← Search

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་་གསུང་འབུམ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གཉིས་པའི་དཀར་ཆག

p. 1

༄༅། །རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གཉིས་པའི་དཀར་ཆག་བཞུགས་སོ།།

p. 2

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གཉིས་པ་རྫོགས་ཆེན་རྡོར་སེམས་སྙིང་ཐིག་དང་ཐུགས་རྗེ་ཆེན་པོ་འོད་དཔག་མེད་སྨན་བླའི་སྐོར་གྱི་དཀར་ཆག་ ༡-༡༠ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་སྔོན་འགྲོ་ཐར་པའི་ལམ་བཟང་ ༡༡-༢༤ རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་སྒྲུབ་ཐབས་ ༢༥-༤༠ རིག་འཛིན་བླ་མ་རྣམས་ཀྱི་དབང་བསྐུར་བྱིན་འབེབས་ ༤༡-༤༦ རྡོར་སེམས་སྙིང་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་

p. 3

འབེབས་ ༤༧-༤༨ རྡོར་སེམས་སྙིང་ཐིག་གི་ཚོགས་བསྐང་བསྡུས་པ་ཕྲིན་ལས་ནོར་བུའི་གསུང་ ༤༩-༥༢ བྱིན་རླབས་དབང་གི་རིམ་པ་ ༥༣-༥༨ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་ནོར་བུའི་ཕྲེང་བ་ ༥༩-༧༤ བྱིན་རླབས་རང་བྱུང་གི་རྒྱུད་ ༧༥-༩༦ སྙན་བརྒྱུད་འོད་གསལ་གྱི་ལོ་རྒྱུས་ ༩༧-༩༨ ཐབས་ལམ་བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད་ ༩༩-༡༠༢ བཏགས་གྲོལ་ ༡༠༣-༡༠༤ ཞལ་གསུང་བྱིན་རླབས་རྩ་བ་རྡོ་རྗེའི་ཚིག་རྐང་

p. 4

༡༠༥-༡༠༨ སྙིང་པོ་གནད་ཀྱི་གཟེར་བུའི་འགག་སྡོ མ་ ༡༠༩-༡༡༢ འཁོར་འདས་རུ་ཤན་གྱི་གནད་སྟོན་ ༡༡༣- ༡༡༤ ངོ་བོ་རང་བཞིན་ཐུགས་རྗེའི་གསང་ཚིག་སྦས་པ་ ༡༡༥-༡༡༨ ངེས་དོན་གསང་ཚིག་གབ་པ་ ༡༡༩-༡༢༢ ཞལ་གདམས་སྣང་གསལ་སྒྲོན་མེ་ ༡༢༣-༡༣༠ གནད་འགག་ཟབ་མོ་ ༡༣༡-༡༣༦ རིག་འཛིན་བརྒྱུད་པའི་དགོངས་དོན་རྡོ་རྗེའི་གླུའི་དམར་ཁྲིད་ ༡༣༧-༡༤༠པྲ་ཁྲིད་རྣམ་བཞག་ཟབ་མོ་ ༡༤༡-༡༤༦ འཕྲང་སེལ་གནད་ཀྱི་ཞལ་གདམས་ ༡༤༧- ༡༥༠ རྫོགས་ཆེན་བསྡུས་དོན་སྙིང་ཐིག་ ༡༥༡- ༡༥༤ ཡིན་ལུགས་ངེས་པའི་བཞག་ཐབས་ ༡༥༥-༡༥༨ ཞལ་ཆེམས་གདམས་པ་བཀའ་རྒྱ་ཅན་ ༡༥༩-༡༦༢ ངོ་སྤྲོད་སྦས་པའི་གསང་ཚིག་ ༡༦༣-༡༦༦ དོན་དམ་ཆོས་སྐུའི་ལམ་རིམ་གྱི་ཡིག་ཆ་ ༡༦༧- ༡༧༠ གནད་ཀྱི་ཚིག་གསུམ་པ་ ༡༧༡-༡༧༢ སྲོག་ཐིག་རབ་ཏུ་སྦས་པ་ ༡༧༣-༡༧༨ ལུས་ཀྱི་རྣམ་བཞག་བཀོད་པ་ ༡༧༩-༢༦༨ སེམསའགགས་ཡེ་ཤེས་སྟོན་པའི་ཡི་གེ་ཟབ་མོ་ ༢༦༩-

p. 5

༢༧༠ བདེ་གསལ་མི་རྟོག་སོགས་ཀྱི་འཕྲོས་དོན་གནད་ཀྱི་ཞལ་གདམས ༢༧༡-༢༧༤ ཐོད་རྒལ་གྱི་ཟིན་བྲིས་དོན་གྱི་འཕྲང་སེལ་ ༢༧༥-༢༨༤ ཐོད་རྒལ་གྱི་ཟིན་བྲིས་ཉུང་ངུ་ ༢༨༥-༢༨༦ བར་དོའི་གནད་གདམས་ཟབ་མོ་བཅུད་བསྡུས་ ༢༨༧-༢༩༦ འདའ་ཀ་འཆི་བྲོད་ཀྱི་གདམས་པ་མི་འགྱུར་གསེར་གྱི་ཐུར་མ་ ༢༩༧-༢༩༨ ཟབ་ལམ་འཕོ་བའི་སྒོ་གནད་རབ་གསལ་ཐར་ལམ་སྒོ་འབྱེད་ ༢༩༩-༣༠༠ ཐབས་ལམ་གནད་ཀྱི་མདོར་བསྟན་གསང་ཁྲིད་ ༣༠༡-༣༠༢ ཐབས་ལམ་གཏུམ་མོའི་ཁྲིད་ཡིག་བདེ་དྲོད་རབ་འབར་ ༣༠༣-༣༠༨ ཐབས་ལམ་གྱི་མན་ངག་བཀའ་རྒྱ་ཅན་ ༣༠༩-༣༡༤ ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ཀྱི་གནད་ཡིག་གི་རིམ་པ་ ༣༡༥-༣༡༦ རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་གཏུམ་མོའི་མན་ངག་ ༣༡༧-༣༢༤ ཐབས་ལམ་གཏུམ་མོའི་མན་ངག་ ༣༢༥-༣༢༦ རྩ་རླུང་ཐིག་ལེའི་རྣམ་བཤད་ ༣༢༧-༣༣༢ ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ ༣༣༣-༣༥༠ བཏགས་གྲོལ་སངས་རྒྱས་སྲས་གཅིག་

p. 6

གི་ཙཀྲ་བྲི་ཐབས་གྲོང་ཁྱེར་རྒྱུན་གཅོད་ནོར་གླིང་བླ་མ་རྡོ་རྗེའི་གསུང་ ༣༥༡-༣༥༤ ཟབ་དོན་གཅོད་ཡུལ་བདུད་བཞི་དབྱིངས་སུ་གཅོད་པའི་རྣམ་རོལ་ ༣༥༥-༣༦༨ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས་དྲོད་ཀྱི་བོགས་འདོན་གཏུམ་མོ་འབར་བར་མེའི་འཁོར་ལོ་ ༣༦༩-༣༧༢ ཀུན་བཟང་རིག་པའི་གདངས་ཁྲིད་ཀྱི་ངག་འདོན་གསོལ་འདེབས་ ༣༧༣-༣༧༦ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལོ་རྒྱུས་ ༣༧༧-༣༧༨ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་གསོལ་འདེབས་ ༣༧༩-༣༨༢ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་ ༣༨༣-༣༩༠ སྒྲུབ་ཐབས་ནོར་བུའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་འགྲོ་དྲུག་གནས་འདྲེན་གསང་ཆེན་ལམ་བཟང་ ༣༩༡-༤༡༨ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བུམ་སྒྲུབ་ཐབས་ ༤༡༩-༤༢༠ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་པ་ཆེན་པོའི་ཡང་ཡིག་ཟུར་གསལ་ ༤༢༡-༤༢༢ དྲེགས་འདུལ་རྩ་གསུམ་སྙིང་བྱང་ལས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ ༤༢༣-༤༢༤

p. 7

ཐུགས་དམ་གནད་བསྐུལ་ ༤༢༥-༤༣༠ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་དབང་ཆོག་བྱིན་རླབས་ཆུ་རྒྱུན་འདོན་བདེར་བགྱིས་པ་ ༤༣༡-༤༥༨ ཚེ་འདས་སྒྲིབ་སྦྱོང་ངན་སོང་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་ཐུགས་མཆོག་རྡོ་རྗེ་རྩལ་གྱིས་ཆོག་ཁྲིགས་ ༤༥༩-༤༨༢ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བསྙེན་ཡིག་ཐར་ལམ་སྣང་བའི་སྒོ་འབྱེད་ ༤༨༣-༥༠༤ གྲོལ་ལམ་སངས་རྒྱས་ལག་བཅང་གི་ཁྲིད་ ༥༠༥-༥༠༨ སྙན་བརྒྱུད་དག་སྣང་ཟབ་མོའི་ཐུགས་ཁྲིད་ཐབས་ལམ་ཟབ་མོ་གཏི་མུག་ལམ་ཁྱེར་འོད་གསལ་མྱོང་ཁྲིད་ ༥༠༩-༥༢༠ དགོས་ཆེད་བསྟན་པ་གསེར་གྱི་ཐ་རམས་ ༥༢༡-༥༢༦ ལས་མཐའ་བླ་ཤིང་གི་མན་ངག་ ༥༢༧-༥༣༢ དམ་རྫས་སྦྱོར་བ་མྱོང་གྲོལ་ ༥༣༣-༥༣༤ བླ་སྒྲུབ་ཡེ་ཤེས་ཐུགས་བཅུད་དང་ལས་མཐའ་མྱོང་གྲོལ་གཉིས་ ༥༣༥-༥༣༨ ཨོ་རྒྱན་ཆེན་པོའི་ཞལ་ལུང་གི་མན་ངག་བསྡུས་པ་༥༣༩-༥༤༠ རྟེན་མཆོག་མ་ཎི་ཀའི་ཁ་བྱང་ ༥༤༡-༥༤༢ ཉང་གཏེར་མིག་འབྱེད་ཟབ་མོའི་ངག་འདོན་

p. 8

༥༤༣-༥༤༤ ཕྲིན་ལས་དོན་གྱི་སྙིང་པོའི་གསོལ་འདེབས་ ༥༤༥-༥༤༦ ཕྲིན་ལས་དོན་གྱི་སྙིང་པོའི་ལས་བྱང་ ༥༤༧-༥༥༢ ཕྲིན་ལས་དོན་གྱི་སྙིང་པོའི་དབང་ ༥༥༣-༥༦༠ རིགས་བདག་སྣང་བ་མཐའ་ཡས་ཀྱི་ལོ་རྒྱུས་ ༥༦༡-༥༦༢ བདེ་ཆེན་ཞིང་གི་གསོལ་འདེབས་སྨོན་ལམ་ ༥༦༣-༥༦༤ བདེ་ཆེན་ཞིང་གི་སྒྲུབ་ཐབས་ ༥༦༥-༥༧༢ རིགས་བདག་འོད་དཔག་མེད་ཀྱི་བདེ་སྨོན་ ༥༧༣-༥༧༤ དབང་གི་ལོ་རྒྱུས་ ༥༧༥-༥༨༠ རིགས་བདག་འོད་དཔག་མེད་ཀྱི་བྱིན་རླབས་དབང་གི་ཆོ་ག་ ༥༨༡-༥༨༤ མ་བསྒོམས་སངས་རྒྱས་ཀྱི་གདམས་པ་མཁའ་སྤྱོད་མྱུར་ལམ་ ༥༨༥-༥༨༨ བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ཆོ་ག་དགོས་འདོད་རེ་སྐོང་ ༥༨༩-༦༠༢ སྒྲུབ་ཐབས་རབ་སྙན་ལྷའི་རོལ་མོ་བདུད་རྩི་དམ་པ་ཆོག་བསྒྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་ ༦༠༣-༦༡༠ སྒྲུབ་ཐབས་ལྷའི་རོལ་མོའི་ནང་མེད་པ་རྣམས་ཟུར་དུ་བཀོད་པ་ ༦༡༡-༦༡༤ སངས་རྒྱན་སྨན་གྱི་བླ་མའི་བྱིན་རླབས་དབང་གི་རིམ་པ་ཁྲིགས་ཆགས་སུ་གདབ་པ་

p. 9

༦༡༥-༦༢༨ སྨན་རྒྱལ་ཡོན་ཏན་མགོན་པོའི་བླ་སྒྲུབ་བྱིན་རླབས་སྤྲིན་ཕུང་ ༦༢༩-༦༣༨ ཐུགས་གཏེར་གཡུ་ཐོག་བླ་སྒྲུབ་ཀྱི་གསོལ་འདེབས་ ༦༣༩-༦༤༠ བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་འབེབས་ ༦༤༡-༦༤༤ རྒྱལ་བ་རིགས་འདུས་སྐུ་གསུམ་བླ་མའི་སྒྲུབ་ཐབས་ ༦༤༥-༦༥༠ བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་ལས་ཁྲུས་སྒྲུབ་མ་རིག་མུན་སེལ་ ༦༥༡-༦༥༢ གཡུ་ཐོག་བླ་སྒྲུབ་ཀྱི་དབང་གི་ལོ་རྒྱུས་ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་ ༦༥༣-༦༥༦ བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་རླབས་དབང་གི་ཆུ་སྦྱིན་ ༦༥༧-༦༦༢ ཡོད། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་ཆོས་སྐོར་པོད་གཉིས་པ་ལ་ཆོས་ཚན་༩༧ དང་ཤོག་གྲངས་༣༣༡ གསུང་འབུམ་ཡོངས་རྫོགས་པོད་ལྔ་ལ་ཁྱོན་ཆོས་ཚན་༨༣༨ བཅས་བཞུགས།།

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་སྔོན་འགྲོ་ཐར་པའི་ལམ་བཟང་།

p. 10
p. 11

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ སྔོན་འགྲོ་ཐར་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ༔

p. 12

དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ནང་གི་སྔོན་འགྲོའི་རིམ་པ་ནི༔ ཐོག་མར་སྐྱབས་ཡུལ་བསྐྱེད་པ་ནི༔ ༀ་ཨཱཿཧཱུྃ༔ རང་གི་མདུན་གྱི་ནམ་མཁའ་རུ༔ ངོ་བོ་རྩ་བའི་བླ་མ་ལ༔ རྣམ་པ་པདྨ་འབྱུང་གནས་སྐུ༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འབར༔ བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར༔ དེ་མདུན་རྡོ་རྗེ་སེམས་དཔའ་ལ༔ ཡི་དམ་ཞི་ཁྲོ་འཁོར་དང་བཅས༔ གཡས་སུ་ཐུབ་པའི་དབང་པོ་ལ༔ སངས་རྒྱས་དཀོན་མཆོག་སྤྲིན་ལྟར་འཁྲིགས༔ རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ༔ མདོ་རྒྱུད་མན་ངག་གླེགས་བམ་ཚུལ༔

p. 13

གཡོན་དུ་རིགས་གསུམ་མགོན་པོ་ལ༔ ཐེག་པ་ཆེ་ཆུང་དགེ་འདུན་བཅས༔ སྐྱབས་གནས་དཀོན་མཆོག་དེ་རྣམས་ལ༔ བདག་སོགས་སེམས་ཅན་ཐམས་ཅད་ཀུན༔ སྒོ་གསུམ་འཇུག་པ་གཅིག་པ་ཡིས༔ འཁོར་བའི་འཇིགས་པ་ལས་བསྐྱབས་ནས༔ ཐར་པའི་གོ་འཕང་ཐོབ་པར་ནི༔ སྙིང་ནས་གསོལ་ཅིང་སྐྱབས་སུ་མཆི༔ སྐྱབས་འགྲོ་ནི༔ འཁོར་བའི་སྡུག་བསྔལ་ཆེ་ལས་སྐྱོབ་མཛད་པའི༔ དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི༔ བྱིན་རླབས་དངོས་གྲུབ་མ་ལུས་འབྱུང་བའི་གནས༔ བླ་མ་ཡི་དམ་མཁའ་འགྲོར་

p. 14

སྐྱབས་སུ་མཆི༔ ཐར་པའི་དེད་དཔོན་སྐུ་གསུམ་ངོ་བོར་བཞུགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་སྐྱབས་སུ་མཆི༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན༔ རང་སེམས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཕ་མར་མ་གྱུར་སེམས་ཅན་གང་ཡང་མེད༔ བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ འདི་དག་བྱང་ཆུབ་མཆོག་ལ་འགོད་པའི་ཕྱིར༔ ཚད་མེད་བཞི་ལྡན་ཕ་རོལ་ཕྱིན་བཅུ་དང་༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས༔ ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ༔ མཐར་ཐུག་ངོ་བོ་སེམས་ཅན་ཐམས་ཅད་ལ༔ ཀ་དག་ཆོས་སྐུ་སྦས་པའི་ཚུལ་བཞུགས་པ༔ སྐྱེ་འགག་གནས་གསུམ་ཀུན་དང་བྲལ་བ་སྟེ༔ དོན་དམ་བྱང་ཆུབ་སེམས་ལ་འགོད་པར་བྱ༔ ཡན་ལག་བདུན་པ་ནི༔ ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས༔ སྐྱབས་ཀྱི་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་ཡིས༔ དཀོན་མཆོག་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད༔ གནོང་འགྱོད་ངོ་ཚ་དྲག་པོའི་གདུང་ཤུགས་ཀྱིས༔ ཚེ་རབས་ལས་བསགས་

p. 15

སྡིག་སྒྲིབ་མཐོལ་ལོ་བཤགས༔ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ལ༔ རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་༔ ཞི་བར་མཉེས་ཤིང་ཆོས་གསུང་མི་བཞེད་རྣམས༔ འགྲོ་ལ་ཆོས་འཁོར་རྒྱ་ཆེར་བསྐོར་བར་བསྐུལ༔ དཀོན་མཆོག་རྣམ་གསུམ་འཇིག་རྟེན་སྒྲོན་མེ་རྣམས༔ མྱང་ངན་མི་འདའ་རྟག་པར་བཞུགས་སུ་གསོལ༔ བདག་གཞན་དུས་གསུམ་དགེ་ཚོགས་གཅིག་བསྡུས་པའི༔ འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ༔ རྡོར་སེམས་སྒོམ་བཟླས་ནི༔ རང་ལུས་ཐ་མལ་གནས་པ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་དཔལ་ལྡན་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྤྱོད་རབ་རྫོགས་ཕྱེད་སྐྱིལ་བཞུགས༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར༔ ལྷ་སྔགས་ལས་བྱུང་བདུད་རྩིའི་རྒྱུན༔ བབ་པས་བདག་ལུས་ཕྱི་ནང་ཁྱབ༔ སྡིག་སྒྲིབ་ཉེས་ལྟུང་དྲི་མ་བཀྲུས༔ རང་ལུས་ཤེལ་གོང་ལྟ་བུར་གྱུར༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་

p. 16

མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟ་ཾཤྲི་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ སོགས༔ ༀབཛྲ་ས་ཏྭ་ཧཱུྃ༔ མཎྜལ་ནི༔ ༀ་ཨཱཿཧཱུྃ༔ བདག་གི་ལུས་དང་ལོངས་སྤྱོད་དང་༔ ཚངས་ཆེན་བསྐལ་པའི་དཔལ་འབྱོར་སྟོབས༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཚངས་པ་རྔ་སྒྲའི་ཞིང་ཁམས་ཀྱི༔ བཀོད་པ་ཚད་མེད་ཡོན་ཏན་བརྒྱན༔ བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད༔ སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ༔ སེམས་ཉིད་རིག་པའི་མཎྜལ་འདི༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ༀཨཱཿཧཱུྃ༔ མཎྜ་ལ་པཱུ་ཙ་ཨཱཿཧཱུྃ༔ བླ་མའི་རྣལ་འབྱོར་ནི༔ རང་ཉིད་མོས་པའི་ཡི་དམ་ལྷར་གསལ་བའི༔ སྤྱི་བོར་རྩ་བའི་བླ་མ་པད་འབྱུང་ཚུལ༔ བརྒྱུད་པའི་བླ་མ་ཐོད་བརྩེགས་རྣམ་པར་བཞུགས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཁྲོམ་ཚོགས་བཅས༔ མོས་གུས་དད་པས་

p. 17

སྙིང་ནས་གསོལ་བ་འདེབས༔ བྱིན་རླབས་དངོས་གྲུབ་མ་ལུས་སྩོལ་བར་གྱུར༔ གསོལ་འདེབས་ནི༔ ན་མོ་གུ་རུ༔ གནས་ཀ་དག་ཡེ་སངས་རྒྱས་པའི་ཕོ་བྲང་ནས༔ ཆོས་སྐུའི་རྒྱལ་བ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ གནས་ལྷུན་གྲུབ་འོད་ལྔ་འཁྲིགས་པའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྐུ་དང་ཞིང་ཁམས་འབྱོང་བར་བྱིན་གྱིས་རློབས༔ གནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ཆེན་པོ་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ རྡོས་བཅས་འོད་སྐུར་གྲོལ་བར་བྱིན་གྱིས་རློབས༔ གནས་སོ་ས་གླིང་གི་དུར་ཁྲོད་ཆེན་པོ་ནས༔ པཎ་གྲུབ་ཆེན་པོ་ཤྲཱི་སེང་ཧ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཆོས་ཉིད་འཕོ་འགྱུར་མེད་པར་བྱིན་གྱིས་རློབས༔ གནས་རྒྱ་ནག་རི་བོ་རྩེ་ལྔའི་གནས་

p. 18

མཆོག་ནས༔ མཁས་གྲུབ་ཆེན་པོ་བི་མ་མི་ཏྲ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ གནས་རྔ་ཡབ་གླིང་གི་ཕོ་བྲང་ཆེན་པོ་ནས༔ རྒྱལ་བའི་སྲས་མཆོག་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ གཟུང་འཛིན་འཆིང་ཐག་ཆོད་པར་བྱིན་གྱིས་རློབས༔ གནས་མཁའ་སྤྱོད་དག་པའི་ཞིང་མཆོག་དམ་པ་ནས༔ མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བདེ་སྟོང་ཟག་མེད་འབྱོང་བར་བྱིན་གྱིས་རློབས༔ གནས་བྲག་དམར་གཡའ་མ་ལུང་གི་དབེན་གནས་ནས༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཀློང་དགུའི་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ གནས་ཟན་ཡང་མི་འགྱུར་དཔལ་གྱི་བསམ་ཡས་ནས༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ མཐའ་བྲལ་སྒོམ་མེད་རྟོགས་པར་བྱིན་གྱིས་རློབས༔ གནས་

p. 19

མཆིམས་ཕུ་དཔལ་གྱི་སྒྲུབ་གནས་ཆེན་པོ་ནས༔ གྲུབ་པའི་དབང་ཕྱུག་དཀོན་མཆོག་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ བརྟུལ་ཞུགས་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས༔ གནས་གངས་རི་ཐོད་དཀར་ཀུན་བཟང་ཞིང་ཁམས་ནས༔ དགོངས་པ་མཐར་ཕྱིན་ཀློང་ཆེན་རབ་འབྱམས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ མཐའ་བྲལ་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ གནས་ཀུན་བཟང་ཆོས་སྐུ་འགྱུར་མེད་ཕོ་བྲང་ནས༔ ལྟ་སྒོམ་མཐར་ཕྱིན་བསྟན་པའི་རྒྱལ་མཚན་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཏིང་འཛིན་ཁོར་ཡུག་འབྱོང་བར་བྱིན་གྱིས་རློབས༔ གནས་ཀུན་ཁྱབ་བརྡལ་བ་ཆེན་པོའི་ཕོ་བྲང་ནས༔ རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཆོས་ཟད་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ གནས་ཆོས་དབྱིངས་ཁྱབ་བརྡལ་ཡངས་པའི་ཕོ་བྲང་ནས༔ མཁས་གྲུབ་ནམ་མཁའ་ཚེ་དབང་མཆོག་

p. 20

གྲུབ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཁྲེགས་ཆོད་བློ་འདས་རྟོགས་པར་བྱིན་གྱིས་རློབས༔ གནས་དབྱིངས་སྣང་རྣམ་དག་ལོངས་སྐུའི་ཕོ་བྲང་ནས༔ ཁྱབ་བདག་མི་འགྱུར་ནམ་མཁའི་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ གནས་རིག་སྟོང་སྐྱེ་མེད་སྤྲོས་བྲལ་ཕོ་བྲང་ནས༔ དྲིིན་ཆེན་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ རིག་པ་རྗེན་པར་རྟོགས་པར་བྱིན་གྱིས་རློབས༔ གནས་གར་བཞུགས་ཆོས་སྐུའི་ཕོ་བྲང་དམ་པ་ནས༔ བརྒྱུད་ཚུལ་གཅིག་འདུས་འཇིགས་མེད་པདྨའི་མཚན༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ གཉུག་མའི་རང་ཞལ་མཇལ་བར་བྱིན་གྱིས་རློབས༔ གནས་སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ནས༔ བྱིན་རླབས་ཡོངས་འདུས་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ ཀ་དག་བཙན་ས་ཟིན་པར་བྱིན་གྱིས་རློབས༔ གནས་རང་ལུས་རྒྱལ་བའི་

p. 21

ཞིང་ཁམས་ཆེན་པོ་ནས༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ གནས་རང་གདངས་རང་རྩལ་འགག་མེད་རོལ་པ་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས༔ རྟག་འཛིན་བདེན་པར་བཟུང་བའི་འཁྲུལ་སྣང་འདི༔ མི་རྟག་འཇིག་པར་ཤེས་པར་བྱིན་གྱིས་རློབས༔ ཚེ་འདིའི་བདེ་འབྱོར་སྒྱུ་མའི་བསླུ་བྲིད་ལ༔ སྙིང་པོ་མེད་པར་རྟོགས་པར་བྱིན་གྱིས་རློབས༔ དབེན་ཞིང་ཉམས་དགའ་གྲུབ་པའི་བསྟི་གནས་སུ༔ ཆོས་ལ་སྙིང་པོ་ལོན་པར་བྱིན་གྱིས་རློབས༔ རང་ཐོག་བབ་པ་ངེས་པར་འཆི་བའི་དུས༔ འཆི་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས༔ སྐྱིད་འདོད་ང་རྒྱལ་བདུད་ཀྱིས་ཟིན་པའི་དུས༔ དགོས་མེད་ཞེན་ལོག་སྐྱེ་བར་བྱིན་གྱིས་རློབས༔ ཕུང་པོ་མི་གཙང་རྫས་ཀྱི་རང་བཞིན་ལ༔ འཁྲུལ་རྒྱུན་ཞེན་པ་ཆོད་པར་བྱིན་གྱིས་

p. 22

རློབས༔ རྒྱལ་བ་གོང་མའི་དཀའ་སྤྱད་སྙིང་རུས་ལ༔ རང་ཡང་རྩེ་གཅིག་སྒྲུབ་པར་བྱིན་གྱིས་རློབས༔ རང་དོན་བསྒྲུབས་པས་སངས་རྒྱས་མཐར་ཕྱིན་ཀྱང་༔ གཞན་དོན་ཐུགས་རྗེ་འབྱོང་བར་བྱིན་གྱིས་རློབས༔ འཆི་བ་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས༔ བར་དོ་ལོངས་སྐུ་རྟོགས་པར་བྱིན་གྱིས་རློབས༔ སྐྱེ་བ་སྤྲུལ་སྐུ་རྟོགས་པར་བྱིན་གྱིས་རློབས༔ འགྲོ་དོན་ཕྱོགས་མེད་དུ་འབྱོང་བར་བྱིན་གྱིས་རློབས༔ དབང་བཞི་ལེན་པ་ནི༔ བླ་མའི་གནས་བཞིའི་འོད་ཟེར་གྱིས༔ བདག་གི་སྒྲིབ་བཞི་ཡོངས་སྦྱངས་ནས༔ དབང་བཞི་དུས་གཅིག་ཐོབ་ནས་ཀྱང་༔ སྐུ་བཞི་མངོན་དུ་འགྱུར་བར་ཤོག༔ མཐའ་སྐོར་ཐོ་བརྩེགས་བཞུགས་པ་རྣམས༔ གཅིག་ནས་གཉིས་སུ་འོད་དུ་ཞུ༔ ཐམས་ཅད་རྩ་བའི་བླ་མར་ཐིམ༔ དེ་ཡང་འོད་ཞུ་བདག་ལ་ཐིམ༔ དཔལ་ལྡན་བླ་མའི་གསང་གསུམ་དང་༔ རང་གི་ལུས་ངག་ཡིད་གསུམ་པོ༔ ཆུ་ལ་ཆུ་བཞག་བཞིན་དུ་གྱུར༔ ཆོས་ཟད་བློ་འདས་ཆེན་པོའི་ངང་༔ དགེ་བ་འདི་ཡིས་འགྲོ་བ་ཀུན༔ ལས་ངན་བག་ཆགས་ཕྱིར་བསྙིལ་ཏེ༔ ཁམས་གསུམ་འཁོར་བ་དོང་

p. 23

སྤྲུགས་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཅེས་པ་འདི་ཡང་ཟབ་ཆོས་ཆེན་པོར་ཐུགས་འདུན་ཆེ་བ་དང་༔ ཉེ་ཆར་བསོད་ནམས་ཆོས་བཟང་གིས་ཡང་ཡང་བསྐུལ་མ་བགྱིད་ཚེ་༧ རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་དག་པར་བཀོད་པས་ཡི་གེ་པ་བསོད་ནམས་ཆོས་བཟང་ནས་སོ༔ དགེའོ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་སྒྲུབ་ཐབས།

p. 24
p. 25

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི་སྒྲུབ་ཐབས་བཞུགས་སོ༔

p. 26

དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྒྱལ་བ་གཅིག་སྒྲུབ་རྒྱལ་ཀུན་འགྲུབ་གྱུར་པའི༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡི༔ སྒྲུབ་ཐབས་གསང་ཆེན་རིགས་གཅིག་འདི་རུ་བཤད༔ ཚུལ་བཞིན་ཉམས་སུ་ལེན་པའི་སྐྱེས་བུ་དེ༔ སྐྱེ་མཐའི་སངས་རྒྱས་ཉིིད་དུ་གདོན་མི་ཟ༔ ས་མ་ཡཱ༔ དབེན་ཞིང་གོང་མས་བྱིན་གྱིས་བརླབས་པའི་ས༔ ཡང་ན་ས་མདོག་དཀར་ལ་འཇམ་པ་དང་༔ གངས་རི་གཏན་ཆགས་བྲག་དཀར་ཁ་ཤར་ལྟས༔ ཡིད་འོང་གཙང་ཞིང་ཞི་བར་ཤིས་པའི་གནས༔ གནས་ཆེན་ས་ལ་དཀྱིལ་འཁོར་ཟླུམ་པོ་བརྩིག༔ དྲི་བཟང་ཆུས་བྱུག་འབྲས་དཀར་ཚོམ་བུ་འགོད༔ སྐུ་རྟེན་སྐུ་བརྙན་རབ་གནས་ལྡན་པ་དང་༔ གསུང་རྟེན་གསང་སྔགས་ཡིག་བརྒྱ་གསེར་བྲིས་དང་༔ ཐུགས་རྟེན་དངུལ་རྡོར་རྩེ་ལྔ་སོར་བཞི་པ༔ ཁྱད་པར་གསུང་རྟེན་མཎྜལ་གཡའ་དག་སྟེང་༔ མན་

p. 27

ཤེལ་ཟུར་མ་ཉམས་པ་སློང་སྟབས་བཞག༔ རྣམ་རྒྱལ་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན༔ གཙང་པོ་རྒྱུན་བབ་ཆུ་དང་དྲི་བཟང་དང་༔ བུམ་རྫས་སོ་ལྔ་ལྡན་པས་སུམ་ཆ་བཀང་༔ གཏོར་མ་སྨན་རཀ་ཚོགས་མཆོད་བཟང་དུ་བཤམས༔ དེ་ནས་ཇི་ལྟར་ཉམས་སུ་ལེན་ཚུལ་ནི༔ མཚམས་གཅོད་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རང་རིག་གདོད་མའི་ངང་༔ ང་ནི་དང་པོའི་སངས་རྒྱས་རྡོ་རྗེ་སེམས༔ འཁོར་འདས་ཐམས་ཅད་མཉམ་ཉིད་གཅིག་ཏུ་རོལ༔ མ་རིག་འཁྲུལ་སྣང་གཉིས་འཛིན་མཚམས་ཆོད་ཅིག༔ ཕན་གནོད་རེ་དོགས་བྲལ་བའི་གོ་བགོ་འོ༔ ༀ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔

p. 28

དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སྐུ་གསུམ་རྒྱལ་བར་སྐྱབས་སུ་མཆི༔ བདག་སོགས་སེམས་ཅན་ཐམས་ཅད་ཀུན༔ ངན་འགྲོའི་འཇིགས་པ་བསྐྱབ་ཏུ་གསོལ༔ འཁོར་བའི་འཁྲུལ་འཁོར་བཟློག་ཏུ་གསོལ༔ སྡུག་བསྔལ་ཆུ་མཚོ་ལས་བསྒྲལ་ནས༔ ཐར་པའི་ལམ་ལ་དྲང་དུ་གསོལ༔ སེམས་བསྐྱེད་ནི༔ ཀྱེ་མ་ཐོག་མེད་དུས་ནས་གྲངས་མེད་སྐྱེ་བ་བརྒྱུད༔ ཕ་མར་མ་གྱུར་སེམས་ཅན་གཅིག་ཀྱང་མེད༔ བདེ་བ་འདོད་བཞིན་སྡུག་བསྔལ་སྤྱོད་པ་ཡི༔ མར་གྱུར་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ བདག་གིས་འགྲོ་བ་བདེ་ལ་འགོད་བྱའི་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གཞན་མིན་རང་རིག་འགྱུར་མེད་རྡོ་རྗེ་སེམས༔ མངོན་གྱུར་རྫོགས་སངས་རྒྱས་ལ་གནས་པར་ཤོག༔ མཆོད་པ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ མཆོད་རྫས་དངོས་འཛིན་བག་ཆགས་བསྲེགས་གཏོར་བཀྲུས༔ སྟོང་གསུམ་ཡོངས་བཀོད་ལྷ་མིའི་དཔལ་འབྱོར་དང་༔ ཕྱི་ནང་གསང་བ་བླ་མེད་མཆོད་པའི་

p. 29

སྤྲིན༔ མང་ཞིང་རྒྱ་ཆེ་བཟང་ཞིང་གྱ་ནོམ་པ༔ ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་བཞིན་གྱུར༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དམ་བཤགས་ནི༔ ཧཱུྃ༔ དགོངས་ཤིག་བླ་མ་དཀོན་མཆོག་སྲས་བཅས་དགོངས༔ བདག་སོགས་འགྲོ་བ་སེམས་ཐམས་ཅད་ཀྱི༔ སྒོ་གསུམ་འདོད་ཁྲོ་གཏི་མུག་དབང་གྱུར་པས༔ མཚམས་མེད་སྡིག་ལྟུང་ལས་བྱས་གནོང་ངོ་འགྱོད༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ སྲོག་གཅོད་མ་བྱིན་བླངས་དང་མི་ཚངས་སྤྱོད༔ ལུས་ཀྱིས་མི་དགེ་བགྱིས་པ་མཐོལ་ལོ་བཤགས༔ ཚངས་པ་དམ་པ་མཆོག་གི་དངོས་གྲུབ་སྩོལ༔ རྫུན་དང་ཚིག་རྩུབ་ངག་འཆལ་དབྱེན་ལ་སོགས༔ ངག་གིས་མི་དགེ་བགྱིས་པ་མཐོལ་ལོ་བཤགས༔ ཚངས་པ་དམ་པ་མཆོག་གི་དངོས་གྲུབ་སྩོལ༔ བརྣབ་སེམས་གནོད་སེམསས་ལོག་པར་ལྟ་ལ་སོགས༔ སེམས་ཀྱིས་མི་དགེ་བགྱིས་པ་མཐོལ་ལོ་བཤགས༔ ཚངས་པ་དམ་པ་

p. 30

མཆོག་གི་དངོས་གྲུབ་སྩོལ༔ སོ་ཐར་སེམས་བསྐྱེད་སྔགས་ཀྱི་དམ་ཚིག་གི༔ ཉམས་ཆག་ཉེས་བྱས་འགལ་འཁྲུལ་མཐོལ་ལོ་བཤགས༔ ཚངས་པ་དམ་པ་མཆོག་གི་དངོས་གྲུབ་སྩོལ༔ བདག་གིས་གནོང་འགྱོད་དྲག་པོས་བཤགས་སྡོམ་འདིས༔ བདག་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས༔ དུས་གསུམ་བསགས་པའི་སྡིག་སྒྲིབ་ཀུན་སྦྱངས་ནས༔ སྐུ་དང་ཡེ་ཤེས་གོ་འཕང་མཆོག་ཐོབ་ཤོག༔ སརྦ་ས་མ་ཡ་ཤུདྡྷེ་ཨཱཿ དམ་བཅའ་གཟུང་བ་ནི༔ ཧཱུྃ༔ དཔལ་ལྡན་དང་པོའི་སངས་རྒྱས་རྡོ་རྗེ་སེམས༔ གསལ་བར་བརྟེན་ཅིང་མངོན་དུ་མ་གྱུར་བར༔ བདག་གི་རྩེ་ཅིག་དམ་བཅའ་དྲག་པོ་ཡིས༔ ཡོངས་སུ་བཟུང་ནས་ནམ་ཡང་མི་གཏོང་ངོ་༔ བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་ཀུན་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་ཉིད་ངང་ལས་སྙིང་རྗེའི་རང་མདངས་རྩལ༔ སྐད་ཅིག་དག་པ་རབ་འབྱམས་ཆེན་པོའི་ཞིང་༔ མངོན་པར་དགའ་བའི་ཕོ་བྲང་ལྟ་ན་སྡུག༔ དེ་དབུས་གླང་ཆེན་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ འདབ་སྟོང་པདྨ་གེ་སར་ཉི་ཟླའི་སྟེང་༔ རང་རིག་ཧཱུྃ་ཡིག་དཀར་པོ་གཟི་བརྗིད་འབར༔ འོད་འཕྲོས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཡོངས་སུ་གྱུར་པས་རིགས་བདག་རྡོ་རྗེ་སེམས༔ དཀར་གསལ་དྲི་མེད་མདངས་ལྡན་སྟོན་

p. 31

ཟླའི་མདོག༔ ཞལ་གཅིག་སྤྱན་གཉིས་ཞི་ཞིང་འཛུམ་པའི་མདངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་པའི་ཚུལ༔ གཡོན་པས་འགྱིང་ཚུལ་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུ་ཚང་༔ སྐུ་ནི་ལྷམ་མེ་གསུང་ནི་ལྷང་ངེ་བ༔ ཐུགས་ནི་ལྷན་ནེ་ཡེ་ཤེས་གདལ་བ་ཆེ༔ དབུ་སྐྲ་ཐོར་ཅོག་རིན་ཆེན་པྲོག་ཞུ་མཛེས༔ རིན་ཆེན་རྒྱན་ཆ་མགུལ་ཆིངས་གདུ་བུ་འཁྲོལ༔ ཕྱག་གདུབ་ཞབས་གདུབ་དཔུང་རྒྱན་རིན་ཆེན་སྤྲས༔ རིན་ཐང་མེད་པའི་ལྷ་རྫས་ལས་གྲུབ་པའི༔ དར་ལྗང་སྟོད་གཡོགས་དར་དམར་ཤམ་ཐབས་དང་༔ ཞི་ཚུལ་དགུ་དང་ཞི་ཆས་བཅུ་གསུམ་ལྡན༔ དྭངས་གསལ་མ་འདྲེས་འཇའ་ཚོན་ལྟ་བུར་བཀྲ༔ རང་འོད་རང་མདངས་བླ་མ་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་སྤྲིན་ཕུང་བཞིན་དུ་འཁྲིགས༔ དེ་ལྟར་བསྐྱེད་རིམ་སྒྱུ་མའི་སྐུར་གསལ་བའི༔ གནས་གསུམ་འབྲུ་གསུམ་ལས་འཕྲོས་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་དཔག་མེད་སྤྱན་དྲངས་ནས༔ དམ་ཚིག་རྟེན་ལ་

p. 32

གཉིས་མེད་ཐིམ་པར་གྱུར༔ སྤྱན་འདྲེན་པ་ནི༔ སྤོས་བདུག་རོལ་མོ་བསྒྲག༔ དབྱངས་སྙན་པོས་འདི་སྐད་དོ༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཞིང་ཁམས་ནས༔ རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་ཉིད༔ འགྱུར་བ་མེད་པའི་ཡེ་ཤེས་རྡོ་རྗེ་སེམས༔ དགོངས་པས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བསམ་མི་ཁྱབ་པའི་ཞིང་མཆོག་མངོན་དགའ་ནས༔ རིགས་ཀྱི་རིགས་མཆོག་སེམས་དཔའ་སེམས་མའི་དབུས༔ སྟོན་མཆོག་དམ་པ་རྡོ་རྗེ་སེམས་དཔའ་ཉིད༔ གདུལ་བྱ་འདུལ་བའི་སླད་དུ་འདིར་བྱོན་འཚལ༔ སྤྲོས་བྲལ་ཡེ་ཤེས་བདེ་བ་ཆེན་པོ་ལ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ བདག་ཅག་གདུལ་བྱའི་མོས་བློའི་སྣང་བ་རུ༔ མངོན་སུམ་བྱོན་ཞིང་བྱིན་གྱིས་བརླབ་པར་མཛོད༔ གུ་རུ་བཛྲ་ས་ཏྭཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་རིགས་ཀྱི་གཙོ༔ དམ་ཚིག་དང་ནི་ཡེ་ཤེས་གཉིས་མེད་པར༔ ཆུ་ཉིད་ལ་ནི་ཆུ་ཉིད་བཞག་པ་བཞིན༔ དབྱེར་མེད་རོ་གཅིག་ངང་དུ་བཞུགས་སུ་གསོལ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་འགག་མེད་

p. 33

ལོངས་སྤྱོད་རྫོགས༔ སྣ་ཚོགས་ཐབས་ཀྱིས་འགྲོ་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་བདག་ཉིད་རྡོ་རྗེ་སེམས་དཔའ་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིིཙྪ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ དངོས་སམ་ཏིང་འཛིན་ཡིད་ལས་བྱུང་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་བཟང་བྱུག་པ་ཞལ་ཟས་རོལ་མོའི་སྒྲ༔ ཡིད་འོང་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རྒྱལ་སྲིད་བདུན་དང་ཉེ་བའི་རིན་ཆེན་བདུན༔ བཀྲ་ཤིས་རྟགས་བརྒྱད་བཀྲ་ཤིས་རྫས་བརྒྱད་དང་༔ གཞན་ཡང་མཆོད་པར་འོས་པའི་རྒྱུར་གྱུར་པ༔ སྟོང་གསུམ་ཡོངས་བཀོད་ལྷ་མིའི་བདེ་འབྱོར་དང་༔ ཁྱད་པར་མཆོག་ཏུ་རྨད་བྱུང་བླ་མེད་རྫས༔ སྨན་གཏོར་རཀྟ་སྦྱོར་སྒྲོལ་ཏིང་ངེ་འཛིན༔ བདག་ཅག་རྩེ་གཅིག་དད་ཅིང་གུས་པ་ཡིས༔ ཁྱབ་བདག་རྡོ་རྗེ་སེམས་དཔའི་ལྷ་ཚོགས་མཆོད༔ རིགས་བདག་རྒྱལ་བ་སྲས་བཅས་མཉེས་གྱུར་ཅིག༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང་༔ སྒྲིབ་གཉིས་བག་ཆགས་མ་ལུས་བྱང་གྱུར་ཅིག༔ ༀ་

p. 34

ཨཱཿཧཱུྃ་བཛྲ་སརྦ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡཱ་ཧཱུྃ༔ བསྟོད་པ་ནི༔ ཧཱུྃ༔ དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ལ་གནས༔ ཐུགས་ཀྱི་ཡེ་ཤེས་དཔལ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་སྐྱོན་བྲལ་ཟླ་བའི་མདོག༔ མཚན་གྱི་མེ་ཏོག་དཔེ་བྱད་འབྲས་བུས་བརྒྱན༔ རིག་སྟོང་རྡོ་རྗེ་སྣང་སྟོང་དྲིལ་བུ་བསྣམས༔ དབུ་ལ་རྫོགས་པའི་སངས་རྒྱས་རིགས་ལྔ་བཞུགས༔ སྐུ་ལ་དར་དང་རིན་ཆེན་དུ་མས་བརྒྱན༔ ཚངས་དབྱངས་དྲུག་ཅུ་འགག་པ་མེད་པའི་གསུང་༔ ཐུགས་ནི་མཐའ་བྲལ་བརྗོད་མེད་ཆོས་སྐུའི་ངང་༔ གང་གི་མཚན་དང་སྔགས་ཀྱི་རྣམ་གྲངས་ནི༔ སེམས་ཅན་གང་གིས་མཐོང་ཐོས་དྲན་པ་ཡིས༔ བསྐལ་མང་ནས་བསགས་ཉེས་ལྟུང་སྒྲིབ་པའི་ཚོགས༔ སྐད་ཅིག་ཉིད་ལ་འཇོམས་ཤིང་སྦྱོང་བར་བྱེད༔ ཐུགས་རྗེ་ཚད་མེད་ཡོན་ཏན་ཚད་མེད་ཅིང་༔ ཐུགས་རྗེ་ཚད་མེད་ཕྲིན་ལས་ཚད་མེད་པ༔ དཔལ་ལྡན་རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད༔ སྔགས་དམིགས་ནི༔ བདག་མདུན་ཐུགས་ཀར་ཟླ་དཀྱིིལ་ཧཱུྃ་གི་མཐར༔ གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ་པས་བསྐོར༔ འོད་ཟེར་

p. 35

འཕྲོ་ཞིང་སྔགས་ཀྱི་རང་སྒྲ་སྒྲོགས༔ མཆོད་སྤྲིན་དཔག་མེད་རབ་འབྱམས་ཞིང་དུ་འཕྲོས༔ དཀོན་མཆོག་རྒྱལ་བ་རྒྱ་མཚོ་མ་ལུས་མཆོད༔ དེ་དག་བྱི ན་རླབས་སྐུདང་ཡིག་འབྲུདང་༔ ཕྱག་མཚན་ལ་སོགས་འོད་དང་འོད་ཟེར་གྱི༔ རྣམ་པར་ཚུར་བསྡུས་སྐུར་ཐིམ་གཟི་བརྗིད་འབར༔ ལྷ་སྔགས་འོད་ཟེར་འགྲོ་དྲུག་ཀུན་ལ་ཕོག༔ སྡིག་སྒྲིབ་ཀུན་སྦྱངས་རྡོ་རྗེ་སེམས་དཔའ་ཡི༔ སྐུ་དང་ཞིང་ཁམས་རོལ་པ་ཆེན་པོའི་ངང་༔ ༀ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཞེས་བཟླས་ཉེ་བའི་སྙིང་པོའོ༔ ༀ་བཛྲ་ས་ཏྭ་ཧཱུྃ༔ ཞེས་ནན་དུ་བཟླས་པས༔ སྡིག་སྒྲིབ་དམ་ཚིག་ཉམས་ཆག་དག་པའི་རྟགས་དང་བྱིན་རླབས་དངོས་གྲུབ་ཐོབ་པའི་རྟགས་དང་༔ ནུས་པ་དང་ཡོན་ཏན་ཚད་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་སྐུ༔ སྐུ་མཆོག་

p. 36

རྣམ་དག་རྡོ་རྗེ་གསུམ་གྱི་ངང་༔ འགྱུར་བ་མེད་པ་དང་པོའི་སངས་རྒྱས་ཉིད༔ བདག་སོགས་སེམས་ཅན་རྣམས་ལ་དགོངས་སུ་གསོལ༔ བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད༔ རྨོངས་པའི་རང་བཞིན་མུན་པ་བདག་ཅག་གིས༔ གནོང་འགྱོད་གདུང་ཤུགས་དྲག་པོའི་ཡུས་ཀྱིས་ནི༔ མགོན་པོ་ལྷག་པའི་ལྷ་ཡི་སྤྱན་སྔར་བཤགས༔ འདི་ཕྱིའི་རྐྱེན་དང་སྒྲིབ་པར་མ་གྱུར་ཅིག༔ ཚངས་པ་དམ་པ་མཆོག་གི་དངོས་གྲུབ་སྩོལ༔ སྤྲོས་བྲལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ༔ རྡོ་རྗེ་སེམས་དཔའི་ཐུགས་མཆོག་བདེ་བ་ཆེ༔ བདག་ཅག་སྒྲུབ་པོའི་སེམས་ལ་བྱིན་གྱིས་རློབས༔ ཚངས་དབྱངས་དྲུག་ཅུ་ཀ་ལ་པིང་ཀའི་སྒྲ༔ རྡོ་རྗེ་སེམས་དཔའི་གསུང་དབྱངས་རྡོ་རྗེའི་སྒྲས༔ སྒྲུབ་མཆོག་རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ མཚན་དཔེ་ཡོངས་རྫོགས་འཆི་བ་མེད་པའི་སྐུ༔ རྡོ་རྗེ་སེམས་དཔའི་སྐུ་ཡི་གཟི་བྱིན་གྱིས༔ སྒྲུབ་མཆོག་རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ རྒྱལ་བའི་རིགས་དང་དཀྱིལ་འཁོར་གྲངས་མེད་ཀྱི༔ རིགས་ཀྱི་གཙོ་བོ་བཅོམ་ལྡན་རྡོ་རྗེ་སེམས༔ སྲིད་པའི་ལས་དང་ཉོན་

p. 37

མོངས་མཐའ་ཡས་པ༔ སྦྱོང་བྱེད་གཉེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ ཚད་མེད་ཐུགས་རྗེ་མངའ་བའི་མགོན་པོ་ཁྱོད༔ དེ་རིང་ཉིད་ནས་བདག་གིས་འགྲུབ་གྱུར་ཅིག༔ བདག་གི་བྱིན་རླབས་ནུས་པ་ཚད་མེད་ཀྱིས༔ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི༔ སྡིག་སྒྲིབ་སྡུག་བསྔལ་མ་ལུས་རྒྱུན་བཅད་ནས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ཏེ༔ རྡོ་རྗེ་སེམས་དཔའི་དམ་ཚིག་ལ་འགོད་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷ་ིཧྲཱིཿ བུམ་པ་དང་གཏོར་མ་ལས་དངོས་གྲུབ་ལེན༔ བསྡུ་རིམ་ནི༔ ཧཱུྃ༔ སྣང་སྲིད་ལྷ་ཡི་སྐུ་དང་ཞིང་ཁམས་རྣམས༔ མེ་ལོང་ཧས་བཏབ་མཐའ་ནས་རིམ་པ་བཞིན༔ རང་ཡལ་རང་དག་དམིགས་སུ་མེད་པའི་ངང་༔ རང་རིག་དུས་གསུམ་རྟོག་ཚོགས་བྲལ་བ་ཡི༔ མ་བཅོས་བཟོ་མེད་སྨྲ་བསམ་ཡུལ་ལས་འདས༔ ཨ་ཨ་ཨཱཿ བསྔོ་སྨོན་ནི༔ ཧཱུྃ༔ བདག་གིས་རྡོ་རྗེ་སེམས་དཔའ་བ སྙེན་བསྒྲུབས་མཐུས༔ འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ལས་ཉོན་སྡིག་སྒྲིབ་བག་ཆགས་དག་གྱུར་ཅིག༔ ཁམས་གསུམ་

p. 38

རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི༔ སོ་སོའི་སྡུག་བསྔལ་ཉེས་ཚོགས་ཞི་གྱུར་ཅིག༔ སྟོན་མཆོག་དམ་པ་རྡོ་རྗེ་སེམས་དཔའ་ཡི༔ སྐུ་དང་ཡེ་ཤེས་ཡོན་ཏན་ཐོབ་གྱུར་ཅིག༔ ལྷ་སྔགས་ཏིང་འཛིན་ཟབ་མོའི་དགེ་བའི་མཐུ༔ ལུས་ཅན་སེམས་ཅན་ཀུན་ལ་བསྔོ་བར་བགྱི༔ རྣམ་དག་ལྷག་བསམ་དགེ་བའི་བསོད་ནམས་མཐུ༔ འགྲོ་ཀུན་རྫོགས་པའི་སངས་རྒྱས་ཉིད་དུ་བསྔོ༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རིགས་བདག་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས༔ ཚད་མེད་ཐུགས་རྗེ་མངའ་བའི་བཀྲ་ཤིས་ཤོག༔ འཆི་མེད་ཚེ་ལ་དབང་བའི་བཀྲ་ཤིས་ཤོག༔ རང་རིག་ཆོས་སྐུ་མངོན་གྱུར་བཀྲ་ཤིས་ཤོག༔ རང་དོན་མཐར་ཕྱིན་སྐུ་བཞིའི་བཀྲ་ཤིས་ཤོག༔ གཞན་དོན་འགྲོ་དྲུག་འདྲེན་པའི་བཀྲ་ཤིས་ཤོག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་༔ ཉིན་དང་མཚན་མོར་ཆོས་ལ་སྤྱོད་པ་ཡི༔ བཀྲ་ཤིས་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག༔ གཞན་ཡང་ཤིས་བརྗོད་བྱའོ༔ རྫོགས་ཆེན་མཐར་ཐུག་རྡོར་སེམས་སྙིང་ཐིག་གི༔ བསྐྱེད་

p. 39

རིམ་ལྷ་སྔགས་གསང་ཆེན་རིགས་གཅིག་གི༔ སྒྲུབ་ཐབས་ཟབ་མོ་གབ་པ་མངོན་ཕྱུང་བ༔ འདི་དང་སུ་འཕྲད་ཉམས་སུ་སུས་བླངས་པ༔ དགེ་བས་སྦྱངས་པ་སྔོན་སོང་སྐྱེས་བུ་ཡིན༔ སྒྲུབ་ཐབས་གཞན་ལས་ཁྱད་པར་འདི་ཉིད་མྱུར༔ སྒྲིབ་དག་དངོས་གྲུབ་ཐོབ་པའི་མཚན་མ་འབྱུང་༔ དེ་ཚེ་རེ་དོགས་བྲལ་བའི་ངང་ལ་བཞག༔ ལམ་དུས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག༔ འབྲས་བུའི་དུས་ན་དམིགས་བསམ་མཚན་མ་བྲལ༔ འོན་ཀྱང་ལམ་དུས་སྙིང་རྗེའི་ནུས་པ་ཡིས༔ འགྲོ་བ་འདྲེན་པའི་ཕྲིན་ལས་ཤུགས་ཀྱིས་འབྱུང་༔ ཉམས་ལེན་ཀུན་གྱི་གནད་ཀྱི་གསང་ཚིག་ཡིན༔ འདི་དང་སུ་འཕྲད་བྱང་ཆུབ་མངོན་གྱུར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནོད་སྦྱིན་ཤན་པ་དམར་ནག་གིས་བཀའ་འདི་སྲུངས་ཤིག༔ ས་མ་ཡཱ༔ ས་མ་ཡཱ༔ ཞེས་པ་འདི་སྔོན་གྱི་ལས་སྨོན་གྱིས་དགེ་བའི་བག་ཆགས་སད་པ་ཆོས་ཚུལ་རྒྱ་མཚོ་ལ་ཤེས་བྱའི་སྤྱན་ཡངས་པ་འཚོ་མཛད་བདུད་རྩིའི་མཆོག་སྦྱིན་སེམས་དཔའ་ཆེན་པོ་གུ་རུ་འཕེལ་གྱིས་བསྐུལ་བའི་ངོར་གུ་རུའི་མིང་བཏགས་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔

རྡོར་སེམས་སྙིང་ཐིག་ལས་རིག་འཛིན་བླ་མ་རྣམས་ཀྱི་དབང་བསྐུར་བྱིན་འབེབས་ཐུན་མོང་མ་ཡིན་པ།

p. 40
p. 41

࿅༔ རྡོར་སེམས་སྙིང་ཐིག་ལས༔ རིག་འཛིན་བླ་མ་རྣམས་ཀྱི་དབང་བསྐུར་བྱིན་འབེབས་ཐུན་མོང་མ་ཡིན་པ་བཞུགས༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ རྒྱལ་བ་ཀུན་བཟང་ཡབ་ཡུམ་གཉིས༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་ཞབས༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་

p. 42

སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་ཧེ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ བརྟུལ་ཞུགས་གྲུབ་པ་ཤྲཱི་སེངྷ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་ཤྲཱི་སིང་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ འཆི་མེད་རིག་འཛིན་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་པདྨ་སམྦྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ སྣང་བཞི་མཐར་ཕྱིན་

p. 43

བི་མ་ལ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་བི་མ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ ཟག་མེད་མངོན་གྱུར་མཚོ་རྒྱལ་ཡུམ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་ཛྙཱ་ན་དྷཱཀྐི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ གཞན་སྣང་ཟིལ་གནོན་ཁྲི་སྲོང་རྗེ༔ ཆོས་ཀྱི་དབྱིངས་ནས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་

p. 44

ཕོབ༔ གུ་རུ་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ མཐུ་ཆེན་དཀོན་མཆོག་འབྱུང་གནས་མཆོག༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་ཏྲ་ཡ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ ཀུན་མཁྱེན་ཆེན་པོ་ཀློང་རམས་པ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་

p. 45

རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་མ་ཧཱ་པཎྚི་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞབས༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་དྷྭ་ཛ་ཤ་ས་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་ནས༔ རིག་རྩལ་དབང་ཐོབ་ལས་རབ་རྩལ༔ ཆོས་ཀྱི་དབྱིངས་ལས་བཞེངས་ནས་ཀྱང་༔ ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས༔ སྣ་ཚོགས་སྤྲུལ་སྐུའི་ཕྲིན་ལས་ཀྱིས༔ གདུལ་བྱ་ཐུགས་རྗེས་རྗེས་འཛིན་ཕྱིར༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་མཆོག་བསྐུར་ལ་བྱིན་ཆེན་ཕོབ༔ གུ་རུ་དྷརྨ་དྷརྟུ་བི་མ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་འཛིན་བླ་མ་རྣམས་ཀྱི་དབང་བསྐུར་བྱིན་འབེབས་ཐུན་མོང་མ་ཡིན་པ་འདི་ཉིན་རེར་རྫོགས་པ་ཆེན་པོ་ཐུན་གསུམ་དུ་སྒོམ་མཁན་མ་གཏོགས་པ་ལ་མི་སྦྱིན་ཞིང་

p. 46

བཀའ་རྒྱ་དམ་པར་བྱའོ༔ ཞེས་པའི་དབང་བཀའ་རྒྱ་ཅན་ཟབ་པའི་མཐར་ཐུག་པ་འདི་ཉིད་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་ཕབ་པ༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་པ་དགེའོ༔

རྡོར་སེམས་སྙིང་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་འབེབས།

p. 47

࿅༔ རྡོར་སེམས་སྙིང་ཐིག་གི་བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ འདིར་བསྙེན་སྒྲུབ་སྤྲོས་བཅས་ཀྱི་སྐབས་སུ་བྱིན་དབབ་པར་མོས་ལ༔ སྒྲུབ་པོ་རྣམས་ཉམས་རྟོགས་སྤར་སྤོས་རོལ་དབྱངས་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ༔ རང་སྣང་རྣམ་དག་ཞིང་ཁམས་ནས༔ དགོངས་པ་བརྡ་དང་སྙན་བརྒྱུད་དང་༔ སྨོན་ལམ་གཏད་རྒྱ་ལུང་བསྟན་སོགས༔ སྐུ་གསུམ་བླ་མས་བྱིན་ཕོབ་ཅིག༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རིགས་བདག་རྡོ་རྗེ་སེམས་དཔའ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ལེགས་ཉེས་སྟངས་འཛིན་བྱ་ར་མཁན༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ དམ་ཅན་གཏེར་བདག་བྱིན་ཕོབ་ཅིག༔ ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ རིག་འཛིན་སྒྲུབ་མཆོག་བདག་ཅག་གིས༔ བསྙེན་སྒྲུབ་གཞུང་བཞིན་བརྩམས་ལགས་པས༔ སྒྲུབ་པའི་རིག་འཛིན་ཆེན་པོ་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ སྐུ་ནི་མཚན་དཔེའི་གཟི་བྱིན་གར༔ གསུང་དབྱངས་ཟབ་གསང་ནཱ་དའི་གླུ༔

p. 48

ཐུགས་མཆོག་སྤྲོས་བྲལ་ཏིང་འཛིན་དགོངས༔ དར་དང་རིན་ཆེན་རུས་རྒྱན་འཁྲོལ༔ བག་དྲོ་བྱིན་འཐིབ་དབང་དང་བཅས༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ སྣོད་བཅུད་ཞིང་དང་སྐུ་རུ་སྨིན༔ སྒྲུབ་རྫས་ཡེ་ཤེས་ལྷར་བྱིན་རློབས༔ སྒྲུབ་མཆོག་བདག་རྒྱུད་སྨིན་གྲོལ་སྩོལ༔ ཉམས་ཆག་རྟོག་སྒྲིབ་སྦྱང་དུ་གསོལ༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ འདུས་པའི་རིག་འཛིན་མཆེད་ལྕམ་ལ༔ ཉམས་དང་རྟོགས་པ་སྤར་དུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྐུ་ལྔ་ཡེ་ཤེས་མངོན་གྱུར་ནས༔ ཀ་དག་གཞོན་ནུ་བུམ་པའི་སྐུར༔ ཚེ་འདིར་གྲོལ་བར་བྱིན་གྱིས་རློབས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨ༔ བུདྡྷ་བྷོ་ཏི་ས་ཏྭ་ཕེམ་ཕེམ༔ ཧྲིཾ་ཧྲིཾ༔ ཛ་ཛཿ ས་མ་ཡ་སྟྭཾ༔ ཞེས་བརྗོད་ཅིང་ཉམས་དགའ་བག་དྲོ་བྱིན་འཐིབ་ཀྱིས་བྱུང་ན༔ རྟོག་མེད་འོད་གསལ་གྱི་ཉམས་བསྐྱང་ངོ་༔ དེ་ལྟར་དད་དམ་ཟོལ་མེད་པདྨ་དམ་ཆོས་ཀྱིས་བསྐུལ་ངོར༔ རྗེ་བཙུན་བླ་མའི་བྱིན་རླབས་ཐོབ་པའི་སྙོམས་ལས་མཁན་རིག་འཛིན་རྒྱ་མཚོས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཛ་ཡནྟུ།། །།

p. 49

རྡོར་སེམས་སྙིང་ཐིག་གི་ཚོགས་བསྐང་བསྡུས་པ་བཞུགས༔ ཨེ་མ་ཧོ༔ གདོད་ནས་སྤྲོས་དང་བྲལ་བ་ལས༔ རྣམ་དག་རཾ་ཡཾ་ཁཾ་གསུམ་འཕྲོས༔ དངོས་པོར་འཛིན་པ་ཐམས་ཅད་ཀུན༔ བསྲེགས་སྦྱངས་བཀྲུས་ཏེ་དག་པར་བྱས༔ སྙིང་པོ་འབྲུ་གསུམ་ༀ་ཨཱཿཧཱུྃ༔ འདོད་ཡོན་ཟག་པ་མེད་པས་གང་༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས༔ འགྱུར་མེད་ཡེ་ཤེས་རྡོ་རྗེ་སེམས༔ རིགས་མཆོག་སེམས་མ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུགསོལ༔ ༀ་ཨཱཿཧཱུྃ༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡི༔ ལྷ་ཚོགས་འཁོར་དང་བཅས་པའི་ཚོགས༔ དངོས་སམ་ཏིང་འཛིན་ཡིད་སྤྲུལ་པའི༔ ཚོགས་ཀྱི་མཆོད་པ་དམ་པ་བཞེས་སུ་གསོལ༔ བསྐང་རྫས་རྣམས་སྤེལ་ལ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཞིང་མཆོག་ནས༔ འགག་མེད་བླ་མ་རྡོ་རྗེ་སེམས༔ རྒྱལ་བ་སྲས་བཅས་ཚོགས་དང་བཅས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ ཕྱི་ནང་མཆོད་ཚོགས་བཀོད་པའི་རྫས༔ སྨན་རཀ་གཏོར་གསུམ་གསང་བས་མཆོད༔ རྒྱལ་སྲིད་སྣ་བདུན་རིན་ཆེན་བདུན༔ བཀྲ་

p. 50

ཤིས་རྟགས་བརྒྱད་རྫས་བརྒྱད་དང་༔ སྤྱན་གཟིགས་དཀོར་ཆ་མཐུན་པའི་རྫས༔ བསྐང་རྫས་འོས་པར་གྱུར་པའི་རིགས༔ མུ་མཐའ་མེད་པར་ཡོངས་སུ་འབུལ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཧཱུྃ་ཧོ༔ དགོངས་ཤིག་རྒྱལ་བ་སྲས་བཅས་དགོངས༔ ཐོག་མེད་ཚུན་ཆད་ལུས་འདིའི་བར༔ མི་དགེ་སྡིག་ལྟུང་ཅི་བགྱིས་པ༔ མཐོལ་ཞིང་བཤགས་སོ་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་བརྗོད༔ ཧཱུྃ༔ གདོད་ནས་དག་པའི་ཧོམ་ཁུང་ནང་༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷས༔ གནོད་བྱེད་འཁྲུལ་དགྲ་ཐམས་ཅད་བསྟིམ༔ མངོན་སྤྱོད་ཤུགས་ཀྱིས་དགྲ་བགེགས་སྒྲོལ༔ ཧཱུྃ༔ ཕྱེས་ཤིག་ལྷ་ཚོགས་ཞལ་ཕྱེས་ཤིག༔ དཔའ་བོ་མཁའ་འགྲོའི་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་བའི་ཤ་རུས་འདི༔ ལྷག་མ་མེད་པར་བཞེས་སུ་གསོལ༔ ལྷག་མ་ནི༔ ཧཱུྃ༔ བཀའ་ཡི་འཁོར་ཚོགས་སྐྱོང་བ་རྣམས༔ བཟའ་བཏུང་ཚོགས་ཀྱི་ལྷག་མ་འབུལ༔ བསྔོས་པ་བཞིན་དུ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་པདྨའི་བཀའ་བཞིན་དུ༔ སོ་སོས་ཁས་བླངས་

p. 51

དམ་བཅས་བཞིན༔ ཆད་ཐོའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་སྐྱོང་བདག་སྲུངས་ཤིག༔ བསྟན་མ་ནི༔ ཧཱུྃ༔ བོད་ཁམས་བསྟན་མ་བཅུ་གཉིས་ཀྱིས༔ བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ བསྟན་པ་སྐྱོངས་ལ་གང་ཟག་སྲུངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྟ་བྲོ་མནན་པ་ནི༔ ཧཱུྃ༔ རྩ་གསུམ་ལྷ་ཚོགས་བྲོ་ར་འོག༔ སྒབ་འདྲེ་འབྱུང་པོའི་ཚོགས་རྣམས་རྒྱ༔ བདེ་སྟོང་གཉིས་མེད་རྒྱ་ཡིས་བཏབ༔ ནམ་ཡང་འཆོར་མེད་རྒྱས་བཏབ་བོ༔ ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ རྡོར་སེམས་ཀྱི་ཚོགས་བསྐང་བསྡུས་པ་དད་ལྡན་གསང་བདག་གིས་བསྐུལ་ངོར་ཕུར་སྒྲུབ་སྐབས་སུ་ནོར་སྤྲུལ་བཞི་པས་གང་ཤར་ལྟར་མགྱོགས་པར་བྲིས་པ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་བྱིན་རླབས་དབང་གི་རིམ་པ།

p. 52
p. 53

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ བྱིན་རླབས་དབང་གི་རིམ་པ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ སློབ་བུ་རྗེས་འཛིན་གྱི་བྱིན་རླབས་དབང་གི་རིམ་པ་ནི༔ དབེན་པའི་གནས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་ཚོམ་བུ་བཀོད་ཅིང་༔ དབང་གི་རྫས་རྣམས་ཚུལ་མཐུན་དུ་བསགས༔ ལས་ཀྱི་གཞུང་བསྲངས་ཤིང་བཟླས་པ་དང་༔ བདག་འཇུག་བླང་བའི་རིམ་པ་བྱ༔ ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྐྱེད་བཟླས་བྱ༔ སློབ་མ་རྣམས་ཕྱག་འཚལ་གྲལ་དུ་འཁོད༔ ཁྲུས་དང་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་རྣམས་བྱ༔ སློབ་དཔོན་གྱིས་དབང་གི་ལོ་རྒྱུས་བཤད་ཅིང་༔ སློབ་མ་རྣམས་ཀྱིས་མཎྜལ་དང་བཅས་ཏེ་འདི་ལྟར་ཞུ༔ དགའ་ཆེན་ཁྱབ་བདག་སྟོན་པ་སྟེ༔ སློབ་དཔོན་ཁྱེད་ཉིད་དགོངས་སུ་གསོལ༔ རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ༔ དུས་འདིར་བདག་ཅག་སྨིན་པར་མཛོད༔ ལན་དུ༔ ཀྱེ་ཧོ་ལེགས་འོངས་རིགས་ཀྱི་བུ༔ ཁྱེད་ཅག་ཤིན་ཏུ་སྐལ་བ་བཟང་༔ གསང་བ་ལས་ཀྱང་ཆེས་གསང་བ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ དབང་བསྐུར་ཡང་དག་ཁྱོད་ལ་སྦྱིན༔ དམ་ཚིག་ཚུལ་བཞིན་བསྲུང་དགོས་སོ༔ ཞེས་པའི་ལན་དུ༔ སློབ་མས༔ བཀའ་བཞིན་དུ་བགྱིད་དོ༔ གསུང་བཞིན་དུ་བསྒྲུབ་བོ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔

p. 54

སྐབས་འདིར་སྐྱབས་སེམས་དང་ཡན་ལག་བདུན་པ་རྣམས་བྱ༔ དམ་ཚིག་གི་ཆུ་སྦྱིན་ཅིང་༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ༔ དོན་རྣམས་ཡིད་བཞིན་འགྲུབ་པར་འགྱུར༔ ཉམས་ན་འཚིག་པར་གདོན་མི་ཟ༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཅེས་དམ་ཆུ་སྦྱིན༔ སློབ་མས༔ མཎྜལ་ས་མ་ཡཱ་ཨི་དན་ཏེ་ན་ར་སྐན༔ ཞེས་ཁས་བླང་༔ དེ་ནས་ཡེ་ཤེས་བསྐྱེད་བསྟིམ་དྲག་ཏུ་བྱ༔ ཏིཥྛ་བཛྲ་གྱིས་ཡེ་ཤེས་པ་བརྟན་པར་བཞུགས༔ སྐབས་འདིར་རྣམ་རྒྱལ་བུམ་པ་ཐོགས་ལ་ཞེས་པའི་དབང་གཞུང་ལ་འཇུག། རྣམ་རྒྱལ་བུམ་པ་ཐོགས་ལ༔ སྣོད་རྣམས་གཞལ་གཡས་ཁང་དུ་དག་པའི་ཕྱིར༔ རིན་ཆེན་བུམ་པ་མཆོག་གི་དབང་བསྐུར་རོ༔ བཅུད་རྣམས་ཡེ་ཤེས་ལྷ་རུ་གསལ་བའི་ཕྱིར༔ བུམ་བཅུད་བསྐྱེད་རིམ་ལྷ་ཡི་དབང་བསྐུར་རོ༔ ཕུང་ཁམས་སྒྲིབ་འཁྲུད་རྩ་ཁམས་གཞལ་ཡས་སུ༔ དྭངས་བཅུད་ཐིག་ལེ་ལྷ་སྐུར་སྨིན་པའི་ཕྱིར༔ བདུད་རྩི་བུམ་པའི་ཆུ་ཡི་དབང་བསྐུར་རོ༔ རྡོ་རྗེ་སློབ་མའི་ལུས་ངག་ཡིད་གསུམ་རྣམས༔ བདེ་གཤེགས་ཀུན་བདག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་གསུང་ཐུགས་ཀྱི་ངོ་བོར་དབང་བསྐུར་རོ༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔

p. 55

དཀྱིལ་འཁོར་ཀུན་བདག་གཙོ་བོ་རྡོ་རྗེ་སེམས༔ མཚན་རྫོགས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས༔ གདོས་བཅས་མ་ཡིན་སྣང་སྟོང་ཟུང་དུ་འཇུག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ ལྷ་སྐུ་ཕྱག་རྒྱ་ཆེན་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་མགྲིན་པར་བཞག་ལ༔ ཧཱུྃ༔ དུ་མ་རོ་གཅིག་བྷནྡྷའི་སྣོད་ནང་དུ༔ ཐབས་ཤེས་དཀར་དམར་དབྱངས་གསལ་སྙིང་པོའི་སྔགས༔ སྔགས་རླུང་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྒྲ༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་པས༔ རྡོ་རྗེ་སེམས་དཔའི་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་བྱང་སྦྱིན་ལ༔ ཧཱུྃ༔ རྒྱལ་བ་རིགས་བརྒྱ་མ་ལུས་ཐམས་ཅད་ཀྱི༔ ཐུགས་ཀྱི་ངོ་བོ་སྲོག་གི་དྭངས་མ་ནི༔ སྙིང་པོ་ཡི་གེ་བརྒྱ་པ་ཉིད་ལ་ཚང་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐོག་མའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ཡི༔ གསུང་གི་ནུས་པ་ངག་ལ་སྨིན་གྱུར་ཅིག༔ རྩ་སྔགས༔ ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་ཁར་བཞག་ལ༔ ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཐུགས་མཆོག་འགྱུར་མེད་རྡོ་རྗེ་སྟེ༔

