷ་སྔགས་ཏིང་འཛིན་ཡོ་ག་སྤྱི༔ གཉིས་པ་སྣོད་བཅུད་དག་པ་མ་ཧཱ་དང་༔ གསུམ་པ་རྩ་ཐིག་སྣོད་བཅུད་ལུང་ཨ་ནུ༔ བཞི་པ་ཀ་དག་ལྷུན་གྲུབ་ཨ་ཏིའི་དོན༔ གནད་དེའི་གཞི་ལམ་འབྲས་བུ་བཤད་པ་ན༔ དང་པོ་གཞི་ཡིན་གཉིས་པ་ལམ་ཡིན་ཞིང་༔ གསུམ་པ་འབྲས་བུ་བཞི་པ་མཐར་ཐུག་དོན༔ གནད་དེ་བསྙེན་སྒྲུབ་བཞི་དང་སྦྱར་བ་ནི༔ དང་པོ་བསྙེན་པ་གཉིས་པ་ཉེ་བར་བསྙེན༔ གསུམ་པ་སྒྲུབ་པ་བཞི་པ་སྒྲུབ་ཆེན་པ༔ ཨེ་མ་ཟབ་བཏུས་གནད་ཡིག་དགོངས་པའི་བཅུད༔ འདི་དང་སུ་འཕྲད་རྐྱེན་ངན་འཕྲང་ལས་གྲོལ༔ རྩེ་གཅིག་ཉམས་བླངས་རྡོ་རྗེའི་ཚེ་ལ་དབང་༔ རྟོག་གེ་ཐ་སྙད་མཁན་གྱི་སྤྱོད་ཡུལ་མིན༔ ལས་ཅན་སྐྱེས་བུ་རྣམས་ཀྱི་དཔལ་དུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་རྫོགས་ཆེན་སྤྲུལ་སྐུས་བཀའ་ཕེབས་ལྟར་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་ཕབ་པའོ༔

ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན།

p. 522
p. 523

࿅༔ ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན་བཞུགས་སོ༔ རིག་འཛིན་ཡི་དམ་ལྷ་ལ་ཕྱག་འཚལ་ལོ༔ ཧྲཱིཿ དག་པའི་མཁའ་དབྱིངས་ཡོངས་ཀུན་རྩ་བ་གསུམ༔ འཕགས་མཆོག་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ རང་རིག་སྙིང་པོ་གསལ་སྟོང་བདེ་བ་ཆེ༔ འགྲོ་ཀུན་གདོད་ནས་དག་པའི་བྱང་ཆུབ་སེམས༔ སྣོད་བཅུད་དག་པ་ལྷ་དང་ཞིང་ཁམས་དང་༔ ཀུན་བཟང་མཆོད་པའི་སྤྲིན་ལྟར་རབ་ཏུ་གཡོ༔ དེ་དབུས་པདྨ་ཉི་ཟླ་བདུད་བཞིའི་སྟེང་༔ བདག་དང་བསྲུང་བྱ་དབང་ཆེན་རྟ་མགྲིན་སྐུ༔ བདེ་སྟོང་ཟག་མེད་རྡོ་རྗེ་ཕག་མོ་ཡུམ༔ དམར་གསལ་གྲི་ཐོད་གར་བསྒྱུར་དུར་ཁྲོད་ཆས༔ ཡེ་ཤེས་མེ་དཔུང་གཟི་བརྗིད་ཟེར་ཆེན་འཕྲོ༔ རྟ་མཆོག་སྐྲ་གསེབ་པད་འབྱུང་དབུ་ཉུག་ཙམ༔ དངོས་གྲུབ་ཆར་འབེབས་རིག་འཛིན་བྱིན་རླབས་རྫོགས༔ དབང་ཆེན་ཐུགས་ཀར་པད་དཀར་འདབ་དྲུག་སྟེང་༔ ཧྲཱིཿ ལས་བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དཀར་གསལ་བག་དྲོ་ལྷུན་ཆགས་ཞི་འཛུམ་བཞད༔ སྐྱིལ་ཀྲུང་མཉམ་བཞག་སྟེང་ན་ཚེ་བུམ་བསྣམས༔ ན་བཟའ་དཀར་མོ་ལྕགས་ཀྱུ་ཚེ་བུམ་འཛིན༔ ཡབ་

p. 524

ཡུམ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས༔ ལོངས་སྤྱོད་རྫོགས་སྐུ་སྣང་སྟོང་སྒྱུ་མའི་གར༔ ཐུགས་ཀར་ཉི་ཟླའི་སྟེང་དུ་རང་རིག་ཧྲཱིཿགསང་སྔགས་འབྲུ་བརྒྱད་གཡས་འཁོར་འོད་ཟེར་གྱིས༔ ཕྱི་སྣོད་འབྱུང་ལྔའི་དྭངས་མ་རང་མདངས་དང་༔ ནང་བཅུད་ལྷ་ཀླུ་མི་གསུམ་ཚེ་དཔལ་སྟོབས༔ དཀར་ལ་སྣུམ་བཅུད་འདྲིལ་བའི་རྣམ་པར་བསྡུས༔ སྐུ་དང་ཡིག་འབྲུ་ཚེ་བུམ་རྣམས་ལ་ཐིམ༔ བཀྲག་དང་གཟི་བརྗིད་ནུས་སྟོབས་འཕེལ་ཞིང་རྒྱས༔ ཕྱག་གི་བུམ་པའི་ཚེ་ཆུ་ཁོལ་ཞིང་འཕྱུར༔ སྤྱི་གཙུག་མན་ཆད་རྐང་མཐིལ་ཡན་ཆད་ཀྱི༔ བདག་ལུས་ཚེ་བཅུད་བདུད་རྩི་དཀར་པོས་ཁེངས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར༔ ༀ་བཛྲ་ཨཱཿཡུ་ཥེ་སྭཱ་ཧཱ༔ རྟགས་ཐོན་བར་དུ་ནན་གྱིས་བཟླས༔ བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་ཡི་རིག་འཛིན་ཐོབ་པར་འགྱུར༔ འབུམ་ཕྲག་བརྒྱད་ནི་བཟླས་གྱུར་ན༔ འཆི་བདག་ཁ་རུ་ཚུད་ཀྱང་ཐོན༔ ཚེ་སྒྲུབ་ཀུན་ལས་འདི་ཉིད་ཟབ༔ ཐུན་མཐར་སྤྱི་བོའི་པད་འབྱུང་གི༔ སྐུ་ལས་མུ་མེད་འོད་ཟེར་འཕྲོས༔ རྩ་གསུམ་དཀོན་མཆོག་ཚེ་བཅུད་དང་༔ སྣང་སྲིད་ཚེ་བཅུད་འོད་ལྔའི་ཚུལ༔ བསྡུས་ནས་བདག་ལ་ཐིམ་པར་བསྒོམ༔ དད་པའི་ཤུགས་བསྐྱེད་

p. 525

ལ་འདི་སྐད་དོ༔ ཧྲཱིཿ བླ་མ་མགོན་པོ་ཚེ་དཔག་མེད༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ བྱིན་རླབས་ཐུགས་རྗེའི་ཀློང་ནས་ཞུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ༔ གསོལ་བ་མང་དུ་བཏབ་པའི་མཐར༔ མཐར་ནི་པད་འབྱུང་འོད་དུ་ཞུ༔ ཐུགས་སྲོག་ཧྲཱིཿལ་ཐིམ་པར་དམིགས༔ ཧྲཱིཿ རང་ལུས་ཐབས་ཤེས་རྟ་མགྲིན་ཡབ་ཡུམ་སྐུ༔ རང་རིག་ངོ་བོ་བཅོམ་ལྡན་ཚེ་དཔག་མེད༔ ཡེ་ནས་ལྷུན་གྲུབ་དོན་དམ་ཀུན་ཏུ་བཟང་༔ མ་བཅོས་གཉུག་མའི་ཡེ་ཤེས་ངང་དུ་བཞག༔ ཨཱཿདགེ་བས་འགྲོ་ཀུན་འཆི་བདག་བདུད་བཅོམ་ནས༔ ཚེ་དཔལ་གཟི་བརྗིད་མཐུ་སྟོབས་དར་རྒྱས་ཤིང་༔ ཚེ་དཔག་མེད་མགོན་ཡབ་ཡུམ་སྐུ་ཐོབ་ནས༔ དོན་གཉིས་མཐར་ཕྱིན་མཆོག་གི་བཀྲ་ཤིས་ཤོག༔ ༈ རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་༔ རྣམ་དཀར་ཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་༔ མདོ་སྔགས་བསྟན་པའི་སྒྲོན་མེའི་ས་གསུམ་གྱི༔ འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག༔ དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་ཚོགས༔ ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་༔ ནད་དང་བགེགས་

p. 526

སོགས་བར་དུ་གཅོད་པའི་ཚོགས༔ ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཚེ་སྒྲུབ་འཁོར་འདས་སྲོག་བཅུད་དྭངས་མ་འོད་ལྔའི་རྒྱ་ཅན༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་བཙུན་པ་རིན་ཆེན་གྱིས་བསྐུལ་ངོར་རྟེན་འབྲེལ་གྱི་གནད་དུ་མཐོང་ནས་ཨོ་རྒྱན་རྡོ་རྗེ་འཆང་གི་རྗེས་འཇུག་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པའོ༔

ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག

p. 527

࿅༔ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ༔ ༀ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿདང་པོའི་སངས་རྒྱས་རྒྱལ་ཀུན་རིགས་ཀྱི་བདག༔ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རོལ་པའི་ངང་༔ ཚེ་བདག་རིགས་ལྔའི་ཚོགས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ ཕྱོགས་དུས་སྐྱབས་ཀུན་ངོ་བོ་ཀུན་འདུས་པ༔ པད་འབྱུང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ མ་རྒྱུད་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོ༔ མཚོ་རྒྱལ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ ཆོས་བློན་ཆེན་པོ་མཆོག་གི་གོ་འཕང་བརྙེས༔ དཀོན་མཆོག་འབྱུང་གནས་ཞབས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ ཟབ་གཏེར་བཀའ་བབ་བསྟན་པའི་སྲོག་ཤིང་འཛིན༔ རཏྣ་གླིང་པའི་ཞབས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་

p. 528

གསོལ༔ བརྒྱུད་པའི་སྲོལ་མཛད་བྱིན་རླབས་མངོན་དུ་གྱུར༔ བརྒྱུད་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ དཀྱིལ་འཁོར་གཙོ་དང་དབྱེར་མེད་རྡོ་རྗེ་འཛིན༔ རྡོ་རྗེ་སྟོབས་མཆོག་རྩལ་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ གང་གི་ཐུགས་སྲས་ངེས་གསང་བསྟན་པའི་བདག །ཆོས་དབྱིངས་དྲི་མེད་རྩལ་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡིི་དངོས་གྲུབ་བསྩལ་དུ་གསོལ༔ ཟོལ་མེད་དད་དང་ངེས་འབྱུང་ཕུལ་བྱུང་བའི༔ རྩ་བའི་བླ་མ་རྗེ་ལ་གསོལ་བ་འདེབས༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྩེ་གཅིག་སྙིང་ནས་གསོལ་བ་བཏབ་པའི་མཐུས༔ སྐྱེ་འཇིག་འདུ་འབྲལ་མཚན་མའི་བདུད་བཅོམ་ནས༔ ཚེ་མཐའ་ཡས་པའི་གོ་འཕང་ཐོབ་པར་ཤོག༔ རང་དོན་ཆོས་སྐུ་མངོན་དུ་གྱུར་ནས་ཀྱང་༔ གཞན་དོན་ཕྲིན་ལས་འཇུག་པ་སྣ་ཚོགས་ཀྱིས༔ འགྲོ་ཀུན་བདེ་ཆེན་ཞིང་དུ་ཁྲིད་པར་ཤོག༔ ཅེས་པའི་གསོལ་འདེབས་འདི་ནི་རིག་བྱེད་ཀྱི་གནས་ལ་བློ་གྲོས་རབ་ཏུ་ཡངས་པ་རྡོ་རྗེའི་མཆེད་པོ་བླ་མ་གུ་རུ་བཀྲ་ཤིས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བློ་འདས་ཨ་ཏིའི་རྣལ་འབྱོར་པ་༧དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེའོ༔

རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེའི་ཕྲེང་འཛིན་དང་དག་སྣང་སྦྲེལ་བ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་།

p. 529

࿅༔ རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེའི་ཕྲེང་འཛིན་དང་དག་སྣང་སྦྲེལ་བ་ཉི་ཟླ་ཁ་སྦྱོར་གྱི་ལས་བྱང་བཞུགས་སོ༔

p. 530

དུས་གསུམ་རྒྱལ་བ་ཀུན་འདུས་པདྨ་འབྱུང་༔ ཟབ་གཏེར་རྒྱ་མཚོར་དབང་སྒྱུར་རཏྣ་གླིང་༔ བརྒྱུད་ལྡན་རིག་འཛིན་བླ་མའི་ཚོགས་རྣམས་ལ༔ གུས་པས་ཕྱག་འཚལ་ཚེ་ཡི་དངོས་གྲུབ་སྩོལ༔ གཏེར་གཞུང་རྩ་བ་ལས༔ རིགས་བདག་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་དྲག་པོའི་གོ་ཆའི་ལྷ་རྣམས་ལས༔ ཚེ་དཔག་མེད་པའི་སྒོས་སྒྲུབ་བསྟན་པར་བྱ༔ དབེན་པའི་གནས་སུ་དཀྱིལ་འཁོར་དྲི་ཡིས་བྱུག༔ དེ་ཡི་དབུས་སུ་ཚེ་གཏོར་གཞུང་བཞིན་བཤམས༔ གཞན་ཡང་ཚོགས་གཏོར་མཆོད་པ་གཞུང་བཞིན་བཤམས༔ བགེགས་གཏོར་བྱིན་བརླབས་ལས་བྱང་ཚར་གཅིག་བཏང་༔ བདེ་བའི་གདན་ལ་བསྐྱེད་རིམ་ལྡན་པར་གནས༔ ཞེས་སོགས་གསུངས་པ་བཞིན་གནས་དང་མཆོད་པའི་ཡོ་བྱད་སོགས་བཀྲ་ཤིས་པ་དུ་

p. 531

མ་ཞིག་དང་ལྡན་པར་བྱས་ལ༔ ཐོག་མར་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་རྟ་མགྲིན་དབང་གི་སྐུ༔ སྐུ་ལས་མེ་འོད་མཚོན་ཆར་འཕྲོས༔ ཡེ་ཤེས་ཁྲོ་བོས་ཀུན་ནས་གང་༔ བྱིན་རླབས་ཚེ་ཡི་དཀྱིལ་འཁོར་འདིར༔ ཉན་དང་ལྟ་བར་མི་དབང་བའི༔ བགེགས་ཚོགས་ལོག་འདྲེན་རྡུལ་དུ་རློགས༔ གདུག་པ་ཅན་རྣམས་ཕྱིར་དེངས་ཤིག༔ ཧྲཱིཿ ཧཱུྃ་པདྨ་ཏ་ཀྲིཏྟ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་བིག་ནན་མཱ་ར་ཡ་ཨུ་ཙ་ཏ་ཡ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ༔ དག་པ་རབ་འབྱམས་རྒྱལ་བའི་ཞིང་༔ མ་དག་གཉིས་འཛིན་མིང་ཡང་མེད༔ ལྟར་སྣང་གཉིས་འཛིན་འཁྲུལ་བའི་བགེགས༔

p. 532

སྟོང་ཉིད་ལྟ་བས་མཚམས་གཅོད་དོ༔ ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི༔ ༀ་ཨཱཿཧཱུྃ༔ སྐུ་གསུམ་རྒྱལ་བ་ཚེ་ཡི་ལྷ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བདུད་བཞིའི་འཇིགས་པ་ལས་སྒྲོལ་ཕྱིར༔ ཚེ་མཐའ་ཡས་པ་བསྒྲུབ་པར་བགྱི༔ གསུམ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ དག་པར་མ་གྱུར་གང་ཡང་མེད༔ རཾ་ཡཾ་ཁཾ༔ ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ ཀུན་བཟང་མཆོད་སྤྲིན་རོལ་པར་གྱུར༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ གསུམ༔ བྱིན་འབེབས་ནི༔ ཧཱུྃ་ཧྲཱིཿནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ རང་ལས་མི་གཞན་རང་མདངས་རོལ་པའི་རྩལ༔ སྐུ་གསུམ་རྒྱ་མཚོ་ཚེ་ལྷ་རིག་འཛིན་ཚོགས༔ བདག་ཅག་སྒྲུབ་པོས་བསྐུལ་ཞིང་གསོལ་འདེབས་ཀྱིས༔ ཐོགས་མེད་གཟིགས་པའི་ཡེ་ཤེས་མཐུ་མངའ་བའི༔ སྙན་གྱིས་གསན་ཅིང་ཐུགས་ཀྱིས་དགོངས་ནས་ཀྱང་༔ བསྐྱེད་པའི་གཞལ་ཡས་འདི་ལ་མདངས་ཤིག་ཕྱུང་༔ བསྒོམ་པའི་ལྷ་ཚོགས་རྣམས་ལ་གཟི་བརྗིད་བསྐྱེད༔ བཟླས་པའི་

p. 533

གསང་སྔགས་ཟབ་མོ་ནུས་མཐུ་སྤོར༔ རྣམ་དག་ཏིང་འཛིན་མཆོག་ལ་བོགས་དབྱུང་མཛོད༔ བཤམས་པའི་དམ་རྫས་རྣམས་ལ་བྱིན་ཆེན་ཕོབ༔ འདུས་པའི་མཆེད་ལྕམ་རྣམས་ལ་དངོས་གྲུབ་སྩོལ༔ བདུད་དང་བར་ཆད་འཆི་བདག་རྡུལ་དུ་རློགས༔ ༀ་ཨཱཿཧཱུྃ༔བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཕེཾ་ཕེཾ་ཧྲིང་ཧྲིང་ཛ་ཛ༔ ཨ་ཨཱཿཞེས་ཏིང་འཛིན་དར་དབྱིངས་གནས་ནས་བསྐུལ་བྱིན་ཆེན་དབབ་པའི་ཚིག་སོགས་སྤྲུལ་སྐུ་ནམ་མཁའི་བཞེད་དོན་ཕྱིར་ལས་རབ་རྩལ་གྱིས་སྦྱར་བའོ༔ ལྷ་བསྐྱེད་པ་ནི༔ ཨཱཿཆོས་ཀུན་སྟོང་པའི་ངང་ཉིད་ལས༔ སྣ་ཚོགས་མེ་དཔུང་རྡོ་རྗེའི་གུར༔ དེའི་ནང་བདེ་ཆེན་ཞིང་བཀོད་ནི༔ ངོ་མཚར་ཕུན་སུམ་ཚོགས་པའི་དབུས༔ བདག་མདུན་བུམ་པ་བཅས་པ་ཀུན༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧྲཱིཿ ཡིག་དམར་པོའི་འཕྲོ་འདུ་ལས༔ བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ལོངས་སྤྱོད་རྫོགས་སྐུ་གཟི་འོད་འབར༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སངས་

p. 534

རྒྱས་སྟོང་གི་འཁོར་གྱིས་བསྐོར༔ སྤྲུལ་སྐུའི་ཆ་ལུགས་གཡས་ས་གནོན༔ གཡོན་པས་མཉམ་བཞག་ཚེ་བུམ་འཛིན༔ དབང་བསྐུར་བྱིན་གྱིས་བརླབ་པར་མཛོད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ ཚེ་ལྷ་རིག་འཛིན་རྩ་བ་གསུམ༔ ཆར་སྤྲིན་གཏིབས་པ་ལྟ་བུར་གསལ༔ གནས་གསུམ་ལས་འཕྲོས་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་ནི་ཉི་གྲགས་གཏེར་གསར་ལས་བྱུང་བ་བཞིན༔ ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྔོན་གྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ བདག་གིས་སྒྲུབ་པའི་གནས་མཆོག་འདིར༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ སངས་རྒྱས་སྟོང་རྩ་བྱང་སེམས་ཚོགས༔ ཚེ་དབང་བསྐུར་ཕྱིར་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ༀ་ཨ་མི་དྷེ་ཝ་ཨཱ་ཡུར་ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ཕྱག་འཚལ་བ་མཆོད་པ་ལ་སོགས་པ་ནི༔ དམ་ཚིག་ཡེ་ཤེས་གཉིས་མེད་པར༔ རོ་གཅིག་ཀློང་དུ་ཏིཥྛ་ལྷན༔ སྐུ་གསུམ་ཚེ་ཡི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔

p. 535

ཀུན་བཟང་རོལ་པ་ལས་བྱུང་བའི༔ སྣང་སྲིད་རབ་འབྱམས་མཆོད་པའི་སྤྲིན༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དགའ་བ་བཞི༔ གླུ་དང་གར་དང་ཏིང་འཛིན་དང་༔ དངོས་འབྱོར་ཡིད་སྤྲུལ་རྣམ་མང་པོས༔ རིག་འཛིན་ཚེ་ཡི་ལྷ་ཚོགས་མཆོད༔ བཞེས་ནས་ཚེ་དང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ བདུད་རྩི་ལག་མཆོད་ནི༔ འོད་ཀློང་འཁྲིགས་པའི་ཟག་མེད་བདུད་རྩི་འདིས༔ སྐྱབས་ཀུན་ངོ་བོ་པདྨ་འབྱུང་གནས་མཆོད༔ བཀའ་ཡི་བསྡུ་བ་ཡེ་ཤེས་མཚོ་རྒྱལ་མཆོད༔ གྲུབ་པའི་དབང་ཕྱུག་རིག་འཛིན་རྗེ་འབངས་མཆོད༔ ཟབ་གཏེར་བཀའ་བབ་རཏྣ་གླིང་པ་མཆོད༔ སྙན་བརྒྱུད་སྲོག་འཛིན་བརྒྱུད་པའི་བླ་མ་མཆོད༔ བཀའ་དྲིན་མཚུངས་མེད་རྡོ་རྗེ་སྟོབས་མཆོག་མཆོད༔ རྒྱལ་ཀུན་སྤྱི་གཟུགས་དཔའ་བོ་ལས་རབ་མཆོད༔ གདམས་པའི་མཛོད་འཆང་རྩ་བརྒྱུད་བླ་མ་མཆོད༔ མངོན་སུམ་ཞལ་མཐོང་ཚེ་ཡི་ལྷ་ཚོགས་མཆོད༔ རྩ་གསུམ་རྒྱལ་བ་ཚེ་ཡི་དཀྱིལ་འཁོར་མཆོད༔ མཁའ་འགྲོ་དམ་ཅན་ཆོས་ཀྱི་སྲུང་མ་མཆོད༔ ཟག་མེད་

p. 536

ཐུགས་ཀྱི་དགོངས་པ་མཉེས་གྱུར་ཅིག༔ སྒྲུབ་པའི་མཆེད་ལྕམ་རིག་འཛིན་འཁོར་བཅས་ལ༔ ཉམས་དང་རྟོགས་པའི་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་མེད་ལང་ཚོ་རྒྱས་པའི་དངོས་གྲུབ་སྩོལ༔ འཆི་བདག་བདུད་འཇོམས་དྲག་པོའི་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ་སརྦ་སིདྡྷི་ཕ་ལ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི༔ དམར་གསལ་དྲི་མེད་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཐུགས་རྗེའི་རང་བཞིན་བྱིན་རླབས་སྤྲིན་ཚོགས་གཏིབས༔ དྲན་ཅིང་མོས་པས་ཚེ་ཡི་དངོས་གྲུབ་སྩོལ༔ རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་འགྲོ་བའི་མགོན༔ མཚན་དཔེའི་སྐུ་ལ་ལུང་རྟོགས་ཆོས་ཀྱི་གསུང་༔ ཀུན་མཁྱེན་ཡེ་ཤེས་མི་གཡོ་དགོངས་པའི་ཐུགས༔ སངས་རྒྱས་སྟོང་རྩ་གཉིས་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་འབྱུང་གནས་བླ་མ་ཚེ་ཡི་ལྷ༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ཚེ་ཡི་ལྷ༔ བར་ཆད་ཀུན་སེལ་མ་སྲིང་ཚེ་ཡི་ལྷ༔ རབ་འབྱམས་

p. 537

དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་བསྐུལ་བ་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ ཆོས་སྐུ་སྣང་བ་མཐའ་ཡས་དང་༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ སྤྲུལ་སྐུ་པདྨ་འབྱུང་གནས་དང་༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ རིག་འཛིན་རྗེ་འབངས་ཉེར་ལྔ་དང་༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་

p. 538

དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ གཏེར་སྟོན་རཏྣ་གླིང་པ་དང་༔ རྒྱལ་སྲས་ཚེ་དབང་གྲགས་པ་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ བླ་མ་ཤཱཀྱ་བཀྲ་ཤིས་དང་༔ གསང་སྔགས་བཀྲ་ཤིས་དབང་ཕྱུག་ཀྱང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ གསང་སྔགས་པདྨ་དབང་དྲག་དང་༔ མཚུངས་མེད་ཀརྨ་ཆགས་མེད་ཀྱང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་

p. 539

དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ གྲུབ་ཐོབ་པདྨ་རིག་འཛིན་དང་༔ རིག་འཛིན་ཉི་མ་གྲགས་པ་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ འདྲེན་མཆོག་ནམ་མཁའ་འོད་གསལ་དང་༔ འགྱུར་མེད་ཐེག་མཆོག་བསྟན་འཛིན་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ ཐེག་མཆོག་བསྟན་པའི་རྒྱལ་མཚན་དང་༔ ཀུན་མཁྱེན་ཆོས་དབྱིངས་དྲི་མེད་ཀྱང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་

p. 540

ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ མཚུངས་མེད་བརྒྱུད་ལྡན་ཚོགས་རྣམས་དང་༔ དྲིན་ཆེན་རྩ་བའི་བླ་མ་ཡང་༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ མགོན་པོ་ཚེ་དཔག་མེད་མགོན་དང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་རྣམས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་རིག་འཛིན་རྣམས༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིར༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ཅན༔ གནས་གསུམ་དཔའ་བོ་མཁའ་འགྲོ་དང་༔ མ་མགོན་ལྕམ་དྲལ་དམ་ཅན་སོགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

p. 541

སྙིང་པོ་འཛབ་ཀྱིས་རྒྱུད་བསྐུལ་གྱིས༔ ཚེ་དབང་བྱིན་ཆེན་དངོས་གྲུབ་སྩོལ༔ མ་གཡེལ་མ་འཕང་བཀའ་སྡོད་ཚོགས༔ ཞེས་པ་རིག་འཛིན་བསྐུལ་བྱང་འདི་ས་དབང་སྡེ་དགེའི་རིམ་གྲོ་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་སྒྲུབ་ཆེན་གནང་བའི་སྐབས་སུ་བདག་ལས་རབ་རྩལ་གྱིས་སྦྱར་བའོ༔ མངྒ་ལཾ༔ ༈ འཛབ་བསྐུལ་བསྙེན་པའི་དམིགས་པ་ནི༔ བདག་དང་མདུན་བསྐྱེད་ཚེ་དཔག་མེད༔ བུམ་ནང་གསལ་བར་བསྒོམ་པའི་ཚེ་ལྷ་བཅས༔ མཉམ་བཞག་ཚེ་བུམ་རིན་ཆེན་རྒྱན་གྱིས་སྤྲས༔ ལྷ་རྣམས་ཐུགས་ཀར་ཧྲཱིཿཨཱཿནྲི༔ཧཱུྃ༔བསམ༔ དེ་ལས་འོད་འཕྲོས་འཁོར་འདས་སྣང་སྲིད་ཀྱི༔ དཔལ་དང་ཚེ་བཅུད་བཀྲག་མདངས་ཐམས་ཅད་བསྡུས༔ སླར་ཡང་བདག་དང་བུམ་པ་ལ་ཐིམ་པས༔ འཆི་མེད་བདུད་རྩི་འོ་མ་ལྟ་བུས་གང་༔ ཡི་གེ་འབྲུ་བཞི་བཀྲག་དང་མདངས་སུ་གྱུར༔ དེ་ལས་འོད་འཕྲོས་འཇིག་རྟེན་འབྲུ་བཞིས་གང་༔ འཁོར་འདས་ཚེ་བཅུད་འབྱུང་ལྔའི་དྭངས་བཅུད་དང་༔ རྩི་སྨན་ནུས་པ་ཚེ་དཔལ་འཁྱམས་པ་བཀུག༔ འབྲུ་བཞིས་ཕོ་ཉ་སླར་བསྡུས་བུམ་པར་བསྟིམ༔ བདག་དང་བུམ་པ་བཅུད་དང་འབྲུ་བཞིས་གང་༔ བཀྲག་མདངས་འོད་དང་

p. 542

གཟི་བརྗིད་རྒྱས་པར་གྱུར༔ ༀ་གུ་རུ་ཨཱ་ཡུར་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿགཞུང་རྩ་བ་ལས་ཡིག་འབྲུ་རྩ་གཅིག་འཆི་མེད་འཁོར་འདས་ཚེ་བཅུད་འབྱུང་ལྔའི་དྭངས་བཅུད་དང་རྩི་སྨན་ནུས་པ་ཚེ་དཔལ་འཁྱམས་པ་བཀུག༔ འབྲུ་བཞིས་ཕོ་ཉ་སླར་བསྡུས་བུམ་པ༔ རྡོ་རྗེའི་སྔགས༔ སྙིང་འདྲའི་མཐར་ཐུག་ཡིན་པས་ཡོངས་ཀྱི་མཆོག་དམ་ཚིག་པ་འདི་ལྟར་ཡང་༔ བདག་མདུན་ཚེ་དཔག་མེད་དུ་གསལ་བ་ཡི༔ སྟེང་གི་ནམ་མཁར་གུ་རུ་མཚན་བརྒྱད་ལ༔ རྒྱ་བོད་རིག་འཛིན་རྗེེ་འབངས་གྲུབ་ཐོབ་བསྐོར༔ ཀུན་ཀྱང་གཟི་བྱིན་འོད་ཕུང་འབར་བཞིན་དུ༔ ཚེ་སྒྲུབ་གསང་བའི་སྙིང་པོ་འཛབ་ཏུ་སྒྲོགས༔ བར་གྱི་ཆ་ལ་ཡི་དམ་ཞི་ཁྲོའི་ཚོགས༔ སངས་རྒྱས་བྱང་སེམས་རྒྱལ་བའི་ལྷ་ཚོགས་རྣམས༔ བར་ཆད་སྒྲོལ་བའི་རྟ་མགྲིན་ལྷ་ཚོགས་འཕྲོ༔ ཚེ་སྒྲུབ་གསང་བའི་སྙིང་པོ་འཛབ་ཏུ་སྒྲོགས༔ འོག་ཏུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ བཀའ་ཉན་ལས་བྱེད་མེལ་ཚེ་བྱ་ར་མཛོད༔ ཚེ་སྒྲུབ་གསང་བའི་སྙིང་པོ་འཛབ་ཏུ་སྒྲོགས༔ ཕྱི་ལྟར་སྣོད་རྣམས་གཞལ་ཡས་ཁང་ཉིད་དུ༔ འགྲོ་དྲུག་སེམས་ཅན་ཚེ་ཡི་ལྷ་ལྷ་མོ༔ ཚེ་སྒྲུབ་གསང་བའི་སྙིང་པོ་འཛབ་ཏུ་སྒྲོགས༔ ནང་ལྟར་རྣལ་འབྱོར་

p. 543

རྩ་ཁམས་གཞལ་ཡས་ཁང་༔ རླུང་དང་ཐིག་ལེ་ཚེ་ཡི་ལྷ་ལྷ་མོ༔ ཚེ་སྒྲུབ་གསང་བའི་སྙིང་པོ་འཛབ་ཏུ་སྒྲོགས༔ དོན་དམ་ཡེ་ནས་སེམས་ཅན་སངས་རྒྱས་ཉིད༔ ཡེ་ཡིན་དགོངས་པར་ཡང་གསལ་གདབ་ཏུ་མེད༔ དུས་གསུམ་དུས་མེད་ཁོར་ཡུག་གདལ་བ་ཆེ༔ ལྷ་བདུད་མིང་མེད་མཉམ་ཉིད་དག་པའི་ངང་༔ ཞེས་དགོངས་པ་དེའི་ངང་ནས་བསྙེན་པ་ཐུན་གཅིག་བཟླའོ་ཐུན་མཐར་དབྱངས་གསལ་ཡེ་དྷར་བཅས་མཆོད་ཅིང་བསྟོད་ནས་ཚེ་འགུགས་པ་ནི༔ སོགས་ནས༔ ཧཱུྃ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འབྱུང་བ་ལྔ་ལ་དབང་སྒྱུར་ལྷ་མོའི་ཚོགས༔ རྣལ་འབྱོར་བདག་གི་ཚེ་དང་གཡང་སྤེལ་ཅིག༔ སྟེང་འོག་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་ལ༔ འབྲོས་དང་འཁྱམས་དང་ཡར་བའི་ཚེ་ཁུག་ཅིག༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀྱིས༔ བརྐུས་དང་འཕྲོག་དང་གཞོམ་པའི་ཚེ་ཁུག་ཅིག༔ འབྱུང་བ་དགྲ་གཤེད་འཁྲུགས་པའི་ལས་སྦྱོར་གྱིས༔ ཉམས་དང་ཟད་དང་གཏོར་བའི་ཚེ་གསོས་ཤིག༔ ཡེད་ཀྱིས་སྔངས་དང་ཧད་ཀྱིས་བརྒྱལ་བ་དང་༔ ཧུད་ཀྱིས་འདྲོགས་པའི་ཚེ་དང་གཡང་སྤེལ་ཅིག༔ ཚེ་ཁུག་

p. 544

གཡང་སྐྱོབས་དངོས་གྲུབ་བདག་ལ་སྩོལ༔ འབྱུང་ལྔ་འོད་ལྔ་འབར་བའི་ཚེ་བཅུད་སྡུས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨཱ་ཡུར་ཛྙཱ་ན་བྷུན་དྷུ་བྷྲཱུྃ༔ ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཨཱཿབྷྲཱུྃ༔ རིགས་བདག་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ མཆེད་ལྕམ་རྣམས་ཀྱིས་སྤོས་དང་རོལ་མོ་བཅས་ལྷ་ཡི་ང་རྒྱལ་བརྟན་བཞིན་མདའ་དར་གཡབ་ཅིང་ཐུགས་དམ་འདི་ལྟར་བསྐུལ༔ ཧྲཱིཿ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྲངས་མེད་ཚོགས༔ པདྨ་འབྱུང་གནས་རིག་འཛིན་ཡོངས་ཀྱི་གཙོ༔ ཚེ་ལ་དབང་བའི་ལྷ་དང་དྲང་སྲོང་རྣམས༔ རང་རང་གནས་ནས་སྐུར་བཞེངས་འདིར་བྱོན་ཅིག༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་འཚལ༔ བསྐུལ་ཞིང་གསོལ་བ་འདེབས་པའི་དུས་འདི་རུ༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ མངོན་སུམ་རྟགས་དང་མཚན་མ་བཟང་པོ་སྟོན༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ རྩ་གསུམ་ཚེ་ལྷ་སྤྲུལ་འཁོར་དུས་ལ་བབ༔ ཕྱོགས་བཅུའི་བླ་ཚེ་འགུགས་པའི་དུས་ལ་བབ༔ འཆི་བདག་བདུད་ཀྱི་ཕོ་ཉ་རྡུལ་དུ་རློགས༔ སྲོག་བཅོད་ལྷ་

p. 545

འདྲེའི་མགོ་བོ་ཚལ་པར་ཁོས༔ དབུགས་ལེན་གཤེད་མའི་སྲོག་རྩ་དམར་པོ་ཆོད༔ ཡོན་བདག་བླ་ཚེ་འཁྱམས་པོ་ད་ལྟ་ཁུག༔ ལུས་ངག་ཡིད་ལ་བསྟིམ་ཞིང་བརྟན་པར་མཛོད༔ འཆི་མེད་ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ ནད་མེད་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ༔ སྲོག་ལུས་དབང་ཐང་རླུང་རྟ་སྐྱེད་དུ་གསོལ༔ ཉམས་དང་རྟོགས་པའི་ཡེ་ཤེས་སྦར་དུ་གསོལ༔ དཀྱིལ་འཁོར་གཞལ་ཡས་འདི་ལ་མདངས་ཤིག་ཕྱུང་༔ དམ་རྫས་ཚེ་གཏོར་འདི་ལ་བཅུད་ཅིག་སྩོལ༔ འདུས་པའི་མཆེད་ལྕམ་རྣམས་ལ་ནུས་པ་སྐྱེད༔ སྒྲུབ་རྟེན་ཚེ་མདའ་འདི་ལ་ཚད་ཅིག་ཕོབ༔ རིག་འཛིན་ཚེ་ཡི་ལྷ་ཚོགས་མཐུ་མ་ཆུང་༔ ཚེ་ཡི་ལྷ་མོ་རྣམས་ཀྱང་བང་མ་བུལ༔ མགྱོགས་མ་སྒོ་མ་རྣམས་ཀྱང་རྩལ་མ་ཞན༔ ཐུགས་དམ་དུས་ལ་བབ་པོ་ཕྲིན་ལས་མཛོད༔ ཅེས་བསྐུལ་ལོ༔ ༀ་ཨ་མི་དྷེ་ཝ་ཨཱ་ཡུར་སིདྡྷི་ཧྲཱིཿའཛབ་ཏུ་དབྱངས་ཤིང་༔ གླུ་དང་༔ གར་དང་༔ བྲོ་དང་༔ སྟངས་སྟབས་དང་བཅས་ཏེ་རྟགས་མ་བྱུང་བར་དུ་བསྐྱེད་དོ༔ ཚེ་འགུགས་རྒྱལ་བ་སྤྱི་བསྐུལ་ནི༔ ཧྲཱིཿ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ ཞི་ཁྲོ་རབ་འབྱམས་རྒྱལ་