p. 56

གསལ་སྟོང་སྣང་སྟོང་རིག་སྟོང་དོན༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དང་མན་ཤེལ་ཐོགས་ལ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རྣམ་པར་དག༔ རང་བྱུང་ཆོས་ཉིད་འགྱུར་བ་མེད༔ སྐུ་ལྔ་ཡེ་ཤེས་ལོངས་སྤྱོད་རྫོགས༔ སྣ་ཚོགས་ཕྲིན་ལས་འགྲོ་བ་འདུལ༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ རིགས་མཆོག་རྡོ་རྗེ་སེམས་དཔའ་ཡི༔ མཐར་ཕྱིན་འབྲས་བུའི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་པའི་རྩལ་དབང་ངོ་སྤྲད་པ་ནི༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་གི་སེམས་ཉིད་རྡོ་རྗེ་སེམས༔ ལྟ་བའི་རྒྱལ་པོ་རྗོགས་པ་ཆེ༔ དཔེ་ནི་མོ་གཤམ་བུ་དང་འདྲ༔ སྐྱེ་མ་མྱོང་ལ་འཆི་མ་མྱོང་༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ༀ་བཛྲ་ས་ཏྭ་ཧཱུྃ༔ ཨ་ཨཱཿ ཞེས་ཐུགས་རྗེ་ཆེན་པོའི་དབང་ལྟར་ལྟ་སྒོམ་སྤྱོད་པ་འབྲས་བུ་རྣམས་ངོ་སྤྲད་དོ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ གཏོར་སྣོད་གཞལ་ཡས་ཁང་པ་རུ༔ གཏོར་མ་དཔལ་ལྡན་རྡོ་རྗེ་སེམས༔ བྱིན་རླབས་རང་བཞིན་དཔལ་དུ་ཤར༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ རྩ་སྔགས༔ བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་

p. 57

བརྗོད༔ མེ་ཏོག་འཐོར༔ དབང་གི་རྗེས་རིམ་སྤྱི་ལྟར་བྱའོ༔ དེ་ལྟ་བུའི་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་དབང་གི་རིམ་པ་འདི་ནི་རྒྱ་རོང་བླ་མ་རྣམ་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས་དམ་པའི་བསྟི་གནས་རབ་ཏུ་དབེན་པ་དེར་ཆོས་དབྱིངས་དྲི་མེད་ཀྱིས་བཀོད་པ་ཡི་གེ་པ་ནི་ཀུན་བཟང་ཕྲིན་ལས་ཀྱིས་བྲིས་པ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔ མངྒ་ལཾ༔ དགེའོ༔ བཀྲ་ཤིས༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་ནོར་བུའི་ཕྲེང་བ།

p. 58
p. 59

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་ནོར་བུའི་ཕྲེང་བ་བཞུགས་སོ༔

p. 60

སངས་རྒྱས་ཀུན་འདུས་ངོ་བོ་པདྨ་འབྱུང་༔ རིགས་རྣམས་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས༔ འགྲོ་བ་ཡོངས་ཀྱི་གཉེན་གཅིག་སྤྱན་རས་གཟིགས༔ ཚེ་རབས་ཀུན་ཏུ་འབྲལ་མེད་སྤྱི་བོར་མཆོད༔ སྔོན་གོམས་བག་ཆགས་བཟང་པོའི་ལས་འཕྲོ་ཡིས༔ བཤེས་གཉེན་དམ་པ་རྡོ་རྗེ་སྙིང་པོ་མཇལ༔ ཐེག་མཆོག་རྩེ་མོ་རྫོགས་ཆེན་མང་དུ་ཐོས༔ རྨི་ལམ་ན་ཡང་དགེ་བའི་སྣང་བ་འགྲོགས༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་ནོར་བུའི་ཕྲེང་བ་འདི་ལ་རིམ་པ་བཅུའི་རྣམ་པར་ངེས་པར་བཤད་དེ༔ དང་པོ་ནི༔ ཁོ་

p. 61

བོ་ལོ་ལྔ་ཙམ་ན་འཆད་ཉན་བྱེད་པ་དང་༔ དབང་བསྐུར་བ་དང་༔ སྒོམ་སྒྲུབ་དང་༔ རླུང་འཛིན་པ་སོགས་ཀྱི་ཚུལ་བྱེད་པ་ཀུན་གྱིས་བག་ཆགས་བཟང་པོར་ངོས་བཟུང་༔ ཉི་སྤྲུལ་རྡོ་རྗེ་འཆང་གིས་རྗེས་སུ་བཟུང་སྟེ་དབུས་སུ་སོང་སྐབས༔ རྡོར་བྲག་པ་རིག་འཛིན་ཆེན་པོ་སྐལ་བཟང་པདྨ་དབང་ཕྱུག་ལས་གསོལ་འདེབས་ལེའུ་བདུན་མ་ལས་ལྟ་བ་རྣམས་ལྗགས་ཁྲིད་མཛད་པ་ཐོབ༔ རང་ལོ་བཅོ་ལྔ་ཙམ་ན་རྫོགས་ཆེན་མཆོག་གི་སྤྲུལ་པའི་སྐུ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་

p. 62

ལྗགས་ཁྲིད་རྣམས་ཐོབ༔ རང་གི་ཁུ་བོ་ནོར་བུ་རྒྱ་མཚོ་ལས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་རྒྱལ་དབང་ལྔ་པའི་མཆན་གསལ་འབུམ་ཕྲག་སྣང་བའི་ཡི་གེའི་སྟེང་ནས་ནོད་ཅིང་སྦྱངས་པ་ངེས་འདྲོངས་བགྱིས༔ ཤིང་ཁྱི་ལོར་ཉི་སྤྲུལ་རྡོ་རྗེ་འཛིན་པ་ལས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་རྩ་གསུམ་གསང་བ་སྙིང་ཐིག་གི་སྨིན་ཁྲིད་ཞིབ་པར་ཐོབ་ཅིང་༔ འདིའི་དུས་ཐག་གཅིག་ཐོག་ཏུ་ཆོད་ཅིང་རང་རིག་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་ཏེ༔ སྤང་བླང་དང་རྣམ་གཞག་གི་ཆོས་ཀུན་སེམས་སུ་ཐག་ཆོད་གེགས་དང་གོལ་ས་ཞེས་བྱ་བའི་མིང་མི་ལྡང་བར་འཁྲུལ་ཆོས་བློས་བྱས་ཀྱི་ཆོས་ཐམས་ཅད་རྣམ་རྟོག་སེམས་བྱུང་གི་ཆོས་སུ་ཤེས་ཏེ་སྤྲོས་བྲལ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ངེས་ཤེས་འདྲོངས་ནས༔ རྫོགས་ཆེན་འདི་པའི་ཆོས་ཀྱི་གླེགས་བམ་རང་གི་མགོ་ཐོག་ཏུ་བཞག་ཅིང་བརྒྱུད་པ་རྣམས་ཀྱི་མཚན་བགྲངས་ནས་ཚེ་རབས་ཐམས་ཅད་དུ་ཟབ་མོའི་ཆོས་འདི་དང་འཕྲད་དེ་ཆོས་མཆོག་ཟབ་མོ་འདིའི་དོན་མངོན་དུ་གྱུར་ནས་རང་གཞན་ནམ་མཁའ་དང་མཉམ་པའི་

p. 63

སེམས་ཅན་གྱི་དོན་བྱེད་པར་ཤོག་ཅིག་ཅེས་པའི་སྨོན་ལམ་ཡང་མང་དུ་བཏབ༔ ངེས་ཤེས་ཀྱང་ཇི་ལྟ་བ་བཞིན་འདྲོངས་ཏེ༔ ཕྱིའི་ཐེག་པ་རྙོག་མ་ཅན་རྣམས་མཐོང་དུས་དྲང་དོན་གྱི་རྒྱུ་འབྲས་ལོས་བདེན༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐབས་རྣམས་ཟབ་ཅིང་རྨད༔ འོན་ཀྱང་གཅོད་བྱ་གཅོད་བྱེད་ནོར་བུ་ལྟ་བུ་བློས་བྱས་ཀྱི་རྒྱུ་འབྲས་སྤྱིར་བཏང་བའི་སྒོམ་ཐམས་ཅད་བྱིས་པའི་རྩེ་མོ་ལྟ་བུར་མཐོང་ནས་རྫོགས་ཆེན་སྙིང་ཐིག་ངོ་མཚར་ཕུལ་དུ་བྱུང་བའི་བདུད་རྩི་ཟབ་མོ་སྙིང་ལ་ཚིམ་པའི་སྐལ་བ་བཟང་པོ་ཐོབ་པ་ཡིན༔ དེ་ཕྱིས་རྣམས་སུ་ཡང་རྡོ་རྗེ་འཛིན་པ་འདིའི་མདུན་ནས་རྫོགས་ཆེན་གྱི་དབང་ལུང་ཟབ་ཁྲིད་རྒྱ་མཚོ་ལྟ་བུར་ཐོབ་ཅིང་༔ རང་གིས་ཀྱང་གདར་ཤ་བཅད་དེ༔ ཉམས་དང་རྟོགས་པའི་ས་མཚམས་འབྱེད་པ་དང་༔ ཀུན་རྫོབ་དང་དོན་དམ་གྱི་དབྱེ་བ་བྱེད་ཅིང་༔ སེམས་དང་རིག་པའི་ཚུལ་ཁོང་དུ་ཆུད་དེ་རང་ལུགས་རྫོགས་ཆེན་སྨྲ་བ་ལ་མཐའ་ཡས་པ་ཞིག་དེང་སང་དཀོན་པར་སྣང་ནའང་ཅུང་ཟད་ཆོས་

p. 64

ཚུལ་འདིའི་ངེས་པ་རྙེད་ཙམ་དུ་མཆིས༔ རྗེ་བཙུན་བླ་མ་དམ་པའི་གསུང་གིས་གཞན་ལ་ཁྲིད་འབོགས་ཞེས་ལན་གསུམ་གསུངས་པའི་དོན་དེ་བསྒྲུབ་པའི་ཕྱིར༔ རྩ་གསུམ་གསང་བ་སྙིང་ཐིག་ལན་བཅུ་གསུམ་དང་གཞན་ཡང་རང་ལུགས་ཀྱི་ཁྲིད་ཀ་རྣམས་གང་ལྕོགས་བསྡམས་པར་ལན་ཉི་ཤུ་རྩ་ལྔ་ཙམ་སོང་ཞིང་ཚུལ་བཞིན་ཉམས་ལེན་ལྡན་མིན་དུས་ཀྱི་དབང་གིས་མང་ནའང་༔ ཆོས་ཐོབ་ཀྱི་སློབ་མ་ལྔ་བརྒྱ་ཙམ་ངེས་སོ༔ དབང་ཆོས་གཞན་དང་དམ་རྫས་ཀྱིས་འབྲེལ་ཐོགས་རྣམས་འདིར་བརྩིས་པ་མིན་ནོ༔ གཉིས་པ་ནི༔ དེ་ཡང་ཤིང་མོ་གླང་ལོ་ཧོར་ཟླ་བཅུ་པའི་ཉེར་བདུན་ནུབ་མོ་ཁོ་བོས་རྨི་ལམ་ཟིན་བྱུང་བ་དང་གུ་རུ་པདྨ་མཇལ་དུ་འགྲོ་སྙམ་པ་དང་སྐད་ཅིག་དེ་ལ་ཕོ་བྲང་ཞིག་གི་དབུས་ན་ཨོ་རྒྱན་ཟ་ཧོར་གྱི་ལུགས་བཞུགས་འདུག་པས་བདག་ལ་ཤན་པ་དམར་ནག་གི་དབང་སྲེག་འཕང་བཅས་དང་དཔེ་ཚན་གྱི་ལུང་གནང་བ་རཏྣ་གླིང་པའི་གཏེར་བྱོན་ལྟར་འདུག༔ ཤན་དམར་ལོ་བརྒྱད་ཀྱི་ན་ཚོད་སྐུ་མདོག་དམར་པོ་འབེར་ཞིང་སྒེག་པ་གནོད་སྦྱིན་གྱི་གཟུགས་ཅན་

p. 65

རིན་པོ་ཆེའི་རྒྱན་སྤྲས་པ་སྐྲ་ཐོར་ཅོག་ཏུ་བཅིངས་པ་ལག་པ་བཞི་པ་སྨད་གཡོགས་དར་ལྗང་ཁུས་བྱས་པ་ཞིག་གུ་རུས་འདི་ཁྱེད་ལ་གྲོགས་སུ་བྱིན་པ་ཡིན་གསུངས་ཤིང་བདག་ལ་གཏད༔ འདི་ཡང་རྨི་ལམ་དུ་འདུག༔ རྡོ་རྗེ་སེམས་དཔའི་ཞིང་ཉུལ་དགོས་བསམ་མ་ཐག་ཏུ་སྐད་ཅིག་ལ་ཞིང་ཁམས་མ་གསལ་རྡོ་རྗེ་སེམས་དཔའ་དཀར་པོ་མཚན་དང་དཔེ་བྱད་བལྟར་མི་མངོན་པ་ལོངས་སྤྱོད་རྗོགས་སྐུ་རི་རབ་ཀྱི་ཚད་ཙམ་མདུན་ན་སླེབས་འདུག༔ བདག་གིས་དད་བཞིན་ཕྱག་རྒྱ་བཅས་རྗོགས་པ་ཆེན་པོ་ཞིག་ཞུ་དགོས་ཡིད་ལ་ཤར་མ་ཐག་རྡོ་རྗེ་སེམས་དཔའི་སྐུ་ཡི་གཡོ་འགུལ་མཛད་དགྱེས་པའི་ཉམས་ཀྱིས་བཞད་ནས༔ རང་བབས་རང་བཞག་སྤྲོས་བྲལ་རིག་པ་དེ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ ཞེས་སོགས་གསུངས་པ་དང་བདག་ལ་བློ་འདས་ཀྱི་རྟོགས་པ་ཁྱད་པར་བ་བརྗོད་དུ་མི་བཏུབ་པ་ཞིག་བྱུང་ངོ་༔ ད་རྨི་ལམ་གྱི་རྩལ་སྦྱངས་ནས་སྤྲོ་བསྡུ་བྱེད་སྙམ༔ རང་ལུས་ཨཱཿདཀར་པོ་མང་པོ་སྤྲོས་པས་སྣང་བ་ཐམས་ཅད་ཨཱཿདཀར་པོས་མེར་གྱིས་

p. 66

གང་ཐལ༔ བསྡུས་པས་སྣང་བ་དེ་རྣམས་གཅིག་ཏུ་འདུས་རང་ལུས་སུ་བསྒྱུར༔ ཡང་རི་བོ་ཏ་ལར་འགྲོ་བསམ་པ་དང་མཉམ་དུ་མཚོ་ཆེན་བསམ་གྱིས་མི་ཁྱབ་པ་མེར་བའི་དབུས་ན་རི་མཐོ་ལ་རྒྱ་ཆེ་བ་ལྷུན་སྡུག་པ་ཤིང་སྣ་ཚོགས་ལོ་འབྲས་དང་ཡལ་ག་རྒྱས་པ་མེ་ཏོག་རྣམ་པ་སྣ་ཚོགས་བཀྲ་བ་ཡིད་ཆགས་པ་དེ་ལྟ་བུ་ཞིག་གི་སྟེང་ན་ཤེལ་གྱི་གཞལ་ཡས་ཁང་བཀོད་ལེགས་ཡངས་ཤིང་རྒྱ་ཆེ་བ་འོད་ཟེར་འཕྲོ་བའི་དབུས་ན་སྤྱན་རས་གཟིགས་དཀར་པོ་ཕྱག་བཞི་ཡོངས་གྲགས་བཞིན་ལ་དྭངས་ཤེལ་དྲི་མ་མེད་པ་ཤེལ་ལས་གྲུབ་པ་ལྟ་བུ་ཞིག་གི་སྐུ་ཡི་མདུན་དུ་བདག་ཕྱིན་པ་དང་༔ བདག་གིས་སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་མཆོད་སྤྲིན་ལྟ་བུ་ཡིད་ཀྱིས་སྤྲུལ༔ སྟོང་གསུམ་གྱི་ལྷ་མིའི་བདེ་འབྱོར་བདག་གི་ལུས་ལོངས་སྤྱོད་དང་བཅས་པ་མོས་བློས་མཆོད་དེེ་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ཞེ་ཐག་པ་ནས་མཚན་མང་དུ་བསྐྱར་ཞིང་གསོལ༔ དབང་བཞི་ལེན་པའི་དམིགས་པ་བྱས་པས་སྤྱན་རས་གཟིགས་ཞལ་འཛུམ་གཡས་འོག་མས་མུ་ཏིག་གི་ཕྲེང་

p. 67

བ་ངོམ་ཐབས་སུ་བགྲངས་ནས་ༀ་མ་ཎི་པདྨེ་ཧཱུྃ་འདི་ནི་སངས་རྒྱས་བྱང་སེམས་ཇི་སྙེད་པ་ཐམས་ཅད་ཀྱི་ཐུགས་བཅུད་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་ཡང་སྙིང་ཡིན༔ ཁྱེད་རྒྱ་གར་དུ་སློབ་དཔོན་ཞི་བའི་གོ་ཆ་དང་རྡོ་བོད་མཚམས་སུ་བྱང་ཆུབ་རྒྱལ་པོ་ཡང་ཡིིིན་གསུངས་པ་དང་བདག་གིས་ཡང་སྔ་ཕྱིའི་སྐྱེ་བ་མང་པོ་ཡད་ཡུད་དྲན་བྱུང་༔ ད་རྨི་ལམ་གྱི་ངང་མ་ཤོར་བར་འགྲོ་ལ་འཚེ་བའི་དམ་སྲི་ཀླུ་སྲིན་གདུག་པ་འདུལ་དགོས་བསམ་པ་དང་བདག་ཁྱུང་དམར་མེའི་གཤོག་པ་ཅན་དུ་གྱུར་མཐར༔ འཕུར་ཞིང་ཉུལ་བས་རི་ནག་པོ་དགུ་བསྣོལ་བའི་བར་མཚོ་ནག་པོ་ཞིག་གི་གླིང་ན་གཟུགས་ངེས་འཇོག་མེད་པའི་ནག་པོ་ཉར་ཉོར་ཆེ་བ་གཅིག་འདུག༔ བདག་ཁྱུང་གི་བརྟུལ་ཞུགས་ཀྱི་སྡེར་མོས་བསྡམས་ལག་པས་བརྡེགས་གཤོག་པས་བརྡབས་རྭ་ཡིས་བརྡུངས་མཆུ་ཡིས་རྨུགས་དེ་འདྲ་འགའ་བྱས་ཟིན་པ་དང་༔ ད་རྨི་ལམ་བཅད་དགོས་སྙམ་འོད་གསལ་གྱི་ངང་ལྟ་བ་རྣམ་པར་དག་པས་སྐྱེལ་བསུའི་སླེབ་པར་གཉིད་སད་ཚར་བ་ནའང་

p. 68

ད་དུང་ཏིང་ངེ་འཛིན་གྱི་ངང་ལ་ཁད་དེ་འདུག་གོ༔ གསུམ་པ་ནི༔ མེ་ཁྱི་ལོར་ཉི་སྤྲུལ་རྡོ་རྗེ་འཛིན་པས་བླ་མ་ཡང་ཏིག་གི་དབང་ལུང་ཁྲིད་བཅས་དུས་གཅིག་ཚར་བར་མཛད་དུས་དབང་གསུམ་པའི་ནུབ་མོ་ནམ་སྟོད་སྤྲུལ་སྐུ་མཆོག་དེས་དྲེགས་པ་ཟིལ་གནོན་གྱི་དབང་བསྐུར་བདག་ལ་མཛད་པ་དང་༔ དེའི་མུར་ཁོ་བོ་ཤིན་ཏུ་སྐོམ་ཉམས་འདུག་པས་དགེ་སློང་རྣམ་གྲོལ་བྱ་བ་གཅིག་ལ་ཆང་བསླངས་པས་ཁོ་རང་དབང་བའི་ཆང་ལ་ཆུས་བསངས་ནས་གཞན་གྱི་ཆང་མང་པོའི་གླུམ་རྣམས་འདུག་པ་དེ་ལ་ཁོང་གི་ཆང་དེས་ཆང་ལ་ཆང་བརྒྱབ༔ རིམ་པར་བསངས་ནས་བདག་ལ་བླུད་པས་རོ་ནུས་ཁྱད་པར་འཕགས་པ་དང་ངོམས་པར་རྨིས༔ དེའི་ཐོ་རངས་ཉི་སྤྲུལ་རྡོ་རྗེ་འཆང་ཁྲི་མཐོན་པོའི་སྟེང་ན་གཅེར་བུར་རྡོ་རྗེ་སེམས་དཔའི་འདུག་སྟངས་ཀྱིས་བདག་ལ་རླུང་གི་དམིགས་པ་ཚན་དྲུག་གདམས་པས་གཞན་རྣམས་བརྗེད་སོང་༔ དམིགས་ཚན་རྗེས་མ་གཅིག་ནི་འདི་ལྟར་སྣ་སྒོར་བླ་མ་བསྒོམས་ནས་ཁམས་གསུམ་གྱི་རླུང་བསྡུས་བླ་མར་བསྟིམ་སྟེ༔ བླ་མ་ནི་སྐུ་གཅིག་ལས་གཉིས་

p. 69

གྱུར་རོ་རྐྱང་ནས་ཞུགས་དབུ་མའི་ལམ་ནས་བརྒྱུད་སྙིང་གར་བླ་མ་རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་གླུ་ལེན་བྲོ་རྡུང་བྱེད་པར་དམིགས་ནས་རླུང་བཟུང་གསུངས་སོ༔ ཡང་གཅིག་རྗེ་བཙུན་དམ་པ་དེ་ལས་ཟབ་མོ་ཡང་ཏིག་གི་དབང་ཞུས་པའི་རྨི་ལམ་དུ་ནམ་མཁའ་གཡའ་དག་ཉི་མ་ཤིན་ཏུ་གསལ་ཞིང་འོད་འབར་བར་འདུག༔ བདག་གི་ལག་ན་ཤེལ་རྡོ་མདའ་ཚད་ཙམ་ཤིན་ཏུ་སྦོམ་པ་སྣུམ་སྲབ་མོས་བག་ཙམ་གོས་པ་ཞིག་ཐོགས་ནས་ངོ་བོ་རང་བཞིན་ཐུགས་རྗེའི་དཔེ་དང་འཇའ་ཡི་རྣམ་པ་ལ་ལྟ་བར་རྨིས༔ བཞི་པ་ནི༔ ཁོ་བོས་བི་མ་ལ་བསྙེན་པའི་རྨི་ལམ་དུ་ཉི་སྤྲུལ་གྱིས་བླ་མ་ཡང་ཏིག་གི་དབང་བདག་ལ་མཛད་པར་སྣང་ཞིང་༔ རྡུལ་ཚོན་དེ་དངོས་དབང་དུས་ལས་མདོག་བཀྲག་པར་སྣང་༔ རྗེ་བླ་མ་དམ་པ་དེས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་གྱུར་གསུངས་པའི་མུལ་ཕྱག་ཕྲེང་བགྲངས་ནས༔ ཏདྱ་ཐཱཿ ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་ཡེ་སྭཱ་ཧཱ༔ གསུངས་པའི་འཕྲོར་ཕྱག་ཕྲེང་བདག་ལ་

p. 70

གཏད་དབང་རྫས་དཀྱིལ་འཁོར་དང་བཅས་པ་བདག་ལ་ཐིམ་པར་རྨིས༔ ལྔ་པ་ནི༔ ཉི་སྤྲུལ་རྡོ་རྗེ་འཛིན་པ་ལས་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་བཅས་གཏེར་གཞུང་ཟོལ་མེད་ཀྱི་སྟེང་ནས་ཞུས་པས་དབང་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ཀར་ཞག་གསུམ་འགོར་བའི་དེའི་རིང་ཀུན་བཟང་ཡབ་ཡུམ་མཐིང་གའི་སྐུ་ལས་འོད་ཟེར་མུ་མེད་པར་མཆེད་པའི་ནང་ན་རིགས་ལྔ་ཡབ་ཡུམ་ལོངས་སྤྱོད་སྐུ་ཅན་ཉིན་མཚན་ཁོར་ཡུག་ཏུ་དཀྱིལ་འཁོར་གྱི་རྡུལ་ཚོན་མ་བསྡུས་བར་དུ་འབྲལ་བ་མེད་པར་བྱུང་བ་འདི་གཞན་མ་མགུ་རུང་རང་སྣང་ལ་རང་ཡིད་ཆེས་པའི་དག་སྣང་ལ་ཤིན་ཏུ་འགང་ཆེ་བ་གཅིག་ཡིན༔ དྲུག་པ་ནི༔ མཆིམས་ཕུ་དཔལ་གྱི་གནས་སུ་ཡོད་དུས་ནུབ་གཅིག་རྨི་ལམ་དུ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་གཏེར་རྫོགས་ཆེན་ཡིན་ཟེར་བའི་ཡི་གེ་ལྡེབ་བུ་གཅིག་བུད་མེད་ཅིག་གིས་གཏད་བྱུང་བས་དེ་དུམ་བུར་བཏང་བའི་དུམ་གཅིག་བདག་གིས་ཟོས་ཤིང་གྱུར་མིད་ཏུ་བཏང་བ་རྨིས༔ ཕྱིའི་ནངས་ཁྲེགས་ཆོད་གནད་འགག་བརྡ་དོན་མང་པོ་འཛད་མེད་དུ་སྨྲ་ནུས་

p. 71

པ་ཙམ་བྱུང་སྟེ་ཡི་གེར་མ་བཏབ༔ བདུན་པ་ནི༔ ཉང་དང་ཆོས་དབང་གི་གཏེར་བྱོན་གླེགས་བམ་མང་པོ་མཇལ་བའང་རྨིས༔ བརྒྱད་པ་ནི༔ རྨི་ལམ་དུ་བུད་མེད་རཏྣ་དང་རུས་པ་མེ་ཏོག་དར་གྱིས་བརྒྱན་པ་མང་པོས་ཡི་གེ་ཐོགས་ནས་འདུག་པས་ཡི་གེ་གང་ཡིན་དྲིས་པས་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིན་ཟེར༔ བདག་ལ་ཤོག་བུ་ཡུག་ཤིན་ཏུ་ཆེ་བ་གཅིག་གཏད་ནས་ད་ཁྱོད་སྐྱུགས་ཟེར་བས་བདག་རང་དབང་མེད་པར་བསྐྱུགས་པས་ཡི་གེ་གཤར་མ་ཁ་ནས་ལམ་ལམ་ཐོན་ནས༔ ཤོག་གུ་དེའི་སྟེང་དུ་ཁྲ་ལམ་གྱིས་འཁོད་པར་གྱུར༔ དེ་རྣམས་རང་ལུགས་རྫོགས་པ་ཆེན་པོའི་ཚིག་རིས་ཁོ་ནར་འདུག༔ དགུ་པ་ནི༔ ལྕགས་གླང་ལོར་ཁྲོ་ཤུལ་དུ་རང་གི་སློབ་མ་རིག་འཛིན་དང་༔ དེའི་འཁོར་ཁྲིད་དུ་འདུ་བ་མང་རབ་བྱུང་བ་རྣམས་ལ་བཀའ་རྫོགས་པ་ཆེན་པོ་རྩ་གསུམ་གསང་བ་སྙིང་ཐིག་གི་ཁྲིད་བྱས་པས༔ དགུན་ཤིན་ཏུ་གྲང་དུས་ཡིན་ནའང་དབྱར་ལྟར་དྲོད་བྱུང་ཆུ་མི་འཁྱག་པ་དང་༔ སྔོ་ཡི་མྱུ་གུ་རྡོལ༔ བཅུ་པ་ནི༔ དེའི་འཕྲོར་བླ་མ་ཡང་ཏིག་གི་དབང་

p. 72

ལུང་བྱས་པས་དབང་གསུམ་སོང་བའི་ནུབ་མོ༔ ཉི་སྤྲུལ་རིན་པོ་ཆེའི་མདུན་ན་བདག་འདུག་ཤོག་སེར་བརྡ་ཡིག་ཅན་ཤིན་ཏུ་ཆེ་བ་གཉིས༔ ཡང་གཅིག་ཟབ་ཆེན་སྔོན་པོ་ལ་གསེར་གྱིས་མཚོ་རྒྱལ་གྱིས་ཕྱག་བྲིས་སུ་སྣང་བ་དེ་རྣམས་བདག་གི་ལག་ན་འདུག་པ༔ ཕུད་ཅུང་ཟད་སྐྱབས་མགོན་རིན་པོ་ཆེ་ལ་ཕུལ་བས་ཞལ་དུ་གསོལ་ནས་འདི་རྣམས་རྫོགས་པ་ཆེན་པོའི་ཆོས་སུ་འདུག་གསུངས་ནས་ཞལ་འཛུམ་མུལ་བཞུགས༔ ཡང་དབང་དེའི་འཕྲོ་ནུབ་གཅིག་རང་གི་ཐད་ཀའི་བར་སྣང་ལ་ཤོག་གུ་ལྗང་ཁྱུག་ཁྱུག་བྱེད་པའི་ངོས་སུ་རྡོ་རྗེ་རྒྱ་གྲམ་གྱི་རི་མོ༔ དེའི་ལྟེ་བར་འབྲུ་གསུམ་བརྩེགས་མར་དེའི་མཐར་རླུང་རིག་དག་ཚུལ་སོགས་རྫོགས་ཆེན་གྱི་ཚིག་རིས་འགའ་སྣང་བར་རྨིས༔ དེ་ནས་རིང་ཞིག་མ་འགྱངས་པར་རང་གི་རིམ་གྲོར་ཧཱུྃ་སྒྲུབ་བྱས་པའི་དངོས་ཉམས་རྨི་ལམ་དུ་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ཡང་ཡི་གེ་མང་བས་རེ་ཞིག་བཞག༔ དེ་དུས་ནུབ་གཅིག་རྨི་ལམ་དུ་ཉི་གྲགས་མཆོག་གི་སྤྲུལ་པའི་སྐུས་བླ་མ་ཡང་ཏིག་གི་ཕྱག་དཔེ་བསྣམས་ཤིང་དབང་གཉིས་པའི་

p. 73

དབང་རྣམས་བསྐུར་ཚར་བ་རྨིས་སོ༔ ཨ་ཏི་བླ་མེད་ཀྱི་སྐོར་གང་ཟག་གཅིག་གིས་ཉམས་སུ་ལེན་སྙམ་ན་ཁོ་བོས་འདི་ལྟར་སྙམ༔ རྒྱུ་འབྲས་སྤང་བླང་དྲང་དོན་མདོ་སྡེ་ལྟར་དང་སེམས་བསྐྱེད་ཐེག་པ་ཆེན་པོའི་མདོ་ལྟར་དང་༔ གསང་སྔགས་ཀྱི་ཐབས་ལམ་ཆེས་རྨད་དུ་བྱུང་བ་རྣམས་ལམ་སྟེགས་སུ་འོས་པ་དང་༔ གསང་སྔགས་ཀྱི་བསྒྲུབ་བྱའི་མཐར་ཐུག་པ་ཚུལ་འདིའི་ལམ་དུ་བྱེད་པས་ན་རྫོགས་པ་ཆེན་པོ་འབྲས་བུ་ལམ་བྱེད་ཀྱི་ཐེག་པར་གྲགས༔ ལྟ་བ་རྫོགས་ཆེན་གྱི་བཞེད་སྲོལ་མདོ་དང་ཕྱོགས་མཐུན་པ་ཙམ་བྱེད་ན་སྤྱིར་འཁོར་ལོ་ཐ་མ་དང་འབྲེལ་ཆགས་ཤིང་ཁྱད་པར་ལི་ཙཱ་བི་དྲི་མ་མེད་པར་གྲགས་པས་བྲིས་པའི་མདོ་དང་དགོངས་པ་ལྷག་པར་ཆེས་མཐུན་པར་ཚོམ་མེད་སྣང་༔ སྙིང་ཐིག་བཀའ་གཏེར་དག་སྣང་འདུས་པའི་བཅུད༔ རྡོར་སེམས་སྙིང་ཐིག་ལོ་རྒྱུས་ནོར་བུའི་ཕྲེང་༔ རྒྱལ་བ་རིག་འཛིན་བཀའ་སྡོད་ཤན་དམར་ལ༔ བཀའ་འདི་གཉེར་དུ་གཏད་དོ་ཐུབ་པར་སྲུངས༔ ཐེག་རིམ་འོག་མའི་ལྟ་སྒོམ་ཀླན་ཀ་རྣམས༔ རྫོགས་ཆེན་དགོངས་པ་

p. 74

གཅིག་ཅེས་འདོམས་བྱེད་ཀྱང་༔ ར་གན་གསེར་གྱི་གྲངས་སུ་བརྩི་བ་འདྲའི༔ ལོག་པར་སྤྱོད་པའི་བདུད་ཚོགས་ཚར་གཅོད་ཤོག༔ ས་མ་ཡཱ༔ ཞེས་པའི་ལོ་རྒྱུས་འདི་རྣམས་བཀའ་རྒྱའི་གནད་ཆེ་ཤོས་ཡིན་ནའང་༔ རང་གི་གམ་དུ་ཆང་གཉིས་པ་ཞིག་ཡོད་པ་དེ་ཕྱི་ཉིན་ཤིན་ཏུ་ལེགས་པ་ཞིག་ལམ་སོང་ཡོད་ཐོག༔ བྱང་ཆུབ་སེམས་ལྡན་ཚེའི་རིག་བྱེད་ལ་དབང་འབྱོར་བ་གུ་རུ་འཕེལ་གྱིས་སྡེབ་སྦྱོར་དཎྜིའི་ལམ་ཡངས་པོ་ནས་དྲངས་པའི་བསྐུལ་ཚིག་ཚིགས་སུ་བཅད་དེ་སུམ་སྦྱོར་པྲྀཏྟས་མཛེས་པར་སྤྲས་པ་སྐྱེས་བཟང་བཀྲ་ཤིས་པའི་རེག་བྱ་དཀར་པོ་སྲིད་ན་རིང་བ་དང་ཟ་འོག་བཻཌཱུའི་མདངས་ལྡན་རིན་ཆེན་གཉིས་པ་སྲང་གང་བཅས་འབྱོར་འཛོམས་རྟེན་འབྲེལ་ཡིད་ཀྱི་པདྨོའི་ཁ་དང་པོར་འབྱེད་ཚེ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡི་གེ་པ་ནི་བསོད་ནམ་ཆོས་བཟང་ངོ་༔ སརྦ་མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ བྱིན་རླབས་རང་བྱུང་གི་རྒྱུད།

p. 75

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ བྱིན་རླབས་རང་བྱུང་གི་རྒྱུད་ཅེས་བྱ་བ་བཞུགས་སོ༔

p. 76

ཀུན་ཏུ་བཟང་པོས་རྡོ་རྗེ་འཆང་ཆེན་ལ༔ རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་དཔའ་ལ༔ གཅིག་གིས་གཅིག་ལ་དགོངས་པས་བྱིན་བརླབས་པའི༔ དགོངས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ༔ དེ་ཡིས་ཤྲཱི་སེང་དེ་ཡིས་པད་འབྱུང་སྟེ༔ བརྡ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ པད་འབྱུང་བི་མས་ཆོས་རྒྱལ་རྗེ་འབངས་དང་༔ བཀའ་གཏེར་དག་སྣང་བྱིན་རླབས་བརྒྱུད་འཛིན་པའི༔ སྙན་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཁྱད་འཕགས་ཀ་དག་ལྷུན་གྲུབ་ཉེ་ལམ་

p. 77

གྱི༔ ཚེ་གཅིག་འོད་ལུས་འཕོ་བ་ཆེར་འགྲུབ་པའི༔ གྲུབ་བརྙེས་མང་དུ་བྱོན་ལ་ཕྱག་འཚལ་ལོ༔ ཚེ་འདིར་མངོན་ཤེས་རྫུ་འཕྲུལ་མངའ་བརྙེས་ཤིང་༔ བར་དོར་ཆོས་ལོངས་སྤྲུལ་གསུམ་གང་རུང་དུ༔ གྲོལ་རྟགས་ངོ་མཚར་སྟོན་ལ་ཕྱག་འཚལ་ལོ༔ དོན་གྱི་སྙིང་པོ་རང་རིག་སངས་རྒྱས་མཆོག༔ འཁོར་འདས་ཀུན་ལ་ཁྱབ་པར་བཞུགས་པ་ཡི༔ ཆོས་དབྱིངས་ཡེ་ཤེས་མཆོག་ལ་ཕྱག་འཚལ་ལོ༔ བརྗོད་དུ་མེད་པའི་ཆོས་དབྱིངས་ཡེ་ཤེས་ངང་༔ ཚིག་ལས་འདས་པ་དེ་ལ་ཕྱག་འཚལ་ལོ༔ བསམ་དུ་མེད་པའི་ཡེ་ཤེས་ཆེན་

p. 78

པོ་སྟེ༔ བློ་ལས་འདས་པ་དེ་ལ་ཕྱག་འཚལ་ལོ༔ སྒོམ་དུ་མེད་པའི་ཡེ་ཤེས་ཆེན་པོ་སྟེ༔ སྟོང་ཉིད་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ༔ རྩོལ་སྒྲུབ་ཐེག་པའི་གཟུང་འཛིན་ཆད་པ་ཡི༔ བྱ་བྲལ་བདེ་བ་ཆེན་པོར་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས་མཆོད་པར་བརྗོད་པའི་ལེའུ་སྟེ་དང་པོའོ༔ སངས་རྒྱས་སེམས་ཅན་ཀུན་ལ་གནས་པ་ཡི༔ དོན་དམ་སྙིང་པོ་རང་རིག་བྱང་ཆུབ་སེམས༔ རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་ཅིང་༔ གང་ནས་མ་བྱུང་གར་ཡང་མི་གནས་པ༔ མ་འགགས་འགག་པ་མེད་པའི་རང་བཞིན་ཅན༔ སྐྱེ་འགག་གནས་གསུམ་ཀུན་དང་བྲལ་བ་སྟེ༔ བྲལ་དང་མི་འབྲལ་ཞེས་བྱའི་མཐར་མི་གནས༔ ཁ་དོག་དབྱིབས་དང་མཚན་ཉིད་འདི་ཞེས་མེད༔ བཙལ་བས་མི་རྙེད་ཚིག་ཏུ་སྨྲ་མི་བཏུབ༔ བཙལ་མཁན་བརྟགས་པས་རང་སྟོང་རང་དག་འགྱུར༔ གཉིས་ཆོས་ཐམས་ཅད་གཉིས་དང་གཉིས་མེད་ཡིན༔ དེ་ཕྱིར་སྟོང་པ་ཉིད་ཅེས་ཀུན་གྱིས་བརྗོད༔ སྟོང་པར་བཟུང་ནའང་དེ་ཉིད་འཆིང་བར་འགྱུར༔ གསལ་སྟོང་རིག་གསུམ་རྒྱུན་ཆགས་གནས་པའི་ཕྱིར༔ ཧྭ་

p. 79

ཤང་བེམ་སྟོང་ནམ་མཁའ་ལྟ་བུ་མིན༔ འཁོར་འདས་བདེ་སྡུག་སྐྱོན་ཡོན་ལྟར་སྣང་ཕྱིར༔ ཅི་ཡང་མེད་པའི་སྟོང་ཆད་མ་ཡིན་ནོ༔ དངོས་པོར་བཟུང་བ་འཁྲུལ་བའི་རང་བཞིན་ཏེ༔ སྟོང་པར་བཟུང་བ་དེ་བས་ནོར་བ་ཆེ༔ གང་ལྟར་བཟུང་བ་དེ་དེ་འཆིང་བའི་རྒྱུ༔ འཆིང་བས་བཅིངས་པས་ཁམས་གསུམ་འཁོར་བར་འཁོར༔ གཞི་ཉིད་ངོ་བོ་ཀ་ནས་དག་ན་ཡང་༔ ལྷན་སྐྱེས་མ་རིག་སྒྲིབ་པས་རང་ངོ་བསྒྲིབས༔ བླ་མས་ཐབས་ཀྱིས་མ་རིག་དེ་བསལ་བས༔ རིག་པ་ཀ་དག་ཡེ་ཤེས་རང་ངོ་མཐོང་༔ འདི་ལ་ཆོས་སྐུ་དག་པ་གཉིས་ལྡན་བརྗོད༔ དོན་ལ་གདོད་མའི་ཀ་ནས་དག་པ་དེ༔ དྲི་མར་བཅས་དང་དྲི་མ་དག་པའི་དོན༔ བློ་ལྡན་རྣམས་ཀྱིས་དེ་ལྟར་ཤེས་པར་བྱ༔ མིང་མཚོན་ཚིག་འདས་སྟོང་པ་དབྱིངས་ཀྱི་ཀློང་༔ རྟོག་ཚོགས་སྣ་ཚོགས་ཡེ་ཤེས་རང་རྩལ་ཏེ༔ རང་གསལ་རིག་པའི་རྒྱས་ཐེབས་སྲས་བདེ་ཆེན༔ དེ་ལྟར་སུས་ཤེས་རིག་པའི་དོན་ལ་མཁས༔ རྟོག་ཚོགས་མེད་པའི་དྭངས་གསལ་ཞི་གནས་ཏེ༔ རྣམ་རྟོག་ཞི་བའི་ཕྱིར་ན་ཞི་གནས་ཟེར༔ གནས་པ་

p. 80

རང་ངོ་ཤེས་པ་ལྷག་མཐོང་ཡིན༔ ཞི་ལྷག་ཟུང་འཇུག་ཏིང་འཛིན་སྒོམ་པ་མཆོག༔ སྲིད་ལས་རྣམ་གྲོལ་ཡེ་ཤེས་ཀློང་དུ་གྲོལ༔ གནས་ཉམས་དྭངས་ཆ་མེད་པ་བྱིང་བ་ཡིན༔ རྟོག་པ་མི་གནས་ཡང་ཡང་འཕྲོ་བ་རྒོད༔ གང་ཤར་མ་བཅོས་འཇོག་པ་གདམས་ངག་ཡིན༔ ཀྱེ་ཧོ་རང་རིག་ཆོས་སྐུ་འགྱུར་བ་མེད༔ དཔེ་ཡིས་མི་མཚོན་ཚིག་གིས་བརྗོད་དུ་མེད༔ ཅི་ཡང་མེད་པའི་སྟོང་པ་ཆེན་པོ་ལ༔ གང་ཡང་མ་འགགས་སྣ་ཚོགས་འཆར་བའི་གཞི༔ མ་བཅོས་རང་གདངས་ལྷུག་པའི་ངང་དུ་ཞོག༔ གནས་སོ་སྙམ་པ་ཏིང་འཛིན་དུག་ཅན་ཡིན༔ རང་གསལ་འཛིན་པ་མེད་པའི་ངོ་བོ་སྐྱོངས༔ བསྒོམ་མོ་སྙམ་པ་བློ་ཡི་རྟོད་ཕུར་ཡིན༔ སྒོམ་བྱེད་བློ་བྲལ་རང་གའི་ངང་དུ་གློད༔ དུག་ལྔ་རྣམ་དག་གཟུང་འཛིན་གང་ཤར་ཡང་༔ དེ་ག་གཅེར་གྱིས་ངོ་ཡིས་ཟིན་བྱས་ནས༔ བསུ་བསྐྱེལ་འཕྲོ་མཐུད་མེད་པར་བཙན་གྱིས་བཞག༔ ཤར་གྲོལ་ཆུ་ལ་ཆུ་རླབས་ཐིམ་པ་འདྲ༔ དམིགས་མེད་སྟོང་གསལ་ཆོས་སྐུའི་ངང་དུ་གནས༔ ཤར་བར་བཟུང་དང་གྲོལ་དང་གནས་པར་བཟུང་༔ འཛིན་མེད་བློ་འདས་དོན་དེ་མ་

p. 81

རྟོགས་པའི༔ སྒོམ་ཆེན་དེ་ནི་སྲིད་པར་མི་ འཆིང་སྟེ༔ ཚོགས་དྲུག་ཡུལ་གྱི་རྟོག་ཚོགས་ཐམས་ཅད་ལ༔ མ་བཅོས་ལྷུག་པའི་ངང་དུ་བབས་ཀྱིས་ཞོག༔ མ་འགགས་ཕྱིར་ན་རྐྱེན་སྣང་དབང་པོ་གསལ༔ མ་བཟུང་ཕྱིར་ན་རང་རིག་སྤྲོས་བྲལ་ངང་༔ ཚོགས་དྲུག་གསལ་ལ་འཛིན་མེད་ཡེ་ཤེས་ཀློང་༔ གང་ཤར་ཏིང་འཛིན་ངང་དུ་ལམ་ཁྱེར་བར༔ མ་སྤངས་མ་བླངས་མ་བཅོས་མ་བསྒྱུར་བར༔ གང་ཤར་རང་གྲོལ་ཆོས་ཉིད་དགོངས་པའི་ངང་༔ མེ་ཚོགས་ཆེན་པོ་རབ་ཏུ་འབར་བའི་ནང་༔ བུད་ཤིང་སྐམ་རློན་མེད་པར་འབར་བའི་གྲོགས༔ དེ་བཞིན་རྣལ་འབྱོར་སྒོམ་ལ་བྱང་ཆུབ་བར༔ རྣམ་རྟོག་བཟང་ངན་མེད་པར་ཆོས་སྐུར་གྲོལ༔ བཟང་ངན་སྤང་བླང་ཐེ་ཚོམ་ཐམས་ཅད་ཀུན༔ འདེམ་ཀ་མེད་པར་རང་བཞག་རང་གྲོལ་ངང་༔ རྣལ་འབྱོར་དབང་ཕྱུག་མཆོག་གི་འབྲས་བུ་ཉིད༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས་ཆོས་ཉིད་ལྟ་བའི་བབས་ཆེན་པོ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ༔ ཀྱེ་ཀྱེ་གདོད་མའི་ཀ་དག་འཕོ་འགྱུར་མེད་པ་དེ༔ ལྷན་སྐྱེས་མ་རིག་མུན་པས་མ་བསྒྲིབས་ཤིང་༔ ཤེས་

p. 82

རབ་ཆ་ལས་རྟོག་པ་མ་འགྱུས་ལ༔ ཆགས་སྡང་རླུང་གིས་གཟུང་འཛིན་མ་བྱས་ན༔ ཁམས་གསུམ་རིགས་དྲུག་བདེ་སྡུག་ཅི་སྟེ་མྱོང་༔ སེམས་ཉིད་རང་ངོ་ཤེས་ན་ཡེ་སངས་རྒྱས༔ མ་བྱས་ལྷུན་གྲུབ་རང་ཆས་འོད་ལྔ་དང་༔ བདག་ཏུ་བཟུང་བའི་འདོད་པར་མ་ཞེན་ཅིང་༔ ང་རྒྱལ་རྒྱགས་དང་སེར་སྣས་མ་བཀྲེན་དང་༔ གཞན་དུ་བཟུང་ནས་དེ་ལ་སྡང་སེམས་དང་༔ ཕྲག་དོག་མིག་སེར་རྐྱེན་ཕྱིར་མ་འབྲངས་ན༔ ཡུལ་དང་ལུས་དང་འཁོར་བ་ཅི་སྟེ་གྲུབ༔ བར་དོར་ཤར་བའི་སྒྲ་འོད་ཟེར་གསུམ་རྣམས༔ རང་སྣང་བདུད་དུ་ལངས་པས་མ་དཀྲུགས་ན༔ སྲིད་པའི་བདེ་སྡུག་སྣ་ཚོགས་ཅི་སྟེ་གྲུབ༔ ཡུལ་དང་ཡུལ་ཅན་རིགས་དྲུག་གནས་དང་རྟེན༔ ཀུན་རྫོབ་རྫུན་གྱི་རི་མོ་ཅི་ཡང་ཤར༔ རྨི་ལམ་དང་ནི་སྒྱུ་མ་ཇི་བཞིན་ནོ༔ ཀ་དག་རང་ངོ་ཤེས་པས་ཆོས་སྐུར་གྲོལ༔ ལྷུན་གྲུབ་རིག་པས་གཟེར་ཐེབས་གདོས་བཅས་འཛད༔ འདི་ནི་ཀ་དག་དང་ནི་ལྷུན་གྲུབ་ཀྱི༔ འཁྲུལ་གྲོལ་གནད་ཀྱི་མན་ངག་ལྟས་ཆོག་ཡིན༔ ཕྱི་རབས་རྣམས་ཀྱིས་འདི་ལ་གཅེས་པར་ཟུངས༔ ལུས་བཅོས་ངག་བསྡམས་

p. 83

སེམས་ཀྱི་ཕན་གནོད་འདེམ༔ མན་ངག་དེ་ནི་ཁམས་གསུམ་སྒྲུབ་ཐབས་ཡིན༔ ཆེད་འཛིན་དམིགས་གཏད་ཀུན་བྲལ་རང་གའི་ངང་༔ སྤང་བླང་དགག་སྒྲུབ་ཞིག་པ་རྗོགས་ཆེན་ཡིན༔ མན་ངག་ཟབ་མོ་གནད་ཀྱི་ཞལ་ཐེམས་ཡིན༔ འདི་ལྟར་སེམས་དང་ཡུལ་གྱི་སྣང་བ་ལ༔ སེམས་ཉིད་རང་ངོ་ཤེས་ན་ཡེ་ཤེས་ཡིན༔ སྤང་བླང་འཛིན་པ་མེད་ན་ཆོས་སྐུ་ཡིན༔ རྩོལ་སྒྲུབ་རེ་དོགས་བྲལ་ན་རང་གྲོལ་ཡིན༔ གཞི་རྩ་དངོས་འཛིན་སྟོང་ན་འབྲས་བུ་ཡིན༔ སྐྱོན་ནི་ཡེ་ནས་དག་པའི་ཀ་དག་ངང་༔ ཡོན་ཏན་རང་བཞིན་ལྷུན་གྲུབ་ཐོད་རྒལ་གྱི༔ འཁྲུལ་གྲོལ་གནད་ཀྱི་སྲོག་ཕུར་མདོར་བསྟན་ནོ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས་ཀ་དག་ལྷུན་གྲུབ་ཀྱི་གནད་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་ཡང་དག་བཤད་པར་བྱ་བ་ནི༔ དྲི་མར་བཅས་པ་གཞི་ཡི་གནས་སྐབས་དང་༔ དྲི་མ་སྦྱོང་བ་ལམ་གྱི་གནས་སྐབས་དང་༔ དྲི་མ་བྲལ་བ་འབྲས་བུའི་གནས་སྐབས་ཡིན༔ ཚུར་དེ་མ་ནོར་ཡིན་ལུགས་ཤེས་པར་བྱ༔ འཁོར་འདས་ཆོས་ཀུན་ངོ་བོའི་ཆ་ནས་སྟོང་༔ ཆོས་ཀུན་སོ་སོའི་

p. 84

མཚན་ཉིད་རང་བཞིན་ཏེ༔ སོ་སོའི་བྱེད་ལས་ཐུགས་རྗེ་འགག་མེད་ཉིད༔ འདི་ནི་ངེས་གསང་སྙིང་པོའི་བཞེད་ཚུལ་ལོ༔ ཨེ་མ་ཧོ༔ རྨད་བྱུང་རྒྱལ་པོ་ཆོས་ཉིད་རྫོགས་པ་ཆེ༔ རྒྱུ་འབྲས་ཐེག་པའི་རྩོལ་སྒྲུབ་ཀུན་ལས་འདས༔ དམིགས་འཛིན་བློ་ཡིས་འཆིང་བ་ཀུན་དང་བྲལ༔ སྒྲིམ་གློད་རེས་འཇོག་བྱ་བྱེད་མེད་པའི་ངང་༔ ཡོན་ཏན་སྒྲུབ་མེད་སྐྱོན་ལ་སྤང་དུ་མེད༔ ལྟ་བ་བལྟ་བྱ་ཡོད་ན་རྫོགས་ཆེན་མིན༔ ངོས་བཟུང་ཁས་ལེན་མེད་པར་ལྟ་བ་ཡིན༔ སྒོམ་པར་བསྒོམ་བྱ་ཡོད་ན་རྫོགས་ཆེན་མིན༔ སྒོམ་མེད་འཛིན་མེད་རང་གསལ་སྒོམ་པ་ཡིན༔ སྤྱོད་པ་སྤྱད་བྱ་ཡོད་ན་རྫོགས་ཆེན་མིན༔ ཐམས་ཅད་ཉམས་ལེན་རྩིས་ཟིན་སྤྱོད་པ་ཡིན༔ འབྲས་བུ་ཐོབ་བྱ་ཡོད་ན་རྫོགས་ཆེན་མིན༔ བྲལ་ཐོབ་མེད་པའི་མངོན་གྱུར་འབྲས་བུ་ཡིན༔ ལྟ་སྒོམ་སྤྱོད་པ་འབྲས་བུའི་རྣམ་པ་བཞི༔ མཐོང་དང་བསྒོམ་དང་གོམས་དང་མཐར་ཕྱིན་དོན༔ དོན་དམ་སེམས་ཉིད་གཅིག་གི་རོལ་པ་ཡིན༔ སོ་སོར་རིས་བཅད་བློས་བཟུང་འཁྲུལ་བར་འཕྱན༔ འཁྲུལ་བས་འཁྲུལ་བར་ཁྲིད་པའི་སྒོམ་ཐབས་

p. 85

རྣམས༔ འཁོར་བའི་འཁོར་ལོར་འཕྱང་མོ་ཉུག་ཏུ་འཁྱམས༔ རང་ཡིན་རང་ངང་འཇོག་པར་མ་ཤེས་ན༔ གཞན་དུ་བཟུང་ནས་སེམས་ཉིད་སྟོར་བ་རྨོངས༔ རང་བབས་སྤྲོ་བསྡུ་མེད་པར་མ་ཤེས་ནས༔ བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ༔ ཡེ་ནས་རང་དང་འབྲལ་མེད་མ་ཤེས་པར༔ དུས་གསུམ་ལྟར་བཟུང་ས་མཚམས་ལྟར་བཟུང་ནོར༔ རང་རིག་སངས་རྒྱས་ཡིན་པར་མ་ཤེས་ནས༔ སངས་རྒྱས་གཞན་ནས་ཐོབ་འདོད་གཏི་མུག་གདོན༔ རང་བཞག་རང་གསལ་རང་ངང་རྫོགས་པ་ཆེ༔ ཆོས་ཀུན་ཟད་པའི་མཐར་ཐུག་བློ་བདེའོ༔ ཆོས་རྣམས་ཟད་ན་གདོད་མའི་དགོངས་པར་ཕྱིན༔ ཀུན་བཟང་དགོངས་པའི་ཀློང་དུ་མྱ་ངན་འདའ༔ ཕ་མཐར་མི་མངོན་འཁོར་བའི་རྒྱ་མཚོའི་ནང་༔ སྐལ་བཟང་མི་ལུས་རིན་ཆེན་རྙེད་པ་རྣམས༔ ཆོས་ཟད་སྙིང་པོའི་གདམས་པ་འདིར་ཞུགས་ཤིག༔ མི་རྟག་འཆི་བ་ནམ་ཡོང་ཆ་མེད་པས༔ ཉིན་མཚན་བརྩོན་པས་ཆོས་ལ་འབད་པར་མཛོད༔ དེ་ཡང་ཕྱི་དུས་རེ་བ་མ་ཡིན་པར༔ ཚེ་འདི་ཉིད་ལ་རྣམ་མཁྱེན་སྒྲུབ་པར་

p. 86

འཚལ༔ སྔོན་རབས་གྲུབ་པ་རྣམས་ཀྱི་བསྟི་གནས་དང་༔ དབེན་ཞིང་ཉམས་དགའ་ཞི་བའི་ནགས་ཁྲོད་དུ༔ ཆོས་མཇུག་འཆི་དང་མཉམ་པའི་སྙིང་སྟོབས་ཀྱིས༔ རང་གཞན་དོན་གཉིས་བསྒྲུབ་ལ་དགའ་བར་མཛོད༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས༔ རིག་པའི་ངེས་དོན་བཤད་པའི་ལེའུ་སྟེ་བཞི་པའོ༔ ཨ་ཧོ༔ མ་བྱས་ལྷུན་གྱིས་གྲུབ་པའི་སེམས་ཉིད་འདི༔ མ་བཙལ་མ་བཞག་སྤྲོས་དང་བྲལ་བའི་ངང་༔ མ་ཡེངས་མི་དམིགས་བསམ་ལས་འདས་པའི་ཆོས༔ མ་བཅིངས་མ་གྲོལ་ཇི་བཞིན་ལྷུག་པར་གློད༔ གཞི་རྩ་དངོས་པོ་བྲལ་བའི་རིག་པ་དེ༔ མཐའ་དང་དབུས་དང་ཕྱོགས་ལྷུང་ཀུན་དང་བྲལ༔ འདི་ཡིན་འདི་མིན་སྒྲ་ཚིག་གང་ཡང་མེད༔ མཚོན་དཔེ་ཀུན་བྲལ་ཕྱིར་ན་སྟོང་པ་ཉིད༔ རང་གནས་ཡེ་ཤེས་རྟོག་པ་བྲལ་བའི་ངང་༔ ཡེ་ཤེས་རྩལ་སྣང་རྣམ་རྟོག་འཕྲོ་འདུ་སོགས༔ ཀུན་ཀྱང་མ་བཅོས་རང་བཞག་བདེ་བ་ཆེ༔ རང་ངོ་རང་ཤེས་གྲོལ་ལམ་སྒོམ་པའི་མཆོག༔ གནས་པ་རང་ཡིན་འཕྲོ་བ་རང་ཉིད་ཡིན༔ བདེ་བ་རང་ཡིན་སྡུག་བསྔལ་རང་ཉིད་ཡིན༔ ཡེ་ཤེས་རང་ཡིན་དུག་ལྔ་རང་ཉིད་

p. 87

ཡིན༔ རང་ཉིད་གཞན་དུ་མ་བཙལ་རང་ངོར་ལྟོས༔ གང་ཤར་གང་སྣང་སྣང་སྲིད་འཁོར་འདས་ཆོས༔ སྐྱོན་དང་ཡོན་ཏན་སྤང་བླང་དགག་སྒྲུབ་ཆོས༔ སེམས་ཀྱི་རྩལ་དང་རྒྱན་དང་རོལ་པ་ཡིན༔ མ་བཅོས་རང་ཤར་རང་གྲོལ་ཆོས་སྐུའོ༔ ངེས་པའི་དོན་ལ་ལྟ་སྒོམ་སྤྱོད་འབྲས་མེད༔ ངེས་པའི་དོན་ལ་སྐྱོན་ཡོན་མཚན་མ་མེད༔ ངེས་པའི་དོན་ལ་སངས་རྒྱས་སེམས་ཅན་མེད༔ ངེས་དོན་ཆོས་ཟད་གདོད་མའི་གཞི་ལ་ཐུག༔ ཨཿ ཆོས་ཀུན་མེད་པའི་དགོངས་པར་ལ་བཟླས་ཀྱང་༔ ལམ་གྱི་དུས་ན་བརྗོད་མེད་རང་གསལ་ངང་༔ སངས་རྒྱས་དུས་ན་སྐུ་གསུམ་མཛད་པ་དང་༔ འཁོར་བའི་འཁྲུལ་སྣང་གང་ཡང་འགག་མེད་འཆར༔ ཆོས་ཉིད་ཀུན་བཟང་རིག་པའི་ཆིངས་ཆེན་པོ༔ རྩོལ་སྒྲུབ་རེ་དོགས་སྤང་བླང་བྲལ་བའི་གནད༔ ཡིད་དཔྱོད་མཐར་འཛིན་སྤྲོ་བསྡུ་མེད་པ་ནི༔ རྫོགས་པ་ཆེན་པོའི་གཏན་ཚིག་འདི་ལྟར་རོ༔ ཚིག་ཕྱིར་ཤོར་བའི་ཐོས་པས་མི་མཐོང་ཞིང་༔ ཀུན་རྟོག་བསམ་བློས་གཞིག་པས་མི་རྙེད་ལ༔ གཏི་མུག་མུན་སྒོམ་རྨོངས་པས་རྟོགས་

p. 88

དཀའ་བས༔ རྡོ་རྗེ་སྙིང་པོའི་ཞལ་ཁྲིད་མངོན་སུམ་ལུང་༔ ལས་ཅན་རྣམས་ཀྱི་དོན་དུ་ལེགས་པར་བཀྲལ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས༔ ཆོས་ཉིད་དོན་གྱི་སྙིང་པོ་གཏན་ལ་འབེབས་པའི་ལེའུ་སྟེ་ལྔ་པའོ༔ ཨེ་མ་ཞུ་བདེའི་བདེ་བ་དེ་དང་ནི༔ གནས་ཆ་འབྲལ་མི་ཕོད་པའི་བདེ་བ་དང་༔ ཡེ་ཤེས་མངོན་གྱུར་རང་བློའི་བདེ་བ་གསུམ༔ བདེ་བ་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ མཐོང་མཐོང་ཤེས་ཤེས་འགྱུ་བ་གསལ་སྣང་དང་༔ གསལ་ཉམས་ཡི་གར་འོང་བའི་དྭངས་ཆ་ཅན༔ རང་རིག་མངོན་གྱུར་རང་གསལ་བརྗོད་མེད་གསུམ༔ གསལ་ཆ་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ དྲན་མེད་ཧད་པོར་སོང་བའི་མི་རྟོག་དང་༔ ཞི་གནས་འགྱུ་བ་ཆད་པའི་དྲན་མེད་དང་༔ རྟོག་བྲལ་སྒོམ་མེད་རང་རིག་རྗེན་པ་གསུམ༔ མི་རྟོག་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ སྣ་ཚོགས་འགྱུ་བ་རྣམ་རྟོག་བཏགས་པ་དང་༔ རྟོགས་པ་མངོན་གྱུར་ལྷག་མཐོང་ཡེ་ཤེས་གཉིས༔ རྟོགས་པར་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ དྲན་རྟོག་སྣ་ཚོགས་འཕྲོ་བ་དེ་དང་ནི༔ དྲན་པ་མངོན་དུ་བཞག་པའི་ཡེ་

p. 89

ཤེས་གཉིས༔ དྲན་པ་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ རིག་རིག་ཏུར་ཏུར་འགྱུ་ བའི་སེམས་ཅན་དང་༔ སེམས་བྲལ་རང་ངོ་རང་རིག་སེམས་ཉིད་གཉིས༔ སེམས་ཀྱི་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ རྒྱུ་རྐྱེན་མེད་པའི་རང་བྱུང་ཡེ་ཤེས་དང་༔ དེ་ཡི་རང་རྩལ་རང་བྱུང་འགྱུ་འཕྲོ་གཉིས༔ རང་བྱུང་སྐབས་ཐོབ་གང་ཡིན་ཁྱད་ཞུགས་ཡོད༔ ཤེས་རབ་ལྡན་པའི་བློ་ཡིས་འབྱེད་ན་ཡང་༔ དོན་མི་མཐུན་ཀྱང་ཚིག་ཉིད་མཐུན་པ་ཡིས༔ བླུན་ཅིང་རྨོངས་པ་རྣམས་ལ་ནོར་འཕྲང་འགྱུར༔ དེ་ཡི་ཕྱིར་ན་འདི་ཉིད་གཅེས་པར་བྱ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས༔ ཁྱད་ཞུགས་ཀྱི་རྣལ་འབྱོར་དབྱེ་བ་བཤད་པའི་ལེའུ་སྟེ་དྲུག་པའོ༔ གང་ཞིག་ཐར་པ་དོན་དུ་གཉེར་རྣམས་ཀྱིས༔ རྐྱེན་ངན་བྱུང་དུས་ལྟ་བའི་ལམ་ཁྱེར་དགོས༔ དེ་མ་ཤེས་ན་གཡུལ་ངོར་མཚོན་སྟོར་འདྲ༔ ཐར་པའི་སྲོག་གཅོད་ཆོས་བརྒྱད་བདོ་བའི་དུས༔ ལྟ་བའི་

p. 90

རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ དུག་ལྔ་དུག་གསུམ་ཉོན་མོངས་རྒོད་པའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ བར་ཆད་གདོན་གྱི་ཆོ་འཕྲུལ་མང་བའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ མི་བཟད་ནད་ཀྱི་ཟུག་རྔུས་ཉེན་པའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ བརྐུས་ཕྲོགས་སྟོར་བརླགས་དགྲ་གྱོད་བྱུང་བའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ གཏམ་ངན་མི་ཁ་སྐུར་འདེབས་གླེང་བའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ རྐྱེན་ངན་སྡུག་བསྔལ་གཅིག་འཕྲོར་གཅིག་མཐུད་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ གཟུང་ཡུལ་འོད་ལྔར་འཛིན་སེམས་ཞེན་པའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ ཆོས་

p. 91

ཟོག་ཟོབ་ཀྱིས་སྡིག་པ་གསོག་པའི་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ འགྲོ་འདུག་ཉལ་འཆག་ཟས་ཟ་གཏམ་སྨྲ་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ གཉན་ས་དུར་ཁྲོད་ལྷ་འདྲེའི་འཚུབ་ཉམས་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ འཆི་རྟོག་སྡུག་བ སྔལ་དྲག་པོས་བློ་གཏོར་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ མདོར་ན་འདོད་དང་མི་འདོད་ཐོག་བབས་དུས༔ ལྟ་བའི་རྩལ་ཕྱུང་ལམ་ཁྱེར་དེ་དུས་དགོས༔ དགོངས་པར་བོགས་འདོན་ཆོས་སྐུ་དེ་དུས་མཇལ༔ གང་བྱས་ཐམས་ཅད་སྐྱོན་གྱི་ཕུང་པོ་ཡིན༔ བྱས་པ་འགྱོད་མེད་དམ་པའི་ལྷ་ཆོས་ཡིན༔ ཁྱད་པར་ལམ་མཆོག་རྡོ་རྗེ་རྩེ་མོ་ཡིན༔ འཆི་ཁར་མི་འཇིགས་ཏིང་འཛིན་བྲོད་པ་ཐོབ༔ རྒྱལ་བའི་གདུང་འཚོབ་སྤྲུལ་པས་འགྲོ་བ་འདྲེན༔

p. 92

བློ་རབ་སྐྱེས་བུ་རྣམས་ཀྱིས་བསྒྲུབ་བྱའོ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས༔ ལྟ་བ་རྩལ་དབྱུང་ཞིང་སྒོམ་པར་བོགས་འདོན་པའི་ལེེའུ་སྟེ་བདུན་པའོ༔ ཆོས་ཉིད་དགོངས་པ་ཆེན་པོའི་ཀློང་རྡོལ་ནས༔ ཆོས་ཅན་དམིགས་བཅས་ཐེག་པ་ཟིལ་གནོན་ཕྱིར༔ ཀུན་ཏུ་བཟང་པོའི་ཆེ་བ་བསྟན་པ་ཡི༔ ཨ་ཏི་རྫོགས་པ་ཆེན་པོའི་གླུར་བླངས་པ༔ ཀྱེ་ཧོ༔ མཁའ་ཀློང་ཡངས་པ་རྡོ་རྗེ་རྩེ་མོའི་གླུ༔ བཅིངས་གྲོལ་མེད་པ་ཆོས་ཉིད་རིག་པའི་གླུ༔ ཡེ་ཡིན་ཀ་དག་དུས་གསུམ་ཁོར་ཡུག་གླུ༔ བསམ་དུ་མེད་པའི་བློ་འདས་ཆེན་པོའི་གླུ༔ ཆོས་དབྱིངས་དྲི་མེད་ཆོས་སྐུར་དག་པའི་གླུ༔ མཐར་འཛིན་མཐའ་བྲལ་ཀུན་ཟླུམ་ཐིག་ལེའི་གླུ༔ ངང་ལས་མ་གཡོས་སོ་མ་གཉུག་མའི་གླུ༔ རང་གསལ་མངོན་སུམ་བརྗོད་མེད་དོན་གྱི་གླུ༔ རོལ་པ་འགག་མེད་རང་བྱུང་རང་ཤར་གླུ༔ གཤིས་ཀྱི་གནས་ལུགས་མ་བཅོས་རང་བབས་གླུ༔ ཆུ་རླབས་ཆུར་ཐིམ་ཤར་གྲོལ་རང་ཐིམ་གླུ༔ རང་ཡལ་རྗེས་མེད་དམིགས་སུ་མེད་པའི་གླུ༔ གྲོལ་འཛིན་མེད་པ་ཆེད་གཏད་ཞིག་པའི་གླུ༔ ཚིག་གིས་སྨྲར་མེད་ཆོས་ཉིད་ཟད་པའི་གླུ༔ སངས་

p. 93

རྒྱས་རང་ལ་རྙེད་པ་བློ་བདེའི་གླུ༔ ཞི་གནས་བླུན་སངས་ཤེས་རབ་ལྷག་མཐོང་གླུ༔ བདེ་གསལ་ཉམས་དག་རིག་པ་གཅེར་བུའི་གླུ༔ བྱིང་རྒོད་རྐྱེན་བྲལ་ནམ་མཁའ་སྐྱོན་བྲལ་གླུ༔ ཏིང་འཛིན་ཁོར་ཡུག་རྣམ་ཀུན་མཆོག་ལྡན་གླུ༔ འདི་དོན་མཐར་ཕྱིན་རྫོགས་སངས་རྒྱས་པ་ཉིད༔ མི་འཇིགས་འཇིགས་བྲལ་རྡོ་རྗེའི་གླུ་ཡིན་ནོ༔ གང་གིས་དེ་རྟོགས་སྐུ་གསུམ་མཛད་པ་རྫོགས༔ སྲིད་པ་ཇི་སྲིད་འཁོར་བ་གནས་ཀྱི་བར༔ གཟུགས་སྐུ་ཉིད་ཀྱིས་འགྲོ་བའི་དོན་བྱེད་འགྱུར༔ ཐེག་དགུའི་ཡང་རྩེ་རྡོ་རྗེ་རྩེ་མོའི་གནད༔ ལས་འཕྲོ་ཅན་རྣམས་བློ་ལ་ངེས་པར་མཛོད༔ ས་མ་ཡཱ༔ བརྡ་ཐིམ༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་བྱིན་རླབས་རང་བྱུང་གི་རྒྱུད་ལས༔ ཆོས་ཀྱི་དབྱིངས་ཟབ་མོ་རྡོ་རྗེའི་གླུར་བླངས་པའི་ལེའུ་སྟེ་བརྒྱད་པའོ༔ རྫོགས་ཆེན་བྱིན་རླབས་རང་བྱུང་དོན་གྱི་རྒྱུད༔ བཀྲ་ཤིས་རྟགས་ཀྱི་གྲངས་ཚང་ལེའུ་བརྒྱད༔ མ་ནོར་ཇི་བཞིན་བཀོད་པའི་ཆོས་འདི་ཉིད༔ ཉམས་མྱོང་བྱིན་རླབས་དྲོད་རྟགས་ལྡན་པའི་ཆོས༔ ཡེ་ཤེས་མ་དང་མཁའ་འགྲོའི་སྲོག་སྙིང་མཆོག༔ སྙིང་ཐིག་སྙིང་པོའི་ཡང་ཟབ་

p. 94

གནད་བསྡུས་པ༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ལ༔ གཏད་དོ་ཐུབ་པར་སྲུངས་ཤིག་ས་མ་ཡཱ༔ ལས་དང་སྐལ་བར་ལྡན་པ་རྣམས་ལ་སྤྲོད༔ དེ་ཡི་ཕྲིན་ལས་མ་ལུས་སྒྲུབ་པར་གྱིས༔ བདུད་རིགས་ལོག་ལྟ་ཅན་རྣམས་ཚར་ཆོད་ཅིག༔ རྫོགས་ཆེན་བསྟན་པ་རིན་ཆེན་སྲུང་བར་མཛོད༔ ཨེ་མ་ངོ་མཚར་ལྡན་པའི་གདམ་ངག་འདི༔ པདྨ་འབྱུང་དང་བི་མའི་ཐུགས་རྗེ་དང་༔ ཀུན་མཁྱེན་ཀློང་རབ་ཆེན་པོའི་བྱིན་རླབས་དང་༔ རྣམ་འདྲེན་ཀུན་བཟང་ཐེག་མཆོག་རྒྱ་མཚོ་ཡི༔ ཞལ་གྱི་བདུད་རྩི་བདག་བློར་སིམ་པ་དང་༔ རང་གི་ཚེ་རབས་ལས་ཀྱིས་འབྲེལ་བའི་ཆོས༔ ཨ་ཏི་རྫོགས་པ་ཆེན་པོའི་རྒྱུད་འདི་ཉིད༔ འགྲན་བྲལ་རྡོ་རྗེ་འཆང་གི་རྣམ་འཕྲུལ་པ༔ ཨོ་རྒྱན་བསྟན་པའི་ཉི་མས་བཀའ་ཕེབས་བཞིན༔ ཆོས་དབྱིངས་དྲི་མེད་བདག་གིས་ལེགས་པར་བཀོད༔ དགེ་བས་འགྲོ་ཀུན་སྒྲིབ་གཉིས་ཡོངས་བྱང་ནས༔ སྐུ་གསུམ་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག༔ རྫོགས་པ་ཆེན་པོའི་རྒྱུད་ཅེས་ཟབ་ཅིང་རྨད་དུ་བྱུང་བ་འདི་ཉིད་ཉི་གྲགས་མཆོག་སྤྲུལ་གསུམ་པའི་བཀའ་ལྕི་བའི་ཕྱིར་ས་དབང་སྡེ་

p. 95

དགེ་རྒྱལ་པོའི་ཆེ་བའི་རྣམ་དཔྱོད་ཀྱིས་བསྟོད་པའི་ལྗོན་པ་ལྕང་ལོའི་ར་བས་རབ་ཏུ་བརྒྱན་ཅིང་ལོ་འདབ་རྒྱས་ཤིང་ངོ་མཚར་བའི་གནས་ཆེན་པོར་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཆེན་སྐབས་སུ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡི་གེ་པ་ནི་སྔགས་བན་བསོད་ནམས་ཆོས་བཟང་གིས་བྱས་པ་མངྒ་ལཾ༔

སྙན་བརྒྱུད་འོད་གསལ་གྱི་ལོ་རྒྱུས།

p. 96
p. 97

࿅༔ སྙན་བརྒྱུད་འོད་གསལ་གྱི་ལོ་རྒྱུས་བཞུགས༔ ཁོ་བོ་ལོ་ངོ་བཅུ་གཅིག་ན་བོད་ཡུལ་སྦྲགས་ཀྱི་གྲོང་བར་དུ་ཡོད་དུས་རབ་བྱུང་གཞོན་ནུ་ཆོས་གོས་གསོལ་བ་ཞིག་གིས་མངོན་སུམ་དུ་གདམས་པ་ཡིན༔ དེ་ནས་རིམ་གྱིས་ཁོ་བོས་ཟབ་ཁྲིད་རྣམས་ཐོས་པ་བྱུང་བ་དང་རྗེ་བླ་མ་ཉི་གྲགས་གཉིས་པ་རྡོ་རྗེ་འཛིན་པ་ལས་འོད་གསལ་གྱི་ཁྲིད་ཀ་རྩད་གཅོད་ཞིབ་མོར་བྱས་པ་ཡིན་ཀྱང་སྙན་བརྒྱུད་འདི་རང་གིས་མཐོང་ཚོར་དུ་གྱུར་པའི་སློབ་དཔོན་དང་ཡི་གེ་རྣམས་སུ་མ་ཐོས་སོ༔ དེ་ཕྱིར་ཟབ་པའི་གནད་གཅིག་གོ༔ ཨྠྀི༔ ཐོས་བྱེད་དབང་པོ་ལ་གནས་པའི༔ ཆོས་ཉིད་རང་སྒྲའི་མཐའ་ལ་རྟོགས༔ རིག་པའི་རྡོ་རྗེ་མི་འགྱུར་བ༔ སྟོང་ཆེན་ལ་ཐིམ་དགོངས་པ་མཐོང་༔ གཏི་མུག་མ་སྤངས་རྫོགས་སངས་རྒྱས༔ སྔོན་ཆད་བོད་འདིར་མ་གྲགས་སོ༔ རིག་འཛིན་ཌཱཀྐིའི་གསང་ཚིག་རྒྱ༔

p. 98

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད།

p. 99

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་རྒྱུད་བཞུགས་སོ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ཌཱཀྐིའི་གསང་ཚིག་བཤད༔ ལས་ལྡན་རྣམས་ཀྱིས་ཉམས་སུ་ལོངས༔ གསང་སྔགས་རྩ་བ་རིག་མ་མཚན་ལྡན་ཡིན༔ དད་གུས་དམ་ཚིག་ལྡན་པ་གཅེས༔ གཡེམ་ཤོར་མིག་སེར་མེད་པ་བཟང་༔ བུད་མེད་རཀྟ་འོ་མ་ལྟ་བུར་འབབ༔ མཚན་རྟགས་ཡོན་ཏན་ལྡན་པ་ལ༔ སུ་འཕྲད་འབྲེལ་ཐོགས་ཐར་པའི་གོ་འཕང་ཐོབ༔ ཟས་ནོར་ལུས་འབྲེལ་ཐོགས་པ་སྐལ་བ་བཟང་༔ རྣལ་འབྱོར་ཚོགས་འཁོར་ཆེན་པོའི་དུས༔ ཕོ་རྣམས་དཔའ་བོ་མོ་རྣམས་དཔའ་མོ་ཡིན༔ ལར་ནི་བུད་མེད་བདུན་གྱི་ནང་༔ ཡེ་ཤེས་མཁའ་འགྲོ་གཅིག་ནི་ཡོད་པར་ངེས༔ རིགས་ལྡན་བུ་མོ་མཚན་བཟང་མ༔ མི་ནག་གླང་རྒན་གཉའ་སྡེབ་པ༔ ནོར་བུ་ཕྱགས་དར་ཁྲོད་དུ་ཆུད་རེ་ཟོས༔ རྣལ་འབྱོར་ལས་འཕྲོ་རབ་འབྲིང་ཐ་མ་ལ༔ ལས་དབང་རིག་མ་རབ་འབྲིང་ཐ་གསུམ་དབང་༔ དབང་པོ་དམན་པའི་སྔགས་པ་ལ༔ བུད་མེད་རབ་མཆོག་ནོར་བུ་

p. 100

དབང་མི་སྲིད༔ བུད་མེད་མང་པོ་བསྟེན་པ་ན༔ བུ་མོ་རེ་ལ་བདེ་བའི་ཉམས་རྟོགས་འདྲ་མིན་རེ༔ དེ་བཞིན་དངོས་གྲུབ་སྣ་རེ་ཡོད༔ འདྲེས་ཁྱེར་དམ་ཉམས་རིགས་ངན་མ༔ དེ་བསྟེན་ཚེ་ནོར་གདུལ་བྱ་རྒུད༔ དེ་ཕྱིར་མཁས་པས་སྤང་བར་བྱ༔ རྣལ་བྱོར་འདོད་ཆགས་ལ་བརྟེན་ནས༔ རིག་པའི་བཙན་ས་འཛིན་པའི་དུས༔ མེ་ཆེན་འབར་བའི་ནང་དུ་ནི༔ བུད་ཤིང་སྐམ་རློན་མེད་པར་འབར༔ དེ་བཞིན་མོ་ལུས་ཐོབ་ཚད་བསྟེན༔ འབྲེལ་ཐོགས་ཕོ་ལུས་སྔགས་སྤྱོད་སྐྱེ༔ སྐྱེ་དམན་ལས་ངན་འབྲེལ་ཐོགས་ཉུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ ༀ་ཨཱཿཧཱུྃ༔ མཐོང་ཐོས་དྲན་རེག་བཀླག་དང་འཆང་༔ གྲོལ་བྱེད་གདམས་པའི་ཡང་སྙིང་བཅུད༔ ཕོ་མོ་རྒན་གཞོན་ཅི་ཡང་མེད༔ དབང་པོ་གསལ་འགྲིབ་རྣོ་རྟུལ་མེད༔ མཚམས་མེད་ལྔ་སྤྱད་འགྲོ་བ་ཡང་༔ འདི་ཡིས་སངས་རྒྱས་ས་ལ་སྦྱོར༔ ལོག་ལྟ་ཐེ་ཚོམ་ཅན་མི་གྲོལ༔ གསང་ཞིང་སྤྱད་ན་དངོས་གྲུབ་མྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ད་ནི་རྒྱུད་ཀྱི་དགོངས་པ་བསྟན༔ ཨེ་མ༔ དེ་ནས་འཁྲུལ་གཞི་རྩད་བཅད་ནས༔ མངོན་འཚང་རྒྱ་བའི་ཡི་གེ་དྲུག༔

p. 101

བཏགས་པས་གྲོལ་བར་གདོན་མི་ཟ༔ འ་ཡིས་ཤེས་བྱ་དབྱེར་མེད་རྟོགས༔ ཨ་ཡིས་ཤེས་བྱ་དག་པར་རྟོགས༔ ཤ་ཡིས་ཤེས་བྱ་འགག་མེད་རྟོགས༔ ས་ཡིས་ཤེས་བྱ་འགྱུར་མེད་རྟོགས༔ མ་ཡིས་ཤེས་བྱ་དབྱེར་མེད་རྟོགས༔ ཧ་ཡིས་ཤེས་བྱ་གསལ་བར་རྟོགས༔ གཞན་མའི་ཡི་གེ་མང་ན་ཡང་༔ མངོན་འཚང་རྒྱ་བའི་ཡི་གེ་དྲུག༔ བདུད་དང་ལོག་འདྲེན་ཐམས་ཅད་ཀྱང་༔ ཡི་གེ་དྲུག་གིས་བཟློག་པར་འགྱུར༔ དུས་མིན་མཆི་བར་གྱུར་པ་ཡང་༔ འདི་ཡིས་མི་ཚེ་བསྲིང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀུན་བཟང་ཡབ་ཡུམ་རྡོ་རྗེའི་གླུ༔ དེ་ནས་བཟུང་སྟེ་ཞེན་ལོག་ལོག༔ སྔགས་ཚན་རེེར་ཡང་ཡོན་ཏན་མཉམ༔ འོན་ཀྱང་ཡི་གེ་འབྲུ་དྲུག་པ༔ འདི་དང་འདྲ་བ་གང་ཡང་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

ནོར་སྒྲུབ་སྙིང་པོའི་ཡང་ཡིག

p. 102

༈ ནོར་སྒྲུབ་སྙིང་པོའི་ཡང་ཡིག་ནི༔ བསྟན་པ་བུ་གཅིག་གསེར་གྱིས་བྲིས༔ བྷནྡྷ་མཚན་ལྡན་དུམ་གཅིག་ཏུ༔ ཕྱུག་འཕན་འབྲུ་སྨན་རཏྣ་ཟས༔ གོས་སོགས་སྣ་ཚོགས་འགྲུབ་བྱས་ནས༔ དེའི་ནང་བདེ་བར་གཤེགས་པ་ཡི༔ རིང་བསྲེལ་རྩོད་མེད་དག་ཀྱང་གཞུག༔ མཚན་ལྡན་རིག་མ་ཡོན་ཏན་ཅན༔ འབྲལ་མེད་དག་ཏུ་འགྲོག་པར་བྱ༔ དུས་ཆེན་རྒྱུན་མཆོད་བཀླག་པར་བྱ༔ དེ་ཡིས་ཚེ་དཔལ་འབྱོར་པ་རྒྱས༔ ཟབ་ཕྱིར་གུད་དུ་སྦས་པའོ༔ བྷནྡྷ་བུ་མོ་མཚན་ལྡན་དང་༔ བཏགས་གྲོལ་དེ་བཞིན་རིང་བསྲེལ་འཆིང་༔ ནོར་བུ་རིན་ཆེན་དམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

p. 103

དེ་ནས་བསྐྱེད་བཟླས་ཚུལ་བསྟན་པ༔ སྤྱིར་ནི་ནམ་ཡང་བཀླག་པར་བྱ༔ ཐ་མལ་མི་ནི་སྨོས་ཅི་དགོས༔ རྣལ་འབྱོར་དེ་ཉིད་གནས་པ་ཡི༔ མཁའ་ལ་འཁོར་བའི་འབུ་སྦྲང་དང་༔ རྩིག་གསེང་ག ནས་པའི་བྱ་བྱི་དང་༔ ར་བའི་ཕྱུག་དང་སྒོ་ཁྱི་ཡང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཁྱད་པར་བཀླག་པའི་དུས་བསྟན་པ༔ ཉི་ཟླ་གཟའ་ཡིས་ཟིན་པ་དང་༔ ས་གཡོ་དང་ནི་སད་སེར་དང་༔ མུ་གེ་ཆེན་པོ་བྱུང་བ་དང་༔ འཇའ་ཚོན་སྣང་བའི་དུས་སུ་ཀློག༔ མཚན་མ་དེ་དག་སུས་མཐོང་བ༔ ངེས་པར་གྲོལ་བར་ཐེ་ཚོམ་མེད༔ དེ་ནས་བ སྐྱེད་པའི་རིམ་པ་ནི༔ རིགས་ལྔའི་རིིགས་བདག་དྲུག་པ་བསྒོམ༔ སྐྱབས་སེམས་སྔོན་དུ་བཏང་བྱས་ནས༔ མི་དམིགས་ངང་ལས་རང་རིག་སེམས༔ ཨ་མཐིང་གསལ་ལ་འཚེར་བ་ལས༔ ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་༔ གཅེར་བུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ མཚན་དང་དཔེ་བྱད་ལྟ་ན་སྡུག༔ མཐའ་ཡས་མུ་མེད་འོད་ཟེར་འཕྲོས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར༔ གསང་སྔགས་སྙིང་པོ་འབྲུ་དྲུག་འཁོར༔ འོད་འཕྲོས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་འོད་ཀྱི་རྣམ་པར་བསྡུས༔ འགྲོ་དྲུག་སེམས་ཅན་སྡིག་སྒྲིབ་སྦྱངས༔ ལྗགས་དབུས་འཁོར་ལོ་དཀར་པོ་དང་༔ ལྗགས་རྩེ་རྡོ་རྗེ་རྩེ་ལྔ་དང་༔ ལྗགས་གཡས་རིན་ཆེན་ཟུར་བརྒྱད་པ༔ ལྗགས་ཀྱི་རྩ་བ་

p. 104

པདྨ་དམར༔ གཡོན་ཕྱོགས་རལ་གྲི་ལྗང་གུ་འོ༔ ཐུགས་བཅུད་ཡང་སྙིང་འདི་ལྟར་བཟླ༔ འཿཨཿཤཿསཿམཿཧཿ ཉེར་གཅིག་བཟླས་པས་དོན་འགྲུབ་པོ༔ རང་དོན་རྩེ་གཅིག་ཉམས་ལེན་ལ༔ རབ་ཏུ་བྱེ་བ་བཟླ་བར་བྱ༔ འབྲིང་དུ་འབུམ་ཕྲག་དག་ཏུ་བསྙེན༔ ཐ་མ་ཁྲི་ལྔ་བགྲང་བར་བྱ༔ དེས་ནི་སྔར་བྱས་མཚམས་མེད་ཅན༔ རིག་འཛིན་ཞིང་དུ་ཐེ་ཚོམ་མེད༔ ཉེས་བྱས་གཞན་ལ་སྨོས་ཀྱི་དགོས༔ རབ་འབྲིང་ཐ་མ་སྣག་ཚས་བྲིས༔ དབུགས་ལ་སླེབ་པས་སྡིག་ཅན་ཡང་༔ བཏགས་པས་གྲོལ་ཏེ་སངས་རྒྱས་སོ༔ སྤྱིར་ནི་འགྲོ་དོན་ཁྱད་འཕགས་དོན༔ ཁྱད་པར་བུད་མེད་དམན་པ་དག༔ འབྲེལ་ཐོགས་སངས་རྒྱས་ལམ་འགོད་པའི༔ ཡང་སྙིང་བཅུད་དྲིལ་གནད་དུ་བསྟན༔ སྐལ་ལྡན་རྣམས་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ བཀའ་འདི་གནོད་སྦྱིན་ཤན་པ་དམར་པོས་སྲུངས་ཤིག༔ ས་མ་ཡཱ༔

p. 105

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཞལ་གསུང་བྱིན་རླབས་རྩ་བ་རྡོ་རྗེའི་ཚིག་རྐང་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་རྡོར་སེམས་ཀྱིས༔ རྗེས་བཟུང་བྱིན་རླབས་དགོངས་པ་འཕོ་བའི་གནད༔ སྙན་བརྒྱུད་ཟབ་མོའི་གནད་འདི་གསང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་བབས་རང་གཞག་སྤྲོས་བྲལ་རིག་པ་དེ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོང་པར་འགྱུར༔ ཐེག་བརྒྱད་རྩོལ་སྒྲུབ་གོལ་ས་ཡིིན་ཤེས་ན༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ དུག་ལྔ་རང་བཞག་རང་གྲོལ་ཐད་སོར་ཆོད༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ སྤྲོ་བ སྡུ་དེར་འཛིན་མེད་པའི་རོ་གཅིག་གཤིས༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ཕྱོགས་འཛིན་འཆིང་གྲོལ་འདི་ཞེས་ཀུན་བྲལ་བ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་

p. 106

ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ སེམས་དང་རིག་པ་དབྱེ་འབྱེད་སུས་ཤེས་པ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ངོ་བོ་རང་བཞིན་ཐུགས་རྗེའི་ཚུལ་མཁས་ན༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོང་པར་འགྱུར༔ མ་རིག་སྦུབས་བྲལ་རིག་པའི་དོན་རྟོགས་པ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོང་པར་འགྱུར༔ སྙེམས་དང་ཐེ་ཚོམ་མེད་པར་དོན་རྟོགས་པ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ལྟ་སྒོམ་སྤྱོད་འབྲས་གོམས་པར་མངོན་ཆུབ་པ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ བདེ་སྡུག་ལྷ་བདུད་ངོ་མཉམ་རང་བཞག་གློད༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ དངོས་གྲུབ་བར་ཆད་གང་ཤར་ལམ་ཁྱེར་སྤྱོད༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་

p. 107

ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ སྤང་བླང་ཕན་གནོད་རེ་དོགས་རྩ་བ་ཆད༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ སྣང་ཤེས་ལམ་ལ་མི་ཞེན་གོལ་སྒྲིབ་དག༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ སྒོམ་མེད་ཡེངས་མེད་འཛིན་མེད་ངང་ལ་བདེ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ དགེ་སྡིག་ཕན་གནོད་འཁོར་འདས་གྲུབ་གཞི་སྟོང་༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ཆོས་ཀུན་ཟད་པའི་མཐའ་རུ་ལ་བཟླ་བ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ཆོས་ཀུན་བརྗོད་པའི་སྙིང་པོ་བརྗོད་མེད་ཉིད༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ རང་གསལ་སྨྲ་མེད་ལྐུགས་པའི་རྨི་ལམ་འདྲ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་

p. 108

ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པར་འགྱུར༔ ཀ་དག་ལྷུན་གྲུབ་ཟུང་འཇུག་མྱུར་བའི་ལམ༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་ཡེ་ཤེས་ཡིན༔ དེ་ཕྱིན་འཁོར་བའི་དུར་ས་སྟོངས་པ་ཡིན༔ སྲིད་པའི་འཁྲུལ་འཁོར་རྩད་ནས་འབྱིན་པར་བྱེད༔ བདེ་གཤེགས་ཀུན་གྱི་ཐུགས་དང་དབྱེར་མི་ཕྱེད༔ སྐུ་གསུམ་མཛད་པའི་རོལ་པ་ཡོངས་སུ་རྫོགས༔ སེམས་དག་ཡེ་ཤེས་མངོན་གྱུར་བུདྡྷ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤར་གྲོལ་རྟོགས་གྲོལ་དུས་མཉམ་རྨད་བྱུང་བ༔ ཡེ་གྲོལ་ཡོངས་གྲོལ་རང་གསལ་རང་བབས་ངང་༔ ཐུགས་ཀྱི་ཐིགས་པ་སྦས་ཆོས་ཟབ་མོའི་གནད༔ སེམས་ཀློང་ལས་འཕགས་མན་ངག་སྡེའི་སྲོག་བཅུད༔ མཐོང་ཐོས་དྲན་རེག་དོན་ལ་སུས་སྤྱོད་པ༔ སངས་རྒྱས་ལག་བཅངས་མྱང་འདས་གོ་འཕང་ཉིད༔ དེ་ཕྱིར་ལས་ཅན་རྣམས་ལ་གཏད་རྒྱས་བཏབ༔ དམ་མེད་རྣམས་ལ་རླུང་ཕྱོགས་ཙམ་མ་སྒྲོགས༔ དམ་ཅན་གནོད་སྦྱིན་ཤན་པར་བཀའ་འདི་བཅོལ༔ སྙིང་རྗེའི་དོན་སྤྱོད་སྐྱེས་བུའི་སྡོང་གྲོགས་མཛོད༔ བརྡ་ཐིམ༔ ས་མ་ཡཱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

p. 109

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ སྙིང་པོ་གནད་ཀྱི་གཟེར་བུའི་འགག་སྡོ མ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དག་པའི་སྣང་བར་ཆོས་རྣམས་བགྲོ་གླེང་མཛད༔ གདུལ་བྱའི་སྣང་བར་བཀའ་ཆེམས་ཡི་གེར་བཏབ༔ རྒྱལ་བ་རྣམ་འདྲེན་དེ་འདྲའི་རྗེས་འབྲངས་ནས༔ མ་ནོར་གསང་བའི་སྙིང་པོའི་གནད་འགག་བསྡམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་རྣམས་ཀུན་གྱི་རྩ་བ་རྫོགས་པ་ཆེ༔ གདམས་ངག་ཀུན་གྱི་སྙིང་པོ་རྫོགས་པ་ཆེ༔ རྣམ་མང་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ༔ མཐར་ཐུག་བསྒྲུབ་བྱའི་ངོ་བོ་རྫོགས་པ་ཆེ༔ དེ་ལྟར་ཡོན་ཏན་ཆེས་མང་ཨ་ཏི་ལ༔ བཀའ་གཏེར་དག་སྣང་བསམ་གྱིས་མི་ཁྱབ་ཀྱང་༔ གནད་དུ་བསྡུ་ན་སེམས་ཀློང་མན་ངག་གསུམ༔ དང་པོ་སེམས་སྡེའི་དགོངས་པ་བཤད་པ་ནི༔ སེམས་ཉིད་ཆོས་སྐུ་སྟོང་ལ་གསལ་བ་སྟེ༔ གང་ཤར་ཐམས་ཅད་གཞི་མེད་རྩ་བྲལ་བ༔ སྣང་སྟོང་ཟུང་འཇུག་རང་བཞིན་ལྷུན་གྱིས་གྲུབ༔ ཐམས་ཅད་རྒྱ་ཡན་འུབས་ཆུབ་ཆེན་པོའི་ངང་༔ གཉུག་མ་རྗེན་པ་ཡུལ་མེད་ཉིད་དུ་ཤེས༔

p. 110

གཉིས་པ་ཀློང་སྡེའི་དགོངས་པ་བཤད་པ་ནི༔ ཐམས་ཅད་དབྱེར་མེད་བློ་ལས་འདས་པ་ཡི༔ སྟོང་ཉིད་མཐའ་རྣམས་ཀུན་དང་བྲལ་བ་ཅན༔ ས་དང་ལམ་རྣམས་མངོན་དུ་གྱུར་པ་དེ༔ ཡེ་རྫོགས་སྤང་ཐོབ་མེད་པར་བློ་བདེ འོ༔ གསུམ་པ་མན་ངག་འབྲས་བུའི་དགོངས་པ་བཤད༔ ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་སྐོར༔ ངོ་བོ་བདེ་གསལ་སྟོང་པ་ཀ་ནས་དག༔ རང་བཞིན་ལྷུན་གྲུབ་སྐུ་དང་ཞིང་ཁམས་རྫོགས༔ ཐུགས་རྗེ་ཀུན་ཁྱབ་འགག་པ་མེད་པའི་གདངས༔ ལྟ་བ་ཆོས་ཉིད་མངོན་སུམ་རྟོགས་བྱས་ནས༔ སྒོམ་པ་ཉམས་སྣང་གོང་དུ་འཕེལ་ནས་ཀྱང་༔ རྟགས་ཚད་རིག་པ་ཚད་ཕེབས་བརྟན་པ་ཐོབ༔ འབྲས་བུ་ཆོས་ཉིད་ཟད་སར་འཁྱོལ་བའོ༔ མདོར་ན་རྫོགས་ཆེན་དགོངས་པའི་གནད་དམ་པ༔ སེམས་ཉིད་སྟོང་པ་ཆེན་པོའི་རང་ངོ་ནི༔ མ་བཅོས་ཡེ་གྲོལ་ལྷུན་གྲུབ་ཆེན་པོ་ཡིན༔ སྤང་བླང་དགག་སྒྲུབ་སྐྱོན་གྱིས་མ་བསླད་ཅིག༔ བྱར་མེད་ཀློང་ཡངས་རང་བབས་གྱིན་འདའ་ལ༔ གཟུང་འཛིན་མཚན་མའི་གཟེབ་ཏུ་མ་འཆིངས་ཤིག༔ གང་ཡིན་གང་ཤར་ཆོས་ཀུན་མ་ལུས་པ༔

p. 111

ཤར་གྲོལ་སྤྲོས་མེད་རིག་པ་རྗེན་པར་བུད༔ འུབས་ཆུབ་རྒྱ་ཡན་ཡེ་ཤེས་ཆེན་པོའི་ངང་༔ དེ་ལྟའི་ལྷུན་གྲུབ་གསང་བའི་སྦུབས་སུ་ནི༔ འཁོར་འདས་ཆོས་རྣམས་མཉམ་ཉིད་གཅིག་ཏུ་བརྡལ༔ གདོད་མའི་ཀ་དག་ཆེན་པོར་རྫོགས་སངས་རྒྱས༔ དེའི་ངང་འགག་པ་མེད་པའི་རང་རྩལ་ལས༔ གཟུགས་སྐུ་རྣམ་གཉིས་མ་བྱས་རང་ཤར་ནས༔ འགྲོ་བ་འདུལ་བའི་ཕྲིན་ལས་བསམ་མི་ཁྱབ༔ འདི་དག་བཀའ་གསང་འདི་ཡི་བཞེད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕུལ་བྱུང་རྒྱུད་སྡེ་རྒྱ་མཚོའི་གནད་ཀྱི་དོན༔ འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གལ་འགག་འདི༔ སྐལ་ལྡན་ལས་འཕྲོ་ཅན་ལ་གསང་རྒྱས་བཏབ༔ གནོད་སྦྱིན་ཤན་པ་དམར་པོས་བཀའ་འདི་སྲུངས༔ བརྡ་ཐིམ༔ ས་མ་ཡཱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་འཁོར་འདས་རུ་ཤན་གྱི་གནད་སྟོན།

p. 112
p. 113

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ འཁོར་འདས་རུ་ཤན་གྱི་གནད་སྟོན་བཞུགས༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ལམ་ཟབ་མོ་འཁོར་འདས་རུ་ཤན་གྱི་གནད་དོན་རྣམ་པ་ལྔ་ཡོད་དེ༔ གང་ཞེ་ན༔ དང་པོ་ནི༔ ཆང་གི་ནད་ཆང་གིས་སེལ་བ་ལྟ་བུའི་དྲི་མས་དྲི་མ་འཁྲུད་པ་ལྟ་བུར་སྡིག་སྒྲིབ་འདག་པ་ལ་ཟབ་པའི་གནད༔ གཉིས་པ་ནི༔ འཁོར་བར་སྤྱད་པའི་སྔོན་ཆད་འགྲོགས་པའི་གྲོགས་ཀྱི་སྐྱོན་མཐོང་བ་ལྟ་བུར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ལག་ཏུ་ལེན་པའི་དམར་ཁྲིད་དུ་འགྱུར༔ འདས་པའི་སྤྱོད་པའི་སྔགས་ཀྱི་ལམ་ལྷ་སྔགས་ཏིང་འཛིན་གར་དང་ཕྱག་རྒྱ་སོགས་ཀྱི་དོན་ཁྲིད་དུའང་འགྱུར༔ གསུམ་པ་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟ་བུར་བདེན་ཞེན་གྱི་འཛིན་པ་རང་ཞིག་ལ་འགྲོ་བའི་ཉམས་འཆར༔ བཞི་པ་ནི༔ འཁོར་འདས་རུ་ཤན་སྦྱང་བའི་བར་སྐབས་སུ་ཆད་པ་ངལ་སོས་པ་ལྟར༔ དུས་གསུམ་གྱི་རྟོག་ཚོགས་རང་འགགས་ལ་སོང་ནས་བརྗོད་མེད་རང་གསལ་ལྷག་མཐོང་གི་དོན་རིག་པ་

p. 114

རང་བབས་སུ་ངོ་འཕྲོད་པའི་དགོས་པ་ཡོད་དོ༔ དེ་ལ་ནི་རྫོགས་པ་ཆེན་པོ་རྒྱལ་ཐབས་སྤྱི་བླུགས་སུའང་ཞེས་སུ་གྲགས༔ ལྔ་པ་ནི༔ གསང་སྔགས་ཐབས་ཀྱི་ཆེ་བ་ཁོ་ནས་ཁྱད་དུ་འཕགས་པ་ལས༔ གནད་འདི་ཆོས་འདི་ཉིད་མ་གཏོགས་གཞན་ལ་མ་གྲགས་པའི་ཕྱིར༔ ཚུལ་འདིའི་ཐུན་མོང་བའི་གདམས་པ་སྟེ༔ དེའི་ཕྱིར་ན་གཞི་ཁྲེགས་ཆོད་ལམ་ཐོད་རྒལ་གྱི་སྔོན་འགྲོར་གལ་དུ་ཆེ་ལ༔ སྐབས་སྐབས་སུ་ཉམས་ཀྱི་བོགས་འདོན་དུ་ཡང་གཅེས་པས་བརྩོན་པར་རིགས༔ གནོད་སྦྱིན་ཤན་དམར་བཀའ་ཡི་བྱ་ར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔

p. 115

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ངོ་བོ་རང་བཞིན་ཐུགས་རྗེའི་གསང་ཚིག་སྦས་པ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ སྲིད་ཞིའི་ཆོས་ཀུན་ངོ་བོའི་ཆ་ནས་སྟོང་༔ རང་བཞིན་སོ་སོའི་མཚན་ཉིད་འཛིན་པ་ཅན༔ ཐུགས་རྗེ་སོ་སོའི་བྱེད་ལས་འགག་མེད་ཉིད༔ ས་མ་ཡཱ༔ དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེའི་མཚན་ཉིད་དུ་གནས་པའི་ཕྱིར༔ ངོ་བོ་སྟོང་པ་ཐམས་ཅད་ལ་ཆོས་མཚུངས༔ སེམས་ཉིད་ངོས་བཟུང་མི་རྙེད་པས་ན་སྟོང་པ༔ དེ་བཞིན་ཟག་བཅས་ཐམས་ཅད་ཀྱང་རྡུལ་ནས་རྡུལ་དུ་སྦྱངས་ན་སྟོང་པའོ༔ རང་བཞིན་སོ་སོའི་རྣམ་པ་དེ་ཉིད༔ བྱེད་ལས་སོ་སོའི་ཐུགས་རྗེའོ༔ དེ་ལྟར་སེམས་ཉིད་རིག་པའི་དབང་དུ་བཤད་ན༔ ཅིར་ཡང་མ་གྲུབ་སྟེ་ངོ་བོ་སྟོང་པ༔ རང་གསལ་རྗེན་པ་བརྗོད་དུ་མེད་པ་སྟེ་རང་བཞིན༔ ལམ་ཉམས་ལེན་གྱི་དུས་ན་ཉམས་སྣང་སྣ་ཚོགས་ལམ་རྟགས་ཀྱི་མངོན་ཤེས་གྲུབ་རྟགས་ལ་སོགས་མ་འགགས་པ༔ འབྲས་བུའི་དུས་ན་སྐུ་གསུམ་གྱི་མཛད་པ་རང་ཆས་

p. 116

རང་མདངས་སུ་མ་འགགས་འགག་པ་མེད་པའི་ཚུལ་འདི་ནི་ཐུགས་རྗེའོ༔ ས་མ་ཡཱ༔ དེ་ཡང་སྐྱོན་ཡེ་ནས་དག་པས་རིག་པ་ཀ་དག་སྤྲོས་པ་དང་བྲལ་བ་ཞེས་བྱའོ༔ གློ་བུར་དུ་འཁྲུལ་རྟོག་ཤར་ཚེ་ལམ་ཉམས་སུ་ལེན་པའི་གདམས་ངག་གིས་མ་བཅོས་རང་གར་གཞག་པ་ན༔ དེ་ཉིད་རང་ཤར་རང་གྲོལ་དུ་ཐད་ཀར་ཆོད་པས་ན་ཁྲེགས་ཆོད་ཡིན་ཞིང༔ དེ་ཉིད་ཡེ་སྟོང་ཡོངས་སྟོང་བབས་སྟོང་ཆེན་པོའི་ཀློང་ལས་མི་འདའ་བའི་ཕྱིར་ངོ་བོ་དང་༔ ཡོན་ཏན་ཡེ་ནས་རྫོགས་པའི་སྐུ་དང་ཞིང་ཁམས་ལྷུན་གྲུབ་ཏུ་གནས་པ་ལམ་ཉམས་སུ་ལེན་པའི་གདམས་ངག་གི་ལུས་གནད་འདུག་སྟངས༔ སྒོའི་གནད་ལྟ་སྟངས༔ ཡུལ་གྱི་གནད་ནམ་མཁའ་རྐྱེན་བྲལ་ལ་རིག་པའི་གནད་རྡོ་རྗེ་ལུག་རྒྱུད་གདམས་ངག་གི་གནད་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ད་ལྟ་རང་སྣང་དུ་སྣང་བཞིའི་དྲོད་ཚད་མངོན་དུ་སྤྱོད་པ་རང་བཞིན་དང་འབྲས་བུ་ཚེ་འདིའམ་བར་དོར་གྲོལ་ནུས་པ་དང་༔ གྲོལ་ནས་ཀྱང་སྐུ་གསུམ་གྱི་མཛད་པ་རང་བྱུང་རང་ཆས་སུ་ལྷུན་གྱིས་གྲུབ་ཅིང་དོན་གཉིས་ཀྱི་མཛད་

p. 117

པ་མཐར་ཕྱིན་པ་ནི་ཐུགས་རྗེ་མ་འགགས་པའོ༔ གནད་འདི་དག་ཀྱང་བཀའ་གསང་རྨད་དུ་བྱུང་བ་ཐེག་མཆོག་རྫོགས་པ་ཆེན་པོའི་རང་སྐད་ཇི་ལྟ་བ་བཞིན་ཚིག་གསལ་བ་དོན་འབྱེད་པ་ནོར་འཁྲུལ་དང་བྲལ་བར་བཤད་པ་དག་གོ༔ ས་མ་ཡཱ༔ ཀྱེ་ཧོ༔ སྤྲོས་བྲལ་དོན་ལ་སྨོན་བཞིན་རྨོངས་པ་རྣམས༔ སྤྲོས་བྱས་ཆོས་ལ་འཆེལ་བས་རབ་ཏུ་ངལ༔ བྱིས་པའི་ཚོགས་རྣམས་ཤིན་ཏུ་སྙིང་རྗེའི་གནས༔ ངོ་བོ་རང་བཞིན་ཐུགས་རྗེའི་སྦས་ཆོས་འདི༔ ལས་འཕྲོ་ལྡན་པ་རྣམས་ཀྱི་སྙིང་ལ་ཕུལ༔ སྐལ་མེད་ལོག་པར་ལྟ་བར་རབ་ཏུ་སྦོས༔ རྒྱལ་བ་རིག་འཛིན་རྣམས་ཀྱི་བཀའ་སྡོད་མཆོག༔ ཤན་དམར་ལྕམ་དྲལ་རྣམས་ལ་གཉེར་དུ་གཏད༔ འབྲས་བུ་ལམ་བྱེད་རྟོགས་གྲོལ་དུས་མཉམ་ཆོས༔ ཚུལ་བཞིན་སྤྱོད་རྣམས་འཁོར་བའི་རྩ་བ་རུལ༔ སྐྱེ་མཐའི་སངས་རྒྱས་ཉིད་དུ་མངོན་སངས་རྒྱས༔ ཚེགས་ཆེ་བུལ་ཆུང་དྲི་མ་གསོག་པའི་གྲོགས༔ རྣམ་མང་ཐེག་རིམ་འཇུག་སྒོར་སྤྱོད་པ་རྣམས༔ ཐོག་མེད་ཀུན་རྟོག་འཁྲུལ་བ་དེས་ཆོག་གིས༔ ད་ནི་དེ་རིང་ཉིད་ནས་ཆོས་ཀྱི་

p. 118

སྐུ༔ རང་གསལ་བརྗོད་མེད་ངང་དུ་ངལ་གསོས་ཤིག༔ ས་མ་ཡཱ༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ངེས་དོན་གསང་ཚིག་གབ་པ།

p. 119

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ངེས་དོན་གསང་ཚིག་གབ་པ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་སེམས་དཔའ་རྒྱན་དང་གོས་བྲལ་བ༔ རང་རིག་ཡེ་ཤེས་དེ་ལ་རྟག་ཏུ་འདུད༔ དངོས་མེད་པ་དང་དངོས་པོར་འདོད་པ་དང་༔ གཉིས་སུ་མེད་པར་རློམ་པར་སྲིད་པ་ཉིད༔ ས་མ་ཡཱ༔ དེ་ཡང་སེམས་ཉིད་མེད་ཅེས་ཆད་ཆད་སྟོང་སྟོང་དུ་འཛིན་པ་དེ་ནི་ཆད་པའི་མཐར་ལྷུང་བའོ༔ སྣང་བ་ཐམས་ཅད་སེམས་ཡིན་ཞེས་རྟག་རྟག་བརྟན་བརྟན་དུ་འཛིན་པ་དེ་ནི་རྟག་པའི་མཐར་ལྷུང་བའོ༔ ཡང་ན་སེམས་ཉིད་སྣང་སྟོང་དབྱེར་མེད་ཅེས་བློས་བཏགས་ཏེ་དེ་ལྟར་འཛིན་པ་དེ་ནི་རྟག་པའི་མཐར་ལྷུང་བའོ༔ གཅིག་དང་༔ དུ་མ་དང་༔ ཡོད་མེད་དང་༔ འགྲོ་འོང་དང་༔ ཕྱི་ནང་དང་༔ ཡངས་དོག་དང་༔ ཚིག་དང་༔ དཔེ་དང་༔ མཐའ་དབུས་དང་༔ སྤང་བླང་དང་༔ ཐ་སྙད་དང་༔ མཚན་ཉིད་དང་༔ བསྒོམ་བྱའི་ངོ་བོ་རྣམས་ཇི་སྲིད་ཡོད་ཀྱི་བར་དུ་དེ་སྲིད་འཁོར་བའི་སེམས་ཅན་ལས་ནམ་ཡང་འདའ་བ་མེད་དོ༔ རྫོགས་པ་ཆེན་པོ་ད་ལྟའི་

p. 120

ཤེས་པ་རང་ག་མ་ཡེ་ནས་གནས་པའི་གཉུག་མ་ད་ལྟ་གང་ཤར་དེ་ལྟའི་སྟེང་དུ་སོ་མ་རང་ལ་བརྗོད་དུ་མེད་པ་རྗེན་པ་བློ་འདས་ངོས་བཟུང་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཉིད་དེ་ཐག་གཅིག་ཐོག་ཏུ་ཆོད་པ༔ བཟང་པོས་མ་བསྒྱུར་ང ན་པས་མ་བསླད༔ གྲ་མ་བརྗེས༔ སྤུ་མ་བསྒྱུར༔ རང་ངོ་རང་གསལ་རང་བབས་དེའི་ཀློང་ལས་མ་གཡོས༔ ཞི་གནས་ཀྱིས་མ་གླེན༔ བདེ་གསལ་མི་རྟོག་པ་ལ་མ་ཞེན་མ་ཆགས༔ བྱིང་རྨུགས་རྒོད་གསུམ་གྱིས་མ་བསྒྲིབས༔ འགྱུ་དྲན་སྔར་བསམ་གྱི་རྗེས་མ་དེད༔ ཕྱི་དྲན་གྱི་འཕྲོ་མ་མཐུད་ད་ལྟའི་གནས་སམ་འགྱུ་བ་ལ་མ་བཅོས་མ་བཞུགས་པར༔ རང་བབས་སུ་རང་གཞག་ཆེན་པོར་གདལ་བ་ཐད་ཀར་ཆོད་པ༔ རྐྱེན་ཁར་མི་འཆོར་བ༔ དུས་གསུམ་དུས་མེད་གཅིག་ཏུ་འདྲེས་པ༔ སྐྱེ་མཆི་མེད་པའི་དོན་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་པ༔ ངོ་བོའི་གཤིས་ལ་འཁྲུལ་གྲོལ་གྱིས་ཕན་གནོད་གྲུབ་མ་མྱོང་བར་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་སྤྲིན་དང་ན་བུན་ལྟར་སྣང་ཡང་༔ ཡིན་ལུགས་ཀྱི་ངང་ལས་མ་གཡོས་པའི་སེམས་ཉིད་

p. 121

ནམ་མཁའ་ལྟ་བུ་དེ་ལ་ནམ་ཡང་གོས་མ་མྱོང་བར་རྟོགས་པ་དེ་ནི་ཀློང་ཆེན་རབ་འབྱམས་ཆེན་པོའི་དགོངས་པའི་ཀློང་དུ་བརྡ་ཐིམ༔ ས་མ་ཡཱ༔ དོན་འདི་ལྟ་བུ་ཁོང་དུ་ཆུད་ཅིང་མངོན་དུ་གྱུར་ན་སེམས་ཅན་སངས་རྒྱས་སུ་མངོན་དུ་གྱུར་པ་ཞེས་བྱའོ༔ སྤང་ཐོབ་གཉེན་པོར་ལྟོས་པའི་གྲུབ་མཐའ་ཀུན་རྫོབ་ལས་མ་འདས་པའི་ཕྱིར་ན་ཚུལ་གཞན་གྱི་དོན་དམ་པ་ངེས་པའི་ཚུལ་ཟབ་མོ་གསང་བའི་མྱུར་ལམ་འདི་ནམ་ཡང་རྟོགས་པའི་སྐབས་མེད་དོ༔ ཨེ་མ༔ ངེས་དོན་གསང་ཚིག་གབ་པ འདི༔ བློ་དམན་ཀུན་དང་ཐུན་མོང་མ་ཡིན་གྱི༔ སྔོན་བསགས་དགེ་བའི་ལས་འཕྲོ་ཅན་ལ་གཏད༔ ཉམས་ལེན་ཆིག་དྲིལ་གནད་དུ་བསྣུན་པར་མཛོད༔ གཟའ་རྒོད་བཤན་པ་དམར་པོ་ཁྱོད་ལ་གཏད༔ བཀའ་འདི་མི་ནུབ་སྐྱོང་བའི་སྲུང་མར་མཛོད༔ ས་མ་ཡཱ༔ ཨྠྀི༔ ཆོས་འདིར་འབྲེལ་ཚད་སྨིན་ལམ་མཐར་ཕྱིིན་ནས༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཞལ་གདམས་སྣང་གསལ་སྒྲོན་མེ།

p. 122
p. 123

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཞལ་གདམས་སྣང་གསལ་སྒྲོན་མེ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་ཡང་རྣལ་འབྱོར་ཚེ་གཅིག་སངས་རྒྱས་ཐོབ་འདོད་པའི་སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱིིས་རྣམ་པ་ཀུན་ཏུ་དད་པ་དང་དམ་ཚིག་དང་ཤེས་རབ་དང་བརྩོན་འགྲུས་རྣམས་མི་འབྲལ་ཞིང་༔ བླ་མ་དམ་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་༔ དེ་ལས་བྱུང་བའི་གདམས་པ་ཟབ་མོ་རྣམ་གཡེང་དང་ལེ་ལོའི་དབང་དུ་མ་སོང་བར་ཡང་དག་པར་ཉམས་སུ་བླངས་ཤིང་རང་གི་རྒྱུད་ལ་གོམས་འདྲིས་བརྟན་ཏེ༔ འཆི་ཁ་སོགས་དགོས་པའི་ཚེ་གདམས་ངག་གི་དཔའ་གདེང་ཁོང་དུ་ཚུད་པ་ནི་སྐྱེས་བུ་དོན་གྲུབ་མི་ལུས་ཆུད་མ་ཟོས་པར་དལ་འབྱོར་སྙིང་པོ་ལོན་པ་ཞེས་བྱའོ༔ ས་མ་ཡཱ༔ དང་པོ་ཆོས་ལ་ཞུགས༔ དེ་ནས་འཇིག་རྟེན་ལ་ཞུགས༔ དང་པོ་རི་ཁྲོད་འགྲིམ༔ ཐ་མ་གྲོང་དུ་ལུས༔ དང་པོ་མཚམས་སྒྲུབ་བྱས༔ ཚེ་སྨད་དཀོར་ལ་རྒྱུག༔ དང་པོ་བཤེས་གཉེན་བསྟེན༔ རྗེས་སུསྡིག་གྲོགས་གཉེར་བ་རྣམས་ནི༔ བྱ་བ་གོ་

p. 124

ལོག༔ བྱས་པ་དོན་མེད༔ རང་གཞན་འཕུང་ལ་སྦྱོར་བ་རྣམས་ཡིན་ནོ༔ ས་མ་ཡཱ༔ ཡང་ཆོས་ལ་སྤྱོད་པ་རྣམས་ཀྱིས་རྣམ་པ་ཀུན་ཏུ་རང་རྒྱུད་ལ་བཙན་ཕྱུག་དང་༔ རིགས་རྒྱུད་དང་༔ མཁས་བཙུན་དང་༔ ལྟ་བ་དང་ཚུལ་ཁྲིམས་སོགས་ཀྱིས་ཁེངས་པའི་ང་རྒྱལ་དང་༔ མཆོག་འཛིན་འདུག་གམ་མི་འདུག་བརྟག༔ གལ་ཏེ་འདུག་ན་ཆོས་མིན་ཆོས་འགལ་ཅན་དུ་ངོས་འཛིན་རང་སྐྱོན་རང་གིས་སུན་འབྱིན་ཤེས་པ་གནད་ཡིན་ནོ༔ ཡང་ཕྱོགས་འཛིན་དང་ངོས་འཛིན་ཡོད་ན་ལྟ་བ་མ་དག་པ་ཡིན༔ ཉེ་རིང་དང་༔ ཆགས་སྡང་ཡོད་ན་བྱང་ཆུབ་ཀྱི་སེམས་མ་འབྱོངས་པ་ཡིན༔ མིའི་ངོ་འཛིན་དང་༔ ནོར་རྫས་ལ་གསོག་བསྐྲུན་རྙེད་པ་དང་གྲགས་པ་ལ་དགའ་སྤྲོ༔ སྐྱིད་འདོད་ཀྱི་བློ་ཕུགས་སུ་བཅུག་ནས་ཡོད་ན༔ ཆོས་གཤའ་མ་ཅི་ནས་ཀྱང་མི་ཡོང་བའི་ཁར༔ ཆོས་ཚུལ་ཀྱང་བྱེད་ལོ་བྱས་ཀྱང་མཐར་བསྟན་པའི་བླ་བཙོང་༔ དཀོན་མཆོག་གི་རྐང་འདྲེན༔ རང་ཕུང་སྒྲུབ་མཁན་ཞིག་འོང་བར་ཐེ་ཚོམ་མེད་དོ༔ སྒོམ་ཡུན་རིང་ཡང་རྣམ་རྟོག་ཇེ་རྒོད༔ འབྲེལ་འདྲིས་རྣམ་གཡེང་ཇེ་མང་༔ ཁྱད་འདོད་

p. 125

དང་ཕྱོགས་ཆ་ཇེ་ཆེ༔ ཆོས་ལ་ཁ་གཡར་ནས་ཚེ་འདིར་སྣང་གི་བྱ་བ་མུ་མཆེད་ནས་ཟོལ་ཟོག་ལ་སྤྱོད༔ གཞན་གྱི་ཆོས་དང་གང་ཟག་ལ་སྐུར་འདེབས་དང་ངན་སྒྲ་སྒྲོགས༔ ཞག་གཅིག་འགྲོགས་པའི་གྲོགས་ལ་ཡང་ངན་མཚང་སྣ་རེ་སྟོན༔ དཔོན་སློབ་ཐམས་ཅད་ཆོས་མིན་དང་དམ་སེལ་གྱི་འདམ་ལ་ཟུག༔ དམྱལ་བ་གཏིང་ཇེ་ཟབས༔ ཉེས་ལྟུང་གི་ཁུར་པོ་མི་ཐེག་བཞིན་ཨ་རེ་འགྱོད༔ ཆོས་མཛད་དེ་འདྲ་ཡི་མུག་སྙིང་རེ་རྗེ༔ ཡང་ཡང་རང་སྐྱོན་རྟོགས་དང་མཁས་རབ་ཡིན་ལགས༔ ས་མ་ཡཱ༔ མི་འགའ་རེ་ཐོས་པ་ཆེ་ཡང་གདམས་པ་ཚིག་ཏུ་ཤོར༔ གོ་བ་ཆེ་ཡང་གོ་ཡུལ་དུ་ལུས༔ སྒོམ་པ་ཡིད་སྨོན་དུ་ལུས༔ ཁ་ཅིག་འཁོར་བའི་ཉེས་དམིགས་ལ་བློ་འདྲེ༔ དམྱལ་བའི་སྡུག་བསྔལ་མཐོང་ཡང་ཐར་འདོད་ཀྱི་སྐྱོ་བ་མི་སྐྱེ༔ འཇིགས་སེམས་མི་སྐྱེ༔ བླ་མ་དཀོན་མཆོག་གསུམ་གྱི་ཡོན་ཏན་མངོན་སུམ་མཇལ་ཡང་དད་པ་དང་མོས་གུས་མི་སྐྱེ༔ ངོ་མཚར་མི་སྐྱེ་ཉམས་ལེན་ཅུང་ཟད་རེ་བྱས་ཀྱང་༔ སྐབས་རེར་བླ་མའི་སྐྱོན་རེ་མཐོང་༔ གདམས་ངག་ལ་ཐེ་ཚོམ་རེ་

p. 126

ཟ༔ མན་ངག་ཟབ་མོ་གཞན་ཞིག་འཚོལ་སྙམ་འདོད༔ རྨི་ལམ་བཟང་ངན་ཙམ་ལའང་དགའ་སྡུག་ཆེ༔ བདུད་ཀྱི་བྱིན་རླབས་དངོས་སུ་ཞུགས་པས་བློ་སྣ་མང་དུ་འགྲོ༔ བར་བར་ངག་ལ་ནུས་པ་ཡོད་མདོག་གི་བྱིན་རླབས་བག་ཙམ་འབྱུང་༔ དེ་ལ་རློམ་པ་བསྐྱེད༔ གཞན་གྱིས་གུས་ཤིང་འབུལ་བ་བྱེད༔ དེས་བྲིད་ནས་རྙེད་པ་དང་སྡུད་བྱའི་རྗེས་སུ་འབྲང་༔ ལྟས་ངན་དེ་འདྲའི་སློབ་མ་ལ་གསང་བའི་མཐར་ཐུག་རྫོགས་པ་ཆེན་པོ་བསྟན་ན་དབྱིངས་ནས་དཀོན་མཆོག་གིས་ཁྲེལ༔ མཁའ་འགྲོ་ཆོས་སྐྱོང་གིས་བཀའ་ཆད་འབྱུང་༔ དཔོན་སློབ་གཉིས་ཀ་ལ་ཁེ་བས་ཉེན་ཆེ༔ འཚོ་བྱེད་ཀྱི་སྨན་སྩལ་བར་རེག་ཕུང་གི་དུག་དང་འཕྲད་པ་དང་འདྲ་བས་ཚོད་ཤེས་པ་གལ་ཆེའོ༔ ས་མ་ཡཱ༔ མཐར་ཐུག་དོན་གྱི་སངས་རྒྱས་བསྒྲུབ་པ་ལ༔ བླ་མ་ཉམས་མྱོང་མཐར་ཕྱིན་པ༔ དམ་ཚིག་གི་བརྒྱུད་པ་གཙང་བ༔ གདམས་པ་ཟབ་ལ་རྒྱ་ཆེ་དོན་འདྲིལ་ཕྱག་བཞེས་དང་ལྡན་པ༔ མཁྱེན་རབ་ཐུགས་རྗེ་ཚད་མེད་པ་ཞིག་དང་༔ སློབ་མ་ངོ་ལྐོག་མེད་པ༔ ཁ་ཞེ་མེད་པ་བྱ་བྱེད་མི་མང་བ༔ གཏོང་ཕོད་

p. 127

ཆེ་བ༔ སྙིང་རྗེ་དང་ངེས་འབྱུང་སྐྱོ་ཤས་ཆེ་བ༔ བླ་མས་ཅི་མཛད་ལེགས་ཅི་གསུང་ཚད་མར་མཐོང་བ༔ ཤེས་རབ་སྡུག་སྲན་བརྩོན་འགྲུས་ཆེ་བ༔ བློ་བརྟན་ཁོག་ཡངས༔ རྒྱུད་དུལ༔ ཉོན་མོངས་བ་བབས་ཀྱིས་ཆུང་བ༔ གྲོགས་ལ་བརྩེ་བ་ཕྱི་ཐག་རིང་བ་ཞིག་སྨོན་ལམ་དང་ལས་འཕྲོ་དུས་ལ་བབ་ནས་ཞལ་འཛོམས་ཏེ་ཆོས་རྫོགས་པ་ཆེན་པོ་འཆད་སྒོམ་ཉམས་སུ་བླངས་ན༔ ནངས་བསྒོམས་ན་ནངས་སངས་རྒྱས༔ ནུབ་བསྒོམས་ན་ནུབ་སངས་རྒྱས༔ རྩ་བ་ཐོབ་རྒྱལ༔ འབྲས་བུ་ཡོག་རྒྱལ༔ རྟོགས་གྲོལ་དུས་མཉམ༔ སངས་རྒྱས་ལག་བཅངས་སུ་གཏོད་པ༔ སངས་རྒྱས་ཀྱི་ཞིང་ལ་ཉིན་རྒྱུག་ཏུ་བྱེད་པའི་ཁྱད་པར་ཅན༔ རྒྱུ་འབྲས་ཐེག་པ་གཞན་ལྟར་འབྲས་བུ་ཕྱི་དུས་ལ་མི་རེ་བ་སྟེ༔ ཡང་རབ་སྐྱེས་བུ་དམ་པའི་སྤྱོད་ཡུལ་ལོ༔ ཚེ་འདིའི་རྒྱལ་ཐབས་ལ་བློ་གཏད་པའི་བླ་སློབ་འདི་ལ་སྤྱོད་པ་བྱུར་ཤིན་ཏུ་ཆེ་བ་ཡིན་ནོ༔ ས་མ་ཡཱ༔ སྒོམ་ཉམས་སུ་ལེན་པ་དག་གིས་ཡར་བླ་མ་དཀོན་མཆོག་ལ་དད་པ་དང་སྲི་ཞུ༔ མར་ཁམས་གསུམ་སེམས་ཅན་ལ་སྙིང་རྗེ་དང་

p. 128

བྱམས་སེམས༔ བར་རང་རྒྱུད་ལ་ངེས་འབྱུང་དང་སྐྱོ་ཤས་དད་པ་རྣམས་བསྟེན་དགོས༔ འཚོ་བ་བྱ་འཚོ༔ གོས་གྱི་ན༔ གནས་ཁང་ལྷགས་སྐྱོབ་ཙམ་ལ་བརྟེན༔ དགོས་མེད་ཞེན་ལོག་ཆོག་ཤེས་རྣམ་པ་གསུམ་ལ་དམ་བཅའ་བརྟེན་དགོས༔ ཚོགས་གསོག་སྒྲིབ་སྦྱོང་བླ་མའི་རྣལ་འབྱོར་སོགས་ལ་འབད་པ་ལྷུར་ལེན༔ ལྟོ་གོས་གཏམ་གསུམ་ལ་གྱོང་ཁུར༔ ཕྱི་ནང་སུས་ཀྱང་ངོ་མི་ཤེས་པར་ཡུལ་གྲོང་བས་མཐའ་རྣམས་ཉུལ་ཞིང་བློ་ཕུགས་སྤྲང་ལ་གཏད་པར་བྱའོ༔ ཆོས་སྤྱོད་ཡང་དག་ལ་རྒྱུན་བསྲང་ན་བྱིང་རྨུགས་རིམ་གྱིས་འདག༔ འཕྲོ་རྒོད་ཞི༔ ཞི་གནས་ཡུན་རིང་བརྟན༔ བདེ་གསལ་མི་རྟོག་པའི་ཉམས་སྐྱེ༔ ཅི་ཞིག་ན་རྨི་ལམ་ཟིན༔ གཉིད་དང་ཉམས་ལེན་འདྲེས༔ མཉམ་རྗེས་འདྲེས༔ དགེ་སྦྱོར་ལ་ཐུན་མཚམས་ཐང་ལྷོད་མེད༔ རང་རིག་པའི་ཡེ་ཤེས་མངོན་དུ་གྱུར༔ སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ༔ རང་གསལ་བརྗོད་མེད་ཀྱི་རྟོགས་པ་ཁོང་ནས་འཆར༔ སྐྱོན་ཡོན་དང་འཁོར་འདས་ལ་འདམ་ཀ་མེད༔ རེས་འཇོག་དང་འཕེལ་འགྲིབ་ཟད༔ སྒོམ་མ་བྱས་ཀྱང་ཆུ་

p. 129

བོའི་རྒྱུན་གྱི་རྣལ་འབྱོར་ཁོ་ར་ཁོར་ཡུག་ཏུ་འབྱོངས༔ སྣང་སྲིད་སེམས་སུ་ཤེས༔ སེམས་ཉིད་གཞི་རྩ་བྲལ་བས་སྟོང་པར་ཐག་ཆོད༔ སྣང་སྟོང་གཉིས་མེད་དམིགས་མཐའ་དང་བྲལ༔ སྲིད་ཞིའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་བདེན་འཛིན་ཞིག༔ སྙེམས་དང་ཐེ་ཚོམ་མ་སྤངས་རང་དག་ལ་སོང་༔ སྤྱན་དང་མངོན་ཤེས་ལམ་རྟགས་ཀྱི་ཡོན་ཏན་མང་པོ་དང་སངས་རྒྱས་དང་ས་བཅུ་ཐོབ་པའི་བྱང་སེམས་རྣམས་ཀྱི་མཛད་ཕྲིན་སོགས་མ་བསྒྲུབས་ཀྱང་མངོན་དུ་གྱུར༔ བར་དོ་མེད་པར་སངས་རྒྱས་པར་འགྱུར་བ་ནི་ཆོས་འདི་པའི་ཚུལ་ཕྱོགས་ཙམ་སྨོས་པ་སྟེ༔ རྒྱས་པར་སྙིང་ཐིག་གཞན་ལས་ཤེས་སོ༔ དེ་ལྟ་བུའི་སྤང་བྱ་སྤངས༔ བསྒྲུབ་བྱ་བསྒྲུབས༔ བྲལ་ཐོབ་མེད་པའི་ཡེ་ཤེས་འཕོ་འགྱུར་མེད་པ་ནི་ཆོས་སྐུའི་བཙན་ས་ཟིན་པ་སྟེ༔ གཞན་དོན་དུ་ལོངས་སྐུ་དང་སྤྲུལ་སྐུའི་རྣམ་རོལ་གདུལ་བྱའི་སྣང་ངོར་རང་ཆས་སུ་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར་སྣང་ངོ་༔ ས་མ་ཡཱ༔ རྣལ་འབྱོར་རྣམས་ཀྱིས་ལྟ་བ་ཉམས་སུ་ལེན་པའི་དུས་དེ་ན༔ སྟོང་པ་ཉམས་སུ་

p. 130

ལེན་པའི་དུས་དེ་ན༔ སྟོང་ཉམས་ཀྱིས་མ་བསླད༔ ཡིད་དཔྱོད་ཀྱིས་མ་དམིགས༔ ཡིད་ཆེས་ཀྱིས་མ་བཅིངས༔ ངེས་ཤེས་ཕྲ་མོས་མ་བསྒྲིབས་པར་བློ་འདས་རང་གསལ་བསྒོམ་མེད་ཡེངས་མེད་འཛིན་མེད་རང་བབས་སུརང་ལུགས་སུསྐྱོངས་ཤིག༔ ཞལ་གདམས་དེ་ཁོ་ནའོ༔ དེ་ཁོ་ནའོ༔ དམ་ཅན་བཤན་པས་བཀའ་འདི་སྲུངས༔ ལས་ཅན་དམ་ཚིག་ཅན་ལ་གཏོད༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་གནད་འགག་ཟབ་མོ།

p. 131

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ གནད་འགག་ཟབ་མོ་བཞུགས་པ་ལགས༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཀུན་བཟང་བདེ་ཆེན་རང་རིག་སྙིང་པོར་འདུད༔ དེ་ཡང་རྣལ་འབྱོར་པ་ལམ་ཉམས་སུ་ལེན་པ་ལ་དོན་འབྲས་བར་དོར་འབྱུང་བ་ཁོ་ན་ཁག་ཆེ༔ སྦྱངས་པ་ཤིན་ཏུ་ཆེ་བ་དང་དབང་རབ་གསང་སྔགས་ཟབ་མོ་བཀའ་བརྒྱུད་སེལ་མེད་རྣམས་འཛོམས་ན་ཚེ་གཅིག་གིས་ལུས་འོད་ཕུང་སེམས་ཆོས་སྐུར་གྲོལ་བའང་ཡོད༔ ཚེ་འདིར་མན་ངག་ལ་སྦྱངས་སྟོབས་ཀྱིས་ཉམས་རྟོགས་ལ་གོམས་འདྲིས་ཆེ་ཆུང་དང་༔ དམ་ཚིག་གཙང་མི་གཙང་ལས་འཆི་ཁའི་མཚམས་སྦྱོར་ཟབ་མོ་ནུས་མི་ནུས་རག་ལས༔ དགའ་བཞིའི་ཉམས་ལེན་དང་༔ ཁྲེགས་ཆོད་ཟོལ་མེད་གཉིད་དང་འདྲེས་པ་དང་༔ ཐོད་རྒལ་ལ་གོམས་པ༔ ལྷ་སྔགས་ལ་ཞུགས་པའི་རྣལ་འབྱོར་པ་དག༔ འཆི་ཁ་བར་དོ་དང་༔ ཆོས་ཉིད་བར་དོ་དང་༔ སྲིད་པ་བར་དོ་གསུམ་གང་རུང་དུ་དེ་དག་རེ་རེར་གོམས་པས་གྲོལ་བར་ངེས་ཤིང་༔ ཡང་ལམ་སོ་སོ་བའི་ཁྱད་པར་གྱི་གྲོལ་

p. 132

དུས་བཤད་ན༔ འཕོ་བ་ལ་འབྱོངས་པའི་རྣལ་འབྱོར་པས་འཆི་རྟགས་ཚང་ནས་རང་སྟོབས་ཀྱིས་འཕོ་བ་དང་༔ རང་སྟོབས་མེད་དམ༔ ཡང་ན་སྡིག་ཅན་ཕྱི་དབུགས་མ་ཆད་བར་དེར་ཟབ་ལམ་འཕོ་བའི་གདམས་པ་གཞན་སྟོབས་ལ་བརྟེན་པས་བཙན་ཐབས་སུ་གྲོལ་བར་བྱེད་པ་གལ་ཆེ༔ རྫོགས་ཆེན་གྱི་རྣལ་འབྱོར་པ་རྩ་བྷ་ཝན་ཏུ་སྙིང་ནས་མིག་ཏུ་འབྲེལ་བའི་ཡེ་ཤེས་ཀྱི་རྩ་བརྒྱུད་ནས་སྤྱན་ལམ་ནས་འཕོ་བ་མཆོག་ཏུ་ཤེས༔ ཤིན་ཏུ་ལྟ་བ་ལ་གོམས་པའི་སྐྱེས་བུ་འཆི་ཁ་རྫོགས་རིམ་ལས་མི་གཡོ་བར་འདའ༔ དེ་ནི་འཕོ་བྱ་འཕོ་བྱེད་བྲལ་བ་ཆོས་སྐུའི་འཕོ་བ་ཞེས་བྱའོ༔ ཤེས་རབ་ཡེ་ཤེས་དགའ་བཞི་ལ་ཏིང་འཛིན་གྱི་རྒྱས་ཐེབས་པར་གོམས་པ་ནི་དཀར་ལམ་དམར་ལམ་དུས་སྔོན་གོམས་ཀྱི་བག་ཆགས་ཀྱི་ཏིང་ངེ་འཛིན་གྱིས་ཟིན་པས་དེ་ཉིད་དུ་གྲོལ༔ གྲོལ་ཞེས་བྱ་བ་སངས་རྒྱས་པའོ༔ རྫོགས་ཆེན་སྟོང་པ་སུམ་ཕྲུགས་ཀྱི་གནད་སྦྱངས་པ་དང་༔ མཚན་སྣང་གཉིད་དང་ཉམས་ལེན་འདྲེས་པ་དག་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་སྟོན་གྱི་ནམ་མཁའ་དག་པ་ལྟ་

p. 133

བུའི་ངང་དུ་གནས་པ་དེ་ཉིད་ཏིང་ངེ་འཛིན་ལྷག་མཐོང་གནད་ཀྱིས་ཐེབས་པའི་ལམ་གྱི་འོད་གསལ་བུ་ལྟ་བུ་དང་༔ གཞི་དབྱིངས་འོད་གསལ་མ་ལྟ་བུ་རང་ངོ་འཕྲོད་ནས་གྲོལ་བ་ཆེན་པོ་སངས་རྒྱའོ༔ གསོན་དུས་ཀྱི་ལོ་ཟླ་མང་པོར་བསྒོམས་པ་ལས་ཤི་བའི་ཚེ་ཤེས་པ་ཕྲ་རགས་རྣམས་ནུབ་པའི་རྐྱེན་གྱིས་བསམ་གཏན་གྱི་ཞག་ཚད་དུ་སྐད་ཅིག་མར་རང་རིག་ཏིང་ངེ་འཛིན་གྱི་ལྷག་མཐོང་རྟོགས་མ་ཐག་དེ་ཉིད་དུ་ལམ་གྱི་ཡོན་ཏན་ཅིག་ཅར་དུ་རྫོགས་ནས་སྐད་ཅིག་དེ་ཉིད་ལ་སངས་རྒྱས་པར་གདོན་མི་ཟ་སྟེ་མཆོག་ཏུ་མྱུར༔ ཁ་ཅིག་ཚེ་འདིར་སྦྱང་བགྲོད་མཐའ་མ་རྫོགས་པར་བར་དོར་བསམ་གཏན་གྱི་ཞག་ལ་སྦྱང་བའི་མཐའ་རྫོགས་ཏེ་འདས་ཚར་ནས་ཕུང་པོ་འོད་དུ་ཡལ་བ་ཡོང་༔ མིན་ཀྱང་ཕུང་པོ་ལ་རྟགས་བཟང་པོ་རྣམས་འབྱུང་ངོ་༔ ཆོས་ཉིད་བར་དོར་ནི་རྣམ་ཤེས་ལུས་ལས་ཐོན་པའི་རྟགས་ཐིག་ལེ་དཀར་དམར་བུ་ག་ནས་ཡོང་༔ རིག་པ་རླུང་དང་མ་འཕྲད་པའི་བར་དེར་ཐོད་རྒལ་ལ་གོམས་པ་ཞི་ཁྲོའི་སྐུ་དང་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་

p. 134

འཕྲོད་པས་གྲོལ་བ་ཐོབ༔ དོན་ལ་ལྷུན་གྲུབ་ཐོད་རྒལ་གྱི་འཆར་སྒོ་དེ་ཉིད་ཀ་དག་རིག་པའི་ཡེ་ཤེས་ཀྱིས་ཟིན་པས་དེ་ཉིད་དུ་སངས་རྒྱས་པའོ༔ འདི་དུས་ཡང་རིག་པ་ལས་རླུང་གི་དབང་དུ་ཆེར་མ་སོང་བ་ཡིན་པའི་སྟབས་ཀྱིས་དེ་མ་ཐག་ཏུ་གྲོལ་ལོ༔ དེ་ནས་མ་གྲོལ་ན་སྒྲ་འོད་ཟེར་གསུམ་སོགས་འཆར་སྒོའི་སྣང་བ་ལ་སེམས་ཀྱི་གཟུང་འཛིན་དུ་གྱུར་ནས་མེད་བཞིན་སྣང་བ་རྨི་ལམ་བདེ་སྡུག་ལྟ་བུར་སྲིད་པ་བར་དོར་འཁྲུལ་པའི་སྔར་གོམས་ཀྱི་སྦྱང་འཕྲོ་དྲན་ནའང་རགས་པའི་ཤ་ཁྲག་གི་ལུས་མེད་པའི་ཡིད་ལུས་ཡིན་པས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་གྲོལ་སླའོ༔ འདི་ལ་མ་གྲོལ་ན་དགེ་སྡིག་རྒྱུ་འབྲས་ཀྱི་རྗེས་སུ་འབྲང་བའི་ལུས་ལེན་ནོ༔ དེས་ན་སྐྱེས་བུ་བློ་དང་ལྡན་པ་རྣམས་ཀྱིས་ཉམས་ལེན་བརྩོན་འགྲུས་དང་བར་དོའི་མན་ངག་ཚགས་སུ་འཛུད་ཅིང་རྫོགས་པ་ཆེན་པོའི་ལྟ་བ་ལ་གདེང་དུ་ཆུད་པ་ནི་བ སྒྲུབ་བྱ་ཐམས་ཅད་ཀྱི་ཡང་རྩེ་ཡིན་ནོ༔ ས་མ་ཡཱ༔ གསང་སྔགས་ཀྱི་ཐབས་དང་མ་འབྲེལ་བར་ཤེས་བྱ་དང་རྒྱུ་འབྲས་ཞིབ་མོ་དང་༔ སྡོམ་པ་སྲུང་བ་དང་༔ འདུས་བྱས་ཀྱི་

p. 135

དགེ་རྩ་ཇི་ལྟར་སྤྱད་ཀྱང་སྲིད་པ་བར་དོར་འཁོར་བའི་སྐྱེ་སྲིད་བཟང་པོར་འཇུག་པ་ཙམ་མ་གཏོགས་འཆི་ཁ་དང་ཆོས་ཉིད་བར་དོར་གྲོལ་བ་ཐོབ་པ་ནི་མི་སྲིད་ངེས་པས་དེ་ལ་རེ་བར་མི་བྱའོ༔ འཁོར་བ་གང་དུ་ཡང་བདེ་བ་མེད་ཅིང་ཡང་ནས་ཡང་དུ་འཁོར་བའི་ཆོས་ཅན་ལས་མ་འདས་པས་དབང་རབ་སྣོད་ལྡན་ཟབ་མོའི་སྔགས་ལ་ཉམས་སུ་ལོངས་ཤིག༔ སྙིང་གཏམ་གྱི་མཐར་ཐུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དམ་ཅན་ཤན་དམར་ལྕམ་དྲལ་བཀའ་འདི་སྲུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་རིག་འཛིན་བརྒྱུད་པའི་དགོངས་དོན་རྡོ་རྗེའི་གླུའི་དམར་ཁྲིད་ལྟ་སྒོམ་ཟབ་མོའི་ཆིངས།

p. 136
p. 137

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ རིག་འཛིན་བརྒྱུད་པའི་དགོངས་དོན་རྡོ་རྗེའི་གླུའི་དམར་ཁྲིད་ལྟ་སྒོམ་ཟབ་མོའི་ཆིངས་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རིག་པའི་ཡེ་ཤེས་གདོད་ནས་སྤྲོས་བྲལ་བ༔ དུས་གསུམ་རིག་འཛིན་བླ་མའི་སྙིང་ཁྲག་དངོས༔ དོན་བརྒྱུད་བྱིན་རླབས་ལྟ་སྒོམ་ཟབ་མོའི་ཆིངས༔ རྡོ་རྗེའི་གླུ་འདི་ཟབ་དོན་ངེས་པའི་ལུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ རྨད་བྱུང་ངོ་མཚར་ཐེག་པ་རིམ་དགུའི་རྩེ༔ ལེགས་པར་བཤད་པའི་མཆོག་གཅིག་འདི་ན་མཆིས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ནི༔ ཐིམ་ལ་མ་རྨུགས་གསལ་ལ་མ་འགྱུས་པ༔ ངང་ལས་མ་གཡོས་རྣམ་ཀུན་མཆོག་ལྡན་ནོ༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་དགོངས་པ་ནི༔ རང་གསལ་བརྗོད་མེད་དཔེ་དང་ཚིག་ལས་འདས༔ འཕོ་འགྱུར་བགྲེས་རྒུད་དམིགས་མཐའ་བྲལ་བའོ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་དགོངས་པ་ནི༔ སྐྱེ་འགག་གནས་གསུམ་ཡོད་མེད་ཕྱོགས་ལྷུང་བྲལ༔ རྟག་ཆད་བདག་མཚན་མུ་བཞི་བྲལ་བ་ཉིད༔ མཁས་པ་ཤྲཱི་སེང་ཧའི་