p. 546

བའི་དཀྱིལ་འཁོར་དུ༔ རྟ་མགྲིན་དབང་ཆེན་ཡི་དམ་ཚེ་ཡི་ལྷ༔ པདྨ་འབྱུང་གནས་ཚེ་དབང་སྤྲུལ་པའི་སྐུ༔ བི་མ་མི་ཏྲ་འཆི་མེད་རྡོ་རྗེའི་ལུས༔ མན་དྷ་ར་བ་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་མཚོ་རྒྱལ་ཚེ་འཛིན་གསང་བའི་ཡུམ༔ བཻ་རོ་ཙ་ན་ཚེ་ཡི་རྒྱུད་ལུང་འཛིན༔ ཏིང་འཛིན་བཟང་པོ་དོན་གྱི་འཆི་མེད་བརྙེས༔ ཡོན་ཏན་མགོན་པོ་ཚེ་གསོས་བདུད་རྩི་སྦྱིན༔ ཐང་སྟོང་རྒྱལ་པོ་མངོན་སུམ་ཚེ་ལ་དབང་༔ རྩ་བརྒྱུད་བླ་མ་ཚེ་ཡི་གྲུབ་ཐོབ་རྣམས༔ རྩེ་གཅིག་སྙིང་ནས་གུས་པས་གསོལ་བ་འདེབས༔ ལྔ་བདོའི་སྙིགས་མའི་དུས་ཀྱི་ཐ་མ་འདིར༔ བར་ཆད་འཆི་བདག་འཇིགས་པ་མ་བཟོད་ནས༔ རྒྱལ་བ་ཐུགས་རྗེ་ཅན་རྣམས་བསྐུལ་ཞིང་འབོད༔ ཉམ་ཐག་འགྲོ་བ་ཐུགས་རྗེས་འདོར་རམ་ཅི༔ སྔོན་གྱི་ཐུགས་བསྐྱེད་དོར་བ་ཕོད་ལགས་སམ༔ གློག་ལྟར་མྱུར་བའི་ཐུགས་རྗེས་ཤུགས་ཕྱུང་ལ༔ བདག་དང་རྒྱུ་འབྱོར་ཡོན་གྱི་བདག་པོ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བར་དུ་གཅོད་པའི་ཚེ་བདུད་འབྱུང་པོ་ཆོམས༔ བླ་ཚེ་ཡར་བ་འཁྱམས་པ་ཐམས་ཅད་ཁུག༔ བླ་ཚེ་འདྲོགས་པ་

p. 547

འཐོར་བ་ཐམས་ཅད་སྡུས༔ བླ་ཚེ་ཆག་པ་ཆད་པ་ཐམས་ཅད་མཐུད༔ བླ་ཚེ་ཡར་བ་གས་པ་ཐམས་ཅད་སྦྱོར༔ བླ་ཚེ་ཉམས་པ་ཟད་པ་ཐམས་ཅད་གསོས༔ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ཅིག༔ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ཅིག༔ འདྲེ་དང་སྲིན་པོའི་ལག་ནས་ཚེ་ཁུག་ཅིག༔ ཕྱོགས་སྐྱོང་གདོན་གྱི་ལག་ནས་ཚེ་ཁུག་ཅིག༔ རྦོད་གཏོང་ཕོ་ཉའི་ལག་ནས་ཚེ་ཁུག་ཅིག༔ མི་དང་མི་མིན་ལག་ནས་ཚེ་ཁུག་ཅིག༔ ཚེ་ལྷའི་བྱིན་རླབས་ཧྲཱིཿདམར་གཟི་བརྗིད་འབར༔ ཚེ་བསོད་ངོ་བོ་ཨཿདཀར་སྣུམ་ལ་བཅུད༔ སྲོག་གི་རང་བཞིན་ཎྲི་ལྗང་བཀྲག་ལ་འཚེར༔ འགུགས་བྱེད་སྟོབས་ལྡན་ཧཱུྃ་མཐིང་ཚེ་ལ་མྱུར༔ འབྱུང་ལྔའི་དྭངས་བཅུད་འོད་ལྔའི་ཟེར་ཞགས་འཁྱིལ༔ ཕྱོགས་བཅུ་ཀུན་ནས་སྤྲིན་འཐིབ་ཆར་དུ་བབས༔ བདག་དང་རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི༔ ལུས་ལ་ཐིམ་པས་རྡོ་རྗེའི་ཚེ་དབང་ཐོབ༔ རྩ་ཁམས་གང་བས་ཟག་མེད་བདེ་སྟོང་རྒྱས༔ ངག་ལ་སྨིན་པས་ནུས་མཐུ་མེ་ལྟར་འབར༔ སེམས་ལ་ཐིམ་པས་གཡོ་འགུལ་འཕོ་འགྱུར་མེད༔

p. 548

ཚེ་བཅུད་འགྱུར་མེད་དཔལ་གྱི་དངོས་གྲུབ་སྩོོལ༔ རྡོ་རྗེ་སེམས་དཔའི་སྐུ་ཚེ་འགྲུབ་གྱུར་ཅིག༔ རྡོ་རྗེ་སེམས་དང་སྐལ་བ་མཉམ་གྱུར་ཅིག༔ བདེ་འབྱོར་ལྡན་ཞིང་ལོ་བརྒྱ་ཐོབ་གྱུར་ཅིག༔ དགེ་ལེགས་ལྟས་བཟང་སྟོན་བརྒྱ་མཐོང་གྱུར་ཅིག༔ བྱིན་རླབས་ཚེ་འདིར་དབང་དུ་འགྱུར་བར་ཤོག༔ དབང་འདིའི་དངོས་གྲུབ་མཆོག་ཏུ་འགྱུར་བར་ཤོག༔ ༀ་ཚེ་བྷྲཱུྃ་གཡུ་བྷྲཱུྃ་གཡུ་ཚེ་བྷྲཱུྃ་ཨཱ་ཡུར་ཛྙཱ་ན་གཡུ་ཚེ་བྷྲཱུྃ༔ ཞེས་ཚེ་བསྙེན་མང་དུ་བཟླ༔ རྟེན་འབྲེལ་སྙིང་པོ་དང་ཏིཥྛ་བཛྲ་གྱིས་བརྟན་པར་བྱ་མེ་ཏོག་འཐོར། བཀྲ་ཤིས་བརྗོད། ཟབ་ཟབ༔ རྩ་བའི་བསྙེན་པའི་རྟགས་དང་ནི༔ གཞུང་ལས༔ ཉི་ཟླ་ཤར་དང་སྟོན་བསྡུས་མཆོད་རྟེན་གསལ༔ རིའི་རྩེར་འཛེགས་མཁར་འཛིན་པ་སཱཙྪ་འདེབས༔ རྟགས་ཀྱི་རིམ་པ་གྲངས་མེད་འབྱུང་འགྱུར་ཏེ༔ བདུན་ནམ་ཉེར་གཅིག་དུས་ལ་བབ་གྱུར་ནས༔ ཚེ་གཏོར་སྤྱི་བོར་བཞག་ལ་དབང་བསྐུར་ཞུ༔ ཞེས་གསུངས་པའི་དོན་རྟགས་དྲག་མཐོང་བའམ། མིན་ཀྱང་རུང་སྟེ་བདག་འཇུག་དངོས་གྲུབ་ཞུ་བའི་གནད་ནི་རྩ་བ་ལགས༔ ཧཱུྃ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ རྒྱལ་བའི་ཐུགས་ཀྱི་གསང་མཛོད་དམ་པ་ནས༔ འགྱུར་མེད་རྡོ་རྗེའི་ཚེ་མཆོག་དམ་པ་སྩོལ༔ སྐལ་ལྡན་བདག་ལ་འཆི་མེད་ཚེ་ཡི་དབང་༔ སྐུ་གསུམ་རྡོ་རྗེའི་དབྱིངས་ནས་བསྐུར་ནས་ཀྱང་༔ འཆི་མེད་རྡོ་རྗེའི་

p. 549

དངོས་གྲུབ་བསྩལ་དུ་གསོལ༔ གསོལ་བ་བཏབ་ཅིང་དབང་བསྐུར་བས༔ འཆི་མེད་བདུད་རྩིས་ལུས་གང་སྤྱི་བོར་ལུད༔ དྭངས་མ་ཀུན་འདུས་ཡིག་འབྲུ་བཞི་ལ་ཐིམ༔ དྭངས་མ་བཞི་ལ་ཉི་ཟླའི་ག་འུར་བསྡམས༔ དེ་ཡང་སྙིང་གི་དཀྱིལ་བཞུགས་སྙིང་གི་ཕྱིར༔ མི་འགྱུར་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་གདབ༔ ལོ་བརྒྱའི་བར་དུ་གཡོ་འགུལ་མེད་པར་བསམ༔ རྩ་སྔགས་མཇུག་བཛྲ་རཀྵས་རྒྱས་གདབ༔ གཞུང་རྩ་བ་ལས༔ དེ་རྗེས་གཏོར་མ་བཏང་ཞིང་དཀྱིལ་འཁོར་བསྡུ༔ བསྔོ་བ་སྨོན་ལམ་བྱ་ཞིང་བཀྲ་ཤིས་བརྗོད༔ ཅེས་པས་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ་ཧྲཱིཿརྣམ་དག་མཆོག་གི་ལོངས་སྤྱོད་ཞལ་ཟས་ཚོགས༔ མ་རིག་སྒྲིབ་འཁྲུལ་འབགས་རྩོག་མིང་མེད་ཀྱང་༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ རཾ་ཡཾ་ཁཾ་གིས་ཉེས་སྐྱོན་དབྱིངས་སུ་སྦྱངས༔ ཡི་གེ་གསུམ་གྱིས་ཟག་མེད་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾཿགསུམ་ༀ་ཨཱཿཧཱུྃ༔ གསུམ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿསྐུ་གསུམ་ཞིང་ཁམས་རྒྱལ་བའི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཚེ་ཡི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་ནོ༔ ཧཱུྃ་ཧྲཱིཿཞལ་

p. 550

ཟས་ཚོགས་ཀྱི་མཆོད་པ་བླ་མེད་རྫས༔ རིག་འཛིན་ཡོངས་འདུས་ཚེ་བདག་རྒྱལ་བ་ལ༔ གཉིས་མེད་གུས་པ་ཆེན་པོས་འབུལ་ལགས་ན༔ རྣམ་དག་ཐུགས་རྗེའི་ཀློང་དུ་བཞེས་སུ་གསོལ༔ ༀ་ཨཱཿམི་དྷེ་ཝ་ཨཱ་ཡུར་ཥེ་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐང་བའི་རིམ་པ་ནི༔ ཚོགས་གཏོར་མཆོད་པ་གཞུང་བཞིན་བཤམས༔ གདུང་བའི་ཤུགས་བསྐྱེད་སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ དགོངས་པ་མཁའ་ལྟར་དག་པའི་ཕྱིར༔ ཆོས་སྐུ་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ འགྲོ་དྲུག་སྤྲུལ་པས་འདྲེན་པའི་ཕྱིར༔ ལོངས་སྐུ་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་༔ བྱིན་རླབས་དངོས་གྲུབ་དཔལ་དུ་འབར༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ བོད་ཡུལ་རྨོངས་པའི་མུན་པ་བསལ༔ ཆོས་རྒྱལ་རྗེ་འབངས་རྣམས་ཀྱི་ཐུགས་དམ་བསྐང་༔ ལས་ཀྱི་འཕྲོ་སད་ཟབ་གཏེར་བདག༔ རིག་འཛིན་རཏྣ་གླིང་པའི་ཐུགས་དམ་བསྐང་༔ ཚེ་ལ་དབང་བའི་དངོས་གྲུབ་ཐོབ༔ སྲས་མཆོག་ཚེ་དབང་གྲགས་པའི་ཐུགས་དམ་བསྐང་༔ བྱིན་རླབས་དབང་གི་ཆུ་རྒྱུན་འཛིན༔ ཡོངས་འཛིན་ཤཱཀྱ་བཀྲ་ཤིས་ཐུགས་དམ་བསྐང་༔ ལྷ་

p. 551

སྔགས་ཏིང་འཛིན་མངོན་དུ་འགྱུར༔ སྔགས་འཆང་བཀྲ་ཤིས་དབང་ཕྱུག་ཐུགས་དམ་བསྐང་༔ རིམ་གཉིས་སྔགས་ཀྱི་རྒྱུད་ལུང་འཛིན༔ སྔགས་འཆང་པདྨ་དབང་དྲག་ཐུགས་དམ་བསྐང་༔ ཐུགས་རྗེ་ཆེན་པོས་འགྲོ་ལ་བརྩེ༔ མཚུངས་མེད་ཀརྨ་ཆགས་མེད་ཐུགས་དམ་བསྐང་༔ ཏིང་འཛིན་རིག་པའི་རྩལ་ཆེན་འབྱོངས༔ གྲུབ་ཐོབ་པདྨ་རིག་འཛིན་ཐུགས་དམ་བསྐང་༔ མངོན་ཤེས་རྫུ་འཕྲུལ་མངོན་དུ་འགྱུར༔ རིག་འའཛིན་ཉི་མ་གྲགས་པའི་ཐུགས་དམ་བསྐང་༔ ཏིང་འཛིན་མཆོག་གི་སྤྱན་དང་ལྡན༔ བླ་མ་ནམ་མཁའ་འོད་གསལ་ཐུགས་དམ་བསྐང་༔ འཛད་མེད་ཆོས་ཀྱི་སྒོ་ཆེན་འབྱེད༔ འགྱུར་མེད་ཐེག་མཆོག་བསྟན་འཛིན་ཐུགས་དམ་བསྐང་༔ ཐེག་པ་རིམ་དགུའི་དངོས་དོན་མཁྱེན༔ ཐེག་མཆོག་བསྟན་པའི་རྒྱལ་མཚན་ཐུགས་དམ་བསྐང་༔ ཐུགས་གཏེར་དགོངས་པའི་གསང་མཛོད་རྡོོལ༔ རིག་རྩལ་ཐོགས་མེད་གླིང་པའི་ཐུགས་དམ་བསྐང་༔ སྨིན་གྲོལ་བདུད་རྩིའི་དགའ་སྟོན་འགྱེད༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ སྐྱེ་འཆི་མེད་

p. 552

པའི་བདེ་བ་ཆེ༔ མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ རང་རིག་འགྱུར་བ་མེད་པའི་ཕྱིར༔ རྡོ་རྗེ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ འཁོར་འདས་མཉམ་ཉིད་དག་པའི་ཕྱིར༔ རཏྣ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ སོ་སོར་མ་འདྲེས་རང་རིག་གསལ༔ པདྨ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཕྲིན་ལས་མཐར་ཕྱིན་བྱ་བ་རྫོགས༔ ཀརྨ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཆོས་དབྱིངས་ཡེ་ཤེས་རྣམ་པར་སྣང་༔ བུདྡྷ་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་པ༔ རྫོགས་པའི་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ལྷུན་གྲུབ་རང་སྣང་སྐུ་དང་ཞིང་༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ གདོད་ནས་ཐབས་དང་ཤེས་རབ་ངང་༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྟན་པ་སྲུང་བའི་ལས་མཛད་པའི༔ དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་༔ རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ འཆི་མེད་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་རྫས་བདུད་

p. 553

རྩི་སྨན་གྱིས་ཐུགས་དམ་བསྐང་༔ ཉོན་མོངས་འཁོར་བ་སྟོངས་པའི་ཕྱིར༔ རཀྟ་དམར་གྱི་མཆོད་པས་ཐུགས་དམ་བསྐང་༔ དངོས་གྲུབ་འདོད་དགུ་འབྱུང་བའི་ཕྱིར༔ རྨད་བྱུང་དཔལ་གྱི་གཏོར་མས་ཐུགས་དམ་བསྐང་༔ ཁམས་གསུམ་དབྱིངས་སུ་བསྒྲལ་བའི་ཕྱིར༔ རཱུ་ཏྲ་བསྒྲལ་བའི་མཆོད་པས་ཐུགས་དམ་བསྐང་༔ ཉོན་མོངས་ཟིལ་གྱིས་ནོན་པའི་ཕྱིར༔ བདེ་སྟོང་སྦྱོར་བའི་མཆོད་པས་ཐུགས་དམ་བསྐང་༔ མ་རིག་འཁྲུལ་འཁོར་རྒྱུན་གཅོད་ཕྱིར༔ རྣམ་དག་ཏིང་འཛིན་ལྟ་བས་ཐུགས་དམ་བསྐང་༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར༔ ཞལ་ཟས་ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་༔ ཕྱི་ཡི་ཉམས་ཆག་བསྐང་བའི་ཕྱིར༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ ནང་གི་ཉམས་ཆག་བསྐང་བའི་ཕྱིར༔ ནང་མཆོད་འདོད་ཡོན་རྣམ་ལྔས་ཐུགས་དམ་བསྐང་༔ གསང་བའི་ཉམས་ཆག་བསྐང་བའི་ཕྱིར༔ བླ་མེད་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ ཁྱེད་རྣམས་ཐུགས་དམ་བསྐངས་གྱུར་ནས༔ བདག་གི་གཡར་དམ་སོར་སྩོལ་ཅིག༔ དམ་

p. 554

ཚིག་ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ བདུད་དང་བར་ཆད་མ་ལུས་ཀུན་ཞི་ནས༔ བསམ་དོན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿབསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ རྩ་བརྒྱུད་བླ་མ་ཡི་དམ་ཚེ་ཡི་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་རྟོག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ བཤགས་པ་ནི༔ ཧཱུྃ་ཧྲཱིཿརང་རིག་ཆོས་སྐུ་ཉོན་མོངས་དབང་གིས་བསྒྲིབས༔ མ་རྟོགས་རྨོངས་པས་ཁམས་གསུམ་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་ལས་ཉོན་བག་ཆགས་རྣམས༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡ་ཤུདྡྷེེ་ཨ༔ བསྒྲལ་ལས་ནི༔ ཧཱུྃ་ཧྲཱིཿལས་མཛད་རྟ་མགྲིན་དབང་ཆེན་ཁྲོ་བོའི་རྒྱལ༔ རཱུ་ཏྲ་འདུལ་མཛད་དམར་ནག་ཕུར་པ་འདྲིལ༔ ཟ་གསོད་ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ ཚེ་བདུད་བར་ཆད་སྒྲོལ་བའི་དུས་ལ་བབ༔ ༀ་པདྨ་

p. 555

ཏ་ཀྲིཏ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊཿབསྟབ་པ་ནི༔ ཧཱུྃ་ཧྲཱིཿམ་རིག་རཱུ་ཏྲ་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ༔ འགྲོ་དྲུག་བག་ཆགས་དབྱིངས་སུ་སྦྱང་བའི་ཕྱིར༔ ཁྲོ་བོ་ཁྲོ་མོ་སྤྲུལ་དང་ཡང་སྤྲུལ་བཅས༔ མཆོད་རྫས་དགྲ་བགེགས་ཤ་ཁྲག་ཞལ་དུ་བསྟབ༔ ཁ་རཾ་ཁཱ་ཧི་ཁཱ་ཧི༔ ལྷག་མ་བསྔོ་བ་ནི༔ ཧཱུྃ་ཧྲཱིཿསྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བསྒྲགས་བཞིན༔ དཀྱིལ་འཁོར་སྐྱོང་བའི་བཀའ་སྡོད་སྲུང་མའི་ཚོགས༔ ལྷག་མའི་ཞལ་ཆབ་བདུད་རྩིའི་ལོངས་སྤྱོད་བཞེས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨུཥྩི་ཏྲ་བྷ་ལིངྟ་ཁཱ་ཧི༔ ཆད་མདོ་ནི༔ ཧཱུྃ་ཧྲཱིཿསྔོན་ཚེ་བར་དང་ཐ་མ་རྩོད་ལྡན་དུས༔ ཚེ་དཔག་མེད་དང་བདག་ཉིད་པད་འབྱུང་གིས༔ གཡར་དམ་ཕོག་པའི་བཀའ་སྐྱོང་ལྷ་སྲིན་ཚོགས༔ གཏོར་མ་འདི་བཞེས་རྣལ་འབྱོར་ཕྲིན་ལས་སྒྲུབས༔ བར་ཆད་འབྱུང་པོ་མཐའ་ཡི་དམག་དཔུང་ཟློག༔ བསྟན་མ་ནི༔ བྷྱོཿབདུད་མོ་བཞི་དང་གནོད་སྦྱིན་ཆེན་མོ་བཞི༔ སྨན་བཙུན་བཞི་སོགས་འཁོར་དང་གཡོག་ཏུ་བཅས༔ ཚུར་གཤེགས་དམ་རྫས་

p. 556

བདུད་རྩིའི་བཤལ་ཆུ་ལོངས༔ བོད་ཁམས་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ༔ གསང་ཆེན་ཆོས་ཀྱི་ཕྲིན་ལས་རྒྱས་པར་མཛོད༔ རྟ་བྲོ་ནི༔ ཧཱུྃ༔ དམ་སྲི་སྒབ་འདྲེ་ཚེ་ཡི་བར་ཆད་རྣམས༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་མནན༔ གླུ་གར་བྲོས་གཟིར་རྡོ་རྗེའི་རྒྱ་ཡིས་བཏབ༔ བསྐལ་པ་མ་སྟོངས་བར་དུ་མ་ལྡང་ཞིག༔ ༀ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ དམ་སྲི་སྟྭཾ་བྷ་ཡ་ནན་ནན༔ ཞེས་རྒྱས་གདབ༔ དེ་ནས་མཆོད་བསྟོད་ནོངས་བཤགས་བཅས་ཀྱི་མཐར༔ ཞེས་པས༔ ཧཱུྃ༔ བསྐྱེད་རིམ་དམིགས་པའི་སྤྲོ་བསྡུ་རྣམས༔ ཁྱབ་བརྡལ་ཨ་ཏིའི་ཀློང་དུ་ཐིམ༔ ཚེ་དཔག་མེད་མགོན་བསྒྲུབས་པའི་མཐུས༔ བདག་གཞན་རྡོ་རྗེའི་སྐུ་འགྲུབ་ཤོག༔ ནམ་ཞིག་ལུས་འདི་འདོར་བའི་དུས༔ གནད་གཅོད་སྡུག་བསྔལ་མེད་པར་ཤོག༔ སྐུ་གསུམ་ཞིང་དང་སྟོན་པ་རྣམས༔ དྲན་བཞིན་དགའ་བས་འཕོ་བར་ཤོག༔ བདེ་བ་ཅན་དུ་སྐྱེས་ནས་ཀྱང་༔ འོད་དཔག་མེད་མགོན་མཇལ་བར་ཤོག༔ སྲས་བཅས་རྒྱལ་བས་དབང་བསྐུར་ནས༔ འགྲོ་དོན་དཔག་མེད་བྱེད་པར་ཤོག༔ སྒྲུབ་པ་འདི་དང་འབྲེལ་ཐོགས་པ༔ ཀུན་ཀྱང་དེ་བཞིན་འགྲུབ་གྱུར་ཅིག༔

p. 557

མཆོག་གསུམ་སྐུ་གསུམ་བྱིན་རླབས་ཀྱིས༔ ཚེ་རིང་ནད་མེད་བཀྲ་ཤིས་ཤོག༔ ཉི་གྲགས་གཉིས་པའི་ཤིས་བརྗོད་ནི༔ ངོ་མཚར་མཛེས་སྐུ་མཚན་དཔེས་རབ་བརྒྱན་བྱུ་རུའི་ལྷུན་པོ་བཞིན༔ གང་གསུང་འགག་མེད་ནཱ་དའི་སྒྲ་དབྱངས་ཡན་ལག་རྒྱ་མཚོའི་དཔལ༔ ཇི་ལྟ་ཇི་སྙེད་ཆོས་ཀུན་མཁྱེན་པའི་ཡེ་ཤེས་དྭངས་གསལ་ཐུགས༔ སྟོན་མཆོག་དམ་པ་འཆི་མེད་ཚེ་ཡི་དགེ་ལེགས་སྩོལ༔ གཞན་ཡང་ཤིས་བརྗོད་ཀྱི་རིམ་པ་རྣམས་བྱའོ༔ རྩ་བ་ལ་རྗེས་ཀྱང་རྨི་ལྟས་མཚན་མ་ངན་པ་ན༔ སྨྲ་བཅད་ཞག་བདུན་བཟླས་ན་ངེས་པར་བཟློག༔ ཚེ་སྒྲུབ་ཟབ་མོའི་གཏེར་ཁ་དཔག་མེད་སྦས༔ འདི་ཉིད་མཐར་ཐུག་ཡིིན་གྱི་སྙིང་ལ་ཆོངས༔ ཆོས་ཀྱི་དབང་ཕྱུག་སྐུ་ཡི་སྤྲུལ་པ་སྟེ༔ སྐལ་ལྡན་ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུཧྱ༔ སྤྲུལ་སྐུ་རཏྣ་གླིང་པས་མཁར་ཆུ་ནས་གདན་དྲངས་པའོ༔ དགེའོ༔

ཚེ་དབང་གི་ལོ་རྒྱུས།

p. 558
p. 559

࿅༔ ཚེ་དབང་ལ༔ ད་ལམ་གཏེར་ཆེན་རཏྣའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་རིགས་བདག་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེའི་ཕྲེང་འཛིན་ཀུན་མཁྱེན་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་དང་འབྲེལ་བ་ཉི་ཟླ་ཁ་སྦྱོར་གྱིས་བསྒྲུབ་བོ༔ ཕྱག་རྡོར་ལས༔ ད་ལམ་རིག་འཛིན་འགྲོ་འདུལ་རཏྣ་གླིང་པའི་གུ་རུ་དྲག་པོའི་གོ་ཆ་ལྷ་ལྔའི་ཐུགས་མཆོག་གསང་བདག་གཏུམ་པོའི་སྒོས་སྒྲུབ་དག་སྣང་དང་འབྲེལ་བ་རྡོ་རྗེ་ཐོག་འབེབས་ཀྱིས་བསྒྲུབ་བོ༔ གཤིན་རྗེ་ལ༔ ད་ལམ་མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྤྲུལ་པའི་གཏེར་ཆེན་ཉང་གི་ཆོས་ཚན་སླར་ཡང་འགྲོ་དོན་དུས་བབས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་བྱིན་རླབས་རྒྱ་མཚོ་བརྙེས་པ་གྲུབ་དབང་རིག་རྩལ་ཐོགས་མེད་གླིང་པ་དགོངས་བརྒྱུད་ཡང་བསྐྱར་གཤིན་རྗེ་དགྲ་ཕུང་ནག་པོས་བསྒྲུབ་བོ༔ ཕུར་པ་ལ༔ ད་ལམ་གནས་དུས་རྟེན་འབྲེལ་གྱི་བརྡས་ལེགས་པར་བསྐུལ་བ་སྔོན་སྨོན་གྱིི་ལས་སད་རིག་འཛིན་རཏྣ་གླིང་པས་ལྡང་ལྷ་ཁྲ་མོ་བྲག་ནས་སྤྱན་དྲངས་པའི་རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་ཆོས་སྐལ་

p. 560

སླར་ཡང་བྱིིན་རླབས་ཀྱི་ཚན་ཁ་དང་རྣོ་ནུས་དཔའ་བོ་ལས་རབ་རྩལ་ཞེས་མཚན་སྙན་གྱི་ཅོད་པན་འཆང་བ་གང་དེས་གསང་སྒྲུབ་ལུས་དཀྱིལ་དང་ཡང་གསང་གི་སྒྲུབ་ཐབས་སོ༔ སྒྲོལ་མ་ལ༔ འདིར་རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེ་བཙུན་སྒྲོལ་མའི་ཆོ་ག་བཀའ་གཏེར་དག་སྣང་ཟུང་འབྲེལ་ཞེས་རིག་འཛིན་ཆོས་དབྱིངས་དྲི་མེད་རྩལ་གྱི་དགོངས་གཏེར་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བྱུང་སྟེ་བསྒྲུབ་པོ༔

p. 561

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་དབང་བསྐུར་ཟབ་མོ་ཞུ་སྙམ་པའི་ཐུགས་འདུན་སོགས་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པས་གསན་འཚལ། དེ་ཡང་དོན་དུ་གཉེར་བྱ་ཡང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ། །རྙེད་པ་དོན་ལྡན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་པ་ལྟར་དལ་འབྱོར་ཕུན་སུམ་ཚོགས་པའི་མི་ལུས་རིན་ཆེན་ཐོབ་སྟེ། སངས་རྒྱས་ཀྱི་བསྟན་པ། མཚན་ལྡན་གྱི་བླ་མ། དམ་ཆོས་ཀྱི་འདོད་དགུ། དགེ་ལེགས་ཀྱི་ཞིང་ས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་བཟང་རྣམས་དང་མཇལ་བའི་དུས་འདིར་ཐར་པ་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་དགོས་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །

p. 562

གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །གསུངས་པ་ལྟར་ད་རེས་གཏན་བདེའི་ལམ་སྣ་ཟིན་པར་བྱ་དགོས་ཏེ། དེ་ཡང་དེ་ལྟ་བུའི་དལ་འབྱོར་གྱི་ལུས་ཀྱང་དུས་མིན་དུ་འཆི་བའི་རྐྱེན་དང་བར་ཆད་མང་ཞིང་། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། སྣོད་བཅུད་ཐམས་ཅད་འཕོ་འགྱུར་གྱི་ཁོར་ཡུག །ཤ་ཁྲག་ལུས་ནི་ཆུ་ཡི་ལྦུ་བ་ལྟ་བུ། ཚེ་སྲོག་དང་དབུགས་ནི་ལ་ཁའི་ན་བུན་བཞིན་ཡལ་སླ་བ་ཡིན་པས་དུས་མིན་འཆི་རྐྱེན་ཀུན་ལས་ཐར་བར་འདོད་པ་དག་དང་། དམ་པའི་ཆོས་སྒྲུབ་པ་ལ་གནས་སྐབས་དང་མཐར་ཐུག་གི་མཐུན་རྐྱེན་སྤེལ་ཞིང་འགལ་རྐྱེན་སེལ་བ་དང་། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་ནུས་པ་གཅིག་ཆོག་ཡིད་བཞིན་ནོར་བུ་ལྟ་བུའི་ལྷག་པའི་ལྷ་ཁྱད་པར་འཕགས་པ་ཞིག་བསྟེེན་དགོས་ཏེ། ཞི་བ་ལྷས། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བསྟེན་ཡུད་ཀྱིས་སྒྲོལ་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་པ་ལྟར་རྒྱུ་དད་པ་དང་བརྩོན་འགྲུས། རྐྱེན་ཞེན་ལོག་དང་ངེས་འབྱུང་། །

p. 563

ཐབས་བླ་མ་དང་གདམས་ངགཉམས་ལེན་སྤྲོས་བཅས་དང་སྤྲོས་མེད་རྣམས་ལ་བརྟེན་ཏེ་ཐོག་མར་འཇུག་པའི་སྒོ་ནི་སྨིན་བྱེད་ཀྱི་དབང་གལ་ཆེ་བ་དང་། དེ་ཐོབ་པར་བྱེད་པ་ལ་འདུན་པ་དང་སྣང་བ་དག་པ་ཞིག་དགོས་ཏེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་དག་སྣང་དང་མོས་གུས་ལྡན་པའི་སྒོ་ནས་དབང་བཞིའི་ཆུ་བོ་ཉམས་སུ་མྱོང་བར་བྱའོ། །དེ་ལ་བྱེ་བྲག་གི་ལོ་རྒྱུས་ནི། སྤྱིར་རྒྱལ་བས་ཆོས་སྒོ་བསམ་ཡས་འགྲོ་བློའི་ཁམས་ལྟར་གསུངས་པ་ལས། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་དང་གསུམ་ལས། ད་ལམ་གྱི་སྐབས་སུ་བབས་པ་ནི། ཐང་ཡིག་ལས། ཉམས་དམའི་བསྟན་པ་འགྲིབ་ལ་ཉེ་བ་ན༔ དག་པས་ང་རང་དངོས་སུ་མཐོང་ཡང་སྲིད༔ དགོས་འདོད་རེ་བ་སྐོང་བའི་ནོར་བུ་འབྱུང་༔ ཞེས་དུས་རྟགས་འབྱུང་འགྱུར་བཅས་ལུང་དུ་བསྟན་པ་ལྟར། ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཉིད་ལྔ་བདོའི་འགྲོ་བའི་དོན་དུ་ཞལ་བཞེས་བཙན་པའི་ཐུགས་

p. 564

བསྐྱེད་དུས་ལ་བབས་ཏེ་དམིགས་མེད་ཐུགས་རྗེའི་སྤྲུལ་པའི་རང་མདངས་རིག་རྩལ་ཐོགས་མེད་ལས་རབ་རྩལ་ཞེས་དམ་པ་དེ་ཉིད་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་ལས་འཕྲོ་དུས་མཐའི་འཁྲུལ་མེད་གདུལ་བྱའི་དུས་ལ་བབ་པས་ཐུགས་གཏེར་གྱི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པའི་ནང་ཚན། ཆྒཻ་མོའི། སྒྲུབ་ཐབས་འདི་ཉིད་སྤེལ་བའི་དུས་རྟགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ཡངས་པོར་བབས་དང་བསྟུན་ནས་སྐལ་ལྡན་གྱི་སློབ་མ་རྣམས་ལ་རྒྱ་རིམ་པར་གྲོལ་བའི་རིག་འཛིན་གྱི་གྲལ་མ་ཞིག །མཁའ་འགྲོའི་ཁ་རླངས་མ་ཡལ། བྱིན་རླབས་ཀྱི་ཚ་ངར་མ་ཞི། རྟོག་གེས་བསྲེ་བསླད་མ་ཞུགས་པའི་ཐུགས་རྗེ་ཤིན་ཏུ་མྱུར་བའི་གདམས་པ་ཟབ་མོའི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས་བདག་གིས་བགྱི་འོས་སུ་གྱུར་བ་གོང་དུ་གྲུབ་ཟིན་ཏེ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པའི་དྲུང་དུ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་དབུལ་བར་མཛོད།། །།

p. 565

འོ། དེ་ལྟར་དམ་ཚིག་ཆུ་སྦྱིན་པ་འདི་ནི་བཞག་པ་ལྕེ་ལ་བཞག་ཀྱང་བབས་པ་སྙིང་གི་དཀྱིལ་དུ་བབས་ཏེ་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བ་སྡིག་པ་ནག་པོ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་བ་ནད་མང་བ་ཕྱི་མ་རྡོ་རྗེའི་དམྱལ་བར་ལྷུང་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ། དམ་ཚིག་བསྲུངས་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་གྱུར་ནས་སྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་མྱུར་དུ་སྟེར་ནས་དངོས་གྲུབ་འགྲུབ་པར་འགྱུར་ནས་དམ་ཚིག་ཚུལ་བཞིན་དུ་གཅེས་སྤྲས་སུ་མཛད་འཚལ། ༀ་སྭ་བྷཱ་སོགས། ཁྱེད་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་དངོས་སྣང་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཉི་བགེགས་ཀྱི་སྟེང་༔ སློབ་མའི་རིག་པ་སོགས། ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་བླ་མ་གསང་བའི་བདག་པོར་གསལ་བའི་

p. 566

ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་ནུབ་ཕྱོགས་བདེ་བ་ཅན་ཕོ་བྲང་རི་བོ་ཏ་ལ་ཟངས་མདོག་དཔལ་གྱི་རི་བོ་མཁའ་སྤྱོད་དག་པའི་ཞིང་། འོག་མིན་ལྕང་ལོ་ཅན་ལ་སོགས་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་ཕོ་བྲང་ནས་བྱོན་པ་ཐམས་ཅད་ཁ་བ་བབས་པ་ལྟར་ཐིབ་ཐིབ་འོག་ནས་བྱོན་པ་ཐམས་ཅད་རླུང་རྡོལ་བ་ལྟར་བུན་བུན་བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོ་ལ་དགེ་འདུན་འདུ་བ་ལྟར་འུར་དིང་དིང་བྱོན་ནས་ཁྱོད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་མཛོད། །