p. 138

དགོངས་པ་ནི༔ སངས་རྒྱས་སྒྲུབ་མེད་འཁོར་བ་སྤང་དུ་མེད༔ གང་ཤར་རང་བབས་བཟོ་མེད་ཤར་གྲོལ་ལོ༔ རང་བྱུང་པདྨ་འབྱུང་གནས་དགོངས་པ་ནི༔ འཁོར་བའི་བག་ཆགས་མྱང་འདས་ལམ་ཆོས་ཉིད༔ ཐམས་ཅད་རང་གྲོལ་བསྒོམ་པའི་ལམ་དུ་གྲོལ༔ པཎ་ཆེན་བི་མ་མི་ཏྲའི་དགོངས་པ་ནི༔ མཉམ་རྗེས་ཁྱད་མེད་ཉིན་མཚན་བར་མེད་ཅིང་༔ དུས་གསུམ་དུས་མེད་རོལ་པ་གཅིག་ཏུ་འབྱམས༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་དགོངས་པ་ནི༔ མ་རིག་རྣམ་དག་ཀུན་རྫོབ་སྤང་བྱར་གཞག༔ སྤྲོས་བྲལ་རང་རིག་ཟང་ཐལ་བསྒྲུབ་བྱར་གཟིགས༔ ཆོས་རྒྱལ་ལྷ་སྲས་ཁྲི་སྲོང་དགོངས་པ་ནི༔ བྱར་མེད་གཉེར་མེད་གཉེན་པོ་ཀུན་བྲལ་བའི༔ ཅོག་གཞག་ལྷུག་པ་རྒྱ་ཡན་གདོད་མའི་བབས༔ ལོ་ཙཱ་བཻ་རོ་ཙ་ནའི་དགོངས་པ་ནི༔ ཡོད་མེད་ཡིན་མིན་འདི་ཞེས་སྨྲ་མི་བཏུབ༔ ཉམས་ཞེན་ཕྱོགས་འཛིན་བཅིངས་གྲོལ་རྩད་ནས་ཆད༔ ཀློང་ཆེན་རབ་འབྱམས་བཟང་པོའི་དགོངས་པ་ནི༔ འཁོར་འདས་ཆོས་རྣམས་སྒྱུ་མའི་ལྟད་མོ་འདྲ༔ དོན་དམ་ཉིད་ལ་འཁོར་འདས་གྲུབ་མ་མྱོང་༔

p. 139

ཆོས་སྐུའི་སངས་རྒྱས་རྣམས་ཀྱི་དགོངས་པ་ནི༔ འཁོར་འདས་ཆོས་རྣམས་ངོ་བོའི་ཆ་ནས་སྟོང་༔ བརྗོད་དུ་མེད་པའི་ཕྱིར་ན་སྟོང་པའོ༔ ལོངས་སྐུའི་སངས་རྒྱས་རྣམས་ཀྱི་དགོངས་པ་ནི༔ འཁོར་འདས་སེམས་ཉིད་རང་བཞིན་རིག་པར་གཅིག༔ རང་རིག་རང་གསལ་རྗེན་པ་རང་བཞིན་ནོ༔ སྤྲུལ་སྐུའི་སངས་རྒྱས་རྣམས་ཀྱི་དགོངས་པ་ནི༔ འཁོར་འདས་བྱེད་ལས་གང་ཡང་མ་འགགས་པ༔ རིག་དང་མ་རིག་ཐུགས་རྗེ་འགག་མེད་རྩལ༔ སྐུ་གསུམ་རང་ཆས་སེམས་ཀྱི་མཚན་ཉིད་འདི༔ གཅིག་དང་སོ་སོ་མ་ཡིན་ལྟ་བའི་ཀློང་༔ མཉམ་བཞག་སྒོམ་པའི་གནད་དུ་གཅེས་པར་ཟུང་༔ སྔོན་གྱི་རྒྱལ་བ་རིག་འཛིན་གཤེགས་པའི་ཤུལ༔ ད་ལྟའི་རྒྱལ་བ་རིག་འཛིན་རྣམས་ཀྱི་ལམ༔ མ་འོངས་འབྱོན་གྱུར་རྣམས་ཀྱི་འདྲེན་ཤུལ་མཆོག༔ ཐར་པ་དོན་དུ་གཉེར་བའི་མིག་གཅིག་པུ༔ ལས་འཕྲོ་ལྡན་པ་རྣམས་ཀྱི་བཙས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀྱེ་མ་འཁྲུལ་བའི་བློ་ཡིས་འཁོར་བའི་ས་བོན་འདེབས༔ སྤང་བླང་ཀུན་རྟོག་ཆོས་ལ་འཛད་དུས་མེད༔ རང་རིག་

p. 140

རང་འཆིང་སྲིན་བུའི་ཁ་ཆུ་བཞིན༔ མདུན་དུ་བཞག་ནས་རྒྱབ་ཏུ་འཚོལ་བར་བྱེད༔ རང་གིས་རང་སྟོར་བྱིས་པ་གླེན་པ་ཚོ༔ སྙིང་ཐིག་དོན་འདི་རྟོགས་ན་ཅི་མ་རུང་༔ གཅིག་ཤེས་ཀུན་གྲོལ་ཐར་ལམ་བྱང་ཆུབ་མཆོག༔ བགྲོད་བྱེད་ཤེས་རབ་སྒྲོན་མེའི་ཡི་གེ་འདི༔ གནོད་སྦྱིན་ཤན་པ་དམར་ནག་ཁྱོད་ཀྱིས་སྲུངས༔ རིག་པ་ལས་ལྡན་སྐྱེས་བུ་རྣམས་ལ་སྤྲོད༔ སྐལ་མེད་ལོག་པར་ལྟ་བ་ཚར་ཅོད་ཅིག༔ བརྡ་ཐིམ༔ ས་མ་ཡཱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་པྲ་ཁྲིད་རྣམ་བཞག་ཟབ་མོ།

p. 141

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ པྲ་ཁྲིད་རྣམ་བཞག་ཟབ་མོ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ པྲ་ཁྲིད་རྣམ་བཞག་ཟབ་མོ་འདི་ལ་རྣམ་པ་གསུམ་གྱིས་སྟོན་ཏེ༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ ས་མ་ཡཱ༔ དང་པོ་སྔོན་དུ་འགྲོ་བའི་རིམ་པ་ལ་གསུམ་སྟེ༔ དང་པོ་ནི༔ ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་རང་གཞན་ཐམས་ཅད་མི་རྟག་མི་བརྟན་ཅིང་ལུས་སྲོག་ཐམས་ཅད་འདོར་བའི་རང་བཞིན་དུ་ཤེས་ནས་ཚེ་འདིའི་དོན་ལ་མི་ཆགས་པར་བྱའོ༔ གཉིས་པ་ནི༔ འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་ཤིང་མེའི་དངོས་པོ་ཆེ་ཆུང་གང་ཡང་ཚ་བ་ལས་མ་འདས་པ་ལྟ་བུ༔ མདོར་ན་འགྱུར་བའི་སྡུག་བསྔལ་དང་༔ སྡུག་བསྔལ་གྱི་སྡུག་བསྔལ་དང་༔ ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་ཉེས་པ་རྣམ་མང་དུ་མ་དང་ལྡན་པ༔ དང་པོ་ཐོག་མེད་ནས་ཐ་མ་མཐའ་མེད་པར་ཁོར་ཡུག་ཏུ་སྤྱོད་དགོས་པ་ལ་བསམས་ཤིང་༔ ཞེན་ལོག་དྲག་པོ་

p. 142

རྒྱུད་ལ་བསྟེན་ཅིང་འཁོར་བའི་བདེ་འབྱོར་ལ་སྨོན་པ་དང་ཆགས་པ་མེད་པར་བྱའོ༔ གསུམ་པ་ནི༔ འཁོར་བ་ནས་འཁོར་བར་སྐྱེ་བ་བགྲངས་པ་ས་ཆེན་པོའི་རྡུལ་གྱི་གྲངས་ཙམ་དུ་བརྒྱུད་ཚེ་ཕ་མར་མ་གྱུར་སེམས་ཅན་གཅིག་ཀྱང་མེད༔ ད་ལྟའི་མ་ལ་བརྩེ་ཞིང་མ་ལ་སྡུག་བསྔལ་བྱུང་བ་སེམས་ཀྱིས་མི་བཟོད་པ་ལྟ་བུའི་བློ་སེམས་ཅན་ཐམས་ཅད་ལ་བཞག་སྟེ༔ འགྲོ་བ་ཐམས་ཅད་རིགས་དྲུག་གི་སྡུག་བསྔལ་ལས་བསྐྱབས་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ༔ དེའིི་ཆེད་དུ་བདག་གིས་ཐོས་བསམ་སྒོམ་གསུམ་སོགས་དགེ་བའི་ལས་ཁོ་ན་ལ་བརྩོན་པར་བགྱི་སྙམ་དུ་སྐྱེས་བུ་ཆེན་པོའི་བློས་རང་དོན་ཞི་བདེ་ལ་མ་ཆགས་པར་བྱའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་སྟེ༔ དང་པོ་རྟོགས་བྱེད་ཀྱི་ལྟ་བ་ནི༔ སེམས་ཉིད་ཀྱི་མཚན་ཉིད༔ མངོན་སུམ་དུ་རྟོགས་པ་སྨྲ་བསམ་ཀྱང་བརྗོད་དུ་མེད་པ༔ གཟའ་གཏད་དང་བྲལ་བ་འདི་ཞེས་ངོས་བཟུང་ཐམས་ཅད་དང་བྲལ་བ༔ སྟོང་ཉིད་བསམ་འདས་ཆེན་པོའོ༔ ས་མ་ཡཱ༔ གཉིས་པ་ཉམས་སུ་ལེན་པ་ལ་འཇུག་ཚུལ་བཞག་

p. 143

ཐབས་ནི༔ རང་བབས་འབད་རྩོལ་མེད་པ༔ སྤང་བླང་གི་བྱ་བ་དང་བྲལ་བ༔ ཤུགས་འབྱུང་རྒྱ་ཡན་དུ་གློད་པའོ༔ ས་མ་ཡཱ༔ གསུམ་པ་སྒོམ་པ་ནི༔ དམིགས་གཏད་མཚན་མ་དང་བྲལ་སྟེ༔ མ་ཡེངས་མི་བསྒོམ༔ མ་བཅོས་འཛིན་མེད༔ སྣང་བ་ཕྱི་རུ་མ་ཆད༔ རིག་པ་ནང་དུ་མ་ལུས་པ༔ རང་བཞིན་ལྷུན་གྱིས་གྲུབ་པ་ཡོངས་རྫོགས་མཉམ་པ་ཆེན་པོ༔ ཉམས་ཞེན་ཕྱོགས་ལྷུང་གི་འཁྲིས་མ་ཞུགས་པ༔ བྱིང་རྨུགས་རྒོད་གསུམ་གྱིས་མ་གོས་པ༔ སོག་མའི་སྟེང་དུ་ཆུ་བླུག་པ་སྟེང་དུ་མི་མངོན་པ་ལྟ་བུ་འོག་འགྱུ་རྒྱ་འབྱམས་སུ་མ་སོང་བ༔ གོ་ཡུལ་བསྒོམ་བློས་བརྟག་དཔྱད་མ་ཞུགས་པ༔ རྒོད་བཅིང་འཇུར་བུས་བསྡམས་ནས་ཀོར་ཚེར་མ་བཟུང་བ༔ རིག་པ་གཅེར་བུ་ཐོན་པ༔ དཔེ་དང་ཚིག་གིས་མི་མཚོན་པ༔ ཡིན་ལུགས་ཇི་བཞིན་པའི་དགོངས་པ་ལས་མ་གཡོས་པའོ༔ ས་མ་ཡཱ༔ བཞི་པ་སྤྱོད་པ་ནི༔ བྱ་བྲལ་ཤུགས་འབྱུང་༔ སྤང་བླང་གི་མཐའ་ཟད་པ༔ རོལ་པ་གཅིག་གི་ངང་ངོ་༔ ཕྱི་སྣང་བའི་ཡུལ༔ ནང་འཛིན་པའི་སེམས༔ དུག་ལྔ་དུག་གསུམ་ཚོགས་དྲུག་གི་

p. 144

རྟོག་པ་ཐམས་ཅད་ལྟ་སྒོམ་གྱི་ལམ་དུ་ཁྱེར་བའོ༔ སྤྱད་བྱ་སྤྱོད་བྱེད་གཅིག་དང་དུ་མའི་ངོ་བོ་ལས་འདས་པའོ༔ དེ་ཡང་འདོད་ཡོན་དང་ཐབས་ལམ་ཐམས་ཅད་སེམས་ཉིད་ཀྱི་གྲོགས་སུ་སོང་བ་གནད་དུ་ཆེའོ༔ དེ་ཡང་ཚོགས་དྲུག་གི་ཤེས་ཉམས་ཐམས་ཅད༔ སྣང་ལ་དངོས་པོ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་གསལ་ལ་འཛིན་པ་མེད་པ་ཆུ་ནང་གི་ཟླ་གཟུགས་ལྟ་བུའོ༔ སྤྱོད་པ་ཞེས་བྱ་བ་སྙེམས་དང་ཐེ་ཚོམ་མེད་པར་གང་སྣང་གང་ཤར་མི་འགོག་པར་སྒོམ་གྱིས་ཟིན་པར་སྤྱོད་པའི་ཚིག་རིས་ཡིན་ནོ༔ ས་མ་ཡཱ༔ གསུམ་པ་རྗེས་ཀྱི་རིམ་པ་བཞི་སྟེ༔ དང་པོ་ཐོབ་བྱའི་འབྲས་བུ་ནི༔ ཡེ་ཤེས་བླ་མའི་ས་ཞེས་བྱ་སྟེ༔ སྤང་ཐོབ་མེད་དེ་ཡེ་རྫོགས་ལྷུན་གྲུབ་ཆེན་པོ་ཡིན་ནོ༔ གཉིས་པ་ཐོབ་དུས་ནི༔ དུས་གསུམ་མ་ངེས་ཏེ༔ ཡེ་གདོད་མ་ནས་རང་ཆས་རང་ཐོབ་ཡིན་ནོ༔ དེ་འཁོར་འདས་གཉིས་ཀ་ལ་རེ་དོགས་ཟད་པའོ༔ གསུམ་པ་ནི་དོན་གཉིས་རྩོལ་མེད་དུ་ཡེ་རྫོགས་ལྷུན་གྲུབ་ཆེན་པོར་རྟག་པ་རྒྱུན་གྱི་འཁོར་ལོ་བཞུགས་པའོ༔ བཞི་པ་ནི༔ རྫོགས་པ་ཆེན་པོའི་གལ་འགགས་

p. 145

མཐར་ཐུག་དོན་གྱི་རྩ་བ་ནི༔ བྱར་མེད་བླང་དོར་བྲལ་བའི་ཡེ་ནས་ཆོ ས་སྐུ་བློ་འདས་ཡིན་ཞིང་༔ ལྟ་སྒོམ་སྤྱོད་གསུམ་ལ་དེར་འཛིན་ཆེད་དུ་མེད་ཅིང་༔ བློ་བྲལ་སྤྲོས་མེད་ཇི་བཞིན་གྱི་ངང་ནས་ཀུན་ཏུ་མི་འདའ་ཞིང་༔ རོལ་པ་ཆོས་སྐུར་གནས་པ་ནི༔ ཨ་ཏི་ཟབ་མོ་ཐེག་དགུའི་ཡང་རྩེར་སྤྱོད་པའི་རྣལ་འབྱོར་དམ་པའོ༔ ས་མ་ཡཱ༔ པྲ་ཁྲིད་རྣམ་གཞག་ཟབ་མོའི་ཡི་གེ་འདི་དཔེ་ལ་སྲེད་ཅིང་ཉམས་སུ་མི་ལེན་པ་དང་༔ ཚིག་ལ་སྲེད་ཅིང་དོན་ལ་རྨོངས་པ་རྣམས་དང་༔ ཡོན་ཏན་མི་མཐོང་སྐྱོན་ལ་མིག་སྒོ་རྣོ་བ་རྣམས་ཀྱི་ལག་ཏུ་མ་ཤོར་ཅིག༔ དམ་ཅན་ཤན་པ་དམར་པོ་ལ་གཏད་དོ༔ གཉེར་རོ༔ བརྡ་ཐིམ༔ ས་མ་ཡཱ༔ ཆོས་འདིར་འབྲེལ་ཚད་སྨིན་གྲོལ་མཐར་ཕྱིན་ཤོག༔ ཨྠྀི༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་འཕྲང་སེལ་གནད་ཀྱི་ཞལ་གདམས།

p. 146
p. 147

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ འཕྲང་སེལ་གནད་ཀྱི་ཞལ་གདམས་བཞུགས༔ སྡོམ་གསུམ་རྣམ་དག་བསྟན་པའི་རྒྱལ་མཚན་འཛིན༔ མཚུངས་མེད་ཆོས་རྗེ་བླ་མའི་ཞབས་ལ་འདུད༔ རྫོགས་ཆེན་ལྟ་བའི་གེགས་སེལ་བཤད་ཀྱིས་ཉོན༔ གནས་དགའ་འགྱུ་སྡུག་འདེམ་ཀ་ཆེ་བ་དང་༔ སེམས་ཉིད་འཇུར་བུས་བཏབ་ཅིང་སྡུད་ཆེ་དང་༔ ཡོན་ཏན་སྒྲུབ་འདོད་སྐྱོན་ལ་སྤང་འདོད་དང་༔ མ་ཡེངས་ཕུར་ཚུགས་གཅིག་ཏུ་འཛིན་པ་དང་༔ འདི་དག་རྐྱེན་གྱིས་ལྟ་བར་སྐྱོན་ཞུགས་ཏེ༔ སྒོམ་ན་མི་བདེ་ཟུག་རྔུ་ལྡང་བའང་སྲིད༔ དཔེར་ན་ཁྱི་རྒོད་དང་ནི་དུག་སྦྲུལ་ནི༔ གཙེས་ཤིང་གཙེས་ཤིང་ཇེ་རྩུབ་ཇེ་རྩུབ་འགྲོ༔ དེ་བཞིན་སེམས་ཀྱང་མ་བཅོས་མ་གློད་པར༔ བཅོས་ཤིང་བཅོས་ཤིང་སྙིང་པོ་དེ་ཉིད་སྒྲིབ༔ ལུས་སེམས་ཁོང་གློད་རང་གི་སེམས་ཉིད་ནི༔ ཕར་ལ་མ་སྤྲོ་ཚུལ་ལ་མ་བསྡུ་བར༔ རང་ངོ་རང་གིས་ཤེས་བཞིན་བབས་ཀྱིས་སྐྱོངས༔ ལྟ་སྒོམ་ཅི་ཡང་མེད་པའི་སྟོང་པ་ལ༔ བཟང་འདོད་ཡོན་ཏན་ཐོབ་འདོད་འདོད་པའི་དབང་༔ འཁྲུལ་བ་ཡིན་གྱིས་རྒྱ་ཡན་ལྷུག་པར་ཞོག༔ གུ་ཡངས་བློ་

p. 148

བདེ་གཏད་མེད་ངང་དུ་སྐྱོངས༔ འགྱུ་རྟོག་མེད་པ་དེ་ནི་གནས་པ་ཡིན༔ རང་གསལ་བརྗོད་དུ་མེད་པ་ལྷག་མཐོང་ཡིན༔ རྣམ་རྟོག་བཟང་ངན་གང་ཤར་འགྱུ་བ་ཡིན༔ མ་བཅོས་རང་བཞག་རང་གྲོལ་ཆོས་སྐུ་ཡིན༔ མདོར་ན་སྒོམ་ལ་གསལ་དང་མི་གསལ་དང་༔ སྐྱོན་དང་ཡོན་ཏན་དགག་སྒྲུབ་ཅི་ཤར་ཡང་༔ གཞན་མིན་རྣམ་རྟོག་འཁྲུལ་བ་དེ་ཉིད་ཡིན༔ ཐབས་ཡིན་མ་བཅོས་རང་ངང་གློད་ཀྱིས་ཞོག༔ རྟགས་ཡིན་ཤར་གྲོལ་བྱ་ལམ་རྗེས་མེད་འདྲ༔ གནད་ཡིན་རང་གསལ་ཆོས་སྐུའི་དགོངས་པ་སྐྱོངས༔ ལྟ་བའི་མཚན་ཉིད་ངོས་བཟུང་མཚན་མ་མེད༔ སྒོམ་པའི་མཚན་ཉིད་སྒོམ་མེད་རང་གསལ་ཡིན༔ སྤྱོད་པ་ཆུ་ནང་རི་མོ་བྲིས་པ་འདྲ༔ འབྲས་བུ་གཞན་མེད་དང་པོའི་ཀ་དག་ཉིད༔ དང་པོའི་ལས་ཅན་ཡུན་ཐུང་གྲངས་མང་སྒོམས༔ བར་དུ་ཉིན་མཚན་ཐུན་དུ་བཅད་དེ་སྒོམས༔ ཐ་མ་མཉམ་རྗེས་དབྱེར་མེད་ཁོར་ཡུག་སྐྱོངས༔ ཚུལ་འདི་སྙིང་ཐིག་ལྟ་གྲུབ་འཛིན་པ་ཡི༔ ལས་རབ་རྩལ་ངས་རྗེས་འཇུག་དོན་དུ་གདམས༔ ཆོས་རྒྱལ་སྡེ་དགེའི་འདུས་ཚོགས་དབུ་མཛད་པ༔ དགེ་

p. 149

བཤེས་བསྟན་འཛིན་ཕུན་ཚོགས་ཉིད་ལ་ཕུལ༔ དགེ་བས་འགྲོ་ཀུན་བྱང་ཆུབ་མངོན་གྱུར་ཤོག༔ དགེའོ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་རྫོགས་ཆེན་བསྡུས་དོན་སྙིང་ཐིག

p. 150
p. 151

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ རྫོགས་ཆེན་བསྡུས་དོན་སྙིང་ཐིག་བཞུགས༔ གཞིའི་སངས་རྒྱས་རང་གི་རིག་པ་ལ་ཕྱག་འཚལ་ལོ༔ སེམས་ཀྱི་ངོ་བོ་ནི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་རང་བཞིན་ནི་རང་གསལ་བརྗོད་བྲལ་མ་འགགས་པ༔ ཐུགས་རྗེ་སྣ་ཚོགས་སུ་འཆར་ཞིང་ཅིར་ཡང་སྣང་བ༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་གཅིག་དང་དུ་མའི་ངོ་བོར་མ་གྲུབ་པ༔ རིག་ན་སངས་རྒྱས༔ མ་རིག་ན་སེམས་ཅན༔ རང་བཞིན་དག་པའི་ཆ་ལ་སྐུ་དང་༔ ཞིང་ཁམས་ཡེ་ཤེས་ཀྱི་བཀོད་པ་ཚད་མེད་པ༔ མ་དག་པའི་ཆ་ལ་འཁོར་བ་དང་དེའི་བདེ་སྡུག་གི་སྣང་བ་དཔག་ཏུ་མེད་པ༔ སེམས་ཉིད་ནི་རིག་པ་སངས་རྒྱས་འདུས་མ་བྱས་པ༔ སེམས་ནི་མ་རིག་པ་འཁྲུལ་འཛིན་འདུས་བྱས་ཀྱི་མཚན་ཉིད་ཅན༔ རིག་པའི་གནས་སྙིང་དབུས༔ སེམས་ཀྱི་གནས་གློ་བ༔ དེ་ནས་དབང་པོ་སོ་སོའི་སྒོར་ཐོན་པའོ༔ གཞི་ཁྲེགས་ཆོད་ཇི་ལྟར་བསྒོམ་པ་ནི༔ རྟོག་པ་གང་ཤར་ལ་དགག་སྒྲུབ་མི་བྱ༔ བྱས་ན་ཕག་སྣར་རྡོ་ཕོག་པ་དང་འདྲ༔ བཟང་ངན་གྱི་རྟོག་པ་གང་ཤར་

p. 152

ཀྱང་མི་སྤང་མི་བླང་༔ རྒྱ་བསྐྱེད་དཔངས་བསྟོད་ཁོང་གློད་དལ་ཆགས་པར་རང་ལུགས་སུ་བཞག་གོ༔ དེ་ལ་གོམས་པ་རྒྱུན་བསྲིངས་པས་མཐར་ཆོས་སྐུའི་དགོངས་པ་ཀློང་དུ་འགྱུར༔ ལམ་ཐོད་རྒལ་ཇི་ལྟར་བསྒོམ་པ་ནི༔ ཤེས་ཉམས་བདེ་གསལ་མི་རྟོག་མི་བརྟན་ཞིང་འགྱུར་ལ༔ སྣང་ཉམས་ཡེ་ཤེས་ཀྱི་རང་གདངས་ཕྱིར་ཤར་བ་ལྷུན་གྲུབ་གྱི་འཆར་སྒོ་འབེན་དུ་བཙུགས་ནས༔ ཁྲེགས་ཆོད་ཀྱི་དགོངས་པ་དྲི་མ་དང་བྲལ་བའི་ངང་ནས་ཉམས་སུ་བླངས་པས༔ ཆོས་ཉིད་མངོན་སུམ༔ ཉམས་གོང་འཕེལ༔ རིག་པ་ཚད་ཕེབས་ཆོས་ཉིད་ཟད་པའི་རྟགས་དང་ཚད་བཞི་གོང་དུ་ཕྱིན་པ་དེ་བཞིན་ནང་དུ་སེམས་ཉིད་ལ༔ གདེང་ཐོབ་པར་གདོན་མི་ཟ༔ ཆོས་ཉིད་ཟད་དུས་ཐུགས་རྗེ་ནང་གསལ་དུ་ཆོས་ཀྱི་སྐུ་མངོན་དུ་གྱུར༔ རང་བཞིན་དག་པའི་ཆ་ལས་མ་འབད་མ་བྱས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་ངོར་རིགས་ལྔའི་ལོངས་སྐུ་དང་༔ འགྲོ་བ་དྲུག་གི་སྣང་ངོར་སྤྲུལ་པས་གང་ལ་གང་འདུལ་དུ་སྣང་ནས་དོན་བྱེད་པའོ༔ བར་དོའི་གྲོལ་ཚུལ་ཇི་ལྟར་ན༔ འབྱུང་བ་སྡུད་ཅིང་སྙིང་དུ་ཁྲག་

p. 153

གི་ཐིག་ལེ་རྒྱབ་པས་དལ་ཅིག་དྲན་མེད་དུ་བརྒྱལ་བའི་རྗེས་ལ་བརྒྱལ་སད་ནས་སེམས་ཉིད་རང་རྩལ་བརྗོད་མེད་དུ་གནས་དུས་རང་ངོ་འཕྲོད་ན་ཆོས་སྐུར་སངས་རྒྱས་པར་ཐེ་ཚོམ་མེད༔ དེ་ནས་རིག་པ་ཕྱིར་ཐོན་པའི་རང་མདངས་སྒྲ་འོད་ཟེར་གསུམ་ཞི་བ་དང་ཁྲོ་བོའི་སྣང་བ་ཤར་བ་དེ་དག་སྔར་གོམས་ཀྱི་བག་ཆགས་ཀྱི་ཏིང་ངེ་འཛིན་ཟིན་ནམ་ངོ་ཤེས་ན་ལོངས་སྐུར་སངས་རྒྱས་པར་ཐེ་ཚོམ་མེད༔ དེ་ལ་ངོས་མ་ཟིན་ན་རིག་པ་འཁྲུལ་བའི་དབང་དུ་གྱུར་ན་བར་དོའི་ཡིད་ལུས་སུ་གྲུབ་ནས་བདེ་སྡུག་གི་སྣང་བ་ལ་སྤྱོད་དུས་སྣང་བ་དེ་དག་སྒྱུ་མ་ལྟ་བུར་ཤེས་པའམ་བསྐྱེད་རྫོགས་ཟབ་མོ་དྲན་པས་སངས་རྒྱས་པའམ་མངལ་སྒོ་ངན་པ་ཁེགས་ནས་ཆོས་ལྡན་གྱི་ལུས་སུ་སྐྱེ་བར་ཐེ་ཚོམ་མེད་དོ༔ འདི་དག་གིས་གནད་རྒྱས་པ་ཨོ་རྒྱན་ཆེན་པོ་དང་བི་མ་ལའི་གདམས་ངག་རྣམས་དང་ཀློང་ཆེན་ངག་གི་དབང་པོའི་ངེས་དོན་གྱི་བསྟན་བཅོས་རྣམས་སུ་གསལ་ཞིང་༔ བསྡུས་དོན་སྙིང་ཐིག་འདི་ཡང་རྩ་བའི་མན་ངག་ཉམས་མྱོང་ཞལ་རྒྱུན་དང་འབྲེལ་བའི་ཟབ་པར་

p. 154

མཆིས་སོ༔ རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཆོས་དབྱིངས་དྲི་མེད་ཀྱིས་བཀོད་པ་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་བྱ་ར་གྱིས༔ ས་མ་ཡཱ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཡིན་ལུགས་ངེས་པའི་བཞག་ཐབས།

p. 155

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཡིན་ལུགས་ངེས་པའི་བཞག་ཐབས་བཞུགས་སོ༔ དང་པོ་ཉིད་ནས་སྐུ་གསུམ་རང་ཆས་རྫོགས༔ རང་བྱུང་ཡེ་ཤེས་རྒྱལ་པོར་ཕྱག་འཚལ་ལོ༔ ཐོག་མཐའ་བར་མེད་རྣམ་པ་ཐམས་ཅད་དུ༔ སྟོང་གསལ་འདུས་མ་བྱས་པའི་ཆོས་ཀྱི་སྐུ༔ ཐུན་མཚམས་རིས་མེད་འབྲལ་མེད་ཁོར་ཡུག་ཉིད༔ མིང་ལ་སེམས་ཉིད་ཆོས་ཉིད་ཡེ་ཤེས་དང་༔ རིག་པ་ཞེས་བཏགས་ཀ་དག་གདོད་མའི་བབས༔ སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་བཞུགས༔ དེའི་རྩལ་སེམས་རྟོག་འཁྲུལ་བ་སྣ་ཚོགས་སྣང་༔ ངོ་བོ་མ་རིག་རྐྱེན་སྣང་གཟུང་འཛིན་ཅན༔ ཁམས་གསུམ་རིགས་དྲུག་སེམས་ཅན་འབྱུང་བར་བྱེད༔ སེམས་ཀྱི་མཚན་ཉིད་ཕྱོགས་རེར་སྨྲ་བྱེད་ཀྱང་༔ རྨོངས་པ་ཆ་ཙམ་ཡིན་མིན་འདྲ་ན་ཡང་༔ དོན་དམ་ཉིད་དེ་ཚིག་གིས་མཚོན་མི་ནུས༔ སྤྲོས་པའི་མཐའ་རྣམས་ཀུན་དང་བྲལ་བའོ༔ འོན་ཀྱང་སྤྲོས་པ་བྲལ་ཞེས་དམིགས་མི་དགོས༔ གཞི་རྩ་བྲལ་བའི་སྟོང་པ་ཉིད་ན་ཡང་༔ སྟོང་པས་རྒྱས་འདེབས་དམིགས་པ་གཟབ་མི་བྱ༔ སྣང་སྲིད་བདེན་མེད་སྒྱུ་མར་

p. 156

ཤེས་དགོས་ཀྱང་༔ སྒྱུ་མར་བཟུང་བའི་འཇུར་བུ་དམ་མི་རུང་༔ སེམས་རིག་དབྱེ་བ་ཁྱད་ཆོས་ཡིན་མོད་ཀྱང་༔ སེམས་རྟོག་སྐྱོན་བཟུང་སྤང་བླང་དོགས་མི་འཆིང་༔ ལྟ་སྒོམ་སྤྱོད་འབྲས་ངོ་བོ་གཅིག་གི་ངང་༔ སོ་སོར་རིས་བཅས་བློ་ཡིས་བཅོས་མི་གཞུག༔ གནས་སམ་འགྱུ་རུང་རང་ངང་རང་སེམས་ཡིན༔ གཞན་དུ་མ་བཙལ་ངང་དེར་བབས་ཀྱིས་ཞོག༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་ཅིག་ཆར་རང་ཆས་རྫོགས་པ་ཉིད༔ ཚོགས་དྲུག་མ་བཀག་ཡུལ་དེར་སྣང་ནའང་༔ དེར་འཛིན་མ་ཞུགས་རང་གསལ་དགོངས་པའི་ངང་༔ བདེ་སྡུག་རྐྱེན་ངན་སྣ་ཚོགས་འཆར་སྒོ་རྣམས༔ ཆོས་ཉིད་རྩལ་དང་རྒྱན་ཡིན་མ་བཅོས་ཞོག༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན༔ ཆེད་འཛིན་མེད་པར་བློ་འདས་བྱ་བྲལ་ཀློང་༔ བསྒོམ་བྱ་སྒོམ་བྱེད་མེད་པའི་རང་ག་མ༔ སྒོམ་བློའི་དྲི་མའི་གཡའ་ཡིས་མ་སྦགས་ཤིག༔ ངོ་བོ་སྐྱོན་ཡོན་ཀུན་ལས་འདས་པ་ལ༔ བཟང་ངན་གཉིས་ཀྱི་བླང་དོར་མ་བྱེད་ཅིག༔ དུས་གསུམ་འཁོར་ཡུག་རང་གནས་ཆེན་པོ་ལ༔ མི་

p. 157

ཤེས་ཕྱོགས་རིས་ཐུན་མཚམས་མ་གཅོད་ཅིག༔ ཆོས་ཉིད་རིག་པའི་རྩལ་མདངས་འགྱུ་བ་ལ༔ སྤང་བྱ་དགྲར་བཟུང་རང་ཉིད་མ་བཅིངས་ཤིག༔ ཆོས་ཀུན་ཟད་པ་ཀ་དག་ཆེན་པོ་རུ༔ གཞི་དབྱིངས་ཐོག་མའི་ཆོས་སྐུར་ལ་བཟླ་བ༔ ཕྱོགས་གྲོལ་ལྟ་བའི་རྫོགས་ཆེན་རྫོགས་པ་ཆེ༔ གནད་ཀྱི་ཟབ་དོན་མ་ནོར་བཤད་པ་འདི༔ ཆོས་དབྱིངས་དྲི་མེད་བདག་གིས་ལེགས་པར་བཀོད༔ དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག༔ མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཀུན་ཏུ་བཟང་པོས་རང་ལས་མི་གཞན་པའི་འཁོར་ལ་ཞལ་ཆེམས་གདམས་པ་བཀའ་རྒྱ་ཅན།

p. 158
p. 159

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཀུན་ཏུ་བཟང་པོས་རང་ལས་མི་གཞན་པའི་འཁོར་ལ་ཞལ་ཆེམས་གདམས་པ་བཀའ་རྒྱ་ཅན་བཞུགས་སོ༔ ཐོག་མའི་སངས་རྒྱས་རང་ལ་གནས་པའི་གདོད་མའི་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཆོས་སྐུ་ཀུན་ཏུ་བཟང་པོས་རང་གི་ཡེ་ཤེས་ཆེན་པོ་རང་ལས་མི་གཞན་པའི་འཁོར་ལ་བརྗོད་དུ་མེད་པ་ལ་བརྗོད་པ༔ ཀྱེ༔ སེམས་ནི་བཙལ་བས་མི་རྙེད༔ བལྟས་པས་མི་མཐོང་༔ དཔེ་ཡིས་མི་མཚོན༔ སྨྲ་བ་དང་བྲལ་བ་སྟེ༔ དེའི་ཕྱིར་ན་སྟོང་པར་བཏགས་པའོ༔ དེ་ཡང་མེད་པ་ཧ་ཆད་མ་ཡིན་ཏེ༔ རིག་པའི་ངོས་ལས་རང་རྩལ་བརྗོད་མེད་ཆེན་པོ༔ རང་བབས་སུ་གནས་པའི་རང་ངང་ལས་མ་གཡོས་པ༔ མངོན་སུམ་དུ་རྟོགས་ཀྱང་ཚིག་གིས་སྨྲ་མི་ནུས་པ༔ དཔེར་ན་གཞོན་ནུ་མའི་བདེ་བ་དང་ལྐུགས་པས་བུ་རམ་ཟོས་པ་ལྟར་ཤེས་ཀྱང་སྨྲར་མི་ནུས་པའོ༔ དེ་བཞིན་མ་རིག་པའི་ངོས་ནས་ཀྱང་མ་ཆད་དེ༔ རང་ངོ་རང་གིས་མ་ཤེས་པར་གཏི་མུག་པ༔ རྨོངས་པ༔ འཐིབས་པ༔ ཡེངས་པ༔ ཧད་པ༔ དྲན་མེད་དུ་གནས་པ༔ བརྒྱལ་བ༔

p. 160

འདོད་པའི་ཡུལ་ལ་སྤྲོ་བ༔ ཆགས་པ༔ མི་འདོད་པའི་ཡུལ་ལ་ཁྲོ་བ༔ སྡང་བ༔ འཁྲུལ་སྣང་གཟུང་འཛིན་གྱི་རྟོག་པ་ལས་སྐད་ཅིག་ཀྱང་དལ་ཁོམ་མེད་པ༔ ལས་དེས་བསྐྱེད་པའི་ཁམས་གསུམ་རིགས་དྲུག་ལ་སྤྱོད་པའོ༔ ད་ནི་རྟག་ཆད་དང་བྲལ་བའི་སེམས་ཉིད་དེ་ཇི་ལྟར་སྒོམ་ན་ད་ལྟའི་རྟོག་པ་བཟང་ངན་གང་ཤར་ཡང་སྔུན་ནས་མ་བསུ༔ རྗེས་ནས་མ་དཔྱོད་༔ མ་སྤྲོ༔ མ་བསྡུ༔ སྣང་བ་ཕྱི་རུ་མ་ཆད༔ རིག་པ་ནང་དུ་མ་ལུས་པར་གང་ཤར་ངོ་བོ་དེ་གའི་སྟེང་དུ་བབས་ཀྱིས་ལྷོད་ཅིག༔ དེའི་ཚེ་རྟོག་པ་ཆབ་རོམ་ཆུར་ཞུབ་བཞིན་དུ་དྲན་བསམ་འཕྲོ་འདུ་དང་བྲལ་བར་ལྷན་གྱིས་གནས་པ་དེ་ཞི་གནས་ཡིན༔ གནས་པ་དེ་ཉིད་རང་ངོ་རང་གིས་ཤེས་པ་དེ་ཉིད་ལམ་གྱི་ལྷག་མཐོང་ཟེར༔ གནས་པ་དང་འགྱུ་བ་ངོ་ཤེས་པ་ནི་སྒོམ་ཟེར་ཏེ་ལྷག་མཐོང་ཡིན༔ དེ་ནི་རང་ངོ་རང་གསལ་བ་ཡིན་ནོ༔ ཡང་གནས་ཐལ་འགྱུ་ཐལ་བསམ་པ་དང་༔ གནས་དགའ་འགྱུ་སྡུག་ལ་སོགས་པ་ནི་འགྱུ་བ་ཡིན་ཅིང་༔ དེ་ཡང་ངོ་བོ་དེའི་ངང་དུ་མ་བཅོས་པར་ཞོག་དང་ཤར་གྲོལ་ཆབ་རོམ་ཆུར་ཞུ་བ་དང་

p. 161

འདྲའོ༔ དག་གིས་ལྟ་བ་རྟོགས་འདུག་སྙམ་པའི་ངེས་ཤེས་དང་༔ མ་རྟོགས་བསམ་པའི་ཐེ་ཚོམ་སྟེ༔ དེ་དག་ཀྱང་འགྱུ་བ་ཡིན་པས་མ་བཅོས་པར་ཞོག་ཅིག༔ རང་སར་ཞི་ནས་རང་གསལ་འགྱུ་བ་མེད་པའི་ཡེ་ཤེས་ཆེན་པོ་སྐྱོངས་ཤིག༔ མདོར་ན་དངོས་གྲུབ་དང་བར་ཆད༔ ལྷ་དང་བདུད༔ དགེ་བ་དང་སྡིག་པ༔ སྐྱོན་དང་ཡོན་ཏན་གང་ཤར་ཐམས་ཅད་མ་བཅོས་རང་བབས་དེ་གའི་ངང་དུ་ལྷོད་ཅིག༔ རྟོག་པ་དེ་རང་ཞི་རང་དག་ལ་སོང་ནས་ངོ་བོ་བརྗོད་དུ་མེད་པའི་ཡེ་ཤེས་དེ་སྐྱོངས་ཤིག༔ དུས་ཐམས་ཅད་དུ་ལེགས་ཉེས་ཐམས་ཅད་ལམ་ཁྱེར་གྱི་གདམས་པ་ཟབ་མོ་འདི་དང་མ་བྲལ་ན་དོན་གྱི་རྣལ་འབྱོར་ཆེན་པོའོ༔ འབྲས་བུ་དོན་གྱི་ལྷག་མཐོང་ཆེན་པོ་ནི་ངོས་བཟུང་མེད་པ༔ ཕྱོགས་ལྷུང་མེད་པ༔ མཐའ་དབུས་མེད་པ༔ ཡངས་དོག་མེད་པ༔ རང་ངོར་གསལ་བ༔ དུས་གསུམ་དུས་མེད་མཉམ་པ་ཉིད་དུ་གདལ་བ༔ རེ་དོགས་སྤང་བླང་དགག་སྒྲུབ་ཐམས་ཅད་ཟད་པ༔ མངོན་སུམ་དུ་རང་གིས་རྟོགས་ཀྱང་༔ ཚིག་ཏུ་སྨྲར་མི་བཏུབ་པ༔ འཁོར་འདས་ཀྱི་སྐྱོན་ཡོན་

p. 162

གང་གིས་ཀྱང་མ་བསླད་པ༔ ཚིག་མེད་པ༔ དཔེར་བརྗོད་མེད་པ༔ ཡི་གེ་མེད་པ༔ བློ་འདས་ཀློང་ཡངས་ཆེན་པོ་གདོད་མའི་ཀ་དག་ཆེན་པོ་ཞེས་བྱ་བ་དེ་ཡིན་ནོ༔ ས་མ་ཡཱ༔ ཨྠྀི༔ རྫོགས་ཆེན་སྙིང་ཐིག་གི་ལྟ་གྲུབ་འཛིན་པ་ལས་རབ་རྩལ་གྱིས་བཤེས་གཉེན་དམ་པ་གུ་རུ་འཕེལ་ལ་གདམས་པའོ༔ མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ངོ་སྤྲོད་སྦས་པའི་གསང་ཚིག

p. 163

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ངོ་སྤྲོད་སྦས་པའི་གསང་ཚིག་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ དེ་ནས་སྣོད་ལྡན་སློབ་མ་ལ༔ ཏིང་འཛིན་དྲོད་ཐོབ་བླ་མ་ཡིས༔ སྙིང་པོ་དོན་གྱི་ངོ་སྤྲོད་བྱ༔ གཅེས་ཚད་མིག་དང་གཉན་ཚད་སྙིང་༔ སྤེལ་བའི་གནས་མེད་གུད་དུ་བྲིས༔ ས་མ་ཡཱ༔ ཀྱེ༔ སེམས་དང་པོ་བྱུང་ཁུངས་མ་རྙེད་པ་ཆོས་སྐུ་སྐྱེ་བ་མེད་པ༔ བར་དུ་འདིར་གནས་མེད་ཅིང་རྟོག་བྲལ་རང་ངོ་གསལ་བ་ལོངས་སྐུ༔ ཐ་མ་འགྲོ་ཡུལ་འགྲོ་མཁན་མི་མཚོན་པ་གདངས་འགག་པ་མེད་པར་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ་སྟེ༔ ད་ལྟར་གྱི་ཤེས་པ་གནས་སམ་འགྱུ་ཡང་རུང་སྟེ་གང་ཡིན་ཡིན་དུ་ཆུག་ལ་མ་བཅོས་པར་ཞོག་ཅིག༔ དེའི་ཚེ་རྟོག་ཚོགས་མེད་པ་ཞི་གནས༔ རང་གསལ་བརྗོད་དུ་མེད་པའི་རྗེན་པ་ལྷག་མཐོང་སྟེ་ཞི་ལྷག་ཟུང་དུ་འཇུག་པ་ཡིན་ནོ༔ རྟོག་མེད་རང་གསལ་དེ་ཀ་བསམ་གཏན་དུག་བྲལ༔ གནས་སོ་སྙམ་པ་དུག་ཅན་ཡིན་ནོ༔ བསམ་གཏན་ནམ་སྒོམ་ཙ་ན༔ བྱུང་ཚོར་གྱི་རྟོག་པ་དང་༔ དྲན་འཛིན་གྱི་

p. 164

གཉེན་པོས་མ་བསླད་པར་རང་གསལ་སྒོམ་མེད་ཆེན་པོར་སྐྱོངས་ཤིག༔ རྟོག་བྲལ་རང་གསལ་གྱི་ངང་དེ་ཉིད་མཉམ་བཞག་ཡིན་ཅིང་༔ མཐར་དེ་ལས་ལངས་པའི་ཚེ་ཡང་སྤྲོས་བྲལ་གྱི་ཡེ་ཤེས་ལས་མི་གཡོ་ཞིང་ཚུགས་ཐུབ་འདུག་པ་ལྟ་བུ་དེ་རྗེས་ཐོབ་ཅེས་བྱའོ༔ དེའི་གཞུག་ཏུ་རྟོག་པ་སྣ་ཚོགས་འཕྲོ་བ་ལ་རྗེས་ཤེས་ཟེར༔ ཁ་ཅིག་རྟོག་པ་ལ་བྱ་ར་བྱེད་ཅིང་འགོག་པར་བྱེད་ཀྱང་༔ ལུགས་འདི་ལ་རྟོག་པ་ལ་དགག་སྒྲུབ་མེད་པར་བྱ་འཕུར་ཡང་ནམ་མཁའ་ལས་མ་འདས་པ་ལྟར་རྣམ་རྟོག་ཅི་ལྟར་ཡང་སེམས་ཉིད་ལས་མ་འདས་པའི་གང་ཤར་རྒྱ་ཡན་ངང་དུ་གློད་ཅིག༔ ཅེས་གདམས་སོ༔ ས་མ་ཡཱ༔ ཀྱེ༔ རང་སེམས་སྤྲོས་མེད་སྟོང་པ་གསལ༔ གཉིས་འཛིན་གྱིས་མ་བསླད་པར༔ རང་ངོར་ལྟོས་ཤིག༔ ཕཊ༔ ལྷུན་གྲུབ་གསལ་དྭངས་ཡོངས་རྫོགས༔ རེ་དོགས་གིས་མ་བསླད་པར༔ རང་

p. 165

བབས་སོ་མར་སྐྱོངས་ཤིག༔ ཕཊ༔ ཀུན་ཁྱབ་ཤར་གྲོལ་འགག་མེད༔ སྤང་བླང་གིས་མ་བསླད་པར༔ འཛིན་མེད་ཀྱི་ངང་དུ་ཞོག་ཅིག༔ ཕཊ༔ སྨྲ་མེད་རང་རིག་རྗེན་པ༔ རྟོག་དཔྱོད་ཀྱིས་མ་བསླད་པར༔རང་བབས་སོ་མར་སྐྱོངས་ཤིག༔ ཕཊ༔ འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད༔ དོན་ལ་གཏད་མེད་སྟོང་པ་ཡིན་པས༔ དམིགས་གཏད་རྟོག་པས་མ་བཅིངས་པར༔ གུ་ཡངས་ཟང་ཐལ་དུ་སྐྱོངས་ཤིག༔ ཕཊ༔ བྱར་མེད་བློ་འདས་རྒྱ་ཡན་ཆེན་པོའི་ངང་ལས་མ་འདའ་ཞིག༔ ཕཊ༔ ཅེས་ནན་ཏུར་རྡོ་རུས་ཐུག་པར་ངོ་སྤྲོད་དོ༔ ས་མ་ཡཱ༔ སྦས་པའི་གསང་ཚིག་དམ་ཅན་ཤན་པ་དམར་པོས་སྲུངས་ཤིག༔ ཨྠྀི༔ བཀའ་རྒྱ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་དོན་དམ་ཆོས་སྐུའི་ལམ་རིམ་གྱི་ཡིག་ཆ།

p. 166
p. 167

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ དོན་དམ་ཆོས་སྐུའི་ལམ་རིམ་གྱི་ཡིག་ཆ་བཞུགས་སོ༔ དབྱིངས་ཉིད་ཆོས་སྐུ་འགྱུར་བ་མི་མངའ་ཡང་༔ ནམ་མཁའི་རང་བཞིན་ཤིན་ཏུ་དག་པ་ལ༔ སྤྲིན་དང་ན་བུན་གཟའ་སྐར་གྱིས་བསྒྲིབས་བཞིན༔ འཁྲུལ་སྣང་སྣ་ཚོགས་བདེ་སྡུག་ཅིར་ཡང་སྣང་༔ སེམས་དང་སེམས་བྱུང་རང་བཞིན་མ་ཤེས་པས༔ སྤྲོས་བྲལ་འདོད་ཕྱིར་སྤྲོས་པའི་རྦ་ལ་གཡེངས༔ བཅོས་ཤིང་བཅོས་ཤིང་རང་ངོ་རང་གིས་བསྒྲིབས༔ བསྒྲིམས་ཤིང་བསྒྲིམས་ཤིང་རྣམ་རྟོག་འཆིང་བས་བཅིངས༔ དམིགས་ཤིང་དམིགས་ཤིང་དེར་འཛིན་བློ་ཡིས་བཅིངས༔ བཟང་འདོད་ངན་སྤང་རེ་དོགས་གཡའ་ཡིས་སྦགས༔ ཚིག་ཚོགས་དཔེ་དང་ཡི་གེས་ཚོད་མི་འཇལ༔ འདིར་ནི་རྫོགས་ཆེན་རྒྱ་འབྱམས་ལྷུག་པའི་ངང་༔ མཚན་བཅས་དམིགས་རིམ་དེར་འཛིན་ཀུན་བྲལ་ཞིང་༔ སྣ་ཚོགས་ཐབས་ཀྱིས་གཅུན་པའི་བློ་བྲལ་ཞིང་༔ དང་པོའི་ཀ་དག་ད་ལྟ་ཞལ་མཐོང་བ༔ མི་གཡོ་མི་འགྱུ་ཆོས་སྐུ་འཕོ་འགྱུར་མེད༔ རིག་འཛིན་རྒྱལ་པོའི་གསང་ཚིག་དུས་འདིར་སྨྲ༔ གང་ཞིག་རྣམ་

p. 168

རྟོག་འཚུབ་མ་ལངས་པའི་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ སྒྲོ་འདོགས་བཅད་ཅིང་སེམས་ཉིད་བཙལ་བའི་ཐབས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ སྒོམ་དེ་བློ་ཡིས་བཅོས་སྒྱུར་མང་བའི་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ སྤྱད་བྱ་སྤྱོད་བྱེད་གོ་ལོག་རེ་དོགས་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ འབྲས་བུ་ཐོབ་འདོད་ཕྱི་ཐག་རེ་བའི་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ ལྷ་དང་དགེ་བ་ཡོན་ཏན་བཟང་འདོད་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ འདྲེ་དང་སྡིག་པ་རྐྱེན་ངན་སྤངས་པའི་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔

p. 169

ཅུང་ཟད་རྐྱེན་ངན་མི་ཐུབ་མཚང་སྟོན་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང༔ ཅུང་ཟད་ཡོན་ཏན་རང་ངོས་ང་རྒྱལ་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང༔ གཞན་གྱི་ཕུན་ཚོགས་མི་འདོད་བློ་འཁྲུགས་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ གཏམ་ངན་སྐྱིད་སྡུག་བདུད་ཀྱིས་བསླུས་པའི་དུས༔ གཞན་དུ་བཙལ་བས་མི་རྙེད་རང་ཉིད་སྟོར༔ རང་ཡིན་རང་ངང་བཞག་པས་རང་ཞལ་མཐོང་༔ འདི་ལྟར་མང་ཡང་འདི་ཡིས་ཀུན་ལ་འགྲེ༔ འདམ་བུ་གཅིག་དེ་ཁོང་སྟོང་ཤེས་པ་ན༔ ཇི་སྙེད་འདམ་བུ་དེ་ཉིད་ཁོང་སྟོང་ཤེས༔ ཆུ་ཐིགས་གཅིག་དེ་རླན་དུ་ཤེས་པ་ཡིས༔ ཇི་སྙེད་ཆུ་དེ་དེ་སྙེད་རླན་དུ་ཤེས༔ དེ་བཞིན་རྣམ་རྟོག་གཅིག་སྟེེ་རང་གྲོལ་ན༔ ཇི་སྙེད་རྣམ་རྟོག་དེ་སྙེད་རང་གྲོལ་ཉིད༔ མིག་གིས་ཐམས་ཅད་མཐོང་གཞན་གསལ་ན་ཡང་༔ མིག་གིས་མིག་ཉིད་མཐོང་བ་མི་འགྱུར་

p. 170

བཞིན༔ དེ་བཞིན་སེམས་ཀྱིས་ཐམས་ཅད་མཐོང་ན་ཡང་༔ རང་ཉིད་མི་མཐོང་ཕྱིར་ན་སྟོང་པར་བཏགས༔ སྔོན་ཆད་འཁྲུལ་སྣང་བློ་ཡིས་སྦགས་པས་འཁྲུལ༔ ཐོག་མ་འཁྲུལ་རྟོག་དེ་ཡིས་མི་ཆོག་པར༔ ད་རུང་བློས་བྱས་དམིགས་པས་མ་བཅིངས་པར༔ རང་བབས་ཅོག་བཞག་རང་རྩལ་རྗེན་པར་ལྟོས༔ འདི་ནི་དུས་གསུམ་སངས་རྒྱས་དགོངས་པ་ཡིན༔ ངན་སོང་དམྱལ་བར་འགྲོ་བ་འདི་མཐོང་ཡང་༔ རྟོགས་གྲོལ་དུས་མཉམ་རྫོགས་སངས་རྒྱས་ཀྱིས་བཤད༔ དཔེར་ན་གསེར་ཟད་གཡའ་ཟད་ཇི་བཞིན་དུ༔ སེམས་ཟད་སེམས་དག་ཆོས་ཉིད་ཀ་དག་ངང་༔ འཕོ་འགྱུར་མེད་པའི་གཏན་སྲིད་དེ་དུས་ཐོབ༔ དོན་དམ་ཆོས་སྐུའི་ལམ་རིམ་ཡིག་ཆ་འདི༔ ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་གནད་ཀྱི་ཚིག་གསུམ་པ།

p. 171

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ གནད་ཀྱི་ཚིག་གསུམ་པ་བཞུགས་སོ༔ ཀྱེ་རིགས་ཀྱི་བུ༔ ཀུན་ཏུ་བཟང་པོ་མྱ་ངན་ལས་འདའ་བར་བྱེད་པའི་དགོངས་པ་རྫོགས་པ་ཆེན་པོ་གནད་ཀྱི་ཚིག་གསུམ་པ་འདི་ཡི་དམ་བྱེད་པ་དག་འཁྲུལ་མེད་ཀྱི་ཡི་དམ་ལ་དབང་ང་ོ༔ ཚིག་དང་པོ་ནི༔ སེམས་ཅི་ཡང་མེད་པའི་ཕྱིར་སྟོང་པ་ཆོས་སྐུ༔ རང་གསལ་རྗེན་པ་བརྗོད་པ་དང་བྲལ་བ་ལོངས་སྐུ༔ སེམས་རྩལ་སྣ་ཚོགས་སུ་འཕྲོ་བ་འགག་མེད་སྤྲུལ་སྐུའོ༔ ཚིག་གཉིས་པ༔ འགྱུ་རྟོག་བཟང་ངན་གང་ཤར་ཀྱང་བཟོ་བཅོས་སྤང་བླང་སྔུན་བསུ་རྗེས་མཐུད་མེད་པར་ཞོག་ཅིག༔ བཅིངས་གྲོལ་མེད་པའི་ཤར་གྲོལ་རྟོག་མེད་ཆེན་པོའི་ཉམས་ཤར་རོ༔ ཚིག་གསུམ་པ་ནི༔ ཆགས་ན་ཆོས་དང་དགེ་བས་ཀྱང་འཆིང་༔ མ་ཆགས་ན་ཉོན་མོངས་དུག་ལྔས་ཀྱང་གྲོལ་བའི་ཐབས་ཏིང་འཛིན་ཟབ་མོས་ཟིན་པར་གྱིས་ལ་སྣང་སྲིད་ཐམས་ཅད་ལམ་དུ་ཁྱེར་ཅིག༔ དེ་ཕན་ཆད་འཁོར་བ་སྤང་དུ་མེད༔ རང་སར་རང་དག༔ སངས་རྒྱས་བསྒྲུབ་ཏུ་མེད༔ རང་རིག་ཆོས་སྐུ་འུབས་ཆུབ་པས༔ ཀུན་ཏུ་བཟང་

p. 172

པོ་མྱ་ངན་ལས་འདས་པའི་དགོངས་པ་ཚིག་གསུམ་པ་རྫོགས་པ་ཆེན་པོའི་གནད་ཀྱི་གསང་གཏམ་ཆེན་པོ་འདི་ཆོས་དབྱིངས་རང་གྲོལ་གྱིས་གདམས་པ་དམ་ཅན་སྲུང་མས་བྱ་ར་གྱིས་ཤིག༔ སྐལ་ལྡན་ལས་འཕྲོ་ཅན་ལ་གཏད་རྒྱ༔ དགེའོ༔ བཀྲ་ཤིས༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་སྲོག་ཐིག་རབ་ཏུ་སྦས་པ།

p. 173

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་གི་སྲོག་ཐིག་རབ་ཏུ་སྦས་པ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཕྱག་འཚལ་ལོ༔ སྲོག་ཐིག་རབ་ཏུ་སྦས་པ་འདི་ལ་གནད་རྣམ་པ་བཞི༔ ཞལ་ཤེས་དང་ལྔས་སྟོན་ཏེ༔ གནད་དང་པོ་ནི༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་ལ༔ འདི་ནས་བྱུང་ཞེས་པ་དང་གཅིག༔ འདི་ནས་མ་བྱུང་ཞེས་པ་དང་གཉིས༔ འདི་ནས་བྱུང་མ་བྱུང་གང་ཡང་མེད་ཅེས་པ་དང་གསུམ༔ འདི་ནས་བྱུང་མ་བྱུང་ཡོད་དེ་བདག་གིས་མ་རྙེད་འདུག་སྙམ་པའི་སོམ་ཉི་དང་བཞིའོ༔ སེམས་གནས་པ་ཕྱི་ནང་བར་གསུམ་ཕྲ་རགས་ཀྱི་ཡུལ་ལ་དཔྱད་པས༔ འདི་ན་གནས་ཞེས་པ་དང་གཅིག༔ འདི་ན་མི་གནས་ཞེས་པ་དང་གཉིས༔ འདི་ན་གནས་མི་གནས་གཉིས་ཀ་མ་ཡིན་ཟེར་བ་དང་གསུམ༔ འདི་ན་གནས་པའམ་མ་གནས་པ་འདུག་སྟེ་བདག་གིས་མ་རྙེད་སྙམ་པའི་སོམ་ཉི་དང་བཞིའོ༔ སེམས་འགྲོ་ས་དང་འགྲོ་མཁན་དང་བཅས་པ་ཡོད་འདུག་ཅེས་པ་དང་གཅིག༔ མེད་ཅེས་པ་དང་གཉིས༔ ཡོད་མེད་གང་ཡང་མེད་པ་དང་གསུམ༔ ཡོད་དེ་

p. 174

བདག་གིས་མ་རྙེད་འདུག་སྙམ་པ་དང་བཞིའོ༔ ལུས་ངག་ཡིད་གསུམ་གཅིག་དང་ཐ་དད་ཡིན་ཞེས་པ་དང་གཅིག༔ མིན་ཞེས་པ་དང་གཉིས༔ གཅིག་དང་ཐ་དད་གང་ཡང་མ་ཡིན་ཞེས་པ་དང་གསུམ༔ གཅིག་དང་སོ་སོ་ལྟ་བུ་གང་རུང་ཡོད་ནའང་བདག་གིས་མ་རྙེད་པའི་ཐེ་ཚོམ་དང་བཞིའོ༔ སེམས་ཀྱི་གཟུགས་ཁ་དོག་མཚན་ཉིད་གང་ལ་ཡང་༔ ཡོད་པའི་མཐའ་དང་གཅིག༔ མེད་པའི་མཐའ་དང་གཉིས༔ གཉིས་སུ་མེད་པའི་མཐའ་དང་གསུམ༔ ཡོད་ཀྱང་བདག་གིས་མ་རྙེད་མ་ཤེས་སྙམ་པའི་ཐེ་ཚོམ་དང་བཞིའོ༔ དེ་དག་ནི་ཕྱོགས་སུ་ལྷུང་བའི་འཛིན་པ་དང་ངག་ཏུ་སྨྲ་བའི་ཚིག་བྱུང་བའི་ཕྱིར་ལྟ་བ་མ་དག་པའོ༔ ཇི་ལྟ་བ་བཞིན་གོ་ན་འདི་དག་ལ་ངོས་བཟུང་དང་ཚིག་གི་སྨྲ་བ་འགགས་ནས་རང་གསལ་བརྗོད་མེད་མངོན་དུ་གྱུར་པ་འབྱུང་༔ དེ་ལ་ཐག་གཅིག་ཐོག་ཏུ་ཆོད་པ་ཞེས་བྱའོ༔ ལར་སེམས་ཀྱི་མཚན་ཉིད་ཐམས་ཅད་ལ་མ་རྟོགས་པ་ནི་རྟོགས་པའི་མཆོག༔ མ་མཐོང་བ་ནི་མཐོང་བའི་མཆོག༔ ཅེས་གསུངས་སོ༔ སེམས་ཀྱི་ཡོད་མེད་གཉིས་མེད་མ་རྙེད་པའི་མཐའ་

p. 175

དགག་པའི་མན་ངག་འདི་འཆལ་དུ་མ་བཅུག༔ དམ་ཅན་ཤན་པ་དམར་ནག་ཁྱོད་ལ་གཏད་དོ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡཱ༔ རྒྱ༔ གནད་གཉིས་པ་ནི༔ དཔེ་རྒྱུད་མཐོང་བས་གོ་ཡུལ་དུ་ལུས་ནས་ཉམས་ལེན་རང་ཐོག་ཏུ་ངོ་མ་འཕྲོད་པ་དང་༔ གཞན་གྱིས་ཟློས་པའི་རྗེས་སུ་འབྲངས་ནས༔ སྣང་བ་ཐམས་ཅད་སེམས་ཡིན་ཟེར་བ་ཡང་༔ དེ་ཡིན་ན་སེམས་མཐོང་ཆོས་སུ་རུང་༔ དངོས་པོ་བཅག་ན་སེམས་ཆག༔ བཞག་ན་སེམས་སྡོད༔ དངོས་པོ་མེད་པར་བྱས་ན་སེམས་མེད་དགོས་སོགས་གཞན་ཡང་དེ་འདྲ་མང་ངོ་༔ ཡང་ན་སེམས་སྟོང་པ་ཉིད་ཡིན་ཟེར་བ་ཡང་༔ དེས་ན་རིག་པའི་དུས་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་མཁྱེན་བརྩེ་ནུས་གསུམ་སོགས་སྐུ་གསུམ་གྱི་མཛད་པ་མཐའ་ཡས་ལ༔ མ་རིག་འཁྲུལ་བའི་སེམས་ཅན་ལ་ལས་དང་ཉོན་མོངས་བག་ཆགས་ཚན་ཆེ་བ་ཡོད་འདུག་པས༔ སྣོད་སྟོང་དང་བར་སྣང་སྟོང་པ་ལྟ་བུར་བཟུང་བ་ནི༔ མ་གོ་བ་ཆེའོ༔ དེ་བཞིན་ལྟ་སྒོམ་གྱི་ཚིག་རྐང་གོ་ཡུལ་དུ་ལུས་པ་དང་གཞན་གྱི་ངག་རྒྱུན་ལ་ཞེན་པའི་སྒོམ་བྱ་ཤོར་

p. 176

ཞེས་ནོར་འཁྲུལ་ཚབས་ཆེ་བ་ཡིན༔ གོ་ཡུལ་བྱ་ཤོར་གྱི་འཕྲང་བཅོས་པའི་ཡི་གེ་འདི་དམ་ཅན་ཤན་པ་ཁྱོད་ཀྱིས་སྲུངས༔ སྐལ་མེད་ལོག་ལྟ་ཅན་ལ་གསང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གནད་གསུམ་པ་ནི༔ ལྟ་གྲུབ་གཞན་ལ་ཞུགས་པའི་རྫོགས་ཆེན་ཀྱང་རུང་༔ ལྟ་བ་འཁྲིད་ཉེས་ཀྱི་རྗེས་སུ་འབྲང་༔ རྟག་ཆད་དང་མཚན་འཛིན་གྱི་ཕྱོགས་སུ་ཡོ་བའམ༔ འཛིན་བཅས་དམིགས་པའི་འཁྲིས་ཞུགས་པ་དང་༔ ཆོས་དང་བླ་མ་ལ་ཞེན་པ་ཆེ་བས་ཉམས་དང་སྒོམ་བློས་ཆོས་འདོར་མི་ཕོད་པ་དང་༔ ཅི་ནས་ཀྱང་ལྟ་སྒོམ་ངན་ཞེན་ལ་བློ་གོམས་པའི་གང་ཟག་གིས་རྫོགས་པ་ཆེན་པོ་སྙིང་ཐིག་གི་དོན་རྟོགས་པར་མི་འགྱུར་པ་ནི་ལྭ་བ་ཚོས་ཀྱིས་བསྒྱུར་ཟིན་པ་ལ་ཚོས་གཞན་མི་འགོ་བའི་དཔེ་དང་མཚུངས་སོ༔ དེ་བས་རྫོགས་ཆེན་སྙིང་ཐིག་གི་དགོངས་པའི་ཉམས་བཞེས་ཚད་མ་དང་ལྡན་པའི་བླ་མ་དང་༔ སློབ་མ་ངན་ཞེན་ཕྱོགས་ཡོས་ཁྲིད་ཐོབ་མ་མྱོང་བའི་ལས་ཅན་རིག་ལྡན་གསར་པ་ལ་བསྟན་ན་ལྟ་སྒོམ་གཙང་མ་གོ་བར་འགྱུར་བ་ནི་སྣམ་བུ་དཀར་པོ་ལ་ཚོས་འགོ་བ་དང་འདྲའོ༔ ངན་ཞེན་

p. 177

དམིགས་མཐའ་ཅན་ནི་སྙིང་ཐིག་ཟབ་མོའི་སྣོད་མིན་ནོ༔ ཟབ་དོན་ཡི་གེ་འདི་ནི་དམ་ཅན་ཤན་པས་སྲུངས་ཤིག་རྒྱ༔ གནད་བཞི་པ་ནི༔ སྐྱོན་དང་ཡོན་ཏན་གཉིས་གཉིས་ལ་རེ་དོགས་ཆེ་བ་དང་༔ དམིགས་པ་སྙིང་གར་གཏད་དྲགས་པ་དང་༔ གནས་དགའ་འགྱུ་སྡུག་བགྲངས་ཆེ་བ་དང་༔ རྟོག་པ་བཀག་པའམ་ཀོར་ཚེར་བཅིངས་པ་སྐྱོན་འཇུག་སྟེ་སྒོམ་སྨྱོན་དང་སྙིང་རླུང་ཅན་དུ་འགྱུར་རོ༔ སྐྱོན་བཅོས་པ་ནི༔ གུ་ཡངས་རང་བབས་ལ་ལྷོད་ཤེས་དགོས་སོ༔ སྐྱོན་སེལ་གནད་ཀྱི་ཡི་གེ་འདི་དམ་ཅན་གནོད་སྦྱིན་དམར་པོས་ཐུབ་པར་སྲུངས་བཀའ་རྒྱ༔ ལྔ་པ་ཞལ་ཤེས་ནི༔ ཡོད་པའི་སྐྱོན་དེ་ཆེད་དུ་མ་སྤངས༔ མེད་པའི་ཡོན་ཏན་ཆེད་དུ་མ་བསྒྲུབས༔ ཕར་ལ་མ་སྤྲོ༔ ཚུལ་ལ་མ་བསྡུ༔ གང་ཤར་རང་བབས་ངང་དུ་ཞོག༔ རང་ངོ་རང་གིས་མཐོང་༔ བརྗོད་མེད་རིག་པ་རྗེན་པར་བུད༔ ལྐུགས་པས་བུ་རམ་ཟོས་པ་འདྲ༔ ཉམས་སུ་མྱོང་ཡང་སྨྲ་རུ་མི་བཏུབ༔ རྣམ་རྟོག་ནམ་མཁའི་བྱ་ལམ་རྗེས་མེད་དང་འདྲ༔ མཉམ་གཞག་དང་རྗེས་ཐོབ་ཁྱད་མེད་ན་གོམས་པ་

p. 178

ཡིན༔ ཉིན་སྣང་དང་མཚན་སྣང་ཁྱད་མེད་ན་ཚེ་འདིར་སངས་རྒྱས་མངོན་དུ་འགྱུར་བ་ཡིན༔ སྐྱེས་བུ་དེ་ལ་བར་དོ་མེད༔ བྱིང་རྒོད་དང་ཐེ་ཚོམ་བསམ་གཏན་གྱི་བར་ཆད་ཡིན༔ དོན་ལ་འགྱུ་རྟོག་ཡིན་པས་མ་བཅོས་རང་གསལ་ངང་དུ་གློད་པ་དང་༔ རང་ཞི་རང་དག་རྐྱེན་ངན་ཡོན་ཏན་ཉིད་དུ་འགྱུར་རོ༔ བཀའ་འདི་ཤན་པ་དམ་ཚིག་ཅན་གྱིས་སྲུངས༔ བདུད་རྒན་ལས་རབ་རྩལ་གྱིས་དཔའ་བོ་མཁའ་འགྲོའི་དུས་ཆེན་ཚེས་བཅུར་བཀོད་པའོ༔ མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ལུས་ཀྱི་རྣམ་བཞག་བཀོད་པ།

p. 179

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ལུས་ཀྱི་རྣམ་བཞག་བཀོད་པ་ཞེས་བྱ་བ་བཞུགས་སོ༔

p. 180

དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ལུས་ཀྱི་རྣམ་བཞག་མདོར་བསྟན་ཞེས་བྱ་བ༔ རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་པའི་ཚུལ་ལ༔ དང་པོ་བླ་མ་མཚན་ཉིད་དང་ལྡན་པ་དགོས་ཏེ༔ མདོ་སྡེ་རྒྱན་ལས༔ བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ༔ ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག༔ དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན༔ བརྩེ་བས་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན༔ སྔགས་ལས་བཤད་པའི་སློབ་དཔོན་གྱི་མཚན་ཉིད་ཐམས་ཅད་ཚང་ཞིང་༔ གཞན་ཕན་གྱི་

p. 181

མཛད་པ་ལ་མཆོག་ཏུ་མཁས་པ་སྟེ༔ ཀུན་མཁྱེན་ཆེན་པོ་ཀློང་ཆེན་གྱིས༔ ཞི་སྐུ་ཀུན་སྤྱོད་གཙང་ཞིང་སྐྱོན་མེད་དང་༔ ཐེ་ཚོམ་གཅོད་མཁས་གསུང་སྙན་དྲི་མ་མེད༔ ཐུགས་ནི་ཟབ་ཞི་ཀུན་མཁྱེན་ཡེ་ཤེས་མཛོད༔ ཡོད་ཏན་མཐའ་ཡས་ཐོས་དང་སྙིང་རྗེ་ཆེ༔ ཤེས་རབ་རྒྱ་ཆེ་དགོངས་སྤྱོད་ནམ་མཁའ་འདྲ༔ ཕྲིན་ལས་ཚད་མེད་འབྲེལ་ཚད་དོན་དང་ལྡན༔ བྱམས་ལྡན་སྐྱོ་ངལ་སྤངས་ཤིང་རྟག་ཏུ་བརྩོན༔ འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ལ་བསྟེན༔ ཞེས་དང་༔ ཁྱད་པར་རྫོགས་ཆེན་སྟོན་པའི་བླ་མ་ནི༔ རྡོ་རྗེ་བཀོད་པ་ལས༔