རཏ་གླིང་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེ་ཕྲེང་འཛིན་དང་ལས་རབ་རྩལ་གྱི་དག་སྣང་སྦྲེལ་བའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་།

p. 567

࿅༔ རཏ་གླིང་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེ་ཕྲེང་འཛིན་དང་ལས་རབ་རྩལ་གྱི་དག་སྣང་སྦྲེལ་བའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་ཚེ་དབང་བཞུགས་སོ༔

p. 568

ༀ་སྭ་སྟི༔ རབ་འབྱམས་ཞིང་དུ་ཁྱོད་མཚན་ཉི་ཟླ་ལྟར༔ རབ་གསལ་ཁ་སྦྱོར་བདུན་ལྡན་ལོངས་སྤྱོད་རྫོགས༔ བླ་མ་འཆི་མེད་མཆོག་སྩོལ་མགོན་པོ་ལ༔ སྤྱི་བོས་བཏུད་དེ་དེ་ཡི་ཚེ་དབང་འབྲིི༔ དེ་ལ་འདིར་རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་རྗེ་ཕྲེང་འཛིན་དང་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་སྦྲེལ་བའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དང་འབྲེལ་བར་ཚེ་དབང་བསྐུར་བ་ལ་གསུམ་སྟེ༔ སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་༔ དངོས་གཞི་སྒྲུབ་པའི་ཐབས་དང་༔ བྱིན་རླབས་ཚེ་དབང་གི་ཆོ་གའོ༔ དང་པོ་ནི༔ སྟེགས་ཀྱི་ཁར་དཀྱིལ་འཁོར་སྒོ་རྫོགས་སྤྱི་དང་འདྲ་བའི་དབུས་སུ་ཁྱམས་དང་བཅས་པའི་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ལྷ་མཚན་སྐུའམ་ཚེ་བུམ་མམ་ཧྲཱིཿཡིག་བྲིས་པའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་བུམ་པ་ཆས་སྤྲས་བཅུད་ཀྱིས་བཀང་བ་དང་༔ མདུན་དུ་ཚེ་འབྲང་༔ གཡས་སུ་ཚེ་རིལ༔

p. 569

གཡོན་དུ་ཚེ་ཆང་༔ རྒྱབ་ཏུ་མདའ་དར་བཅས་བཤམས་པའི་མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང་༔ གཞན་ཡང་ལས་བུམ་ནས་བཟེད་ཌཱ་མ་རུ་རྡོར་དྲིལ་སོགས་དགོས་ཆས་མཐའ་དག་ཚོགས་པར་བཤམ་མོ༔ གཉིས་པ་དངོས་གཞི་སྒྲུབ་པའི་ཐབས་ནི༔ སྒྲུབ་ཐབས་ཀྱི་བདག་མདུན་བུམ་གསུམ་མཉམ་བསྒྲུབས་བྱས་ཏེ་བུམ་ལྷ་འོད་ཞུ་དང་བདག་འཇུག་གང་རིགས་སློབ་མའི་དོན་དུ་གསོལ་བ་འདེབས་པ་རྣམས་དང་ཚོགས་འཁོར་གཏོར་འབུལ་བཀའ་སྲུང་བདུད་བཙན་ཀླུ་གསུམ་དང་གཏེར་སྲུང་དགེ་བསྙེན་བསྙོ་ཁ་སོགས་ལ་དམིགས་པའི་བཀའ་གཏེར་སྲུང་གི་གཏོར་འབུལ་བཅས་བྱའོ༔ གསུམ་པ་བྱིན་རླབས་ཚེ་དབང་གི་ཆོ་ག་ལ༔ སྐབས་བབ་ཀྱི་མཚམས་སྦྱོར་གསར་དུ་བཀོད་པ་དང་༔ ཡིག་རྙིང་གི་དབང་ཆོག་དངོས་སོ༔ དང་པོ་ནི༔ སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམས་མེ་ཏོག་བཀྱེ་བསྡུ་བྱས་ཏེ༔ ཀུན་སློང་བཅོས་པ་དང་

p. 570

ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་སོགས་ཅི་རིགས་བརྗོད་མཐར་འདི་ལྟར་བྱ༔ འདིར་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ཉིད་ཀྱིས་སྔོན་དུས་ལས་ཅན་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་དང་མ་འོངས་པའི་གདུལ་བྱ་རྣམས་ལ་རྗེས་སུ་བརྩེ་བས་དགོངས་ཏེ་ཟབ་ལམ་གྱི་གདམས་པ་ཁྱད་པར་ཅན་དུ་མ་གསུངས་ཤིང་གཏེར་གནས་སོ་སོར་སྦ་བར་གདམས་པ་ལས༔ འདིར་ལྷོ་གཏེར་གྱེས་པ་ཡལ་ག་ལྟ་བུའི་ཆོས་སྡེ་སྟེ༔ དེ་ཡང་ཐུགས་གཏེར་ཆེན་པོ་ལྔ་ཞེས་ཐང་ཡིག་སོགས་དུ་མར་ཡང་ནས་ཡང་དུ་བསྔགས་པའི་ནང་ཚན་དུ་གྱུར་པར་གྲགས་པ༔ མཐུ་སྟོབས་ཀྱི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་སྤྲུལ་པའི་རྣམ་པར་རོལ་པ་རིག་འཛིན་ཆེན་པོ་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་ནས་སྤྱན་དྲངས་པའི་གུ་རུའི་ཐུགས་སྒྲུབ་དྲག་པོ་མེ་རླུང་འཁྱིལ་བའི་ཆོས་སྡེ་གོ་ཆའི་ལྷའི་སྒྲུབ་ཐབས་ཀྱི་ནང་ཚན་དུ་གྱུར་པ༔ ཚེ་སྒྲུབ་ཟབ་མོའི་གཏེར་ཁ་དཔག་མེད་ཀྱང་༔ འདི་ཉིད་མཐར་ཐུག་ཡིན་གྱིས་སྙིང་ལ་ཆོངས༔ ཞེས་གདམས་པའི་ཚེ་དཔག་མེད་ཀྱི་སྒོས་སྒྲུབ་རྡོ་

p. 571

རྗེའི་ཕྲེང་འཛིན་དང་༔ གཏེར་སྟོན་དེ་ཉིད་ཀྱི་སྤྲུལ་པའི་རྣམ་རོལ་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་ལས་བྱུང་བ་གཉིས་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་དང་འབྲེལ་བའི་ཚེ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་སོགས་རྒྱས་བསྡུས་ཅི་རིགས་བརྗོད་པས་མཚམས་སྦྱར་ཏེ་མཎྜལ་ཕུལ་དུ་བཅུག་ནས་གསོལ་འདེབས་ལ་འཇུག་གོ༔ ༈ གཉིས་པ་ཡིག་རྙིང་གི་དབང་ཆོག་ནི༔ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི༔ ཚེ་དབང་བྱིན་རླབས་རྫོང་ཆེན་བཞུགས༔ རིགས་བདག་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ཚེ་དབང་བྱིན་རླབས་རྫོང་ཆེན་ནི༔ ལས་ཅན་སྐྱེས་བུའི་དོན་དུ་བསྟན༔ དཀར་ལ་མཛེས་པའི་སྟེགས་བུའི་སྟེང་༔ དཀྱིལ་འཁོར་གཞལ་ཡས་སྒོ་རྫོགས་སམ༔ འབྲུ་དཀར་ཚོམ་བུ་མང་དུ་བཀོད༔ དབུས་སུ་རྣམ་རྒྱལ་བུམ་པའི་ནང་༔ རྒྱུན་འབབ་གཙང་མའི་ཆུ་དང་ནི༔ བུམ་རྫས་ཚེ་རྫས་ཕབས་རྒྱུན་བཏབ༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་བཅས༔ ཤར་དུ་ཚེ་འབྲང་རྒྱན་ལྡན་བཤམ༔ ལྷོ་རུ་ཚེ་རིལ་སྤོད་ལྡན་དང་༔ ནུབ་ཏུ་ཚེ་ཆང་ཨ་མྲྀ་བཏབ༔ བྱང་དུ་མདའ་དར་ལྔ་ལྡན་འགོོད༔ མཐའ་སྐོར་བཀྲ་ཤིས་རྫས་བརྒྱད་དང་༔ སྨན་རཀ་མཆོད་གཏོར་བཟང་དུ་བཤམ༔ གཞུང་བསྲངས་བསྙེན་པས་ནན་གྱིས་བསྒྲུབ༔ བདག་འཇུག་དབང་བཞི་བླངས་ནས་སུ༔ སློབ་མ་ཁྲུས་བྱས་གྲལ་ལ་འགོད༔ བགེགས་སྦྱངས་ལོ་རྒྱུས་རྒྱས་པར་བཤད༔ དེ་ནས་སློབ་མས་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་ལྟར་བྱ༔ ཀྱེ་ཧོ༔ གཙོ་མཆོག་རྣམ་དག་པདྨའི་རིགས༔ འཆི་མེད་ཚེ་ལ་མངའ་བརྙེས་

p. 572

པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བརྩེ་ཆེན་ཁྱོད་ཀྱིས་རྗེས་བཟུང་ནས༔ རྡོ་རྗེ་ཚེ་ཡི་དབང་བསྐུར་སྩོལ༔ ལན་གསུམ༔ ལན་དུ༔ སངས་རྒྱས་ཀུན་མཆོག་ཚེ་དཔག་མེད༔ གང་གིས་དབང་མཆོག་འདི་ཐོབ་པ༔ སྐལ་བ་བཟང་པོ་རྙེད་པ་ཡིན༔ མི་དགེ་སྤོང་སྡོམ་ཚུལ་ཁྲིམས་དང་༔ དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་༔ གསང་སྔགས་ཕྱི་ནང་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བསྲུང་དགོས་སོ༔ འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས༔ ལན་དུ་འདི་ལྟར་ཞུ༔ མགོན་པོ་ཡིས་ནི་གང་གསུངས་པའི༔ ཆོས་ཀྱི་རྩ་བ་བྱང་ཆུབ་སེམས༔ དམ་ཚིག་སྡོམ་པའི་རིམ་པ་རྣམས༔ ཚུལ་བཞིན་བདག་གིས་བསྲུང་བར་བགྱི༔ ཞེས་ཁས་བླང་༔ སྐྱབས་སེམས་ཡན་ལག་བདུན་པ་འབོག༔ བསྐྱེད་རིམ་གསལ་བཏབ་ཡེ་ཤེས་དབབ༔ རྡོ་རྗེ་མགོར་བཞག་བརྟན་པར་བྱ༔ མདའ་དར་གཡབ་ཅིང་ཚེ་གཡང་འགུགས༔ ཞེས་གསུངས་པ་རྣམས་ཀྱི་ལྷན་ཐབས་ལ༔ ཐོག་མར་སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་ཕོག་ནས༔ སྒྲུབ་ཐབས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་དང་རྒྱུན་བཤགས་གང་རུང་ཞིག་རྣམས་ལན་གསུམ་རེར་བྱའོ༔ དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང་ཞེས་ནས་

p. 573

བསང་སྦྱང་ཡན་སྤྱི་ལྟར་བྱས་ནས་སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དམར་པོ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པའི་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་པདྨ་རཱ་གའི་ཚེ་བུམ་བདུད་རྩིས་གང་བ་བསྣམས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་ཞིང་ཞི་འཛུམ་སྒེག་པའི་ཉམས་རྒྱས་པའི་སྐུར་གྱུར་པའི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ཐུགས་དབུས་སུ་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཧྲཱིཿདམར་པོའི་ཧ་ཁོག་ཏུ་ཧཱུྃ་སྔོན་པོ་དེའི་ཧ་ཁོག་ཏུ་ནྲྀ་ལྗང་གུའི་དཀྱིལ་དུ་ཨ་དཀར་པོས་མཚན་པ་དེ་རྣམས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་

p. 574

ནས་རྒྱལ་བ་སྲས་བཅས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རྣམ་པར་བྱོན་ཏེ་ཁྱེད་རང་ལ་མཚོ་ལ་ཆར་བབ་པ་ལྟར་དབྱེར་མེད་དུ་ཐིམ་པའི་མོས་པ་བརྟན་པོ་མཛོད༔ ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་སྒྲུབ་ཐབས་ཀྱི་སྤྱན་འདྲེན་ནམ་བབ་དྲུག་གང་རུང་གི་མཐར༔ ༀ་གུ་རུ་ཨཱ་ཡུ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཞེས་རྩ་སྔགས་དང་༔ ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿཞེས་བཟླ༔ དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ དེ་ནས་ཚེ་འགུགས་པའི་དམིགས་པ་བརྡ་སྤྲད་ལ་མདའ་དར་གཡབ་ཅིང་དྲིལ་གསིལ་དང་བཅས་པས་བྱང་གཏེར་ལྕགས་སྡོང་མའི་ཚེ་འགུགས༔ ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཅེས་པ་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་བདག་ལ་སྩོལ༔ ཨཱ་ཡུ་ཛྙཱ་ན་བིནྡྷུ་བྷྲཱུྃ་ནྲྀ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཨཱ་ཡུ་ཛྙཱ་ན་སིདྡྷི་ཨཱ་བྷྲཱུྃ༔ ཞེས་པའི་བར་གྱིས་ཚེ་འགུགས་བྱའོ༔ དེ་ནས་ཚེ་དབང་དངོས་ནི༔ སྔར་གྱི་འཕྲོར༔ རྣམ་རྒྱལ་བུམ་པ་ཐོགས་ནས་སུ༔ ཧཱུྃ༔ ཨོ་རྒྱན་པདྨ་རིག་འཛིན་ཚེ་དཔག་མེད༔ རྒྱལ་བའི་ཐུགས་རྗེའི་གསང་མཛོད་དམ་པ་ནས༔ འགྱུར་མེད་རྡོ་རྗེའི་ཚེ་མཆོག་དམ་པ་སྩོལ༔ སྐལ་ལྡན་འདི་ལ་འཆི་མེད་ཚེ་ཡི་དབང་༔ སྐུ་

p. 575

གསུམ་རྡོ་རྗེའི་དབྱིངས་ནས་བསྐུར་ནས་ཀྱང་༔ འཆི་མེད་རྡོ་རྗེའི་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བུདྡྷ་ཚེ་དཔག་མེད་ཀྱི་བྱིན་རླབས་དང་༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་མཆོག་ནི༔ རྣམ་རྒྱལ་བུམ་པའི་བཅུད་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རྣམ་སྣང་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ འབྲང་རྒྱས་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཚེ་དཔག་མེད་ཀྱི་བྱིན་རླབས་དང་༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཐུགས་མཆོག་ནི༔ ཚེ་གཏོར་འབྲང་རྒྱས་འདི་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ མི་བསྐྱོད་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་ཐོགས་ལ༔ ཏྲཱཾ༔ རཏྣ་ཚེ་དཔག་མེད་ཀྱི་བྱིན་རླབས་དང་༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཡོན་ཏན་མཆོག༔ དམ་རྫས་ཚེ་རིལ་འདི་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ རིན་འབྱུང་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ༔ ཚེ་ཆང་ཐོགས་ལ༔ ཧྲཱིཿ པདྨ་ཚེ་དཔག་མེད་ཀྱི་

p. 576

བྱིན་རླབས་དང་༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་གསུང་མཆོག་ནི༔ ཚེ་ཆང་བདུད་རྩི་འདི་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྣང་མཐའི་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧྲཱིཿམདའ་དར་ཐོགས་ལ༔ ཨཱཿཀརྨ་ཚེ་དཔག་མེད་ཀྱི་བྱིན་རླབས་དང་༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཕྲིན་ལས་མཆོག༔ མདའ་དར་ལྔ་ལྡན་འདི་དང་གཉིས་སུ་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དོན་གྲུབ་རིགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ རྩ་སྔགས་དང་༔ ཀརྨ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་སློབ་མ་ལ་ནི་དབང་བསྐུར་བས༔ བུམ་ཆུ་ཚེ་རིལ་ཚེ་ཆང་དམ་རྫས་རྣམས༔ བྱིན་རླབས་མཆོག་དང་ནུས་པ་ལྡན་པ་ཡི༔ འཆི་མེད་བདུད་རྩིས་ལུས་གང་སྤྱི་བོར་ལུད༔ དྭངས་མ་ཀུན་འདུས་ཡིག་འབྲུ་བཞི་ལ་ཐིམ༔ ཡིག་འབྲུ་བཞི་ཡང་ཉི་ཟླའི་ག་འུར་བསྡམ༔ དེ་ཡང་སྙིང་གི་དཀྱིལ་བཞུགས་སྙིང་གི་ཕྱིར༔ མི་འགྱུར་རྡོ་རྗེ་རྒྱ་གྲམ་རྒྱ་ཡིས་བཏབ༔ ལོ་བརྒྱའི་བར་དུ་གཡོ་འཇིག་མེད་པར་གྱུར༔ རྩ་སྔགས་ཀྱི་མཇུག་ཏུ༔ བཛྲ་རཀྵ་རཀྵ༔ ཞེས་སྤྱི་བོར་རྡོ་རྗེའི་རྒྱས་འདེབས༔ བཀྲ་ཤིས་ནི༔

p. 577

མེ་ཏོག་འཐོར་ལ༔ བཅོམ་ལྡན་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ ལྷ་མོ་ཙནྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ཀྱི་བཀྲ་ཤིས་ཤོག༔ བཀྲ་ཤིས་རྟགས་བརྒྱད་ཐོགས་ལ༔ ཧཱུྃ༔ ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར༔ བཀྲ་ཤིས་རྟགས་མཆོག་བརྒྱད་ཀྱི་དབང་བསྐུར་བས༔ བདུད་ལས་རྣམ་རྒྱལ་ཚེ་ཡི་དབང་ཐོབ་ཤོག༔ མངྒ་ལཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་རྫས་བརྒྱད་ཐོགས་ལ༔ ཧཱུྃ༔ ཐུབ་པའི་དབང་པོས་བདུད་བཅོམ་རྫོགས་སངས་རྒྱས༔ བཀྲ་ཤིས་རྫས་མཆོག་བརྒྱད་ཀྱིས་མཆོད་པ་ལྟར༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དོན་གཉིས་མཐར་ཕྱིན་ཚེ་ཡི་དབང་ཐོབ་ཤོག༔ མཾ་ག་ལཾ་ཨཥྚ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་སྲིད་སྣ་བདུན་ཐོགས་ལ༔ ཧཱུྃ༔ མི་ཡི་དབང་པོ་འཁོར་ལོས་སྒྱུར་རྒྱལ་ལ༔ རྒྱལ་སྲིད་སྣ་བདུན་དག་གིས་བསྐུར་བ་བཞིན༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལོངས་སྤྱོད་རབ་འཕེལ་ཚེ་ཡི་དབང་

p. 578

ཐོབ་ཤོག༔ རཏྣ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར་དགེ་བ་ཁས་བླངས་དམ་ཚིག་བཟུང་༔ བཀའ་དྲིན་ཁུར་ཞིང་ཡོན་འབུལ་བསྔོ་སྨོན་བྱ༔ ཡང་ཟབ་ཚེ་ཡི་དབང་མཆོག་དམ་པ་འདི༔ ལས་ཅན་སྐྱེས་བུ་རྣམས་ཀྱི་བཙས་སུ་བཞག༔ འཆི་བདག་བདུད་བཅོམ་རྡོ་རྗེའི་སྐུ་ཐོབ་ཤོག༔ བྱིན་རླབས་དབང་གི་རྫོང་ཆེན་ཞེས་བྱ་བ༔ དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔ མཇུག་ཏུ་དམ་ཚིག་ཁས་ལེན་པ་མཎྜལ་ཡོན་འབུལ་རྣམས་དང་སྒྲུབ་ཐབས་ཀྱི་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ༔

ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་རྫོགས་རིམ་འཆི་མེད་དོན་ཁྲིད།

p. 579

࿅༔ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་རྫོགས་རིམ་འཆི་མེད་དོན་ཁྲིད་བཞུགས་པ་ལེགས་སོ༔

p. 580

ཐོག་མའི་སངས་རྒྱས་འཁྲུལ་གྲོལ་མ་མྱོང་བའི༔ རང་རིག་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ༔ སྐུ་གསུམ་རང་ལ་ཡེ་ནས་རྫོགས་པའི་ཕྱིར༔ ནོར་བུ་ལས་ནི་དགོས་འདོད་འབྱུང་བ་བཞིན༔ གདུལ་བྱའི་སྣང་ངོར་མཛད་པ་བསམ་མི་ཁྱབ༔ འདི་དོན་རྟོགས་ཕྱིར་འདི་ཉིད་དགོངས་པའི་གནད༔ ཟབ་ཅིང་རྒྱ་ཆེ་ཆོས་སྒོ་གྲངས་མང་ཡང་༔ དངོས་སམ་བརྒྱུད་ཀྱང་རྟོགས་པའི་ཐབས་འགྱུར་ཡང་༔ མངོན་སུམ་རིག་པ་གཅེར་མཐོང་ཟབ་མོའི་གནད༔ ཐེག་པའི་ཡང་རྩེ་ཨ་ཏིའི་སྙིང་པོའི་དོན༔ པད་འབྱུང་བྷི་མའི་ཐུགས་ཀྱི་ཐིག་

p. 581

ལེ་མཆོག༔ མཁའ་འགྲོའི་ཁ་རླངས་མ་ཡལ་བྱིན་རླབས་ཅན༔ ཉི་སྤྲུལ་རྡོ་རྗེ་འཆང་གི་ཞལ་གདམས་དོན༔ རང་གིས་ཇི་བཞིན་རྟོགས་པའི་ཚུལ་བཤད་ཀྱིས༔ གང་ཟག་དབང་པོ་ཡང་རབ་གྱུར་པ་རྣམས༔ ཚེ་སྒྲུབ་མཐར་ཐུག་སྙན་བརྒྱུད་སྒོམ་དོན་ཁྲིད༔ ཚུལ་བཞིན་ཉམས་སུ་ལོངས་ཤིག་ས་མ་ཡཱ༔ དང་པོ་གནས་ཀྱི་མཚན་ཉིད་བཤད་པ་ནི༔ རྒྱལ་བ་གོང་མའི་ཞབས་ཀྱིས་བཅགས་པ་འམ༔ མི་དང་མི་མིན་འཚེ་བ་མེད་པའི་ས༔ སློབ་དཔོན་མཚན་ཉིད་མདོ་སྔགས་ཐོས་བསམ་རྫོགས༔ ཉམས་མྱོང་བསྒོམ་པ་མཐར་

p. 582

ཕྱིན་བྱིན་རླབས་ལྡན༔ ཐུགས་རྗེ་ཐབས་མཁས་མཁྱེན་བརྩེ་ནུས་པ་ལྡན༔ སློབ་མའི་མཚན་ཉིད་སྔོན་སྦྱངས་ལས་འཕྲོ་ཅན༔ སྤྱིར་ན་དགེ་བའི་ཕྱོགས་ལ་མོས་པ་དང་༔ གསང་སྔགས་སྤྱོད་པ་རླབས་ཆེན་བློ་ལ་ཤོང་༔ ཁྱད་པར་རྫོགས་ཆེན་སྙིང་ཐིག་ལ་མོས་པའི༔ རྒྱུད་དུལ་ཤེས་རབ་བརྩོན་འགྲུས་སྤོབས་པ་བཟང་༔ དད་པ་བརྟན་ཅིང་དམ་ཚིག་མཆོག་ཏུ་གཙང་༔ གཏོང་ཕོད་ཆེ་ཞིང་མཆོད་དང་སྦྱིན་ལ་བརྩོན༔ ལས་ལྡན་དེ་ལ་ཟབ་དོན་ཆོས་འདི་དབང་༔ ནང་དུ་བྱིན་རླབས་མི་ལྡན་སློབ་དཔོན་དང་༔ སྐལ་ངན་དམ་ཚིག་མི་བསྲུང་སློབ་མ་ནི༔ ཐེག་མཆོག་རྡོ་རྗེ་སྙིང་པོའི་སྟོན་པ་ཡི༔ སློབ་དཔོན་སློབ་མའི་མཚན་ཉིད་འགལ་འདུ་ཅན༔ དེ་ལྟར་མ་ཡིན་ལུང་དང་མཐུན་པ་ཡིན༔ ཚེ་གཅིག་སངས་རྒྱས་དགོངས་པ་འཆད་ཉན་བྱ༔ དང་པོ་དལ་འབྱོར་རྙེད་པར་དཀའ་བ་ནི༔ མི་ལུས་ཆོས་ལྡན་ཡང་དག་ཐོབ་པ་ལ༔ རྒྱུ་ནི་བསོད་ནམས་ཚོགས་ཆེན་བསགས་པ་ལ༔ འབྲས་བུ་ཡེ་ཤེས་ཚོགས་གཉིས་རྫོགས་པར་དགོས༔ སེམས་ཅན་གཞན་གྱི་ཚུལ་ལ་བསམ་པ་ནི༔ རྙེད་དཀའ་རྫོགས་

p. 583

སངས་རྒྱས་ཀྱིས་བསྔགས་པའི་རྟེན༔ དོན་མེད་ཆུད་ཟོས་སྟོང་ལོག་གྱུར་པ་ནི༔ ནོར་བ་ཆེ་ཞིང་ཉེས་པ་ཚད་མེད་པས༔ མ་ནོར་ཡང་དག་ཆོས་ལ་འབད་པ་དགོས༔ དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན༔ ཀུན་རྫོབ་འདུས་བྱས་མཐའ་ཀུན་འཇིག་པའི་ཆོས༔ ཁྱད་པར་སྐྱེས་བུའི་ཚེ་སྲོག་མི་བརྟན་ཅན༔ གར་འཆི་འདིར་འཆི་ནམ་འཆི་ངེས་པ་མེད༔ སྐད་ཅིག་ལེ་ལོ་རྣམ་གཡེང་སྐལ་བ་མེད༔ ད་ལྟ་ཉིད་དུ་བློ་སྣ་བསྟུངས་ནས་ཀྱང་༔ ཐར་ལམ་དགེ་བའི་ཆོས་ལ་སྦར་ཟིན་གྱིས༔ འཇིགས་རུང་དམྱལ་བའི་ཚ་གྲང་སྡུག་བསྔལ་ནི༔ མྱོང་བ་ལྟ་ཅི་སེམས་ཀྱིས་བསམ་མི་ཕོད༔ ཉམ་ཐག་ཡི་དྭགས་སྡུག་བསྔལ་བཟོད་དཀའ་ཞིང་༔ གནས་ངན་དུད་འགྲོ་གནོད་པ་དུ་མའི་སྣོད༔ གསོད་གཅོད་འཐབ་རྩོད་ལྷ་མིན་ཡང་ཡང་འཐབ༔ ལྷ་རྣམས་འཆི་འཕོ་ལྟུང་བའི་གཡང་ཟབ་པོ༔ མི་ནི་སྐྱེ་རྒ་ན་འཆིས་རབ་ཏུ་གདུང་༔ འཁོར་བ་གར་སྐྱེས་སྡུག་བསྔལ་གནས་དང་རྟེན༔ ཕ་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ཆེ༔ ཡང་ནས་ཡང་འཁོར་ཟོ་ཆུའི་ཆུན་མོ་འདྲ༔ སེམས་

p. 584

ཅན་ལུས་དེ་བག་ཆགས་སྒྲིབ་པ་ཡིན༔ དུག་ལྔ་དུག་གསུམ་ཉོན་མོངས་སྒྲིབ་པ་དང་༔ བདེ་སྡུག་མྱོང་བ་ལས་ཀྱི་སྒྲིབ་པ་དང་༔ ལྷན་སྐྱེས་མ་རིག་ཤེས་སྒྲིབ་རང་བཞིན་གྱི༔ ཉེས་པ་སྤང་ཕྱིར་དགེ་སྒྲུབ་སྡིག་སྤང་ལས༔ ཕྲ་རགས་གནས་ཀུན་ཚུལ་བཞིན་སྤང་བླང་གྱིས༔ རྒྱུ་འབྲས་གནས་ལ་ཤིན་ཏུ་ཞིབ་པ་དང་༔ མྱུར་ལམ་ཐར་པ་ཐམས་ཅད་མཁྱེན་པ་ཉིད༔ སྒྲུབ་པའི་མཐར་ཐུག་སྤྱིར་ན་གསང་སྔགས་དང་༔ ཁྱད་པར་རྫོགས་ཆེན་ལྟ་སྒོམ་བསྒྲུབ་པར་བྱ༔ དེ་ལྟར་ཕྱི་ཡི་སྔོན་འགྲོ་རིམ་སོང་ནས༔ ཇི་སྲིད་ཆོས་འདིའི་ཐོག་མཐའ་རྫོགས་ཀྱི་བར༔ ཉན་ཐོས་རང་རྒྱལ་ལམ་དུ་མ་ཞེན་པར༔ ཐེག་ཆེན་སེམས་བསྐྱེད་རྒྱལ་སྲས་ལུགས་བཞིན་བྱ༔ རྒྱུ་དང་འབྲས་བུའི་དཀོན་མཆོག་སྐྱབས་འགྲོ་བྱ༔ སྤང་བླང་བསླབ་བྱའི་གནས་རྣམས་ངེས་པར་བཟུང་༔ ཀུན་རྫོབ་དོན་དམ་སྨོན་འཇུག་སེམས་བསྐྱེད་བྱ༔ ཐེག་ཆེན་བསླབ་པའི་གནས་རྣམས་ཚུལ་བཞིན་བཟུང་༔ ཚོགས་རྣམས་བསགས་ཕྱིར་ཡན་ལག་བདུན་པ་བྱ༔ དེ་དག་ཚུལ་ཡང་མདོ་སྔགས་ལུང་དང་བསྟུན༔ སྒྲིབ་པ་སྦྱང་

p. 585

ཕྱིར་རྡོར་སེམས་བསྒོམ་བཟླས་བྱ༔ སྡིག་གྲིབ་དག་ཕྱིར་རྟགས་མཚན་མཐོང་བ་གཅེས༔ སྒྲུབ་པའི་མཎྜལ་མཆོད་པའི་མཎྜལ་གྱིས༔ བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པར་བྱ༔ བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ནི༔ སྒྲུབ་པ་ཀུན་གྱི་གཙོ་བོ་བླ་མ་ལ༔ དད་གུས་མོས་པས་སྲི་ཞུས་རབ་བསྟེན་ཅིང་༔ གསོལ་འདེབས་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ༔ མི་དམིགས་ངང་བཞག་བསྔོ་སྨོན་རྒྱས་འདེབས་བྱ༔ མདོ་ལས་བླ་མ་དགེ་འདུན་མཆོག་ཏུ་བཤད༔ འདི་ནས་བླ་མ་སངས་རྒྱས་མཆོག་ཏུ་བཞེད༔ བླ་མའི་དམ་ཚིག་མིག་བཞིན་གཅེས་པར་གཟུང་༔ དེ་དག་ནང་གི་སྔོན་འགྲོ་མདོར་བསྡུས་ཡིན༔ དེ་ནས་ལུས་ངག་ཡིད་ཀྱི་རུ་ཤན་སོགས༔ ཐུན་མོང་མ་ཡིན་ཁྱད་པར་རིམ་པ་རྣམས༔ པད་འབྱུང་བྷི་མའི་སྙིང་ཐིག་ལས་འོང་བཞིན༔ རྒྱུད་ལ་གོམས་ཤིང་མྱོང་བ་ཐོན་པར་བྱ༔ དེ་ཡི་ཁྱད་པར་གསང་བའི་སྔོན་འགྲོ་རྫོགས༔ ད་ནི་དོན་དམ་སེམས་ཀྱི་མཚན་ཉིད་ནི༔ ངོ་བོ་རིག་པའི་སངས་རྒྱས་མ་བྱུང་ཞིང་༔ མ་རིག་འཁྲུལ་པའི་སེམས་

p. 586

ཅན་མ་གྲུབ་པས༔ དང་པོའི་དུས་དེ་སྤྱི་གཞི་ཀུན་གཞི་ཞེས༔ རིག་པའི་དུས་ནས་མ་རིག་མིང་མེད་དེ༔ ཉི་མའི་སྙིང་པོར་མུན་པ་མེད་པ་བཞིན༔ མ་རིག་དུས་ན་རིག་པ་མི་མངོན་ཏེ༔ འོ་མར་མར་གྱིས་ཁྱབ་པར་མི་མཐོང་བཞིན༔ རང་རིག་རྟོགས་ནས་སངས་རྒྱས་མངོན་གྱུར་དུས༔ སྣུམ་ནག་བཏབ་པས་ཏིལ་མི་སྐྱེ་བ་ལྟར༔ འབྲས་བུ་རྒྱུར་མི་ལྡོག་པ་དེ་འདྲའོ༔ མ་རིག་ཁམས་གསུམ་གློ་བུར་ལས་ཀྱིས་བསྒྲིབས༔ བདེ་སྡུག་སྣ་ཚོགས་འཁྲུལ་སྣང་སྣ་ཚོགས་པ༔ མེད་བཞིན་སྣང་བ་སྒྱུ་མའི་ལྟད་མོ་དང་༔ རྨི་ལམ་ཡུལ་གྱི་བག་ཆགས་ཇི་བཞིན་ནོ༔ རང་རིག་ཆོས་སྐུའི་ཀློང་དུ་འུབས་ཆུབ་དུས༔ རྩོལ་དང་བསྒྲུབས་པས་འབད་པར་མ་བྱས་ཀྱང་༔ སྐུ་གསུམ་མཛད་པ་མ་བྱས་ལྷུན་གྲུབ་པ༔ ནོར་བུར་དགོས་འདོད་རང་ཆས་འབྱུང་དང་མཚུངས༔ མཉམ་བཞག་བརྟན་པོ་རིག་པའི་ངང་གནས་དུས༔ ཚོགས་དྲུག་གཟུང་འཛིན་ཡུལ་ལ་མི་འཕྲོ་བ༔ རྒྱལ་རིགས་གནོན་ཆེན་ཁྲི་ལས་མི་གཡོ་ཡང་༔ འབངས་འཁོར་རང་བབས་ཤུགས་ཀྱིས་གནོན་པ་འདྲ༔ མ་རིག་འཁྲུལ་བའི་ཡོ་ལང་གཡོ་བའི་

p. 587

དུས༔ རིག་པ་མིག་ལྡན་འཕྱེ་བོ་འདྲ་བ་དེ༔ སེམས་འཁྲུལ་རྟ་རྒོད་ལོང་བའི་དབང་སོང་འདྲ༔ མཉམ་བཞག་མཁན་པོའི་མིག་ལ་གཟུགས་མཐོང་བ༔ མཐོང་ཡུལ་མ་འགགས་རྣམ་པར་གསལ་ན་ཡང་༔ བརྟག་དཔྱད་སྤང་བླང་འགྱུ་བ་མ་བྱུང་ཕྱིར༔ སྣང་སྟོང་ཆུ་ཟླ་ལྟ་བུའི་མིང་དུ་བཏགས༔ དེ་བཞིན་གྲག་སྟོང་ཚོར་སྟོང་ཀུན་ལ་འགྲེ༔ ཁ་ཅིག་ཚོགས་དྲུག་བཀག་ནས་སྒོམ་བྱེད་པས༔ གཅིག་ཏུ་དགག་སྒྲུབ་ཞུགས་ན་སྐྱོན་འབྱུང་དང་༔ གཉིས་སུ་མིག་གི་མངོན་ཤེས་འབྱུང་མི་འགྱུར༔ ཚོགས་དྲུག་མངོན་ཤེས་གཞན་ཡང་དེ་བཞིན་འགྲེ༔ ཚོགས་དྲུག་ཡུལ་གྱི་བདེ་སྡུག་གང་ལ་ཡང་༔ སྒོ་ལྔ་ཧར་སངས་རིག་པ་ཅོག་བཞག་མཛོད༔ མཐར་ཐུག་སྙིང་པོའི་ཞལ་གདམས་འདི་ག་རང་༔ ངེས་དོན་འཆི་མེད་གཉུག་མའི་གདེང་བཤད་ནི༔ ཚེ་དཔག་མེད་མགོན་རང་གི་རིག་པ་དེ༔ རང་ཞལ་མཐོང་བས་སངས་རྒྱས་རང་ལས་རྙེད༔ ཕྱི་ནས་བྱུང་དང་ནང་དུ་ཟོས་པ་དང་༔ ལག་ཏུ་བླངས་དང་ངག་ཏུ་བརྗོད་པ་ཡིས༔ སངས་རྒྱས་འདོད་པ་ཤིན་ཏུ་རྨོངས་པའི་ལུགས༔

p. 588

འཆི་མེད་གཉུག་མའི་བཙན་ས་ཟིན་འདོད་ན༔ ཡེ་ནས་གནས་པའི་ཆོས་ཉིད་རྣལ་མ་སྟེ༔ ད་ལྟར་རང་ངོ་སྣང་བའི་སོ་མ་དེ༔ དཔེ་དང་ཚིག་ལས་འདས་པའི་བརྗོད་བྲལ་ཏེ༔ སངས་རྒྱས་ཐོབ་པས་བཟང་དུ་མ་སོང་ཞིང་༔ འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པར༔ རྒྱུ་རྐྱེན་མཚན་མའི་མཐའ་དང་བྲལ་བ་སྟེ༔ རང་བབས་རང་ངང་མ་བཅོས་ལྷུག་པར་ཞོག༔ བསལ་བཞག་འགྲོ་འོང་མེད་དོ་ས་མ་ཡཱ༔ གང་ཡང་མ་ཡིན་ཀུན་ལས་འདས་པའི་དོན༔ རྟག་ཆད་མུ་བཞི་མཐའ་དབུས་ཁ་སྟོང་དག༔ བསྒོམ་བྱ་སྒོམ་བྱེད་སྒོམ་མེད་ཆེན་པོའི་ངང་༔ མདོ་རྒྱུད་ཚིག་གི་གོ་ཡུལ་ལ་བཟུང་བའི༔ མགོ་འཁོར་རྨོངས་པས་འདི་དོན་རྟོགས་དུས་མེད༔ མ་རྟོགས་པ་ནི་སེམས་ཅན་རང་བཞིན་ཡིན༔ ལོག་རྟོག་པ་ནི་ཕྱི་རོལ་མུ་སྟེགས་ཡིན༔ ཕྱོགས་རྟོགས་པ་ནི་ཐེག་རིམ་གཞན་ཚོ་ཡིན༔ མངོན་སུམ་ཤེས་ན་རང་གསལ་བརྗོད་མེད་ཡིན༔ ཐག་ནི་གཅིག་ཐོག་ཆོད་པར་གྱུར་པའི་དུས༔ བཏགས་ཟིན་པ་ནི་ད་འཐག་མི་དགོས་ཀྱིས༔ གྲུབ་ཟིན་པ་ནི་ད་སྒྲུབ་མི་དགོས་ཀྱིས༔ གྱི་ན་བློ་བདེ་དགོངས་

p. 589

པའི་ངང་དུ་བཞུགས༔ གེགས་དང་གོལ་ས་སྐྱོན་དུ་མི་ལྟ་སྟེ༔ འདི་ནི་མ་བཅོས་རང་བཞག་ལམ་དུ་ཁྱེར༔ ལན་ཚྭའི་རང་བཞིན་ཆུ་ལ་ཐིམ་པ་འདྲ༔ ལྟས་ངན་སློབ་དཔོན་བཅོས་ཐབས་མང་པོ་འཆད༔ སྣང་བ་ཐམས་ཅད་དགྲ་དང་ཚེར་མར་ལངས༔ ཚིག་ཚོགས་མང་པོ་ནེ་ཙོའི་འདོན་པ་འདྲ༔ སྒོམ་ཐབས་མང་པོ་སྲིན་བུའི་ཁ་ཆུ་འདྲ༔ རང་གིས་རང་བཅིངས་ནམ་ཡང་ཐར་དུ་མེད༔ སྒོམ་མེད་རང་སར་བཙན་ས་མ་ཟིན་ན༔ རྟོག་ལ་རྟོག་མཐུད་རྣམ་རྟོག་འཁོར་མོ་ཡུག༔ ཁང་སྟོང་ནང་དུ་ཁྱི་གླེན་འཁྱམས་པ་འདྲ༔ འདུག་སྟངས་ལྟ་སྟངས་བཙུན་ཀྱང་ཡ་མ་བརླ༔ རང་རིག་ཡེ་ཤེས་ངང་ལས་མ་གཡོས་ན༔ ཀུན་ཏུ་བཟང་པོའི་དགོངས་པ་དེ་ལ་བྱ༔ མགོ་བོ་ཐུར་བསྟན་སྲང་མདོར་ཉལ་གྱུར་ཀྱང་༔ རྣལ་འབྱོར་ཡང་དག་མཆོག་གི་སྤྱོད་པ་ཡིན༔ ཡང་དག་ངེས་པའི་དོན་འདི་མཐར་ཕྱིན་དུས༔ སྐྱེ་འཆི་མེད་པའི་དཔའ་གདེང་ཁོང་དུ་ཆུད༔ མཉམ་བཞག་རྗེས་ཐོབ་རིས་མེད་གཅིག་ཏུ་གྱུར༔ ཉིན་མཚན་བར་མེད་ཉམས་ལེན་ངང་གིས་དག༔ མ་བསྒྲུབས་ན་ཡང་ཡོན་

p. 590

ཏན་ཤུགས་ལ་འཆར༔ མ་བྱས་ན་ཡང་འགྲོ་དོན་ལྷུན་གྱིས་གྲུབ༔ ཀློང་ཆེན་རབ་འབྱམས་བདེ་ཆེན་ཀློང་དུ་ཞིག༔ ཡངས་སོ་ཆེ་འོ་སྤྲིན་བྲལ་ནམ་མཁའི་ཀློང་༔ དག་གོ་ཞིག་གོ་འཆིང་ཐག་ཆད་པའི་ཀློང་༔ སྤྲོས་བྲལ་ཀློང་ཆེན་ཟད་པའི་ངང་དུ་ཐིམ༔ ཆོས་སྐུའི་ངང་དུ་དེ་ལྟར་སྤྲོས་བྲལ་ཡང་༔ གཞན་དོན་ཕྲིན་ལས་འཇུག་པ་དཔག་མེད་ཀྱིས༔ ཇི་སྲིད་གདུལ་བྱའི་མཐའ་དེ་མ་སྟོངས་པར༔ གཟུགས་སྐུ་གཉིས་ཀྱི་མཛད་པ་བསམ་མི་ཁྱབ༔ དེ་ལྟར་མཐར་ཕྱིན་འབྲས་བུའི་བར་དུ་བཤད༔ ཚུལ་འདི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི༔ རྫོགས་རིམ་དམར་ཁྲིད་ཟབ་དོན་ཡང་བསྐྱར་ཆོས༔ སྟོང་སྒོམ་ཟབ་མིན་ཉམས་མྱོང་བྱིན་རླབས་ཅན༔ དབོན་སྤྲུལ་བསྟན་པའི་ཉི་མས་བཀས་བསྐུལ་ངོར༔ རྐྱེན་བྲལ་ནམ་མཁའི་རྣལ་འབྱོར་རྫོགས་རིམ་མཁན༔ ལས་རབ་རྩལ་གྱིས་བཀོད་པ་དགེ་གྱུར་ཅིག༔ དགེའོ༔

རྩ་གསུམ་ཚེ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་མན་ངག་འཆི་མེད་རྡོ་རྗེའི་སྲོག་སྒྲུབ།

p. 591

༄༅། །རྩ་གསུམ་ཚེ་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་མན་ངག་འཆི་མེད་རྡོ་རྗེའི་སྲོག་སྒྲུབ་བཞུགས་སོ། །

p. 592

རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །དབེན་པའི་གནས་སུ་སྐྱིལ་ཀྲུང་བཅས་འདུག་ནས། །ངེས་འབྱུང་སྐྱོ་ཤས་དད་པས་ཡིད་དྲངས་ཏེ། །ༀ་ཨཱཿཧཱུྃ། རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་སུ་འཆི། །འགྲོ་ཀུན་སྲོག་གི་བར་ཆད་ཉེར་ཞིའི་ཕྱིར། །སྣོད་བཅུད་བདེ་ཆེན་ཞིང་ཁམས་མཆོད་སྤྲིན་འཐིབས། །བདག་སོགས་བཅུད་ཀུན་མགོན་པོ་ཚེ་དཔག་མེད། །དམར་གསལ་ལོངས་སྐུ་མཉམ་བཞག་ཚེ་བུམ་བསྣམས། །པདྨ་ཉི་ཟླ་འཇའ་གུར་ཀློང་ན་བཞུགས། །སྤྱི་བོར་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་གཞོན་ནུ་ཞི་བའི་སྐུ། །རྡོ་རྗེ་བྷནྡྷ་

p. 593

ཚེ་བུམ་ཕྱག་ན་བསྣམས། །ཁ་ཾ་གཡོན་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་། །པད་ཞྭ་ཆོས་གོས་ཟ་བེར་ཕོད་ཀ་གསོལ། །རྩ་གསུམ་ཚེ་ལྷ་ཀུན་འདུས་ངོ་བོ་ཉིད། །ཁྱེད་ལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །གུ་རུའི་སྐུ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འཁོར་འདས་ཚེ་བཅུད་འབྲུ་གསུམ་འོད་ཕུང་འཁྱིལ། །རྣལ་འབྱོར་བདག་ཐིམ་འཆི་མེད་མཆོག་བརྙེས་གྱུར། །ༀ་ཨཱཿཧཱུྃ། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས། །ལྷ་མོ་ཙཎྜ་ལི་ལ་ཐུགས་བརྒྱུད་ནས། །འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ། །

p. 594

འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་མང་དུ་བཟླ། ཐུན་མཐར་སྤྲོ་ན། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །ལྷ་ལྕམ་མནྡྷ་ར་བ་ལ་གསོལ་བ་འདེབས། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ལོ་ཆེན་བཻ་རོ་ཙ་ན་ལ་གསོལ་བ་འདེབས། །ཉང་བན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས། །ལང་གྲོ་དཀོན་མཆོག་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་ཚེ་དཔག་མེད་ལ་གསོལ་བ་འདེབས། །མ་དང་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །དམ་ཅན་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས། །ༀ་ཨཱཿཧཱུྃ། སྐྱབས་ཀུན་ངོ་བོ་ཨོ་རྒྱན་

p. 595

རིན་པོ་ཆེ། །གཟི་བརྗིད་འོད་ཕུང་འབར་བའི་རྣམ་པ་རུ། །བདག་ལུས་སྤྱི་བོ་ནས་ཞུགས་དབུ་མར་བརྒྱུད། །སྙིང་དབུས་གཞོན་ནུ་བུམ་སྐུར་བཞུགས་པ་ཡི། །སྐུ་ལ་ཚེ་བཅུད་བདུད་རྩིའི་ཆུ་བོ་བབས། །དཀར་དམར་མདངས་ལྡན་བདེ་སྟོང་ཡེ་ཤེས་འབར། །སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ཁེངས། །དབུ་མ་ཡར་སྣེ་གསེར་རྡོར་རྒྱ་གྲམ་གདན། །རིགས་བདག་མཆོག་དང་སྐལ་བ་མཉམ་པར་གྱུར། །ༀ་ཨ་མཱ་ར་ཎི་ཛཱིི་ཝནྟི་ཡེ་སྭཱ་ཧཱ། བདུན་ནམ་ཉེར་གཅིག་བརྒྱད་སྟོང་ཁྲི་འབུམ་སོགས། །སྐབས་བསྟུན་རྟགས་གསལ་བར་དུ་ཉམས་བླངས་པས། །བར་ཆད་ཀུན་ཞི་ཚེ་ཡི་རིག་འཛིན་ཐོབ། །ཐུན་མཐར། རྩ་བརྒྱུད་བླ་མའི་ཐུགས་རྗེ་བྱིན་རླབས་དང་། །རང་རིག་གདོད་མའི་མགོན་པོ་ཚེ་དཔག་མེད། །རོ་གཅིག་ཀློང་ཡངས་བརྗོད་བྲལ་ཆེན་པོའི་ངང་། །ཀུན་རྫོབ་མཚན་མའི་ཆོས་ཀུན་དབྱིངས་སུ་དག །རྟོག་ཚོགས་འཁྲུལ་བའི་བདུད་བཞི་རང་སར་ཞི། །ལམ་སྣང་འགྲོ་བའི་དབང་བཞི་དུས་གཅིག་ཐོབ། །ཡེ་རྫོགས་དང་པོའི་ཆོས་སྐུ་མངོན་དུ་གྱུར། །བདག་གཞན་འགྲོ་ཀུན་ཀུན་བཟང་རྒྱལ་བ་ཉིད། །ཅེས་ལྟ་བས་རྒྱས་བཏབ་སྙིང་རྗེའི་དམ་ཚིག་

p. 596

བཟུང། །ཆིག་ཆོད་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་འདི། །ཉམས་སུ་བླངས་པས་ཚེ་དབང་རིག་འཛིན་ཐོབ། །བགེགས་དང་བར་ཆད་འཆི་ལྟས་ངན་པ་བཟློག །ཉམས་རྟོགས་བྱིན་རླབས་མཚན་མ་མངོན་སུམ་མཐོང་། །བླ་སྒྲུབ་ཚ་བ་དམར་ཐག་གསང་བའི་གནད། །འདི་དང་འབྲེལ་ཚད་རྡོ་རྗེའི་སྐུར་འགྲུབ་ཤོགས་མ་ཡཿཞེས་ཐོས་པའི་ནོར་ལྡན་བསོད་ནམས་ཆོས་བཟང་གིས་བསྐུལ་བ་ལ་བརྟེན། རྩ་གསུམ་ཚེ་ལྷའི་ཕྱི་སྒྲུབ་ཀྱི་མན་ངག་ཇི་བཞིན་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཤིན་ཏུ་དགེ་བར་གྱུར་ཅིག། །། ༈ མཚམས་ཀྱི་སྐབས་ཐུན་མགོར་དང་པོ་ལ། ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ། ༀ་ཨཱཿཧཱུྃ། རྩ་གསུམ་ཚེ་ཡི་ལྷ་ལ་སྐྱབས་

p. 597

སུ་མཆི། །འགྲོ་ཀུན་སྲོག་གི་བར་ཆད་ཉེར་ཞིའི་ཕྱིར། །སྣོད་བཅུད་བདེ་ཆེན་ཞིང་ཁམས་མཆོད་སྤྲིན་འཐིབས། །བདག་སོགས་བཅུད་ཀུན་མགོན་པོ་ཚེ་དཔག་མེད། །དམར་གསལ་ལོངས་སྐུ་མཉམ་བཞག་ཚེ་བུམ་བསྣམས། །པདྨ་ཉི་ཟླ་འཇའ་གུར་ཀློང་ན་བཞུགས། །སྤྱི་བོར་རྒྱལ་བ་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་གཞོན་ནུ་ཞི་བའི་སྐུ། །རྡོ་རྗེ་བྷནྡྷ་ཚེ་བུམ་ཕྱག་ན་བསྣམས། །ཁ་ཾ་གཡོན་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་། །པད་ཞྭ་ཆོས་གོས་ཟ་བེར་ཕོད་ཁ་གསོལ། །རྩ་གསུམ་ཚེ་ལྷ་ཀུན་འདུས་ངོ་བོ་ཉིད། །ཁྱེད་ལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །གུ་རུའི་སྐུ་ཡི་འོད་ཟེར་འཕྲོ་འདུ་ཡིས། །འཁོར་འདས་ཚེ་བཅུད་འབྲུ་གསུམ་འོད་ཕུང་འཁྱིལ། །རྣལ་འབྱོར་བདག་ཐིམ་འཆི་མེད་མཆོག་བརྙེས་གྱུར། །ༀ་ཨཱཿཧཱུྃ། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས། །ལྷ་མོ་ཙཎྜ་ལི་ལ་ཐུགས་བརྒྱུད་ནས། །འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །ཚེ་ཡི་རིག་འཛིན་རྣམས་ལ་གསོལ་བ་

p. 598

འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་མང་དུ་བཟླ། ཐུན་མཐར་སྤྲོ་ན། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །པཎ་ཆེན་བི་མ་མི་ཏྲ་ལ་གསོལ་བ་འདེབས། །ལྷ་ལྕམ་མནྡ་ར་བ་ལ་གསོལ་བ་འདེབས། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ལོ་ཆེན་བཻ་རོ་ཙ་ན་ལ་གསོལ་བ་འདེབས། །ཉང་བན་ཏིང་འཛིན་བཟང་པོ་ལ་གསོལ་བ་འདེབས། །ལང་གྲོ་དཀོན་མཆོག་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཡི་དམ་ཚེ་དཔག་མེད་པ་ལ་གསོལ་བ་འདེབས། །མ་དང་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །དམ་ཅན་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས། །ༀ་ཨཱཿཧཱུྃ། སྐྱབས་ཀུན་ངོ་བོ་ཨོ་རྒྱན་རིན་པོ་ཆེ། །གཟི་བརྗིད་འོད་ཕུང་འབར་བའི་རྣམ་པ་རུ། །

p. 599

བདག་ལུས་སྤྱི་བོ་ནས་ཞུགས་དབུ་མར་བརྒྱུད། །སྙིང་དབུས་གཞོན་ནུ་བུམ་སྐུར་བཞུགས་པ་ཡི། །སྐུ་ལ་ཚེ་བཅུད་བདུད་རྩིའི་ཆུ་བོ་བབས། །དཀར་དམར་མདངས་ལྡན་བདེ་སྟོང་ཡེ་ཤེས་འབར། སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ཁེངས། །དབུ་མའི་ཡར་སྣེ་གསེར་རྡོར་རྒྱ་གྲམ་གདན། །རིགས་བདག་མཆོག་དང་སྐལ་བ་མཉམ་པར་གྱུར། །ༀ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿབདུན་ནམ་ཉེར་གཅིག་བརྒྱ་སྟོང་ཁྲི་འབུམ་སོགས། །སྐབས་བསྟུན་རྟགས་གསལ་བར་དུ་ཉམས་བླངས་པས། །བར་ཆད་ཀུན་ཞི་ཚེ་ཡི་རིག་འཛིན་ཐོབ། །ཐུན་མཐར། རྩ་བརྒྱུད་བླ་མའི་ཐུགས་རྗེ་བྱིན་རླབས་དང་། །རང་རིག་གདོད་མའི་མགོན་པོ་ཚེ་དཔག་མེད། །རོ་གཅིག་ཀློང་ཡངས་བརྗོད་བྲལ་ཆེན་པོའི་ངང་། །ཀུན་རྫོབ་མཚན་མའི་ཆོས་ཀུན་དབྱིངས་སུ་དག །རྟོག་ཚོགས་འཁྲུལ་བའི་བདུད་བཞི་རང་སར་ཞི། །ལམ་སྣང་འགྲོ་བའི་དབང་བཞི་དུས་གཅིག་ཐོབ། །ཡེ་རྫོགས་དང་པོའི་ཆོས་སྐུ་མངོན་དུ་གྱུར། །བདག་གཞན་འགྲོ་ཀུན་ཀུན་བཟང་རྒྱལ་བ་ཉིད།། །།

སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་རྩ་གསུམ་ཚེ་ཡི་སྒྲུབ་ཐབས།

p. 600
p. 601

࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ རྩ་གསུམ་ཚེ་ཡི་སྒྲུབ་ཐབས་བཞུགས་སོ༔

p. 602

པད་འབྱུང་འཆི་མེད་རྡོ་རྗེའི་སྐུ་ལ་འདུད༔ རྩ་གསུམ་ཚེ་ཡི་སྒྲུབ་ཐབས་འཇུག་འདོད་པས༔ ཕྱི་ནང་མཆོད་རྫས་སྒྲུབ་རྫས་འབྱོར་བྱས་ནས༔ བདེ་བའི་བསྟན་ལ་འཁོད་ཅིང་འདི་སྐད་དོ༔ ཧྲཱིཿ རྩ་གསུམ་ཚེ་ལྷ་རིག་འཛིན་བདེན་པའི་མཐུས༔ དངོས་གྲུབ་བར་དུ་གཅོད་པའི་བདུད་དང་བགེགས༔ འབར་བའི་ཏིང་འཛིན་འབར་བའི་བརྟུལ་ཞུགས་ཀྱིས༔ ཚར་གཅོད་དྲག་ཏུ་གཟིར་ཞིང་མཚམས་བཅད་དོ༔ ཨོཾ་སུམྦྷ་ནི་སོགས༔ ཧྲཱིཿ རྡོ་རྗེའི་གུར་ཁང་དྲ་བ་ར་བ་དང་༔ རྡོ་རྗེའི་ས་གཞི་བརྟན་པའི་ཕོ་བྲང་གིས༔ ཕྱི་རོལ་རབ་འབར་མེ་དཔུང་དྲག་ཏུ་འབར༔ སྲུངས་ཤིག་

p. 603

བཛྲ་རཀྵ་རཀྵ་བྷྲུཾ༔ ཧྲཱིཿ འཆི་བདག་བདུད་འཇོམས་མི་ཤིགས་རྡོ་རྗེའི་སྐུ༔ པད་འབྱུང་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ གདོད་ནས་གཞོན་ནུ་བུམ་སྐུ་སྐྱེ་འཆི་བྲལ༔ རང་རིག་དོན་གྱི་སྙིང་པོར་སྐྱབས་སུ་མཆི༔ ཧྲཱིཿ གཉུག་མའི་ཆོས་སྐུ་རང་ཞལ་མ་མཇལ་བས༔ སྐྱེ་འཆི་འཆར་ནུབ་ལྟར་སྣང་ཁམས་གསུམ་འགྲོ༔ འཕོ་འགྱུར་མེད་པའི་མྱང་འདས་ཐོབ་བྱའི་ཕྱིར༔ ཟབ་དོན་སྙིང་པོའི་དོན་ལ་འཇུག་པར་བགྱི༔ རཾ་ཡཾ་ཁཾཿམཆོད་པའི་མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ ཀུན་

p. 604

ཏུ་བཟང་པོའི་རོལ་པ་ལས་བྱུང་བ༔ ཞིང་ཀུན་ཁྱབ་པར་ཡོངས་སུ་རྒྱས་པར་གྱུར༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧྲཱིཿརྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི༔ ཕྱི་རོལ་ཁ་དོག་ལྔ་ལྡན་མེ་དཔུང་འབར༔ དེའི་དབུས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་གཡུང་དྲུང་གསེར་མདོག་གཡས་ཕྱོགས་པས༔ སྟེང་དུ་པད་དམར་འདབ་བརྒྱད་གེ་སར་དབུས༔ གནས་ཁང་བྷྲུྃ་ལས་པདྨ་རཱ་ག་ཡི༔ བུམ་པ་ཁ་གཡེལ་ཞབས་ཞུམ་མགྲིན་པ་ཕྲ༔ ལྟོ་བ་ལྡིར་ཞིང་མཚན་ཉིད་ཡོངས་སུ་རྫོགས༔ དཔག་བསམ་ཁ་རྒྱན་དར་ཟབ་མགུལ་ཆིངས་མཛེས༔ ནང་དུ་འཆི་མེད་བདུད་རྩིའི་རྒྱ་མཚོ་འཁྱིལ༔ དེ་ཡི་དཀྱིལ་དུ་པད་སྡོང་གེ་སར་རྩེར༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་ཁྲི་སྟེང་དུ༔ བདག་ཉིད་ཚེ་དབང་གྲུབ་བརྙེས་པདྨ་འབྱུང་༔ ཞལ་གཅིག་དཀར་དམར་མདངས་ལྡན་ཞི་ཞིང་འཛུམ༔ ཕྱག་གཉིས་གཡས་པས་གསེར་རྡོར་རྩེ་ལྔ་གདེངས༔ གཡོན་པ་རཱ་གའི་བུམ་ཐོད་བདུད་རྩིས་གང་༔ བདེ་ཆེན་མཉམ་སྦྱོར་གསང་བའི་ཡུམ་ལ་འཁྱུད༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ དབུ་ལ་པད་ཞྭ་རྡོ་རྗེ་

p. 605

རྒོད་ལྡེམ་ཅན༔ གསང་གོས་དཀར་པོ་ཕོད་ཁ་མཐིང་ནག་དང་༔ ཆོས་གོས་དམར་པོ་ཟ་བེར་སྨུག་པོ་གསོལ༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར༔ ཡེ་ཤེས་མཚོ་རྒྱལ་དཀར་མོ་གཡོན་ནས་འཁྲིལ༔ ཕྱག་གཉིས་གྲི་ཐོད་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་རོལ༔ གཅེར་བུ་རཏྣ་རུས་པའི་རྒྱན་གྱིས་བརྒྱན༔ རབ་མཛེས་ཡིད་འཕྲོག་ནུ་འབུར་བྷ་ག་རྒྱས༔ ཡབ་ཡུམ་བཅུ་དྲུག་གཞོན་ཚུལ་བདེ་སྟོང་འབར༔ འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ཡངས་ན༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཐིབས༔ གུ་རུའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ རང་རིག་རྣམ་དག་མགོན་པོ་འོད་དཔག་མེད༔ དམར་གསལ་ལོངས་སྤྱོད་རྫོགས་སྐུ་བཞེངས་སྟབས་བཞུགས༔ ཕྱག་གཉིས་མཉམ་བཞག་རཱ་གའི་ཚེ་བུམ་ནང་༔ འཆི་མེད་ཚེ་བཅུད་ཡེ་ཤེས་བདུད་རྩིས་གཏམས༔ དེ་ཡི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཧྲཱིཿ ཡིག་དམར་པོ་འོད་ཟེར་ཀུན་ཏུ་འཕྲོས༔ དེ་ཡི་འོད་ཀྱིིས་ཡེ་ཤེས་སྤྱན་དྲངས་གྱུར༔ ཧྲཱིཿ ལྷོ་ནུབ་པདྨ་འོད་ཀྱི་

p. 606

གཞལ་ཡས་ནསཿརིག་འཛིན་ཆེན་པོ་ཨོ་རྒྱན་ཚེ་དཔག་མེད༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་བསྐུར་བྱིན་ཆེན་ཕོབ༔ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་ཡི་དམ་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་བསྐུར་བྱིན་ཆེན་ཕོབ༔ མཁའ་སྤྱོད་དག་པའི་ཞིིང་ཁམས་ཆེན་པོ་ནས༔ ཡེ་ཤེས་མཚོ་རྒྱལ་ཚེ་འཛིན་ཌཱཀྐི་མ༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་བསྐུར་བྱིན་ཆེན་ཕོབ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་སྙེད་ནས༔ ཚེ་ལ་དབང་བའི་རིག་འཛིན་མཁའ་འགྲོའི་ཚོགས༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་བསྐུར་བྱིན་ཆེན་ཕོབ༔ ཧྲཱིཿ ཧྲཱིཿཧྲཱིཿགུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་མ་ཡཱ༔ ཧྲཱིཿ རྡོ་རྗེའི་སྲུང་གུར་བརྟན་པའི་ཕོ་བྲང་དབུས༔ ཚེ་བཅུད་རྒྱ་མཚོར་རབ་འཁྱིལ་པད་སྡོང་སྟེང་༔ རང་རིག་སྐུ་གསུམ་ལྷུན་གྲུབ་ཚེ་ཡི་ལྷ༔ ཐབས་ཤེས་མཉམ་ཉིད་ངང་དུ་བཞུགས་སུ་གསོལ༔

p. 607

ཧྲཱིཿཧྲཱིཿཧྲཱིཿགུ་རུ་དྷེ་ཝ་དྷཱཀྐི་ནི་ཨ་བེ་ཤ་ཡ་ཨཱ་ཨཱཿཧཱུྃ༔ སྣང་སྟོང་འགྱུར་བ་མེད་པའི་ལྷ་སྐུ་ལ༔ བྱིན་རླབས་དཔལ་དུ་འབར་བའི་ཡེ་ཤེས་རྫོགས༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ༔ རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ་ན་མོ་ནཱ་མ་ཧཱུྃ༔ མཆོད་བསྟོད་ནི༔ ཧྲཱིཿ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཱུཙྪ་ས་མ་ཡ་ཧོ༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་མཚུངས་མེད་བླ་མ་དང་༔ དངོས་གྲུབ་འབྱུང་གནས་ཡི་དམ་ཚེ་དཔག་མེད༔ མཐུན་རྐྱེན་སྒྲུབ་མཛད་མ་དང་མཁའ་འགྲོའི་ཚོགས༔ རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ ཚེ་དཔག་མེད་པའི་ཐུགས་ཀར་ཧྲཱིཿདམར་པོ༔ རིང་ཆ་ཚེག་དྲག་ལྡན་ཞིང་སྣུམ་ལ་མདངས༔ འོད་ཟེར་ཀུན་ཏུ་འཕྲོ་བའི་བདག་ཉིད་ཅན༔ བདེ་གཤེགས་ཀུན་གྱི་བྱིན་རླབས་ངོ་བོར་གསལ༔ ཧྲཱིཿ ཧྲཱིཿཧྲཱིཿབཟླས་པར་བྱའོ༔ ཧཱུྃ་ཧཱུྃ༔

p. 608

བདག་གིས་ཧཱུྃ་རིང་བརྗོད་པས་དེ་མ་ཐག༔ ཧྲཱིཿ ཡིག་འོད་ཀྱིས་འཁོར་འདས་ཐམས་ཅད་ཁྱབ༔ རྩ་གསུམ་དཀོན་མཆོག་རྒྱ་མཚོའི་མཐུ་བྱིན་དང་༔ དྲང་སྲོང་རིག་འཛིན་ཚོགས་ཀྱི་ཚེ་དཔལ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་བཀྲག་མདངས་རྣམས༔ ཧྲཱིཿ ཡིག་དང་ནི་འོད་ལྔའི་རྣམ་པར་བསྡུས༔ ཚེ་དཔག་མེད་མགོན་ཕྱག་གི་བུམ་པར་བསྟིམ༔ བདུད་རྩིའི་རྣམ་པར་གྱུར་ཅིང་ཁོལ་བར་གྱུར༔ ཧྲཱིཿ ཧྲཱིཿཧྲཱིཿབཟླས་པར་བྱའོ༔ ཧྲཱིཿ ཚེ་ཡི་བདུད་རྩི་སེར་པོ་ཁོལ་ཞིང་འཕྱུར༔ རང་དང་བསྲུང་བྱའི་ལུས་ཀྱི་ནང་རྣམས་ཀུན༔ འཆི་མེད་ཡེ་ཤེས་བདུད་རྩིིས་མེར་གྱིས་གང་༔ ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི༔ ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་ལྟར་རྒྱས༔ བ་སྤུའི་ཁུང་ཀུན་གསེར་རྡོར་ཕྲ་མོས་གཏམས༔ བར་མཚམས་མེད་པར་འཇའ་འོད་དྲ་བས་སྦྲེལ༔ མི་ཤིགས་གཞོམ་མེད་སྲུང་བའི་གུར་བཅས་གསལ༔ ཧྲཱིཿ ཧྲཱིཿཧྲཱིཿབཟླས་པར་བྱའོ༔ དེ་ལྟར་དམིགས་ཚན་གསུམ་པོ་དེའི་ངང་ནས༔ མི་ཚིག་བར་མ་ཆོད་པར་ནན་གྱིས་བསྙེན༔ དེ་ཚེ་མཆིལ་མ་མི་དོར་ཁུང་དུ་མིད༔ ཅེས་པ་ལྟར་གྱི་གཞི་བཟུང་ནས་ཡང་གསང་ཧྲཱིཿགཅིག་གི་སྒྲུབ་པ་ལ་འབད་དོ༔ དེ་ནས་ཐུན་མཚམས་རྣམས་སུ་ཕྱི་ནང་གསང་གསུམ་གྱི་བསྙེན་པ་

p. 609

ནན་གྱིས་བཟླ་བར་གསུངས་པས༔ དམིགས་གནད་ནི༔ བདག་མདུན་ཐུགས་ཀའི་འོད་ཟེར་སྤྲོ་བསྡུ་ཡིས༔ རྒྱལ་བ་དཀོན་མཆོག་རྩ་གསུམ་ཐུགས་རྗེའི་བཅུད༔ སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ཚེ་སྲོག་སྟོབས༔ འབྱུང་བའི་དྭངས་མ་རྩི་སྨན་ནུས་པ་དང་༔ རང་གི་བླ་ཚེ་ཆད་ཉམས་འཐོར་བ་དང་༔ གཞན་གྱི་ལག་ཏུ་སོང་བ་ལ་སོགས་པ༔ འོད་དང་འོད་ཟེར་ཐིབ་ཐིབ་བསྡུས་ནས་ཀྱང་༔ བདག་དང་བསྒྲུབ་བྱ་རྣམས་ལ་ཐིམ་པར་བསམ༔ དེ་ལྟར་ཚེ་འགུགས་བསྟིམ་གྱི་དམིགས་པ་དེའི་ངང་ནས༔ དང་པོ་ཕྱི་སྒྲུབ་བསྙེན་པ་ནི༔ ༀ་ཚེ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ ནང་སྒྲུབ་ནི༔ ༀ་ཨ་མཱ་ར་ནི་ཛཱི་བནྟི་ཡེ་སྭཱ་ཧཱ༔ གསང་སྒྲུབ་ནི༔ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་སོ༔ དེ་ནས་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་ལན་གསུམ་བཟླས་པའི་མཐར་མཆོད་བསྟོད་ནི༔ ཧྲཱིཿ ཉེར་སྤྱོད་བདུན་དང་སོགས་ཀྱིས་མཆོད༔ ཧྲཱིཿ དུས་གསུམ་སངས་རྒྱས་སོགས༔ དེ་ནས་ཚེ་འགུགས་པ་ནི༔ ཚེ་འགུགས་དངོས་གྲུབ་བསྡུ་བའི་དམིགས་པ་གསལ༔ མདའ་དར་གཡབ་ཅིང་རོལ་མོ་དབྱངས་དང་བཅས༔ ཧྲཱིཿ འཆི་བདག་བདུད་ཚོགས་འཇོམས་པའི་དཀྱིལ་འཁོར་འདིར༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་དང་༔ ཚེ་འཛིན་ལྷ་མོ་དབྱིངས་ཕྱུག་མཚོ་རྒྱལ་ཡུམ༔ ཟུང་འཇུག་དགའ་བཞི་འབར་བའི་ཡེ་ཤེས་ཀྱིས༔ སྣང་སྲིད་ཐམས་ཅད་བདེ་ཆེན་ཞིང་དུ་བརྡལ༔ ཐུགས་ཀྱི་ངོ་བོ་མགོན་པོ་ཚེ་དཔག་མེད༔ སྲོག་གི་དྭངས་མ་ཧྲཱིཿཡིག་

p. 610

གཟི་བྱིན་གྱིས༔ འཁོར་འདས་ལམ་གསུམ་འོད་དང་ཟེར་གྱིས་ཁྱབ༔ སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ཐུགས་རྗེའི་སྟོབས༔ ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་དང་༔ རྩི་སྨན་ནུས་པ་འབྱུང་ལྔའི་དྭངས་མ་དང་༔ ཡར་དང་འཕྲོག་དང་འཁྱམས་པའི་བླ་ཚེ་རྣམས༔ ཡི་གེ་ཨ་ནྲི་ཧཱུྃ་གསུམ་རྣམ་པ་དང་༔ སྣུམ་བཅུད་མདངས་ལྡན་འོད་ཟེར་རང་བཞིན་དུ༔ འདིར་འཚོགས་རྣལ་འབྱོར་མཆེད་ལྕམ་རྣམས་ལ་ཐིམ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱིཿ གུ་རུ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་དང་༔ རྩ་གསུམ་དཀོན་མཆོག་རྒྱ་མཚོའི་བྱིན་རླབས་སྟོབས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ལོངས་སྐུ་མཚན་དཔེར་འབར་བའི་གཟི་བརྗིད་དང་༔ ཐུགས་སྤྲུལ་ཚེ་ལྷ་མགྱོགས་མའི་སྤྲོ་བསྡུ་ཡིས༔ དྲི་ཟའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གཤིན་རྗེའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཀླུ་དབང་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གནོད་

p. 611

སྦྱིན་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དྲང་སྲོང་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྲིན་པོའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རླུང་ལྷའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དབང་ལྡན་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ལྷ་ཡི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཀླུ་ཡི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གླིང་བཞིའི་མི་ཡི་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་ལ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དངོས་གྲུབ་