p. 182

སྟོན་པ་མཛོད་ལྡན་ཆུ་བོ་རྫོགས༔ དམ་ཚིག་སྡོམ་པ་སྙིང་བརྩེར་བཅས༔ མཁས་ཤིང་གཞན་ལ་ཕན་བརྩོན་པ༔ རྡོ་རྗེ་གསང་བའི་སློབ་དཔོན་ལ༔ རྣམ་པ་ཀུན་ཏུ་བསྟེན་པར་བྱ༔ ཡང་སློབ་དཔོན་སྐྱོན་ཅན་སྤང་བྱར་བསྟན་པ་ནི༔ རྒྱུད་རང་ཤར་ལས༔ མི་ཤེས་ང་རྒྱལ་ཆེན་པོ་དང་༔ བློ་རྨོངས་ཚིག་ཕྱིར་འབྲང་བ་དང་༔ གསང་སྔགས་དོན་ལ་མི་དགོངས་དང་༔ གཞན་གྱི་ཞེ་གཅོད་ཁོང་ཚིག་དང་༔ ལོག་པའི་ལམ་དུ་ཞུགས་པ་དང་༔ དབང་གི་དཀྱིལ་འཁོར་ཞལ་མ་མཐོང་༔ དམ་ཚིག་འཆལ་བར་གྱུར་པ་དང་༔ དྲིས་པ་དག་ལ་ལན་མི་ཐེབ༔ ཐོས་ཆུང་ང་རྒྱལ་ཆེ་བ་དང་༔ སློབ་དཔོན་མ་བརྟགས་སློབ་མའི་བདུད༔ ཅེས་སྤང་བྱར་བསྟན་ཅིང་༔ མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་ཚུལ་ནི༔ རང་ཤར་ལས༔ དེ་ལྟར་མན་ངག་སློབ་དཔོན་ལ༔ རང་ལུས་དང་ནི་རིན་ཆེན་མཛེས༔ ཤིན་ཏུ་དཀོན་པ་དག་གིས་བསྟེན༔ ཞེས་དང་༔ སྐྱོ་དུབ་མེད་པའི་དད་པ་དང་༔ གྱོང་ཁེངས་མེད་པའི་མཉེན་ལྕུག་དང་༔ སེར་སྣ་མེད་པའི་ཟང་ཟིང་དང་༔ སོམ་ཉི་མེད་པའི་སྲི་ཞུ་དང་༔ གཡོ་སྒྱུ་མེད་པའི་

p. 183

དྲང་ཐབས་དང་༔ ཁ་བསག་མེད་པའི་རང་རྒྱུད་དང་༔ རྨོངས་པ་མེད་པའི་ཤེས་རབ་དང་༔ དྲི་མ་མེད་པའི་ལྷག་བསམ་བརྒྱད༔ དམ་པ་དེ་ལ་རྫོགས་པར་འབུལ༔ ཞེས་སོ༔ བླ་མ་བསྙེན་བཀུར་ཕན་ཡོན་ནི༔ དེ་ཉིད་ལས༔ དེས་ན་སངས་རྒྱས་སྟོང་ཕྲག་ལ༔ བསྐལ་པ་སྟོང་དུ་མཆོད་བྱས་པས༔ བླ་མའི་བ་སྤུའི་ཁུང་རེ་ལ༔ ཙན་དན་ཐིགས་པ་གཅིག་བྱུག་པའི༔ སྟོང་ཕྲག་ཆར་ཡང་ཕོད་པ་མིན༔ ཞེས་དང་༔ རྡོ་རྗེ་གུར་ལས༔ གང་ཕྱིར་རྡོ་རྗེ་སེམས་ཞེས་བྱ༔ སློབ་དཔོན་གཟུགས་ནི་དེ་བཞིན་འཛིན༔ ཞེས་སོ༔ བླ་མའི་སྐྱོན་ཡོན་དང་བསྟེན་ཐབས་བསྟན་པའི་རིམ་པ་སྟེ་དང་པོའོ༔ ༈ སློབ་མ་མཚན་ཉིད་དང་ལྡན་པ་ནི༔ རྒྱུད་ཆེན་རིག་པ་རང་ཤར་ལས༔ དད་པའི་སྟོབས་དང་བརྩོན་འགྲུས་ཆེ༔ ཤེས་རབ་ཆེ་ཞིང་འཛིན་ཆགས་མེད༔ ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད༔ རྟོག་མེད་སེམས་ལ་གཡེང་བ་མེད༔ དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན༔ ཞེས་དང་༔ སློབ་མ་སྐྱོན་ཅན་ནི༔ རང་ཤར་ལས༔ བཀུར་སྟི་ཕུ་དུད་མི་བྱེད་ཅིང་༔ གསང་སྔགས་འཆལ་བར་

p. 184

སྤྱོད་པ་དང་༔ རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད༔ ཤེས་རབ་ཆུང་བར་གྱུར་པ་དང་༔ བཀའ་དྲིན་ཁྱད་དུ་གསོད་པ་དང་༔ དོན་མེད་འཆལ་བར་གྱུར་པ་དང་༔ ཞེས་དང་༔ དེ་ལྟ་བུ་ལ་གདམས་པ་སྟོན་མི་འོས་པ་ནི༔ ཀློང་གསལ་ལས༔ ཡང་སྙིང་བཅུད་ཀྱི་བདུད་རྩི་འདི༔ སྣོད་མིན་རྣམས་སུ་བླུགས་གྱུར་ན༔ སྣོད་ཆག་བཅུད་འབོ་དམྱལ་བར་ལྟུང་༔ ཞེས་སོ༔ སློབ་མའི་སྐྱོན་ཡོན་དང་གསང་བར་འོས་པའི་གདམས་པའི་སྐབས་ཏེ་གཉིས་པའོ༔ ༈ གནས་ཀྱི་མཚན་ཉིད་བསྟན་པ་ནི༔ ཀློང་གསལ་ལས༔ གངས་ཁྲོད་ལུང་སྟོང་རི་རྩེ་དུར་ཁྲོད་དམ༔ ཤིན་ཏུ་དབེན་པ་དྭངས་ཤིང་མཐོ་བའི་སར༔ སྐལ་ལྡན་སྐྱེས་བུས་ཉམས་ལེན་བྱ་བའི་གནས༔ སྟོན་པའི་དུས་ཚོད་ནི༔ ཀློང་གསལ་ལས༔ དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས༔ ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན༔ གྲོགས་བསྟན་པ་ནི༔ ཀློང་གསལ་ལས༔ དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ༔ དུག་ལྔ་ཤུགས་ཆུང་བློ་བརྟན་ཁོང་ཡངས་པ༔ ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས༔ དམ་པའི་

p. 185

གྲོགས་ཀྱིས་ཆོས་ལྡན་བྱང་ཆུབ་འཐོབ༔ ཅེས་དང་༔ ཡོ་བྱད་ནི༔ ཀློང་གསལ་ལས༔ གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར༔ རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསགས༔ ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ༔ ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་གསོ་བཙལ༔ མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ༔ རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར༔ ཞེས་གནས་དུས་གྲོགས་དང་ཡོ་བྱད་བསྟན་པའི་རིམ་པ་སྟེ་གསུམ་པའོ༔ ༈ ལོ་རྒྱུས་ནི༔ རྗོགས་པ་ཆེན་པོ་ལ༔ རིང་བརྒྱུད་བཀའ་མ་དང་༔ ཉེ་བརྒྱུད་གཏེར་མ་དང་༔ ཟབ་མོ་དག་སྣང་དང་གསུམ་ལས་བརྒྱུད་པ་ནི༔ རྒྱལ་བ་དགོངས་བརྒྱུད༔ རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་ཁུང་གི་བརྒྱུད་པའོ༔ དེ་དག་གི་ཚུལ་ཡང་ཞེ་སྡང་ཅན་ལ་བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད༔ འདོད་ཆགས་ཅན་ལ་རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད༔ གཏི་མུག་ཤས་ཆེ་བ་བྱ་རྩོལ་ཅན་ལ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་སྟེ་དེ་ཡི་ལུང་ཡང་༔ སེངྒེ་རྩལ་རྫོགས་ལས༔ བསྐྱེད་པ་མ་ཧཱ་

p. 186

ཡོ་ག་ནི་ཆོས་རྣམས་ཀྱི་གཞི་ལྟ་བུའོ༔ ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ༔ ཐེག་པ་གཞན་རྣམས་དྲི་མ་དང་བཅས་ཤིང་༔ རྫོགས་པ་ཆེན་པོའི་གོལ་སར་བཤད་དེ༔ དེ་ཡི་ལུང་ཡང་ཀུན་བྱེད་རྒྱལ་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ ངེས་པ་ཐོབ་པའི་ཐེག་པ་དྲུག༔ རྫོགས་པ་ཆེན་པོའི་གོལ་སར་བསྟན༔ བྱང་ཆུབ་སེམས་དཔའི་མདོ་སྡེ་ནི༔ ཀུན་ཏུ་འོད་ཀྱི་ས་འདོད་པ༔ བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱིས༔ ཆོས་ཉིད་སྟོང་པ་ནམ་མཁར་འདོད༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས༔ རྟོག་དཔྱོད་འདས་ལ་མདོ་སྡེས་སྒྲིབ༔ རྫོགས་ཆེན་རྟོག་དང་དཔྱོད་པ་ནི༔ མདོ་སྡེ་དག་ཏུ་གོལ་བར་བཤད༔ ཀྲི་ཡ་རྡོ་རྗེ་འཛིན་པར་འདོད༔ དག་པ་རྣམ་གསུམ་སྒོར་ཞུགས་ནས༔ གཟུང་འཛིན་དག་པའི་ཡུལ་ལ་གནས༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ གཟུང་འཛིན་འདས་པའི་བྱང་ཆུབ་སེམས༔ གཟུང་འཛིན་འདས་ལ་ཀྲྀ་ཡས་སྒྲིབ༔ རྫོགས་ཆེན་གཟུང་དང་འཛིན་བྱེད་པ༔ ཀྲི་

p. 187

ཡ་དག་ཏུ་གོལ་བར་བཤད༔ ཨུ་པ་ཡ་ཡི་ལྟ་སྤྱོད་ནི༔ ཀྲི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ༔ ལྟ་སྤྱོད་འབྲེལ་བའི་དོན་མེད་པས༔ གཉིས་སུ་མེད་པའི་དོན་མ་རྟོགས༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ གཉིས་སུ་མེད་པའི་བྱང་ཆུབ་སེམས༔ གཉིས་སུ་མེད་ལ་ཨུ་པས་སྒྲིབ༔ རྫོགས་ཆེན་གཉིས་སུ་བཤད་པ་ནི༔ ཨུ་པ་དག་ཏུ་གོལ་སར་བཤད༔ ཡོ་ག་འཐུག་པོ་བཀོད་འདོད་པ༔ མཚན་མ་ཡོད་མེད་སྒོར་ཞུགས་ནས༔ ཕྱག་རྒྱ་བཞི་ལ་གཙོར་བྱེད་པ༔ བླང་དོར་མེད་ལ་འཇུག་མ་ནུས༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ བླང་དོར་མེད་པའི་བྱང་ཆུབ་སེམས༔ བླང་དོར་མེད་ལ་ཡོ་གས་སྒྲིབ༔ རྫོགས་ཆེན་བླང་དང་དོར་བྱེད་པ༔ ཡོ་ག་དག་ཏུ་གོལ་བར་བཤད༔ མ་ཧཱ་རྡོ་རྗེ་འཆང་འདོད་པས༔ ཐབས་དང་ཤེས་རབ་སྒོར་ཞུགས་ནས༔ རང་རྒྱུད་དག་པའི་དཀྱིལ་འཁོར་ལ༔ བསྙེན་སྒྲུབ་རྣམ་བཞི་སྒྲུབ་པར་བྱེད༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས༔ རྩོལ་སྒྲུབ་འདས་ལ་མ་ཧཱས་སྒྲིབ༔ རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི༔ མ་ཧཱ་ཡོ་གར་གོལ་བར་བཤད༔ ཨ་ནུ་

p. 188

དབྱེར་མེད་པ་འདོད་པ༔ དབྱིངས་དང་ཡེ་ཤེས་སྒོར་ཞུགས་ལ༔ འདི་ལྟར་སྣང་བའི་ཆོས་རྣམས་ལ༔ རྒྱུ་ནི་དག་པའི་དབྱིངས་ལྟ་བ༔ འབྲས་བུའི་ཡེ་ཤེས་དཀྱིལ་འཁོར་ལ༔ ཨ་ཏི་ཡོ་གའི་བདེ་ཆེན་ནི༔ རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས༔ རྒྱུ་འབྲས་འདས་ལ་ཨ་ནུས་སྒྲིབ༔ རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན༔ ཨ་ནུ་ཡོ་གར་གོལ་བར་བཤད༔ སྤྱིར་བསྐྱེད་རྫོགས་གསུམ་ལྟ་ཕུགས་མཐུན་ཀྱང་༔ རྫོགས་པ་ཆེན་པོ་བྱ་རྩོལ་ལས་འདས་པའི་ཡེ་ཤེས་ལ་དབང་བསྒྱུར་བའི་ཕྱིར༔ དེ་ཉིད་ལས༔ ཀྱེ་སེམས་དཔའ་ཆེན་པོ༔ རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི༔ རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ༔ ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི༔ ནམ་མཁའ་ལྟ་བུའི་རང་བཞིན་ཏེ༔ ནམ་མཁའ་ལ་ནི་རྟོག་དཔྱོད་འདས༔ ཞེས་གསུངས༔ རྫོགས་པ་ཆེན་པོ་ལ་དབྱེ་ན༔ ཨ་ཏི་བཀོད་པ་ཆེན་པོ་ལས༔ ཡིད་ཅན་རྣམས་ལ་ཡིད་ཀྱི་སྡེ༔ ནམ་མཁའ་ཅན་ལ་ཀློང་གི་སྡེ༔ རིམ་རྩོལ་བྲལ་ལ་མན་ངག་སྡེ༔ ཞེས་སོ༔ དེ་ཡང་སྣང་བ་སེམས་དང་སྟོང་པ་སེམས་དང་༔ སྣང་སྟོང་གཉིས་མེད་སེམས་སུ་འདོད་པའི་ཚུལ་

p. 189

ལས་འཕགས་པའི་མན་ངག་གི་སྡེ་ཡིད་དཔྱོད་བླང་དོར་དང་བྲལ་བ་མན་ངག་གི་སྡེར་གཏོགས་པ་ནི་རྡོར་སེམས་སྙིང་ཐིག་གི་དགོངས་པའོ༔ དེ་ཡང་དབང་བསྐུར་དགོས་པ་ནི༔ ཐལ་འགྱུར་ལས༔ འགྲོ་བའི་ལུས་ངག་ཡིད་སེམས་བཞི༔ རྣམ་པར་དག་པར་བྱ་བའི་ཕྱིར༔ དབང་ནི་རྣམ་པ་བཞི་ཡིས་ཀྱང་༔ སྐལ་བར་ལྡན་པ་སྨིན་པར་བྱ༔ སྤྲོས་བཅས་ཉིད་དང་སྤྲོས་མེད་དང་༔ ཤིན་ཏུ་སྤྲོས་པ་མེད་པ་དང་༔ དེ་བཞིན་རབ་ཏུ་སྤྲོས་པ་མེད༔ དབྱེ་བ་བཞི་ཡི་ཚུལ་གྱིས་ནི༔ དད་ལྡན་རང་རྒྱུད་སྨིན་པར་བྱེད༔ དབང་བསྐུར་ཐོབ་པའི་ཕན་ཡོན་ནི༔ ཡོན་ཏན་བྱེ་བྲག་འདི་ལྟ་སྟེ༔ ཡེ་ཤེས་སྣང་བ་ཆེན་པོ་ལ༔ ཐོགས་རྡུག་མེད་པ་འབྱུང་བ་དང་༔ རང་སྣང་གྲོགས་སུ་བསྟན་པ་དང་༔ བྱ་བ་ཐམས་ཅད་བྱེད་པར་འགྱུར༔ ཞེས་དང་༔ གསང་སྙིང་ལས༔ སྙིང་པོ་ལྔ་ཡི་དབང་བསྐུར་ན༔ དུས་འདི་ཕྱིན་ཆད་རྒྱལ་བའི་སྲས༔ ངན་སོང་ཐམས་ཅད་མེད་པ་དང་༔ མཐོ་རིས་ཐར་པའི་བདག་པོར་འགྱུར༔ ཞེས་དང་༔ མ་ཐོབ་པའི་ཉེས་པ་ནི༔ དབང་རྫོགས་པ་རང་བྱུང་གི་རྒྱུད་

p. 190

ལས༔ གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ༔ དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས༔ ཆུ་བོའི་ཕ་རོལ་སྒྲོལ་བར་མི་ནུས་བཞིན༔ ཞེས་དང་༔ དབང་གི་རྗེས་སུ་ཚོགས་མཆོད་དང་ཡོན་ཕུལ་དགོས་ཏེ༔ དབང་རྣམ་པར་ཕྱེ་བ་ལས༔ འདི་ལྟར་དབང་བསྐུར་དུས་རྟག་ཏུ༔ དགའ་སྟོན་མ་བྱས་མི་འགྲུབ་ཅིང་༔ དངོས་གྲུབ་དག་ཀྱང་ཉམས་པར་འགྱུར༔ དེས་ན་ཚོགས་ཀྱིས་དགའ་བར་བྱ༔ གཞན་དུས་སུ་མཆོད་པ་ལས་དབང་དུས་སུ་མཆོད་པའི་བསོད་ནམས་ཆེ་བ་ནི༔ གལ་ཏེ་དབང་བསྐུར་དུས་མིན་པར༔ རང་གི་བླ་མ་མཆོད་པ་ནི༔ བརྒྱ་སྟོང་བྱེ་བ་གྲངས་མེད་པས༔ དབང་གི་དུས་གཅིག་བྱས་པ་ཡི༔ བསོད་ནམས་ཚད་མེད་དཔག་ཏུ་མེད༔ རྫོགས་པ་ཆེན་པོའི་ལོ་རྒྱུས་དང་ཁྱད་ཆོས་དབང་བསྐུར་བའི་རྣམ་དབྱེ་བསྟན་པའི་རིམ་པ་སྟེ་གསུམ་པའོ༔ ༈ ཆོས་ཉན་པའི་ཀུན་སྤྱོད་ཀྱང་༔ སྐྱེས་རབས་ལས༔ རབ་ཏུ་དམའ་བའི་སྟན་ལ་འདུག༔ དུལ་བའི་དཔལ་ནི་རྣམ་པར་བསྐྱེད༔ དགའ་དང་ལྡན་པའི་མིག་གིས་བལྟ༔ ཚིག་གི་བདུད་རྩི་འཐུང་བ་བཞིན༔

p. 191

ཞེས་སོ༔ སྣོད་ཀྱི་སྐྱོན་གསུམ་ནི༔ ཆོས་ཀྱི་ཚིག་དོན་མི་གོ་བ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན༔ ཆོས་ཀྱི་ཚིག་དོན་གོ་ཡང་ཡིད་ལ་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན༔ ཆོས་ཀྱི་ཚིག་དོན་གོ་ཞིང་བཟུང་ཡང་ཉོན་མོངས་པ་དང་འདྲེས་པ་ནི་སྣོད་དུག་ཅན་ལྟ་བུ་ཡིན་ཏེ་དེ་གསུམ་སྤང་བར་བྱའོ༔ དེ་བཞིན་དུ་ཆོས་ཉན་པའི་སྐྱོན་དྲུག་སྤང་དགོས་ཏེ༔ རྣམ་བཤད་རིག་པ་ལས༔ ང་རྒྱལ་དང་ནི་མ་དད་དང་༔ དོན་དུ་གཉེར་བ་མེད་ཉིད་དང་༔ ཕྱི་རོལ་རྣམ་གཡེང་ནང་དུ་སྡུད༔ སྐྱོ་བས་ཉན་པ་དྲི་མ་ཡིན༔ ཞེས་གསུངས་པས་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པའི་སྒོ་ནས་གསན་འཚལ༔ དབུ་ནས་བརྩམས་ཏེ་ཆོས་མཐར་མ་རྫོགས་བར་གྱི་བསྟན་ཚུལ་བསྟན་པའི་རིམ་པ་སྟེ་བཞི་པའོ༔ ༈ དལ་འབྱོར་རྙེད་པར་དཀའ་བ་ནི༔ དལ་འབྱོར་བསྟན་པའི་མདོ་ལས༔ འདི་ལྟ་སྟེ༔ དཔེར་ན་ལོང་བ་གཅིག་གིས་ནོར་བུ་རིན་པོ་ཆེ་དག་གཞི་མདོ་ནས་རྙེད་པ་ལྟར༔ འཁོར་བ་ན་རྒྱུ་བའི་སེམས་ཅན་མ་རིག་ལིང་ཐོག་གི་ལྡོངས་པ་འདི་ཉིད་ཀྱིས་དངོས་པོ་རྙེད་པ་ནི་མཆོག་ཏུ་

p. 192

དཀའ་བ་སྟེ་ཁྱོད་ཀྱིས་རྟག་ཏུ་ལེགས་པའི་ཆོས་བསྒྲུབ་པར་བྱའོ༔ ཞེས་གསུངས༔ དེ་ལྟ་བུའི་དལ་འབྱོར་རྙེད་དཀའ་བ་ནི་ཞི་བ་ལྷའི་སྤྱོད་འཇུག་ལས༔ དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ༔ སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ༔ གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན༔ ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར༔ ངན་སོང་གི་འགྲོ་བའི་ནང་ནས་མིའི་ལུས་རྟེན་ཐོབ་དཀའ་བའི་དཔེ་ནི༔ བཤེས་སྤྲིངས་ལས༔ རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་ལ༔ རུས་སྦལ་འཕྲད་པ་ལས་ཀྱང་དུད་འགྲོ་ལས༔ མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས༔ དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད༔ དེ་ལྟ་བུའི་དལ་འབྱོར་གང་ཞེ་ན༔ མདོ་བརྒྱད་སྟོང་པའི་འགྲེལ་ཆེན་ལས༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཚེ་རིང་ལྷ་དང་ཀླ་ཀློ་དང་༔ སངས་རྒྱས་ཀྱིས་སྟོང་ལོག་ལྟ་དང་༔ ལྐུགས་པ་འདི་དག་མི་ཁོམ་བརྒྱད༔ ཅེས་དེ་དག་ལས་ལྡོག་པར་གྱུར་པ་ནི་དལ་བ་སྟེ༔ འབྱོར་པ་ནི་ལུང་ལས༔ མི་ཉིད་དབུས་སྐྱེས་དབང་པོ་ཚང་༔ ལས་མིན་གནས་དད་བདག་འབྱོར་ལྔ༔ སྟོན་བྱོན་

p. 193

ཆོས་གསུངས་བསྟན་པ་གནས༔ རྗེས་འཇུག་འགྲོར་བརྩེ་གཞན་འབྱོར་ལྔ༔ ཞེས་རང་གཞན་གྱི་འབྱོར་པ་བཅུ་ཚང་བ་ནི་དལ་འབྱོར་ཏེ༔ ཡུམ་བར་མ་ལས༔ མིར་གྱུར་པ་ཡང་རྙེད་དཀའ་ན༔ དལ་བ་ཕུན་སུམ་ཚོགས་པ་ལྟ་ཅི་སྨོས༔ ཞེས༔ རྟེན་ཕུན་སུམ་ཚོགས་པ་ལྷ་བས་ལྷག་པའི་ལུས་དེ་འདི་ཉིད་ཡིན༔ ཡིན་པར་ངེས་ཤེས་བསྐྱེད་ནས་ཐར་པ་བསྒྲུབ་དགོས་པ་ནི༔ སྤྱོད་འཇུག་ལས༔ མི་ཡི་གྲུ་ལ་བརྟེན་ནས་ནི༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ༔ གྲུ་འདི་ཕྱིས་ནས་རྙེད་དཀའ་བས༔ རྨོངས་པ་དུས་སུ་གཉིད་མ་ལོག༔ ཅེས་དང་༔ སློབ་དཔོན་པདྨས༔ ཡང་ཡང་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ༔ རྙེད་པ་དོན་ཅན་ཡིད་བཞིན་ནོར་བུ་འདྲ༔ དལ་འབྱོར་རྙེད་པར་དཀའ་བ་བསྟན་པའི་ཁྲིད་ཀྱི་རིམ་པ་སྟེ་ལྔ་པའོ༔ ཞེས་གསུངས་པས༔ ༈ རྟེན་དེ་ཉིད་ཡུན་དུ་མི་བརྟན་པའི་རང་བཞིན་ཏེ༔ མདོ་རྒྱ་ཆེན་རོལ་པ་ལས༔ སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ༔ འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས༔ སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ༔

p. 194

རི་གཟར་འབབ་ཆུ་ལྟ་བུ་མྱུར་མགྱོགས་འགྲོ༔ འཆི་བ་ལ་ཅིས་ཀྱང་མི་བཟློག་པ་ནི༔ རྒྱལ་པོ་ལ་གདམས་པའི་མདོ་ལས༔ རྒྱལ་པོ་ཆེན་པོ་རྒ་བས་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ་༔ ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་༔ རྒུད་པས་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་ངོ་༔ འཆི་བས་ནི་སྲོག་འཇོམས་ཤིང་འོང་བ་སྟེ༔ དེ་ལ་ནི་མགྱོགས་པས་འབྲོས་པའམ༔ སྟོབས་ཀྱིས་བཟློག་པའམ༔ ནོར་གྱིས་བླུ་བའམ་རྫས་དང་སྨན་དང་སྔགས་རྣམས་ཀྱིས་ཞི་བར་བྱ་སླ་བ་མ་ཡིན་ནོ༔ ཞེས་དང་༔ སྟོབས་དང་ལྡན་པ་རྣམས་ཀྱང་འཆི་བ་ལས་མ་འདས་ཏེ༔ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས༔ ས་གསུམ་འབྱོར་པ་དམ་པའི་གཞིར་གྱུར་པ༔ ཚངས་དང་བདེ་འབྱུང་མིག་སྟོང་དབང་པོ་དང་༔ གྲགས་དང་བསོད་ནམས་གཟི་འོད་འབར་བ་ཡང་༔ འཆི་བདག་གནས་ལས་རྒྱལ་བའི་སྐབས་མེད་ལ༔ བསམ་གཏན་གྲུབ་པས་བསྐལ་པར་གནས་པ་ཡང་༔ ལས་ཟད་ཚེ་ན་འཆི་བའི་སྐབས་མཆིས་ཤིང་༔ ལྷ་དང་ལྷ་མིན་གྲུབ་པ་རིག་སྔགས་འཆང་༔ མི་དབང་འགྲོ་བ་ཕལ་

p. 195

པ་ཇི་སྙེད་ཀྱང་༔ འཆི་བས་འཇིགས་པའི་སྐྱེ་བ་ཕ་མཐའ་ཡས༔ ཞེས་དང་༔ ཆེད་དུ་བརྗོད་པའི་ཚོམས་ལས༔ འགྲོ་བ་འདི་ཀུན་མི་རྟག་སྟེ༔ རྨི་ལམ་འགྲོ་བ་ཇི་བཞིན་ནོ༔ ཞེས་སེམས་ཅན་རྣམས་ལྟ་ཅི༔ སངས་རྒྱས་བྱང་སེམས་ཡང་འདའ་ཚུལ་སྟོན་སྟེ༔ མི་རྟག་པའི་ཚོམས་ལས༔ མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ༔ བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན༔ ལྦུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བས༔ རང་གི་ལུས་འདི་ངེས་པར་གཅེས་མི་འཛིན༔ འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ༔ དམ་ཆོས་མཛོད་ཀྱི་ཟླ་བ་འགྲིབ་ལ་ལྟོས༔ རང་གི་ལོངས་སྤྱོད་འཁོར་དང་བུ་སློབ་ཀུན༔ རྟག་པ་མེད་པར་མྱུར་དུ་མཁྱེན་འཚལ་ལོ༔ ཞེས་སོ༔ ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་གསུམ་རྣམས་ཀྱང་འཇིག་པའི་སྐབས་ཡོད་དེ༔ ངལ་གསོ་ལས༔ སྣོད་བཅུད་མི་རྟག་སྲིད་པ་ཆགས་འཇིག་གིས༔ མེ་བདུན་ཆུ་གཅིག་རླུང་གིས་འཐོར་བའི་ཚེ༔ ཁོར་ཡུག་རྒྱ་མཚོ་གླིང་དང་རིས་བསྐོར་བའི༔ ལྷུན་པོ་རིན་ཆེན་བཞི་ཡང་མི་རྟག་ཅིང་༔ ཐམས་ཅད་ནམ་མཁའ་

p. 196

གཅིག་ཏུ་འགྱུར་བའི་སྐབས༔ ངེས་པར་བསམ་ཏེ་སྙིང་ནས་ཆོས་མཛོད་ཅིག༔ ཅེས་དང་༔ འཆི་བ་མི་ཤེས་པ་རྨོངས་པའི་དཔེ་ནི༔ སློབ་དཔོན་ཆེན་པོ་པདྨས༔ རྒྱལ་ཁམས་གཞན་དང་རང་གི་ཡུལ་ཕྱོགས་སུ༔ ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ཡང་༔ རང་ཉིད་ཤི་བར་མི་ཤེས་འགྲོ་བ་བླུན༔ ཞེས་དང་༔ ཐམས་ཅད་མཁྱེན་པ་ཀློང་ཆེན་གྱིས༔ འགྲོ་ཀུན་མི་རྟག་སྔ་ཕྱིའི་མགྲོན་པོ་འདྲ༔ རྒན་རབས་སྔོན་འགྲོ་གཞོན་རབས་ཕྱི་ནས་འགྲོ༔ ད་ལྟ་རྣམས་ཀྱང་ལོ་བརྒྱར་གཅིག་མི་ལུས༔ དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག༔ པདྨ་དཀར་པོ་ལས༔ སྐྱེ་བ་ཡོད་ན་འཆི་བ་ཡོད༔ འདུས་པ་ཡོད་ན་འབྲལ་བ་ཡོད༔ ཅེས་གསུངས་པ་ལྟར་ཆོས་ཀྱི་བསྐུལ་མ་མི་རྟག་པ་རྒྱུན་དུ་དྲན་དགོས་ཏེ༔ སློབ་དཔོན་ཆེན་པོ་པདྨས༔ མི་རྟག་ཡེངས་མེད་འཆི་བའི་བསྐུལ་མ་གདབ༔ ཉིན་མཚན་ཐུན་བཅད་རྟག་ཏུ་བསམ་པར་བྱ༔ ཞེས་སོ༔ ཕ་དམ་པས༔ གཡེངས་པའི་བར་ནས་འཆི་བདག་བདུད་ཀྱིས་འཛིན༔ དེ་རིང་ཉིད་ནས་སྒྲུབས་ཤིག་དིང་རི་བ༔ འཆི་བ་མི་རྟག་པ་བསྟན་པའི་ཁྲིད་ཀྱི་རིམ་པ་

p. 197

སྟེ་དྲུག་པའོ༔ ཞེས་གསུངས༔ ༈ མི་རྟག་པ་བྱུང་བའི་རྗེས་སུ་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན༔ སྐྱེ་འཆིའི་ཁ་བརྒྱུད༔ འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ༔ མདོ་དྲན་པ་ཉེར་བཞག་ལས༔ སེམས་ཅན་དམྱལ་བ་དམྱལ་མེས་ཉམས༔ ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས༔ དུད་འགྲོ་གཅིག་ལ་གཅིག་ཟས་ཉམས༔ མི་དག་འཚོ་བ་ཐུང་བས་ཉམས༔ ལྷ་དག་བག་མེད་པ་ཡིས་ཉམས༔ འཁོར་བ་ཁབ་ཀྱི་རྩེ་ཙམ་ལ༔ བདེ་བ་ནམ་ཡང་ཡོད་མ་ཡིན༔ ཞེས་དང་༔ རྒྱུད་བླ་མ་ལས༔ མི་གཙང་ཁང་པར་དྲི་ཞིམ་མེད༔ འགྲོ་ལྔ་དག་ན་བདེ་བ་མེད༔ ཅེས་གསུངས་པས༔ ཁམས་གསུམ་སྲིད་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཡོ་ལང་འབའ་ཞིག་ལ་སྤྱོད་པ་སྟེ༔ དམྱལ་བ་ཚ་གྲང་གཉིས་ཀྱི༔ དང་པོ་ནི༔ ཇི་སྐད་དུ༔ ཡང་སོས་ཐིག་ནག་བསྡུས་འཇོམས་དང་༔ ངུ་འབོད་ངུ་འབོད་ཆེན་པོ་སྟེ༔ ཚ་བ་རབ་ཚ་མནར་མེད་པའོ༔ ཞེས་དང་༔ རྡོ་རྗེ་མེ་ལྟར་འབར་བའི་རྒྱུད་ལས༔ འདི་འོག་སྟོང་ཕྲག་ཉི་ཤུ་ན༔ མནར་

p. 198

མེད་ལ་སོགས་ཚ་དམྱལ་བརྒྱད༔ ཁང་ཁྱིམ་ཐོག་བརྩེགས་རྣམ་པའི་ཚུལ༔ དེ་དག་རྣམས་སུ་ལྷག་དང་བཅས༔ རྡོ་རྗེ་མེ་འདག་འབར་བས་འཇིགས༔ དེ་དག་གི་ཚེ་ཚད་ནི༔ ཆོས་མངོན་པ་མཛོད་ལས༔ ཡང་སོས་ལ་སོ གས་དྲུག་རིམ་བཞིན༔ འདོད་ལྷའི་ཚེ་དང་ཉིན་ཞག་མཉམ༔ ཞེས་མི་ལོ་བརྒྱད་སྟོང་ཁྲི་འབུམ་བྱེ་བ་ས་ཡ་སོགས་བརྒྱ་འགྱུར་ཡུན་རིང་བ་བསྐལ་པའི་གྲངས་སྙེད་ཀྱི་བར་དུ་སྡུག་བསྔལ་ཡང་བདུན་འགྱུར་གྱིས་ཆེ་རུ་འགྲོ་བ་ཡིན་ཏེ༔ ལུང་རྣམ་འབྱེད་ལས༔ ཐ་མར་ཙནྡན་དུས་མཐའ་དང་༔ དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན༔ བདུན་འགྱུར་གྱིས་ནི་རབ་ཏུ་ཚ༔ དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར༔ དེ་དག་སྡུག་བསྔལ་མྱོང་དགོས་ཤིང་༔ དེ་དག་གི་རྣམ་སྨིན་ཅུང་ཟད་སྲབ་ཏུ་སོང་བ་ན༔ མནར་མེད་པའི་ཕྱི་རོལ་ཁོར་ཡུག་རྣམས་སུ་ཉེ་འཁོར་ཞེས༔ མེ་མ་མུར་དང་༔ ཐལ་ཚན་གྱི་ཆུ་བོ་ཁོལ་མ་དང་༔ རོ་མྱགས་ཀྱི་འདམ་དང་༔ སྤུ་གྲིའི་ལམ་པོ་ཆེ་དང་༔ ཆུ་བོ་རབ་མེད་དང་༔ ལྕགས་ཀྱི་ཤལ་མ་རི་དང་༔ རལ་གྲི་ལོ་མའི་ནགས་ཚལ་རྣམས་སུ་སྡུག་

p. 199

བསྔལ་ལ་སྤྱོད༔ དམྱལ་བ་ཉི་ཚེ་བ་ཞེས་རི་བྲག་ཆུ་དང་མེ་སོགས་གནས་ངེས་མེད་དུ༔ སེམས་ཅན་གཟུགས་མང་ཉུང་སྣ་ཚོགས་སྡུག་བསྔལ་གྱིས་བཟོད་གླགས་མེད་པ༔ ཡུན་རིང་ཐུང་གི་དབང་གིས་དེར་མཐུན་གྱིས་གདུངས་པ༔ གྲང་དམྱལ་བརྒྱད་ནི་ཚ་དམྱལ་དང་འདབ་འབྱར་དུ་གངས་དང་ཁ་བའི་སྦུབས་རླུང་གྲང་མོ་འཚུབས་པས་ཉེན་ནས༔ ལུས་ཆུ་བུར་དུ་རོམ་པ་དང་༔ ཆུ་བུར་རྡོལ་བ་དང་༔ ཨ་ཆུ་དང་༔ ཀྱེ་ཧུད་སྒྲ་སོགས༔ སྡུག་བསྔལ་ཞིང་སོ་འཐམ་སྟེ་སྐད་མི་ཐོན་པ་དང་༔ རྨར་གྱུར་པས་ཨུཏྤལ་དང་༔ པདྨ་ལྟར་དང་༔ པདྨ་ལྟར་ཆེར་གས་པ་སོགས་ཤིན་ཏུ་སྡུག་བསྔལ་ཞིང་༔ ཚེ་ཚད་ཀྱང་༔ མཛོད་ལས༔ ཏིལ་རྗང་ནང་ནས་ལོ་བརྒྱ་བཞིན༔ ཏིལ་གཅིག་ཕྱུང་བས་ཟད་གྱུར་པ༔ ཆུ་བུར་ཅན་གྱི་ཚེ་ཚད་དོ༔ གཞན་གྱི་ཚེ་ནི་ཉི་ཤུར་འགྱུར༔ ཅེས་ཡུན་དང་ཚེ་ཚད་དེ་ལྟ་བུར་ཉམ་ཐག་པར་བཤད་དོ༔ ཡི་དྭགས་ནི་བཀྲེས་སྐོམ་གྱིས་གདུང་སྟེ༔ བཤེས་སྤྲིངས་ལས༔ ཡི་དྭགས་ན་ཡང་འདོད་པས་ཕུང་བ་ཡི༔ སྐྱེས་པའི་སྡུག་བསྔལ་རྒྱུན་ཆགས་མི་

p. 200

བཟོད་པ༔ བཀྲེས་སྐོམ་གྲང་དྲོ་ལའང་འཇིགས་པ་ཡི༔ སྤྱད་པ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ༔ ཞེས་དང་༔ ཚེའི་ཚད་ཀྱང་དེ་ཉིད་ལས༔ ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི༔ སྲད་བུས་བཅིངས་པའི་ལུས་ནི་ཁ་ཅིག་ལོ༔ ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར༔ དུད་འགྲོ་རྣམས་གཅིག་གིས་གཅིག་ཟ་བ༔ གསོད་གཅོད་བཀོལ་སྤྱོད་ཀྱི་སྡུག་བ སྔལ༔ ཀླུ་རྣམས་བྱེ་ཚན་མཁའ་ལྡིང་རིག་སྔགས་ཀྱིས་འཚེ་བ་མང་སྟེ༔ མདོ་ལས་བརྒྱ་པ་ལས༔ རིགས་ཀྱི་བུ་རང་རང་གི་ལས་ཀྱི་རྣམ་སྨིན་རང་ལ་ཤར་བས༔ ཡི་དྭགས་དང་དུད་འགྲོ་ལ་སོགས་ཀྱི་ལུས་སྣ་ཚོགས་པ་ལ་སྡུག་བསྔལ་ཀྱང་སྣ་ཚོགས་ཀྱིས་མནར་བ་དང་བཅས་པའི་སྡེ་ནི་བསམ་གྱིས་མི་ཁྱབ་བོ༔ ཞེས་དང་༔ དེ་དག་གི་ཚེ་ཚད་ཀྱང་ཡུད་ཙམ་དང་༔ ཉིན་ཞག་དང་༔ ཀླུ་ཡི་རྒྱལ་པོ་འཇོག་པོ་ནི་བར་གྱི་བསྐལ་པ་ཐུབ་ཅིང་ངེས་པ་མེད་དོ༔ ངན་སོང་གསུམ་ལས་བདེ་བས་ཁྱད་པར་དུ་འཕགས་པ་མཐོ་རིས་དང་ལྷ་མིའི་འགྲོ་བ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་མྱ་ངན་གཅིག་མ་སངས་གོང་ནས་གཅིག་

p. 201

འབྱུང་བ་དང་༔ འགྱུར་བའི་སྡུག་བསྔལ་ཞེས་ད་ལྟ་བདེ་བར་ཡོད་ཀྱང་གློ་བུར་དུ་སྡུག་བསྔལ་བ་དང་༔ འདུ་བྱེད་ཀྱི་སྡུག་བསྔལ་ཞེས་ཉེས་པར་སྤྱོད་པ་སྤྱད་པས་ཕྱིན་ཆད་སྡུག་བ སྔལ་འབྱུང་བ་སྟེ༔ འདུལ་བ་ལུང་ལས༔ འཁོར་བ་སྡུག་བ སྔལ་ཅན་ཕུང་པོ༔ སྡུག་བསྔལ་སྡུག་བསྔལ་འདུ་བྱེད་དང་༔ འགྱུར་བ་ཉིད་གསུམ་བརྒྱད་རྣམས་ཀྱིས༔ མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ༔ ཞེས་པ་ལྟར་མི་ལ་སྐྱེ་རྒ་ན་འཆིའི་སྡུག་བ སྔལ་ཆེན་པོ་བཞི་དང་༔ དགྲ་དང་འཕྲད་པ༔ གཉེན་བྱམས་པ་དང་འབྲལ་བ༔ ཡོད་པ་གསོག་སྲུང་༔ གཟུགས་ཚོར་འདུ་བྱེད་རྣམ་ཤེས་ཏེ༔ ཉེར་ལེན་ཟག་བཅས་ཀྱི་ཕུང་པོ༔ སྡུག་བསྔལ་གྱི་རྟེན་ཡིན་ཏེ༔ དེ་ཡང་གཟུགས་ནི་སྡུག་བསྔལ་གྱི་གནོད་པ་མངོན་པར་བསྒྲུབ་པའི་ཕྱིར་གནས་སོ༔ ཚོར་བ་ནི་དང་དུ་ལེན་པར་བྱེད་པའི་ཕྱིར་སྣོད་དོ༔ འདུ་ཤེས་ནི་རྟོག་པ་གཡོ་བར་བྱེད་པའི་དངོས་པོའི་སྒོར་གྱུར་པའི་ཕྱིར་རྟེན་ནོ༔ འདུ་བྱེད་དང་རྣམ་པར་ཤེས་པ་ནི་བྱེད་པ་པོ་དང་རིག་པར་བྱེད་པས་ན་འབྱུང་ཁུངས་སོ༔ ཞེས་བཤད་པ་

p. 202

བཞིན་ནོ༔ ལྷ་མ་ཡིན་ནི༔ ཕྲག་དོག་འཐབ་རྩོད་ཀྱི་སྡུག་བསྔལ་ཏེ༔ བཤེས་སྤྲིངས་ལས༔ ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི༔ དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ༔ ཞེས་དང་༔ ལྷ་རྣམས་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ༔ མཐོ་རིས་ནའང་བདེ་ཆེན་དེ་དག་གི༔ འཆི་འཕོ་སྡུག་བསྔལ་ཉིད་ནི་དེ་བས་ཆེ༔ དེ་ལྟར་བསམ་ནས་ཡ་རབས་རྣམས་ཀྱིས་ནི༔ ཟད་འགྱུར་མཐོ་རིས་སླད་དུ་སྲིད་མི་བགྱི༔ ཞེས་དང་༔ དེ་ཉིད་ལས༔ ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན༔ འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་༔ བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས༔ ཤི་ནས་དམྱལ་བར་སྐྱེ་བར་ཆ་མེད་དམ༔ ཞེས་ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་བདེ་བ་མེད་དེ༔ མགོན་པོ་ཀླུ་སྒྲུབ་ཀྱིས༔ འཁོར་བ་དེ་འདྲ་ལགས་པས་ལྷ་མིན་དང་༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ༔ སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི༔ གནོད་པ་དུ་མའི་སྣོད་གྱུར་ལེགས་མཁྱེན་མཛོད༔ ཅེས་གསུངས་སོ༔ འཁོར་བའི་ཉེས་དམིགས་བསྟན་པའི་ཁྲིད་ཀྱི་རིམ་པ་སྟེ་

p. 203

བདུན་པའོ༔ ༈ སྲིད་པ་དེ་དག་གི་བདེ་སྡུག་རང་རང་གི་ལས་ལས་བྱུང་སྟེ༔ འདུལ་བ་ལས༔ ལས་རྣམས་བསྐལ་པ་བརྒྱར་ཡང་ནི༔ ཆུད་མི་ཟ་བའང་ཚོགས་དང་དུས༔ རྙེད་ནས་ལུས་ཅན་རྣམས་ལ་ནི༔ འབྲས་བུ་ཉིད་དུ་སྨིན་པར་འགྱུར༔ ཞེས་དང་དམ་ཆོས་པད་དཀར་ལས༔ ལས་ནི་ཀུན་བྱེད་རི་མོ་མཁན་འདྲ་ཞིང་༔ ལས་ནི་འདུ་བྱེད་གར་མཁན་ཉིད་དང་འདྲ༔ ཞེས་སྡུག་བསྔལ་སྤྱོད་པའི་རྒྱུ་མི་དགེ་བ་བཅུ་སོགས་སྡིག་པའི་རྣམ་པར་སྨིན་པའི་འབྲས་བུ་ནི༔ དྲན་པ་ཉེ་བར་བཞག་པ་ལས༔ རྣམ་པར་སྨིན་པ་འདི་དག་གི་ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ༔ འབྲིང་གིས་ཡི་དྭགས་རྣམས་སུ་སྐྱེའོ༔ ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ༔ བྱེད་པ་རྒྱུ་མཐུན་ནི༔ ལས་བརྒྱ་པ་ལས༔ དེས་མི་དགེ་བ་ཀུན་ཏུ་སྤྱོད་ལ༔ གོམས་ཤིང་འདྲིས་པར་བྱས་པས༔ ཕྱིར་ཡང་མི་དགེ་བ་ལ་བརྟེན༔ མི་དགེ་ལ་སྤྱོད༔ མི་དགེ་བའི་རྗེས་སུ་འཇུག་པ་ཉིད་སྐྱེ་སྟེ༔ ཞེས་སོ༔ མྱོང་བ་རྒྱུ་མཐུན་ནི༔ གལ་ཏེ་མཐོ་རིས་ཀྱི་ལུས་ཐོབ་ནའང་༔ རིན་ཆེན་ཕྲེང་བ་ལས༔ སྲོག་

p. 204

གཅོད་པས་ནི་ཚེ་ཐུང་ཞིང་༔ མ་བྱིན་ལེན་པས་ནོར་དང་འབྲལ༔ བྱི་བོ་བྱས་པས་དགྲ་དང་བཅས༔ རྫུན་དུ་སྨྲ་བས་སྐུར་བ་མང་༔ ཕྲ་མ་ཡིས་ནི་བཤེས་དང་འབྲལ༔ ཚིག་རྩུབ་པས་ནི་མི་སྙན་ཐོས༔ ཀྱལ་བ་ཡིས་ནི་ངག་མི་བཙུན༔ བརྣབ་སེམས་ཡིད་ལ་རེ་བ་འཇོམས༔ གནོད་སེམས་འཇིགས་པ་སྦྱིན་པར་བྱེད༔ ལོག་པར་ལྟ་བས་ལྟ་ངན་ཉིད༔ ཅེས་སོ༔ བདག་པོའི་འབྲས་བུ་ནི༔ སྲོག་གཅོད་པས་བཀྲ་མི་ཤིས་པའི་གནས་སུ་སྐྱེ༔ མ་བྱིན་པ་བླངས་པས་འབྲས་བུ་མི་སྨིན་པའི་གནས་སུ་སྐྱེ༔ མི་ཚངས་སྤྱོད་པས་ཚ་གདུང་ཅན་ཡུལ་ཡིད་དུ་མི་འོང་བར་སྐྱེ༔ རྫུན་དུ་སྨྲ་བས་ཁ་ཟས་མི་ཞིམ་པ་དང་གཞན་གྱིས་བསླུ་བར་བྱེད༔ ཕྲ་མས་གཡང་ས་མཐོ་དམན་མི་བདེ་བའི་གནས་སུ་སྐྱེ༔ ངག་འཁྱལ་གྱིས་རྩི་ཤིང་ལ་སོགས་དཀོན་པའི་གནས་དང་ཚིག་རྩུབ་གྱིས་སྡོང་སྡུམ་ཚེར་མ་ཅན་ལ་སོགས་པ་ཚ་སྒོ་ཅན་གྱི་གནས་སུ་སྐྱེ༔ བརྣབ་སེམས་ཀྱིས་ཆུ་དཀོན་པ་དང་འབྲས་སོགས་ཉུང་ལ་སྦུན་པ་མང་བ་དང་༔ གནོད་སེམས་ཀྱིས་འཁྲུག་རྩོད་དམག་གི་གནས་དང་༔ ལོག་ལྟས་འབྲས་བུ་མེད་པ་

p. 205

དང་རིན་པོ་ཆེ་འབྱུང་ཁུངས་མི་ལྡན་པ་དང་༔ མགོན་སྐྱབས་དཔུང་གཉེན་མེད་པར་སྐྱེ་བར་གསུངས་ཤིང་ཁྱད་པར་གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་གི་བསྲུང་མཚམས་ལས་རལ་བར་གྱུར་པ་རྣམས་ནི་རྡོ་རྗེ་དམྱལ་བ་བསྟིར་མེད་པའམ་མནར་མེད་པར་བསྐལ་པ་མང་པོར་ཉམས་སུ་མྱོང་བ་ནི་སྒེག་པའི་རྡོ་རྗེའི་དམ་ཚིག་གསལ་བཀྲ་ལས༔ རྩ་བ་ཀུན་རྣམས་ཕྱལ་བ་དག༔ གསོ་ལ་ཉེ་བར་མི་བརྩོན་པར༔ རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ༔ དམྱལ་བ་ཕལ་པ་ཐམས་ཅད་ཀྱི༔ སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི༔ དེ་ཡི་འབུམ་གྱི་ཆར་མི་ཕོད༔ སངས་རྒྱས་སྟོང་གི་འོད་ཟེར་དང་༔ བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན༔ རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར༔ བསྐལ་པ་ཐེར་འབུམ་ལ་སོགས་སུ༔ དེ་ནི་ཐོན་པར་མི་འགྱུར་ཏེ༔ འཇིག་རྟེན་འཇིག་ན་གཞན་དུ་འཕོ༔ སེ་གོལ་གཅིག་གིས་ཕྱིན་པར་བྱེད༔ ཅེས་གསུངས་སོ༔ ཆོས་དང་གང་ཟག་ལ་སྐུར་བ་བཏབ་པའི་རྣམ་སྨིན་ཀྱང་༔ རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་

p. 206

གྱི་མདོ་ལས༔ བསྐལ་པ་དག་ནི་དུ་མར་ཡང་༔ ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར༔ དེ་ལ་མགོ་ཡང་ལྔ་བརྒྱ་སྟེ༔ མགོ་རྣམས་རེ་རེ་དག་ལ་ཡང་༔ ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར༔ ལྕེ་གཅིག་ལ་ནི་ཐོང་གཤོལ་ནི༔ ལྔ་བརྒྱ་ཚང་སྟེ་མི་ཉུང་བར༔ རབ་ཏུ་འབར་བས་རྨོ་བྱེད་དོ༔ སྐུར་འདེབས་སྡིག་པའི་ལས་ཀྱིས་སོ༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ འོད་སྲུང་ངའམ་ང་འདྲ་བས་ཆོས་དང་གང་ཟག་གི་ཚོད་གཟུང་བར་བྱ་ཡིས་གང་ཟག་གིས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་མི་བྱ་སྟེ༔ ཞེས་སོ༔ དེ་ལྟར་མི་དགེ་བ་བཅུ་ཕྱོགས་མཐུན་དང་བཅས་པ་སྤངས་པ་ནི་དགེ་བ་བཅུ་ཡིན་ཏེ༔ བསོད་ནམས་ཆ་མཐུན་གྱི་རྣམ་པར་སྨིན་པ་ནི༔ ཆུང་ངུ་དང་འབྲིང་སྤྱད་པས་ལྷ་དང་མིར་སྐྱེ་ལ༔ ཆེན་པོ་ཏིང་འཛིན་དང་འབྲེལ་བས་ཁམས་གོང་མར་སྐྱེ་ཞིང་ངན་སོང་གི་སྒོ་གཅོད་པར་བྱེད་པའོ༔ དགེ་བའི་ལས་དེ་དག་ཀྱང་ཤེས་རབ་ཀྱི་ལྟ་བ་དག་ཅིང་ཐབས་ཀྱི་སྤྱོད་པ་དག་ན་བསོད་ནམས་ཆ་མཐུན་ལྟར་ཟད་པར་འགྱུར་བ་མ་ཡིན་ཞིང་༔ གནས་སྐབས་ལྷ་མིའི་བདེ་བ་མྱོང་

p. 207

ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ༔ རྒྱུ་མཐུན་གྱི་ལས་འབྲས་ནི༔ ཚེ་རིང་བ་དང་ལོངས་སྤྱོད་ཆེ་བ་དང་༔ ཁྱིམ་ཐབ་དགྲ་ཟླ་མེད་པ་དང་༔ སྐུར་བ་མི་འབྱུང་བ་དང་༔ ཡིད་དུ་འོང་བ་དང་༔ ཚིག་གཟུང་བར་འོས་པ༔ ཀུན་གྱི་རྣ་བར་སྙན་པ་ཆོག་ཤེས་པ༔ ཕན་ཚུན་བྱམས་པ༔ ལྟ་བ་བཟང་པོར་འགྱུར་བའོ༔ དབང་གི་འབྲས་བུ་ནི་ངལ་གསོ་ལས༔ དབང་གིས་ཡུལ་བཟང་གཟི་བརྗིད་ཕུན་སུམ་ཚོགས༔ བཟའ་བཏུང་སྨན་སྤོས་འཇུ་སླ་མཐུ་ཆེ་ཞིང་༔ ཕྱོགས་གཙང་སྨན་སོགས་དྲི་ཞིམ་ངད་དང་ལྡན༔ གཞན་གྱིས་མི་བསླུ་འཇིགས་བྲལ་གནོད་འཚེ་མེད༔ སྐྱེ་དགུ་མཐུན་དང་རེག་ན་མཆོག་ཏུ་བདེ༔ དུས་ཀྱི་རྗེས་འགྲོ་ལེགས་སྨིན་འབྲས་བུ་ཕྱུག༔ ས་ཕྱོགས་མཉམ་ལ་མཚོ་བསིལ་རྫིང་བུས་བརྒྱན༔ མེ་ཏོག་འབྲས་བུ་བཟང་དགུ་འཕེལ་བར་མཐོང་༔ ལོ་འབྲས་སྨིན་སོགས་རོ་མཆོག་གདའ་བ་དང་༔ འབྱུང་ཁུངས་བཟང་ཞིང་དཔུང་གཉེན་ལྡན་པར་སྐྱེ༔ བྱེད་པའི་འབྲས་བུ་ནི༔ དེ་ཉིད་ལས༔ སྐྱེས་བུའི་བྱེད་པ་དགེ་བའི་དགེ་འཕེལ་བ༔ ལེགས་

p. 208

དགུའི་བསམ་པ་ཡིད་བཞིན་འགྲུབ་པ་ཡིན༔ དེ་ཡང་འཇམ་དཔལ་རྩ་རྒྱུད་ལས༔ ལས་རྣམས་སྣ་ཚོགས་བདག་ཉིད་ཆེ༔ རྟག་ཏུ་དཀར་ལ་དཀར་བ་འབྱུང་༔ ནག་ལ་ནག་པའི་ལས་རྣམས་ནི༔ ནག་པོ་ཉིད་དུ་སོ་སོར་སྨིན༔ འདྲེས་མ་འདྲེས་པའི་ལས་རྣམས་ནི༔ འདྲེས་མ་ཉིད་དུ་སོ་སོར་ སྨིན༔ ཞེས་དང་༔ དཀོན་མཆོག་བརྩེགས་པ་ལས༔ ཇི་འདྲ་བ་ཡི་ལས་བྱས་པ༔ རྣམ་པར་སྨིན་པ་དེ་འདྲར་འགྱུར༔ བསྐལ་པ་བྱེ་བ་ཕྲག་བརྒྱར་ཡང་༔ དེ་ནི་ཅུང་ཟད་འགྱུར་བ་མེད༔ ཅེས་དང་༔ དགེ་སྡིག་གི་ལས་ཆུང་ངུས་ཕན་གནོད་མི་བྱེད་སྙམ་ན་མ་ཡིན་ཏེ༔ ཆེད་དུ་བརྗོད་པའི་ཚོམས་ལས༔ སྡིག་པ་ཆུང་བྱས་བདག་ཉིད་ཀྱི༔ ཕྱི་བཞིན་མི་འོང་མ་བསམ་ཞིག༔ མེ་ཡི་ས་བོན་ཕྲ་མོས་ཀྱང་༔ ནགས་ཚལ་ཆེན་པོ་སྲེག་པ་ལྟར༔ ཐར་བའི་མྱུ་གུ་བསྲེག་པར་འགྱུར༔ དགེ་བ་ཆུང་ངུ་བདག་ཉིད་ཀྱི༔ ཕྱི་བཞིན་མི་འོང་མ་བསམ་ཞིག༔ ཆུ་ཡི་ཐིགས་པ་ལྷུང་བ་ཡིས༔ སྣོད་ཆེན་གང་བ་ཇི་བཞིན་དུ༔ ཅུང་ཟད་ཅུང་ཟད་བསགས་པ་ཡིས༔ རྒྱལ་བའི་བསྟན་པ་གང་བར་འགྱུར༔ ཞེས་

p. 209

གསུངས་པས་འཁོར་བ་སྡུག་བསྔལ་ནི་ནད་ཀྱི་ཟུག་རྔུ་ལྟ་བུ༔ ཀུན་འབྱུང་ནི་ནད་བསྐྱེད་པའི་རྒྱུ་ལྟ་བུ༔ ལམ་བདེན་ནི་ནད་འཇོམས་པའི་གཉེན་པོ་སྨན་ལྟ་བུ༔ འགོག་བདེན་ནི་ནད་ལས་གྲོལ་བའི་བདེ་བ་ལྟ་བུ་ཡིན་པས༔ སྡུག་བསྔལ་ཤེས་པར་བྱས་ནས༔ དེའི་རྒྱུ་ཀུན་འབྱུང་སྤངས་ཤིང་འགོག་བདེན་དང་ལམ་བདེན་ལ་བསྟེན་བྱར་བྱས་ཏེ༔ དགེ་སྡིག་ལ་འཇུག་ལྡོག་མ་ནོར་བ་ནན་ཏན་བྱ་ཞིང་༔ བྱང་ཆུབ་ཐོབ་པར་བྱ་བ་ལ་ཐེག་པའི་རིམ་པ་ལ་འཇུག་དགོས༔ དེ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་སུ་གསུངས་པ་ལས་འདི་ནི་འཇིག་རྟེན་ལྷ་དང་མིའི་ཐེག་པའམ༔ མངོན་མཐོའི་ཐེག་པ་ཞེས་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བ་ཡིན་ཏེ༔ རིན་ཆེན་ཕྲེང་བ་ལས༔ མི་ཡི་ཆོས་ལུགས་ལེགས་སྤྱད་ན༔ ལྷ་ཡུལ་བགྲོད་པ་ཐག་མི་རིང་༔ ལྷ་དང་མི་ཡི་ཐེག་པ་ལ༔ འཛེག་ན་ཐར་པ་གམ་ན་འདུག༔ ཅེས་དང་སངས་རྒྱས་གསང་བའི་ལམ་རིམ་ལས༔ གཞི་ནི་ཐེག་པ་དང་པོར་ཞོག༔ ཅེས་གསུངས་ཤིང་༔ དེའི་སྟེང་དུ་འཇིག་རྟེན་

p. 210

ལས་འདས་པ་ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་ལ་ཉན་ཐོས་དང་རང་རྒྱལ་དང་ཐེག་པ་ཆེན་པོ་སྟེ༔ སྔ་འགྱུར་གྱི་ལུང་ལ་ཐེག་པ་དགུར་དབྱེ་སྟེ༔ མདོ་དགོངས་འདུས་ལས༔ ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག༔ དབང་བསྒྱུར་ཐབས་ཀྱི་ཐེ ག་པའོ༔ ཞེས་གསུམ་དུ་སྣང་བ་ལས༔ རེ་རེ་ལའང་གསུམ་གསུམ་དུ་དབྱེ་བས་དགུ་སྟེ༔ ཀུན་འབྱུང་འདྲེན་པའི་ཐེག་པ་ལ་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང་༔ དཀའ་ཐུབ་རིག་བྱེད་ཀྲི་ཡ་ཨུ་པ་ཡོ་ག་ལྟེ་ཕྱི་རྒྱུད་སྡེ་གསུམ་དང་༔ དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི་རྒྱུད་མ་ཧཱ་ཡོ་ག༔ ལུང་ཨ་ནུ་ཡོ་ག༔ མན་ངག་ཨ་ཏི་ཡོ་ག་སྟེ༔ རྒྱུད་སྡེ་གསུམ་རྣམས་སུ་དབྱེ་བ་ཡིན་ཞིིང་༔ དེ་ལའང་བསྡུ་ན༔ ཀུན་བྱེད་རྒྱལ་པོ་ལས༔ ཐེག་པ་རྣམ་པ་གཉིས་ཡིན་ཏེ༔ མཚན་ཉིད་རྒྱུའི་ཐེག་པ་དང་༔ འབྲས་བུ་རྡོ་རྗེའི་ཐེག་པའོ༔ ཞེས་དང་༔ ཐོབ་བྱ་སངས་རྒྱས་ཀྱི་གོ་འཕང་ལ་གཅིག་ནའང་རྒྱུ་ཡི་ཐེག་པ༔ ཕར་ཕྱིན་ལས༔ འབྲས་བུ་རྡོ་རྗེ་ཐེག་པ་ལམ་བདེ་བ་དང་མྱུར་བ་སོགས་ཐབས་འགའ་ཞིག་གིས་འཕགས་པ་ནི༔

p. 211

ཚུལ་གསུམ་སྒྲོན་མེ་ལས༔ དོན་གཅིག་ནའང་མ་རྨོངས་དང་༔ ཐབས་མང་དཀའ་བ་མེད་པ་དང་༔ དབང་པོ་རྣོན་པོའི་དབང་བྱས་ནས༔ སྔགས་ཀྱི་ཐེག་པ་ཁྱད་པར་འཕགས༔ ཞེས་དང་བསྐལ་པ་གྲངས་མེད་སོགས་སྦྱང་བགྲོད་མི་དགོས་ཤིང་མྱུར་དུ་སངས་རྒྱས་འགྲུབ་པར་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ཁྱད་པར་འཕགས་པའི་ལུང་ནི༔ རྡོ་རྗེ་གསང་བའི་རྒྱུད་ལས༔ བླ་མེད་སྔགས་ཀྱི་དངོས་གྲུབ་གང་༔ ཤིན་ཏུ་བརྩོན་པས་གང་སྒྲུབ་པ༔ ཚེ་འདི་ཉིད་ལ་སངས་རྒྱས་ཏེ༔ གདུལ་བྱའི་ཞིང་དུ་མཛད་པ་སྟོན༔ གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི༔ ཟབ་མོའི་ཉམས་ལེན་མཐར་ཐུག་པའོ༔ ཞེས་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པའི་ཁྲིད་དེ་བརྒྱད་པའོ༔ དེ་ལྟར་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱེད་པ་ལ༔ ལམ་གྱི་སྟོན་པ་དགེ་བའི་བཤེས་གཉེན་ལམ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པ༔ དེ་དག་ལ་འཇུག་པའི་སྒོ་འཇུག་པའི་ལམ་མཐར་ཕྱིན་པ་སངས་རྒྱས་ཀྱི་གོ་འཕང་གི་འབྲས་བུ་མ་ཐོབ་ཀྱི་བར་དུ་དད་པ་གལ་ཆེ་སྟེ༔ དང་བའི་དད་པ་

p. 212

དཀོན་མཆོག་དེ་ཉིད་ཀྱི་ཡོན་ཏན་ཤེས་པ༔ མོས་པའི་དད་པ་རང་དེའི་རྗེས་སུ་འཇུག་པ༔ ཡིད་ཆེས་པའི་དད་པ་ནམ་དུ་ཡང་འགྱུར་ལྡོག་མེད་ཅིང་ཐེ་ཚོམ་དང་རྐྱེན་ངན་གྱིས་མི་འཕྲོག་པའོ༔ དཀོན་མཆོག་སྒྲོན་མེ་ལས༔ དད་པ་རྒྱལ་བའི་ཆོས་ལ་རབ་དཀའ་སྤྱད༔ དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན༔ དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་ཁྱབ༔ རྒྱུད་བླ་མ་ལས་རང་བྱུང་ཉིད་ཀྱི་དོན་དམ་འདི༔ དད་པ་ཉིད་ཀྱིས་རྟོགས་བྱ་ཡིན༔ བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས༔ དད་པ་ནི་དམ་པའི་ཆོས་ཉན་པར་འདོད་པ་དང་༔ ལས་དང་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་༔ དེ་ལ་བརྟེན་པར་བྱེད་པ་དང་༔ ཞེས་སོ༔ དད་པ་དང་ལྡན་པའི་ཡོན་ཏན་ནི༔ དཀོན་མཆོག་སྒྲོན་མེ་ལས༔ དད་པ་གཏེར་དང་ནོར་དང་རྐང་པ་མཆོག༔ དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད༔ དད་པ་ཡིད་བཞིན་ནོར་འདྲ་དགོས་འདོད་སྟེར༔ འཕགས་ནོར་བདུན་གྱི་དང་པོ་ནི་དད་པ་ཡིན་ཏེ༔ གསང་བ་བསམ་མི་ཁྱབ་པ་ལས༔ དེ་ནི་དད་པ་དང་དང་བ་དང་མོས་པ་དང་༔ རྙོག་པ་མེད་

p. 213

པའི་སེམས་དང་ལྡན་པས་ལས་དང་རྣམ་པར་སྨིན་པ་ལ་སོམ་ཉི་མེད་པ་དང་༔ ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་མོས་པ་དང་རྟོག་པ་དང་ཡིད་ཆེས་དང་ལྡན་པས་དགེ་སྡིག་གི་ལས་དང་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཤེས་ནས༔ སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད༔ དགེ་བའི་ལས་ཀྱི་ལམ་བཅུ་པོ་ལ་སྤྱོད་ཅིང་༔ སྦྱིན་པས་ལོངས་སྤྱོད་དང་༔ ཚུལ་ཁྲིམས་ཀྱིས་མཐོ་རིས་དང་༔ ཐོས་པས་ཤེས་རབ་དང་༔ སྒོམ་པས་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ༔ སློབ་དཔོན་ཆེན་པོ་པདྨས༔ སེམས་མོས་གུས་དང་ལྡན་པས་བྱིན་རླབས་འཇུག༔ བློ་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ༔ ཅེས་སོ༔ དད་པ་མེད་པའི་རྐྱེ ན་ནི་དཀོན་མཆོག་བརྩེགས་པ་ལས༔ དད་པ་མེད་པའི་མི་རྣམས་ལ༔ དཀར་པོའི་ཆོས་ནི་མི་འབྱུང་ངོ་༔ ས་བོན་མེ་ཡིས་ཚིག་པ་ལ༔ མྱུ་གུ་སྔོན་པོ་ཇི་བཞིན་ནོ༔ ཞེས་དང་༔ ཡིད་བཞིན་མཛོད་ལས་ཀྱང་༔ མཚོ་གཏིང་རྡོ་འདྲ་ཐར་པའི་སྐམ་དང་བྲལ༔ མཉན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད༔ ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་

p. 214

སྐལ་མེད༔ ས་བོན་ཚིག་འདྲ་བྱང་ཆུབ་མྱུ་གུ་མེད༔ ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད༔ འཁོར་དོང་ཆུ་འདྲ་གཏན་དུ་འཁོར་བར་འཁྱམས༔ ཞེས་གསུངས་སོ༔ དད་པ་ཡལ་བའི་རྐྱེན་ནི་སྡིག་གྲོགས་དང་༔ བདུད་ཀྱི་བྱིན་རླབས་ཞུགས་པའི་དུས་སུ་འབྱུང་སྟེ༔ སྐྱོན་རྟོག་དང་ཐེ་ཚོམ་རྒོད་པ་ཡིན་ནོ༔ ཇི་སྐད་དུ༔ དད་པ་ལ་ཁའི་ན་བུན་འདྲ༔ ཡལ་བའི་དུས་སུ་སྙིང་རུས་འཚལ༔ ལས་དང་པོ་པ་གཏན་གྱི་གང་ཟག་བློ་དམན་ཐེག་ཆེན་གྱི་ལམ་ལ་འཇུག་ཅིང་གོང་ནས་གོང་དུ་བགྲོད་དགོས་པའི་རྒྱུ་མཚན་ནི༔ མྱ་ངན་འདས་མདོ་ལས༔ ཇི་ལྟར་སྐས་ཀྱི་གདང་བུ་བཞིན༔ ང་ཡི་བསྟན་པ་ཟབ་མོ་ཡང་༔ རིམ་གྱིས་བསླབ་ཅིང་ནན་ཏན་བྱ༔ ཐོད་རྒལ་མ་ཡིན་མཐར་ཆགས་སུ༔ ཇི་ལྟར་བྱིས་པ་ཆུང་ངུ་དག༔ ཆོས་འདི་ཡང་ནི་དེ་དང་འདྲ༔ དང་པོ་འཇུག་པའི་རིམ་པ་ནས༔ ཡོངས་སུ་རྫོགས་པའི་བར་དུའོ༔ ཞེས་གསུངས་པ་ལྟ་བུར༔ བློ་རབ་མོས་གུས་ཐོད་རྒལ་གྱི་འཇུག་ཚུལ་གང་ཡིན་ཀྱང་༔ ཐེག་པ་ཐམས་ཅད་གྱི་གཞི་སྟེ་རྨིང་རྡོ་ལྟ་བུ་སྐྱབས་འགྲོར་རག་ལས་ཤིང་༔ སྐྱབས་སུ་འགྲོ་བའི་

p. 215

གང་ཟག་གི་བསམ་པའི་ཁྱད་པར་གྱིས་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་ལས༔ ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བའི་ཕྱིར་སྐྱབས་སུ་འགྲོ་ན༔ གནས་སྐབས་ཙམ་གྱིས་བདེ་བའི་དོན་དུ་སྟེ་སྐྱེས་བུ་ཆུང་ངུའོ༔ འཁོར་བའི་སྡུག་བསྔལ་ལ་འཇིགས་ནས་རང་ཉིད་གཅིག་པུར་ཞི་བདེའི་དོན་དུ་གཉེར་ཕྱིར་དཀོན་མཆོག་ལ་སྐྱབས་སུ་འགྲོ་ན་རང་ཉིིད་ཐར་པར་འདོད་པས་སྐྱེས་བུ་འབྲིང་པོའོ༔ མཐའ་མེད་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐོང་ནས་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་ལ་སྐྱབས་སུ་འགྲོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དམིགས་པའི་ཕྱིིར་སྐྱེས་བུ་ཆེན་པོའོ༔ ཆོས་ཚུལ་འདིའི་དང་པོ་ནས་བརྩམས་ཏེ་གཞི་དང་ལམ་གྱི་དུས་ཐམས་ཅད་དུ་སྐྱེས་བུ་ཆེན་པོའི་རྣམ་པར་བཞག་པར་ མི་འདོར་བར་བྱའོ༔ སྤྱིར་ཡང་མདོ་སྔགས་ཀྱི་ཆོས་མཐའ་དག་གི༔ སྲོག་ལྟ་བུའི་ཆེ་ལོང་རྣམས་ཤེས་དགོས་ཤིང་༔ ཤིན་ཏུ་ཕྲ་ཞིང་ཕྲ་བའི་གནས་མཐའ་དག་ཚིག་གི་རྐང་པ་རེ་རེའི་སྟེང་

p. 216

རྩོད་པར་མི་རིགས་ཏེ༔ ཐམས་ཅད་མཁྱེན་པ་ཞེས་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་ནོ༔ འོན་ཀྱང་མདོ་སྔགས་ཀྱི་མཚན་ཉིད་ཇི་ལྟ་བར་ཤེས་ཤིང་༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་ཐེ་ཚོམ་མེད་ཅིང་༔ ཆོས་ཀྱི་སྒྲོག་གིས་རང་མ་བཅིངས་པའི་མཁས་པས་འགྲུབ་པའམ༔ ཡང་ན་རྨོངས་ཀྱང་དད་པ་དང་ལྡན་པས་འགྲུབ་པར་འགྱུར་ཏེ༔ གཤིན་རྗེའི་རྒྱུད་ལས༔ ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་ཐེ་ཚོམ་མེད་པ་ཡིན༔ མཁས་པ་ལ་ནི་དངོས་གྲུབ་ཉེ༔ ཡང་ན་བླུན་པོ་དད་པ་ཅན༔ དེ་ལ་སྦྱོར་བའི་དངོས་གྲུབ་ཡོད༔ ཅེས་སོ༔ དགེ་སྡིག་རྒྱུ་འབྲས་ཀྱི་རྣམ་གཞག་དང་ཐུན་མོང་མིན་པའི་དབྱེ་བ་ཇི་སྲིད་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཀྱི་བར་དུ་དད་པའི་ཁྲིད་ཀྱི་རིམ་པ་སྟེ་བརྒྱད་པའོ༔ དེ་ཡང་སྐྱབས་སུ་འགྲོ་ཞེས་པའི་ཚིག་བླ་དྭགས་ཡིད་དུ་མི་འོང་བའི་སྡུག་བསྔལ་དང་ཉེས་པ་གང་ཡིན་པ་དེ་ལས་རྐྱེན་བསལ་བར་འདོད་པ་ལ་འདོད་ཆགས་ཏེ་འདི་ནི་སྲིད་པའི་ཉེས་པ་ཚད་མེད་པ་སྐྱོབ་ཕྱིར་དཀོན་མཆོག་ལ་སྐྱབས་སུ་འགྲོ༔ སྐྱབས་སུ་འགྲོ་བའི་ཡུལ་ནི་