p. 612

སྩོལ༔ འཕོ་འགྱུར་བགྲེས་རྒུད་མེད་པའི་དངོས་གྲུབ་སྩོལ༔ ཚེ་རིང་ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ དཔལ་དང་ཡོན་ཏན་འཕེལ་བའི་དངོས་གྲུབ་སྩོལ༔ འགྱུར་མེད་རྡོ་རྗེ་ལྕགས་ཀྱི་སྲོག་ཐོབ་ཤོག༔ ཅེས་བག་དྲོ་བྱིན་ཐིབས་མ་བྱུང་བར་དུ་བསྐྱར༔ ༈ དངོས་གྲུབ་བསྐུལ་བ་ནི༔ ཐུན་མཚམས་རྣམས་དང་ཁྱད་པར་སྒྲུབ་པ་སང་གྲོལ་རྒྱུའི་དགོང་ཐུན་ལ་བབ་ཚེ༔ མཆོད་པ་དང་ཚོགས་མཆོད་རྒྱས་པར་བཀྲམ་ལ༔ དམིགས་པ་ནི༔ འཁོར་འདས་སྣང་སྲིད་དུས་གསུམ་ཐམས་ཅད་ཀྱི༔ ལུང་རྟོགས་ཡོན་ཏན་ཚེ་དཔལ་བསོད་ནམས་སྟོབས༔ འབྲུ་གསུམ་འོད་མདངས་འབར་བའི་རྣམ་པ་རུཿཚེ་རྫས་དམ་རྫས་རྣམས་ལ་ཡང་ཡང་བསྟིམ༔ སྐབས་སུ་དངོས་གྲུབ་བསྐུལ་བྱང་རིམ་པ་ནི༔ སྤོས་རོལ་མོ་དབྱངས་དང་བཅས་ནས་ནི༔ དཔོན་སློབ་རྒྱན་སྤྲས་གཟབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་གཞལ་ཡས་ནས༔ སྣང་བ་མཐའ་ཡས་ཚེ་བདག་ཆོས་ཀྱི་སྐུ༔ ཐུགས་རྗེའི་རྩལ་སྣང་འཕགས་མཆོག་སྤྱན་རས་གཟིགས༔ རྣམ་སྤྲུལ་འགག་མེད་གུ་རུ་པདྨ་འབྱུང་༔ གསང་བའི་ཡུམ་མཆོག་བདེ་སྐྱེད་མཚོ་རྒྱལ་མ༔ ཚེ་ལ་དབང་བའི་ལྷ་དང་རིག་འཛིན་དང་༔ མཁའ་འགྲོ་དམ་ཅན་སྲུང་མ་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་དམ་དམ་ཚིག་གནད་ནས་བསྐུལ༔ ད་ལྟ་དངོས་གྲུབ་སྩོལ་བའི་དུས་

p. 613

ལ་བབ༔ ཞལ་བཞེས་ཐུགས་བསྐྱེད་ཡལ་བར་མ་དོར་ཅིག༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ལ༔ ངོ་མཚར་རྟགས་དང་མཚན་མ་མངོན་སུམ་སྟོན༔ སྒྲུབ་པའི་འབྲས་བུ་མཆོག་གི་གོ་འཕང་སྩོལ༔ རྣམ་པར་གཡེང་དང་རྒས་ཤིང་རྒུད་པ་ཡི༔ ལྷའི་བུའི་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ ཞེན་ཆགས་ཡོངས་བྲལ་ཚེ་ཡི་དབང་མཆོག་སྐུར༔ ནད་མཚོན་མུ་གེ་ལ་སོགས་མི་མཐུན་ཕྱོགས༔ ཕུང་པོའི་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ བདེ་དགའ་ཕུན་ཚོགས་ཚེ་ཡི་དབང་མཆོག་སྐུར༔ དུག་ལྔ་དུག་གསུམ་རྣམ་རྟོག་བག་ཆགས་བདུད༔ ཉོན་མོངས་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ རང་རིག་ཡེ་ཤེས་ཚེ་ཡི་དབང་མཆོག་སྐུར༔ ཚེ་དང་སྲོག་ལ་བར་དུ་གཅོད་པ་ཡི༔ འཆི་བདག་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ འཆི་མེད་རིག་འཛིན་ཚེ་ཡི་དབང་མཆོག་སྐུར༔ ཚེ་རྫས་བཅུད་ཀྱིས་རྩ་རླུང་སྟོབས་སུ་སྨིན༔ ཀུན་རྫོབ་ཐིག་ལེ་སྙིང་པོ་དོན་དམ་ངང་༔ སྲ་བརྟན་འཕོ་འགྱུར་མེད་པའི་དབང་སྐུར་ཅིག༔

p. 614

རིག་པའི་ཡེ་ཤེས་སྟོབས་སུ་སྨིན་པ་ཡི༔ རྣམ་འཕྲུལ་འགག་མེད་ཨོ་རྒྱན་ཚེ་དཔག་མེད༔ མཐར་ཐུག་སྙིང་པོ་རང་རིག་ཆོས་ཀྱི་སྐུཿསྐྱེ་འཆི་འཕོ་འགྱུར་མེད་པའི་དབང་མཆོག་སྐུརཿགཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རློབས༔ མཐའ་བྲལ་ཐིག་ལེའི་ཀློང་དུ་རྒྱ་ཡིས་ཐོབ༔ བྲི་གང་གཞོམ་ཞིག་མེད་པའི་དངོས་གྲུབ་སྩོལ༔ ཅེས་བརྗོད་སྒྲུབ་རྫས་རྣམས་ལས་དབང་བཞི་ལེན༔ ལྷ་སྔགས་བརྟུལ་ཞུགས་དགོངས་པའི་དཔའ་གདེང་བསྐྱེད༔ རྫས་དང་ཡོ་བྱད་དམ་མེད་རྣམས་ལ་གསང་༔ ཞེས་གསུངས་པ་ལྟར་ཐུན་མཚམས་རྣམས་སུ་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚོགས་གཏོང་ཚེ་འདི་ནས་ཨུ་མའི་གཏོར་འབུལ་དང་ཚོགས་བསྐང་བྱས་ལ་ཐུན་བསྡུ་ཐུན་མཚམས་གཞན་རྣམས་འོག་ནས་འབྱུང་བ་བཞིན་བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་བརྗོད་པ་སོགས་བྱས་ལ་ཐུན་གྲོལ༔ ༈ དེ་ནས་ཚོགས་བྱིན་བརླབ་ནི༔ ༀ་བཛྲ་ཨ་མྲྀ་ཏས་བསང་སྭ་བྷཱ་ཝས་སྦྱངས༔ རཾ་ཡཾ་ཁཾ༔ ཨ་ལས་རང་བྱུང་བྷནྡྷ་ཡངས་པའི་ནང་༔ ཚོགས་རྫས་དངོས་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་ཞུ་བསྐོལ་རོ་གཅིག་གྱུར༔ སྲིད་ཞིའི་དྭངས་བཅུད་འབྲུ་གསུམ་རྣམ་པར་ཐིམ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ༀ་ཨཱཿཧཱུྃ་ཧོ༔ ལན་གསུམ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས༔

p. 615

སྒྱུ་འཕྲུལ་གར་མཁན་རྩ་གསུམ་ཚེ་ཡི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཛ༔ ཚོགས་ཕུད་སྤྲོས་ལ༔ ཧཱུྃ༔ འཁོར་འདས་དྭངས་བཅུད་ངོ་བོར་ཡོངས་སྨིན་པའི༔ འདོད་ཡོན་ཅིར་ཡང་འཆར་བའི་དགའ་སྟོན་འདི༔ གུ་རུ་རྩ་གསུམ་ཚེ་ལྷའི་ཚོགས་ལ་འབུལ༔ མཆོད་བཞེས་དམ་སྐོང་དབང་དང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་མ་ཧཱ་གྷ་ན་ཙཀྲ་ལ་ཁཱ་ཧིཿམ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ༈ ཚེ་ལྷའི་བསྐང་བ༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཉམས་ཆག་སྐོང་ཞིང་དངོས་གྲུབ་སྩོལ་བའི་ཕྱིར༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ བཀའ་བཞིན་སྒྲུབ་དང་མོས་གུས་གཏོང་ཕོད་ཀྱིས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྐྱེད་རྫོགས་འཛབ་ཀྱི་འཕྲོ་འདུའི་སྙིང་པོ་ཡིས༔ ཡི་དམ་ཞི་དང་ཁྲོ་བོའི་ཐུགས་དམ་བསྐང་༔ རྩ་ཐིག་རླུང་གསུམ་བདེ་སྟོང་དབྱེར་མེད་ཀྱིས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔

p. 616

རྟེན་རྫས་སྒྲུབ་རྫས་གཏོར་ཚོགས་མཆོད་པ་ཡིས༔ ཡེ་ཤེས་འཇིག་རྟེན་བསྟན་སྲུང་ཐུགས་དམ་བསྐང་༔ ཧཱུྃ༔ གདོད་ནས་མ་སྐྱེས་སྐུ་གསུམ་མཛད་པ་རྫོགས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་ཁྱབ་བརྡལ་བ་ཆེན་པོ་ཡངས་པའི་ཀློང་༔ བུདྡྷ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ མི་འགྱུར་མི་ཤིགས་སྟོང་གསལ་དག་པའི་ངང་༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་ཡེ་ཤེས་ཆེན་པོར་གཅིག༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ སྐྱོན་བྲལ་མ་འདྲེས་རང་རིག་ངོ་བོར་རྟོགས༔ པདྨ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དོན་གཉིས་མཐར་ཕྱིན་འགག་མེད་ཐུགས་རྗེ་འཆར༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དག་པའི་གདངས་རྩལ་སྣ་ཚོགས་ཕྲིན་ལས་བདག༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྟན་པ་སྲུང་བའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ འདོད་ཡོན་རྣམ་

p. 617

མང་ཀུན་བཟང་མཆོད་སྤྲིན་གཏིབས༔ སྨན་རཀ་གཏོར་ཚོགས་དམ་རྫས་འབྱམས་སུ་ཀླས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་དཔག་ཡས་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་དག་པ་དང་༔ རྩེ་གཅིག་ཟོལ་མེད་གདུང་ཤུགས་དྲག་པོ་ཡིས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས་གྱུར་ཅིག༔ བྱིིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ བདག་སོགས་ཐོག་མེད་མ་རིག་དབང་གྱུར་པའི༔ ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པས་བཅིངས༔ མདོ་སྔགས་ཐེག་པ་རིམ་དགུའི་ལུང་དང་འགལ༔ སོ་ཐར་བྱང་སེམས་སྔགས་ཀྱི་དམ་ཚིག་ཉམས༔ མི་གསང་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ སྐྱབས་མཆོག་རྩ་གསུམ་སྤྱན་སྔར་མཐོལ་ལོ་བཤགས༔ ཚངས་པ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སེམས་ཉིད་རྒྱལ་པོ་ཡེ་ནས་ཀུན་ཏུ་བཟང་༔ སེམས་སྣང་འཁྲུལ་འཛིན་དྲི་མའི་གཡའ་དང་བྲལ༔ བཤགས་བྱ་བཤགས་བྱེད་དམིགས་ཡུལ་མཚན་མ་དག༔ སྤྲོས་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་རོལ༔ ཡི་གེ་བརྒྱ་

p. 618

དང་བཤགས་ཚིག་མང་དུ་བརྗོད་དོ༔ ཞེས་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ ཚོགས་བཤགས་འབུལ་བ་ནི༔ ཧཱུྃ༔ སྟོང་ཆེན་རིག་པ་ཡེ་ནས་སྐྱོན་བྲལ་ཡང་༔ གློ་བུར་ལྟར་སྣང་དྲི་མས་སྦགས་པས་བསྒྲིབས༔ བླ་མེད་ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ བློ་འདས་ཀློང་ཡངས་ངང་དུ་དག་གྱུར་ཅིག༔ ཚོགས་ཐ་མ་བསྒྲལ་བ་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་གཟུགས་ལིང་ག་འདིའི་ནང་དུ་ཁུག་ཅིག༔ ལན་གསུམ་བརྗོད༔ ཨེ༔ དུག་གསུམ་ནད་མཚོན་འཁྲུགས་པའི་ཧོམ་ཁུང་དུ༔ མ་རིག་དུག་ལྔ་ཞིང་བཅུའི་ལུས་སྲོག་ལ༔ རྩ་གསུམ་ཚེ་ལྷ་དབྱིངས་ཁྲོས་ཀཱི་ལ་ཡ༔ བཏབ་པོ་གཟུང་འཛིན་སྲོག་རྩ་རྩད་ནས་ཆོད༔ ༀ་བཛྲ་གུ་རུ་པདྨ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུན་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི༔ ཧཱུྃ༔ དུག་ལྔ་དུག་གསུམ་བསྒྲལ་བའི་ཚོགས་ཆེན་པོ༔ ཤ་ཁྲག་དོན་སྙིང་རུས་པའི་ལྷུན་པོར་སྤུངསཿགཏུམ་དྲག་པདྨ་ཚེ་ལྷའི་ཞལ་དུ་བསྟབ༔ བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་མ་

p. 619

སྲིང་ཚོགས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་ཕམ་ཕབ་ལོངས༔ དངོས་འཛིན་མཚན་མའི་བར་ཆད་ཞི་བ་དང་༔ ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མཛོད༔ བསྐུལ་བ་ནི༔ ཧཱུྃ༔ དོན་དམ་སྟོན་མཛད་རྩ་བརྒྱུད་བླ་མ་དང་༔ ཡེ་ཤེས་རོལ་པའི་རྩལ་སྣང་ཡི་དམ་ལྷ༔ སྤྲུལ་དང་ཡང་སྤྲུལ་མཁའ་འགྲོ་དམ་ཅན་བཅས༔ དབྱིངས་ནས་སྐུ་བསྐྱོད་བདག་གི་གྲོགས་ལ་སྤྱོན༔ ཐུགས་དམ་ཐུགས་རྗེས་རྣམ་བཞིའི་ཕྲིན་ལས་སྒྲུབས༔ ཁམས་གསུམ་སྲིད་གསུམ་འཁོར་འདས་དབང་དུ་སྡུས༔ སྟོབས་རྩལ་བྱིན་རླབས་ནུས་པས་མཐུ་དཔུང་སྐྱེད༔ ནག་ཕྱོགས་བདུད་སྡེ་དཔུང་བཅས་ཕམ་པར་མཛོད༔ ཆད་ཐོ་ནི༔ ཧཱུྃ༔ སྐུ་གསུམ་ཚེ་ལྷ་པདྨ་འབྱུང་གནས་ཀྱིས༔ གང་འདུལ་དེར་མཐུན་རོལ་གར་བསྟན་པའི་ཚེ༔ དུས་གསུམ་དྲེགས་པ་བརྒྱུད་གསུམ་ཐམས་ཅད་ཀྱིསཿཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ བསྟན་མ་ནི༔ ཧཱུྃ༔ པདྨའི་བཀའ་སྡོད་རྡོ་རྗེ་དམ་ཅན་མ༔

p. 620

བསྟན་མ་བཅུ་གཉིས་འཁོར་བཅས་ས་མ་ཛ༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད༔ གཏོར་བྲོ་བརྡུང་བ་ནི༔ ཧཱུྃ༔ གསང་གསུམ་མི་བཟད་དཔལ་དུ་འབར་བའི་གདངས༔ དངོས་སྣང་ཁྲག་འཐུང་གར་གྱི་རྔམ་བྲོ་འཁྲབ༔ དགྲ་བགེགས་གཞོབ་ཀྱིས་རྡུལ་བཞིན་ཐལ་བར་འཐག༔ རི་རབ་ལྗིད་མནན་རྡོ་རྗེའི་རྒྱ་ཡིས་བཅིངས༔ ༀ་ལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སརྦ་སྟྭཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ སེམས་ཉིད་བདེ་ཆེན་བདེ་གཤེགས་སྙིང་པོ་ལ༔ སྤྱན་འདྲེན་གཤེགས་བཞུགས་འཛིན་བཅས་མི་དམིགས་ཀྱང་༔ ཀུན་རྫོབ་མོས་བློས་བཏགས་པའི་ཡེ་ཤེས་པ༔ རང་བཞིན་ཆོས་དབྱིངས་ཀློང་དུ་བཛྲ་མུ༔ བསྡུ་རིམ་ནི༔ ཧཱུྃ༔ མཚན་བཅས་དོན་ལ་རྫུན་ལས་བདེན་བྲལ་ཡང་༔ ཐ་མལ་སྣང་ཞེན་འགོག་བྱེད་ལྷ་སྔགས་ལམ༔ མཐའ་ནས་རིམ་བསྡུས་རང་ཡལ་ནམ་མཁའི་ངང་༔ བརྗོད་མེད་གསལ་སྟོང་ཟུང་འཇུག་སྦུབས་སུ་ཐིམ༔ རྒྱུན་སྤྱོད་ནི༔ ཧཱུྃ༔ དེང་ནས་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཚོན་པའི་ཕྱིར༔

p. 621

གསལ་བཏབ་ཙམ་གྱིས་ཐོགས་མེད་སྣང་གྲགས་ཀུན༔ ལྷ་སྔགས་ཏིང་འཛིན་མཆོད་བསྟོད་རྒྱན་དུ་ཤར༔ བསྔོ་བ་ནི༔ ཧཱུྃ༔ བདག་གཞན་དུས་གསུམ་བསགས་པའི་ཚོགས་གཉིས་སྟོབས༔ གཅིག་བསྡུས་འཁོར་གསུམ་ཡོངས་སུ་དག་པའི་ངང་༔ གློ་བུར་ཁམས་གསུམ་འཆིང་བས་བཅིངས་པ་ཡི༔ འགྲོ་ཀུན་སྐུ་གསུམ་ངོ་བོར་རྫོགས་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ༔ ཟབ་གསང་འོད་གསལ་ཨ་ཏིའི་ཕྲིན་ལས་འཕེལ༔ དཔོན་སློབ་མཆེད་ལྕམ་སྐུ་ཚེ་རྡོ་རྗེར་བརྟན༔ ཁམས་གསུམ་འོད་སྐུ་འཕོ་བ་ཆེན་པོར་ཞིག༔ ཐམས་ཅད་གདོད་མའི་གཏན་སྲིད་ཟིན་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཀ་དག་དགོངས་པའི་ཀློང་༔ ཡི་དམ་ལྷ་ཚོགས་ལྷུན་གྲུབ་ཚོམ་བུར་གསལ༔ མཁའ་འགྲོ་དམ་ཅན་འགག་མེད་ཐུགས་རྗེའི་རྩལ༔ སྐུ་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་བཀྲ་ཤིས་ཅི་རིགས་བྱའོ༔ ལས་རབ་རྩལ་གྱིས་སོ༔ སརྦ་མངྒ་ལཾ༔ ཚེ་འཕེལ༔ ཆོས་འཕེལ༔ དགེ་ལེགས་འཕེལ་ལོ༔

རྩ་གསུམ་ཚེ་ལྷའི་སྒྲུབ་ཐབས་བཀླག་ཆོག་ཏུ་བཀོད་པ་དུས་མིན་འཆི་འཇོམས་གསང་ཆེན་ལམ་བཟང་།

p. 622
p. 623

࿅༔ རྩ་གསུམ་ཚེ་ལྷའི་སྒྲུབ་ཐབས་བཀླག་ཆོག་ཏུ་བཀོད་པ་དུས་མིན་འཆི་འཇོམས་གསང་ཆེན་ལམ་བཟང་བཞུགས་སོ༔

p. 624

གུ་རུདྷེ་ཝ་དྷཱཀྐི་ནི་ཨཱ་ཡུ་ཛྙཱ་ན་སིདྡྷི་ཧཱུྃ༔ སྲིད་ཞིའི་ཚེ་བཅུད་འཁྱིལ་བའི་སྙིང་པོ་ཡི༔ གོང་བུར་འཕྱུར་བའི་ཚེ་དབང་རིག་འཛིན་མཆོག༔ རྒྱལ་དབང་པད་འབྱུང་ཡབ་ཡུམ་སྣང་བའི་ཆར༔ ཡོངས་གྲུབ་དཔའ་བོ་ལས་རབ་རྩལ་དེ་རྒྱལ༔ དེ་ཡང་རྩ་གསུམ་ཚེ་ལྷ་སྒྲུབ་པར་འདོད་པ་དག་གིས༔ གནས་སྐབས་ཀྱི་བདེ་བ་ཕྲན་བུ་ཞིག་ལ་རེ་བ་མ་ཡིན་པར༔ མཐར་ཐུག་ཡང་དག་པའི་ཡེ་ཤེས་ཀྱི་རྡོ་རྗེ༔ རྒྱུད་ལ་བསྲེ་ཞིང་རིག་འཛིན་རྣམ་བཞིའི་ལམ་དུ་འཇུག་བློས༔ ཡར་ངོའི་རྒྱས་པའི་ཉི་ཁྱིམ་དུས་ཚེས་བཀྲ་ཤིས་ལ་གནས་གཙང་ཞིང་ཡིད་དུ་འོང་བར་ཁྱད་ཆོས་ལྡན་པའི་རྡུལ་ཚོན་ནམ༔ རས་བྲིས་དབང་གཞུང་ནས་འབྱུང་བ་ལྟར་བཤམས་པའི་དབུས་སུ་མཉྫིའི་སྟེང་ཟངས་བུམ་བཅུད་ལྡན་མགུལ་ཆིངས་ཁ་ཚར་

p. 625

མ་ཉམས་པས་བཅིངས་པ་འབྲས་བུ་ཅན་གྱི་ཤིང་གི་ཁ་རྒྱན་དུང་ཞལ་གཟུངས་རྡོར་དང་བཅས་པ་བཞག༔ སྒྲུབ་པ་དང་འབྲེལ་ཚེ་ཐོད་པ་མཚན་ལྡན་རིལ་བུས་བསྐོར་བའི་ཁ་རྒྱན་ཤིང་ལོས་མཛེས་པ༔ ཚེ་འཁོར་རྫས་ལྡན་མན་ཤེལ་མེ་ལོང་སོགས་སྐུ་གསུང་ཐུགས་རྟེན་འགོད༔ དེའི་གཡས་སུ་སྨན་དང་གཡོན་དུ་རཀྟ༔ གང་གི་ཚེ་ནའང་ཤར་དུ་ཚེ་གཏོར་བུམ་པའི་དབྱིབས་ཅན་འཁོར་རིལ་བུས་བསྐོར་བའི་ཁ་རྒྱན་ཤིང་ལོས་མཛེས་པ༔ ལྷོར་ཚེ་རིལ་ཉི་ཟླས་བརྒྱན་པ༔ ནུབ་ཏུ་ཚེ་མདའ༔ བྱང་དུ་ཐོད་པ་དུམ་གཅིག་ཏུ་ཚེ་ཆང་༔ སྟབས་གང་བདེར་རིག་འཛིན་ལྷ་མོའི་མཆོད་གཏོར༔ དབང་གི་སྐབས་ཡིན་ན་མཐའ་རྟེན་བཅས་བཤམས༔ དེའི་མཐར་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་འཕྲད་སྐོར་རེ་སྦྲེང་བར་བཤམས༔ གཞན་ཡང་མཆོད་ཚོགས་མ་ཚང་བ་མེད་པར་འདུ་བྱས་ལ༔ སྔོན་འགྲོའི་རིམ་པ་རྣམས་སོང་ནས༔ བགེགས་ལ་བཀའ་བསྒོ་བ་

p. 626

ནི༔ ཧྲཱི༔ རྩ་གསུམ་ཚེ་ལྷ་རིག་འཛིན་བདེན་པའི་མཐུས༔ དངོས་གྲུབ་བར་དུ་གཅོད་པའི་བདུད་དང་བགེགས༔ འབར་བའི་ཏིང་འཛིན་འབར་བའི་བརྟུལ་ཞུགས་ཀྱིས༔ ཚར་བཅད་དྲག་ཏུ་འབར་ཞིང་མཚམས་གཅོད་དོ༔ ཨོཾ་སུམྦྷ་ནི་སོགས་བརྗོད་གུ་གུལ་བདུག་ཅིང་ཡུངས་ཀར་གྱིས་བྲབ༔ དྲག་རོལ་ཚམ་རྔམ་བཅས་བགེགས་བསྐྲད༔ དེ་ནས་སྲུང་འཁོར་ནི༔ ཧྲཱིཿ རྡོ་རྗེའི་གུར་ཁང་དྲ་བ་ར་བ་དང་ཿརྡོ་རྗེའི་ས་གཞི་བརྟན་པའི་ཕོ་བྲང་གི༔ ཕྱི་རོལ་རབ་འབར་མེ་དཔུང་དྲག་ཏུ་འབརཿསྲུངས་ཤིག་བཛྲ་རཀྵ་རཀྵ་བྷྲུྃ༔ སྐྱབས་འགྲོ་ནི༔ ཧྲཱིཿ འཆི་བདག་བདུད་འཇོམས་མི་ཤིགས་རྡོ་རྗེའི་སྐུ༔ པད་འབྱུང་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི༔ གདོད་ནས་གཞོན་ནུ་བུམ་སྐུར་སྐྱེ་འཆི་བྲལ༔ རང་རིག་དོན་གྱི་སྙིང་པོར་སྐྱབས་སུ་མཆི༔ སེམས་བསྐྱེད་ནི༔ ཧྲཱིཿ གཉུག་མའི་ཆོས་སྐུ་རང་ཞལ་མ་མཇལ་བས༔ སྐྱེ་འཆི་འཆར་ནུབ་ལྟར་སྣང་ཁམས་གསུམ་འགྲོ༔ འཕོ་འགྱུར་མེད་པའི་མྱང་འདས་ཐོབ་བྱའི་ཕྱིར༔ ཟབ་དོན་སྙིང་པོའི་དོན་ལ་འཇུག་པར་བགྱི༔ མཆོད་པ་བྱིིན་རླབས་ནི༔ རཾ་ཡཾ་ཁཾ༔ གསུམ༔ མཆོད་པའི་མ་དག་ཉེས་སྐྱོན་ཐམས་ཅད་སྦྱངས༔ སྨན་གཏོར་རཀྟ་

p. 627

ཕྱི་ནང་མཆོད་པའི་ཚོགས༔ ཀུན་ཏུ་བཟང་པོའི་རོལ་པ་ལས་བྱུང་བ༔ ཞིང་ཀུན་ཁྱབ་པར་ཡོངས་སུ་རྒྱས་པར་གྱུར༔ ༀ་ཧ་ཧོ་ཧྲཱིཿགསུམ༔ བྱིན་འབེབས་ནི༔ སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་དང་ཁྲོ་བོའི་ཚོགས༔ མཁའ་འགྲོ་དཔའ་བོ་ཆོས་སྐྱོང་བཅས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ སྐུ་ཡི་གར་སྟབས་ཡ་ལ་ལ༔ གསུང་གི་གད་རྒྱངས་དི་རི་རི༔ ཐུགས་ཀྱི་ཏིང་འཛིན་ཡ་ལ་ལ༔ རྒྱན་ཆ་མང་པོ་སི་ལི་ལི༔ རོལ་མོ་མང་པོ་དི་རི་རི༔ དར་གྱི་ཅོད་པན་པུ་རུ་རུ༔ བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ རྟགས་དང་མཚན་མ་མངོན་སུམ་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཕེཾ་ཕེཾ་ཧྲིང་ཧྲིང་ཨ་ཝེ་ཤ་ཡ་ཨ་ཨཱཿདེ་ནས་

p. 628

ལྷ་བསྐྱེད་པ་ནི༔ ཧྲཱིཿ རྡོ་རྗེའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི༔ ཕྱི་རོལ་ཁ་དོག་ལྔ་ལྡན་མེ་དཔུང་འབར༔ དེའི་དབུས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་གཡུང་དྲུང་གསེར་མདོག་གཡས་ཕྱོགས་པའི༔ སྟེང་དུ་པད་དམར་འདབ་བརྒྱད་གེ་སར་དབུས༔ གནས་ཁང་བྷྲུཾ་ལས་པདྨ་རཱ་ག་ཡི༔ བུམ་པ་ཁ་གཡེལ་ཞབས་ཞུམ་མགྲིན་པ་ཕྲ༔ ལྟོ་བ་ལྡིར་ཞིང་མཚན་ཉིད་ཡོངས་སུ་རྫོགས༔ དཔག་བསམ་ཁ་རྒྱན་དར་ཟབ་མགུལ་ཆིངས་མཛེས༔ ནང་དུ་འཆི་མེད་བདུད་རྩིའི་རྒྱ་མཚོ་འཁྱིལ༔ དེ་ཡི་དཀྱིལ་དུ་པད་སྡོང་གེ་སར་རྩེར༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་ཁྲི་སྟེང་དུ༔ བདག་ཉིད་ཚེ་དཔག་གྲུབ་བརྙེས་པདྨ་འབྱུང་༔ ཞལ་གཅིག་དཀར་དམར་མདངས་ལྡན་ཞི་ཞིང་འཛུམ༔ ཕྱག་གཉིས་གཡས་པས་གསེར་རྡོར་རྩེ་ལྔ་གདེངས༔ གཡོན་པ་རཱ་གའི་བུམ་ཐོད་བདུད་རྩིས་གང་༔ བདེ་ཆེན་མཉམ་སྦྱོར་གསང་བའི་ཡུམ་ལ་འཁྱུད༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས༔ དབུ་ལ་པད་ཞྭ་རྡོ་རྗེ་རྒོད་ལྡེམ་ཅན༔ གསང་གོས་དཀར་པོ་ཕོད་ཀ་མཐིང་ནག་དང་༔ ཆོས་གོས་དམར་པོ་ཟ་

p. 629

བེར་སྨུག་པོ་གསོལ༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར༔ ཡེ་ཤེས་མཚོ་རྒྱལ་དཀར་མོ་གཡོན་ནས་འཁྲིལ༔ ཕྱག་གཉིས་གྲི་ཐོད་ཡབ་ཀྱི་མགུལ་ནས་འཁྱུད༔ ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་རོལ༔ གཅེར་བུ་རཏྣ་རུས་པའི་རྒྱན་གྱིས་བརྒྱན༔ རབ་མཛེས་ཡིད་འཕྲོག་ནུ་འབུར་བྷ་ག་རྒྱས༔ ཡབ་ཡུམ་བཅུ་དྲུག་བདེ་སྟོང་གཞོན་ཚུལ་འབར༔ འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ཡངས་ན༔ བླ་མ་ཡི་དམ་མཁའ་འགྲོ་སྤྲིན་ལྟར་འཐིབས༔ གུ་རུའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ རང་རིག་རྣམ་དག་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྤྱོད་རྫོགས་སྐུ་བཞེངས་སྟབས་བཞུགས༔ ཕྱག་གཉིས་མཉམ་བཞག་རཱ་གའི་ཚེ་བུམ་ནང་༔ འཆི་མེད་ཚེ་བཅུད་ཡེ་ཤེས་བདུད་རྩིས་གཏམས༔ དེ་ཡི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཧྲཱིཿ ཡིག་དམར་པོ་འོད་ཟེར་ཀུན་ཏུ་འཕྲོས༔ དེ་ཡི་འོད་ཀྱིིས་ཡེ་ཤེས་སྤྱན་དྲངས་གྱུར༔ ཧྲཱིཿ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་ཆེན་པོ་ཨོ་རྒྱན་ཚེ་དཔག་མེད༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་

p. 630

གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་སྐུར་བྱིན་ཆེན་ཕོབ༔ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་ཡི་དམ་ཚེ་ཡི་ལྷ༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་བསྐུར་བྱིན་ཆེན་ཕོབ༔ མཁའ་སྤྱོད་དག་པའི་ཞིིང་ཁམས་ཆེན་པོ་ནས༔ ཡེ་ཤེས་མཚོ་རྒྱལ་ཚེ་ཡི་ཌཱཀྐི་མ༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་སྐུར་བྱིན་ཆེན་ཕོབ༔ ཕྱོགས་བཅུའི་ཞིང་ཁམས་རྡུལ་གྱི་གྲངས་སྙེད་ནས༔ ཚེ་ལ་དབང་བའི་རིག་འཛིན་མཁའ་འགྲོའི་ཚོགས༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ལུས་ངག་ཡིད་ལ་དབང་སྐུར་བྱིན་ཆེན་ཕོབ༔ ཧྲཱིཿ ཧྲཱིཿཧྲཱིཿགུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་མ་ཡཱ༔ ཧྲཱིཿ རྡོ་རྗེའི་སྲུང་གུར་བརྟན་པའི་ཕོ་བྲང་དབུས༔ ཚེ་བཅུད་རྒྱ་མཚོར་རབ་འཁྱིལ་པད་སྡོང་སྟེང་༔ རང་རིག་སྐུ་གསུམ་ལྷུན་གྲུབ་ཚེ་ཡི་ལྷ༔ ཐབས་ཤེས་མཉམ་ཉིད་ངང་དུ་བཞུགས་སུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿགུ་རུ་དྷེ་ཝ་དྷཱཀྐི་ནི་ཨ་བེ་ཤ་ཡ་ཨ་ཨཱཿཕྱག་འཚལ་བ་ནི༔ ཧཱུྃ༔ སྣང་སྟོང་འགྱུར་བ་མེད་པའི་ལྷ་སྐུ་ལ༔

p. 631

བྱིན་རླབས་དཔལ་དུ་འབར་བའི་ཡེ་ཤེས་རྫོགས༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ༔ རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ ན་མོ་ནཱ་མ་ཧཱུྃ༔ མཆོད་པ་ནི༔ ཧྲཱིཿ ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཱུཙྪ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྩ་བ་མཚུངས་མེད་བླ་མ་དང་༔ དངོས་གྲུབ་འབྱུང་གནས་ཡི་དམ་ཚེ་དཔག་མེད༔ མཐུན་རྐྱེན་སྒྲུབ་མཛད་མ་དང་མཁའ་འགྲོའི་ཚོགས༔ རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ སྤྲོ་ན་མཆོད་བསྟོད་རྒྱས་པར་བྱའོ༔ འཛབ་བསྐུལ་ཕྱིར་གསོལ་བ་འདེབས་པ་ནི༔ ༀ་ཨཱཿཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་ཆོས་སྐུ་ཚེ་དཔག་མེད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ གནས་མཆོག་རི་བོ་ཏ་ལའི་ཕོ་བྲང་ནས༔ སྤྱན་རས་གཟིགས་

p. 632

དབང་ལོངས་སྐུ་ཚེ་དཔག་མེད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕོ་བྲང་ནས༔ པདྨ་འབྱུང་གནས་སྤྲུལ་སྐུ་ཚེ་དཔག་མེད༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ མོན་ཁ་ནཻ་རིང་སེང་གེ་རྫོང་གསུམ་ནས༔ ཡེ་ཤེས་མཚོ་རྒྱལ་ཚེ་ཡུམ་གོས་དཀར་མོ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ བྲག་དམར་གཡའ་མ་ལུང་གི་དབེན་གནས་ནས༔ ཚེ་ཡི་གྲུབ་ཐོབ་སྒྲ་སྒྱུར་བཻ་རོའི་ཞབས༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ འབྱོར་རྒུད་ལས་ཀྱི་ཉེར་ལེན་བག་ཆགས་ཅན༔ ལྷའི་བུའི་བདུད་དཔུང་འཇོམས་པར་བྱིན་གྱིས་རློབས༔ བགྲེས་རྒུད་འབྱུང་བ་ཉམས་པའི་ཉེར་ལེན་ཅན༔ ཕུང་པོའི་བདུད་དཔུང་འཇོམས་པར་བྱིན་གྱིས་རློབས༔ དུག་ལྔ་དུག་གསུམ་ཉོན་

p. 633

མོངས་ཉེར་ལེན་ཅན༔ ཉོན་མོངས་བདུད་དཔུང་འཇོམས་པར་བྱིན་གྱིས་རློབས༔ བླ་ཚེ་སྲོག་ཉམས་འཆི་བའི་ཉེར་ལེན་ཅན༔ འཆི་བདག་བདུད་ཚོགས་འཇོམས་པར་བྱིན་གྱིས་རློབས༔ སྣོད་ཀྱི་རང་བཞིན་ཚེ་བུམ་གཞལ་ཡས་ཁང་༔ བཅུད་ཀྱི་ངོ་བོ་གུ་རུ་ཚེ་དཔག་མེད༔ སྲོག་གི་སྙིང་པོ་མི་འགྱུར་ཡི་གེ་ཧྲཱིཿཕུང་ཁམས་སྣོད་བཅུད་བཀྲག་མདངས་གཟི་བརྗིད་འབར༔ ལྷ་དང་མཁའ་འགྲོ་སྲུང་མ་སྤྲིན་དུ་འཁྲིགས༔ གསང་སྔགས་ཟབ་མོའི་སྒྲ་དབྱངས་དི་རི་རི༔ བསྙེན་པ་ནི༔ ཧྲཱིཿ ཚེ་དཔག་མེད་པའི་ཐུགས་ཀར་ཧྲཱིཿདམར་པོ༔ རིང་ཆ་ཚེག་དྲག་ལྡན་ཞིང་སྣུམ་ལ་མདངས༔ འོད་ཟེར་ཀུན་ཏུ་འཕྲོ་བའི་བདག་ཉིད་ཅན༔ བདེ་གཤེགས་ཀུན་གྱི་བྱིན་རླབས་ངོ་བོར་རྫོགས༔ བཟླས་པ་ནི༔ ཧྲཱིཿ ཧྲཱིཿཧྲཱིཿསྒྲུབ་པ་ནི༔ ཧཱུྃ་ཧཱུྃ༔ བདག་ཉིད་ཧཱུྃ་རིང་བརྗོད་པས་དེ་མ་ཐག༔ ཧྲཱིཿ ཡིག་འོད་ཀྱིས་འཁོར་འདས་ཐམས་ཅད་ཁྱབ༔ རྩ་གསུམ་དཀོན་མཆོག་རྒྱ་མཚོའི་མཐུ་བྱིན་དང་༔ དྲང་སྲོང་རིག་འཛིན་ཚོགས་ཀྱི་ཚེ་དཔལ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་བཀྲག་མདངས་རྣམས༔ ཧྲཱིཿ ཡིག་དང་ནི་