p. 217

ཕྱི་ལྟར་ན་སངས་རྒྱས་ཆོས་དང་དགེ་འདུན༔ ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ༔ གསང་བ་ལྟར་ན་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་ཁྱད་པར་དུ་རང་གི་བསྒྲུབ་བྱའི་ཆོས་དེའི་གཙོ་བོར་གྱུར་པ་དགོས་ཤིང་༔ དེ་ཡང་སྐྱབས་ཀྱི་ཡུལ་དང་ཚོགས་ཞིང་དང་༔ བླ་མའི་རྣལ་འབྱོར་བསྒོམ་པའི་དོན་ནི༔ བཀོད་པ་ཆེན་པོ་ལས༔ མངོན་སུམ་འདྲ་བ་རྟག་ཏུ་རྗེས་དྲན་ནས༔ དུས་གསུམ་ཀུན་ཏུ་མ་འདྲེས་གཟིགས་པ་ཡི༔ ཞེས་དང་༔ འཇམ་དཔལ་རྩ་རྒྱུད་ལས༔ ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ ཞེས་སོ༔ རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་འགྲོ་སྟེ་སྐྱབས་སུ་འགྲོ་ཚུལ་ནི་སངས་རྒྱས་དཀོན་མཆོག་ལ་འབྲས་བུ་བསྒྲུབ་བྱའི་སྒོ་ནས་སྐྱབས་སུ་འགྲོ༔ ཆོས་དཀོན་མཆོག་ལ་ལམ་གྱི་ཚུལ་དུ་སྐྱབས་སུ་འགྲོ༔ དགེ་འདུན་དཀོན་མཆོག་ལ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ༔ དེ་དག་ནི་རྒྱུའི་སྐྱབས་འགྲོ༔ འབྲས་བུའི་སྐྱབས་འགྲོ་ནི་རང་རིག་སྐྱེ་བ་མེད་པ་ཆོས་ཀྱི་སྐུའོ༔ སྐྱབས་འགྲོའི་བསླབ་བྱ་

p. 218

བསྒྲུབ་བྱ་གཉིས་ཀྱི་དང་པོ་ནི༔ རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས༔ བསླབ་བྱ་གཉིས་ལས་རྒྱུའི་རིམ་པ་ནི༔ སྲོག་དང་རྒྱལ་སྲིད་བྱ་དགའ་ལ་སོགས་ཕྱིར༔ བླ་མ་དང་ནི་དཀོན་མཆོག་སྤང་མི་བྱ༔ འདུལ་བ་ལུང་ལས༔ ཁྱོད་ཀྱི་སྲོག་དང་རྒྱལ་སྲིད་ཐ་ན་བཞད་གད་ཀྱི་ཕྱིར་དུ་ཡང་དཀོན་མཆོག་གསུམ་སྤང་བར་མི་བྱའོ༔ ཞེས་དེ་དག་གི་ཚེ་འདིའི་བདེ་བ་ལས་གཞན་མེད་ཅིང་༔ ཞེས་སྐྱབས་སུ་འགྲོ་བས་ནི་གནས་སྐབས་མཐར་ཐུག་གི་མངོན་མཐོ་ངེས་ལེགས་འགྲུབ་སྟེ་སྤྱོད་འཇུག་ལས༔ ཆུང་ངུའི་ཕྱིར་དུ་ཆེ་མིི་གཏོང་༔ གཙོ་ཆེར་གཞན་གྱི་དོན་བསམ་མོ༔ ཞེས་པ་ལྟར༔ དཀོན་མཆོག་རྟེན་ནོར་གྱི་ཕྱིར་མི་འཚོང་༔ ཟོང་དང་བུ་ལོན་གཏའ་མར་མི་འཇོག༔ མཆོད་འོས་བསླུ་བའི་ལས་མི་བྱེད༔ སྐྱེས་བུ་དམ་པ་རྣམས་ལ་སྐུར་འདེབས་སྤངས་ཤིང་དམ་པའི་ཆོས་ཀྱི་རྗེས་སུ་འགྲོ་བར་བྱའོ༔ བསྲུང་མཚམས་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང་༔ དགེ་འདུན་ལ་སྐྱབས་སུ་

p. 219

སོང་ནས་མུ་སྟེགས་ཅན་དང་འགྲོག་པར་མི་བྱ་སྟེ༔ མྱ་ངན་འདས་པའི་མདོ་ལས༔ གང་ཞིག་སངས་རྒྱས་སྐྱབས་འགྲོ་བ༔ དེ་ནི་ཡང་དག་དགེ་བསྙེན་ཏེ༔ ནམ་དུའང་ལྷ་ནི་གཞན་དག་ལ༔ སྐྱབས་སུ་སོང་བར་མ་ཡིན་ནོ༔ དམ་པའི་ཆོས་ལ་སྐྱབས་འགྲོ་བ༔ འཚེ་ཞིང་གནོད་པའི་སེམས་དང་བྲལ༔ དགེ་འདུན་ལ་ནི་སྐྱབས་འགྲོ་ན༔ མུ་སྟེགས་ཅན་ལ་འགྲོག་མི་བྱེད༔ ཅེས་སོ༔ མཆོད་ཅིང་བཀུར་བ་ནི༔ བླ་མ་དང་དཀོན་མཆོག་གི་སྣང་བརྙན་ནི་སྐུའི་རྟེན༔ གསུང་གི་རྟེན་ནི་དམ་པའི་ཆོས༔ ཐུགས་ཀྱི་རྟེན་ནི་མཆོད་རྟེན་དང་གཙུག་ལག་ཁང་ཕྱག་མཚན་གྱི་རིམ་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྒྱལ་བའི་རྣམ་པར་འཕྲུལ་བ་ཡིན་པ་ནི༔ ལུང་ལས༔ ང་ནི་སྙིགས་མའི་དུས་སུ་ནི༔ དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས༔ ཁྱོད་ལ་སོགས་པའི་དོན་བྱེད་འགྱུར༔ ཞེས་དང་༔ གཟུགས་སྐུ་རྣམ་པ་མང་པོ་དེར་སྤྲུལ་ནས༔ འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ༔ ཞེས་དང་༔ སྙན་གྱི་གོང་རྒྱན་ལས༔ ལྔ་བརྒྱའི་ཐ་མར་གྱུར་པ་ན༔ ང་ནི་ཡི་གེའི་གཟུགས་སུ་སྣང་༔

p. 220

ང་ཡིན་སྙམ་དུ་ཡིད་བྱོས་ལ༔ དེ་ཚེ་ང་ལ་གུས་པར་གྱིས༔ ཞེས་དང་༔ རྒྱུན་ཆགས་སམ་དྲུག་གམ་ལན་གཅིག་དྲན་པས་སྐྱབས་སུ་འགྲོ་ཞིང་ཅི་འབྱོར་བའི་མཆོད་པ་ཐ་ན་ཟས་སྐོམ་གྱི་ཕུད་ཀྱིས་མཆོད་པ་དང་ཕྱག་སྐོར་སྐུ་གསུང་ཐུགས་ཀྱི་རྟེན་འདིའི་ཆ་ཤས་ཙམ་ལའང་གུས་པར་བྱ་ཞིང་འོ་བརྒྱལ་མི་འབྱུང་བའི་ཐབས་བྱེད་པ་དང་༔ དགེ་འདུན་དང་ཐ་ན་ལྷན་པ་སེར་པོ་བཏབ་པ་ཙམ་ལའང་དབུལ་བར་བྱ་བ་དང་༔ དཀོན་མཆོག་གསུམ་གྱི་འདུ་ཤེས་ཡང་དག་པར་བསྐྱེད་ནས་བསྙེན་བཀུར་བྱ་ཞིང་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་བརྗོད་ཅིང་འགྲོ་བ་གཞན་དག་སྐྱབས་སུ་འགྲོ་བར་འཇུག་ཅིང་དགེ་བ་ལ་བསྐུལ༔ སྐྱེས་བུ་དམ་པ་ལ་བསྟེན་པ་དང་དམ་པའི་དོན་ཉན་པ་དང་དགེ་འདུན་དང་རྗེས་སུ་མཐུན་པར་བསྒྲུབ་པར་བྱ༔ འབྲས་བུའི་བསླབ་བྱ་ནི་ཐམས་ཅད་སྤྲོས་དང་བྲལ་བ་མཉམ་ཉིད་གཉུག་མའི་ངང་དུ་འཇོག་པར་བྱ་སྟེ༔ འཁྲུག་འཇོམས་ལས༔ དམིགས་བཅས་ཀུན་རྫོབ་དོན་དམ་དུ༔ དམིགས་བྱ་དམིགས་མེད་ཀུན་ལས་གྲོལ༔ ཞེས་དང་ངལ་

p. 221

གསོ་ལས༔ འབྲས་བུའི་བསླབ་བྱ་མཉམ་ཉིད་ནན་ཏན་བྱ༔ བཟང་ངན་མི་རྟོག་མཆོག་དམན་བླང་དོར་མིན༔ སྤྲོས་ལ་མི་བརྟེན་ཆོས་ཉིད་གཉུག་མར་སྦྱང་༔ ཐམས་ཅད་ལྷུན་རྫོགས་དཀྱིལ་འཁོར་གཅིག་ཏུ་བཤད༔ ཅེས་པའི་ཚུལ་གྱིས་སོ༔ སྐྱབས་འགྲོ་ཉམས་པའི་རྒྱུ་གཏོང་རྒྱུ་མཚན་ཉིད་པ་ནི༔ སྙིང་པོ་བྱང་ཆུབ་ཏུ་སངས་རྒྱས་པས་ན་ཆོ་གས་བླང་བའི་དུས་ལས་འདས་པའི་གཏོང་རྒྱུར་བཏང་བ་དང་༔ ལོག་ལྟ་སྐྱེས་པས་དཀོན་མཆོག་གསུམ་སྤང་བ་དང་༔ སྒྲུབ་མ་ནུས་པས་སྐྱབས་འགྲོའི་བསླབ་བྱ་ཕུལ་བ་རྣམས་སོ༔ ལྷ་གཞན་ལ་ཕྱག་འཚལ་བ་སོགས་བསླབ་བྱ་ཅུང་ཟད་ཉམས་པ་ནི་དམན་པར་ཕྱོགས་པ་ཞེས་བྱ་སྟ ེ༔ དེ་དག་གི་ཉེས་པའང་རྒྱལ་པོའི་རིགས་ལོག་པ་ལྟར་ནང་པའི་ཁོངས་སུ་མི་ཆུད་པ་དང་༔ ཚོང་པ་སྐྱེལ་མས་བསླུས་པ་ལྟར་ཅི་བྱེད་འཇིགས་པ་དང་༔ གྱང་འཇིག་པའི་རི་མོ་ལྟར་བསླབ་སྡོམ་ཐམས་ཅད་འཇིག་པར་སླ་བ་དང་དཔུང་གཉེན་དང་བྲལ་བ་ལྟར་འཚེ་བ་རྣམས་ཀྱིས་བརྫི་བར་སླ་བ་དང་༔ ཁྲིམས་ལས་འདའ་བའི་སྐྱེ་བོ་ལྟར་ངན་

p. 222

སོང་དུ་སྐྱེ་བ་སོགས་ཉེས་པ་དུ་མ་ཡོད་དོ༔ དེས་ན་ཉམས་པའི་ཉེས་ད མིགས་ལ་བསམས་ཏེ་འགྱོད་པས་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་ཀྱིས་བླངས་ན་སོར་ཆུད་པ་ཡིན་ནོ༔ ལན་གྲངས་ནི་ངེས་པར་མེད་པ་ཡང་༔ སྤྱོད་འཇུག་ལས༔ སྤང་བའི་སེམས་ནི་ཐོབ་པ་ལ༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད༔ སྐྱབས་འགྲོའི་ཕན་ཡོན་ནི༔ ཕག་གི་རྟོགས་པ་བརྗོད་པ་ལས༔ གང་ཞིག་སངས་རྒྱས་སྐྱབས་འགྲོ་བ༔ དེ་དག་ངན་འགྲོར་མི་འགྲོ་སྟེ༔ མི་ཡི་ལུས་ཀྱང་སྤངས་ནས་ནི༔ ལྷ་ཡི་ལུས་སུ་སྐྱེ་བར་འགྱུར༔ ཞེས་དང་ཚོགས་གཉིས་རྫོགས་པའི་ཕན་ཡོན་ནི༔ མྱང་འདས་ལས༔ གསུམ་ལ་སྐྱབས་སུ་འགྲོ་བ་གང་༔ བསོད་ནམས་ཡེ་ཤེས་དམ་པའི་ཚོགས༔ འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བའི༔ སངས་རྒྱས་ཉིད་ནི་ཐོབ་པར་འགྱུར༔ ཡོན་ཏན་ཚད་མེད་པ་ནི༔ ཁྱེའུ་རིན་པོ་ཆེས་ཞུས་པའི་མདོ་ལས༔ གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་དག་གིས་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་བ་ཡིན་ནོ༔ ངོ་ཚ་ཤེས་པ་ཡིན་ནོ༔ ཁྲེལ་ཡོད་པ་ཡིན་ནོ༔ ཆོས་ལ་སྐྱབས་སུ་

p. 223

སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ༔ ཡོན་ཏན་གྱི་ཚོགས་མང་བ་ཡིན་ནོ༔ རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ༔ ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ༔ དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གིས་སེམས་ལས་སུ་རུང་བ་ཡིན་ནོ༔ ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མང་བ་ཡིན་ནོ༔ རྟག་ཏུ་རིགས་བཙུན་པ་ཡིན་ནོ༔ རྨི་ལམ་དུའང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་མི་འབྲལ་བར་ཡིན་ནོ༔ ཞེས་སོ༔ དཀར་ཕྱོགས་ཀྱི་ལྷས་སྲུང་བ་ནི་དེ་ཉིད་ལས༔ གཞན་ཡང་དཀར་པོ་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས་སྲུང་བ་ཡིན་ནོ༔ དགེ་བའི་རྩ་བ་དག་ཀྱང་སྤེལ་བ་ཡིན་ནོ༔ སྐྱབས་སུ་ཆོས་སྐུར་བལྟས་ཏེ༔ སྐྱབས་སུ་སོང་ན་ངེས་དོན་གྱི་ཡོན་ཏན་རྒྱུད་ལ་སྐྱེ༔ ལོངས་སྐུར་བལྟས་ན་སྐུ་དང་ཞིང་ཁམས་སྐྱེ༔ སྤྲུལ་སྐུར་བལྟས་ན་འགྲོ་བ་འདྲེན་ནུས་སོ༔ སྐྱབས་སུ་སོང་བའི་ཕན་ཡོན་ནི༔ དྲི་མ་མེད་པའི་མདོ་ལས༔ སྐྱབས་སུ་སོང་བའི་བསོད་ནམས་གང་༔ གལ་ཏེ་དེ་ལ་གཟུགས་མཆིས་ན༔ ནམ་མཁའི་ཁམས་ནི་ཀུན་བཀང་ནས༔ དེ་ནི་དེ་བས་ལྷག་

p. 224

པར་འགྱུར༔ ཞེས་སོ༔ བདུད་དང་ངན་སོང་གི་འཇིགས་པ་མི་འབྱུང་བ་ནི༔ ཉི་མའི་སྙིང་པོའི་མདོ་ལས༔ སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ༔ བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ༔ ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་༔ དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ༔ ཞེས་དང་༔ མི་མཐུན་པ་ལས་སྐྱབས་ཤིང་དོན་རྣམས་ཡོངས་སུ་གྲུབ་པར་བྱེད་པ་ནི་མདོ་སྡེ་རྒྱན་ལས༔ རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་༔ ཉེས་པར་སྤྱོད་པ་ཐམས་ཅད་དང་༔ རྒས་དང་འཆི་བ་དག་ལས་ཀྱང་༔ སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ༔ འཚེ་བ་དག་ནི་ཐམས་ཅད་དང་༔ ངན་སོང་དང་ནི་གནས་མིན་དང་༔ འཇིག་ཚོགས་ཐེག་པ་དམན་དག་ལས༔ སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན༔ ཞེས་སོ༔ སྲིད་ཞིའི་རྒུད་པ་སེལ་བ་ནི༔ དཀོན་མཆོག་བརྩེགས་པ་ལས༔ དཀོན་མཆོག་གསུམ་པོ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན༔ ཕྱག་བྱ་བའི་འོས་སུ་གྱུར་པ་ཐལ་མོ་སྦྱར་བའི་འོས་སུ་གྱུར་པ༔ བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་སྟེ༔ ཞེས་རྒྱ་ཆེར་གསུངས་པ་བཞིན་ནོ༔ སྐྱབས་

p. 225

འགྲོ་འབྱོངས་པའི་རྟགས་ནི༔ དཀོན་མཆོག་གསུམ་དང་འབྲལ་མི་ཕོད་པ་དང་༔ རྟག་ཏུམཆོད་པ་དང་བསྔགས་པར་བརྗོད་པ་མོས་པ་དང་རྨི་ལམ་དུ་ཡང་དཀོན་མཆོག་གི་སྣང་བ་དང་མི་འབྲལ་བའོ༔ དུས་ཅི་ཙམ་གྱི་བར་དུ་སྐྱབས་སུ་འགྲོ་བ་ནི༔ སྐྱེས་བུཆུང་ངུས་རང་རང་གི་ལྷ་ལ་འདོད་དོན་འགྲུབ་ཀྱི་བར་དུ༔ ལྷག་པར་མཐོ་རིས་ཐོབ་ཀྱི་བར་དུ༔ འབྲིང་གིས་མ་ཤི་བར་དང་མཐར་ཐུག་དགྲ་བཅོམ་ཐོབ་ཀྱི་བར་དང་༔ ཆེན་པོས་བྱང་ཆུབ་ཀྱི་གོ་འཕང་བར་རམ༔ སངས་རྒྱས་ཀྱི་ཡེ་ཤེས་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བ་སྟེ༔ འདིར་ནི་ཕྱི་མ་ལྟར་ཤེས་པར་བྱའོ༔ སྐྱབས་སུ་འགྲོ་བའི་ཁྲིད་ཀྱི་རིམ་པ་སྟེ་དགུ་པའོ༔ ༈ བྱང་ཆུབ་སེམས་བསྐྱེད་ནི༔ མཚན་ཉིད་ཀྱི་ཐེག་པ་ཆེན་པོ་དང་གསང་སྔགས་རྣམས་དོན་མཐུན་པ་ཉིད་དེ༔ དེ་ལ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་དོ༔ ཀུན་རྫོབ་སེམས་བསྐྱེད་ལ་སྨོན་འཇུག་གཉིས་ཏེ༔ སྨོན་པ་སེམས་བསྐྱེད་ཚད་མེད་པ་བཞི་ཡིན་ཅིང་༔ དཔེ་ལ་ལྟོས་ནས་བཤད་ན་སྙིང་རྗེ་ཚད་མེད་པ་མ་ལག་རྡུམ་

p. 226

མའི་བུ་ཆུས་ཁྱེར་བ་ལྟ་བུ༔ བྱམས་པ་ཚད་མེད་པ་བྱ་མས་བྱེའུ་གསོ་བ་ལྟ་བུ༔ དགའ་བ་ཚད་མེད་པ་རྔ་མོང་གི་རྔེའུ་སྟོར་ནས་སླར་རྙེད་པ་ལྟ་བུ༔ བཏང་སྙོམས་ཚད་མེད་དྲང་སྲོང་གིས་མགྲོན་འགྱེད་པ་ལྟ་བུ༔ དེ་ལ་དོན་གྱི་སྒོ་ནས་བཤད་ན༔ ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བས་ལུས་ཇི་སྙེད་ཅིག་བླང་བ་ལ་བསམ་ན༔ སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་མེད་ཅིང་དེས་ན་ད་ལྟའི་མ་འདི་ལྟ་བུའི་བློ་སེམས་ཐམས་ཅད་ལ་བཞག་སྟེ༔ མ་ལ་སྡུག་བསྔལ་དྲག་པོ་བྱུང་བ་བུས་སེམས་ཀྱིས་མི་བཟོད་པ་ལྟར་སེམས་ཅན་གྱི་སྡུག་བསྔལ་ལ་བློ་མི་བཟོད་པ་ནི་སྙིང་རྗེ་ཚད་མེད༔ སྡུག་བསྔལ་དེ་ལ་ཕན་པར་བརྩོན་པ་བཞིན༔ གཞན་ཕན་ཁོ་ན་ལ་རྟག་ཏུ་སེམས་པ་ནི་བྱམས་པ་ཚད་མེད༔ གཏན་དུ་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ནམ་ཡང་མ་བྲལ་ན་སྙམ་པ་ནི་དགའ་བ་ཚད་མེད༔ དོན་དེ་དག་དགྲ་གཉེན་མེད་པ་ཀུན་ལ་སྙོམས་པར་སྒོམ་པ་ནི་བཏང་སྙོམས་ཚད་མེད་དོ༔ བྱམས་པ་ཐོག་མར་སྒོམ་པ་དང་༔ བཏང་སྙོམས་ཐོག་མར་སྒོམ་པ་སོགས་ཀྱི་ལུགས་ཀྱང་ཡོད་དོ༔ དེ་

p. 227

ལྟར་ཚད་མེད་པ་བཞི་ནི་བསམ་བྱ་ཡིན་ཏེ༔ དངོས་སུ་ཡང་རང་གི་ཐོས་བསམ་སྒོམ་གསུམ་ཚོགས་གཉིས་ལས་གྲུབ་པའི་བྱ་བ་གང་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་ཀྱི་སྡུག་བསྔལ་དང་ཉེས་པ་སེལ་བ་དང་༔ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཉིད་ལ་འགོད་པར་བྱེད་པའི་ཕན་འདོད་ལག་ཏུ་ལེན་པ་ནི་འཇུག་པ་སེམས་བསྐྱེད་པ་ཡིན༔ དོན་དམ་སེམས་བསྐྱེད་ནི་འགྲོ་བའི་རྒྱུད་ན་དེ་བཞིན་གཤེགས་པའི་སྙིང་པོ་བཞུགས་པ་ལྟ་བ་དང་༔ ཏིང་ངེ་འཛིན་གྱི་དོན་ནོ༔ སྡོམ་པ་ལེན་ཚུལ་ནི༔ སྐྱབས་ཡུལ་ཐམས་ཅད་གསལ་བཏབ་པའི་མདུན་དུ་ལེན་ཏེ༔ ཇི་སྐད་དུ་ཇི་ལྟར་དུས་གསུམ་མགོན་པོ་རྣམས༔ བྱང་ཆུབ་ཏུ་ནི་ངེས་མཛད་ལྟར༔ བྱང་ཆུབ་སེམས་ནི་བླ་མེད་པར༔ དམ་པ་བདག་གིས་བསྐྱེད་པར་བགྱི༔ རྒྱལ་བ་སྲས་བཅས་རྣམས་ཀྱི་སྤྱོད་པ་ཡིན་ཏེ༔ བྱམས་པས་ཞུས་པའི་མདོ་ལས༔ ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ་བྱམས་པ་ཆོས་དེ་དང་ལྡན་པ་ངན་སོང་ཐམས་ཅད་སྤངས་ཤིང་སྡིག་པའི་གྲོགས་

p. 228

པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པར་ཡང་དག་པར་བྱང་ཆུབ་ཏུ་འཚང་རྒྱའོ༔ སེམས་བསྐྱེད་པའི་ཡོན་ཏན་ནི་སྤྱོད་འཇུག་ལས༔ སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་༔ དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར༔ གང་ལ་བརྟེན་ནས་ཡུད་ཀྱིས་བགྲོད་པ་ལྟར༔ དེ་ལ་བག་ཅན་རྣམས་ཀྱིས་ཅེས་མི་བརྟེན༔ ཞེས་དང་༔ དེས་ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས༔ སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད༔ ཅེས་དང་བརྩོན་པ་ཐམས་ཅད་དོན་དུ་འགྱུར་ཞིང་འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བ་ནི༔ སྤྱོད་འཇུག་ལས༔ དེ་ནས་བཟུང་སྟེ་གཉིད་ལོག་གམ༔ བག་མེད་གྱུར་ཀྱང་བསོད་ནམས་ཤུགས༔ རྒྱུན་མི་ཆད་པ་དུ་མ་ཞིག༔ ནམ་མཁའ་མཉམ་པར་རབ་ཏུ་འབྱུང་༔ ཞེས་དང་༔ སེམས་བསྐྱེད་ཀྱིས་མ་ཟིན་པའི་དགེ་བ་དམན་ཞིང་ཟད་པར་འགྱུར་ཏེ༔ སེམས་བསྐྱེད་ཀྱིས་ཟིན་པ་རབ་ཏུ་འཕེལ་ཞིང་མི་ཟད་པ་ནི་ཡང་དེ་ཉིད་ལས༔ དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི༔ འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཡིན༔ བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་༔

p. 229

འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར༔ ཞེས་སོ༔ ཀུན་གྱི་ཕྱག་བྱ་བའི་འོས་སུ་གྱུར་པ་ནི༔ དེ་ཉིད་ལས༔ བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས༔ འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས༔ བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་༔ འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར༔ ཞེས་སོ༔ བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ལ་ཁྲོ་བ་བགྱིས་ན་བསོད་ནམས་མ་ཡིན་པར་བསྐྱེད་པ་ནི༔ དེ་ཉིད་ལས༔ གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ༔ གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ༔ ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པ་ནི༔ དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས༔ ཞེས་དང་༔ དད་པ་བྱེད་ན་དགེ་བ་ལྷག་པར་འཕེལ་བ་ཡང་སྔ་མ་ལས༔ འོན་ཏེ་གང་ཞིག་ཡིད་རབ་དད་བྱེད་ན༔ དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ༔ ཞེས་སོ༔ གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས༔ བྱང་ཆུབ་སེམས་ཀྱི་བསོད་ནམས་གང་༔ གལ་ཏེ་དེ་ལ་གཟུགས་མཆིས་ན༔ ནམ་མཁའི་ཁམས་

p. 230

ནི་ཀུན་བཀང་སྟེ༔ དེ་ནི་དེ་བས་ལྷག་པར་འགྱུར༔ ཞེས་སོ༔ སེམས་བསྐྱེད་པ་ནི་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་སྟེ༔ མངོན་རྟོགས་རྒྱན་ལས༔ སེམས་བསྐྱེད་པ་ནི་གཞན་དོན་ཕྱིར༔ ཡང་དག་རྫོགས་པའི་བྱང་ཆུབ་འདོད༔ ཅེས་སོ༔ སྤྱིར་བཏང་དུ་རྒྱས་པར་སེམས་བསྐྱེད་ཀྱི་བརྗོད་བྱ་མང་ནའང་མི་དགེ་སྤོང་སྡོམ་གྱི་ཚུལ་ཁྲིམས༔ དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས༔ སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ངེས་པར་རྒྱུད་ལ་སྦྱོར་དགོས་ཤིང་༔ དེར་མ་ཟད་མཆོད་འོས་བསླུ་བ་དང་༔ རང་གཞན་གྱིས་སྔར་བྱས་ཀྱི་དགེ་བའི་ལས་ལ་འགྱོད་པ་བསྐྱེད་པ་དང་༔ དམ་པ་ལ་སྐུར་བ་འདེབས་པ་དང་འགྲོ་བ་ལ་གཡོ་སྒྱུ་སྤྱོད་པ་སྟེ་ནག་པོའི་ཆོས་བཞི་སྤངས་ཤིང་༔ དེ་ལས་ལྡོག་པ་ནི་དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱོད་པར་བྱའོ༔ དཀོན་བརྩེགས་ཀྱི་འོད་སྲུང་གིས་ཞུས་པའི་ལེའུ་ལས༔ འོད་སྲུང་ནག་པོའི་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ༔ ཆོས་བཞི་གང་ཞེ་ན༔ བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་༔ གཞན་པས་གནས་མ་

p. 231

ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་སེམས་བསྐྱེད་པ་དང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་དུ་བརྗོད་པ་དང་༔ སེམས་ཅན་ལ་གཡོ་སྒྱུ་སྤྱོད་པའོ༔ ཞེས་སོ༔ དཀར་པོའི་ཆོས་བསྒྲུབ་པར་གདམས་པ་ནི༔ དམ་པ་བསྟེན་ཅིང་བསྔགས་པ་བརྗོད༔ སེམས་ཅན་རྣམས་ནི་ཡང་དག་དགེ་ལ་བསྐུལ༔ རྒྱལ་སྲས་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད༔ ལྷག་པའི་བསམ་པས་འགྲོ་ལ་ཕན་བདེ་བྱེད༔ དཀར་པོའི་ཆོས་རབ་བཞི་ནི་བསྟེན་པར་མཛོད༔ ཅེས་དང་༔ སྤྱིར་བྱང་སེམས་ལ་བསླབ་བྱ་མང་དུ་གསུངས་ཀྱང་༔ ཕྱག་ལེན་ཐེབས་ངེས་པ་ཉི་ཤུ་པོ་ནི་དགོས་ཏེ༔ རྒྱལ་པོ་ལ་ངེས་པ་ལྔ་ནི་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་དང་༔ དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ལ་ཆད་པ་གཅོད་པ་དང་༔ རབ་ཏུ་བྱུང་བ་བསླབ་པ་ལས་འབེབས་པ་དང་༔ མཚམས་མེད་པ་ལྔ་བྱེད་པ་དང་ལོག་པར་བལྟ་བ་དང་ལྔའོ༔ བློན་པོ་ལ་ངེས་པ་ནི་གྲོང་དང་ལྗོངས་དང་གྲོང་ཁྱེར་དང་༔ གྲོང་བརྡལ་དང་༔ ཡུལ་འཁོར་འཇོམས་པ་ལྔའོ༔ ཕལ་པ་ལ་

p. 232

ངེས་པ་བརྒྱད་ནི༔ བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ་དང་༔ ཐེག་ཆེན་ལ་ཞུགས་པ་ཕྱིར་ལྡོག་པ་དང་༔ སོ་སོར་ཐར་པ་སྤངས་ཏེ་ཐེག་པ་ཆེན་པོ་ལ་སྦྱོར་བ་དང་༔ ཉན་རང་གི་ཐེག་པ་འཛིན་དུ་འཇུག་པ་དང་༔ རྙེད་བཀུར་གྱི་ཕྱིར་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་༔ རང་གིས་ཟབ་མོ་བཟོད་པར་སྨྲ་བ་དང་༔ དཀོན་མཆོག་གསུམ་གྱི་དཀོར་སྦྱིན་ཅིང་ལེན་པ་དང་༔ ཞི་གནས་པའི་ནོར་ཁ་ཏོན་པ་ལ་སྦྱིན་པ་དང་བརྒྱད་དོ༔ ཐུན་མོང་བ་སྨོན་སེམས་བཏང་བ་དང་བཅུ་དགུ༔ དེ་སྟེང་དུ་སྤངས་ཏེ་དགེ་བ་ལ་མི་སྦྱོར་བ་ཉི་ཤུའོ༔ མདོར་བསྟན་པ་སྨོན་འཇུག་གི་ཚུལ་ངེས་ཤིང་༔ རང་གི་བདེ་བ་གཞན་ལ་སྦྱིན་ཅིང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་༔ གོང་དུ་བཤད་པའི་སྤང་བླང་རྣམས་ངེས་དགོས་ཤིང་༔ ཞིབ་པར་སེམས་བསྐྱེད་ལམ་མདོ་སྔགས་མཐུན་པས་ཀུན་མཁྱེན་ཀློང་རམས་སོགས་ཀྱིས་སེམས་བསྐྱེད་བཤད་པའི་སྐབས་རྣམས་ངེས་པར་བྱའོ༔ སྤྱིར་སྡོམ་པའི་གནང་བཀག་ཉམས་པའི་ཉེས་དམིགས་དང་ཕྱིར་བཅོས་སོགས་ཀྱང་བྱང་སེམས་ཀྱི་བསླབ་པའི་ཡི་

p. 233

གེ་རྣམས་ལས་ཤེས་པར་བྱའོ༔ དེང་སང་ཐེག་པ་སྤྱི་དང་༔ ཁྱད་པར་བྱང་ཆུབ་བློ་སྦྱང་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་དེ་བཟུང་ནས་རང་རྒྱུད་ལ་འདེབས་པའི་ལག་ལེན་བྱེད་པ་དཀོན་པར་མཆིས་པས༔ ད་ལྟའི་སེམས་བསྐྱེད་ཀྱི་ཡི་གེ་བསྡུས་དོན་འདི་ཙམ་ནི་ལག་ལེན་དུ་ངེས་པར་ཐེབས་དགོས་ཤིང་༔ ཉན་རང་ལ་སེམས་བསྐྱེད་མེད་ན་ཉན་ཐོས་འགོག་པར་འགྱུར་ཞིང་༔ གསང་སྔགས་ལ་སེམས་བསྐྱེད་མེད་ན་མུ་སྟེགས་སུ་གོལ་བའང་བཤད་པ་ཡོད་དོ༔ བྱང་ཆུབ་སེམས་བསྐྱེད་ཀྱི་ཁྲིད་ཀྱི་རིམ་པ་སྟེ་བཅུ་པའོ༔ ༈ ད་ནི་སེམས་བསྐྱེད་དང་མདོ་སྔགས་གང་ལའང་གནད་དུ་ཆེ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་དམ་པའི་རྩ་བར་གྱུར་པ༔ ཡན་ལག་བདུན་པ་ནི་ཚོགས་ཞིང་གི་སྤྱན་སྔར་རང་གཞན་གྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་དམིགས༔ ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ་སྟེ༔ ཕན་ཡོན་ནི་འདུལ་བ་ལས་དགེ་སློང་དག་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་

p. 234

རྣམ་པར་སྨིན་པ་ནི་ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་༔ ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ༔ ཞེས་སོ༔ མཆོད་པ་ནི་བདག་ཏུ་བཟུང་བའི་རང་གི་ལུས་དང་ལོངས་སྤྱོད་གཅེས་ཤིང་ཕངས་པ་དང་༔ བདག་ཏུ་མ་བཟུང་བའི་སྟོང་གསུམ་ལྷ་མིའི་ཡོ་བྱད་དང་༔ ཡིད་ཀྱིས་རྣམ་པར་སྤྲུལ་པའི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་འབུལ་བ་སྟེ༔ འདོད་ཆགས་ཀྱི་གཉེན་པོ་མཆོད་པ་ཡིན་ཞིང་༔ མཆོད་པའི་ཕན་ཡོན་ནི༔ གསལ་རྒྱལ་ཚིགས་བཅད་ལས༔ སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་༔ འབྲས་བུ་གསར་བཏོག་འབྱུང་བ་འབུལ་བྱེད་ན༔ དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན༔ རོ་མཆོག་ཀུན་ཐུབ་མི་བརྫི་སྟོབས་དང་ལྡན༔ ཞེས་དང་༔ བདུག་སྤོས་དང་དྲི་བཟང་གི་མཆོད་པ་ཕུལ་ན༔ དཀོན་མཆོག་ཏ་ལའི་མདོ་ལས༔ སྤོས་རབ་སྣང་བའི་འོད་ཟེར་རབ་གཏོང་ཞིང་༔ སེམས་ཅན་གང་དག་

p. 235

འོད་ཀྱིས་བཀུར་བྱེད་པའི༔ མི་ལ་འདོད་པའི་ཡིད་འོང་ཚིམ་གྱུར་ནས༔ སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར༔ ཞེས་དང་༔ གསལ་རྒྱལ་གྱི་མདོ་ལས་སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་བ༔ དེ་དག་ལུས་ལ་དྲི་མ་མེད་པ་དང་༔ གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད༔ མར་མེ་ཕུལ་ན༔ ལས་རྣམ་པར་འབྱེད་པའི་མདོ་ལས༔ དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ༔ འཇིག་རྟེན་ན་མར་མེ་མེ་ལྟ་བུར་འགྱུར་བ་དང་༔ ཤའི་མིག་རྣམ་པར་འགྱུར་བ་དང་༔ ལྷའི་མིག་ཐོབ་པར་འགྱུར་བ་དང་༔ དགེ་བ་དང་མི་དགེ་བའི་ཤེས་རབ་རྣམ་པར་འབྱུང་བར་འགྱུར་བ་དང་༔ མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་༔ ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་༔ དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ལ་གནས་པར་མི་འགྱུར་བ་དང་༔ ལོངས་སྤྱོད་ཆེ་བར་འགྱུར་བ་དང་༔ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་༔ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་བཅུ་པོ་དེ་ནི་དེ་

p. 236

བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ཡིན་ནོ༔ ཞེས་དང་ཞལ་ཟས་ཕུལ་ན་ཟ་མ་ཏོག་ལྟ་བུའི་གཏམ་ལས་རྡོ་རྗེ་གདན་ལ་བཞུགས་ནས་ནི༔ འདོད་པའི་སྒྲ་དང་བཅས་པ་ཡི༔ ཚོགས་ནི་བཤམས་པས་ཉེས་ཕམ་མཛོད༔ གང་ཞིག་མཐར་ཐུག་དཀའ་བའི་ཡུལ༔ མཐའ་མེད་བར་དུ་སྤྱོད་འགྱུར་བས༔ ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ༔ ཕུང་པོའི་བདུད་ཀྱང་རབ་བཅོམ་ནས༔ འཆི་བདག་བདུད་ལ་མངའ་བརྙེས་པ༔ ཞལ་ཟས་ཕུལ་བར་གྱུར་པས་ཡིན༔ ཞེས་སོ༔ རོལ་མོ་ཕུལ་ན༔ སྤྱན་རས་གཟིགས་ཀྱི་མདོ་ལས༔ རོལ་མོའི་སྒྲ་ཡིས་མི་མཆོག་མཆོད་བྱེད་ན༔ མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོ་ཡོང་༔ མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར༔ དེ་སྒྲ་ཡན་ལག་ཚང་ཞིང་དགེ་བར་ཡོད༔ ཅེས་དང་མདོར་བསྡུ་ན་སངས་རྒྱས་ཕལ་པོ་ཆེ་ལས༔ རིགས་པར་བརྩོན་པས་དཀོན་མཆོག་གསུམ་རྣམས་ལ༔ སྦྱོར་བ་སྐྱེ་བ་མེད་པས་མཆོད་བྱས་ན༔ དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ༔ བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར༔ ཞེས་སོགས་ཕན་

p. 237

ཡོན་བསམ་གྱིས་མི་ཁྱབ་པོ༔ སྡིག་པ་བཤགས་པ་ནི༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉེས་བྱས་འགྱོད་སེམས་དྲག་པོས་འདག་པའི་ཐབས་བྱ་བ་སྟེ༔ ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་དང་༔ གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྡོམ་འགྱོད་ཚངས་འབད་པ་རྔོ་ཐོགས་པ་དགོས་ཤིང་༔ དེའི་ཕན་ཡོན་ནི་ལུང་རྣམ་འབྱེད་ལས༔ བདག་གིས་སྡིག་པའི་ལས་བྱས་པ༔ དགེ་བ་ཡོད་ནི་མཐར་བྱེད་དེ༔ ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན༔ འཇིག་རྟེན་འདིར་ནི་དེར་སྣང་འགྱུར༔ ཞེས་དང་༔ བཤེས་སྤྲིངས་ལས༔ གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས༔ ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ༔ ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ༔ དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན༔ ཞེས་སོ༔ དགེ་བ་ལ་རྗེས་སུ་ཡི་རང་བ་ལྷག་པའི་བསམ་པ་སྟེ༔ ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་བ་ནི༔ འཕགས་པ་དང་སོ་སོའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བ་ལ་ཡིད་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བས་དགེ་རྩ་

p. 238

མཉམ་ཉིད་དུ་ཐོབ་ཏེ༔ སྡུད་པ་ལས༔ སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་༔ རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན༔ ཞེས་སོ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི༔ དངོས་སུ་ཡང་བཤེས་གཉེན་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་༔ ཡིད་ཀྱི་དམིགས་པས་ཀྱང་རུང་སྟེ༔ གཏི་མུག་གིི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་གསོལ་བ་བཏབ་པས་ཕན་ཡོན་ཚད་མེད་ཅིང་༔ ཆོས་སྤངས་པའི་སྒྲིབ་པ་འདག་ཅིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་རོ༔ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་སྟེ༔ བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་སེམས་ཅན་གྱི་དོན་མཛད་ཟིན་པ་མྱ་ངན་ལས་འདའ་བར་བཞེད་པ་སྲིད་མཐའི་བར་དུ་བཞུགས་སུ་གསོལ་བ་བཏབ་ལ༔ དེའི་ཕན་ཡོན་ནི༔ གཞན་གྱི་སྲོག་ལ་འཚེ་བའི་རྣམ་སྨིན་བྱང་ཞིང་རང་ཉིད་ཚེ་རིང་བ་དང་༔ དུས་མ་ཡིན་པར་འཆི་བར་མི་

p. 239

འགྱུར་བའོ༔ བསྔོ་བ་ནི་མི་འཛད་ཅིང་དགེ་བ་གོང་དུ་འཕེལ་བའི་ཐབས་ཏེ༔ ཐེ་ཚོམ་གྱི་གཉེན་པོ་ནི་བསྔོ་བ་ཡིན་ཞིང་༔ བསྔོ་བའི་རྒྱུ་བདག་གཞན་གྱིས་དུས་གསུམ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བསྔོ་བ་ནི་སངས་རྒྱས་ཀྱི་ས་ཁོ་ན༔ རྣམ་པ་ནི་དགེ་བ་དང་༔ སྦྱིན་པ་པོ་དང་ལེན་པ་པོ་གསུམ་ག་རྨི་ལམ་ལྟ་བུ་སྟེ་འཁོར་གསུམ་དུ་བདེན་ཞེན་དང་དམིགས་པ་མེད་པས་བསྔོ་བའོ༔ དེ་ཡང་བཟང་པོས་ཞུས་པའི་མདོ་ལས༔ གང་གིས་སྦྱིན་པ་གང་ལ་བཏང་༔ སྦྱིན་པ་ཅི་ལྟར་དམིགས་པ་དང་༔ སྦྱིན་པ་མཉམ་པ་དེ་ཉིད་ཀྱི༔ བཟང་པོ་ལ་ནི་ཡོངས་རྫོགས་ཤོག༔ ཅེས་པ་ལྟར་རོ༔ བསྔོ་སྨོན་གྱི་ཁྱད་པར་ནི༔ དགེ་བ་སྔོན་དུ་སོང་ནས་ཚིག་དང་སྨོན་པ་བསྡོམས་པ་བསྔོ་བ༔ རྒྱུ་དགེ་རྩ་མ་སོང་བར་སྨོན་པ་ནི་སྨོན་ལམ་མོ༔ ཕན་ཡོན་ནི༔ འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས༔ ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ༔ འདུན་པའི་རྩེ་ལ་རབ་ཏུ་གནས༔ གང་གིས་སྨོན་ལམ་ཅི་བཏབ་པ༔ དེ་ནི་དེ་བཞིན་ཉིད་དུ་འགྲུབ༔ ཅེས་སོ༔ དེ་ལྟར་ཡན་ལག་

p. 240

བདུན་པ་བྱས་པའི་ཕན་ཡོན་དཔལ་སྦས་ཀྱིས་ཞུས་པའི་མདོ་ལས༔ གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ༔ དམིགས་ནས་ཐལ་མོ་སྦྱར་བྱས་ཏེ༔ ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ༔ བསོད་ནམས་དག་ལ་ཡི་རང་ཞིང་༔ སྡིག་པ་དག་ཀྱང་འཆགས་པར་བགྱི༔ བསྐུལ་དང་གསོལ་བ་འདེབས་གྱུར་པ༔ དེ་ཡི་བསོད་ནམས་ཕུང་པོ་ནི༔ ནམ་མཁའ་གང་བ་རྟག་ཏུ་འབྱུང་༔ ཞེས་སོ༔ དེ་ལྟར་ཚོགས་པའི་ཡན་ལག་བདུན་དང་༔ སྨོན་འཇུག་སེམས་བསྐྱེད་ཀྱི་བསླབ་པ་ཚུལ་བཞིན་དུ་བྱའོ༔ ཚོགས་བསགས་ཡན་ལག་བདུན་པའི་ཁྲིད་ཀྱི་རིམ་པ་སྟེ་བཅུ་གཅིག་པའོ༔ ༈ སྒྲིབ་སྦྱང་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་རྡོར་སེམས་སྒོམ་བཟླས་ནི༔ རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམ་པའི་ལྷ་སྔགས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་དང་དུད་ཁུ་སྲོག་ཆགས་ཀྱི་རྣམ་པར་ཕྱིར་བྱུང་༔ ལུས་ཤེལ་སྒོང་དག་པ་ལྟ་བུའི་ནང་རྡོ་རྗེ་སེམས་དཔའི་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ཞིང་

p. 241

ཡི་གེ་བརྒྱ་པ་དང་ཉེ་སྙིང་རྟགས་མ་མཐོང་གི་བར་བཟླ༔ ཐུན་མཐར་རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་གོ་ཞེས་ལུང་བསྟན་ནས་རྡོ་ཚན་གྱི་སྟེང་དུ་མར་བཞག་པ་ལྟར་འོད་དུ་ཞུ་ནས་རང་དང་གཉིས་མེད་དུ་བསམ་ནས་དགེ་བ་བསྔོ༔ ཕན་ཡོན་ནི་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན༔ ཉམས་ཆག་ཐམས་ཅད་སྐོང་སྟེ་ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ༔ རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན་མི་དེ་ཚེ་འདི་ལ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས༔ སྲུང་སྐྱོབ་མཛད་ལ༔ ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་དམ་པ་ཉིད་དུ་གདོན་མི་ཟ་བར་འགྱུར་རོ༔ ཞེས་སོགས་ཕན་ཡོན་ཁུངས་ཐུབ་ཀྱི་ལུང་མང་ཡང་འདིར་དེ་ཙམ་མོ༔ དེ་ཡང་སྒྲིབ་སྦྱོང་ཐམས་ཅད་ལ་གཉེན་པོ་སྟོབས་བཞི་དགོས་ཏེ༔ སྔར་བྱས་ཀྱི་ཉམས་ཆག་དང་སྡིག་སྒྲིབ་ལ་ཁོང་དུ་དུག་

p. 242

སོང་བ་ལྟ་བུའི་འགྱོད་པ་ནི་རྣམ་པ་སུན་འབྱིན་པའི་སྟོབས༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་གཉེན་པོ་རྟེན་གྱི་སྟོབས༔ སྡིག་སྒྲིབ་སྦྱང་བའི་དམིགས་པ་དང་བཟླས་པར་བརྩོན་པ་ནི་ཀུན་ཏུ་སྤྱོད་པའི་སྟོབས༔ སྡིག་སྒྲིབ་དག་པའི་མཚན་མ་མཐོང་བ་དང་༔ ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པར་སྡོམ་པ་གཉེན་པོ་སོ་སོར་ཆུད་པའི་སྟོབས་སྡིག་སྒྲིབ་ཐམས་ཅད་ལ་གཉེན་པོ་སྟོབས་བཞི་འདི་རིགས་བགྲེས་པ་ཤེས་དགོས་སོ༔ རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་བདེན་པ་མཐོང་བར་འདོད་པས༔ ཐོག་མར་སྒྲིབ་སྦྱང་ཁོ་ན་གལ་ཆེ་ཞིང་༔ མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བཏབ་ཅིང་རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བར་མོས་ལ་ཞི་ཁྲོའི་མཚན་འབུམ་མམ་ལྟུང་བ་བཤགས་པ་ལྟ་བུར་འདོན་ཅིང་ཕྱག་འབུམ་ཕྲག་གམ༔ དེ་ལས་མང་བའམ༔ ཅི་ནས་ཀྱང་ཕྱག་འཚལ་བ་ལ་འབད་ནས་བརྩོན་པ་ཡང་དག་པར་བྱའོ༔ དོན་ཅི་ཞེ་ན་སློབ་དཔོན་ཆེན་པོ་ནས༔ སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར༔ ཞེས་སོ༔ སྒྲིབ་སྦྱང་རྡོ་རྗེ་སེམས་དཔའི་

p. 243

ཁྲིད་ཀྱི་རིམ་པ་སྟེ་བཅུ་གཉིས་པའོ༔ ༈ ད་ནི་ཚོགས་བསག་པར་བྱ་བའི་ཕྱིར་མཎྜལ་གྱི་ཁྲིད་ནི༔ སྒྲུབ་པའི་མཎྜལ་ནི་མདུན་གྱི་ནམ་མཁར་ཚོགས་ཞིང་མཆོད་ཡུལ་རྣམས་བསྐྱེད་ཅིང་སྤྲོས་པ་ལ་དགའ་ན་གཞན་ཡང་དཀོན་མཆོག་གི་རྟེན་རྣམས་བཤམས༔ མཎྜལ་གྱི་རྒྱུ་རབ་གསེར་དངུལ་ནས་བཟུང་༔ འབྲིང་འཁར་བ་དང་ཟངས་རག་དང་༔ ཐ་ན་ས་རྡོ་དང་ཤིང་ལ་སོགས་པ་རང་གི་འབྱོར་པ་དང་བསྟུན་པ༔ དེ་ལ་ཚོམ་བུའི་རྒྱུ༔ རབ་རིན་པོ་ཆེའི་རིགས་དང་སྨན་དང་འབྲུ་སྣ་སོགས༔ དངོས་པོའི་རྣམ་པ་གཙང་ཞིང་རྒྱུ་བཟང་བ༔ རྒྱ་ཆེར་བསགས་ཤིང་ཤིན་ཏུ་བཀྲེན་ཅིང་མ་འབྱོར་ན་འབྲུ་གང་རུང་ཙམ་གྱིས་ཀྱང་ཆོག༔ འབྱོར་བཞིན་དུ་མཆོད་པ་རྣམས་ཅི་བྱུང་དང་དམན་པར་བྱས་པ་ནི་དྲི་མ་གསོག་པའི་རྒྱུར་འགྲོ་སྟེ༔ མཆོད་ཡུལ་བརྙས་པ་དང་གལ་ཆུང་བྱས་པ་ན༔ འདི་ཙམ་དུ་མ་ཟད་མཆོད་པ་གང་ལའང་དེ་ལྟར་དུ་ཤེས་དགོས་སོ༔ གྲངས་ལེགས་པ་མང་དུ་འབུལ་ཏེ་མཎྜལ་གྱི་མཆོད་རོ་དང་༔ གཞན་ཡང་དཀོན་མཆོག་ལ་བསྔོས་པའི་མཆོད་

p. 244

པ་མཐའ་དག་ས་གཙང་དུ་དོར་བ་མ་གཏོགས་དཀོན་མཆོག་གི་དཀོར་དུ་འགྲོ་བར་བཤད་པས་མི་འབགས་པར་བྱའོ༔ དེ་ནས་གུར་གུམ་སོགས་དྲི་བཟང་པོའི་ཆུས་མཎྜལ་ལ་བྱུགས་ཤིང་རླན་དང་མ་བྲལ་བར་བྱའོ༔ མཎྜལ་དེ་ཉིད་རི་རབ་གླིང་བཞི་ལྷ་མིའི་དཔལ་འབྱོར་དང་བཅས་པར་དམིགས་ཤིང་རང་གིས་ཡོངས་སུ་མ་བཟུང་བའི་སྟོང་གསུམ་གྱི་སྟོང་ཆེན་པོའི་ལྷ་དང་མིའི་བདེ་འབྱོར་ཕུན་སུམ་ཚོགས་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་སྣོད་བཅུད༔ འཇིག་རྟེན་གྱི་ནམ་མཁའི་མཐའ་ཁྱབ་པར་འབུལ་བ་ནི་ཕྱིའི་མཎྜལ༔ རང་གི་ཡུལ་འཁོར་ནོར་རྫས་བུ་དང་ཆུང་མ་གཅེས་ཤིང་ཕངས་པའི་རྣམ་པ་དེ་དག་འབུལ་བ་ནི་ནང་གི་མཎྜལ་བདག་ཏུ་བཟུང་བའི་རང་གི་པགས་པ་གསེར་གྱི་ས་གཞིར༔ ཁྲག་དྲི་བཟང་གི་བྱུག་པ༔ སྒལ་ཚིགས་རི་རབ༔ ཡན་ལག་གླིང་བཞི༔ སྲོག་རྩ་དཔག་བསམ་གྱི་ཤིང་༔ སྙིང་ཡིད་བཞིན་ནོར་བུ༔ རོ་རྐྱང་ཉི་ཟླ༔ བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་ཏེ༔ རང་ལུས་སྣོད་བཅུད་རིན་པོ་ཆེའི་མཎྜལ་དུ་དམིགས་ཏེ་འབུལ་བ་ནི་གསང་

p. 245

བའི་མཎྜལ༔ ཕྱི་ནང་གསང་བའི་མཎྜལ་དེ་དག་ནི་མཆོད་པའི་མཎྜལ་ལོ༔ དེ་ལྟར་མཎྜལ་ཕུལ་བས་རྟགས་མ་བྱུང་གི་བར་དུ་གྲངས་འབུམ་ཕྲག་གམ༔ ཐ་ནའང་ཁྲི་ཕྲག་ངེས་པར་དགོས་སོ༔ དེ་ལྟར་མཎྜལ་ཕུལ་བའི་ཕན་ཡོན༔ དངོས་པོ་ཆུང་ཡང་དམིགས་པའི་ཐབས་ཀྱིས་རྒྱ་ཆེན་འཕེལ་བའི་ཕྱིར་ཚོགས་ཞིང་གི་སྤྱན་སྔར་མཎྜལ་ཚར་གཅིག་ཕུལ་ནའང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཚང་བའི་ཕན་ཡོན་ཡོད་པ་སྟེ༔ མཎྜལ་གྱི་མཛོད་ལས༔ བ་ལྕི་ཆུ་བཅས་སྦྱིན་པ་སྟེ༔ ཕྱི་དར་བྱས་པ་ཚུལ་ཁྲིམས་ཡིན༔ སྲོག་ཆགས་བསལ་བ་བཟོད་པ་སྟེ༔ བརྩོན་འགྲུས་བྱ་བ་བྱེད་པ་བརྩོན༔ བསམ་གཏན་དེ་བསམ་སྐད་ཅིག་མ༔ རི་མོ་ལེགས་འབར་ཤེས་རབ་བོ༔ ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི༔ ཐུབ་པས་མཎྜལ་ལེགས་བྱས་པའོ༔ འདིར་ནི་ལུས་ཀྱི་ལས་བྱས་པ༔ ཁ་དོག་གསེར་ལྟར་འགྱུར་བ་དང་༔ ནད་རྣམས་ཀུན་ལས་རྣམ་པར་གྲོལ༔ ལྷ་དང་མི་ལས་ཆེས་ལྷག་ཅིང་༔ ཟླ་བ་ལྟ་བུར་གཟི་བྱིན་ལྡན༔ ནོར་དང་གསེར་གྱི་ཕུན་སུམ་ཚོགས༔ རྒྱལ་པོའི་རིགས་

p. 246

དང་རྒྱས་པ་དང་༔ མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད༔ ཅེས་དང་ཟ་མ་ཏོག་འདྲ་བའི་གཏམ་ལས་ཀྱང་དེ་དང་འདྲ་བར༔ བདེ་གཤེགས་མཎྜལ་བྱེད་དེ་དག༔ ཕ་རོལ་ཕྱིན་དྲུག་ཐོབ་འགྱུར་ཏེ༔ ཆུ་དང་ས་བསྲེས་སྦྱིན་པ་སྟེ༔ གྲོག་མེ་སེལ་སོགས་ཚུལ་ཁྲིམས་ཏེ༔ བསྲེས་ནས་རྙེད་པ་བཟོད་པ་ཡིན༔ འབད་པར་བྱེད་པ་བརྩོན་འགྲུས་ཡིན༔ སྐད་ཅིག་དེ་ལ་རྩེ་གཅིག་པ༔ སེམས་འཛིན་བྱེད་པ་བསམ་གཏན་ཡིན༔ ལེགས་པར་གཟོབ་པ་ཤེས་རབ་བོ༔ ཞེས་གསུངས་པ་དང་འདི་ནས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་མཎྜལ་གྱིས་ཅི་ཙམ་ནོན་ཚོད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་མཎྜལ་འབུལ་བ་པོ་དེ་སྐྱེ་བར་བཤད༔ མདོར་ན་མཎྜལ་ཕུལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པས༔ ཚོགས་གཉིས་ཀྱི་འབྲས་བུ་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པའོ༔ ཁྱད་པར་དུ་རྫོགས་པ་ཆེན་པོའི་དབང་ཁྲིད་ཀྱི་དུས་སུ་མ

p. 247

ཎྜལ་ཕུལ་བ་དང་ཚོགས་འཁོར་ལ་སོགས་པ་བྱས་པའི་ཕན་ཡོན་རྒྱ་ཆེར་བཤད་དོ་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ཀྱི་རིམ་པ་སྟེ་བཅུ་གསུམ་པའོ༔ ༈ བླ་མའི་རྣལ་འབྱོར་ནི༔ ཇི་སྐད་དུ༔ བླ་མ་སངས་རྒྱས་བླ་མ་ཆོས༔ དེ་བཞིན་བླ་མ་དགེ་འདུན་ཏེ༔ ཀུན་གྱི་བྱེད་པོ་བླ་མ་ཡིན༔ ཞེས་པ་སྟེ༔ སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱི་གཙོ་བོ་བླ་མའི་དམ་ཚིག་ཏེ་བླ་མ་སངས་རྒྱས་དངོས་དང་༔ སངས་རྒྱས་ལས་ཀྱང་ལྷག་པར་ལྟ་བ་དང་༔ མཆོད་ཅིང་བཀུར་སྟི་དང་གསོལ་བ་འདེབས་པ་ལ༔ དུས་དང་རྣམ་པ་ཐམས་ཅད་དུ་འབད་པ་གལ་ཆེ་ཞིང་༔ དེ་ཡང་རང་ལུས་ཡི་དམ་དུ་གསལ་བའི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྩ་གསུམ་དཀོན་མཆོག་གི་ཚོགས་ཁྲོམ་ཚོགས་སུ་བསྐྱེད་པ་ནི་ཕྱི་སྒྲུབ་དང་སྤྱི་བོར་ཐོ་བརྩེགས་སུ་སྒོམ་པ་ནི་ནང་སྒྲུབ་དང་༔ བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ནོར་བུའི་ལུགས་སུ་སྒོམ་པ་ནི་གསང་སྒྲུབ་བོ༔ གང་ལྟར་ཡང་ཡིད་ཆེས་ཀྱི་དད་པས་བློ་བཀལ་ཏེ༔ མོས་གུས་གྱི་གདུང་ཤུགས་ཕྱུང་

p. 248

ངག་སྨྲེ་སྔགས་ཀྱི་འབོད་པས་གསོལ་བ་ཕུར་ཚུགས་སུ་གདབ་སྟེ༔ གསོལ་བ་འདེབས་ཞེས་པ་ནི་བཀྲེན་ཞིང་དབུལ་ཉོན་པའི་མིས་འབྱོར་ཞིང་ལོངས་སྤྱོད་ལྡན་པ་ལ༔ བདག་ལ་ཟས་སྐོམ་བྱིན་ཞེས་ཞུ་བ་ལྟ་བུ་ཡིན་ཅིང་༔ འདིར་ནི་བླ་མ་དཀོན་མཆོག་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་ཆོས་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པར་གསོལ་བ་འདེབས་པ་དང་༔ གསོལ་འདེབས་ཐང་ལྷོད་མེད་པར་ནན་ཏན་བསྐྱེད་དགོས་ཏེ༔ རྫོགས་པ་ཆེན་པོ་ཀ་དག་གི་ཡེ་ཤེས་ནི༔ བླ་མ་ཐབས་མཁས་པའམ༔ གདམས་ངག་ཡི་གེ་ཟབ་པའམ༔ སློབ་མ་ཤེས་རབ་ཆེ་བས་རྟོགས་དཀའ་སྟེ༔ ཐོག་མའི་མགོན་པོ་ནས་རིམ་པར་གཅིག་གིས་ག ཅིག་ལ་བྱིན་གྱིས་བརླབས་པའི་ཐུགས་རྒྱུད་ཀྱི་བྱིན་རླབས་སློབ་མའི་སེམས་ལ་འཕོ་དགོས་པ་ཡིན་པས་སྙོམ་ལས་དེས་ཆོག་མེད་པར་འབུངས་ཤིག་ཅེས་གདམས་སོ༔ དེ་ནས་ཐུན་མཐར་དབང་བཞི་ལེན་པའི་དམིགས་པ་དང་༔ འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ༔ བླ་མ་འོད་དུ་ཞུནས་རང་ལ་ཐིམ་པས༔ བླ་མའི་སྐུ་གསུང་ཐུགས་དང་རང་

p. 249

གི་ལུས་ངག་ཡིད་གསུམ་ཆུ་དང་འོ་མ་འདྲེས་པ་ལྟར་བསམ་ལ༔ དམིགས་བསམ་འཕྲོ་འདུ་དང་བྲལ་བའི་གཏིང་གསལ་ཡེ་ཤེས་ཆེན་པོའི་རོལ་པ་ལ་ཅི་གནས་སུ་མཉམ་པར་འཇོག༔ དེ་ལས་ལྡང་ནས་དགེ་རྩ་བྱང་ཆུབ་ཏུ་བསྔོའོ༔ བླ་མ་མཆོད་ཅིང་བཀུར་བའི་ཕན་ཡོན་མདོ་རྒྱུད་མན་ངག་རྣམས་ལས་གསུངས་པ་ལྟར་བསམ་བརྗོད་ལས་འདས་ཤིང་༔ མདོར་ན་བྱིན་རླབས་ཉམས་རྟོགས་ཡོན་ཏན་མ་ལུས་འབྱུང་བའི་གནས་བླ་མར་མོས་གུས་དང་དེའི་གསོལ་འདེབས་ལ་རག་ལས་པའི་ཕྱིར༔ བརྩོན་འགྲུས་ཆེན་པོས་རྟག་ཏུ་འབད་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ མདོ་ཙམ་དུ་བརྗོད་ན༔ དཔལ་ལྡན་སྡོམ་པ་འབྱུང་བའི་རྒྱུད་ལས༔ མཆོད་པ་ཐམས་ཅད་ཡོངས་སྤངས་ལ༔ བླ་མ་མཆོད་པ་ཡང་དག་རྩོམ༔ དེ་མཉེས་ལས་ནི་ཀུན་མཁྱེན་པའི༔ ཡེ་ཤེས་མཆོག་སྟེ་ཐོབ་པར་འགྱུར༔ ཞེས་དང་༔ ཁ་སྦྱོར་ཐིག་ལེའི་རྒྱུད་ལས༔ སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད༔ གདུགས་དང་རྒྱལ་མཚན་ལ་སོགས་པས༔ ཁྱད་པར་མཆོད་

p. 250

བཀུར་བྱས་པ་བས༔ བླ་མའི་བ་སྤུ་ཁུང་གཅིག་ལ༔ མཆོད་པ་བྱས་པའི་བསོད་ནམས་ཆེ༔ ཞེས་སོ༔ དེ་ཡང་དད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱིས་མཉེས་པར་བྱས་པའི་ཕན་ཡོན་ནི༔ འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས༔ ཡོན་ཏན་ནང་ནས་དད་པ་མཆོག༔ སྟོང་གསུམ་གང་བའི་སངས་རྒྱས་ལ༔ མཆོད་པས་སྟོང་གསུམ་གང་མཆོད་པ༔ འདི་ཡི་མཆོད་པ་ཆར་མི་ཕོད༔ ཅེས་དང་དེ་ཉིད་ལས༔ བསྐྱེད་རིམ་བསྐལ་པ་གསུམ་བསྒོམས་པས༔ བླ་མ་མཉེས་པའི་བསོད་ནམས་ནི༔ དཔག་གིས་ལང་པ་མ་ཡིན་ནོ༔ ཞེས་དང་ཤེས་རབ་མཆོག་གི་བླ་མ་ལ༔ རང་གིས་མཉེས་པར་བྱས་པ་ནི༔ སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོ་ཡང་༔ སུས་ཀྱང་བཀླགས་ཤིང་བརྗོད་པ་ལས༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ ཞེས་གསུངས་སོ༔ བླ་མ་བསྟེན་པའི་དགོས་པ་ཡང་༔ མདོ་སྡུད་པ་ལས༔ བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ༔ ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་༔ ཞེས་སོ༔ བླ་མ་སངས་རྒྱས་

p. 251

ཡིན་པ་ནི༔ བཅོམ་ལྡན་འདས་ཀྱི་ཞལ་ནས༔ ཕྱི་མའི་དུས་སུང་དགེ་བའི་བཤེས་གཉེན་རྣམས་སུསྤྲུལ་ནས༔ ཁྱེད་ལ་སོགས་པའི་དོན་བྱེད་པར་འགྱུར་རོ༔ ཞེས་སོ༔ དེ་དག་རྣམ་པར་རགས་བསྡུས་ཙམ་ཡིན་པས༔ རྒྱས་པར་བསྟན་ལ་ཞུགས་སོ་ཅོག་གིས་བླ་མ་དང་མཁན་པོ་བཀུར་གནས་མཚུངས་མེད་དུ་བྱེད་པར་འོས་པ་ཐམས་ཅད་མཚུངས་པར་སྤྱོད་པས་ན་བསྙེན་བཀུར་ལ་འབད་དགོས་སོ༔ བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་རིམ་པ་སྟེ་བཅུ་བཞི་པའོ༔ ༈ དེ་ལྟར་རྡོར་སེམས་སྙིང་ཐིག་གི་མན་ངག་འཆད་པའི་ལུས་ཀྱི་རྣམ་བཞག་གི་ཐོག་མར་བླ་མའི་མཚན་ཉིད་ནས་བཟུང་དབང་བ སྐུར་ཐོབ་པའི་ཕན་ཡོན་དང་མ་ཐོབ་པའི་ཉེས་དམིགས་བརྗོད་པ་བཅས༔ ཆོས་དང་གང་ཟག་གི་རྣམ་པར་བཞག་པ་ཆེ་ལོང་ཙམ་བཤད་པ་དང་༔ ཆོས་ཉན་པའི་ཀུན་སྤྱོད་ནས་བཟུང་༔ དད་པའི་ཡོན་ཏན་དང་དད་པ་མེད་པའི་སྐྱོན་བརྗོད་པ་དང་བཅས༔ དལ་འབྱོར་རྙེད་དཀའ༔ འཆི་བ་མི་རྟག་འཁོར་བའི་སྡུག་བསྔལ༔ དགེ་སྡིག་རྒྱུ་

p. 252

འབྲས་ཀྱི་རྣམ་པར་བཞག་པ་རྣམས་ཕྱིའི་སྔོན་འགྲོ་དང་༔ ཐེག་དགུའི་རྩ་ཐོ་ལུང་དྲངས་པ་ནས་བཟུང་༔ བླ་མའི་རྣལ་འབྱོར་མཐར་ཕྱིན་གྱི་བར་ནང་གི་སྔོན་འགྲོ་ཡིན་ཅིང་༔ ཆོས་འདི་པའི་ཐོག་མར་ཞུགས་པ་ནས་བཟུང་མཐར་ཕྱིན་སངས་རྒྱས་ཀྱི་དགོངས་པ་མངོན་དུ་མ་གྱུར་གྱི་བར་དུ་དངོས་གཞི་ལྟ་སྒོམ་སྤྱོད་པ་ཉམས་སུ་ལེན་ཅིང་རྩལ་སྦྱོང་བའི་ཚེ་ནའང་བཏང་སྙོམས་སུ་མ་སོང་ཞིང་སྔོན་འགྲོ་འདི་རྣམས་ལམ་སྟེགས་ཀྱི་ཚུལ་དུ་མ་བྲལ་བ་ཞིག་དགོས་སོ༔ དེ་ཡང་དམིགས་རྐང་རེ་རེ་ནའང་སྦྱོར་དངོས་རྫེས་གསུམ་ཚང་དགོས་ཤིང་༔ དཔེར་ན་སྐྱབས་འགྲོ་ལྟ་བུ་ཞིག་ཡིན་ནའང་ངེས་འབྱུང་སྐྱོ་ཤས་བྱང་ཆུབ་སེམས་གསུམ་གྱི་སྦྱོར་བ་དང་༔ དངོས་གཞིའི་སྐྱབས་འགྲོའི་ཆོ་ག་ཡན་ལག་ཚང་བར་ཉམས་སུ་བླངས་ནས་དེ་ཕྱིན་གྱི་དམིགས་རྐང་རྣམས་ལ་ཡང་རིགས་འགྲེས་ཏེ་ཤེས་པར་བྱའོ༔ ཕྱི་ནང་གི་སྔོན་འགྲོའི་རྩ་ཐོ་དང་སྦྱོར་དངོས་རྗེས་གསུམ་ཚང་བ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་མདོར་བསྟན་པ་ཁྲིད་ཀྱི་རིམ་པ་སྟེ་བཅོ་ལྔ་པའོ༔ ༈ ད་ནི་ཁྱད་པར་དུ་རྫོགས་ཆེན་གྱི་

p. 253

སྔོན་དུ་འགྲོ་བའི་རིམ་པ་རྣམས་བཤད་པར༔ འདས་རྗེས་ལས༔ ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚོགས་བྱེད༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་བྱེད༔ ཅེས་གསུངས་པས༔ གཞན་གྱིས་མི་མཐོང་ཞིང་དབེན་པའི་གནས་སམ༔ དུར་ཁྲོད་དང་གཉན་ས་ལྟ་བུ་ཞིག་དགོས་ཤིང་༔ ཡུལ་དེའི་གནས་པོ་ལ་དཀར་གཏོར་སྦྱིན་ཅིང་བཀའ་བསྒོ༔ ད་ནི་འཁོར་འདས་རུ་ཤན་དབྱེ་སྟེ་སེམས་ཅན་གྱི་དོན་བྱ་སྙམ་པའི་རང་ལུས་རྡོ་རྗེ་རྩེ་ལྔ་མེ་འབར་ཞིང་ཚྭ་ཚྭ་འཕྲོ་བ༔ དེའི་སྟེང་དུབླ་མ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་གསལ་ཞིང་གསོལ་བ་གདབ་པ་དང་༔ འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ༔ མ་བཅོས་པར་བཞག༔ དེས་ནི་བར་ཆད་སེལ་ཞིང་བྱིན་རླབས་འཇུག༔ དེས་ན་འགྲོ་བ་རིགས་དྲུག་གི་སྤྱོད་པ་ཡིད་ལ་དྲན་ཚད་བྱ་སྟེ༔ ལུས་ཀྱིས་དེ་དག་སྤྱོད་པ་དང་ངག་གིས་དེ་དག་གི་སྒྲ་དང་༔ ཡིད་ཀྱིས་དེ་དག་གི་སྡུག་བ སྔལ་ཚོར་བ་མྱོང་བར་བསམ༔ དེ་བཞིན་དུ་རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་དང་༔ འབྱུང་བཞིའི་སྒྲ་

p. 254

དང་༔ འགྲོ་བ་རིགས་དྲུག་གིས་ཐོས་པར་བསམ་ལ་ཆོས་བཤད་མང་དུ་བྱ༔ འདི་དག་ལ་ངལ་དུབ་པར་སྦྱངས་ཤིང་༔ མཚན་མོ་ལུས་མི་གཡོ་ངག་མི་སྨྲ་སེམས་མི་རྟོག་པར་རང་བབས་སུ་རྣལ་དུ་དབབ་པར་བྱའོ༔ དགོས་པ་ནི༔ སྒོ་གསུམ་གྱི་མངོན་ཞེན་གྱི་རྟོག་པ་ཐམས་ཅད་ལྡོག་པ་དང་༔ རིགས་དྲུག་ཐམས་ཅད་འཁྲུལ་བའི་བློས་བཟུང་དུ་གོ་སྟེ་སྡིག་སྒྲིབ་རྣམས་འདག༔ མཐར་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་འཚང་རྒྱ་བའི་དགོས་པ་ཡོད་དོ༔ སྡིག་སྒྲིབ་སྦྱང་བ་ནི༔ སྦྱང་གཞིའི་ལུས་འདི་མི་གཙང་བའི་སྣོད་དང་འདྲ༔ རང་གི་སྤྱི་བོར་ཨ་དཀར་ནག་ལྷའི་བག་ཆགས་དང་ང་རྒྱལ༔ མགྲིན་པར་སུ་སེར་ནག་ལྷ་མ་ཡིན་གྱི་ཕྲག་དོག༔ སྙིང་ཁར་ནྲི་སྔོ་ནག་ལ་མིའི་འདོད་ཆགས༔ ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་གཏི་མུག༔ གསང་བར་པྲེ་ལྗང་ནག་ལ་ཡི་དྭགས་ཀྱི་སེར་སྣ༔ རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་ཞེ་སྡང་སྟེ༔ མདོར་ན་མིའི་ལུས་འདི་རིགས་དྲུག་གི་ས་བོན་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ༔ ཐལ་འགྱུར་ལས༔ ལུས་ནི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་

p. 255

དྲུག་ས་བོན་ཉིད་དུ་གནས༔ ཞེས་པ་ཡིག་འབྲུ་དེ་དག་རྣམས་རྩ་འཁོར་རྣམས་ལ་གསལ་གདབ་པ་སྦྱང་གཞི་ཡིན་ཅིང་༔ སླར་རྒྱལ་བ་ཐམས་ཅད་ཀྱི་སྤྱི་བོར་སྐུའི་བྱིན་རླབས་འདུས་པའི་ཡི་གེ་ༀ་དཀར་པོ༔ མགྲིན་པར་གསུང་གི་བྱིན་རླབས་འདུས་པའི་ཨཱཿདམར་པོ༔ སྙིང་གར་ཐུགས་ཀྱི་བྱིན་རླབས་འདུས་པའི་ཧཱུྃ་མཐིང་ནག་གསུམ་སྒོམ་པ་ནི་སྦྱོང་བྱེད་དོ༔ ཐལ་འགྱུར་ལས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ ཡེ་ཤེས་ཡི་གེ་འབྲུ་གསུམ་ཤར༔ ཞེས་པས་འབྲུ་གསུམ་ལས་མེ་འབར་ནས་རིགས་དྲུག་གི་ས་བོན་མེས་བསྲེགས་ནས་རྗེས་མེད་དུ་སོང་བར་བསམ༔ ལུས་ཤེལ་སྒོང་ལྟར་བསམ༔ ༀ་ཨཱཿཧཱུྃ༔ རྒྱལ་བའི་ཡང་སྙིང་འབུམ་ཕྲག་བདུན་བཟླ་བར་བཤད་དོ༔ དགོས་པ་ནི༔ སྒོ་གསུམ་སྡིག་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པ་དང་༔ བར་ཆད་ཐམས་ཅད་ཞི་བར་འགྱུར་རོ༔ ཁྱད་པར་དུ་ཞེན་པ་ལྡོག༔ ཕྱིས་འཁོར་བར་མི་འཇུག༔ མཐར་སྐུ་གསུམ་གྱི་གོ་འཕང་ཐོབ་པར་འགྱུར་རོ༔ ལུས་ཀྱི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔

p. 256

རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས༔ ལུས་སྦྱང་སེམས་ལ་ཕན་པའོ༔ རྐང་པའི་མཐིལ་གཉིས་སྤྲད༔ ལག་པ་སྤྱི་བོར་མ་རེག་ཙམ་ཐལ་མོ་སྦྱར་ནས་རྡོ་རྗེ་རྩེ་ལྔ་པ་མེ་ཆེན་པོ་འབར་བ་གཅིག་ཏུ་བསྒོམ༔ ལུས་ཁང་རུལ་ཞིག་པའི་རྣམ་པ་དང་༔ ཁོལ་བུར་ན་བ་དྲོད་སྐྱེ་བ་སེམས་མི་རྟོག་པར་གནས་པ་ནི་ཚད་དོ༔ དགོས་པ་ནི་ཐུན་མོང་དུ་སྡིག་སྒྲིབ་འདག༔ བར་ཆད་ཞི༔ ལུས་ཀྱི་མངོན་ཞེན་ལྡོག༔ ཁྱད་པར་དུ་འཁོར་བར་མི་ལྡོག་ཅིང་སྤྲུལ་སྐུར་གྲོལ་ཏེ༔ སྐུ་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ༔ ལུས་ཀྱི་སྔོན་འགྲོའི་ཁྲིད་ཀྱི་རིིམ་པ་སྟེ་བཅུ་དྲུག་པའོ༔ ༈ ངག་གི་སྔོན་འགྲོ་ནི༔ ཐལ་འགྱུར་ལས༔ ངག་ནི་ཧཱུྃ་ཞེས་གནས་པ་ལས༔ རྒྱས་གདབ་པ་དང་རྩལ་སྦྱང་བ༔ གཉེན་བཙལ་ལམ་དུ་ཞུགས་པ་ཡིན༔ ངག་སྦྱང་སེམས་ལ་ཕན་པའོ༔ དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི༔ རླུང་དང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བསྲེས་ལ་ཁ་ནས་ཧཱུྃ་རིང་རིང་ཐོན་ཏེ་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་མེ་རེ་རེ་གང་བར་བསམ་པ༔ ཧཱུྃ་སྒྲ་སྙན་ལ་རིང་བར་དབྱངས༔ ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་དུ་རོང་

p. 257

རོང་སོང་བ་ནི་ཚད་དོ༔ ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ རང་གིས་ཧཱུྃ་དབྱངས་པས་ཕྱིའི་ཧཱུྃ་དེ་དག་ཁ་སྣའི་སྒོ་ལ་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གང་བར་བསྒོམ༔ ལུས་མི་བདེ་སྙམ་པ་དང་ཧཱུྃ་གིས་ཁོག་པ་གང་སྙམ་པ་ནི་ཚད་དོ༔ དགོས་པ་ནི་ཕྱི་ནང་གི་སྣང་བ་ཐམས་ཅད་རང་བཞིན་མེད་པར་འགྱུར་བའོ༔ རྩལ་སྦྱང་བ་ནི༔ ཧཱུྃ་མཐིང་ནག་མེ་ཡི་ཚྭ་ཚྭ་ཁོལ་བ་ཞིག་ཕྱི་རོལ་གྱི་གཟུགས་ཆེ་ཆུང་ཐམས་ཅད་ཕར་ཐལ་ཚུར་ཐལ་དུ་ཕུག་སྟེ་སྒོ་ཆེན་སྐར་ཁུང་ཕོར་བའི་ཁ་ཙམ༔ ཡུང་འབྲུ་དང་ཁབ་མིག་ཙམ་དུ་ཕུག་སྟེ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་གཞི་མེད་རྩ་བྲལ་ལྟ་བུར་བཏང་བར་བསམ༔ ཧཱུྃ་དབྱངས་དྲག་དང་ངར་བར་བཟླ༔ གཟུགས་སྣང་གི་དངོས་པོ་ཐམས་ཅད་སེང་སེང་ཁྲལ་ཁྲོལ་སོང་སྙམ་པ་ནི་ཚད་དོ༔ ནང་ཕུང་པོ་ལ་རྩལ་སྦྱང་བ་ནི༔ སྔར་གྱི་ཧཱུྃ་དེས་རང་གི་ལུས་ཐམས་ཅད་ཡར་ཐལ་མར་ཐལ་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ལུས་རྟ་རྔའི་ཉ་ཚགས་ལྟ་བུར་བར་མཚམས་མེད་པར་ཕུག་པར་བསམ་མོ༔ ལུས་མེད་པར་

p. 258

བྱས་སྙམ་པའི་སྣང་བརྙན་ཆུ་ཟླའི་ཉམས་སྐྱེ་བ་ནི་འབྱོངས་པའི་ཚད་དོ༔ དགོས་པ་ནི༔ ཕྱི་ནང་གདོས་བཅས་ཀྱི་ཚོགས་ཐམས་ཅད་འོད་ལུས་སུ་གྲོལ་བ་ཡོད་དོ༔ གཉེན་བཙལ་བ་ནི༔ རང་གི་མདུན་དུ་ཤིང་རིང་བཙུགས་པའམ༔ ཤིང་རིང་སྐྱེས་པའི་དྲུང་དུ་ཕྱིན་ཏེ་རང་གིས་ཧཱུྃ་བཟླས་པ་ལྟར་ཧཱུྃ་ལས་ཧཱུྃ་འཕྲོ་བ་ཁ་ནང་ནས་སྔོ་ཕྱུར་གྱིས་སོང་རང་སྒྲ་དང་བཅས་པར་བར་མ་ཆད་པར་དམིགས་རྟེན་གྱི་ཤིང་ལ་སྦྲུལ་ལྟར་འཁྲིལ་ནས་རྩེ་མོར་སླེབས་པ་དང་༔ དེ་ལ་སེམས་འཛིན་ཅིང་ཧཱུྃ་རིང་བརྗོད༔ ཡང་རིམ་གྱིས་འགྲོལ་ནས་རྩ་བར་སླེབས་པ་ལ་སེམས་འཛིན་ནས་ཧཱུྃ་རིང་བརྗོད༔ ཤེས་པ་གར་སར་ལྷན་ནེར་སྡོད་པ་ནི་ཚད་དོ༔ དགོས་པ་ནི་དམིགས་པ་གར་གཏད་དུ་བསྒྱུར་ཐུབ་པ་ཡོད་དོ༔ ལམ་དུ་ཞུགས་པ་ནི༔ མདུན་དུ་ཧཱུྃ་གྲུ་གང་ཙམ་ཞིག་སྒོ་སྐས་རྡོ་སྐས་ལ་མི་འགྲོ་བ་ལྟར་ལ་ལུང་མང་པོ་བརྒལ༔ འགྲོ་ཚུལ་ཡང་འཁྱོག་པོ་དང་༔ དྲང་མོ་དང་༔ གོར་མོ་དང་༔ གྲུ་བཞི་ཟླ་གམ་དང་༔ མཆོང་སྟབས་ལྟ་བུས་ཡང་སོང་བར་བསམ༔ མཚམས་མཚམས་སུ་ཧཱུྃ་འདུག་པར་བསམ་ཞིང་

p. 259

དེ་ལ་སེམས་འཛིན༔ མཐར་མི་མངོན་པ་ལྟ་བུ་ཕྱིན་པར་བསམ་ཞིང་མེད་སྣང་སྟོང་པར་སེམས་འཛིན་ཚུར་ལྡོག་སྟེ་ཧཱུྃ་འབྱུང་བ་ལ་སེམས་འཛིན་ཅིང་ཧཱུྃ་བཟླ༔ དགའ་བ་དང་སྐྱོ་བ་སོགས་སྐྱེ་བ་ནི་འབྱོངས་པའི་ཚད་དོ༔ དེ་ནི་སྒོ་གསུམ་ཡང་དག་པའི་ལམ་ལ་ཚུད་པའི་དགོས་པ་ཡོད་དོ༔ ཐུན་མོང་དུ་ངག་གི་སྡིག་པ་འདག༔ ཡོད་ཏན་ཐོབ་ངག་གི་མངོན་ཞེན་ལྡོག༔ ཕྱིས་ངག་འཁོར་བར་མི་འཇུག་ལོངས་སྐུར་གྲོལ་ཏེ་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའོ༔ ངག་གི་སྔོན་འགྲོའི་རིམ་པ་སྟེ་ལེའུ་བཅུ་བདུན་པ འོ༔ སེམས་ཀྱི་སྔོན་འགྲོ་རྩད་གཅད་པ་ནི༔ ལུས་ངག་ཡིད་གསུམ་གང་གཙོར་བརྟག་པ་སྟེ༔ རང་གི་ལུས་ངག་ཡིད་གསུམ་གྱི་བདེ་སྡུག་གི་ཚོར་བ་བཟང་ངན་གྱི་སྤང་བླང་བྱེད་པ་པོ་གང་གཙོ༔ ཚེ་སྔ་ཕྱིར་འཕོས་ཤིང་བརྒྱུད་པ་པོ་གང་ཡིན༔ གཙོ་བོ་གང་ན་འདུག་སྙམ་ནས་བརྟགས་པས༔ སེམས་གཙོ་ཆེ་བ་ཤེས་ན་རྐུན་མ་ངོས་ཟིན་པ་ལྟ་བུ་ཡིན་ནོ༔ མཚང་བཙལ་བ་ནི༔ ལུས་ངག་ཡིད་གཅིག་གམ་ཐ་དད་དུ་བརྟགས་ཏེ༔ གཅིག་ན་ནི་ལུས་ངག་

p. 260

ལྟར་ན་སེམས་མཐོང་ཐོས་སུ་རུང་ལ༔ སེམས་ལྟར་ན་ལུས་ངག་ཀྱང་མཐོང་ཐོས་སུ་མི་རུང་ངོ་༔ ཐ་དད་ན་ལུས་རྡུལ་ཕྲན་ཆ་མེད་ངག་རྗེས་མེད་གཏད་ཡལ༔ སེམས་བྱ་ལམ་རྗེས་མེད་དུ་སོང་ཚེ་གཅིག་དང་ཐ་དད་ཇི་ལྟར་ཡོད༔ དཔྱད་ན་འབྲེལ་བ་མ་གྲུབ་པའོ༔ དེ་ལྟར་ནི་གཅིག་ཡིན་དང་༔ གཉིས་ཡིན་དང་༔ གཅིག་དང་གཉིས་ཀ་མ་ཡིན་ནོ་ཞེས་པའི་བརྗོད་བྱ་ཐམས་ཅད་དང་བྲལ་བའོ༔ དེ་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་ལྟ་བུ་ལའང་༔ གཟུགས་ལྟ་བུ་དང་སེམས་གཅིག་ཐ་དད་དུ་བརྟགས་པ་ནས༔ གཟུགས་ལྟར་ན་སེམས་ཀྱང་མཐོང་ལ༔ སེམས་ལྟར་ན་གཟུགས་ཀྱང་མི་མཐོང་བའི་སྔར་ལྟར་གཅིག་དང་ཐ་དད་དང་གཉིས་ཀ་མ་ཡིན་ཞེས་གསུམ་ཀ་འགགས་པའོ༔ དེ་བཞིན་སྒྲ་སོགས་ཕྱི་མ་རྣམས་ལ་འགྲེའོ༔ ནང་སེམས་ལ་སེམས་ཀྱིས་འཛིན་དུས་ན༔ གཟུང་ཡུལ་གྱི་སྣང་བ་དང་འཛིན་བྱེད་ཀྱི་ཤེས་པ་གཉིས་གཅིག་དང་ཐ་དད་ལ་བརྟགས་པས་ཡུལ་མེད་རྟེན་འབྲེལ་གཅིག་ཏུ་རྟོགས་ཏེ་གཟུང་འཛིན་གྱི་རྩ་བ་ཆད༔ བདག་གཞན་གྱི་སྣང་བ་ནུབ༔ དགྲ་གཉེན་གྱི་འཁྲུལ་

p. 261

འཛིན་ཞིག༔ དགག་སྒྲུབ་ཀྱི་སྤྲིན་ཚོགས་དེངས་པས་ཆོས་ཉིད་ནམ་མཁའ་ལྟ་བུའི་དགོངས་པ་ལ་ཕྱིན་པའོ༔ གནས་ལུགས་ལ་བརྟག་པ་ནི༔ ཐལ་འགྱུར་ལས༔ སེམས་ནི་དང་པོ་བྱུང་བ་དང་༔ བར་དུ་གནས་དང་ཐ་མ་འགྲོ༔ དེ་ལྟར་གསུམ་ལ་བརྟག་དཔྱད་ན༔ སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས་ཞེས་གསུངས་པས༔ དང་པོ་སེམས་ཀྱི་འབྱུང་ཁུངས་ལ་བརྟག་པ་ནི༔ སེམས་འདི་ཕྱི་སྣོད་ནང་བཅུད་སྤྱི་དང་༔ རང་གི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་གྱི་ཆ་ཤས་རེ་རེའི་སྟེང་ནས་བྱུང་ས་བཙལ་བས༔ བྱུང་ས་མི་རྙེད༔ དེ་བཞིན་དུ་གང་དུ་གནས་བརྟགས་པས་ཀྱང་གནས་ས་མི་རྙེད༔ དེ་བཞིན་དུ་གང་དུ་འགྲོ་བརྟགས་པས་ཀྱང་འགྲོ་བ་དང་འགྲོ་ཡུལ་འགྲོ་མཁན་འདི་ཞེས་ཚིག་གིས་མི་མཚོན༔ དེའི་ཕྱིར་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞེས་རླུང་ལྟར་དུ་གྲགས་པའོ༔ བྱུང་ས་དང་གནས་ས་དང་འགྲོ་ས་ཡོད་ཕྱིན་དེ་ལ་གཟུགས་ཡོད༔ གཟུགས་ཡོད་ཕྱིན་དེ་ལ་མདོག་ཡོད་མདོག་ཡོད་ཕྱིན་དེ་ལ་མཐོང་ཆོས་སུ་འགྱུར་དགོས༔ ཡང་ན་སེམས་ལས་

p. 262

སེམས་བྱུང་ན་སེམས་གཉིས་སུ་འགྱུར་མོད༔ ཅི་ཡང་མེད་པས་སེམས་ལས་སེམས་བྱུང་ངོ་སྙམ་ན༔ ད་ལྟར་གྱི་སྣང་བ་འདི་མུན་པར་སྨྲ་ན་མུན་པར་འགྲོའམ༔ དེས་ན་བློས་བཀོད་པ་ནི་སྒྲོ་བཏགས་ཡིན་པས་རང་བཞིན་མ་གྲུབ་པའོ༔ སེམས་ལ་སྐྱེ་བ་དང་སྐྱེ་མཁན་འབྱུང་ས་དང་འབྱུང་མཁན་འདི་ཞེས་མི་མཚོན་པས༔ དེ་ཡིས་ཆོས་སྐུ་བློ་བྲལ་ཆེན་པོར་ཐག་ཆོད་པའོ༔ ཕྱི་སྣོད་ནང་བཅུད་རང་ལུས་སྤྱི་དང་ཁྱད་པར་སྙིང་ལྟ་བུ་ཞིག་ལ་གནས་ན་རྩེ་མོ་དང་སྐེད་པ་དང་རྩ་བ་དང་༔ ཤུན་པ་དང་བར་དང་ནང་སོགས་གང་དུ་བརྟག་ཀྱང་འདི་ཞེས་རྙེད་པར་མི་འགྱུར་ཏེ༔ དེ་ལྟར་གནས་མི་རྙེད་པ་ནི་ལོངས་སྐུ་གཞི་བྲལ་གསལ་དག་ཆེན་པོར་ཐག་བཅད་པའོ༔ སེམས་འགྲོ་མཁན་ལ་བརྟགས་པས༔ དྲན་རྟོག་འཕྲོ་འཕྲོ་ལྟར་འདུག་ཀྱང་༔ སེམས་ཞེས་འགྲོ་མཁན་དང་འགྲོས་རྒྱག་པའི་ལམ་དང་༔ འགྲོ་བའི་ཡུལ་ཐམས་ཅད་བརྟགས་ཤིང་དཔྱད་ན་ཕུགས་རྡུགས་ཏེ༔ ཚིག་འགགས་པར་འགྱུར་ཏེ༔ རིག་སྟོང་རིག་གྲོལ་འདི་སྤྲུལ་སྐུར་ཐག་གཅད༔ དེ་ལྟར་སེམས་ཚོལ་གྱི་སྐབས་འདི་འཁོར་

p. 263

འདས་འཁྲུགས་ཤན་དབྱེ་བའི་སྐབས་ཡིན་པས་སློབ་དཔོན་ཀྱང་༔ མཚན་བརྗོད་ལས་དོན་གསུམ་ཐེ་ཚོམ་མེད་པའི་བློ༔ ཞེས་པའི་དོན་བཞིན་གསུང་རབ་ལུང་གི་སློབ་དཔོན་བཀའ་ལུང་ཚད་མའི་རྒྱབ་སྐྱོར་དང་༔ གསུང་སྒྲོས་མན་ངག་གི་སློབ་དཔོན་བླ་མ་མཁས་པའི་ཞལ་ཤེས་དང་༔ ཉམས་མྱོང་རྒྱུད་ལ་ཁེལ་བའི་སློབ་དཔོན་རང་ཉིད་ཀྱི་ཉམས་མྱོང་ཚད་མ་སྟེ༔ དེ་གསུམ་དང་ལྡན་པའི་སྒོ་ནས་དཔྱད་ཅིང་ལེགས་པར་བརྟག་པ་དང་༔ སློབ་མས་ཀྱང་དལ་ཁོམ་དང༔ རྣམ་གཡེང་དང་རེས་འཇོག་དང་ལེ་ལོས་མ་གོས་པར༔ ཉིན་མཚན་ཁོར་ཡུག་ཏུ་བརྟགས་ཤིང་དཔྱད་པས་སེམས་ཉིད་རྟག་ཆད་དང་བྲལ་བའི་དོན་མཐོང་བར་འགྱུར་རོ༔ རྗེ་བླ་མ་རྡོ་རྗེ་འཆང་ཉི་གྲགས་གཉིས་པས་རྟག་པ་མ་ཡིན་པར་དངོས་པོའི་རང་མཚན་བྲལ༔ ཆད་པ་མ་ཡིན་དྭངས་མའི་ཐིག་ལེ་ཅན༔ ཞེས་གསུངས་པ་བཞིན་ནོ༔ སེམས་ཚོལ་གྱི་སྐབས་འདི་དག་ཏུ་སྲོག་ཏིག་རབ་ཏུ་སྦས་པའི་མན་ངག་གཅེས་སོ༔ དེ་ནས་རྣལ་དུ་དབབ་པ་ནི༔ ཀློང་གསལ་ལས༔ ཀ་དག་

p. 264

དོན་གཉིས་རྟོགས་བྱའི་ཕྱིར༔ གནད་དུ་ཕབ་ནས་སོགས་ཀྱང་འཇུག༔ ཅེས་གསུངས་པས༔ ལུས་སོ་མ་འགུལ་སྐྱོད་དང་བྲལ་བ༔ ངག་སོ་མ་སྨྲ་བརྗོད་དང་བྲལ་བ༔ ཡིད་སོ་མ་མ་བཅོས་པ་དགག་སྒྲུབ་དང་བྲལ་བའོ༔ ལུས་མི་འགུལ་བས་གདོན་བགེགས་མི་འཇུག༔ དེ་ལ་བརྟེན་ནས་རྩ་མི་འགུལ༔ དེ་མ་འགུལ་བས་རླུང་མི་འགུལ༔ དེ་མ་འགུལ་བས་ཐིག་ལེ་མི་འགུལ༔ དེ་མ་འགུལ་བས་སེམས་རང་བབས་སུ་གནས་པས་བསམ་གཏན་ངང་གིས་སྐྱེ༔ དགོས་པ་ནི༔ ཐུན་མོང་དུ་རྩ་རླུང་ཁོད་སྙོམས་པས་འབྱུང་བ་མི་འཁྲུགས་ཤིང་༔ ནད་མེད་པ་དང་༔ ལུས་ངག་ཡིད་གསུམ་ལ་བདེ་བའི་ཉམས་མྱོང་སྐྱེ་ཞིང་ཏིང་ངེ་འཛིན་རང་བབས་སུ་འཆར༔ མཐར་སྒོ་གསུམ་གྱི་འཛིན་པ་རང་གྲོལ་དུ་འགྲོ༔ སེམས་ཀྱི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་སྟེ་ལེའུ་བཅོ་བརྒྱད་པའོ༔ ཐུན་མོང་མ་ཡིན་པར་ཁྱད་པར་ཅན་གྱི་སྔོན་འགྲོ་རྣམས་རྫོགས་སོ༔ ༈ ད་ནི་ཇི་ལྟར་ཉམས་སུ་ལེན་པ་དངོས་གཞི་ངོ་སྤྲོད་ཀྱི་སྐབས་སུ་བབས་པ་སྟེ༔ སྟེགས་བཟང་པོར་བླ་མ་ཡི་དམ་མཁའ་འགྲོའི་གཏོར་ཚོགས་རྒྱ་ཆེར་

p. 265

བཤམས༔ ལས་ཀྱི་གཞུང་བསྲང་༔ བཀའ་སྲུང་གཟའ་བདུད་ཤན་པ་དམར་པོ་ལ་སྒེར་དུ་མཆོད་གཏོར་འབུལ་ཞིང་ཕྲིན་ལས་བཅོལ༔ ཟབ་མོའི་ཐུགས་ཀྱི་གཏེར་ཁའི་དབང་རྣམས་གང་རུང་གི་ངོ་སྤྲོད་རིག་པའི་རྩལ་དབང་བསྐུར༔ རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་དྲག་ཏུ་བཏབ༔ སློབ་དཔོན་གྱིས་སློབ་མ་རྣམས་ལ་ཏིང་ངེ་འཛིན་གྱི་དྲོད་ཚད་གཏད༔ དེ་ནས་སློབ་མས་བླ་མ་ལ་མོས་གུས་ཀྱི་ཤུགས་ཕྱུང་ནས་ཐུགས་ཡིད་བསྲེ༔ སློབ་མ་རྣམས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས༔ ལུས་སེམས་མི་བསྒྲིམ་པར་ལྷོད་དེ་ཤིག་གེར་བཞག༔ སློབ་དཔོན་ཆེན་པོས༔ འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ སྔོ་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ འགྱུ་བ་རང་སར་བཞག་པས་ཆོས་སྐུ་གྲོལ༔ ཞེས་དང་༔ རྗེ་བླ་མ་ཉི་གྲགས་གཉིས་པ་རྡོ་རྗེ་འཆང་ཆེན་པོས༔ བཞག་པས་རང་བཞིན་གནས་པའི་ཞི་གནས་དང་༔ སླར་ཡང་རྟོག་པ་གང་རུང་འགྱུ་བ་ན༔ གནས་དང་འཕྲོ་མཁན་དེ་ཉིད་ངོ་ཤེས་

p. 266

པས༔ མ་ཡེངས་ངང་ནས་སྐྱོང་བ་ལྷག་མཐོང་སྟེ༔ ཞི་ལྷག་ཟུང་འཇུག་ཅེས་བྱ་དེ་བཞིན་དུ༔ ཞེས་དང་༔ ཡང་དེ་ཉིད་ཀྱིས༔ སྐྱོང་ཚུལ་གཞན་ཡང་བྱིང་དང་རྒོད་པ་སོགས༔ གང་བྱུང་དེ་ལ་གཅེར་གྱིས་ལྟ་བ་སོགས༔ མ་ཡེངས་ངང་དུ་སྐྱོང་བ་ཟབ་པར་མཆིས༔ དེ་ལྟར་ཡང་ཡང་གོམས་པས་རང་མདངས་ཀྱི༔ བདེ་གསལ་མི་རྟོག་ཉམས་ལ་ཞེན་མི་བྱ༔ ཚོགས་དྲུག་ཡུལ་གྱི་སྣང་ཞེན་གང་ལ་ཡང་༔ ཅེར་གྱིས་བལྟས་ནས་ཆམ་གྱིས་བཞག་པ་ཡིས༔ མེད་པ་གསལ་སྣང་ཆུ་ཡི་ཟླ་གཟུགས་བཞིན༔ གང་ཡང་མ་སྤངས་མ་བླངས་འགོག་མེད་དུ༔ སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ནི༔ རྩལ་དང་རྒྱན་དང་རོལ་པར་ཤར་བ་ཉིད༔ མཉམ་བཞག་རྗེས་ཐོབ་བསྲེ་ཚུལ་རབ་བསྒོམས་པས༔ འགྲོ་འདུག་ཉལ་དང་ཟས་སྤྱོད་གང་ལ་ཡང་༔ ཉམས་ལེན་རྩི་ཡིས་དུས་ཀུན་ཟིན་པ་དང་༔ རྒྱུན་ཆགས་འབྲེལ་བའི་མཉམ་རྗེས་དབྱེར་མེད་ཀྱི༔ དགོངས་པ་བར་མཚམས་མེད་པ་ཆོས་སྐུའི་ཀློང་༔ གདོད་མའི་གཞི་ལ་གཏན་སྲིད་ཟིན་པ་སྟེ༔ སངས་རྒྱས་མ་ཐོབ་བར་དུ་སྦྱང་བགྲོད་ནི༔ དེས་

p. 267

ཆོག་མེད་པའི་ཉམས་ལེན་གནད་དུ་བསྣུན༔ ཞེས་གསུངས་པ་བཞིན་ཉམས་སུ་ལེན་པར་བྱའོ༔ དེ་ཡང་ཀུན་ཏུ་བཟང་པོས་རང་ལས་མི་གཞན་པའི་འཁོར་ལ་ཞལ་ཆེམས་གདམས་པ་བཀའ་རྒྱ་ཅན་དང་༔ གཞུང་རྡོ་རྗེ་ཚིག་རྐང་དང་༔ དེ་ལས་འཕྲོས་པའི་ཡི་གེ་རྣམས་ཀྱི་རིམ་གྱིས་སློབ་མ་ལ་ངོ་འཕྲོད་པར་བཞག་ཚུལ་སྐྱོང་ཐབས་དང་བཅས་པས༔ ཉམས་ལེན་རང་ཐོག་ཏུ་ངོ་འཕྲོད་པར་བྱས་ནས་དེས་ཀྱང་ཉམས་ལེན་ཤི་རྒས་ཀྱི་མཐའ་ལ་གཏུགས་པར་བྱའོ༔ ཏིང་ངེ་འཛིན་ལ་ཆིག་དྲིལ་དུ་བྱས་པས་ཐར་པ་དོན་དུ་གཉེར་བས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འགྱུར་ཏེ༔ རྗེ་བླ་མ་ཉི་གྲགས་གཉིས་པ་རྡོ་ རྗེ་འཆང་ཆེན་པོ་ནས༔ ཐོས་པས་ཤེས་བྱའི་རྒྱ་མཚོ་རབ་མཐོང་ཡང་༔ ནམ་ཡང་ངོམ་པའི་སྐབས་མེད་ཆོས་ཉིད་ཡིན༔ དེ་དོན་སྙིང་པོ་བསམ་དང་སྒོམ་པ་ལ༔ དྲིལ་བ་འདི་ལས་དོན་གཞན་གུད་ན་མེད༔ ཅེས་དང་༔ སློབ་དཔོན་ཆེན་པོས༔ ཚེ་གཅིག་དོན་གྱི་སངས་རྒྱས་སྒྲུབ་པ་ལ༔ མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱིས༔ ཏིང་འཛིན་ཟབ་མོ་རྩེ་

p. 268

གཅིག་སྒོམ་མཛོད་ཅིག༔ ཅེས་གསུངས་པ་ལྟར་གྱི་དོན་ཡིད་ལ་གཅག་པར་བྱའོ༔ དེ་ལྟར་རྡོར་སེམས་སྙིང་ཐིག་གི་ཉམས་ལེན་གྱི་ཁྲིད་དབུ་ནས་བརྩམས་ཏེ་མཐར་ཕྱིན་གྱི་བར་གྱི་བརྗོད་བྱ་རྣམས་གནད་དུ་དྲིལ་ཏེ་བསྟན་པ་ལུས་ཀྱི་རྣམ་གཞག་ཅེས་བཏགས་པའི་གཞུང་འདི་ཉིད་ངེས་དོན་སྙིང་པོའི་ཆོས་ཚུལ་ལ་མི་ཕྱེད་པའི་དད་པ་ཐོབ་པ་བླ་མ་སྨན་པ་གུ་རུ་འཕེལ་གྱི་བཞེད་པ་དོན་ཡོད་པར་བྱ་བའི་ཕྱིར་འོད་གསལ་རྡོ་རྗེ་ཐེག་པ་པད་འབྱུང་དང་བི་མའི་སྙིང་ཐིག་ཟབ་དོན་གྱི་སྲོག་བརྒྱུད་འཛིན་པ་ཆོས་དབྱིངས་དྲི་མེད་རྩལ་གྱིས་ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བྱས་པ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔ མངྒ་ལཾ༔ དགེའོ༔

p. 269

༔ བཀའ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ སེམས་འགག་ཡེ་ཤེས་སྟོན་པའི་ཡི་གེ་ཟབ་མོ་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཨ་ཧོ་གང་ཞིག་སེམས་ཀྱིས་བརྟག་བྱེད་པ༔ ལུས་ངག་ཡིད་ལས་སེམས་གཙོ་སུས་མཐོང་བ༔ དེ་ནི་རྐུན་མ་ངོས་ཟིན་ལྟ་བུའོ༔ སྒོ་གསུམ་གཅིག་གམ་སོ་སོར་ཡིན་བརྟགས་དུས༔ གཅིག་ཅེས་བརྗོད་ན་དེས་ཀྱང་མ་རྟོགས་ལ༔ ཐ་དད་ཞེ་ན་དེས་ཀྱང་མ་རྟོགས་ལ༔ གཅིག་དང་ཐ་དད་མེད་ཅེས་དེས་ཀྱང་མི་རྟོགས༔ ངོ་བོ་ཤེས་ཤེས་འདྲ་ལ་ཚིག་ཏུ་སྨྲ་མི་བཏུབ༔ ཁས་ལེན་ཀུན་དང་བྲལ་བ་དེ་ཡིས་རྟོགས་པ་ཡིན༔ དེ་ལ་དེ་ཡི་དུས་ན་ངོ་སྤྲོད་གདབ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་བརྟགས་པའི་དུས༔ ཡོད་ཅེས་སྨྲ་ན་དེས་ཀྱང་མ་རྟོགས་ལ༔ མེད་ཅེས་ཐག་གཅད་དེས་ཀྱང་མ་རྟོགས་ལ༔ ཡོད་མེད་གཉིས་ཀ་མེད་པའི་མཐའ་སྨྲ་དེས་མི་རྟོགས༔ སྒོ་གསུམ་གཅིག་དང་ཐ་དད་བརྟག་པ་དང་༔ བྱུང་གནས་འགྲོ་གསུམ་དག་ནི་གང་ལ་ཡང་༔ འདི་ཡིན་འདི་མིན་ངེས་པར་ཡོད་འོང་སྟེ༔ ང་ཡིས་མི་ཤེས་འདུག་གོ་

p. 270

སྙམ་པ་དེས་མི་ཤེས༔ དེ་ཚེ་སེམས་རྟོག་འགགས་ཤིང་ངོ་བོ་མཐོང་འདྲ་ལ༔ མཚན་ཉིད་བརྗོད་མི་ཤེས་ཏེ་རང་སེམས་རིག་པ་ཡིན༔ ངོ་བོ་ཆོས་སྐུ་དེ་ཡིན་ངོ་སྤྲོད་དེ་ལ་གདབ༔ རྟོགས་གྲོལ་དུས་མཉམ་ཡེ་སངས་རྒྱས་པའི་དགོངས་པའོ༔ འདི་ཞེས་ཡིན་དུ་བརྗོད་པ་རུང་བ་བཞིན༔ འདི་ཞེས་མིན་དུ་བརྗོད་ཀྱང་ཅིས་མི་རུང་༔ སེམས་ཀྱི་རང་བཞིན་ཁས་ལེན་ཀུན་བྲལ་ཞིང་༔ ངོས་བཟུང་མེད་པ་ཉིད་དུ་རྟོགས་པ་དེ་ཉིད་རང་༔ སེམས་འགགས་ཡེ་ཤེས་སྟོན་པའི་ཡི་གེ་ཟབ་མོ་འདི༔ འཁོར་འདས་འཁྲུགས་ཤན་འབྱེད་པའི་གདམས་པ་སྟེ༔ འཁྲུལ་བའི་རྫུན་ཁུངས་རྡིབ་པའི་གནད་ཟབ་མོ༔ རྫོགས་པ་ཆེན་པོའི་རྒྱལ་ཐབས་སྤྱི་བླུགས་དབང་༔ ཐོག་མེད་དུས་ཀྱི་སེམས་སྒྲིབ་ཀུན་དག་ནས༔ ལྟ་བ་ཟབ་མོའི་དོན་སྟོན་ཐབས་ལམ་མཆོག༔ རིག་རྩལ་ཐོགས་མེད་ལས་རབ་རྩལ་གྱིས་བཀོད༔ ཤིན་ཏུ་གསང་བའི་སྦས་ཆོས་ས་མ་ཡཱ༔ དམ་ཅན་བཤན་པས་བཀའ་ཡི་བྱ་ར་མཛོད༔ ཆོས་འདིས་ལས་ལྡན་མང་པོ་གྲོལ་བར་ཤོག༔ ལས་རབ་རྩལ་གྱིས་སོ།། །།

རྡོར་སེམས་སྙིང་ཐིག་ལས་བདེ་གསལ་མི་རྟོག་སོགས་ཀྱི་འཕྲོས་དོན་གནད་ཀྱི་ཞལ་གདམས།

p. 271

࿅༔ རྡོར་སེམས་སྙིང་ཐིག་ལས༔ བདེ་གསལ་མི་རྟོག་སོགས་ཀྱི་འཕྲོས་དོན་གནད་ཀྱི་ཞལ་གདམས་བཞུགས་སོ༔ སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ༔ ངེས་པ་དོན་གྱི་རྡོ་རྗེ་འཆང་༔ ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདེ་བ་ཞེས་པ་ཞུ་བདེའི་བདེ་བ་དང་༔ ཉམས་ཀྱི་བདེ་བ་སྤྲོ་སྟེ་སྒོམ་དང་འབྲལ་མི་ཕོད་པ་དང་༔ དོན་གྱི་བདེ་བ་ནི༔ སེམས་ཉིད་རང་ངོ་ཤེས་པ་མངོན་དུ་གྱུར་པ་བློ་བདེ་ཐག་ཆོད་དུ་གྱུར་པའོ༔ གསལ་བ་ཤེས་ཤེས་རིག་རིག་འདྲ་བ་ཞེས་རྟོག་ཚོགས་འཕྲོ་བ་དང་༔ ཉམས་ཀྱི་གསལ་བ་ངར་ཆ་ཅན་ནམ་སྒོམ་ཡིད་གར་འོང་ཞིང་དྭངས་པ་དང་༔ དོན་གྱི་གསལ་བ་ནི༔ ལྷག་མཐོང་རིག་པའི་ཡེ་ཤེས་རང་གསལ་རང་ངོ་ཤེས་པའོ༔ མི་རྟོག་པ་གཉིད་པ་དང་བརྒྱལ་བ་དྲན་མེད་དེ༔ ཉམས་ཀྱི་མི་རྟོག་པ་འགྱུ་རྟོག་ཆད་པ༔ ཧད་པ་དང་འཐོམ་པ་ལྟ་བུ་དང་༔ དོན་གྱི་མི་རྟོག་པ་ནི་དྲན་བསམ་འཕྲོ་འདུ་དང་བྲལ་བ་རྟོག་མེད་རང་གསལ་རྗེན་པ་དཔེ་ཚིག་གིས་མི་མཚོན་པའོ༔ དེ་ལ་བདེ་གསལ་མི་རྟོག་སྔོན་དུ་གཉིས་རེ་བཤད་པ་དེ་དག་ཀྱང་མ་

p. 272

བཅོས་པའི་བཞག་ཐབས་དང་༔ རང་གསལ་རང་ངོ་ཤེས་པས་ཟིན་ན་ཐམས་ཅད་མཁྱེན་པའི་སེམས་དྭངས་སྙིགས་འབྱེད་པས་ན་ངང་དྭངས་ཀྱང་ཟེར༔ ཡེ་ནས་ཡོད་པའི་ཡེ་ཤེས་ཀྱང་ཟེར༔ གདོད་ནས་འཁྲུལ་གྲོལ་མ་མྱོང་བའི་ཀ་དག་ཀྱང་ཟེར་སེམས་དང་བྲལ་ཏེ་རྟོག་མེད་རང་གསལ་རང་ངོ་ཤེས་པའི་གསལ་བ་ཡང་ཟེར༔ མངོན་སུམ་རང་ངོ་ཤེས་ཀྱང་སྨྲ་མི་གཏུབ་པའི་བརྗོད་མེད༔ དེ་ལ་ངོ་བོ་མེད་པའི་ཆ་ནས་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་རང་ཆས་ཀྱི་ཆ་ནས་ལོངས་སྐུ༔ ཐུགས་རྗེ་འཁོར་འདས་བྱེད་ལས་མ་འགགས་པའི་ཆ་ནས་སྤྲུལ་སྐུར་བཏགས་སོ༔ ཡང་ཞི་གནས་དང་འགོག་སྒོམ་གྱི་རྣམ་རྟོག་མ་ལྡང་ཡང་རིག་པ་ལྷག་མཐོང་གི་གནད་མེད་པའི་གཟུགས་མེད་སྐྱེ་མཆེད་མུ་བཞི་དང་༔ ཞི་གནས་གླེན་བསྒོམ་དང་ཉན་འགོག་རྣམས་ལ་མ་རིག་པ་ས་བོན་གྱི་ཚུལ་དུ་བག་ལ་ཉལ་བ་སླར་འཁྲུལ་བའི་ནད་རོ་ལྡངས་ནས་འཁོར་བ་ལས་ཐར་པ་མེད་དོ༔ གཟུགས་ཁམས་དང་གཟུགས་མེད་ཁ་ཅིག་ལ་རྒྱལ་བའི་ཐུགས་རྗེས་སྣང་བ་དག་སྣང་དུ་བསྟན་ནས་དེ་ཉིད་དུ་ངོ་བོ་༔

p. 273

རྟོགས་ན་གྲོལ་བ་ཐོབ་པ་འགའ་རེ་འབྱུང་བ་བཤད་པ་ནི་འདོད་ཁམས་ཀྱི་ལྷ་མི་ཡང་དེ་ལྟར་འབྱུང་མོད༔ ཡང་སྣང་སེམས་ཞེས་པ༔ སྣང་བ་འདོད་ཡོན་ལྔ་ས་རྡོ་སོགས་དེ་འདྲའི་ཡུལ་དང་༔ སེམས་ནི་ཀུན་རྟོག་ཅན་ཏེ༔ མདོར་ན་གཟུང་བའི་ཡུལ་དེ་ལ་འཛིན་པ་སེམས་སོ༔ དེ་ལ་ལྟ་བའི་ངང་ལ་གནས་སྐབས་གཉིས་མེད་གསུངས་པ་དེ་གཅིག་དང་གཉིས་དང་གཉིས་སུ་མེད་པ་སོགས་མཐའ་ཐམས་ཅད་དང་བྲལ་ནས་རང་གནས་ཡེ་ཤེས་ཀྱི་དགོངས་པ་ལས་མ་གཡོས་པའི་དོན་ནོ༔ ཡང་ཅེར་གྱིས་ཞེས་པ་ནི་རྟོག་ཚོགས་ངོས་བཟུང་བ་ཆམ་གྱིས་ཞེས་པ་ནི་དེ་ཀའི་སྟེང་དུ་བཅོས་བསླད་མེད་པར་གློད་པ༔ རང་གྲོལ་ཞེས་པ་ནི་རྟོག་ཚོགས་དེ་ཚུགས་མི་ཐུབ་པ་ལན་ཚྭ་ཆུ་ལ་བཞག་པ་ལྟར་རྟོག་མེད་སྟོང་པ་དག་པའོ༔ སེམས་ཉིད་ངོ་སྤྲོད་ཀྱི་སྐབས་སང་ངེ་ཡེ་རེ་ཝལ་ལེ་ཧྲིག་གེ་རྗེན་ནེ་ཟེར་བ་དེ་རང་རིག་ཡེ་ཤེས་ལྷག་མཐོང་ཆེན་མོ་སྟེ་ཚིག་གིས་བརྗོད་དུ་མེད་ཕྱིར་དེ་ལྟར་བསྙད་པ་ཡིན་ནོ༔ ཚིག་ཏུ་སྨྲ་བའི་དཔེ་རིག་པའི་རྩལ་དབང་དུས་སུ་བདུད་རྩི་ཁར་བཟུང་ལ་སྨོས་

p. 274

ཞེས་པ་དང་དེ་བཞིན་ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པ་གཞོན་ནུ་མའི་བདེ་བ་དང་ལྐུགས་པས་བུ་རམ་མྱོང་བ་ལྟར་དཔེ་བཤད༔ སེམས་ཉིད་ཅེས་པ་རིག་པ་མིན་ཞིང་ནམ་དུ་ཡང་གསལ་སྒྲིབ་མ་མྱོང་བ་ཉི་མའི་སྙིང་པོར་དཔེ་བཀོད་པ་ཡིན་ཡང་ཁྲེགས་ཆོད་ཅེས་པ་གང་ཤར་ལ་རྟོག་པའི་འཕྲོ་མཐུད་མེད་པར་ཐད་ཀར་ཆོད་པའི་རང་ངོར་གསལ་བ་སོགས་སོ༔ བར་དོ་དང་ཐོད་རྒལ་ལ་ཡང་འདི་བཞིན་འགའ་ཞིག་འདུག་མོད༔ ཅེས་པ་འདི་རྫོགས་པ་ཆེན་པོའི་ལྟ་གྲུབ་འཛིན་པ་བདུད་རྒན་ལས་རབ་རྩལ་གྱིས་སོ༔ དགེའོ༔

རྡོར་སེམས་སྙིང་ཐིག་ལས་ཐོད་རྒལ་གྱི་ཟིན་བྲིས་དོན་གྱི་འཕྲང་སེལ།

p. 275

࿅༔ རྡོར་སེམས་སྙིང་ཐིག་ལས༔ ཐོད་རྒལ་གྱི་ཟིན་བྲིས་དོན་གྱི་འཕྲང་སེལ་བཞུགས་པ་ལེགས་སོ༔

p. 276

སྐུ་གསུམ་ལྷུན་གྲུབ་བདག་ཉིད་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ༔ འདིར་ཐོད་རྒལ་གྱི་ཟིན་བྲིས་འགའ་ཞིག་འབྲི་བས་བྱིན་གྱིས་བརླབ་པར་ཞུ༔ དེ་ཡང་ཁྱད་ཆོས་གཞི་ཁྲེགས་ཆོད༔ ལམ་ཐོད་རྒལ་དུ་གྲགས་པའི་ལམ་བཟང་༔ རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་འདི༔ དེང་སང་ཉམས་སུ་ལེན་པའི་ཆོས་དཀོན་པར་འདུག་ཅིང་༔ དེ་ཡང་སྒྲོན་མ་བཞི་དང་ལྔ་དྲུག་སོགས་ཀྱི་བཞེད་པའང་འདུག་མོད༔ གང་ལྟར་ཀྱང་ལུས་གནད་ཀྱི་འདུག་སྟངས་

p. 277

གནད་ཆེ་སྟེ༔ རྩ་ལྟེབས་ཁུག་འཁྱོགས་སོགས་མེད་པར་དྲང་པོའི་ལམ་ནས་ཡེ་ཤེས་ཀྱི་མདངས་ཕྱིར་སྣང་མི་སྒྲིབ་པར་ཕྱིར་སྣང་བའི་དགོས་པ་ཡོད༔ སྟོང་གཟུགས་སོགས་གསང་སྔགས་སྤྱིའི་རྟགས་བཅུ༔ རྩ་རེར་རླུང་དང་ཁམས་ཀྱི་བྱེད་ལས་རྩ་བ༔ དུ་བ༔ སྨིག་རྒྱུ༔ སྲིན་བུ་མེ་ཁྱེར་ལས་འཕྲོས༔ ལྷུན་གྲུབ་ཐོད་རྒལ་ནི༔ ཆོས་སྐུའི་རང་རྩལ་ལས༔ ལོངས་སྐུའི་འཆར་གཞི་གཏན་ལ་འབེབས་པས་ཁྱད་པར་འཕགས་པའོ༔ དབང་གསུམ་པའི་ཀུན་རྫོབ་ཐིག་ལེའི་ལམ་མཆོག་དེ་ལས་ཀྱང་༔ འདི་ནི་དོན་དམ་ཐིག་ལེ་

p. 278

སྟེ་གོང་དུ་འཕགས་སོ༔ ལར་ཅི་བདེར་བལྟས་ཀྱང་༔ ཉི་མ་སོགས་ཀྱི་རྐྱེན་གྱིས་སེམས་ཅན་གྱི༔ སྐྲ་སེན་དང་བ་སྤུ་ལ་འོད་ལྔ་འབྱུང་བ༔ གཞི་ལ་ལྷུན་གྲུབ་རང་ཆས་སུ་བཞུགས་པའི་དོན་གྱིས་འབྱུང་བར་བཤད་དོ༔ སྤྱིར་ཡང་ཁྱད་པར་གྱི་ཆོས་ཤེས་དགོས་སོ༔ ཡང་ལུས་ལ་ཡེ་ཤེས་གནས་ཚུལ་རྒྱུད་ཆེན་རྣམས་སུ་གསལ་ཞིང་༔ སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་ཞེས༔ སྐུ་དེ་ལ་འཚམས་པའི༔ སྐུ་ཡི་མཚན་ཉིད་གསལ་ཁ་ཚང་བའི་དོན་ཡིན་མོད༔ ཡང་ན་རོ་ལྟ་བུ་ཞེས་པའང་རིག་པ་སྨིན་མཚམས་དང་བྲལ་བ་སྟེ༔ སྨིན་མཚམས་དང་རིག་པ༔ ཡི་གེ་དབུ་ཅན་གྱི་ན་རོ་དཔེར་བཞག་པ་དང་༔ དམ་ཚིག་བཤད་པ་ལས༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ སྐུ་དང་ལུག་རྒྱུད་ཐིག་ལེ་བརྟེན༔ ཞེས་པའི་དོན་ཐུགས་དམ་ཆག་མེད་བྱེད་དོ༔ ཉི་ཟླ་ལ་སོགས་སྟབས་མི་བདེ་དུས༔ མིག་སྨིན་མཚམས་ལ་བལྟས་ཏེ་བསྒོམས་པས༔ སྨིན་འཁྱུག་ནག་པོ་དབྱིངས་དེ་ལ་ཐིག་ལེ་ཕྲམ་ཕྲམ་འཆར་བ་ལ་གཏད་པས་ཀྱང་འགྲུབ་པོ༔ ཡང་གང་ཟག་ལམ་འདི་ལ་ཤིན་ཏུ་བརྩོན་པས༔

p. 279

ནམ་མཁའ་དྭངས་དུས་ཉི་མ་ལ་རྒྱབ་བསྟན་ནས་འདུག་སྟངས་དང་༔ གཟིགས་སྟངས་ཀྱིས་བལྟས་པས༔ རྡོ་རྗེ་ལུ་གུ་རྒྱུད་ཕྲམ་གྱིས་འཆར་བ་ལ་གཏད་པ་ཡིན་ནོ༔ འདུག་སྟངས་དང་གཟིགས་སྟངས་ཀྱང་༔ ཆོས་ཉིད་མངོན་སུམ་དུས་སྤྲུལ་སྐུའི་བཞུགས་སྟངས་ཁོ་ན་དང་༔ གཞན་གཉིས་གྲོགས་ཙམ་དུ་བྱ༔ ཉམས་གོང་འཕེལ་གྱི་དུས༔ ལོངས་སྐུའི་བཞུགས་སྟངས་གཙོ་ཆེར་བྱ༔ གཞན་གཉིས་གྲོགས་ཙམ་དུ་བྱ༔ འདི་ཕན་ཆད་ཆོས་སྐུའི་བཞུགས་སྟངས་གཙོ་ཆེར་བྱེད་པར་བྱའོ༔ ཟིན་བྲིས་ཀྱི་གནད་དོན་ནི༔ འདོད་ཐག་ཐུང་བའི་དབྱིངས་དང་ཐིག་ལེ་གསལ་གསལ་འདྲ་བའི་ཉི་མ་ལ་ཉེ་བར་མི་བལྟ་བར་ཟེར་རིང་དུ་ཁྲིད་མཁས་པར་བྱ༔ རྫོགས་ཆེན་གྱི་གཞི་ལམ་འབྲས་བུ་འདི་པའི་གྲོགས་ཁྲེགས་ཆོད་ཁོ་ན་གཅེས་པས་དགོངས་པའི་གཟེར་ཐེབས་དགོས་ཤིང་༔ ཆོས་སྐུ་ལ་ཐུགས་རྗེ་ནང་གསལ་དུ་བཞུགས་ལ༔ ཕྱི་གསལ་ལྷུན་གྲུབ་རང་ཆས་སུ་བཞུགས་པ་ཡེ་ཤེས་ཀྱི་རྩལ་མདངས་འབེན་ལ་བཙུགས་པ་ནི༔ དབུ་མའི་སྤྱོད་ཡུལ་དང་༔ སྔགས་ཀྱི་

p. 280

བརྟུལ་ཞུགས་ལ་སེམས་འཛིན་ལས༔ མཆོག་ཏུ་ཆེས་འཕགས་ཏེ༔ ཁབ་མིག་ཏུ་སྐུད་པ་བཅུག་བཞིན་ཡེ་ཤེས་ཀྱི་རང་མདངས་ལ༔ ཡེ་ཤེས་ཀྱི་དགོངས་པའི་གཟེར་ཐེབས་པ་ཡི་ལམ་ཟབ་ཅིང་མྱུར་ལ་གཙང་ཞིང་དག་གོ༔ རྨོངས་པས་སེམས་ཉིད་དབྱིངས་དང་ཐིག་ལེར་འཛིན་པ་མ་ཤེས་པ་སྟེ༔ སེམས་ཉིད་ཆོས་ཀྱི་སྐུ་མེ་ཡིན་ན༔ དེའི་རྩལ་མ་འགགས་པར་ཤར་བ་ལོངས་སྐུ་དུ་བ་ལྟ་བུའམ༔ ཡང་ན་ཉི་མ་དང་འོད་ཟེར་ལྟ་བུར་རིག་པར་བྱོས་ཤིག༔ ཁྲེགས་ཆོད་ཀྱིས་མ་ཟིན་པ་དང་༔ འོད་ཟེར་ལ་མཆོག་འཛིན་དང་རེ་དོགས་ཀྱིས་འཁྲིས་ཞུགས་ནས་འབད་ཀྱང་དོན་མེད་དེ༔ ལམ་ནོར་ལམ་འཆལ་ཁམས་གསུམ་འཁོར་བའི་གནས་ལས་མི་འདའོ༔ ཞེས་ཁོ་བོ་ཅག་སྨྲ་བར་འདོད་དོ༔ འདི་དག་ཀྱང་རྒྱ་ཆེ་བའི་ཡི་གེ་ལས་དོན་ཉེ་བར་རྟོགས་དཀའ་བས་ན་ཕྱོགས་ཙམ་བརྗོད་པར་ཟད༔ དེ་ཡང་བལྟ་ཡུལ་གྱི་འབེན༔ ཉི་ཟླ་སྒྲོན་མེ་ཆུ་དང་ནོར་བུའི་འོད་རྣམས་སུ་བཤད༔ ཧ་ཅང་ཉི་མའི་འོད་དང་དྲོད་ཀྱིས་ཙཀྵུ་ལ་གནོད་པ་དང་༔ ཁྲག་འཁྲིས་སློང་རྐྱེན་འབྱུང་བས་དེ་ལ་ཕན་པའི་ཐབས་

p. 281

ལ་བསླབ་པ་གཅེས༔ ཟླ་ཟེར་ལ་བལྟས་པས་མིག་གི་ཚ་བ་ལེན་ཅིང་༔ སེང་རས་སོགས་འཆར་སྒོ་གསལ་བ་དང་མིག་ལ་ཕན༔ ༈ ཁྱད་པར་གྱི་མན་ངག་ནི༔ རང་གྲིབ་མར་འདུག་ལ༔ སྣོད་ཆུས་གང་བ་ཉི་མ་ཕོག་པའི་ཟེར་ཁྲིད་ནས༔ བཞུགས་སྟངས་ལྟ་སྟངས་ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པ་ལ་ཡུན་བསྲིངས་པས་ལྷུན་གྲུབ་གྱི་འཆར་སྒོ་བྲེ་ཚད༔ སྲང་ཚད་ཕེབས་ནས་སྣང་བར་ཡལ་བའམ༔ སོར་མོ་ལ་ཏིང་ངེ་འཛིན་གཏད་པས༔ འཆི་མེད་འོད་ལུས་འགྲོ་བའི་དོན་ལ་འདོད་དགུར་བསྒྱུར་བ་ཅན་ཏེ༔ བི་མ་ལ་དང་པདྨ་སཾ་བྷ་ཝ་ལྟ་བུའོ༔ ཆུ་གཞོང་ལ་བརྟེན་པ་འདིས་ནི༔ ཙཀྵུ་ལ་ཆེར་མི་གནོད་པ་ཐུན་མོང་མ་ཡིན་པའི་བཞེད་པ་སྙན་བརྒྱུད་དོ༔ གཞན་ཡང་འཕྲོས་དོན༔ གཉིད་དང་འོད་གསལ་འདྲེས་པ་འཆི་ཁ་བར་དོར་གྲོལ་ལམ༔ དེ་བཞིན་ཐོད་རྒལ་འཆར་གཞི་ཆོས་ཉིད་བར་དོར་གྲོལ་ལམ༔ རྨི་ལམ་སྤྲུལ་བསྒྱུར་བཅད་སོགས་སྲིད་པ་བར་དོར་གྲོལ་ལམ་སྟེ༔ མདོར་ན་ཉིན་མོའི་ཉམས་ལེན་དང་མཚན་མོའི་ཉམས་ལེན་སྦྲེལ༔ མཚན་མོའི་

p. 282

ཉམས་ལེན་དང་འཆི་ཁའི་ཉམས་ལེན་སྦྲེལ་ཏེ་དོན་ཡོད་པར་བྱ་དགོས་པར་སྣང་༔ གང་ཟག་སྦྱངས་པའི་མཐའ་མ་རྫོགས་པ་འགའ་ཞིག་བར་དོའི་ཐིམ་རིམ་རྫོགས་དུས་ཏིང་འཛིན་ལ་གནས་པའི་གསོན་དུས་ཀྱིས་ལོ་མང་བསྒོམས་པ་ལས་ལྷག་པར་མྱུར་བ་ནི༔ རང་བཞིན་བརྒྱད་ཅུ་ནུབ་པ་དང་༔ སེམས་དང་ཡེ་ཤེས་རྒྱབ་གྱེས་པའི་དོན་གྱིས་ཡིན་ཞིང་༔ ཕུང་པོ་མི་སྣང་བ་དང་༔ ཆུང་ངུར་འགྲོ་ཞིང་༔ ཤིན་ཏུ་ཆུང་བ་ནི་ལྷུང་བཟེད་དུ་ཤོང་བ་འབྱུང་བར་བཤད༔ ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་རྣལ་འབྱོར་པ་དེ་ནི་ཚེ་འདིའི་བྱ་བ་བློས་ལིང་གིས་བཏང་བ༔ འཁོར་བ་སྐྱོན་མཐོང་ཆེ་ཞིང་༔ འཆི་བ་སྙིང་ལ་ཞུགས་ཤིང་༔ ཉམས་ལེན་ཤི་རྒས་ལ་གཏུགས་པ་ཞིག་ངེས་པར་དགོས་འདུག་ཅིང་༔ སྐྱིད་འདོད་བཟང་འདོད་ཁོང་ལ་བཅུག་པ་ཞིག་གིས་ནམ་ཡང་འགྲུབ་པ་མ་ཡིན་ནོ༔ ལར་ཡང་ཐུབ་པའི་ཆོས་ཀུན་དེ་ལྟར་རོ༔ འདིར་སྨྲས་སོ༔ བདག་ཀྱང་དེང་ནས་ཚེ་རབས་ཐབས་ཅད་དུ༔ ཟབ་དོན་རྫོགས་ཆེན་སྙིང་པོར་མི་འབྲལ་ཞིང་༔ ཚུལ་བཞིན་བསྒྲུབས་པའི་འབྲས་བུ་

p. 283

མཐར་ཕྱིན་ཏེ༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག༔ ཅེས་ཐོད་རྒལ་གྱི་ཉམས་ལེན་ལ་ཉེ་བར་མཁོ་བའི་ཟིན་བྲིས་དོན་གྱི་འཕྲང་སེལ་ཞེས་བྱ་བ་འདི་ནི༔ སྔ་འགྱུར་གྱི་ཆོས་ཚུལ་རྒྱ་ཆེར་འཛིན་མཛད༧བླ་ཆེན་ནམ་མཁས་གསུང་བསྐུལ་གནང་བ་ལ་བརྟེན༔ པད་འབྱུང་ཆེན་པོ་དང་བི་མའི་སྙིང་ཐིག་གི་རྣལ་འབྱོར་པ་ཆོས་དབྱིངས་དྲི་མེད་ཀྱིས་བཀོད་པའི་ཡི་གེ་པ་ནི༔ རྣམ་དཀར་ལ་རབ་ཏུ་སྤྲོ་བའི་བློ་ལྡན་ནམ་མཁའ་ཆོས་དབང་གིས་བགྱིས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག༔

ཐོད་རྒལ་གྱི་ཟིན་བྲིས་ཉུང་ངུ།

p. 284
p. 285

࿅༔ ཐོད་རྒལ་གྱི་ཟིན་བྲིས་ཉུང་ངུ་བཞུགས་སོ༔ ཀ་དག་ལྷུན་གྲུབ་མྱུར་ལམ་དེ༔ བསྟན་པའི་མཐའ་ལ་ཐུག་པ་ཡི༔ འཆད་ཉན་སྒོམ་སྒྲུབ་ཐམས་ཅད་ནུབ༔ ནུབ་པའི་ཆོས་དེ་བདུད་ཀྱིས་སློང་༔ ཙིཏྟ་ཤ་ཡི་སྒྲོན་མེའི་ནང་༔ ཐུགས་རྗེའི་ནང་གསལ་ཆོས་སྐུ་བཞུགས༔ སྐུ་ནི་ཡུངས་འབྲུ་ཙམ་པ་ལ༔ སྤྱན་སོགས་སྐུ་འབྲས་ཚང་ཞིང་དོད༔ དེ་ཡི་གདངས་ཀྱི་འཆར་སྒོ་ནི༔ དཀར་འཇམ་རྩ་ཡི་སྒྲོན་མ་བརྒྱུད༔ རྒྱང་ཞགས་ཆུ་ཡི་སྒྲོན་མར་ཐོན༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ཤར༔ འཇའ་ཚོན་ལྟ་བུའི་འོད་ལྔ་བཀྲག༔ དེའི་ནང་ཐིག་ལེ་སྟོང་པ་ཡི༔ སྒྲོན་མ་སྦ་ཕུབ་བསྐོར་བ་འདྲ༔ རིག་པ་དབྱིངས་ཀྱི་ལུ་གུ་རྒྱུད༔ རྟ་རྔར་མདུད་པ་བོར་འདྲ་དང་༔ མུ་ཏིག་བསྟར་ལ་བརྒྱུས་འདྲ་དང་༔ གསེར་གྱི་སྐུད་པ་ལྡིང་འདྲ་དང་༔ མེ་ཏོག་དྲྭ་བ་དཔྱངས་པ་འདྲ༔ དེ་དག་ལྷུན་གྲུབ་ཐོད་རྒལ་ལ༔ ཀ་དག་རིག་པའི་གཟེར་ཐེབས་པས༔ ཤེས་རབ་རང་བྱུང་སྒྲོན་མ་ཡིན༔ མི་འགུལ་གསུམ་ལ་གཞི་བཅས་ནས༔ སྡོད་པ་གསུམ་གྱི་ཚད་བཟུང་ནས༔ སྣང་བ་བཞི་ཡི་ལམ་བགྲོད་དེ༔ ཕྱི་རུ་

p. 286

ཉམས་ཀྱི་འཕེལ་འགྲིབ་ཟད༔ ནང་དུ་ཤ་ཁྲག་གདོས་བཅས་ཟད༔ གསང་བ་རླུང་སེམས་རྟོག་ཚོགས་ཟད༔ རྫོགས་ཆེན་ཆོས་ཟད་རང་སངས་རྒྱས༔ གདུལ་བྱའི་དོན་དུ་མཛད་པ་སྟོན༔ ཐོད་རྒལ་གནད་ཀྱི་ཡིག་ཆུང་འདི༔ ལྷ་ཞལ་ལྐུགས་ནས་ཡོང་མ་ཐུབ༔ བདུད་རྒན་ལས་རབ་ཁ་ནས་རྡོལ༔ ཀ་དག་ལྷུན་གྲུབ་ཐོད་རྒལ་གནད༔ ཉམས་མྱོང་ཟབ་མོའི་ཡི་གེ་འདི༔ འཁོར་བའི་སྐྱོན་མཐོང་ཞེན་ལོག་ཅན༔ བཤེས་གཉེན་མང་མཇལ་ལས་འཕྲོ་ཅན༔ གནས་ཆེན་འགྲིམ་པའི་སྙིང་སྟོབས་ཅན༔ ཉམས་ལེན་ཆོས་ལ་གོ་བ་ཅན༔ བླ་མ་པདྨ་ཀུན་བཟང་དང་༔ གཏེར་ཆེན་ཉི་གྲགས་ཆོས་བརྒྱུད་འཛིན༔ དབོན་པོ་མཐུ་སྟོབས་རྡོ་རྗེ་ལ༔ བྱ་བྲལ་ལས་རབ་རྩལ་གྱིས་གདམས༔ དགེ་བས་འགྲོ་ཀུན་སྨིན་གྲོལ་ཤོག༔ དགེའོ༔ དགེའོ༔ དགེའོ༔ དཔའ་བོ་ལས་རབ་རྩལ་གྱིས་སོ༔

p. 287

བར་དོའི་གནད་གདམས་ཟབ་མོ་བཅུད་བསྡུས་བཞུགས་སོ༔ རིགས་བདག་སྟོན་པ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བར་དོའི་གནད་གདམས་ཟབ་མོ་བཅུད་བསྡུས་ནི༔ ལུས་མེད་པ་བག་ཆགས་ཀྱི་ལུས་ལ་བརྟེན་ནས་འཁྲུལ་སྣང་ལ་སྤྱོད་པ་རྨི་ལམ་དང་སྲིད་པ་བར་དོ་མཚུངས་པ་ཡིན་ནོ༔ འཆི་ཁ་བར་དོ་དང་སྲིད་པ་བར་དོ་ཅུང་ཟད་ཀྱི་ཁྱད་ཡོད་སྲིད་ནའང་གསར་རྙིང་མཚུངས་པར་ཡོད་ཅིང་༔ དེའི་ཕྱིར་ན་རྒྱུ་མཚན་འདིར་སྨོས་མ་དགོས་ཤིང་༔ ད་ནི་བར་དོའི་ཚུལ་འདིར་བསྡུས་ཏེ་འཆད་ན༔ ནད་ཐམས་ཅད་སྲོག་རྩར་འདུས་པས་གཟེར་ཟུག་ཆེ་བ་ཀུན་ཏུ་བཟང་པོའི་ངང་དུ་ཤི་བ་དང་༔ ཁྲག་ཐམས་ཅད་སྲོག་རྩར་འདུས་པས་གཟེར་ཟུག་མེད་པར་ཀུན་ཏུ་བཟང་མོའི་ངང་དུ་ཤི་བའོ༔ དེ་ལ་སྤྱིར་བར་དོ་ཞེས་པ་ཤི་ནད་ཀྱིས་ཐེབས་ནས་རྣམ་ཤེས་ལུས་ལས་མ་ཐོན་གྱི་བར་དུ་འཆི་ཁའི་བར་དོ༔ རྣམ་ཤེས་ལུས་ནས་ཐོན་ཏེ་སྒྲ་འོད་ཟེར་གསུམ་དང་ཞི་ཁྲོའི་སྣང་བ་འཆར་ཞིང་སྲིད་པ་བར་དོ་མ་ཤར་བར་དེ་ཆོས་ཉིད་བར་དོ༔ སེམས་འཁྲུལ་སྣང་གི་རླུང་དྲག་པོ་དང་

p. 288

འཕྲོད་དེ་ཀུན་རྟོག་གཡོ་བ་རྨི་ལམ་གྱི་སྣང་བའི་ལུས་ལྟ་བུར་རིགས་དྲུག་གང་རུང་གི་ལུས་བླང་བའི་བར་དེ་སྲིད་པ་བར་དོ༔ འཆི་དུས་ཀྱི་འབྱུང་བ་ཐིམ་སྡུད་ཀྱི་དུས་ནང་གི་རྩ་རླུང་ཐིག་ལེའི་རྟེན་རྣམས་ཐམས་ཅད་ཞིག་པའི་རྟགས་སུ་ཕྱི་རོལ་གྱི་སྣང་བ་ཐམས་ཅད་འཐོར་བ་དང་ཞིག་པའི་སྣང་བ་འཆར༔ རླུང་ནང་དུ་སྡུད་མི་ཐུབ་ཅིང་ཕྱི་དབུགས་ཆད་པ་དང་༔ སྤྱི་བོའི་ཧཾ་ཐུར་དུ་རྒྱུག་པས་དཀར་ལམ་གྱི་སྣང་བ་འཆར༔ སྟོང་པ་ཞེས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ ་གསུམ་འགགས༔ ལྟེ་བའི་ཨ་ཐུང་གྱེན་ལ་རྒྱུག་པས་དམར་ལམ་གྱི་སྣང་བ་འཆར༔ ཤིན་ཏུ་སྟོང་པ་ཞེས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས༔ གཉིས་ཀ་སྙིང་ཁར་འཕྲད་ནས་ནག་ལམ་འཐིབས་པོར་འཆར༔ སྟོང་པ་ཆེན་པོ་ཞེས་གཏི་མུག་གི་རྟོག་པ་བདུན་འགགས༔ དེ་ནས་ཡུད་ཙམ་མམ་ཡུད་ཅུང་ཟད་ན་སེམས་ཏིང་ངེ་འཛིན་ཅན་ལ་ཏིང་ངེ་འཛིན་གྱི་ལྷག་མཐོང་དང་༔ ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་སྟོན་ཀའི་ཐོ་རངས་གཡའ་དག་པ་ལྟ་བུ་འཆར་བ་དེ་ཐམས་ཅད་སྟོང་པ་ཞེས་

p. 289

བྱ༔ ནང་དོན་གྱི་ཉམས་ལེན་ཅན་འདི་ནས་ངོས་ཟིན་ཏེ་སྐད་ཅིག་དེ་ཉིད་ལ་གྲོལ་བར་བཤད༔ དེ་ནས་རྣམ་པར་ཤེས་པ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ནས་འཐོན༔ དཔེ་མེ་སྟག་ཡལ་བ་ལ་བཞག༔ རྫོགས་པ་ཆེན་པོར་རྡོ་རྗེ་སེམས་དཔའི་གསང་ལམ་འོད་ཀྱི་ཀ་བ་བཞི་བརྩེགས་བཤད་འདུག་ཀྱང་༔ ཁ་ཅིག་ལས་དུག་ལྔ་སེར་སྣ་དང་དྲུག་གི་ལས་གང་ཆེ་བའི་ལུས་ཀྱི་གནས་ན་རིགས་དྲུག་གི་ས་བོན་ཡོད་པ་དེར་རླུང་སེམས་འདུ་ཞིང་དེ་ནས་ཐོན་ཏེ་ལས་གང་བསགས་པའི་འགྲོ་དྲུག་དེའི་ལུས་དེར་སྐྱེ་བར་བཤད་དོ༔ ལྟ་སྒོམ་གྱི་ཉམས་ལེན་ཅན་འཆི་བའི་དུས་འདིར་ལྟ་སྒོམ་སྤྱོད་པའི་དགེ་སྟོབས་ཅན་ཡར་གྱི་ཟང་ཐལ་དང་༔ མཚམས་མེད་མི་དགེའི་སྡིག་སྟོབས་ཅན་འཁྲུལ་སྣང་གི་ལས་ཀྱིས་བསྐྱོད་དེ་མར་གྱི་ཟང་ཐལ་ཞེས་ངན་སོང་དུ་སྐྱེ་བར་བཤད༔ ཟབ་ལམ་འཕོ་བའི་གདམས་པ་ནི་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་སླེབས་དགོས་ཤིང་༔ འཕོ་བ་བྱེད་མཁན་དེས་སྦྱངས་པའི་ནུས་པ་ཆེ་ཆུང་གིས་ལོངས་སྐུའི་ཞིང་ཁམས་ངམ་སྤྲུལ་སྐུའི་ཞིང་ངམ་

p. 290

མི་ལུས་ཆོས་ལྡན་དུ་སྐྱེ་བར་བཤད༔ འཕོ་བའི་སྟོབས་ཀྱིས་འཕོ་བའམ༔ རང་བབས་ཀྱིས་རྣམ་ཤེས་ལུས་ནས་ཐོན་ནམ༔ དེའི་རྟགས་སུ་སྣ་བུག་གཡས་གཡོན་ནས་བྱང་སེམས་དཀར་དམར་འབབ་པའམ༔ འོག་སྒོ་ན ས་ཐོན་པའང་ཡོད༔ སྐབས་འདིར་བྱང་སེམས་དཀར་པོ་རུས་པར་ཐིམ་ཞིང་རཀྟ་དམར་པོ་ཤ་ལ་ཐིམ་ནས་ཕྱིར་མི་འབྱུང་བ་ཡང་ཡོད༔ དེ་ཡང་རྣམ་ཤེས་ལུས་ཀྱི་ནང་ན་ཇི་ལྟར་གནས་པའི་ཚད་ནི༔ ཡར་མར་གྱི་ཟང་ཐལ་ནི་སྐད་ཅིག་དེ་ཉིད་ལ་འཕོ་ཞིང་༔ ཐ་མལ་པ་ཟན་ཟ་ཡུན་གསུམ་མམ་སེ་གོལ་བདུན་གཏོགས་པའི་ཚད་ལ་གནས་ཞེས་བཤད༔ བསམ་གཏན་པ་རྣམས་ནིི་རྟོག་པ་སྔ་མ་འགྱུ་ཕྱི་མ་མ་ཤར་བའི་བར་དེར་ཞི་ལྷག་གི་ཏིང་ངེ་འཛིན་ལ་གསོན་དུས་ཇི་ལྟར་གནས་ཀྱི་ཚད་དེ་བསམ་གཏན་གྱི་ཞག་ཅེས་བཤད་དེ༔ དེ་འདྲ་གསུམ་གྱི་རིང་ལ་གནས་ཤིང་༔ ངོས་ཟིན་ན་མིང་འོད་གསལ་ཟེར་ཏེ་གཞིའི་འོད་གསལ་མ་ལྟ་བུ་ལམ་གྱི་འོད་གསལ་བུ་ལྟ་བུ་འཕྲད་དེ་དཔེ་བུམ་པ་ཆག་པའི་ནམ་མཁའ་ནམ་མཁའ་ལ་ཐིིམ་པ་ལྟ་བུར་བཤད་དེ་