p. 634

འོད་ལྔའི་རྣམ་པར་བསྡུས༔ ཚེ་དཔག་མེད་མགོན་ཕྱག་གི་བུམ་པར་བསྟིམ༔ བདུད་རྩིའི་རྣམ་པར་གྱུར་ཅིང་ཁོལ་བར་གྱུར༔ ཧྲཱིཿ ཧྲཱིཿཧྲཱིཿལས་སྦྱར་ནི༔ ཧྲཱིཿ ཚེ་ཡི་བདུད་རྩི་སོ་སོར་ཁོལ་ཞིང་འཕྱུར༔ རང་དང་བསྲུང་བྱའི་ལུས་ཀྱི་ནང་རྣམས་ཀུན༔ འཆི་མེད་ཡེ་ཤེས་བདུད་རྩིས་མེར་གྱིས་གང་༔ ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི༔ ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་ལྟར་རྒྱས༔ བ་སྤུའི་ཁུང་ཀུན་གསེར་རྡོར་ཕྲ་མོས་གཏམས༔ བར་མཚམས་མེད་པར་འཇའ་འོད་དྲྭ་བས་སྦྲེལ༔ མི་ཤིགས་གཞོམ་མེད་སྲུང་བའི་གུར་བཅས་གསལ༔ ཧྲཱིཿ ཧྲཱིཿཧྲཱིཿདེ་ལྟར་དམིགས་མཚམས་གསུམ་པོ་དེའི་ངང་ནས༔ མི་ཚིག་བར་མ་ཆོད་པར་ནན་གྱིས་བསྙེན༔ དེ་ཚེ་མཆིལ་མ་མི་དོར་ཁོང་དུ་མིད༔ ཅེས་པའི་སྒྲུབ་ཐབས་ལ༔ ཡང་གསང་མཐར་ཐུག་དམ་པ་ཧྲཱིཿགཅིག་པ༔ བསྐྱེད་རིམ་ལྷ་དང་སྤྲོ་བསྡུའི་དམིགས་པ་དང་༔ སྙིང་པོའི་སྔགས་བཟླས་གསུམ་གྱིས་ནན་དུ་བསྒྲུབ༔ ཅེས་གསུངས་པས་ཡང་གསང་ཧྲཱིཿགཅིག་གི་བཟླས་པར་འབད་པའི་ཟབ་ལ་མྱུར་བའི་གནད་དམ་པའོ༔ དེ་ཉིད་ལས༔ ཐུན་མཚམས་རྣམས་སུ་འོད་ཟེར་སྤྲོ་བསྡུ་ཡིས༔ རྒྱལ་བ་དཀོན་མཆོག་རྩ་གསུམ་ཐུགས་རྗེའི་བཅུད༔ སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ཚེ་སྲོག་སྟོབས༔ འབྱུང་བའི་དྭངས་མ་རྩི་སྨན་ནུས་པ་དང་༔ རང་གི་བླ་ཚེ་ཆད་ཉམས་འཐོར་བ་དང་༔ གཞན་གྱི་ལག་ཏུ་སོང་བ་ལ་སོགས་པ༔ འོད་དང་འོད་ཟེར་

p. 635

ཐིབས་ཐིབས་བསྡུས་ནས་ཀྱང་༔ བདག་དང་བསྒྲུབ་བྱ་རྣམས་ལ་ཐིམ་པར་བསམ༔ ཕྱི་ནང་གསང་བའི་འཛབ་བསྙེན་ཅི་ནུས་བཟླ༔ ཞེས་གསུངས་པས༔ ཕྱི་སྒྲུབ་ནི༔ ༀ་ཨ་མཱ་ར་ནི་ཛི་བནྟི་ཡེ་སྭཱ་ཧཱ༔ གནད་ཡིག་ལས༔ སྙིང་པོ་འདི་ལ་འབུམ་ཕྲག་ཐེམ་པར་བྱ༔ ཞེས་གསུངས་སོ༔ ནང་སྒྲུབ་ནི༔ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ གསང་སྒྲུབ་ནི༔ ༀ་ཚེ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ ཞེས་པ་དང་རིལ་བུའི་ཚེ༔ ༀ་ཚེ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ ཨ་ཧྲཱིཿསྥ་ར་ཧྲཱིཿཛཱི་བནྟི་ཡེ་སྭཱ་ཧཱ༔ ཞེས་པ་ཐུན་མཇུག་རྣམས་སུ་སུམ་བརྒྱ་རེ་བཟླ་བར་གསུངས་ཀྱང་༔ མན་ངག་ཟུར་པ་གཅིག་བཞུགས་པ་སྒེར་སྐབས་ཤེས་དགོས་སོ༔ ཡང་གནད་ཡིག་ལས༔ རིལ་བུ་དྲིལ་ཞིང་མཚན་ལྡན་ཐོད་པར་གཞུག༔ དར་དམར་ཁ་བཀབ་ཚེ་ལྷ་པད་འབྱུང་བསྐྱེད༔ འཁོར་འདས་ཚེ་བཅུད་འགུགས་བསྟིམ་ཡང་ཡང་བྱ༔ གུ་རུ་ཡབ་ཡུམ་བྱང་སེམས་ངོ་བོར་བསམ༔ ཞེས་དང་སྒྲུབ་ཐབས་ལས༔ འཁོར་འདས་སྣང་སྲིད་དུས་གསུམ་ཐམས་ཅད་ཀྱི༔ ལུང་རྟོགས་ཡོན་ཏན་ཚེ་དཔལ་བསོད་ནམས་སྟོབས༔ འབྲུ་གསུམ་འོད་མདངས་འབར་བའི་རྣམ་པ་རུ༔ ཚེ་རྫས་དམ་རྫས་རྣམས་ལ་ཡང་ཡང་བསྟིམ༔ གསུངས་པས་དམིགས་གནད་ཟབ་མོ་འདི་ནི་དབང་སྒྲུབ་སྤྱིར་སྒེར་གང་ལའང་རབ་ཏུ་གཅེས་སོ༔ ཐུན་མཚམས་སུ་མཆོད་བསྟོད་བྱ་ཞིང་ཚེ་འགུགས་པ་ནི༔ མདའ་དར་གཡབ་ཅིང་རོལ་མོ་དབྱངས་དང་བཅས༔'ཧྲཱིཿའཆི་བདག་བདུད་ཚོགས་འཇོམས་པའི་དཀྱིལ་འཁོར་འདིར༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་དང་༔ ཚེ་འཛིན་ལྷ་མོ་དབྱིངས་ཕྱུག་མཚོ་རྒྱལ་ཡུམ༔

p. 636

ཟུང་འཇུག་དགའ་བཞི་འབར་བའི་ཡེ་ཤེས་ཀྱི༔ སྣང་སྲིད་ཐམས་ཅད་བདེ་ཆེན་ཞིང་དུ་བརྡལ༔ ཐུགས་ཀྱི་ངོ་བོ་མགོན་པོ་ཚེ་དཔག་མེད༔ སྲོག་གི་དྭངས་མ་ཧྲཱིཿཡིག་གཟི་བྱིན་གྱིས༔ འཁོར་འདས་ལམ་གསུམ་འོད་དང་ཟེར་གྱིས་ཁྱབ༔ སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ཐུགས་རྗེའི་སྟོབས༔ ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་དང་༔ རྩི་སྨན་ནུས་པ་འབྱུང་ལྔའི་དྭངས་མ་དང་༔ ཡར་དང་འཕྲོག་དང་འཁྱམས་པའི་བླ་ཚེ་རྣམས༔ ཡི་གེ་ཨ་ནྲི་ཧཱུྃ་གསུམ་རྣམ་པ་དང་༔ སྣུམ་བཅུད་མདངས་ལྡན་འོད་ཟེར་རང་བཞིན་དུ༔ འདིར་འཚོགས་རྣལ་འབྱོར་མཆེད་ལྕམ་རྣམས་ལ་ཐིམ༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱིཿ གུ་རུ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་དང་༔ རྩ་གསུམ་དཀོན་མཆོག་རྒྱ་མཚོའི་བྱིན་རླབས་སྟོབས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ལོངས་སྐུ་མཚན་དཔེ་འབར་བའི་གཟི་བརྗིད་དང་༔ ཐུགས་སྤྲུལ་ཚེ་ལྷ་མགྱོགས་མའི་སྤྲོ་བསྡུ་ཡིས༔ དྲི་ཟའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གཤིན་རྗེའི་ལག་ནས་ཚེ་དང་

p. 637

གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཀླུ་དབང་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གནོད་སྦྱིན་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དྲང་སྲོང་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྲིན་པོའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རླུང་ལྷའི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ དབང་ལྡན་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ལྷ་ཡི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཀླུ་ཡི་ལག་ནས་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ གླིང་བཞི་མི་ཡི་ཚེ་དང་གཡང་ཁུག་ཅིག༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་

p. 638

པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ འོད་འབར་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཕོ་འགྱུར་བགྲེས་རྒུད་མེད་པའི་དངོས་གྲུབ་སྩོལ༔ ཚེ་རིང་ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ དཔལ་དང་ཡོན་ཏན་འཕེལ་བའི་དངོས་གྲུབ་སྩོལ༔ འགྱུར་མེད་རྡོ་རྗེ་ལྕགས་ཀྱི་སྲོག་ཐོབ་ཤོག༔ བག་དྲོ་བྱིན་ཐིབས་མ་བྱུང་བར་དུ་བསྐྱར༔ ཞེས་དང་༔ སྐབས་སུ་དངོས་གྲུབ་བསྐུལ་བྱུང་རིམ་པ་ནི༔ སྤོས་དང་རོལ་མོ་དབྱངས་དང་བཅས་ནས་ནི༔ དཔོན་སློབ་རྒྱན་སྤྲས་གཟབ་ཅིང་གདུང་ཤུགས་བསྐྱེད༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་གཞལ་ཡས་ནས༔ སྣང་བ་མཐའ་ཡས་ཚེ་བདག་ཆོས་ཀྱི་སྐུ༔ ཐུགས་རྗེའི་རྩལ་སྣང་འཕགས་མཆོག་སྤྱན་རས་གཟིགས༔ རྣམ་སྤྲུལ་འགག་མེད་གུ་རུ་པདྨ་འབྱུང་༔ གསང་བའི་ཡུམ་མཆོག་བདེ་སྐྱེད་མཚོ་རྒྱལ་མ༔ ཚེ་ལ་དབང་བའི་ལྷ་དང་རིག་འཛིན་དང་༔ མཁའ་འགྲོ་དམ་ཅན་སྲུང་མ་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་དམ་དམ་ཚིག་གནད་ནས་བསྐུལ༔ ད་ལྟ་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ ཞལ་བཞེས་ཐུགས་བསྐྱེད་ཡལ་བར་མ་དོར་

p. 639

ཅིག༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ལ༔ ངོ་མཚར་རྟགས་དང་མཚན་མ་མངོན་སུམ་སྟོན༔ སྒྲུབ་པའི་འབྲས་བུ་མཆོག་གི་གོ་འཕང་སྩོལ༔ རྣམ་པར་གཡེང་དང་རྒས་ཤིང་རྒུད་པ་ཡི༔ ལྷའི་བུའི་བདུད་ཚོགས་ཐུགས་རྗེའི་ཐབས་ཀྱིས་ཐུལ༔ ཞེན་ཆགས་ཡོངས་བྲལ་ཚེ་ཡི་དབང་མཆོག་སྐུར༔ ནད་མཚོན་མུ་གེ་ལ་སོགས་མི་མཐུན་ཕྱོགས༔ ཕུང་པོའི་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ བདེ་དགའ་ཕུན་ཚོགས་ཚེ་ཡི་དབང་མཆོག་སྐུར༔ དུག་ལྔ་དུག་གསུམ་རྣམ་རྟོག་བག་ཆགས་བདུད༔ ཉོན་མོངས་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ རང་རིག་ཡེ་ཤེས་ཚེ་ཡི་དབང་མཆོག་སྐུར༔ ཚེ་དང་སྲོག་ལ་བར་དུ་གཅོད་པ་ཡི༔ འཆི་བདག་བདུད་ཚོགས་ཐུགས་རྗེའི་སྟོབས་ཀྱིས་ཐུལ༔ འཆི་མེད་རིག་འཛིན་ཚེ་ཡི་དབང་མཆོག་སྐུར༔ ཚེ་རྫས་བཅུད་ཀྱིས་རྩ་རླུང་སྟོབས་སུ་སྨིན༔ ཀུན་རྫོབ་ཐིག་ལེ་སྙིང་པོ་དོན་དམ་ངང་༔ སྲ་བརྟན་འཕོ་འགྱུར་མེད་པའི་དབང་སྐུར་ཅིག༔ རིག་པའི་ཡེ་ཤེས་སྟོབས་སུ་སྨིན་པ་ཡི༔ རྣམ་འཕྲུལ་འགག་

p. 640

མེད་ཨོ་རྒྱན་ཚེ་དཔག་མེད༔ མཐར་ཐུག་སྙིང་པོ་དོན་དམ་ཆོས་ཀྱི་སྐུ༔ སྐྱེ་འཆི་འཕོ་འགྱུར་མེད་པའི་དབང་མཆོག་སྐུར༔ གཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རློབས༔ མཐའ་བྲལ་ཐིག་ལེའི་ཀློང་དུ་རྒྱ་ཡིས་ཐོབ༔ བྲི་གང་གཞོམ་ཞིག་མེད་པའི་དངོས་གྲུབ་སྩོལ༔ ཅེས་བརྗོད་སྒྲུབ་རྫས་རྣམས་ལས་དབང་བཞི་ལེན༔ ལྷ་སྔགས་བརྟུལ་ཞུགས་དགོངས་པའི་དཔའ་གདེང་བསྐྱེད༔ རྫས་དང་ཡོ་བྱད་དམ་མེད་རྣམས་ལ་གསང་༔ ཚོགས་བྱིན་བརླབ་ནི༔ ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། རཾ་ཡཾ་ཁཾ༔ ཨ་ལས་རང་བྱུང་བྷནྡྷ་ཡངས་པའི་ནང་༔ ཚོགས་རྫས་དངོས་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་བཞུ་བསྐོལ་རོ་གཅིག་གྱུར༔ སྲིད་ཞིའི་དྭངས་བཅུད་འབྲུ་གསུམ་རྣམ་པར་ཐིམ༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ༀ་ཨཱཿཧཱུྃ་ཧོ༔ ལན་གསུམ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སྒྱུ་འཕྲུལ་གར་མཁན་རྩ་གསུམ་ཚེ་ཡི་ལྷ༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཛ༔ ཚོགས་ཕུད་སྤྲོས་ལ༔ ཧཱུྃ༔ འཁོར་འདས་དྭངས་བཅུད་ངོ་བོར་ཡོངས་

p. 641

སྨིན་པའི༔ འདོད་ཡོན་ཅིར་ཡང་འཆར་བའི་དགའ་སྟོན་འདི༔ གུ་རུ་རྩ་གསུམ་ཚེ་ལྷའི་ཚོགས་ལ་འབུལ༔ མཆོད་བཞེས་དམ་སྐོང་དབང་དང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་མ་ཧཱ་གྷ་ན་ཙཀྲ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ བསྐང་བ་ནི༔ ཧཱུྃ༔ དམ་ཚིག་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཉམས་ཆག་སྐོང་ཞིང་དངོས་གྲུབ་སྩོལ་བའི་ཕྱིར༔ རྩ་གསུམ་རྒྱལ་བ་རྒྱ་མཚོ་གཤེགས་སུ་གསོལ༔ བཀའ་བཞིན་སྒྲུབ་དང་མོས་གུས་གཏོང་ཕོད་ཀྱིས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ བསྐྱེད་རྫོགས་འཛབ་ཀྱི་འཕྲོ་འདུའི་སྙིང་པོ་ཡིས༔ ཡི་དམ་ཞི་དང་ཁྲོ་བོའི་ཐུགས་དམ་བསྐང་༔ རྩ་ཐིག་རླུང་གསུམ་བདེ་སྟོང་དབྱེར་མེད་ཀྱིས༔ མ་མོ་མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ རྟེན་རྫས་སྒྲུབ་རྫས་གཏོར་ཚོགས་མཆོད་པ་བཞེས༔ ཡེ་ཤེས་འཇིག་རྟེན་བསྟན་སྲུང་ཐུགས་དམ་བསྐང་༔ ཧཱུྃ༔ གདོད་ནས་མ་སྐྱེས་སྐུ་གསུམ་མཛད་པ་རྫོགས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་ཁྱབ་བརྡལ་བ་ཆེན་པོ་

p. 642

ཡངས་པའི་ཀློང་༔ བུདྡྷ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ མི་འགྱུར་མི་ཤིགས་སྟོང་གསལ་དག་པའི་ངང་༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ འཁོར་འདས་དག་མཉམ་ཡེ་ཤེས་ཆེན་པོར་གཅིག༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ སྐྱོན་བྲལ་མ་འདྲེས་རང་རིག་ངོ་བོར་རྟོགས༔ པདྨ་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དོན་གཉིས་མཐར་ཕྱིན་འགག་མེད་ཐུགས་རྗེ་འཆར༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་༔ དག་པའི་གདངས་རྩལ་སྣ་ཚོགས་ཕྲིན་ལས་བདག༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བསྟན་པ་སྲུང་བའི་ཆོ་འཕྲུལ་ཅིར་ཡང་བསྒྱུར༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ འདོད་ཡོན་རྣམ་མང་ཀུན་བཟང་མཆོད་སྤྲིན་གཏིབས༔ སྨན་རཀ་གཏོར་ཚོགས་དམ་རྫས་འབྱམས་སུ་ཀླས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་དཔག་བསམ་དང་༔ ལྟ་སྤྱོད་ཏིང་འཛིན་དམ་ཚིག་དག་པ་དང་༔ རྩེ་གཅིག་ཟོལ་མེད་གདུང་ཤུགས་དྲག་

p. 643

པོ་ཡིས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐངས་གྱུར་ཅིག༔ བྱིིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད༔ བདག་སོགས་ཐོག་མེད་མ་རིག་དབང་གྱུར་པའི༔ ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པས་བཅིངས༔ མདོ་སྔགས་ཐེག་པ་རིམ་དགུའི་ལུང་དང་འགལ༔ སོ་ཐར་བྱང་སེམས་སྔགས་ཀྱི་དམ་ཚིག་ཉམས༔ མི་གསང་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ སྐྱབས་མཆོག་རྩ་གསུམ་སྤྱན་སྔར་མཐོལ་ལོ་བཤགས༔ ཚངས་པ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སེམས་ཉིད་རྒྱལ་པོ་ཡེ་ནས་ཀུན་ཏུ་བཟང་༔ སེམས་སྣང་འཁྲུལ་འཛིན་དྲི་མའི་གཡའ་དང་བྲལ༔ བཤགས་བྱ་བཤགས་བྱེད་དམིགས་ཡུལ་མཚན་མ་དག༔ སྤྲོས་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་རོལ༔ ཡིག་བརྒྱ་དང་བཤགས་ཚིག་མང་དུ་བརྗོད་དོ༔ ཚོགས་བཤགས་འབུལ་བ་ནི༔ ཧཱུྃ༔ སྟོང་ཆེན་རིག་པ་ཡེ་ནས་སྐྱོན་བྲལ་ཡང་༔ གློ་བུར་ལྟར་སྣང་དྲི་མས་སྦགས་པས་བསྒྲིབས༔ བླ་མེད་ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ བློ་འདས་ཀློང་ཡངས་ངང་དུ་དག་གྱུར་

p. 644

ཅིག༔ ཚོགས་ཐ་མ་བསྒྲལ་བ་ནི༔ ཨེ༔ དུག་གསུམ་ནད་མཚོན་འཁྲུགས་པའི་ཧོམ་ཁུང་དུ༔ མ་རིག་དུག་ལྔ་ཞིང་བཅུའི་ལུས་སྲོག་ལ༔ སྐུ་གསུམ་དབྱིངས་ཁྲོས་བཛྲ་ཀཱི་ལ་ཡས༔ བཏབ་བོ་གཟུང་འཛིན་སྲོག་རྩ་རྩད་ནས་ཆོད༔ ༀ་བཛྲ་གུ་རུ་པདྨ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི༔ ཧཱུྃ༔ དུག་ལྔ་དུག་གསུམ་བསྒྲལ་བའི་ཚོགས་ཆེན་པོ༔ ཤ་ཁྲག་དོན་སྙིང་རུས་པའི་ལྷུན་པོར་སྤུངས༔ གཏུམ་དྲག་པདྨ་ཚེ་ལྷའི་ཞལ་དུ་བསྟབ༔ བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་མ་སྲིང་ཚོགས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་ཕམ་ཕབ་ལོངས༔ དངོས་འཛིན་མཚན་མའི་བར་ཆད་ཞི་བ་དང་༔ ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་མཛོད༔ བསྐུལ་བ་ནི༔ ཧཱུྃ༔ དོན་དམ་སྟོད་མཛད་རྩ་བརྒྱུད་བླ་མ་དང་༔ ཡེ་ཤེས་རོལ་པའི་རྩལ་སྣང་ཡི་དམ་ལྷ༔ སྤྲུལ་དང་ཡང་སྤྲུལ་མཁའ་འགྲོ་དམ་ཅན་བཅས༔ དབྱིངས་ནས་སྐུ་བསྐྱོད་བདག་གི་གྲོགས་ལ་བྱོན༔ ཐུགས་དམ་ཐུགས་རྗེས་རྣམ་བཞིའི་ཕྲིན་ལས་སྒྲུབས༔ ཁམས་གསུམ་སྲིད་

p. 645

གསུམ་འཁོར་འདས་དབང་དུ་སྡུས༔ སྟོབས་རྩལ་བྱིན་རླབས་ནུས་པས་མཐུ་དཔུང་སྐྱེད༔ ནག་ཕྱོགས་བདུད་སྡེ་དཔུང་བཅས་ཕམ་པར་མཛོད༔ ཆད་ཐོ་ནི༔ ཧཱུྃ༔ སྐུ་གསུམ་ཚེ་ལྷ་པད་འབྱུང་ཡབ་ཡུམ་གྱིས༔ གང་འདུལ་དེར་མཐུན་རོལ་གར་བསྟན་པའི་ཚེ༔ དུས་གསུམ་དྲེགས་པ་རྒྱུད་གསུམ་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ བསྟན་མ་ནི༔ ཧཱུྃ༔ པདྨའི་བཀའ་སྡོད་རྡོ་རྗེའི་དམ་ཅན་མ༔ བསྟན་མ་བཅུ་གཉིས་འཁོར་བཅས་ས་མཱ་ཛ༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད༔ བྲོ་བརྡུང་བ་ནི༔ ཧཱུྃ༔ གསང་གསུམ་མི་བཟད་དཔལ་དུ་འབར་བའི་གདེང་༔ དངོས་སྣང་ཁྲག་འཐུང་གར་གྱི་རྔམ་བྲོ་འཁྲབ༔ དགྲ་བགེགས་གཞོབ་ཀྱིས་རྡུལ་བཞིན་ཐལ་བར་རློགས༔ རི་རབ་ལྗིད་མནན་རྡོ་རྗེའི་རྒྱ་ཡིས་བཅིངས༔ ༀ་ལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སརྦ་སྟྭཾ་བྷ་ཡ་ནན་ནན༔ གཤེགས་གསོལ་ནི༔

p. 646

ཧཱུྃ༔ སེམས་ཉིད་བདེ་ཆེན་བདེ་གཤེགས་སྙིང་པོ་ལ༔ སྤྱན་འདྲེན་གཤེགས་བཞུགས་འཛིན་བཅས་མི་དམིགས་ཀྱང་༔ ཀུན་རྫོབ་མོས་བློས་བཏགས་པའི་ཡེ་ཤེས་པ༔ རང་བཞིན་ཆོས་དབྱིངས་ཀློང་དུ་བཛྲ་མུ༔ བསྡུ་རིམ་ནི༔ ཧཱུྃ༔ མཚན་བཅས་དོན་ལ་རྫུན་ལས་བདེན་བྲལ་ཡང་༔ ཐ་མལ་སྣང་ཞེན་འགོག་བྱེད་ལྷ་སྔགས་ལམ༔ མཐའ་ནས་རིམ་བསྡུས་རང་ཡལ་ནམ་མཁའི་ངང་༔ བརྗོད་མེད་གསལ་སྟོང་ཟུང་འཇུག་སྦུབས་སུ་ཐིམ༔ རྒྱུན་སྤྱོད་ནི༔ ཧཱུྃ༔ དེང་ནས་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་མཚོན་པའི་ཕྱིར༔ གསལ་བཏབ་ཙམ་གྱིས་ཐོགས་མེད་སྣང་གྲགས་ཀུན༔ ལྷ་སྔགས་ཏིང་འཛིན་མཆོད་བསྟོད་རྒྱན་དུ་ཤར༔ བསྔོ་བ་ནི༔ ཧཱུྃ༔ བདག་གཞན་དུས་གསུམ་བསགས་པའི་ཚོགས་གཉིས་སྟོབས༔ གཅིག་བསྡུས་འཁོར་གསུམ་ཡོངས་སུ་དག་པའི་ངང་༔ གློ་བུར་ཁམས་གསུམ་འཆིང་བས་བཅིངས་པ་ཡི༔ འགྲོ་ཀུན་སྐུ་གསུམ་ངོ་བོར་རྫོགས་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧཱུྃ༔ ཟབ་གསང་འོད་གསལ་ཨ་ཏིའི་ཕྲིན་ལས་འཕེལ༔ དཔོན་སློབ་མཆེད་ལྕམ་སྐུ་ཚེ་རྡོ་རྗེ་བརྟན༔

p. 647

ཁམས་གསུམ་འོད་སྐུ་འཕོ་བ་ཆེན་པོར་ཞིག༔ ཐམས་ཅད་གདོད་མའི་གཏན་སྲིད་ཟིན་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཀ་དག་དགོངས་པའི་ཀློང་༔ ཡི་དམ་ལྷ་ཚོགས་ལྷུན་གྲུབ་ཚོམ་བུར་གསལ༔ མཁའ་འགྲོ་དམ་ཅན་འགག་མེད་ཐུགས་རྗེའི་རྩལ༔ སྐུ་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་རྒྱས་པར་བྱའོ༔ རྗེས་ཀྱི་རིམ་པ་རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་དཀྱིལ་འཁོར་བྱང་ཤར་ནས་བསྡུས་ཏེ་བཀུར་སྟི་བཅས་ཆུ་ཀླུང་ཆེན་པོར་དོར་བར་བྱ༔ རས་བྲིས་ཡིན་ན་བརྟན་བཞུགས་བྱ་ཞིང་གསང་སྔགས་ཀྱིས་རྗེས་མི་མངོན་པར་བྱའོ༔ སྨྲས་པ་རྙེད་དཀའི་དལ་འབྱོར་ཞུན་མེ་རབ་གསལ་བར༔ དུས་མིན་འཆི་བའི་རླུང་དམར་ཆེར་འཚུབས་ལས༔ སྐྱོབ་པའི་སྲུང་གུར་ཨོ་རྒྱན་ཚེ་ལྷ་ཡི༔ སྒྲུབ་ཐབས་ཆེས་ཟབ་མཐར་ཐུག་འདི་རྨད་བྱུང་༔ དེ་ཕྱིར་ལག་ལེན་འཇུག་བདེའི་ལམ་ཡངས་པོར༔ བགྱིས་པའི་དགེ་དེས་མར་གྱུར་འགྲོ་བ་ཡི༔ དོན་གཉིས་འཕྲལ་རྐྱེན་བར་ཆད་རབ་བསལ་ནས༔ སྐུ་བཞིའི་དབང་ཕྱུག་ཨོ་རྒྱན་རྡོ་རྗེ་འཆང་༔ གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་རུ་བསྔོ༔ ཞེས་པ་འདི་ཡང་རིག་འཛིན་ཡོངས་ཀྱི་གཙུག་རྒྱན་མཆོག་གིས་འདི་ལྟར་བཀླག་བདེར་བཀོད་པར་གྱིས་ཞེས་བཀའ་གསུང་གསེར་གྱི་ཅོད་པན་སྤྱི་བོར་ཕེབས་པར་བརྟེན་ནས་སློབ་འབངས་གྱི་ཐ་ཤལ་བ་ཐུགས་མཆོག་རྡོ་རྗེ་རྩལ་གྱིས་བཀོད་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག༔ དགེའོ༔

རྩ་གསུམ་ཚེ་ལྷའི་མཆོད་པ་རྒྱས་སྤྲོས།

p. 648
p. 649

࿅༔ རྩ་གསུམ་ཚེ་ལྷའི་མཆོད་པ་རྒྱས་སྤྲོས་ནི༔ ཧཱུྃ༔ ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆུ༔ བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས༔ རྒྱལ་བའི་མདུན་དུ་མཆོད་ཡོན་འདི་ཕུལ་བས༔ འགྲོ་ཀུན་ཞི་བདེ་ཕུན་སུམ་ཚོགས་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྤོས་དང་ཙན་དན་ལ་སོགས་སྦྱར་བ་ཡི༔ ལུས་ཀུན་ཚིམ་བྱེད་ཆུ་གཙང་དམ་པ་འདི༔ རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས༔ འགྲོ་ཀུན་གློ་བུར་དྲི་མ་དག་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་བ་ཡི༔ བྱང་ཆུབ་ཡན་ལག་མེ་ཏོག་མཛེས་པ་འདི༔ བསམ་གཏན་རང་བཞིན་རྒྱལ་བའི་དབུ་ལ་འབུལ༔ འགྲོ་ཀུན་མཚན་དང་དཔེ་བྱད་ཡོངས་རྫོགས་ཤོག༔ ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ལྷན་ཅིག་སྐྱེས་དང་སྦྱར་དང་ཡོངས་གྱུར་པའི༔ རབ་ཏུ་ཚིམ་བྱེད་རྒྱལ་བའི་བདུག་སྤོས་འདི༔ ཤེས་རབ་རང་བཞིན་རྒྱལ་བའི་ཤངས་ལ་འབུལ༔ འགྲོ་ཀུན་ཚུལ་

p. 650

ཁྲིམས་རྣམ་པར་དག་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཙན་དན་ག་བུར་ཨ་གར་ལ་སོགས་པ༔ དྲི་ལྔ་རྣམ་དག་དྲི་ཞིམ་ཤུག་པ་འདི༔ ཐབས་ཀྱི་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ༔ འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག༔ ༀ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཁ་དོག་དྲི་དང་རོ་བཅུད་ལྡན་པའི་ཟས༔ རོ་བརྒྱ་ལྡན་པའི་ཟས་སུ་བྱིན་བརླབས་ཏེ༔ སྟོབས་ཀྱི་རང་བཞིན་རྒྱལ་བའི་ཞལ་དུ་འབུལ༔ འགྲོ་ཀུན་སྲེད་མེད་བུ་ཡི་མཐུ་ཐོབ་ཤོག༔ ༀ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་ཏྱེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དམར་གསལ་དག་ལ་གཙང་ཞིང་མཛེས་པ་ཡི༔ མི་ཤེས་གསལ་བྱེད་ཡེ་ཤེས་སྒྲོན་མེ་འདི༔ སྨོན་ལམ་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ༔ འགྲོ་ཀུན་སྤྱན་ལྔ་ཡོངས་སུ་དག་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ པི་ཝང་གླིང་བུ་ཅང་ཏེའུ་ཀར་ཀོ་ཏ༔ དྲིལ་བུ་སིལ་སྙན་རོལ་མོ་ཆ་ལང་རྣམས༔ གླུ་གར་དབྱངས་ཀྱི་མཆོད་པ་ཇི་སྙེད་པ༔

p. 651

ཚངས་པའི་དབྱངས་བཞིན་རྒྱལ་བའི་སྙན་ལ་འབུལ༔ འགྲོ་ཀུན་ཟག་མེད་ཡེ་ཤེས་ཐོབ་གྱུར་ཅིག༔ ༀ་སརྦ་ཏ་ཐཱ་ག་ཏ་ཤབྟ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ འདོད་ཡོན་ལྔ་ནི༔ ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན༔ ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ༔ མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ ༀ་རཱུ་པ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུྃ༔ ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི༔ ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན༔ མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ ཤབྟ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུྃ༔ ཕྱོགས་དུས་ཀུན་ནས་ཙནྡན་སྦྲུལ་སྙིང་དང་༔ ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི༔ མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ གྷནྡྷེ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུྃ༔ ཕྱོགས་དུས་ཀུན་ནས་བཅུད་དང་རོ་ལྡན་པའི༔ ལུས་སེམས་རྟས་བྱེད་རོ་མཆོག་ཐམས་ཅད་ཀྱང་༔

p. 652

མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ ར་སཱ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུྃ༔ ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ༔ མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན༔ བཞེས་ཤིང་བླ་མེད་དངོས་གྲུབ་བསྩལ་དུ་གསོལ༔ སྤེེ་ཀ་མ་གུ་ཎ་པཱུ་ཛི་ཏེ་ཨ་ཧཱུྃ༔ སྨན་མཆོད་ནི༔ ཧྲཱིཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ དུག་ལྔ་རྣམ་པར་དག་པའི་རྫས༔ རོ་མཆོག་བརྒྱད་ལྡན་བདུད་རྩི་འདི༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧྲཱིཿ ཉོན་མོངས་གཟུང་འཛིན་བསྒྲལ་བའི་ཁྲག༔ འདོད་ཆགས་རྣམ་པར་དག་པའི་རྫས༔ རྒྱུད་དྲུག་འཁོར་བ་བསྒྲལ་ཕྱིར་འབུལ༔ བཞེས་ནས་ཚེ་དབང་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མཆོད་ནི༔ ཧྲཱིཿ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ༔ བཅུད་ཀྱི་སྐྱེ་འགྲོ་གཏོར་མར་སྦྱངས༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ བསྟོད་པ་རྒྱས་སྤྲོས་ནི༔ ཧྲཱིཿ

p. 653

ཀློང་ཡངས་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚོགས༔ རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་སྟོན༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་མཚན་དཔེ་རྫོགས༔ ཐུགས་རྗེའི་ཆགས་པའི་ཡོན་ཏན་དུ་མས་བརྒྱན༔ འཇིག་རྟེན་དབང་བསྒྱུར་དཀྱིལ་འཁོར་འཁོར་ལོའི་མགོན༔ འོད་དཔག་མེད་མགོན་སྐུ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྐུ་ལ་འཁྲིལ་བའི་མཁའ་འགྲོ་མ༔ དཀར་དམར་མདངས་ལྡན་གཞོན་ཚུལ་བཅུ་དྲུག་ཚུལ༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ཡེ་ཤེས་འབར༔ ཛྙཱ་ན་ཌཱཀྐིའི་སྐུ་ལ་ཕྱག་འཚལ་བསྟོད༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་བཅས༔ སྐུ་དང་ཕྱག་མཚན་མ་འདྲེས་ཡོངས་སུ་རྫོགས༔ གང་འདུལ་ཐབས་ཀྱི་མཛད་པ་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་རྩ་གསུམ་ཚེ་ལྷ་རང་གཞན་གྱི༔ དོན་དུ་བསྒྲུབས་ཚེ་དངོས་མཉམ་རྨི་ལམ་གྱི༔ རྟགས་མཚན་མང་ཐོན་རང་གཞན་ཀུན་གྱིས་མཐོང་༔ དེ་དག་ལས་ཀྱང་ཁྱད་པར་འཕགས་པ་ཡི༔ རྟགས་མཚན་རང་ཚོད་མ་ལྟོས་ཅན་ཡང་བྱུང་༔ དེ་ཡི་རྟེན་འབྲེལ་དབང་བརྟེན་རྒྱས་སྤྲོས་ཀྱི༔ མཆོད་

p. 654

བསྟོད་བཀའ་བརྒྱད་ཞི་བ་ལ་སོགས་པའི༔ གཏེར་ཁ་གསར་རྙིང་རིགས་མཐུན་དུ་མ་ནས༔ བླངས་ཏེ་བཀོད་པས་ཐུགས་མཆོག་རྡོ་རྗེ་འཆང་༔ དགེ་དེས་དཔལ་ལྡན་བླ་མའི་ཞབས་པད་བརྟན༔ བསྟན་པའི་སྦྱིན་བདག་སྐུ་ཚེ་ཆུས་སྲིད་བརྟན༔ འབྲེལ་ཐོགས་སེམས་ཅན་གནས་སྐབས་དུས་མིན་གྱི༔ ཉེར་འཚེ་དང་བྲལ་བསོད་ནམས་ཚོགས་ཆེན་རྫོགས༔ མཐར་ཐུག་རང་རིག་ལས་གཞན་མི་འཚོལ་བའི༔ སྐུ་བཞིའི་ཡེ་ཤེས་ཨོ་རྒྱན་རྡོ་རྗེ་འཆང་༔ གོ་འཕང་བདེ་བླག་ཉིད་དུ་རྙེད་གྱུར་ཅིག༔ དགེའོ༔

རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་ལས་མཐའ་འཆི་བ་བླུ་བའི་མན་ངག

p. 655

࿅༔ རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་ལས་མཐའ་འཆི་བ་བླུ་བའི་མན་ངག་བཞུགས་སོ༔ པད་འབྱུང་འཆི་མེད་རྡོ་རྗེའི་སྐུ་ལ་འདུད༔ ལྷ་ལས་ལྷག་པའི་དལ་འབྱོར་རྟེན་བཟང་ལུས༔ ཡུན་རིང་གནས་ཤིང་མཐོ་རིས་བདེ་སྤྱོད་ཕྱིར༔ འཆི་བ་བླུ་བའི་མན་ངག་རིམ་པ་ནི༔ བྱ་སླ་ཆོད་ཆེ་ཟབ་པའི་ལས་ཚོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནད་པའི་ལུས་དྲིས་སྦགས་པའི་ཟན་དག་ལ༔ ཆངས་བུ་བརྒྱ་དང་རྩ་བརྒྱད་བྱ་བའོ༔ ཡང་ན་ལོ་གྲངས་ཉེར་གཅིག་ལ་སོགས་པའི༔ ཚབས་ཀྱི་ཆེ་ཆུང་བསྟུན་ཅིང་གཞན་ཡང་ནི༔ ཟས་ཕུད་སྣ་ཚོགས་འབྲུ་སྣ་མང་པོ་བསགས༔ རྩྭ་འམ་སོག་མར་ནད་པའི་གཟུགས་བསྡོམས་པ༔ མདའ་གང་ཁྲུ་གང་མཐོ་གང་སྐབས་དང་བསྟུན༔ ཤོག་བུར་བྱད་དང་ཁ་མིག་དངོས་འདྲ་བཏོད༔ གདོང་ལ་གཡོགས་ཤིང་ལུས་ལ་གོས་ཀྱིས་བཀླུབས༔ ཁོག་པར་མི་རུས་རྟ་རུས་གཞུག་པར་བྱ༔ སྙིང་གར་ནད་པའི་མིང་རུས་བྲིས་ལ་གདགས༔ སྔགས་ལས་ཡི་དམ་གཞུང་བསྲང་ང་རྒྱལ་བརྟན༔ མདུན་གྱི་གླུད་དང་ཆངས་བུ་ཡས་རྣམས་ལ༔ བསང་ཆུ་འཐོར་ཞིང་འདི་ལྟར་བྱིན་གྱིས་བརླབ༔ ༀ་ཨཱཿཧཱུྃ༔ གླུད་དང་ཆངས་བུ་ཡས་ལ་སོགས༔ སོ་སོའི་མཚན་ཉིད་ཡོན་ཏན་ཚང་༔ མང་ཞིང་རྒྱ་ཆེ་བསམ་མི་ཁྱབ༔ མགྲོན་རྣམས་ཚིམ་བྱེད་ནུས་ལྡན་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས༔ དེ་ནས་མགྲོན་རྣམས་འགུགས་པ་འདི་སྐད་དོ༔ ན་མོ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཞི་བ་ཆགས་བྲལ་དམ་ཆོས་བདེན་པའི་མཆོག༔ ཚོགས་ཀྱི་

p. 656

མཆོག་གྱུར་དགེ་འདུན་བདེན་པའི་མཆོག༔ དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད༔ འབྱུང་བ་རླུང་ལ་མི་བརྟེན་གང་ཡང་མེད༔ རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད༔ མནའ་དང་ཁྲིམས་ལ་མི་གནས་གང་ཡང་མེད༔ འཚོ་བའི་ཟས་ལ་མི་འདུ་གང་ཡང་མེད༔ གླུད་དང་ཡས་ཀྱིས་མི་སྒྱུར་གང་ཡང་མེད༔ རིན་དང་ཟོང་གིས་མི་བླུ་གང་ཡང་མེད༔ བདེན་པའི་སྟོབས་ཀྱིས་མི་འགུགས་གང་ཡང་མེད༔ གདོན་བགེགས་ལོག་འདྲེན་འཆི་བདག་བདུད་ཚོགས་རྣམས༔ རྒྱུ་སྦྱོར་ཡོན་བདག་འཆི་བ་བླུ་བའི་ཕྱིར༔ གླུད་དང་གཏོར་མའི་མགྲོན་དུ་འདིར་ཁུག་ཛ༔ ཞེས་ལན་མང་དུ་བརྗོད༔ ཆངས་བུ་འབྲུ་ཟས་ཚང་བར་རེ་རེ་བཞིན༔ ནད་པར་བསྐོར་ཞིང་གླུད་ཀྱི་ནང་དུ་གཤེགས༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་འདིའི༔ མེས་དང་ཡང་མེས་ཕ་ཁུ་དང་༔ སྤུན་ཟླ་མིང་སྲིང་ཚང་རོགས་སོགས༔ གང་ཞིག་སྔོན་ཆད་ཤི་བ་རྣམས༔ གསོད་པའི་འདྲེ་དང་གཤིན་རྗེའི་ཚོགས༔ ཐམས་ཅད་ཀུན་ལ་མཆོད་ཅིང་འབུལ༔ ལེ་གུ་བསྲུང་བྱ་འདི་ཉིད་ལ༔ ཉི་མ་

p. 657

དེ་རིང་ཕྱིན་ཆད་ནས༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོགས༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཤ་འཁོན་སྒྲིབ་པ་དག་གྱུར་ཅིག༔ སྔོན་གྱི་ལས་ངན་ཞི་གྱུར་ཅིག༔ འཕྲལ་རྐྱེན་གློ་བུར་བཟློག་གྱུར་ཅིག༔ ཅེས་ཁ་འབར་མའི་སྔགས་རྒྱ་བཅས་གྲངས་ལྡན་འབུལ༔ དེ་བཞིན་གླུད་བསྔོ་བ་ནི༔ ཀྱཻ༔ སྔོན་ཚེ་སུ་དང་སུ་ཡི་གླུད༔ ལྷ་ཡི་དབང་པོ་བརྒྱ་བྱིན་གླུད༔ བར་དུ་སུ་དང་སུ་ཡི་གླུད༔ བཙད་པོ་ཁྲི་སྲོང་ལྡེའུ་བཙན་གླུད༔ དེ་རིང་སུ་དང་སུ་ཡི་གླུད༔ ཡོན་གྱི་བདག་པོ་འདི་ཡི་གླུད༔ སྐུ་གླུད་ངར་མི་རྒྱན་ལྡན་འདི༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་༔ གཡོ་འགུལ་འགྲོས་ལྡེམ་འདུ་རུ་རུ༔ ངག་སྨྲས་ཚིག་བརྗོད་ཐོ་ལོ་ལོ༔ སེམས་གསལ་དྲན་རྟོག་ཧྲིགས་སེ་ཧྲིག༔ མི་བས་དེ་ནི་གླུད་བཟང་འདི༔ བྱ་ལས་དེ་ནི་སྤུ་མཚར་རོ༔ རྒྱུ་སྦྱོར་ཡོན་བདག་ཆྒཻ་ལ༔ གནོད་བྱེད་གདོན་བགེགས་ཐམས་ཅད་དང་༔ རྒྱུ་སྦྱོར་ཕ་ཁུ་ཚང་ཟླ་དང་༔ ཕུ་ནུ་ཟླ་གྲོགས་ལ་སོགས་པའི༔ སྔོན་ཆད་ཤི་བ་ཐམས་ཅད་ཀྱི༔ ཟ་འདྲེ་དང་ནི་གཤིན་འདྲེ་

p. 658

དང་༔ འཆི་བདག་གཤིན་རྗེ་ནག་པོ་དང་༔ འཆི་བདག་གི་ནི་བདུད་བཅས་ལ༔ གླུད་འདི་འབུལ་ལོ་ད་བཞེས་ཤིག༔ ཁྱེར་ཅིག་ཁྱེར་ཅིག་ད་ལོངས་ཤིག༔ ཀེག་དང་སྲི་ངན་ཀུན་བསྒྱུར་རོ༔ ནད་དེ་ཉེ་བར་ཕྱུང་ནས་སུ༔ གདོན་རྣམས་རང་རང་གནས་སུ་དེངས༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ དེ་བཞིན་གཤེགས་པའི་བཀའ་མ་བཅག༔ རྡོ་རྗེ་ཅན་གྱི་དམ་མ་འདྲལ༔ ཉི་མ་དེ་རིང་ཕྱིན་ཆད་ནས༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ གནས་འདིར་མ་འདུག་འགྲོ་བར་གྱིས༔ གླུད་དང་གཏོར་མ་བྱིན་ནས་ནི༔ བསྒོས་པ་བཞིན་དུ་མི་བྱེད་ན༔ ཤིན་ཏུ་སྟོབས་ཆེན་གཟི་བརྗིད་ཆེ༔ དུས་གསུམ་སངས་རྒྱས་ཁྲོས་པའི་ཐུགས༔ ལག་ན་རྡོ་རྗེ་འབར་བ་ཡིས༔ ཁྱོད་ཀྱི་ལུས་ངག་ཡིད་དང་བཅས༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ནི༔ རྡོ་རྗེའི་དམྱལ་བར་ཤི་ཏ་རེ༔ དེ་བས་མྱུར་དུ་ཕྱིར་དེངས་ཤིག༔ ཅེས་བརྗོད་དྲག་སྔགས་རོལ་མོ་ཚམ་རྔམ་བཅས༔ གུ་གུལ་ཡུངས་ཀར་ཐུན་གྱིས་བྲབ༔ དམིགས་བྱའི་ཕ་མེས་དུར་གྱི་འདབས་སུ་བསྐྱལ༔ ཡང་ན་གྲུར་ཞུགས་ཆུ་བོའི་གཞུང་ལ་བསྐྱོན༔ ནད་པ་སྲོག་བསྐྱེད་དཔལ་བསྐྱེད་གང་རུང་ནི༔ ཕྱོགས་སུ་འབྱོལ་ལམ་

p. 659

ཡང་ན་དེ་ཕྱོགས་སྔས༔ ཡང་ན་དེ་ཕྱོགས་སྔས༔ ཚེ་འགུགས་བཀྲ་ཤིས་བརྗོད་ཅིང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འཆི་བ་བླུ་བའི་ཆོ་ག་འདི༔ ཅིས་ཀྱང་མ་ཕན་ཚབས་ཆེན་ནད་པ་ལ༔ བྱས་ཀྱང་རབ་ཀྱི་ལོ་དགུ་འབྲིང་ལོ་གསུམ༔ ཐ་ནའང་ལོ་གཅིག་རང་སྐག་བཟློག༔ ཐེ་ཚོམ་མེད་དོ་འདི་ཉིད་ཤིན་ཏུ་གཉན༔ དེ་ཡི་ཕྱིར་ན་རབ་ཏུ་བཅོས་ཤེས་གྱིས༔ ལན་གྲངས་མང་དུ་བསྐྱར་ན་ཤིན་ཏུ་ཟབ༔ འགྲོ་རྣམས་འཆི་བདག་གཡུལ་ལས་རྒྱལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔

ཚེ་སྒྲུབ་ཐུགས་དམ་ཟབ་མོ་གསང་བ་ཧྲཱིཿགཅིག་མའི་ཕྲིན་ལས་ཚེ་བཅུད་རྡོ་རྗེའི་སྲོག་སྒྲུབ།

p. 660
p. 661

࿅༔ ཚེ་སྒྲུབ་ཐུགས་དམ་ཟབ་མོ་གསང་བ་ཧྲཱིཿགཅིག་མའི་ཕྲིན་ལས་ཚེ་བཅུད་རྡོ་རྗེའི་སྲོག་སྒྲུབ་བཞུགས་སོ༔

p. 662

ཚེ་དབང་རིག་འཛིན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ༔ དེ་ཉིད་བླ་མ་ཚེ་ལྷ་སྒྲུབ་པ་ཡི༔ གནས་ནི་བཀྲ་ཤིས་དབེན་པའི་ས་ཕྱོགས་སུ༔ སྐུ་གསུང་ཐུགས་རྟེན་མཆོད་པའི་བྱེ་བྲག་བཤམས༔ གཙོ་བོ་འདི་ནི་སྤྲོས་མེད་སྒྲུབ་པ་འོ༔ འོན་ཀྱང་མཆོད་ཚོགས་རྒྱ་ཆེར་བཀོད་ན་ཡང་༔ ཚེ་དབང་བསོད་ནམས་རྒྱས་པའི་རྟེན་འབྲེལ་བཟང་༔ ཐོག་མར་སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས༔ ཞེས་གསུངས་པའི་ལྷན་ཐབས་ལ༔ སྐྱབས་འགྲོ་ནི༔ ཧྲཱིཿ ལྔ་ལྡན་འོད་སྐུར་ཡོངས་བཞེངས་ཚེ་ཡི་ལྷ༔ ཀུན་གྱི་ངོ་བོ་ཨོ་རྒྱན་རྡོ་རྗེ་འཆང་༔ མི་ཕྱེད་དད་པས་སྙིང་ནས་སྐྱབས་སུ་མཆི༔ བདུད་དང་བར་ཆད་འཇིགས་ལས་བསྐྱབ་ཏུ་གསོལ༔ ལན་གསུམ༔ སེམས་བསྐྱེད་ནི༔ ཧྲཱིཿ རང་རིག་ངོ་བོ་འགྱུར་མེད་ཚེ་དཔག་

p. 663

མེད༔ དེ་ལྟར་མ་རྟོགས་མ་རིག་འཁྲུལ་བའི་འགྲོ༔ སྐྱེ་འཆི་མེད་པའི་སངས་རྒྱས་འཐོབ་བྱའི་ཕྱིར༔ ཚེ་དབང་རིག་འཛིན་རིམ་གཉིས་བསྒོམ་པར་བགྱི༔ ལན་གསུམ༔ འདི་གཞུང་དུ་ཐོར་བུར་ཡོད་པ་ཉིད་བྲིས་པའོ༔ སྤྲོ་ན་རྒྱུན་བཤགས་ནི༔ རྡོ་རྗེ་སློབ་དཔོན་སོགས་ཀྱིས་བྱའོ༔ གཞན་ཡང་སྔོན་བགེགས་བསྐྲད་སྲུང་འཁོར་བྱིན་འབེབས་མཆོད་པ་བྱིན་བརླབ་རྣམས་སྤྱི་ལྟར་བྱའོ༔ ཧྲཱིཿ སྣང་བ་འདི་ནི་ཨ་འཐས་མ་ཡིན་པར༔ བདེ་ཆེན་ཞིང་ཁམས་ཚེ་ཡི་གཞལ་ཡས་མཆོག༔ རང་ལུས་འདི་ནི་གདོས་བཅས་མ་ཡིན་པར༔ སྣང་སྟོང་འཇའ་འོད་བཅུ་དྲུག་གཞོན་ནུའི་སྐུ༔ མཚན་དཔེ་ཡོངས་རྫོགས་

p. 664

རྒྱས་སྲས་པདྨ་འབྱུང་༔ ཁྲོ་འཛུམ་ཆགས་ཉམས་དམར་གསལ་གཟི་བརྗིད་འབར༔ ཕྱག་གཉིས་མཉམ་བཞག་བྷནྡྷ་བདུད་རྩིས་བཀང་༔ དབུ་སྐྲ་ཐོར་ཚུགས་རིན་ཆེན་པྲོག་ཞུས་མཛེས༔ མ་ཆགས་སྐྱོན་བྲལ་པདྨ་དམར་པོའི་སྟེང་༔ མཉམ་ཉིད་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་༔ སྣང་སྲིད་ཟིལ་གནོན་བེར་དམར་ན་བཟའ་གསོལ༔ རང་འོད་རང་མདངས་རྩ་གསུམ་སྤྲིན་ཕུང་འཁྲིགས༔ ཐུགས་ཀར་པདྨ་འདབ་བཞི་ཉི་དཀྱིལ་སྟེང་༔ ཐུགས་སྲོག་ཧྲཱིཿཡིག་རིང་ཆ་ཚེག་དྲག་ཅན༔ སྣུམ་བཅུད་མདངས་ལྡན་འཁོར་འདས་སྲོག་བཅུད་བསྡུས༔ ངག་རླུང་འབྱུང་འཇུག་ཧྲཱིཿདམར་འཕྲོ་འདུར་གསལ༔ དེའི་ངང་མ་ཡེངས་ཧྲཱིཿསྒྲ་ཆད་མེད་བཟླ༔ དེ་ནི་རྩ་བའི་སྒྲུབ་ཐབས་གནད་ཡིན་ནོ༔ ཧྲཱིཿ སྣོད་རྣམས་གཞལ་ཡས་བཅུད་རྣམས་ཚེ་ཡི་ལྷ༔ ཀུན་ཀྱང་ཟབ་གསང་རྡོ་རྗེའི་ཧྲཱིཿསྒྲ་སྒྲོག༔ སྙིང་པོ་འགྱུར་མེད་ཡི་གེ་ཧྲཱིཿདམར་པོ༔ འཕྲོས་པའི་འོད་ཀྱིས་རྩ་གསུམ་རྒྱལ་བ་མཆོད༔ བསྡུས་པས་འཁོར་འདས་སྲོག་བཅུད་དབང་དུ་བསྡུས༔ ཐིམ་པས་རང་ལུས་སྒོ་གསུམ་གཟི་བྱིན་འབར༔ བསྐྱེད་པ་མ་ཧཱ་ཡོ་

p. 665

གའི་དཀྱིལ་འཁོར་འདིར༔ གཞོམ་བྲལ་རིག་འཛིན་རྡོ་རྗེའི་ཚེ་བསྒྲུབ་བོ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོཿཧྲཱིཿརྒྱལ་ཀུན་སྲོག་བཅུད་རང་རིག་ས་བོན་ལས༔ ཚེ་བཅུད་དཀར་དམར་བདུད་རྩིའི་ཆུ་རྒྱུན་བབ༔ ལུས་ཀྱི་ནང་ཀུན་ཚེ་དཔག་མེད་པའི་སྐུ༔ དམར་གསལ་ལོངས་སྐུ་ཡུངས་འབྲུའི་ཚད་ཙམ་གང་༔ བདེ་སྟོང་རང་རིག་སྙིང་པོར་འབྲུ་གཅིག་སྒྲོག༔ སྙིང་པོ་འགྱུར་མེད་ཡི་གེ་ཧྲཱིཿདམར་པོ༔ འཕྲོས་པའི་འོད་ཀྱིས་རྩ་གསུམ་རྒྱལ་བ་མཆོད༔ བསྡུས་པས་འཁོར་འདས་སྲོག་བཅུད་དབང་དུ་བསྡུས༔ ཐིམ་པས་རང་ལུས་སྒོ་གསུམ་གཟི་བྱིན་འབར༔ མ་རྒྱུད་ཨ་ནུ་ཡོ་གའི་དཀྱིལ་འཁོར་འདིར༔ གཞོམ་བྲལ་རིག་འཛིན་རྡོ་རྗེའི་ཚེ་བསྒྲུབ་བོ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཧྲཱིཿ འགྲོ་ཀུན་སྙིང་པོ་གདོད་ནས་ཀུན་ཏུ་བཟང་༔ སྐྱེ་འཆིའི་བར་མེད་སྐུ་གསུམ་བདེ་བ་ཆེ༔ རྣམ་ཀུན་མཆོག་ལྡན་རང་རིག་རང་གསལ་ཀློང་༔ སྙིང་པོ་འགྱུར་མེད་ཡི་གེ་ཧྲཱིཿདམར་པོ༔ འཕྲོས་པའི་འོད་ཀྱིས་རྩ་གསུམ་རྒྱལ་བ་མཆོད༔ བསྡུས་པས་འཁོར་འདས་སྲོག་བཅུད་དབང་དུ་བསྡུས༔ ཐིམ་པས་རང་

p. 666

ལུས་སྒོ་གསུམ་གཟི་བྱིན་འབར༔ རྫོགས་པ་ཨ་ཏི་ཡོ་གའི་དཀྱིལ་འཁོར་འདིར༔ གཞོམ་བྲལ་རིག་འཛིན་རྡོ་རྗེའི་ཚེ་བསྒྲུབ་བོ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཡོ་ག་གསུམ་གྱི་དགོངས་པའི་སྒྲུབ་ཐབས་སོ༔ དེ་ནས་གསོལ་བ་འདེབས་ཤིང་བྱིན་དབབ་པ་ནི༔ མོས་གུས་གདུང་བའི་ཤུགས་ཕྱུང་ལ༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ༔ འཆི་མེད་ཚེ་ལ་མངའ་དབང་བརྙེས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས༔ འགྱུར་བ་མེད་པའི་རང་བཞིན་ནི༔ གཙོ་མཆོག་དཔལ་ལྡན་རྡོ་རྗེ་སེམས༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿསོགས་ཚིག་ལྔ་ཧྲཱིཿབཟླས་བཅས་གོང་ལྟར་བྱའོ༔ རྒྱལ་བ་ཉིད་དང་ཐ་མི་དད༔ ཡི་དམ་ལྷ་

p. 667

དང་དགོངས་པ་བགྲོ༔ རིག་འཛིན་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ བརྟུལ་ཞུགས་རིག་པའི་རྩལ་ཆེན་རྫོགས༔ ཧེ་རུ་ཀ་དཔལ་འོད་ཀྱི་ལུས༔ མཁས་པ་ཤྲཱི་སེངྷ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ གནས་ལྔ་རིག་པའི་པཎྜི་ཏ༔ ཡེ་ཤེས་སྒྱུ་མའི་གར་མཁན་མཆོག༔ གྲུབ་དབང་འཇམ་དཔལ་བཤེས་གཉེན་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཡང་དག་ཐུགས་ཀྱི་

p. 668

དངོས་གྲུབ་བརྙེས༔ སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར༔ གསང་མཚན་རྡོ་རྗེ་གྲུབ་པ་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས༔ སློབ་དཔོན་མཉྫུ་མི་ཏྲ་ནི༔ གསང་མཚན་རྡོ་རྗེ་མཆོག་གྲུབ་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ པདྨ་གསུང་གི་དངོས་གྲུབ་བརྙེས༔ སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་༔ གསང་མཚན་རྡོ་རྗེ་དབང་སྐུར་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཕྲིན་ལས་

p. 669

ཕུར་པའི་དངོས་གྲུབ་བརྙེས༔ སློབ་དཔོན་ཆེན་པོ་པྲ་ཧསྟི༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ རྦོད་གཏོང་མ་མོའི་དངོས་གྲུབ་བརྙེས༔ སློབ་དཔོན་དྷ་ན་སཾ་སྐྲྀ་ཏ༔ གསང་མཚན་རྡོ་རྗེ་བདེ་བ་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་བརྙེས༔ སློབ་དཔོན་བི་མ་མི་ཏྲ་ནི༔ གསང་མཚན་རྡོ་རྗེ་གྲོ་ལོད་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿ

p. 670

ཞེས་བཟླའོ༔ འཇིག་རྟེན་མཆོད་བསྟོད་དངོས་གྲུབ་བརྙེས༔ སློབ་དཔོན་རོམ་བུ་གུ་ཧྱ་ནི༔ གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ དྲག་སྔགས་དམོད་པའི་དངོས་གྲུབ་བརྙེས༔ སློབ་དཔོན་ཤཱནྟིཾ་གརྦྷ་ནི༔ གསང་མཚན་རྡོ་རྗེ་ཐེབ་གཤོག་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ སྒྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་བརྙེས༔ སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ནི༔ གསང་མཚན་རྡོ་རྗེ་ཐོད་པ་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་

p. 671

དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ སྐུ་གསུམ་བདག་ཉིད་རིགས་བརྒྱའི་གཙོ༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ གུ་རུ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ རབ་བྱུང་ཚུལ་འཛིན་སྡེ་སྣོད་འཛིན༔ གསུམ་རིག་གཙང་མ་དག་པ་སྟེ༔ གུ་རུ་པདྨ་སཾ་བྷ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ འཇམ་དཔལ་དབྱངས་དང་གཉིས་སུ་མེད༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་༔ གུ་རུ་བློ་ལྡན་མཆོག་སྲེད་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་

p. 672

དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཁམས་གསུམ་དབང་སྡུད་ཟིལ་གྱིས་གནོན༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ གུ་རུ་པདྨ་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ ཐུགས་རྗེ་ཆེན་པོས་འགྲོ་ཀུན་འདུལ༔ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ གུ་རུ་ཉི་མ་འོད་ཟེར་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ བདུད་བཞི་ཀུན་འཇོམས་རྫོགས་སངས་རྒྱས༔ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ གུ་རུ་ཤཱཀྱ་སེངྒེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་

p. 673

ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ བར་ཆད་དམ་སྲི་རྡུལ་དུ་བརླགས༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ གུ་རུ་རྡོ་རྗེ་གྲོ་ལོད་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ མུ་སྟེགས་རྒོལ་འཇོམས་གསང་བའི་བདག༔ བདག་མེད་སེང་གེའི་སྒྲ་དང་ལྡན༔ གུ་རུ་སེང་གེ་སྒྲ་སྒྲོག་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ མེ་ཁམས་རྣམ་དག་གོས་དཀར་མོ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ལྷ་ལྕམ་མནྡྷ་ར་བ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་

p. 674

ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ གསང་སྔགས་བཀའ་ཡི་བསྡུ་བ་མཛད༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་འཚོ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ བོད་ཁམས་འདུལ་བའི་དུས་བབ་པའི༔ སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ༔ རིག་འཛིན་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ སྙིགས་མ་ཐ་མའི་སྡུག་བསྔལ་ལས༔ སྐྱབས་དང་སྐྱོབ་པ་བླ་ན་མེད༔ སྤྲུལ་པའི་གཏེར་སྟོན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་

p. 675

ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བཟླའོ༔ པདྨས་ལུང་བསྟན་བསྟན་པ་འཛིན༔ ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས༔ ཆོས་བདག་རིག་འཛིན་བརྒྱུད་པར་བཅས༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་ཅང་ཏེའུ་ལ་སོགས་པའི་སྒྲ་དང་བཅས་གསོལ་འདེབས་འཛབ་དང་སྦྲག་གོ༔ དེ་ནས་སྒྲུབ་པའི་རང་མདངས་མཁའ་འགྲོ་ཐུགས་ཀྱི་གཟུངས་མ་ལྔའི་ཐུགས་དམ་བསྐུལ་ཞིང་ཚེ་འགུགས་པ་ནི༔ ཚེ་རྫས་རྣམས་བཤམ༔ སྤོས་དང་རོལ་མོ་དབྱངས་དང་བཅས་ཏེ་ཏིང་འཛིན་རིག་པའི་ཤུགས་ཕྱུང་ལ༔ ཧྲཱིཿ བླ་མ་རིག་འཛིན་བྱིན་མ་ཆུང་༔ ཡི་དམ་ལྷ་ཚོགས་གོང་མ་གཡེལ༔ མ་དང་མཁའ་འགྲོ་བང་མ་བུལ༔ ཆོས་སྐྱོང་དམ་ཅན་རྩལ་མ་ཆུང་༔ ཚེ་དང་གཡང་གི་དངོས་གྲུབ་སྩོལ༔ ཧྲཱིཿ དེ་བཞིན་ཡུམ་སྟེ་དབྱིངས་ཕྱུག་མ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ནི༔ དཀར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་འཁོར་

p. 676

ལོ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་སྡུས་ལ༔ བུདྡྷ་ཚེ་ཡི་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་དུ༔ འཁོར་ལོ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ རྡོ་རྗེ་ཡུམ་སྟེ་མཱ་མ་ཀཱི༔ བལ་འབངས་ཀ་ལ་སིདྡྷི་ནི༔ མཐིང་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ བཛྲ་ཚེ་ཡི་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་དུ༔ རྡོ་རྗེ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི༔ སེར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་ཌཱ་རུ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཤ་ཡི་

p. 677

ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རཏྣ་ཚེ་ཡི་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་དུ༔ རིན་ཆེན་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ པདྨའི་ཡུམ་སྟེ་གོས་དཀར་མོ༔ ལྷ་ལྕམ་མནྡྷ་ར་བ་ནི༔ དམར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་དུ༔ པདྨ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ ལས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ༔ བལ་མོ་ཤཱཀྱ་དེ་བ་ནི༔ ལྗང་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་ཁ་ྃ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ རླུང་གི་ཁམས་ནས་བཅུད་སྡུས་ལ༔ ཀརྨ་ཚེ་ཡི་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་

p. 678

དུ༔ རྒྱ་གྲམ་རལ་གྲིས་རྒྱས་གདབ་བོ༔ ཞེས་བརྗོད་ཚེ་རྫས་ལ་རོལ་ལོ༔ རྫོགས་རིམ་ནི༔ ལུས་ནི་སྣང་སྟོང་ལྷ་སྐུར་སྦ༔ ངག་ནི་གྲག་སྟོང་འཛབ་ཏུ་སྦ༔ སེམས་ནི་ཆོས་ཉིད་སྟོང་པར་སྦ༔ གཞོམ་ཞིག་འགྱུར་མེད་ཆེན་པོར་ཤོག༔ ཅེས་རྫོགས་རིམ་དུ་བཞག༔ དམ་ཚིག་ཏུ་དཀར་པོ་དགེ་བའི་ཕྱོགས་ལ་འབད༔ ཉེའུ་འདོན༔ འཆི་ངེས་པའི་སྲོག་བླུ༔ སཱཙྪ་གདབ༔ འཁོན་གྲིབ་དང་དམ་སེལ་ལ་འཛེམ༔ ལྷ་ཀླུ་གཉན་པོ་ལ་དོ་མི་བསྡོ༔ དཀོར་བདག་ངན་པ་འདྲེ་ཅན་དང་བྱད་རྫས་རྗེས་འབྲང་ཅན་ལ་འཛེམ༔ བརྩོན་ན་ཚེ་ཡི་རིག་འཛིན་ངེས་པར་ཐོབ༔ ཟབ་བོ༔ ཞེས་ཚེ་སྒྲུབ་ཀུན་གྱི་ཟབ་བསྡུས་ཐུགས་དམ་ཧྲཱིཿགཅིག་མའི་ཕྲིན་ལས་ལག་ཏུ་བླང་བའི་རིམ་པ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ཉམས་བཞེས་ཚད་དུ་ཕེབས་པའི་གྲུབ་དབང་པདྨ་རིག་འཛིན་གྱི་རྣམ་འཕྲུལ་གསུམ་པ་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ངེས་དོན་བསྟན་འཛིན་བཟང་པོའི་བཀའ་བསྩལ་སྤྱི་བོར་ཕེབས་པ་ལ་བརྟེན་ནས་བདག་རྒྱལ་ཁམས་པ་ལས་རབ་རྩལ་གྱིས་གུ་རུ་རིན་པོ་ཆེ་ལ་གསོལ་བ་བཏབ་སྟེ་འདི་ལྟར་བསྒྲུབས་པ་བྱིན་རླབས་རང་བྱུང་གི་བཀའི་ངོ་བོར་རུ་དམ་གཙུག་ལག་ཁང་དུ་ཟིན་བྲིས་སུ་བགྱིས་པས་ཡི་གེ་པ་ནི་དགེ་སློང་ཀུན་དགའ་ཤེས་རབ་ཀྱིས་བགྱིས་པས་དགེ་བར་གྱུར་ཅིག། །།

ཐུགས་དམ་ཟབ་པ་ཧྲཱིཿགཅིག་མའི་དབང་ཆོག་བྱིན་རླབས་ཡོངས་འདུས།

p. 679

࿅༔ ཐུགས་དམ་ཟབ་པ་ཧྲཱིཿགཅིག་མའི་དབང་ཆོག་བྱིན་རླབས་ཡོངས་འདུས་བཞུགས་སོ༔

p. 680

ༀ་སྭ་སྟི༔ དཔག་པར་དཀའ་བའི་ཐུགས་རྗེ་དམ་པ་ཡིས༔ ཟབ་པའི་ལམ་སྟོན་བླ་མ་ཚེ་དཔག་མེད༔ སྐྱབས་སུ་བསྟེན་ནས་ཚེ་སྒྲུབ་ཧྲཱིཿགཅིག་མའི༔ བྱིན་རླབས་ཚེ་དབང་ཆོ་ག་གསལ་བར་བཤད༔ དེ་ལ་འདིར་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་དག་སྣང་ཚེ་སྒྲུབ་ཐུགས་དམ་ཟབ་པ་ཧྲཱིཿགཅིག་མའི་ཚེ་དབང་བསྐུར་བ་ལ་གསུམ་སྟེ༔ སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་༔ དངོས་གཞི་སྒྲུབ་པའི་ཐབས་དང་༔ བྱིན་རླབས་ཚེ་དབང་གི་ཆོ་གའོ༔ དང་པོ་ནི༔ སྟེགས་ཀྱི་ཁར་དཀྱིལ་འཁོར་པདྨ་འདབ་བརྒྱད་ཀྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་སྐུ་ཙཀ་གིས་བརྒྱན་པ༔ དེའི་མདུན་དུ་ཐོད་ཆང་བདུད་རྩི་བཏབ་པ༔ གཡས་སུ་ཚེ་རིལ༔ གཡོན་དུ་ཚེ་ཆང་༔ རྒྱབ་ཏུ་ཚེ་མདའ༔ ཅི་བདེ་བར་མེ་ལོང་ཤེལ་རྡོ་རྨ་བྱའི་སྒྲོ་མདོངས༔ རིགས་ལྔའི་ཕྱག་མཚན༔ ཕྲེང་བ༔ བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་བཅས་ཀྱི་

p. 681

མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང་༔ གཞན་ཡང་ལས་བུམ་ནས་བཟེད་ཌཱ་མ་རུ་རྡོར་དྲིལ་ཡུངས་གུལ་སོགས་ཉེར་མཁོ་རྣམས་འདུ་བྱའོ༔ གཉིས་པ་ནི༔ སྒྲུབ་ཐབས་ཀྱི་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་དང་བུམ་པ་གཉིས་སྤྱི་ལྟར་བསྒྲུབས་ནས་མཆོད་བསྟོད་ཚེ་འགུགས་བུམ་ལྷ་འོད་ཞུ་ཏིང་ངེ་འཛིན་གྱི་དབང་ལེན་པ་གཏོར་འབུལ་སྤྲོ་ན་ཚོགས་འཁོར་བཅས་སྤྱི་ལྟར་བྱའོ༔ གསུམ་པ་ནི༔ སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ་མེ་ཏོག་བཀྲམ་ཀུན་སློང་བཅོས་པ་དང་ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་བཅས་ཅི་རིགས་བརྗོད་མཐར༔ འདིར་བཀའ་གཏེར་དག་སྣང་གསུམ་ལས་དག་སྣང་སྟེ༔ དེའང་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་པར་རོལ་པ་རིག་འཛིན་ཆེན་པོ་རིག་རྩལ་

p. 682

ཐོགས་མེད་གླིང་པའམ་ཆོས་དབྱིངས་དྲི་མེད་རྩལ་ལམ་དཔའ་བོ་ལས་རབ་རྩལ་དུ་གྲགས་པ་ཉིད་ཀྱིས་རིག་འཛིན་བདུད་འདུལ་རྡོ་རྗེའི་དག་སྣང་ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་བསྙེན་པ་བྱེད་ཚེ་རིག་འཛིན་ཆེན་པོ་ཉིད་དགུང་ལོ་རེ་གསུམ་བཞེས་པར་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ལོའི་ཟླ་བ་བརྒྱད་པའི་ཉེར་ལྔའི་ནུབ་མོ་རིག་འཛིན་བདུད་འདུལ་རྡོ་རྗེ་གཞོན་ཚུལ་དཀར་ཆས་ཅན་ཞིག་གིས་ཚེ་སྒྲུབ་འདིའི་མན་ངག་རྣམས་བསྩལ་མཐར་ཕྱག་སྡིགས་མཛུབ་ཀྱིས་བར་སྣང་ལ་ཡི་གེ་འབྲི་སྟངས་མཛད་པས་ཧྲཱིཿདམར་པོ་གསུམ་བྱུང་ཞིང་༔ ཞལ་ནས་ཧྲཱིཿགསུངས་པས་རིག་འཛིན་བདུད་འདུལ་རྡོ་རྗེ་ཉིད་ཧྲཱིཿཐོག་མ་ལ་ཐིམ༔ ཧྲཱིཿ རྣམས་ལས་ཀྱང་ཧྲཱིཿསྒྲ་བྱུང་ནས་གཅིག་ལ་གཅིག་ཐིམ་མཐར་རིག་འཛིན་ཆེན་པོ་ཉིད་ལ་ཐིམ་པའི་དག་སྣང་ལས་བྱུང་བའི་ཚེ་སྒྲུབ་ཐུགས་དམ་ཟབ་པ་ཧྲཱིཿགཅིག་མའི་བྱིན་རླབས་ཚེ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་སོགས་རྒྱས་བསྡུས་ཅི་རིགས་བརྗོད་པས་མཚམས་སྦྱར་ཏེ་མཎྜལ་ཕུལ་དུ་བཅུག་ནས་དབང་ཆོག་གཞུང་གི་གསོལ་འདེབས་ལ་འཇུག་གོ༔ གཞུང་གི་དབང་ཆོག་ནི༔

p. 683

རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ བྱིན་རླབས་དབང་གི་རིམ་པ་ནི༔ གནས་དང་དུས་དང་དཀྱིལ་འཁོར་དང་༔ བཀོད་པའི་ཡོ་བྱད་དགོས་པའི་ཤོམ༔ མཁོ་བ་བཞིན་དུ་ལེགས་གྲུབ་ནས༔ ལས་ཀྱི་གཞུང་བསྲངས་ཧྲཱིཿཡིག་བསྙེན༔ བདག་འཇུག་དབང་བླངས་སློབ་མ་འཇུག༔ ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་བརྗོད༔ མཎྜལ་འབུལ་ཞིང་འདི་ལྟར་བྱ༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་པདྨ་འབྱུང་༔ སྐྱེ་འཆི་ཀུན་བྲལ་རྡོ་རྗེའི་སྐུ༔ སྐྱེ་རྒ་ན་འཆིའི་རྦ་ཀློང་དུ༔ བྱིང་བ་བདག་ལ་སྐྱབས་མཛོད་ཅིག༔ སྙིང་པོ་དོན་གྱི་དཀྱིལ་འཁོར་དུ༔ ཚེ་ལ་དབང་བའི་དངོས་གྲུབ་ཞུ༔ བརྩེ་ལྡན་ཁྱོད་ཀྱིས་གནང་བར་མཛོད༔ ལན་གསུམ༔ ལན་དུ་སློབ་དཔོན་གྱིས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ དོན་གྱི་དམ་པ་དོན་གྱི་མཆོག༔ འཇིགས་པ་ཀུན་བྲལ་རྡོ་རྗེའི་ཚེ༔ མཆོག་འདོད་ལེགས་སོ་རིགས་ཀྱི་བུ༔ ཇི་ལྟར་འདོད་པ་བདག་གིས་སྟེར༔ གསང་བ་མཆོག་འདིའི་དམ་ཚིག་ཏུ༔ དཀོན་མཆོག་གསུམ་དང་བླ་མ་དང་༔ གསང་ཆེན་རིགས་ལྔའི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་གཟུང་དགོས་སོ༔ ཁྱད་པར་སྲོག་གཅོད་ལས་སྤངས་ཤིང་༔ འཇིགས་ལས་བསྐྱབས་ཤིང་ཚེ་སྦྱིན་བྱ༔ དུས་དང་རྣམ་པ་ཐམས་ཅད་དུ༔ ཐ་ན་རྨི་ལམ་

p. 684

ཉིད་དུ་ཡང་༔ ང་ནི་ཨོ་རྒྱན་ཚེ་དཔག་མེད༔ གཞོན་ནུ་བཅུ་དྲུག་མཚན་བཟང་རྫོགས༔ སྣང་སྟོང་འགྱུར་མེད་རྡོ་རྗེའི་སྐུ༔ འཆི་བདག་བདུད་འཇོམས་དཔའ་བོ་ཆེ༔ ཡིན་ནོ་སྙམ་པའི་ང་རྒྱལ་བརྟན༔ དེ་བཞིན་སྙིང་པོ་ཧྲཱིཿདང་ནི༔ རང་རིག་ཡེ་ཤེས་ཏིང་འཛིན་བརྟན༔ རྟག་ཏུ་འདི་ལས་འདའ་མི་བྱ༔ ལན་དུ་སློབ་མས༔ ཇི་ལྟར་གསུངས་པ་ཇི་བཞིན་བགྱིད༔ བདག་ཅག་ཡང་དག་དམ་ཚིག་འཛིན༔ བདག་ཀྱང་རྡོ་རྗེ་ཐོད་ཕྲེང་བཞིན༔ ཚེ་ཡི་རིག་འཛིན་ཐོབ་པར་ཤོག༔ དེ་ནས་སྐྱབས་སེམས་འབོགས་བྱས་ནས༔ ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ ཚེ་འགུགས་སྤྲོ་ན་ཚེ་པྲ་བརྟག༔ ཅེས་གསུངས་པའི་ལྷན་ཐབས་ལ༔ སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་ལ་སྒྲུབ་ཐབས་ཀྱི་སྐྱབས་སེམས་དང་རྒྱུན་བཤགས་གང་རུང་ཞིག་རྣམས་ལན་གསུམ་རེར་བྱ༔ དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་གི་ལུས་གནད་ཅེས་པ་ནས་བསང་སྦྱང་ཡན་སྤྱི་ལྟར་བྱས་ནས༔ སྟོང་པའི་ངང་ལས་སྣོད་བཅུད་ཐམས་ཅད་པདྨ་འོད་ཀྱི་ཞིང་དང་གཞལ་ཡས་སུ་གྱུར་པའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དམར་པོ༔ དེ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔

p. 685

ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་འཆི་མེད་ཚེ་དབང་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དམར་གསལ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ༔ ཕྱག་གཉིས་མཉམ་བཞག་གི་མཐིལ་ན་བྷནྡྷ་བདུད་རྩིས་བཀང་བ་བསྣམས་ལ༔ དབུ་སྐྲ་ཐོར་ཚུགས་ལ་རིན་པོ་ཆེའི་པྲོག་ཞུས་མཛེས་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༔ དར་དམར་པོའི་ན་བཟའ་གསོལ་ཞིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ༔ མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ༀ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ཐུགས་དབུས་སུ་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ༔ དེ་ལས་འོད་ཟེར་འཕྲོས་པས་བདེ་བ་ཅན་དང་པདྨ་འོད་སོགས་ཕྱོགས་བཅུའི་ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པ་ནས་བཅོམ་ལྡན་འདས་ཚེ་དཔག་མེད་དང་གུ་རུ་པདྨ་འབྱུང་གནས་སོགས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་འཆི་མེད་གྲུབ་པའི་རིག་འཛིན་སར་གནས་པ་ཐམས་ཅད་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་

p. 686

རྣམ་པ་ཆར་བབ་པ་བཞིན་དུ་བྱོན་ནས་ཁྱོད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་བའི་མོས་པ་བརྟན་པོར་མཛོད༔ ཅེས་བརྗོད་ལ་སྤོས་རོལ་དབྱངས་དང་བཅས་པས༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུ༔ འཆི་མེད་ཚེ་ལ་མངའ་དབང་བརྙེས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཧྲཱིཿ ཧྲཱིཿཧྲཱིཿཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿཞེས་མང་དུ་བཟླ༔ དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱས་པའི་མོས་པ་མཛོད༔ ཏིཥྛ་བཛྲ༔ དེ་ནས་ཚེ་འགུགས་པའི་དམིགས་པ་སྤྱི་ལྟར་གསལ་བཏབ་ལ༔ མདའ་དར་གཡབ་སྟེ༔ ཧྲཱིཿ བླ་མ་རིག་འཛིན་བྱིན་མ་ཆུང་༔ ཡི་དམ་ལྷ་ཚོགས་གོང་མ་གཡེལ༔ མ་དང་མཁའ་འགྲོ་བང་མ་བུལ༔ ཆོས་སྐྱོང་དམ་ཅན་རྩལ་མ་ཆུང་༔ ཚེ་དང་གཡང་གི་དངོས་གྲུབ་སྩོལ༔ ཧྲཱིཿ དེ་བཞིན་ཡུམ་སྟེ་དབྱིངས་ཕྱུག་མ༔ མཁར་

p. 687

ཆེན་ཡེ་ཤེས་མཚོ་རྒྱལ་ནི༔ དཀར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་འཁོར་ལོ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ ནམ་མཁའི་ཁམས་ནས་བཅུད་སྡུས་ལ༔ བུདྡྷ་ཚེ་ཡི་དངོས་གྲུབ་སྩོལ༔ ཆོས་དབྱིངས་ཡེ་ཤེས་དཀྱིལ་འཁོར་དུ༔ འཁོར་ལོ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ རྡོ་རྗེའི་ཡུམ་སྟེ་མཱ་མ་ཀཱི༔ བལ་འབངས་ཀ་ལ་སིདྡྷི་ནི༔ མཐིང་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་རྡོ་རྗེ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ ཆུ་ཡི་ཁམས་ནས་བཅུད་སྡུས་ལ༔ བཛྲ་ཚེ་ཡི་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་དཀྱིལ་འཁོར་དུ༔ རྡོ་རྗེ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ རིན་ཆེན་ཡུམ་སྟེ་སངས་རྒྱས་སྤྱན༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི༔ སེར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་ཌཱ་རུ་ཚེ་བུམ་

p. 688

བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ ས་ཡི་ཁམས་ནས་བཅུད་སྡུས་ལ༔ རཏྣ་ཚེ་ཡི་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་དུ༔ རིན་ཆེན་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ པདྨའི་ཡུམ་སྟེ་གོས་དཀར་མོ༔ ལྷ་ལྕམ་མནྡྷ་ར་བ་ནི༔ དམར་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་མདའ་དར་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ མེ་ཡི་ཁམས་ནས་བཅུད་སྡུས་ལ༔ པདྨ་ཚེ་ཡི་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་དཀྱིལ་འཁོར་དུ༔ པདྨ་འབར་བའི་རྒྱས་གདབ་བོ༔ ཧྲཱིཿ ལས་ཀྱི་ཡུམ་སྟེ་དམ་ཚིག་སྒྲོལ༔ བལ་མོ་ཤཱཀྱ་དེ་བ་ནི༔ ལྗང་གསལ་མཛེས་འཛུམ་སྤྲུལ་པའི་སྐུ༔ ཕྱག་ན་ཁ་ྃ་ཚེ་བུམ་བསྣམས༔ ཚེ་ཡི་ལྷ་དང་ལྷ་མོས་བསྐོར༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔

p. 689

རླུང་གི་ཁམས་ནས་བཅུད་སྡུས་ལ༔ ཀརྨ་ཚེ་ཡི་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་དུ༔ རྒྱ་གྲམ་རལ་གྲིས་རྒྱས་གདབ་བོ༔ དེ་ནས་དབང་མཆོག་གཞུང་གི་གོང་གི་འཕྲོར༔ བུམ་པ་ཐོགས་ལ༔ ཧྲཱིཿ སྣོད་ཀྱི་འཇིག་རྟེན་བུམ་པའི་ནང་༔ བཅུད་ཀྱི་སྐྱེ་འགྲོ་ཚེ་དཔག་མེད༔ དོན་དམ་སྙིང་པོ་ཡི་གེ་ཧྲཱིཿསྤྲོས་པས་འཁོར་འདས་འོད་ཀྱིས་གང་༔ བསྡུས་པས་ཚེ་བཅུད་ཡོན་ཏན་འདུས༔ དབང་ཞེས་བྱ་བ་བརྡ་ཡིན་ནོ༔ བརྡ་ལ་བརྟེན་ནས་དོན་དང་སྤྲད༔ ཡོ་ག་རྣམ་གསུམ་དཀྱིལ་འཁོར་དུ༔ རིག་འཛིན་ཚེ་ཡི་བྱིན་རླབས་རྫོགས༔ བྱིན་རླབས་དབང་དང་དངོས་གྲུབ་རྣམས༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བགྲང་ངོ་༔ བྷནྡྷ་ཐོགས་ལ༔ ཧྲཱིཿ ཕུང་ཁམས་དག་པའི་ཞིང་ཁམས་སུ༔ འཁོར་ལོ་ལྔ་ནི་གཞལ་ཡས་ཁང་༔ རླུང་དང་ཐིག་ལེ་སྙིང་པོ་ཧྲཱིཿངག་རླུང་རྡོ་རྗེའི་བཟླས་པ་མཆོག༔ འདིའི་དོན་རྡོ་རྗེའི་སྒྲ་དབྱངས་ནི༔ གྲག་སྟོང་བརྗོད་མེད་བདེ་བ་ཆེ༔ གསང་བའི་བྱིན་རླབས་ཚེ་ཡི་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧྲཱིཿ བགྲང་ངོ་༔ དེ་ནས་མེ་ལོང་ཤེལ་རྡོ་སྒྲོ་མདོངས་རྣམས་

p. 690

ཐོགས་ལ༔ ཧྲཱིཿ ང་ནི་ཨོ་རྒྱན་ཚེ་དཔག་མེད༔ དོན་གྱི་ཚེ་དབང་སེམས་ལ་རྫོགས༔ ང་ཡི་དོན་ནི་འདི་ལྟར་ཡིན༔ སེམས་ཉིད་མཐའ་བྲལ་ཀུན་ནས་ཟླུམ༔ དཔེ་ནི་མེ་ལོང་འདི་ལ་ལྟོས༔ སྐུ་གསུམ་མ་བཙལ་རང་ཆས་རྫོགས༔ དཔེ་ནི་ཤེལ་རྡོ་འདི་ལ་ལྟོས༔ རླུང་དག་སྐུ་ལྔའི་རང་མདངས་ལྡན༔ དཔེ་ནི་སྒྲོ་མདོངས་འདི་ལ་ལྟོས༔ སློང་བྱེད་སྐྱོན་བྲལ་མཐའ་དབུས་མེད༔ བར་སྣང་དག་པའི་མཁའ་ལ་ལྟོས༔ ཉམས་སུ་མྱོང་ཡང་བརྗོད་མི་བཏུབ༔ ལྐུགས་པས་རོ་མྱོང་དོན་ལ་ལྟོས༔ སྐུ་ནི་སྣང་སྟོང་པདྨ་འབྱུང་༔ གདོས་བཅས་མེད་པས་འོད་སྐུར་གྲོལ༔ ངག་ནི་སྙིང་པོ་ཡི་གེ་ཧྲཱིཿགྲག་སྟོང་རང་ཡལ་ངོ་བོར་ལྟོས༔ སེམས་རྟོག་ནམ་མཁའི་བྱ་ལམ་འདྲ༔ རྟོག་ཚོགས་རྗེས་མེད་རོལ་པར་ལྟོས༔ ཡ་ཀི་སངས་རྒྱས་ཀུན་བཟང་ནས༔ མ་ཀིའི་གྲོང་ཁྱེར་འདྲེ་མོའི་བར༔ ཆོས་ཉིད་དེ་ཡིས་ཀུན་ལ་ཁྱབ༔ བྲི་བ་མེད་ཅིང་གང་བ་མེད༔ བཅིང་བ་མེད་ཅིང་གྲོལ་བ་མེད༔ ས་ལམ་རིམ་བགྲོད་རྩིས་གདབ་མེད༔ ཀུན་ཁྱབ་ཡེ་ཤེས་ཆེན་པོ་འདི༔ རིགས་ལྡན་ཁྱོད་ཀྱིས་དོན་རྟོགས་ན༔ ཁྱོད་ནི་པདྨ་

p. 691

འབྱུང་གནས་ཡིན༔ ཁྱོད་ནི་ཚེ་དཔག་མེད་མགོན་ཡིན༔ དེ་ཕྱིར་འདི་ལས་མ་འདའ་ཞིག༔ དགོངས་པ་འདི་ལས་མ་གཡོ་ཞིག༔ དོན་གྱི་སངས་རྒྱས་དེ་ཡིན་ནོ༔ གང་ཞིག་འདི་ཉིད་མངོན་གྱུར་ན༔ སེམས་ཅན་དོན་དུ་མཛད་པ་སྟོན༔ བདུད་སྡེ་ཀུན་བཅོམ་རྫོགས་སངས་རྒྱས༔ ཆོས་འཁོར་བསྐོར་ཞིང་མྱ་ངན་འདའ༔ འདི་ནི་དོན་གྱི་ཚེ་དབང་ཡིན༔ ཀུན་རྫོབ་དམན་པའི་ཆོས་མིན་ནོ༔ འགྱུར་བ་མེད་པ་རྡོ་རྗེའི་ཚེ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧྲཱིཿ བགྲང་ངོ་༔ དེ་ནས་དབང་རྫས་རིགས་ལྔའི་ཕྱག་མཚན་རྣམས་སྦྱིན་ལ༔ ཧྲཱིཿ རྣམ་སྣང་ཚེ་དབང་ཐོབ་པའི་ཕྱིར༔ རྩིབས་སྟོང་འཁོར་ལོའི་དབང་བསྐུར་རོ༔ རྡོ་རྗེ་ཚེ་དབང་ཐོབ་པའི་ཕྱིར༔ རྡོ་རྗེ་འབར་བའི་དབང་བསྐུར་རོ༔ རིན་འབྱུང་ཚེ་དབང་ཐོབ་པའི་ཕྱིར༔ རིན་ཆེན་ཟུར་བརྒྱད་དབང་བསྐུར་རོ༔ པདྨའི་ཚེ་དབང་ཐོབ་པའི་ཕྱིར༔ པདྨ་མདངས་ལྡན་དབང་བསྐུར་རོ༔ ལས་ཀྱི་ཚེ་དབང་ཐོབ་པའི་ཕྱིར༔ སྣ་ཚོགས་རྡོ་རྗེའི་དབང་བསྐུར་རོ༔ སྐུ་ལྔ་རིགས་ལྔའི་ཚེ་དབང་རྣམས༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཧྲཱིཿ

p. 692

བགྲང་ངོ་༔ དེ་ནས་ཕྲེང་བ་ཚེ་རིལ་ཚེ་ཆང་ཚེ་མདའ་བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་རྣམས་རིམ་པར་གཏད་ལ༔ ༀ་འགྲུབ་པར་གྱུར་ཅིག་རྡོ་རྗེའི་ཚེ༔ ཚེ་ལྷ་རིག་འཛིན་བྱིན་རླབས་ཀྱིས༔ ཚེ་བཅུད་ཡོན་ཏན་དཔལ་དུ་འབར༔ ལོ་བརྒྱ་འཚོ་བར་བྱ་བའི་ཕྱིར༔ སྔགས་ཕྲེང་བརྒྱ་རྩའི་དབང་བསྐུར་རོ༔ སྟོན་བརྒྱ་དག་ནི་མཐོང་བའི་ཕྱིར༔ ཚེ་རིལ་ཚེ་ཆང་དབང་བསྐུར་རོ༔ བདུད་དང་འཆི་བདག་འཇོམས་པའི་ཕྱིར༔ ཚེ་མདའ་ལྟོང་བཟང་དབང་བསྐུར་རོ༔ གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་རོ༔ མངོན་པར་རྫོགས་སངས་རྒྱས་པའི་ཕྱིར༔ བཀྲ་ཤིས་རྫས་བརྒྱད་དབང་བསྐུར་རོ༔ འབྱོར་པ་ཕུན་སུམ་ཚོགས་པའི་ཕྱིར༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་རོ༔ སངས་རྒྱས་བདེན་ལ་ཆོས་ཀྱང་བདེན༔ དེ་བཞིན་དགེ་འདུན་བདེན་པ་ཡིས༔ རྡོ་རྗེ་སློབ་མ་ཁྱོད་ལ་ནི༔ ཚེ་དཔལ་བཀྲ་ཤིས་ལྡན་གྱུར་ཅིག༔ ཧྲཱིཿ ཧྲཱིཿཧྲཱིཿཞེས་བགྲང་ངོ་༔ རྗེས་ཀྱི་རིམ་པ་ཇི་བཞིན་ནོ༔ ཞེས་པའ་ིཚེ་དབང་འདི་འཁྲུལ་སྣང་རྨི་ལམ་དུ་བྱུང་འཕྲལ་ཡི་གེར་མ་ཐེབས་པས་ཚིག་རིས་ཇིི་ལྟ་བ་བཞིན་དུ་མ་བྱུང་ཡང་དོན་ཚང་བར་བརྗོད་པ་འདིས་ས་གསུམ་འགྲོ་བའི་བདྲེན་པ་ངེས་དོན་

p. 693

བསྟན་འཛིན་བཟང་པོའི་བཀའ་བསྩལ་ཕེབས་པ་དང་༔ ཡོངས་ཀྱི་བཤེས་གཉེན་དམ་པ་རྗེ་དབོན་རིན་པོ་ཆེའི་རྣམ་སྤྲུལ་ཀུན་བཟང་བསྟན་པའི་ཉི་མ་དང་༔ བརྩེ་བའི་བདག་ཉིད་བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་དཔོན་སློབ་ཀྱིས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་བློ་འདས་ཨ་ཏིའི་རྣལ་འབྱོར་པ་ལས་རབ་རྩལ་གྱིས་ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་པ་བཀྲ་ཤིས་པར་གྱུར་ཅིག༔ མཇུག་ཏུ་དམ་ཚིག་ཁས་ལེན་མཎྜལ་ཡོན་འབུལ་རྣམས་དང་༔ སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་སྤྱི་ལྟར་བྱའོ༔

རྡོ་རྗེ་ཚེ་སྒྲུབ་འཆི་མེད་སྲོག་སྟེར།

p. 694
p. 695

࿅༔ རྡོ་རྗེ་ཚེ་སྒྲུབ་འཆི་མེད་སྲོག་སྟེར་བཞུགས་སོ། །

p. 696

ན་མོ་གུ་རུ་པདྨ་ཀཱ་ར་ཡེ། རྡོ་རྗེ་ཚེ་ཡི་སྒྲུབ་པ་འདི། །བྱིན་རླབས་ཚན་ཁ་གཞན་ལས་ཆེ། །འདི་ཉིད་ཉམས་སུ་ལེན་པ་ལ། །དམིགས་བསལ་རིན་ཆེན་སྣ་ལྔའི་སྣོད། །ཚེ་རིལ་ཚེ་ཆང་ཚེ་ཡི་བུམ། །བླ་རྟེན་མདའ་དར་སྣ་ལྔའི་མདངས། །རིན་ཆེན་སྣ་ལྔའི་སྒྲོམ་བུར་བཏགས། །མཐའ་སྐོར་ཉེར་སྤྱོད་མཆོད་པས་བསྐོར། །བག་དྲོ་བརྗིད་ཆགས་མཛེས་པར་བཤམས། །ཐོག་མར་སྒྲུབ་པའི་བགེགས་བསྐྲད་ནི། །མར་མེ་གླུད་དང་ཟས་སྣས་བསྐོར། །ངག་ཏུ་རྡོ་རྗེའི་ཚིག་འདི་གྱེར། །ཧཱུྃ། ཚེ་བདུད་འབྱུང་པོ་མ་ལུས་ཀུན། །འདོད་ཡོན་གཏོར་མས་མཉེས་པར་གྱིས། །འདི་རུ་མ་འདུག་གཞན་དུ་སོང་། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཁྱེད་རྣམས་བརླག་པར་གདོན་མི་ཟ། །ཧཱུྃ་བཞིས་བགེགས་བསྐྲད། སྲུང་འཁོར་ནི། བྷྲུཾ།

p. 697

མི་ཟད་འཁོར་ལོའི་ད་ལ་རུ། །བདག་ཅག་དཔུང་བཅས་གནས་པར་བསམ། །ཚེ་བདུད་དཔུང་གིས་ཚུགས་མི་འགྱུར། །རྡོ་རྗེའི་གོ་ཆ་ལྡན་པར་བསམ། །རཀྵ་རཀྵ་ཧཱུྃ། སྐྱབས་སེམས་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཚེ་དཔག་མེད་པའི་དཀྱིལ་འཁོར་ལ། །གུས་པས་སྐྱབས་སུ་འགྲོ་བར་བགྱི། །འགྲོ་ཀུན་རྣམ་མཁྱེན་ཐོབ་སེམས་བསྐྱེད། །ལན་གསུམ། བྱིན་འབེབས་པ་ནི། ཧཱུྃ། གདོད་མའི་མགོན་པོ་སྣང་མཐའ་ཡས། །བརྡལ་ཁྱབ་ཆོས་སྐུའི་བྱིན་ཕོབ་ཅིག །ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །འོད་གསལ་ལོངས་སྐུའི་ཞིང་

p. 698

ཁམས་ནས། །ཀུན་ཁྱབ་སྤྲུལ་སྐུའི་ལྷ་ཚོགས་ཀྱིས། །ཐུགས་རྗེ་ཀུན་ཁྱབ་བྱིན་ཕོབ་ཅིག །ཀློང་ལྔའི་གཞལ་ཡས་རོལ་པ་ནས། །ཚེ་དཔག་མེད་པའི་བྱིན་ཕོབ་ཅིག །ཨ་བེ་ཤ་ཡ་ཕེཾ་ཕེཾ། མཆོད་པ་བྱིན་བརླབ་ནི། ༀ་ཨཱཿཧཱུྃ། སྟོང་གསུམ་ལྷ་མིའི་ལོངས་སྤྱོད་རྣམས། །ཀུན་བཟང་མཆོད་པའི་རྣམ་རོལ་སྤྲིན། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྔགས། །ༀ་ཨཱཿཧཱུྃ་གི་བྱིན་རླབས་ཀྱིས། །མི་ཟད་རྒྱན་གྱི་འཁོར་ལོ་རོལ། །གཉིས་འཛིན་དྲི་མ་རྣམ་པར་དག །ཡེ་ཤེས་བདུད་རྩིའི་རང་བཞིན་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། དངོས་གཞི་ནི། ༀ། སྟོང་ཆེན་བརྡལ་ཁྱབ་མཐའ་དབུས་བྲལ། །གསལ་རྒྱ་མ་ཆད་སྙིང་པོའི་ཀློང་། །རྡོ་རྗེའི་རང་བཞིན་གོ་དང་ལྡན། །མཐུ་རྩལ་ཡུམ་ལྔའི་ཀློང་རྫོགས་དབུས། །སོར་རྟོག་རང་གདངས་གདོད་མའི་མགོན། །དམར་གསལ་ཉི་འབུམ་འཁྱུད་པ་ལྟར། །མཉམ་བཞག་བདུད་རྩིའི་ཚེ་བུམ་བསྣམས། །སྐུ་ལ་ལོངས་སྐུའི་རྒྱན་ཆ་རྫོགས། །གོས་དཀར་ཡུམ་དང་གཉིས་མེད་འཁྲིལ། །ཕྱོགས་བཞི་ལྷ་མོ་མགྱོགས་མ་བཞི། །སྒོ་སྐྱོང་རྡོ་རྗེའི་སྐྱོང་མ་རྣམས། །མ་འདྲེས་

p. 699

སྟོང་ཆེན་ཀློང་དུ་གསལ། །སྤྱན་འདྲེན་པ་ནི། རྡོ་རྗེའི་ཚིག་བདུན་སྙན་པས་བཟླ། བཛྲ་ས་མ་ཡཱ་ཛ། བཞུགས་གསོལ་ནི། ཧཱུྃ། འཇའ་ཚོན་འོད་ལྔའི་ད་ལ་རུ། །མ་ཧཱ་གུ་རུའི་ལྷ་ཚོགས་རྣམས། །མི་འགྱུར་ལྟ་བའི་ཀློང་དུ་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བཛྲ་ཏིཥྛ་ལྷན་ན་མོ་ཧོ། མཆོད་པ་ནི། ཧཱུྃ། དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན། །ཏིང་འཛིན་སྟོབས་ཀྱིས་མཁའ་ཁྱབ་བརྡལ། །ཚེ་བདག་རྡོ་རྗེའི་ལྷ་ཚོགས་དང་། །གནས་ལུགས་གདོད་མའི་ལྷ་ལ་འབུལ། །རྩ་སྔགས་མཐར། ཨརྒྷཾ་ནས་ཤབྟ་མ་ཧཱ་པཉྩ་ཨ་མྲྀྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་མུ་ཏྲ་སརྦ་པཱུ་ཙ་ཧོ། བསྟོད་པ་ནི། ཧཱུྃ། རིག་སྟོང་གདོད་མའི་གནས་ལུགས་ངང་། །དོན་དམ་གཉུག་མའི་ལྷ་སྐུའི་དལ། །འགག་མེད་ཁྱབ་བརྡལ་གདོད་མའི་མགོན། །མཐའ་བྲལ་ཡེ་ཀློང་ངང་དུ་བསྟོད། །བསྙེན་དམིགས་ནི། བདག་གི་སྙིང་དབུས་པད་ཉིའི་གདན། །ཐུགས་སྲོག་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་ཕྱོགས་བཅུའི་ཞིང་ཁམས་ཀྱི། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །ངན་སོང་འགྲོ་བའི་སྡིག་སྒྲིབ་སྦྱངས། །ཚུར་

p. 700

འདུས་བདག་གི་སྲོག་སྔགས་ཐིམ། །གསལ་སྟོང་ངང་ནས་བཟླས་པར་བྱ། །ༀ་བཛྲ་བུདྡྷ་རཏྣ་ཀརྨ་ཨཱ་ཡུར་སརྦ་སིདྡྷི་ཧཱུྃ། བརྒྱ་སྟོང་ཁྲི་འབུམ་རྟགས་སྦྱར་བཟླས། །དངོས་གྲུབ་བྱིན་རླབས་མྱུར་དུ་འབྱིན། ༈ ཚོགས་རྫས་སྣ་ཚོགས་བཤམས་ནས་ནི། རཾ་ཡཾ་ཁཾ། ཧཱུྃ། སྟོང་གསུམ་ཁྱབ་པའི་སྣོད་ནང་དུ། །འབྲུ་གསུམ་ཞུ་བས་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ། སྤྱན་འདྲེན་ནི། ཧཱུྃ། རང་སྣང་འོག་མིན་གཞལ་ཡས་ནས། །ཚེ་དཔག་མེད་པའི་ལྷ་ཚོགས་རྣམས། །རང་བྱུང་རྣམ་པར་གྲོལ་བའི་ལྷར། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ཚོགས་མཆོད་ནི། ཧཱུྃ། བླ་མེད་བླ་མ་ཚེ་ཡི་ལྷ་ཚོགས་རྣམས། །འདོད་ཡོན་སྣ་ལྔའི་ཚོགས་མཆོད་འབུལ། །གཞན་བཟུང་ལོག་པའི་གོལ་སྒྲིབ་ཀུན། །ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི། །བསྒྲལ་བ་ནི། ཧཱུྃ། གནས་ལུགས་མ་རྟོགས་འཁྲུལ་བའི་བདུད། །ལོག་འཁྲུལ་བདུད་སྡེ་འབྱུང་པོ་ཀུན། །ཚེ་ཁྲུས་གནས་གསུམ་དགོངས་པ་ཡི། །འཁྲུལ་མི་ཤེས་པའི་ངང་དུ་བསྒྲལ། །མཱ་ར་ཡ་རྦད། བསྟབ་པ་ནི། ཧཱུྃ། རྣམ་ཐར་གསུམ་གྱི་ཨེ་ཁང་དུ། །དུག་གསུམ་འཁྲུལ་བའི་བདུད་སྡེ་ཡི། །ལྔ་ཕུང་བདུད་རྩིའི་ཚོགས་དང་

p. 701

བཅས། །འབུལ་བས་ཚོགས་རྫོགས་སྒྲིབ་དག་ཤོག །ལྷག་གཏོར་ནི། ཧཱུྃ། ཚེ་ཡི་བདག་པོའི་བཀའ་འཁོར་ན། །གནས་པའི་མ་སྲིང་ལྷག་སྡུད་ཚོགས། །འདིར་གཤེགས་ལྷག་མའི་མཆོད་པ་བཞེས། །སྒྲུབ་པའི་བཀའ་ཡི་བྱ་ར་མཛོད། །གཙང་སར་དོར། དངོས་གྲུབ་ནི། ཧཱུྃ། གདོད་མའི་མགོན་པོ་ཚེ་ཡི་བདག །རང་བྱུང་གཉུག་མའི་ལྷ་ཚོགས་ཀུན། །ཐུགས་རྗེ་དགོངས་པ་མཁའ་ལྟར་ཡངས། །བདག་སོགས་བྱིན་རླབས་འཇུག་པའི་ཕྱིར། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཅེས་དབང་དང་དངོས་གྲུབ་བླང་ངོ་། །བསྡུ་ལྡང་ནི། ཧཱུྃ། བསྐྱེད་པའི་ལྷ་སྐུ་དབྱིངས་སུ་བསྡུ། །མི་དམིགས་སྟོང་ཆེན་ཀློང་དུ་བརྡལ། །སླར་ཡང་སྒྱུ་མའི་གནས་ལུགས་ཀུན། །རྡོ་རྗེ་ཚེ་ཡི་སྐུ་རུ་ལྡང་། །བསྔོ་སྨོན་ནི། ཧཱུྃ། འདི་ལྟར་དགེ་བའི་ཆ་ཅི་མཆིས། །འགྲོ་ཀུན་སྡུག་བསྔལ་འཁོར་ལོ་ལས། །སྒྲོལ་ཕྱིར་སྨོན་པའི་དམ་བཅའ་བས། །ཀུན་ཀྱང་རྣམ་མཁྱེན་ཐོབ་པར་ཤོག །བཀྲ་ཤིས་ནི། ཧཱུྃ། མ་བཅོས་ལྟ་བ་གདོད་མའི་ཀློང་། །གསལ་རྒྱ་མ་ཆད་སྒོམ་པའི་ངང་། །ཐིག་ལེ་ཉག་གཅིག་སྤྱོད་པའི་སྲོག །གནས་ལུགས་ཡེ་ཡིན་བཀྲ་

p. 702

ཤིས་ཤོག །ཅེས་ཤིས་པ་བརྗོད་པའི་མཐའ་བརྒྱན་ནོ། །ཞེས་པའང་ཡུལ་གསེར་མོ་ལྗོངས་ཀྱི་དཔོན་ངག་དབང་བཀྲ་ཤིས་དང་བྱ་བཏང་རྡོ་རྗེ་བརྟན་ཟུང་གིས་སྐུལ་ངོར་འཁྱམས་པོ་ཕྲིན་ལས་བསྟན་དར་ནས་བྱང་ཕྱོགས་མཚོ་སྔོན་པོ་ནས་རིག་འཛིན་གོང་མའི་མན་ངག་གི་ཡིག་ཆ་ལས་བསྟུས་པའོ། །རྒྱས་འདོད་བདུད་བཞི་རྣམ་རྒྱལ་གཞུང་ལ་འབད། །དགེའོ།། །།

དྲག་པོ་མེ་ཕྲེང་ཏན་གྱི་ལས་མཐའ་བགེགས་ཚོགས་ཆུང་སྲིའི་སྲོག་གི་སྤུ་གྲི་བཀའ་རྒྱ་ཅན།

p. 703

༁ཾཿ དྲག་པོ་མེ་ཕྲེང་ཏན་གྱི་ལས་མཐའ༔ བགེགས་ཚོགས་ཆུང་སྲིའི་སྲོག་གི་སྤུ་གྲི་བཀའ་རྒྱ་ཅན་བཞུགས།

p. 704

རེའུ་མིག་གཉིས་པ།

p. 705

རེའུ་མིག་གསུམ་པ།

p. 706

རེའུ་མིག་བཞི་པ།

p. 707

རེའུ་མིག་ལྔ་པ།

p. 708

རེའུ་མིག་དྲུག་པ།

p. 709

རེའུ་མིག་བདུན་པ།

p. 710

རེའུ་མིག་བརྒྱད་པ།

p. 711

རེའུ་མིག་དགུ་པ།

p. 712

རེའུ་མིག་བཅུ་པ།

p. 713

རེའུ་མིག་བཅུ་གཅིག་པ།

p. 714

རེའུ་མིག་བཅུ་གཉིས་པ།

p. 715

རེའུ་མིག་བཅུ་གསུམ་པ།

p. 716

རེའུ་མིག་བཅུ་བཞི་པ།

p. 717

རེའུ་མིག་བཅོ་ལྔ་པ།

p. 718

རེའུ་མིག་བཅུ་དྲུག་པ།

p. 719

རེའུ་མིག་བཅུ་བདུན་པ།

p. 720

རེའུ་མིག་བཅོ་བརྒྱད་པ་བྱོན

Pecha page