p. 291

དུས་དེ་ཉིད་དུ་གྲོལ་བ་ཐོབ་པའོ༔ ལར་ནི་གསོན་དུས་ཀྱི་ལོ་ཟླར་སྦྱངས་པ་ལས་སེམས་ཀུན་རྟོག་བརྒྱད་ཅུའི་རླུང་དང་བྲལ་བའི་སྟོབས་ཀྱིས་སྐབས་འདིར་ཏིང་ངེ་འཛིན་ངོས་ཟིན་ཅིང་གནས་ན་གསོན་དུས་ཀྱིས་སྦྱངས་པའི་མཐའ་མ་རྫོགས་པ་མྱུར་དུ་རྫོགས་ཏེ༔ རོ་ལ་རྟགས་བར་དོར་ལོངས་སྐུར་གྲོལ་བའི་རྟགས་སམ༔ ལུས་སྣོད་ཆུང་ངུ་དང་ལྷུང་བཟེད་དུ་ཆུད་པ་ལྟ་བུ་དང་༔ ཡང་ལུས་འོད་ཕུང་དུ་གྱུར་པ་སོགས་ཀྱང་འབྱུང་བ་ཡིན་ནོ༔ ཆོས་ཉིད་ཀྱི་བར་དོ་ནི༔ རིག་པ་མེ་སྟག་ཡལ་བ་ལྟར་ལུས་ནས་ཕྱིར་ཐོན་པ་ན་རིག་པའི་རང་མདངས་ལས་སྐུ་དང་ཞིང་ཁམས་ཀྱི་འཆར་གཞི་རང་བྱུང་ལྷུན་གྲུབ་ཏུ་ཡོད་པ་རྫོགས་ཆེན་གྱི་རྒྱུད་ལས་ནན་ཏན་གསུངས་ཤིང་༔ དཔེར་ན་ནང་གི་མི་གཡོ་འགུལ་བྱས་པའི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལྟར་རོ༔ མེ་ལས་དུ་བ་ལྟ་བུ་རང་འོད་དང་རང་མདངས་སུ་སྒྲ་འོད་ཟེར་གསུམ་ཞི་བ་དང་ཁྲོ་བོའི་སྣང་བ་དཔག་ཏུ་མེད་པ་འཆར་ཞིང་༔ ཞི་ཁྲོ་ཕྱི་རོལ་ནས་འཆར་བ་ལ་སེམས་ཟིན་ན་རང་ཕར་ལྷར་ཐིམ༔ འཆར་

p. 292

བ་དེ་རང་རིག་གི་རྩལ་དུ་ངོས་ཟིན་ན་ལྷ་རང་ལ་ཐིམ་ནས་གྲོལ༔ གསོན་དུས་སྔགས་ཀྱི་བསྐྱེད་རྫོགས་མ་གོམས་པ་དང་༔ ཁྱད་པར་དུ་ཐོད་རྒལ་གྱི་ཉམས་ལེན་མེད་པ་རྣམས་འཇིགས་སྐྲག་ཀུན་རྟོག་གིས་གཡོས་ཏེ་ཀུན་རྟོག་བརྒྱད་ཅུ་ལྡངས་ནས་རྣམ་ཤེས ་རླུང་དང་འཕྲད་པ་ཞེས་སྲིད་པ་བར་དོར་འགྱུར་བ་ཡིན་ནོ༔ གོང་དུ་བཤད་པ་བཞིན་སྔགས་ཀྱི་བསྐྱེད་རྫོགས་ལ་གོམས་པ་དང་ཐོད་རྒལ་ཉམས་སུ་བླངས་པ་རྣམས་ནི་ཆུ་ལ་ཆུ་ཐིམ་པ་ལྟར་སོགས་གྲོལ་ལུགས་མང་པོ་བཤད་མོད༔ མདོར་ན་རང་ངང་རང་མདངས་རང་རྩལ་དུ་ངོ་ཤེས་པས་སངས་རྒྱས་ཏེ་སྐུ་གསུམ་གྱི་མཛད་པ་རྨད་དུ་བྱུང་བ་སྟོན་པར་བཤད་དོ༔ དེ་ལྟར་མ་ཡིན་པ་རྣམས་ནི༔ སྲིད་པ་བར་དོ་ཞེས་སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན་ཉམ་ང་ཞིང་བག་གྲང་བ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཟས་སུ་དྲི་ཟ་བ༔ གྲོགས་གཤིན་གསོན་ངེས་མེད་ལ་ཡད་ཡུད་དུ་འགྲོགས་པ༔ ཉི་ཟླའི་སྣང་བ་མེད་ཅིང་སྲོད་ཡལ་ཡོལ་ལྟ་བུ༔ ཆུ་ལ་གཟུགས་བརྙན་མི་འཆར༔ དེ་བཞིན་དུ་ལུས་ལ་གྲིབ་མའང་མེད༔ བྱེ་

p. 293

མ་དང་ས་འབོལ་ལ་རྗེས་མེད༔ གང་དུ་དྲན་པའི་ཡུལ་ཐམས་ཅད་དུ་ཕྱིན་པར་བྱེད༔ མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་འབྱུང་བ་ས་རྡོ་གང་ལའང་མི་ཐོགས་ཤིང་ཐོགས་པ་མེད་པ༔ གསོན་པོ་རྣམས་ལ་ང་འདིར་ཡོད་སྨྲས་ཀྱང་ཁོང་རྣམས་ཀྱིས་མ་ཐོས་ཤིང་ལན་མེད་པས་ང་ཤི འམ་སྙམ་ནས་སྡུག་བ སྔལ་དཔག་ཏུ་མེད་པ་སྐྱེ༔ ནོར་རྫས་གཞན་གྱིས་བགོ་བཤའ་བྱེད་པ་ལ་སེར་སྣ་དང་ཞེ་སྡང་ངན་པ་སྐྱེ༔ ལུས་ལ་ལན་དགུར་འཇུག་པའི་སྣང་བ་སྐྱེ་བས་ཕུང་པོ་བསྲེགས་པ་དང་༔ གཏོར་བརླགས་བྱས་པས་ཤིན་ཏུ་འགྱོད་ཅིང་བཟོད་གླགས་མེད༔ མཆོད་གནས་རྣམས་ཀྱི་སེམས་རྒྱུད་ལ་མ་དག་པར་ཤར་བ་དང་༔ ཆོ་ག་ཆོས་སྤྱོད་མ་དག་པ་དང་༔ ཟ་ཡོན་ལ་འདོད་རློམ་ངན་པ་སྐྱེ་བ་དང་ལུས་མེད་པའི་སྟོབས་ཀྱིས་མངོན་ཤེས་ཡོད་པས་ཤེས་ཏེ་ཁོང་ཁྲོ་དང་སྡུག་བསྔལ་གྱི་སྣང་བ་སྐྱེ༔ རྐྱེན་ངན་པ་འདི་དག་གིས་ལུས་མེད་བར་དོའི་སེམས་དེ་སྒྱུར་སླ་བས་ངན་སོང་སོགས་སུ་སྐྱེ་བའི་རྐྱེན་ཡང་ཡོད༔ སྲིད་པ་བར་དོའི་སྐབས་འདིར་ཞག་བདུན་ཕྲག་རེའི་

p. 294

མཚམས་སུ་འཆི་ཆུང་རེའི་སྡུག་བ སྔལ་ཀྱང་ཡོད༔ འཇིགས་པའི་སྒྲ་བཞི་དང་གཤེད་མ་དང་ཁ་ཆར་བུ་ཡུག་མུན་པ་སོགས་ཀྱིས་དེད་པའི་སྣང་བ་དང༔ མདུན་ན་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་གྱི་གཡང་ས་ཡོད་པས་དེར་ལྷུང་གིས་དོགས་པ༔ དེར་ཆུད་པ་དང་ཆུད་ཀྱིས་དོགས་པས་འདར་ནས་བྱེའུ་ཁྲས་དེད་པ་ལྟ་བུའི་འཇིགས་སྐྲག་ཡོད་དོ༔ སྤྱིར་དགེ་བ་ཅན་མཐོ་རིས་སུ་ཞག་ཉེར་གཅིག་ནས་སྐྱེ༔ སྡིག་པ་ཅན་ངན་སོང་ན་ཞག་ཉེར་གཅིག་ནས་སྐྱེ༔ ཡང་དགེ་བ་ཅན་དང་སྡིག་ཅན་དེ་བས་ཀྱང་དེ་ཙམ་མི་དགོས་པ་ཤི་ནས་ཞག་ཉུང་ངུ་ནས་སྐྱེ་བ་ལེན་ཅིང་༔ སྡིག་པ་འདྲེས་མ་ཅན་རྣམས་ནི་སྲིད་པ་བར་དོར་ཞག་བཞི་བཅུ་ཞེ་དགུ་ལ་བདེ་སྡུག་གི་ཚོར་བ་དང་འདུ་ཤེས་མྱོང་༔ དེ་ནས་ལས་ཀྱི་རྗེས་སུ་འབྲང་བས་སྐྱེ་བ་ལེན༔ ཁ་ཅིག་བསྐལ་པའི་བར་དུ་ཞེས་བསྐལ་པར་གནས་པ་ཕལ་ཆེར་ཡི་དྭགས་ཀྱི་གདོན་དུ་གྱུར་པའོ༔ གསོན་དུས་སུ་སྔགས་ཀྱི་ལམ་སྦྱངས་པ་དང་༔ སྒྱུ་མ་དང་རྨི་ལམ་ལ་སོགས་པའི་སྲིད་པ་བར་དོའི་མན་ངག་ལ་རྡོ་རུས་ཐུག་པ་རྣམས་ནི་བག་ཆགས་

p. 295

སད་དེ་བར་དོ་ལ་བར་དོ་ཡིན་པ་ངོ་ཤེས་ཏེ་གཉིད་སད་པ་ལྟར་རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་འགྱུར་རོ༔ ཡང་འཆི་ཁའི་མཚམས་སྦྱོར་བཟང་ངན་གྱིས་སྡིག་ཅན་ཐར་པ་ཐོབ་ཅིང་ལམ་སྣ་ཟིན་པ་དང་༔ ཆོས་ལ་ཞུགས་པ་དང་དགེ་བ་ཅན་ཡིན་ན་དེ་སྐྱེ་སྲིད་ངན་པར་འགྱུར་བ་ཡང་ཡོད་དོ༔ ཡང་རང་བཞིན་གྱི་ཐ་མལ་པ་རྣམས་ཀྱང་གསོན་དུས་དཀོན་མཆོག་གསུམ་དང་དཀར་པོ་དགེ་བ་ལ་འབྲེལ་བ་ཐོགས་པ་དང་༔ ཡང་ཤི་བའི་དུས་སུ་ཉེ་འབྲེལ་རྣམས་ཀྱིས་སྡིག་པ་དང་མ་འདྲེས་པའི་མདོ་སྔགས་ཀྱི་དགེ་བ་ཆེ་འབྲིང་ཆུང་གསུམ་བགྱིས་པ་དང་༔ ཟག་བཅས་དང་ཟག་མེད་ཀྱི་དགེ་རྩ་སྐྱབས་སེམས་བསྔོ་སྨོན་མཆོད་སྦྱིན་སོགས་དགེ་རྩ་བགྱིས་པའི་མཐུ་དེས་གཤིན་པོས་བདེ་འགྲོ་མཐོ་རིས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡང་ཡོད་དོ༔ ལུས་ཅན་རྣམས་འཆི་བ་ལས་མ་འདས་པས་བར་དོའི་འཆར་ཚུལ་དང་༔ དེ་ལ་ཕན་པའི་གདམས་ངག་རྣམས་ཉམས་སུ་བླངས་ཤིང་འཕྲིག་ཅུང་ཟད་རེ་ཆུད་ན་དགའོ༔ དེ་ལྟར་མ་བྱས་ན་སྲིད་པ་བར་དོར་འཁྲུལ་

p. 296

ཏེ་ངན་སོང་གི་ལུས་ལེན་པ་དང་༔ དེ་ཙམ་ཡིན་ཀྱང་ཁྱིའུ་དང་གྲོག་སྦུར་ལྟ་བུའི་ལུས་བླངས་ཀྱང་ཕྱིར་བཅོས་ཐབས་ནི་མེད༔ བག་ཆགས་ཀྱི་ལུས་དེ་དང་མཐུན་པར་ལས་དེ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས༔ མནར་སྦྱོང་བྱེད་པའི་མི་ལུས་ཐོབ་པ་རྣམ་གཡེང་དང་བསམ་མེད་དུད་འགྲོ་ལྟ་བུར་མ་སྡོད་པར་ཐུབ་བསྟན་གྱི་སྣང་བ་མ་ནུབ་ཙམ་འདིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཞུགས་ཤིག༔ བརྩོན་ཅིག༔ འབོད་ཅིག༔ ས་མ་ཡཱ༔ ཞེས་གདམས་སོ༔ ཞེས་པ་འདིར་སོག་སྔོན་པོའི་དགེ་བཤེས་ཐུབ་བསྟན་མདོ་སྔགས་རྒྱ་མཚོ་ལ་མ་རྨོངས་ཤིང་༔ རིག་རྩལ་ཐོགས་མེད་ནུས་སྟོབས་འབྱོོངས་པའི་བརྟུལ་ཞུགས་ཅན་རཱ་ཚ་ཆོས་རྗེ་ཆོས་སྐྱོོང་རྒྱ་མཚོའི་གསུང་གིས་བསྐུལ་བར་བརྟེན་ནས་སྙོམས་ལས་པ་ལས་རབ་རྩལ་གྱིས་བར་དོའི་གནད་གདམས་པ་རགས་བསྡུས་ཙམ་སྨྲས་པ༔ མངྒ་ལཾ༔

p. 297

འདའ་ཀ་འཆི་བྲོད་ཀྱི་གདམས་པ་མི་འགྱུར་གསེར་གྱི་ཐུར་མ་བཞུགས་སོ༔ འདའ་ཀ་འཆི་བྲོད་ཀྱི་གདམས་པ་ནི༔ མདོ་ལས༔ སྡིག་མེད་དགེ་བ་ཡང་དག་ཅན་སྤྲོ༔ སྔགས་ཀྱི་དབང་བཞིའི་ཉམས་ལེན་ཅན་སྤྲོ༔ ཚེས་བཅོ་ལྔའི་མུན་རུབ་ནས་ཟླ་བ་ཤར་ཏེ་ཉིན་མཚན་ཁོར་ཡུག་ཏུ་གྱུར་པ་བཞིན༔ རྫོགས་ཆེན་གྱི་རྣལ་འབྱོར་པ་ཚེ་འདིར་ཁོར་ཡུག་ཏུ་གྱུར་པས་འཆི་བ་ཞེས་མིང་དུ་གཏགས་པའི་ཐ་སྙད་ཙམ་ལས་ཀུན་བཟང་ཆོས་སྐུའི་ཀློང་དུ་ཡེ་སངས་རྒྱས་པས་སངས་རྒྱས་སུ་མེད་དོ༔ འདིར་ནི་ཆོས་སྐུའི་འཕོ་བའོ༔ སྔགས་ཀྱི་རྣལ་འབྱོར་པ་དག་རང་ལུས་བསྐྱེད་པའི་རིམ་པ་དེ་ཉིད་སྟེང་གི་ནམ་མཁར་དཀྱིལ་འཁོར་དེ་ཉིད་བསྒོམ་ལ་འཕོ་བ་ལོངས་སྐུའི་འཕོ་བའོ༔ འོད་དཔག་མེད་དང་འཇིག་རྟེན་གྱི་ཞིང་གི་སངས་རྒྱས་ལ་རིག་པ་གཏད་ནས་འཕོ་བ་སྤྲུལ་སྐུའི་འཕོ་བའོ༔ རྫོགས་ཆེན་ཞེས་པ་འདི་པས་ཆོས་ཀྱི་ཁྱད་ཆོས་ཀྱིས་འཕོ་བའོ༔ རྩ་བྷ་ཝན་ཏུ་སྙིང་ནས་མིག་ཏུ་འབྲེལ་བའི་འཕོ་བ་ནི་མིག་གྱེན་དུ་ཕྱོགས་ཏེ་མ་བཅོས་པར་བཞག་པའི་འཕོ་བའོ༔ འདི་ནི་རྫོགས་ཆེན་གྱི་གནད་བླ་

p. 298

མའི་ཞལ་གདམས་རང་གི་སྙིང་ཁྲག་ལག་མཐིལ་དུ་བཞག་པ་སྤྱན་ལམ་དུ་འཕོ་བའི་གདམས་པ་ཞེས་བྱའོ༔ བྱིན་རླབས་དང་ཁྱད་ཆོས་ཀྱི་འཕོ་བ་དེ་རྣམས་རྫོགས་ནས་མན་ངག་གིས་འཕོ་བ་ནི༔ ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དེར་རྡོ་རྗེའི་རྦ་རླབས་མནན་པས་རླུང་སེམས་དབུ་མར་ཞུགས་ནས་འཚང་རྒྱ་བའི་ཕྱིར་མན་ངག་གིས་འཕོ་བ་ཞེས་བྱའོ༔ རྫས་ཀྱིས་འཕོ་བ་ནི༔ མགྲོན་བུ་བུ་མོ་ནུས་ལྡན་གྱིས་བསྲེགས་ཐལ༔ རྡོ་ཁབ་ལེན་བཅས་ཆ་སྙོམས་པར་སྦྲང་རྒོད་དང་སྦྱར་བ་སྤྱི་བོར་བྱུག་པས་དབུ་མ་ནས་རྣམ་ཤེས་འཕོ་སྟེ་འཚང་རྒྱའོ༔ འདི་དག་ནི་ཐེ་ཚོམ་མེད་པར་རྒྱུད་ལུང་མན་ངག་གི་གདམས་པ་ཡང་དག་པའོ༔ ཚུལ་འདི་རང་གཞན་སེམས་ཅན་འཆི་བའི་སྡུག་བསྔལ་ལ་སྙིང་བརྩེ་ནས་མང་དུ་ཐོས་པ་དང་༔ རྗེ་བླ་མའི་ཞལ་གདམས༔ རང་གི་ཤེས་རབ་ཟབ་མོས་དཔྱད་པར་དག་པ་ཆང་གི་རྐྱེན་གྱིས་བསྐྱོད་དེ་ལས་རབ་རྩལ་གྱིས་སྨྲས་པ་ཡི་གེ་པ་ནི་དད་བརྩོན་ཡང་དག་ལྡན་པ་བསོད་ནམས་ཆོས་བཟང་ངོ་༔ མངྒ་ལཾ༔

ཟབ་ལམ་འཕོ་བའི་སྒོ་གནད་རབ་གསལ་ཐར་ལམ་སྒོ་འབྱེད།

p. 299

࿅༔ ཟབ་ལམ་འཕོ་བའི་སྒོ་གནད་རབ་གསལ་ཐར་ལམ་སྒོ་འབྱེད་བཞུགས་སོ༔ ཁྱབ་བདག་འཁོར་ལོའི་མགོན་པོ་པདྨའི་མཚན༔ མི་བདག་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས༔ མགོན་ཁྱོད་རྒྱལ་གསུང་འཁྲུལ་མེད་རྒྱལ་བའི་ལུང་༔ བརྗེད་ངས་བདག་འདྲས་ནོར་དོགས་ཡི་གེར་འགོད༔ འཆི་ཚེ་འཁོར་བར་འཕོ་བའི་ལམ་བརྒྱད་ནི༔ གང་ནས་གང་དུ་འཕོ་བ་ཡིན་ཞེ་ན༔ ༡ མིག་ནི་མི་རུ་འཕོ་བའི་སྒོ་ཡིན་ཞིང་༔ ༢ སྣ་ནི་གནོད་སྦྱིན་དག་ཏུ་འཕོ་བའི་སྒོ༔ སྡོམ་འབྱུང་རྒྱུད་ལས་རྣ་བར་མི་འམ་ཅིར༔ འཕོ་བར་བཤད་ཀྱང་ཧེ་རུ་ཀ་གལ་པོར༔ ༣ རྣ་བ་གཉིས་ནི་གྲུབ་པའི་ལྷ་ཡིན་ཞེས་བཤད༔ ༤ ཁ་ནས་འཕོ་བ་ཡི་དྭགས་གནས་སུ་སྐྱེ༔ ༥ ལྟེ་བ་ནས་འཕོས་འདོད་ལྷ་རིགས་དྲུག་སྒོ༔ ༦ དཔྲལ་བ་ལས་འཕོས་གཟུགས་ཁམས་ལྷ་ཡིན་ཞིང་༔ ༧ ཆུ་ཡི་ལམ་ནི་དུད་འགྲོར་འཕོ་བའི་སྒོ༔ ༨ བཤང་བའི་ལམ་ནས་དམྱལ་བར་སྐྱེ་བར་གསུངས༔ སྤྱིར་བཏང་དེ་ལྟར་སྒོ་བརྒྱད་བཞེད་པའི་སྟེང་༔ སྟེང་ནས་གཟུགས་མེད་ཁམས་སུ་སྐྱེ་གསུངས་པ༔ སྤྱི་བོ་ནས་འཕོ་གཟུགས་མེད་

p. 300

ཁམས་སུ་སྐྱེ༔ སྒོ་རྣམས་ཧྲཱིཿཡིག་དམར་པོ་འབར་བས་བཀག༔ ཡི་གེའི་འོད་ཟེར་དམར་པོ་ཉི་འོད་བཞིན༔ འཕྲོས་པས་བ་སྤུའི་ཁུང་ཀུན་བཀག་པར་བསམས༔ ཡི་གེ་ཡི་དྭགས་ལམ་ལ་ལྕེ་ཆུང་དུ༔ སྒོམ་དགོས་གཞན་མ་རྣམས་ལ་ཐེམས་པ་བཞིན༔ བཀག་པར་བསྒོམས་ཤིང་ཡིག་མགོ་སྒོ་ནང་གཏད༔ སྒོ་གཅིག་དབུ་མའི་ཡར་སྣེ་སྐར་ཁུང་ཐལ༔ མ་བསྒོམས་སངས་རྒྱས་ལམ་ནས་སེམས་ཉིད་འཕོ༔ ཚུལ་འདི་བརྗེད་ཀྱིས་ཕངས་ནས་ལས་རབ་ངས༔ ཟིན་བྲིས་གསལ་པོར་བཀོད་པ་འདི་ཡིས་ནི༔ འགྲོ་ཀུན་མ་བསྒོམས་སངས་རྒྱས་འགྲུབ་པར་ཤོག༔ དགེའོ༔ བཀྲ་ཤིས༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་གནད་ཀྱི་མདོར་བསྟན་གསང་ཁྲིད།

p. 301

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་གནད་ཀྱི་མདོར་བསྟན་གསང་ཁྲིད་བཞུགས༔ འདོད་ཁམས་རང་བཞིན་རྒྱུ་དཔེ་ཉེས་སྤྱོད་ལས༔ གྲོལ་ནས་མྱ་འདས་གོ་འཕང་སྩོལ་མཛད་པ༔ གསུང་མཆོག་བདེ་ཆེན་རྟ་ཕག་ཡབ་ཡུམ་ལ༔ གུས་པས་འདུད་དོ་བྱིན་གྱིས་བརླབ་ཏུ་གསོལ༔ གསང་དབང་རང་ལུས་ཤེར་དབང་གཞན་ལུས་ཏེ༔ མདོར་ན་ལམ་དེའི་རྩ་བའི་གསང་ཁྲིད་བསྡོམས༔ སྔོན་འགྲོ་ཐུན་མོང་བསྐྱེད་རྫོགས་སྤྱི་དང་མཚུངས༔ རྡོ་རྗེ་མེ་དཔུང་སྲུང་གུར་ལྡན་པར་བསྐྱེད༔ ལྷ་སྐུ་སྣང་སྟོང་རིམ་བསྐྱེད་རིམ་བསྡུ་ཕྲ༔ སྟོང་གསུམ་ཁྱབ་དང་ཡུངས་འབྲུ་ཙམ་དུ་སྦྱང་༔ རྩ་གསུམ་འཁོར་ལོ་བཞི་དང་ལྔ་རུ་བསྒོམ༔ རླུང་རོ་དགུ་ཕྲུགས་འབྱིན་འཇུག་སེམས་འཛིན་གཞོལ༔ བར་རླུང་ཐད་དང་ཐུར་མནན་རྒྱབ་འཐེན་ཅན༔ འབྲུ་གསུམ་རུ་བསྐྱིལ་འབྱིན་པར་གོམས་པ་དང་༔ ཨ་ཡི་མེ་ཕྲ་ཁ་དོག་རེག་བྱ་སྒྲ༔ གཡོ་འགུལ་འཁྱུག་དང་ཆེར་མཆོད་འུར་ཆེམ་འཁྲུགས༔ སྣང་བ་ཀུན་ཀྱང་ལྕགས་སྲེག་མེ་དུད་འཐིབས༔ ཉི་མ་དྲུག་རྩུབ་སྡེབ་དང་འབེབས་པའོ༔ འདི་ནི་དྲོད་ཀྱི་

p. 302

ཁྱད་ཆོས་སྦས་པ་ཡིན༔ བདེ་བ་དབབ་ལྡོག་རང་ལུས་ཡིག་རིགས་དང་༔ རིམ་སྦྱང་འཛིན་འདྲེན་བཀྲམ་དང་ལ་བཟླ་བ༔ རུང་གནད་མདུན་མནན་རྒྱབ་འདྲེན་ཁྱད་ཆོས་དང་༔ གསང་བའི་རླུང་འདྲེན་ཚུལ་འདིའི་ཁྱད་པར་གནད༔ མདོར་བསྟན་རྩ་རླུང་སྔོན་འགྲོ་དངོས་གཞི་ཡིན༔ འཁྲུལ་འཁོར་དག་སྦྱང་དལ་མེད་འབད་བརྩོན་གཅེས༔ དེ་ལྟར་ཐབས་ལམ་གསང་ཆོས་མདོར་བཤད་སྡོམ༔ ལས་ཅན་ལམ་འདིར་མོས་པ་རྣམས་ཀྱི་ཕྱིར༔ མཁའ་སྤྱོད་ཙཱ་རི་རང་བྱུང་དྲུང་ཉིད་དུ༔ སྔགས་ཀྱི་གྲུབ་མཐའ་འཛིན་པ་ལས་རབ་ཀྱིས༔ བཀོད་འདིས་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག༔

p. 303

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་གཏུམ་མོའི་ཁྲིད་ཡིག་བདེ་དྲོད་རབ་འབར་བཞུགས་སོ༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཐབས་ལམ་ཕོ་ཉའི་ལམ་ཟབ་ནི༔ དེ་ཡང་རྣལ་འབྱོར་པས་ཆགས་བྲལ་གྲོལ་ལམ་བསྒོམ་པར་བྱ་སྟེ༔ ཆགས་པ་ཅན་ཐབས་ལམ་ལ་འཇུག་པར་བྱའོ༔ དང་པོ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ཚད་དུ་ཕྱིན་པར་སྦྱངས༔ དེ་ནས་ལམ་གང་ཉམས་སུ་ལེན་པའི་ཐོག་རིག་འགྲེའོ༔ ས་མ་ཡཱ༔ ཁྱད་པར་གྱི་སྔོན་འགྲོ་ལ་ལུས་ཀྱི་སྟོང་ར་ནི༔ སྟོང་པའི་ངང་ལས་རང་ལུས་རྡོར་སེམས་སམ་ཕག་མོའོ༔ གསང་བ་ཡེ་ཤེས་འོད་ལས་གྲུབ་པའི་སྐུ་ཅན་ཤ་ཁྲག་རུས་པ་ལས་གྲུབ་པ་མ་ཡིན་པར་རྒྱན་ཆ་ལུགས་དང་བཅས་པ་གསལ་བར་བསྒོམ༔ རྩའི་སྟོང་ར་ནི༔ སྤྱི་བོ་ནས་གསང་གནས་ཀྱི་བར་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྦོམ་ཕྲ་རང་གི་སྲིན་ལག་ཙམ༔ གཡས་རོ་མ་དཀར་པོ་གཡོན་རྐྱང་མ་དམར་པོ༔ དེ་གཉིས་ཕྲ་སྦོམ་གྲོ་སོག་ཙམ༔ མར་སྣེ་ལྟེ་འོག་ནས་དབུ་མ་དང་འདྲེས་པ༔ ཡར་

p. 304

སྣེ་ཀླད་རྒྱ་ནས་སྣ་བུག་ལ་ཟུག་པ༔ རྩ་གསུམ་ཁང་སྟོང་ནང་གི་ཀ་བ་ལྟ་བུར་བསྒོམ༔ ཞོར་ལ་འཁོར་ལོ་བཞིའི་རྩ་ཡང་གསལ་ཙམ༔ རྩ་དེ་རྣམས་སྦུབས་པ་ཧ་རེ་བར་བསྒོམ༔ ཐིག་ལེའི་སྟོང་ར་ནི༔ དབུ་མའི་ཡར་སྣེ་རུས་པའི་དྭངས་མ་ཐབས་ཟླ་བ་དཀར་པོ་ཧཾ་ཡིག་མགོ་ཐུར་དུ་བསྟན་པ་འཐིག་ལ་ཁད་པས་མཚན་པ༔ རྩ་གསུམ་འདུས་མདོར་བདེ་དྲོད་ཤ་ཁྲག་གི་དྭངས་མ་ཤེས་རབ་ཉི་མ་དམར་པོ་ཨ་ཤད་ལྕགས་སྲེག་ལྟ་བུ་དམར་ལམ་པས་མཚན་པ་འདི་གཉིས་ནན་གྱིས་བསྒོམ༔ དེ་ནས་རླུང་སྦྱང་བ་ནི༔ དུག་གསུམ་གྱི་ངོ་བོའི་རླུང་སངས་སངས་དག་པར་བསམས་ཤིང་ཞི་དྲག་རླུང་རོ་དགུ་ཕྲུགས་དྲག་པོ་གསུམ༔ ཞི་བ་གསུམ༔ སྙོམས་པ་གསུམ་དུ་འབུད༔ སོས་དལ་ནས་རླུང་ཕྱིར་དབུལ་བ་དང་ནང་དུ་རྔུབ་པ་ལ་མ་ཡེངས་པར་སེམས་གཞོལ༔ འདི་ལ་ཡུན་བསྲིངས་པས་རླུང་རང་ཤུགས་ཀྱིས་ཟིན་པའི་གནད་དམ་པའོ༔ ཇི་ལྟར་འབྱུང་བ་བཞིན་དུ་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་རྒྱུ་བ་རྣམས་གྲངས་དེ་བཞིན་ཉུང་དུ་འགྲོའོ༔ དེ་འབྱུང་བ་དང་རླུང་རྔུབ་པའི་

p. 305

དུས་རྒྱལ་བ་རྣམས་ཀྱི་བྱིན་རླབས་ༀ་དཀར་པོའི་རྣམ་པར་སིབ་སིབ་ནང་དུ་འཇུག༔ རླུང་གནས་པའི་ཚེ་སྙིང་ཀར་ཨཱཿདམར་པོའི་རྣམ་པར་བསམ༔ རླུང་ཕྱིར་གཏོང་བའི་ཚེ་ཧཱུྃ་སྔོན་པོའི་རྣམ་པར་མང་དུ་འཕྲོས་ནས་སེམས་ཅན་གྱི་དོན་བྱས་པར་བསམ༔ འདིས་ནི་རླུང་ཉི་ཁྲི་ཆིག་སྟོང་གི་འབྱུང་འཇུག་ཐམས་ཅད་འབྲུ་གསུམ་རྡོ་རྗེའི་བཟླས་པར་འགྱུར༔ འཆི་བ་བླུ་བའི་མཆོག་ཏུ་འགྱུར༔ རྒྱུན་དུ་ཐོ་རངས་ཀྱི་ཆར་དེ་ལྟར་ལན་བདུན་ནམ་ཉེར་གཅིག་བསྒོམས་པས་ཡོན་ཏན་དེ་དག་དང་༔ གཞན་ཡང་ཕན་ཡོན་ཆེས་མང་བ་འཐོབ་པོ༔ འདི་ལ་ནན་ཏན་སྦྱང་བ་ནི་ཟབ་གནད་དོ༔ དེ་ལ་རྩལ་འབྱོངས་པར་བྱས་ནས༔ དེ་ནས་སྟེང་རླུང་ཡིད་ཙམ་མནན༔ འོག་རླུང་ཡིད་ཙམ་འཐེན༔ ལྟོ་བ་ཐད་ཀར་བརྒྱང་༔ འདི་ལ་རྒྱུན་གྱི་ཉམས་སུ་ལེན་པའི་མཐིལ་བྱའོ༔ བདེ་དྲོད་ཀྱང་འབྱུང་༔ ཁྱད་པར་དུ་ཐིག་ལེ་འཛིན་འདྲེན་བཀྲམ་གསུམ་ཅིག་ཅར་དུ་རང་དབང་ཐོབ་པ་སོགས་གནད་ཤིན་ཏུ་ཆེ་བའི་རྒྱུ་མཚན་མང་སྟེ༔ ཐབས་འདིའི་ཁྱད་པར་གྱི་སྦས་ཆོས་ཡིན་ནོ༔

p. 306

ས་མ་ཡཱ༔ དངོས་གཞི་ནི་རླུང་དལ་གྱིས་རྔུབ༔ ནེམ་གྱིས་མནན༔ སྟེང་འོག་གི་རླུང་ཁ་སྦྱར༔ དམིགས་པ་ཨ་ཤད་ལས་མེ་རིམ་གྱིས་ཇེ་ཆེར་འབར་བར་དམིགས་པ་གཏད༔ དེ་ཡང་མེ་རེག་བྱ་ཚ་བ༔ ཁ་དོག་དམར་བ༔ རྩེ་མོ་གཡོ་འགུལ་བྱེད་པ༔ ཚག་སྒྲ་དང་ལྷབས་སྒྲ་སོགས་ལ་སེམས་འཛིན༔ རླུང་ཕྱིར་ཡང་དལ་བུས་འཕེན༔ དྲོད་གཙོ་བོར་འདོན་ན་རླུང་ཡང་ཉམས་ཙམ་དྲག་ཏུ་རྔུབ༔ རོ་རྐྱང་གི་རླུང་ཨ་ཤད་ལ་བུས་པས་མེ་རྩ་གསུམ་འཁོར་ལོ་བཞི་ལུས་ཀྱི་ཕྱི་ནང་སྣང་བ་ཐམས་ཅད་དུ་རིམ་གྱིས་བསམ༔ ཅིག་ཆར་དུ་འབར་བའི་མེ་ཡི་རང་བཞིན་མེ་སྒྲ་འུར་འུར་གནམ་ས་བར་སྣང་ཐམས་ཅད་ཚ་ཆིལ་ཆིལ་མེ་དམར་ལྷབས་ལྷབས་མེ་རྩེ་རྣམས་འཐབ་འཁྲུག་གིས་རི་ཀླུང་ལྕགས་སྲེག་གི་རྣམ་པ་ལྟ་བུར་རི་རྩེ་དང་དབྱིངས་ཐམས་ཅད་དུད་པ་ཐིབ་ཐིབ་བསྒོམ༔ རླུང་ཕྱིར་རྩོལ་བའི་ཚེ་ནའང་ཅུང་ཟད་དྲག་པར་བྱའོ༔ འཕྲུལ་འཁོར་ཡང་མེ་ཐབ་དྲུག་ཆིངས་བྱ༔ བསྐོར་རྡེབ་འཕར་སྤྲུག་མཉེ་བསྲུབ་བྱ༔ ཞག་ཉེར་ཅིག་ནས་ཆུ་རས་ཐུབ་བོ༔ བདེ་བ་གཙོ་བོར་འདོན་ན༔ མེ་ཡི་དྲོད་

p. 307

ཀྱིས་ཧཾ་ཡིག་ཞུ་བའི་ཐིགས་པ་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་བབས་པས་དགའ་བཞི་སྐྱེས་པར་བསམ༔ དགའ་བཞི་ངོས་འཛིན་མཐར་ཐིག་ལེ་ཧཾ་ལ་བསྡུ༔ མེ་རྣམས་ཨ་ཐུང་ལ་བསྡུ༔ དེ་ལ་གོམས་ནས་ཡིད་རིག་ལ་བརྟེན་ནས་སྦྱང་༔ དེ་གོམས་ནས་རང་ལུས༔ དེ་གོམས་ནས་ཕྱག་རྒྱ་རྒན་ཆིངས་ཆགས་པ་ཆུང་བ་ལ༔ དེ་གོམས་ནས་ཕྱག་རྒྱ་མཚན་ལྡན་ལུང་བཞིན་བསྟེན༔ ལས་དང་པོ་པས་བདེ་བ་མགོ་གཡོས་ཙམ་ནས་འཛིན་ཟིན་ཙམ་ནས་འདྲེན༔ དྲངས་མ་ཐག་ཏུ་བཀྲམ༔ མཐར་ལ་བཟླ་བས་རྒྱས་གདབ་བོ༔ འདི་ནི་ཉོན་མོངས་ལམ་གྱི་མན་ངག༔ གསང་སྔགས་ཟབ་མོའི་མྱུར་ལམ་གྱི་མཐར་ཐུག་པའོ༔ ས་མ་ཡཱ༔ རྫོགས་པ་ཆེན་པོའི་ལམ་སྟེགས་གསང་སྔགས་ཀྱི་ལམ་མཆོག་གཏུམ་མོའི་གདམས་པ་འདིའི་དམ་ཚིག་ཏུ༔ ཁ་ཚ་རུལ་གསུམ་སྤང་༔ ཐིག་ལེ་མ་ཉམས་པར་བྱ༔ དཀོར་སྒྲིབ་རྩོག་གྲིབ་ལ་འཛེམ༔ གསང་ཞིང་གཞན་གྱིས་མ་མཐོང་བར་བྱ༔ བརྩོན་འགྲུས་ཡང་དག་པ་དང་ལྡན་པའི་སྤྱོད་ཡུལ་དམ་པ་བླ་མ་མཁའ་འགྲོའི་ཐུགས་ཐིག༔ ས་མ་ཡཱ༔

p. 308

རྒྱ་རྒྱ་རྒྱ༔ བཀའ་སྲུང་དམ་ཅན་གནོད་སྦྱིན་དམར་པོས་སྲུངས་ཤིག༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་གྱི་མན་ངག་བཀའ་རྒྱ་ཅན།

p. 309

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་གྱི་མན་ངག་བཀའ་རྒྱ་ཅན་བཞུགས་སོ༔ བདེ་ཆེན་དང་པོའི་སངས་རྒྱས་སྐུ་ལ་འདུད༔ ཆགས་བྲལ་ཚངས་སྤྱོད་མ་ནིང་སོགས་གྲོལ་ལམ་གཙོར་འདོན་ཉམས་སུ་ལེན༔ འདོད་ཆགས་ལྡན་པ་ཆགས་ལམ་ལ་སྦྱོར་བ་གཅེས༔ མྱུར་ལམ་སྟེང་སྒོ་རྣམ་གྲོལ་འཕོ་བ་དང་༔ འོག་སྒོ་འདོད་ཆགས་བདེ་ཆེན་རང་གྲོལ་ལས་ཐབས་ལམ་བདེ་ཆེན་རང་གྲོལ་ནི༔ རང་ལུས་དང་ནི་ཡིད་རིག་ལ་བརྟེན་ནས༔ བདེ་བ་སྐྱེས་ཙམ་ནས་འཛིན་འདྲེན་བཀྲམ་གསུམ་ལ་བཟླ་ཁོ་ནར་སྦྱངས་ནས་འབྱོངས་པ་གལ་ཆེ༔ ཡུལ་རིག་མ་མཚན་ལྡན་ལ་རོ་ཙ་ཆགས་ཅན་སྤྱོད་པ་དབེན་ཞིང་མཚམས་དམ་པོའི་ཁོངས་སུ་བྱའོ༔ བདེ་བ་སྐྱེས་ཙམ་ན་དལ་བུས་ཁོང་གློད་པ་གནད་དོ༔ འདོད་ཆགས་མི་སྤང་ལམ་དུ་ཁྱེར༔ རྩ་རླུང་འབྱོངས་ནས་གོ་བ་ལམ་དུ་མ་བསླངས་ན་རལ་གྲི་ཡོད་ཀྱང་གཅོད་པའི་ལས་མ་བྱས་པ་ལྟ་བུའོ༔ འཛིན་འདྲེན་བཀྲམ་གསུམ་ནུས་ཀྱང་བདེ་བ་ཏིང་ངེ་འཛིན་གྱིས་མ་ཟིན་ན་སངས་རྒྱས་སྒྲུབ་པའི་ལམ་དུ་མི་འགྱུར༔ འབྲས་བུ་

p. 310

བཅད་པའི་རྟ་གླང་གི་སྤྱོད་པ་ལྟ་བུའོ༔ བདེ་བ་སངས་རྒྱས་ཀྱི་འབྲས་བུ་ཡིན་པས་སྤང་དུ་མི་རུང་༔ སྡུག་བསྔལ་སེམས་ཅན་གྱི་ལས་ཡིན་པས་འདོད་ཀྱང་ཡོན་ཏན་ལ་སྤྱོད་དུ་མེད་པ་ཡི་དྭགས་སོ༔ དེ་བས་འདོད་ལྡན་དགའ་བ་མཆོག་གི་དོན་ལ་རྟག་ཏུ་བརྩོན༔ འདོད་ཆགས་ཇི་ལྟར་ཆེ་བ་བཞིན་དུ་བདེ་བ་ཆེ༔ བདེ་བ་ཇི་ལྟར་ཆེ་བ་བཞིན་དུ་ཡེ་ཤེས་ཆེ༔ བདེ་བ་བརྗོད་མེད་དཔེ་ཡི་ལམ་ལ་བརྟེན༔ ཡེ་ཤེས་བརྗོད་མེད་དོན་ཉིད་ཚད་ཕེབས་སུ་བྱུང་བ་རྡོ་རྗེའི་ཐེག་པའོ༔ དབབ་ལ་མཁས་པ་དལ་བུས་སྤྱོད༔ བདེ་བ་སྐྱེས་ཙམ་ཉིད་ནས་ངོ་བོའི་སྟེང་དུ་འཇོག༔ འཛིན་པའི་རླུང་གནད་བར་རླུང་ནེམ་མོའམ༔ བར་རླུང་མདུན་དུ་ཕུལ་ནན༔ རྒྱབ་རླུང་གྱེན་དུ་འཛིན་ཁྲེ མས་ཀྱི་གནད་དུ་གཅེས་སོ༔ སྦྱོར་བ་དྲུག་ལྡན་འགྲེམ་གྱི་གནད་ཟབ་མོའོ༔ འཕར་སྤྲུག་རྡེབ་གསུམ་བསྐོར་བ་བཀྲམ་པའི་མན་ངག་གཡང་མོའི་སྤྲུག་གམ༔ སེང་གེ་རྣམ་རོལ་ལམ༔ འདེབས་ཆེན༔ སྲིན་ལག་ལ་ལུས་ལྗིད་ཕབ་པ་སོགས༔ གང་ལ་སྦྱོང་ཆེ་བའི་བཀྲམ་གྱི་འཕྲུལ་འཁོར་ལ་ནན་གྱིས་བྱའོ༔ བདེ་བ་བསྐྱིལ་

p. 311

ཡུན་རིང་ན་དྭངས་མ་ཆུ་དང་འགྲོགས་ནས་འཆོར༔ ཐིག་ལེ་ཟིན་དང་འདྲེན་ནུས་ཀྱང་བཀྲམ་མ་ཐུབ་ན་ནད་དུ་འགྱུར༔ རྩ་ཆུ་མ་བཏང་བསྟན་པ་འཕྲུལ་འཁོར་བྱས་ན་སྙིགས་མ་རྩ་ལ་ཁྲེམས་ནས་ནད་དུ་འགྱུར༔ དབབ་རྟགས་དྲོད་དང་བདེ་བ་སྐྱེས༔ ཟིན་རྟགས་ཐིག་ལེ་མི་འཆོར༔ འགྲོགས་པའི་རྟགས་རྡོ་རྗེའི་ངར་འཆོར་བདེ་བ་ཡལ༔ སྨད་སྟེང་ཕྱམ་ཕྱམ༔ སྟེང་དུ་བརྫང་དང་རྡུལ་རླངས་འཕྱུར༔ གལ་སྲིད་སྐྱུགས་པ་བྱུང་ན་ཐིག་ལེ་ཉམས་པར་འགྲོ་སླར་མིད༔ ལ་བཟླ་དབུགས་རྒྱུ་མི་ཚོར་གན་སྐྱལ་ཡན་ལག་བརྐྱང་༔ ལུས་སེམས་ཁོང་གློད༔ མིག་ལྷོག༔ ལྔ་བའི་ངང་དུ་ཡུན་རིང་གནས་པར་བྱའོ༔ བཀྲམ་པའི་གནད་ཤིན་ཏུ་ཟབ་པ་སེམས་རྟོག་མེད་དུ་གནས་པ་ཁོ་ན་ཁེག་ཆེའོ༔ ལར་སངས་རྒྱས་པའི་ལམ་དུ་འགྱུར་བ་དང་༔ འཛིན་འདྲེན་བཀྲམ་གསུམ་ཐམས་ཅད་ལ་བུད་མེད་ལ་བརྟེན་པའི་བདེ་བ་ཐམས་ཅད་ཏིང་ངེ་འཛིན་ཁོ་ན་ལས་མ་འདས་པ་ཟབ་ཅིང་༔ ལུས་དང་རྩ་དང་ཐིག་ལེའི་དམིགས་རྩོལ་མི་དགོས་སོ༔ འདི་ནི་དྲི་མས་དྲི་མ་བཀྲུ་བ་དུག་གིས་

p. 312

དུག་སེལ་བ་བཞིན་སྔགས་ཀྱི་ཁྱད་ཆོས་སོ༔ སྔགས་ཞེས་པའི་ཐ་ཚིག་འདོད་པ་སྤྱད་པའི་བདེ་བ་ཉམས་ལེན་གྱིས་ཟིན་པ་ལ་ཟེར༔ གྲོལ་ཚད་ནི་ཚེ་འདིར་ཐིག་ལེའི་ཡོན་ཏན་བཀྲག་མདངས་དང་ཚེ་རིང་ནད་མེད་སོགས་མང་དུ་འབྱུང་༔ ཏིང་འཛིན་གྱི་ཡོན་ཏན་མངོན་ཤེས་བརྟུལ་ཞུགས་འབྱོངས༔ གྲོལ་ཚད་རབ་དཀར་ལམ་དམར་ལམ་དུས་བདེ་བ་འཆར་བ་ཏིང་ངེ་འཛིན་གྱིས་རྒྱས་ཐེབས་ནས་དེ་ཉིད་དུ་སངས་རྒྱས༔ འབྲིང་ཆོས་ཉིད་བར་དོར་ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུ་ཡབ་ཡུམ་ལ་བག་ཆགས་སོང་ནས་གྲོལ༔ ཐ་མ་སྲིད་པ་བར་དོར་ཕོ་མོ་ཆགས་པའི་ཉིང་མཚམས་སྦྱོར་བའི་ཆགས་པ་ཏིང་ངེ་འཛིན་གྱི་བག་ཆགས་ཀྱིས་ཟིན་ནས་སྤྲུལ་སྐུར་ངེས་པ་རྙེད་ངེས་སོ༔ ལར་རླུང་གི་རྣལ་འབྱོར་བ་ཉམས་རྟོགས་འཕེལ༔ ལུས་སེམས་བདེ༔ དགེ་སྦྱོར་ལས་སུ་རུང་བའི་ཉམས་ནམ་བྱུང་བའི་དུས་སྲོག་ཅེས་རླུང་ནང་དུ་ཡང་ཡང་འཛིན་པ་དངོས་གྲུབ་ཀྱི་གནད་དོ༔ སེམས་འཁྲུགས་པ༔ ཡིད་མི་བདེ༔ རླུང་རྒོད༔ ཏིང་ངེ་འཛིན་ལས་སུ་མི་རུང་༔ རྣམ་རྟོག་སོགས་ལྟས་མི་དགེ་བ་ནམ་

p. 313

བྱུང་དུས་རྩོལ་བ་ཞེས་རླུང་ཕྱིར་འཕུལ༔ ཧ་སྤྲུག་བྱས་པས་གེགས་དང་བར་ཆད་ཕྱིར་འདོན་པའི་གནད་དོ༔ བཀའ་འདི་དམ་ཅན་ཤན་པ་དམར་པོས་སྲུངས་ཤིག༔ ས་མ་ཡཱ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ཀྱི་གནད་ཡིག་གི་རིམ་པ།

p. 314
p. 315

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་ཕོ་ཉའི་ཟབ་ཁྲིད་ཀྱི་གནད་ཡིག་གི་རིམ་པ་བཞུགས་སོ༔ རྡོ་རྗེ་འཛིན་མཛད་དཀྱིལ་འཁོར་རྒྱ་མཚོའི་གཙོ༔ ཀུན་བཟང་ཐེག་མཆོག་རྒྱ་མཚོའི་ཞབས་ལ་འདུད༔ མཁས་གྲུབ་ཕལ་གྱི་གསུང་ལས་མི་འབྱོན་པའི༔ སྙན་བརྒྱུད་ཌཱཀྐིའི་གསང་ཚིག་ཟབ་ལམ་ནི༔ ཡེ་ཤེས་འཆལ་པོ་ལམ་དུ་འགྱུར་ཐབས་བཤད༔ མདོ་སྔགས་ལམ་ལ་སྤྱོད་པ་མིན་ན་ཡང་༔ ཐོ་རངས་སྐྱབས་འགྲོ་སེམས་བསྐྱེད་ནན་དུ་བྱ༔ དེ་ལྟར་བསྒོམས་པས་ཕན་ཡོན་ཅི་ཞེ་ན༔ སེམས་ཅན་འཆི་དང་བརྒྱལ་དང་གཉིད་ལོག་དང་༔ གླལ་དང་སྦྲིད་དང་འཁྲིག་པའི་དུས་སུ་ནི༔ དབུ་མར་རླུང་འདུས་མི་རྟོག་ཅུང་ཟད་སྐྱེ༔ ངོས་མ་ཟིན་ཕྱིར་ཡེ་ཤེས་འཆལ་པོར་བཏགས༔ མི་རྟོག་དེ་ཉིད་གཞིར་བྱས་བླ་མ་ཡི༔ མན་ངག་དག་ནི་ཡང་ཡང་གོམས་བྱས་པས༔ འཆི་བའི་དུས་སུ་ལམ་གྱི་ཆོས་སྐུ་དང་༔ བར་དོར་གྲུབ་ཚེ་ལམ་དུས་ལོངས་སྐུ་དང་༔ སྐྱེ་བ་ལེན་ཚེ་ལམ་དུས་སྤྲུལ་པའི་སྐུ༔ མངོན་དུ་བྱེད་ནུས་བྱེད་ན་བླ་ན་མེད༔ དེ་མ་ནུས་ཀྱང་རིག་འཛིན་སར་སྐྱེས་ནས༔ རིམ་

p. 316

གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི༔ ཐེ་ཚོམ་མེད་པའི་གསང་ཚིག་དམ་པའོ༔ བྱིས་པ་བཙས་ནས་ཞག་ལྔའི་ནང་དུ་ནི༔ དབུ་མར་རླུང་ཚུད་རྟོག་བྲལ་ངང་དུ་གནས༔ དུས་འདི་རྣམས་སུ་དབུ་མར་རླུང་འདུ་བའི༔ གནད་ཡིག་མཁའ་འགྲོའི་ཞལ་གདམས་དྲི་མེད་འདི༔ ཆང་རྒན་ལས་རབ་རྩལ་གྱིས་བཀོད་པའོ༔ མངྒ་ལཾ༔

རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་གཏུམ་མོའི་མན་ངག

p. 317

࿅༔ རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་གཏུམ་མོའི་མན་ངག་བཞུགས་སོ༔

p. 318

རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབསཿ མ་དང་མཁའ་འགྲོ་རྣམས་ཀྱི་བཀའ་ཡིས་གནང་༔ ཆོས་སྐྱོང་སྲུང་མས་བདུད་དང་བར་ཆད་བཟློག༔ ཡར་རླུང་ཉུང་ཟད་ཆུང་ངུ་སྒྲ་མེད་པར་འཇམ་པོར་བརྔུབས་ནས་སྟོད་དུ་མ་ལུས་པར་ལྟོ་བར་བསྐྱིལ༔ སྟེང་རླུང་མ་ནོན་ན་ཨིག་བུ་འབྱུང་༔ མགོ་ན༔ འོག་རླུང་གྱེན་དུ་འཕུལ་མ་ཐུབ་ན་འོག་རླུང་འཆོར༔ ཕོ་བ་ན༔ ཟས་མི་འཇུ༔ ལར་རླུང་བཏང་ནས་རྗེས་ཐོབ་ཏུའང་ཨིག་བུ་དང་འོག་རླུང་མི་གཏོང་བར་བྱའོ༔ རླུང་དྲག་

p. 319

པོ་མང་དུ་བརྔུབས་པས་སྣོད་ཆུང་ངུར་བཅུད་མང་པོ་མི་ཤོང་བ་ལྟ་བུར་ལུས་ལ་གཟེར་འབྱུང་༔ རླུང་མི་ནོན༔ འཕྲོ་སྐྱུར་དགོས་པ་འབྱུང་སྲིད་པས་དེས་ན་རླུང་སྒྲ་མེད་པའི་འཇམ་པོ་རྔུབ༔ ཡུན་ཐུང་བའི་ཆུང་ངུ་ལ་ལས་དང་པོ་པ་རྣམས་བསླབ་པ་གལ་ཆེ༔ དཔེར་ན་སྣོད་ཆུང་ངུལ་བཅུད་ཉུང་ངུར་བླུགས་པ་ཚད་རན་པ་ལྟ་བུར་རླུང་ཟིན་པར་འགྱུར་བས་ན་གནད་ཆེའོ༔ སྒལ་ཚིགས་དྲང་པོར་བསྲངས་ནས་རླུང་འཛིན་པ་གལ་ཆེ༔ ནང་དུ་སྒུར་ནས་རླུང་བཟུང་ན་ལུས་སྒུར་འགྲོ༔ ལུས་དགྱེ་ནས་རླུང་བཟུང་ན་ལུས་དགྱེ་

p. 320

བོར་འགྲོ་ཞེས་གསུངས་སོ༔ རླུང་ནང་དུ་རྔུབ་བམ་ཕྱི་རུ་གཏོང་བའི་དུས་རླུང་ཡན་དབུགས་ཁས་མ་ཆོད་པ་དགོས༔ རྔུབ་ཚད་བསྐྱིལ་ཚད་གཏོང་ཚད་མཉམ་དགོས་པར་གསུངས་ཀྱང་བསྐྱིལ་ཡུན་རིང་རིང་གཙོ་བོར་བྱེད་པ་མན་ངག་ཡིན༔ རླུང་གི་གདམས་པ་ཆག་མེད་དུ་རླུང་ཁུག་བརྒྱའམ་ལྔ་བཅུ་སུམ་ཅུ་ཉེར་གཅིག་སོགས་སྐབས་སུ་གང་བབ་ཆག་མེད་དུ་འཛིན་པ་ནི་གལ་ཆེ༔ རེས་བསྒོམས་རེས་མ་བསྒོམས་བྱས་པས་ནི་དྲོད་རྟགས་མི་འབྱུང་ངོ་༔ ཞག་རེ་ཙམ་ཆག་ཀྱང་མི་འགལ་མོད༔ རྔུབ་པ་དང་གཅིག༔ བསྐྱིལ་བ་དང་གཉིས༔ རླུང་ཕྱིར་འབྱིན་པ་དང་གསུམ་ལ་ཁུག་པ་གཅིག་བརྩིའོ༔ སྲོག་རྩོལ་ཞེས་པའི་དོན༔ རྔུབ་པ་སྲོག་ལྟ་བུ་གཅེས་གནད་ཟབ་མོ༔ རྩོལ་བ་ཞེས་ལྷོད་པོ་སང་བའི་ཚིག་སྲོག་ལ་ངོས་འཇོག༔ རླུང་སྦྱོར་བ་བཞི་ལྡན་ནི༔ རྔུབ་དང་དགང་དང་གཞིལ་དང་མདའ་ལྟར་འཕེན༔ ཅེས་གསུངས་ཀྱང་༔ འཁྲུལ་འཁོར་གྱི་སྔོན་དུ་གཡས་སུ་བཅག་གཡོན་དུ་རེ་རེ་བཅག་ཀྱང་ཆོག་པ་དེ་འདྲ་གསུམ་རེ་བྱེད་པ་མ་གཏོགས་རླུང་གཞུང་ཉམས་སུ་ལེན་ཚེ་མི་གཞིལ༔

p. 321

མདའ་ལྟར་འཕེན་གསུངས་ཀྱང་༔ དྲོད་ཀྱི་བོགས་འདོན་དུས་དྲོད་འབྱུང་ཕྱིར་དྲག་པོར་འཕེན་པ་ལས༔ རྒྱུན་གྱི་ཉམས་ལེན་ལ་རླུང་དྲག་པོར་འཕངས་ན་ཚེ་ལ་གནོད་པས་ན་འཇམ་པོར་རྩོལ་བ་མན་ངག༔ རླུང་གཡས་ཕོ་ནས་རྒྱུ་དུས་ཚ་ཤས་ཅན་གྱིས་སྤངས༔ གྲང་བ་ཅན་གྱིས་དེ་དུས་བསྒོམ༔ གཡོན་མོ་ནས་རྒྱུ་དུས་གྲང་ཤས་ཅན་གྱིས་སྤངས༔ ཚ་ཤས་ཀྱི་ཁམས་ཅན་གྱིས་ཉམས་སུ་ལེན༔ སྣ་བུག་གཉིས་ཀ་ནས་རླུང་རྒྱུ་དུས་ལུས་འབྱུང་བ་ཆ་མཉམ་པའི་བསྒོམ་པར་བཤད་ཅིང་༔ འདི་ལ་རླུང་བཟུང་ན་ཡོན་ཏན་ཆེ་བའི་བཤད་པ་རྒྱུད་ན་ཡོད༔ ཐོ་རངས་དང་སྲོད་ནི་རླུང་འཛིན་པའི་དུས་ཡིན༔ ནམ་གུང་དང་ཉིན་གུང་ནི་དུས་མིན་ནོ༔ དེས་ན་དུས་ཤེས་པར་བྱོས་ཤིག༔ རླུང་དང་པོ་བསླབས་ནས་སྦྱང་དུས་ལུས་ལ་ནད་གཞི་གང་ཡོད་དེ་ལ་ཕོག་ནས་ནད་རེ་བསླང་འོང་༔ བར་དུ་ནད་ཞི༔ ཐ་མ་འབྱུང་བ་སྙོམས་པས་སྨན་ལྟ་བུར་འགྱུར༔ རྡོ་རྗེ་ལུས་ཀྱི་རྫོགས་རིིམ་གནས་པ་རྩ༔ གཡོ་བ་རླུང་༔ བཀོད་པ་ཡི་གེ༔ དེ་ལ་ལུས་ལྷར་བསྒོམས་པས་སྤྲུལ་སྐུ་ཐོབ༔

p. 322

རྩ་བསྒོམས་པས་ལོངས་སྐུ་ཐོབ༔ ཡི་གེ་འབར་འཛག་གིས་ཆོས་སྐུ་ཐོབ༔ རླུང་དབུ་མར་ཚུད་ནས་རླུང་སེམས་དབྱེར་མེད་དག་པས་ལམ་དབུ་མར་དེངས་པས་ངོ་བོ་ཉིད་སྐུ་ཐོབ༔ རྩ་མ༔ རླུང་ཕ༔ བྱང་སེམས་སྲས་ཏེ༔ ཐབས་ཤེས་དབྱེར་མེད་པའི་ཡེ་ཤེས་སྲས་བདེ་ཆེན་དུ་འཆར་རོ༔ རླུང་སྦྱངས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཉི་མ་ཤར་བ་ལྟར་སངས་ཀྱིས་བྱང་ཞིང་འདག་གོ༔ བསྐྱེད་རྫོགས་ཀྱི་ཉམས་རྟོགས་ཡོན་ཏན་ཐམས་ཅད་མེ་ཏོག་ལ་རླན་གྱིས་བྲན་པ་ལྟ་བུར་འགྱུར་རོ༔ ཡང་ཟབ་པའི་མན་ངག་ནི༔ སྟེང་རླུང་བརྔུབས་ནས་མར་མནན༔ འོག་རླུང་གྱེན་ལ་འཐེན་ནས་གཉིས་ཀ་ལྟོ་བར་བཅིངས་པ་ནི་སྟེང་འོག་གི་རླུང་ཁ་སྦྱོར་ནས་བཟུང་བས་རླུང་ཁ་སྦྱོར་ཡང་ཟེར་ལ༔ ལྟོ་བའི་བུམ་པ་དགང་བས་ན་བུམ་པ་ཅན་ཡང་མིང་དུ་འདོགས་སོ༔ དམ་ཚིག་གཙོ་ཆེ་བ་ཐིག་ལེ་མི་ཉམས་པར་གལ་ཆེ༔ དམ་ཉམས་དང་ཚོགས་འདུ་ཆེན་པོ་སོགས་མི་མང་གསེབ་ཏུ་རྩ་ལ་གྲིབ་ཀྱིས་ཕོག་དོགས་ཡོད་པས་རླུང་མི་འཛིན༔ ཟས་སྤྱོད་ཆང་སྐྱུར་སྔོ་ཚོད་རིགས་མ་སྨིན་པའི་

p. 323

རྗེན༔ ཚ་སྒོག་རུལ་བ་དང་རྙིང་པ་འཛེམ༔ ཤ་ཆང་གསར་པ་དཀར་མངར་བཅུད་ནུས་ཅན་གྱི་རིགས་བརྟེན་པས་ཡོན་ཏན་འབྱུང་ངོ་༔ རླུང་ཟིན་རྟགས་རླུང་སྲོག་རྩོལ་དུས་སྒྲ་མེད་པར་རང་དབང་ཆོད་ནས་འབྱུང་འཇུག་ནུས་པ་ནི་རླུང་འབྱོངས་པའོ༔ ཕོ་བ་བུམ་པའི་དབྱིབས་སུ་ཇེ་ཆེར་འགྲོ་བ་ཕྱི་རྟགས༔ ནང་རྟགས་ཟས་གང་ཟོས་འཇུ་བ༔ གསང་རྟགས་རླུང་ཡུན་རིང་པོར་ཟིན་པ་དང་༔ རླུང་ཇེ་རིང་ལ་འགྲོ་བའོ༔ དང་པོ་ལུས་གནད་མ་འཁྲུགས་པ་དང་རོ་སྟོད་བརྒྱང་བས་སྨད་དུ་མི་བདེ་བ་སོགས་གང་བྱུང་ཡང་དེ་ཀ་དགག་སྒྲུབ་མེད་པར་ཉམས་སུ་བླངས་པས་ལམ་དུ་འགྲོ་སྐྱོན་མི་འབྱུང་༔ བར་དུ་འདོད་ཆགས་དུས་བདེ་བའི་བོགས་ལ་འབད་དོ༔ ཐ་མ་དུ་བ་སྨིག་རྒྱུ་མེ་ཁྱེར་དང་སྐུ་སོགས་མཐོང་སྣང་དང་མངོན་ཤེས་ལམ་རྟགས་ཀྱི་ཡོན་ཏན་མང་པོ་བརྗོད་ཀྱིས་མི་ལང་བ་འབྱུང་ཿ དེ་ཡི་དུས་ང་རྒྱལ་དང་དགའ་སྣང་སྡུག་སྣང་ཆགས་འཛིན་སོགས་གང་གིས་ཀྱང་མ་གོས་པ་བྱ་ཟབ་ཟབ༔ ཚ་བའི་ནད་ཐམས་ཅད་ལ་གང་ན་བའི་འཁོར་ལོའི་རྩ་ནང་དུ་ཡི་

p. 324

གེ་ༀ་དཀར་པོ་དམིགས༔ དེ་ལས་བདུད་རྩིའི་བསིལ་རྒྱུན་བབ་པར་དམིགས་ནས་རླུང་འཛིན༔ གྲང་བ་དང་བད་ཀན་མེ་དམིགས་གཙོ་བོར་བྱས་ནས་རླུང་འཛིན༔ རྨ་མ་གཏོགས་པའི་ནད་ཐམས་ཅད་རླུང་གིས་སྦྱོང་མི་ནུས་པ་མེད་དོ༔ རླུང་གཞུང་ནད་ལ་བཟང་མོད༔ ཁྱད་པར་དུ་ནད་ལ་འཁྲུལ་འཁོར་བྱེད་པ་གལ་ཆེ༔ བྱེ་བྲག་ལུས་གནས་གང་ན་བ་དེའི་འཁྲུལ་འཁོར་གཙོ་བོར་བྱའོ༔ སརྦ་མངྒ་ལཾ༔ ལས་རབ་རྩལ་གྱིས་སོ༔

ཐབས་ལམ་གཏུམ་མོའི་མན་ངག

p. 325

࿅༔ ཐབས་ལམ་གཏུམ་མོའི་མན་ངག་བཞུགས༔ རྒན་པོ་ཆགས་བྲལ་ཏིང་འཛིན་གཙོ་བོ་ཉིད༔ ཆགས་ཆེན་ཉོན་མོངས་ལམ་ཁྱེར་ཐབས་ལམ་བྱ༔ ཡབ་ཡུམ་ལྷ་སྐུར་གསལ་བ་ཅི་འདྲ་ན༔ ནམ་མཁར་འཇའ་ཚོན་ཤར་བ་ལྟ་བུ་སྟེ༔ སྣང་སྟོང་ཟུང་དུ་འཇུག་པའི་མཚན་ཉིད་དོ༔ ཐིག་ལེ་ཐུར་དུ་དབབ་པ་ཅི་འདྲ་ན༔ སྟོན་གྱི་ཁ་བ་བབས་པ་ལྟ་བུ་སྟེ༔ རིམ་གྱིས་མར་མར་བབས་པའི་མཚན་ཉིད་དེ༔ ཐིག་ལེ་འཛིན་པའི་དཔེ་ནི་ཅི་འདྲ་ན༔ རྫིང་གི་ཨུར་མོ་བཀག་པ་ལྟ་བུ་སྟེ༔ བསྐྱིལ་ཞིང་འཕོ་རལ་མེད་པའི་མཚན་ཉིད་དོ༔ ཐིག་ལེ་གྱེན་དུ་འདྲེན་པ་ཅི་འདྲ་ན༔ སྨྱུག་སྦུབས་ནང་ནས་ཆུ་འདྲེན་ལྟ་བུ་སྟེ༔ རྔུབས་ཤིང་རྔུབས་ཤིང་འཇིབ་པའི་མཚན་ཉིད་དེ༔ ཐིག་ལེ་གྱེན་དུ་ལྡོག་པ་ཅི་འདྲ་ན༔ ར་སྣར་འུར་རྡོ་ཕོག་པ་ལྟ་བུ་སྟེ༔ འཁོར་ལོ་ལྔ་ལ་ཡར་འདེད་མཚན་ཉིད་དོ༔ ཐིག་ལེ་ལུས་ལ་བཀྲམ་པ་ཅི་འདྲ་ན༔ སྦྱིན་ཤུགས་ཅན་གྱིས་ཡོ་ལང་འགྱེད་པ་དང་༔ ཞིང་པས་ཞིང་ལ་ཆུ་བཀྱེ་ལྟ་བུ་སྟེ༔ ཀུན་ལ་ཁྱབ་པར་བྱས་པའི་མཚན་ཉིད་དོ༔ མི་རྟོག་ལ་བཟླ་དགོས་པ་ཅི་འདྲ་ན༔ ཆད་པ་ངལ་

p. 326

བསོ་ལྟ་བུའི་ངང་དུ་གློད༔ ནམ་མཁའ་རྐྱེན་བྲལ་ལྟ་བུའི་མཚན་ཉིད་དོ༔ གསང་སྔགས་ནང་པའི་དབང་གསུམ་དོན་བསྡུས་ཏེ༔ ཆང་རྒན་གུ་ཡངས་བག་མེད་སྤྱོད་པ་ཅན༔ ཁྲག་འཐུང་ལས་རབ་རྩལ་གྱིས་བཀོད་པ་ཡིས༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ༔ མངྒ་ལཾ༔

རྩ་རླུང་ཐིག་ལེའི་རྣམ་བཤད།

p. 327

࿅༔ རྩ་རླུང་ཐིག་ལེའི་རྣམ་བཤད་ནི༔ དབུ་མ་དང་ནི་རོ་རྐྱང་ངོ་༔ དབུ་མའི་མཚན་ཉིད་བཞི་ལྡན་ནི༔ དྲང་བ་ཆུ་ཤིང་སྡོང་པོ་འདྲ༔ གསལ་བ་ཏིལ་གྱི་མར་མེ་འདྲ༔ དམར་བ་རྒྱ་སྐེག་ཁུ་བ་འདྲ༔ སྲབ་པ་པདྨའི་འདབ་མ་འདྲ༔ རོ་རྐྱང་དང་ནི་འཁོར་ལོ་ལྔ༔ མཚན་ཉིད་བཞི་ནི་འདི་ལྟ་སྟེ༔ དྭངས་པ་སྲབ་པ་མཉེན་པ་དང་༔ ཁྲག་དང་ཆུ་སེར་མེད་པའོ༔ རླུང་གི་སྦྱོར་བ་བཞི་ལྡན་ནི༔ རྔུབ་དང་དགང་དང་སྐྱིལ་བ་དང་༔ མདའ་ལྟར་འཕེན་དང་བཞི་པོའོ༔ ཐིག་ལེའི་མཚན་ཉིད་ལྔ་དག་ནི༔ གསལ་ཞིང་དག་པ་ནམ་མཁའི་ཁམས༔ སྣུམ་ཞིང་འདྲིལ་བ་ཆུ་ཡི་ཁམས༔ རྩུབ་ཅིང་འཚེར་བ་ས་ཡི་ཁམས༔ དྲོ་ཞིང་རྣོ་བ་མེ་ཡི་ཁམས༔ ཡང་ཞིང་གཡོ་བ་རླུང་གི་ཁམས༔ ཞར་བྱུང་འཕོ་བའི་མཚན་ཉིད་གསུམ༔ བྱིན་རླབས་ཀྱིས་ནི་འཕོ་བ་དང་༔ རྫས་ཀྱི་སྦྱོར་བས་འཕོ་བ་དང་༔ མན་ངག་ཐབས་ཀྱིས་འཕོ་བའོ༔ འདི་ཡང་ཕྲིན་ལས་ཞལ་གདམས་ཡིན༔ དང་པོའི་སངས་རྒྱས་རྒྱལ་བ་མཐུ་ཆེན་དེས༔ འདོད་ཁམས་སེམས་ཅན་ཆགས་པ་ཉིད་ལས་གྲུབ༔ སྤངས་པས་མ་རྙེད་ཡི་དྭགས་ཟས་སྲེད་

p. 328

དཔེ༔ སྤྱད་པས་མ་གྲོལ་འདོད་ཁམས་རང་བྱས་ངང་༔ ཐབས་ཀྱི་གྲོལ་དང་མྱུར་ལམ་དགེ་བར་གཟིགས༔ ཐུབ་པའི་དབང་པོ་རྡོ་རྗེ་འཆང་དུ་བཞེངས༔ སྐལ་ལྡན་སློབ་མ་ཨིནྟྲ་བྷོ་དྷི་ལ༔ ཟབ་ཅིང་རྒྱ་ཆེའི་གསང་སྔགས་མཐའ་ཀླས་བཤད༔ དེ་ཡི་ཐབས་ལམ་དབང་གསུམ་ཟིན་བྲིས་ནི༔ ཨོ་རྒྱན་སློབ་མ་དཀོན་མཆོག་འབྱུང་གནས་ལ༔ དྲིས་ན་མི་སྨྲ་ཨ་རག་ཞོར་ལས་སྒྲོག༔ མཚན་ལྡན་རིག་མ་ལམ་གྱི་མཆོག་གྱུར་མ༔ དང་པོའི་བྱ་བས་དགའ་བའི་ཡེ་ཤེས་སྦྱིན༔ ཞེ་སྡང་ལས་གྱུར་རྟོག་པ་སུམ་ཅུ་འགགས༔ གཡོ་བར་བྱེད་པའི་བྱ་བ་གཉིས་པ་ཡིས༔ མཆོག་ཏུ་དགའ་བའི་ཡེ་ཤེས་མངོན་དུ་བྱེད༔ འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགགས༔ མཉམ་པའི་རོ་ལས་དགའ་བྲལ་ཡེ་ཤེས་ངོམས༔ གཏི་མུག་ལས་གྱུར་རྟོག་པ་བདུན་པོ་འགགས༔ སྤང་ཐོབ་དགྲ་བཅོམ་ལས་ལྷག་དགེ་སློང་མཆོག༔ ཤིན་ཏུ་སྦྱངས་སྟོབས་ལྷན་སྐྱེས་དགའ་བ་སྟེ༔ སྐྱེ་དང་སྤྱོད་དང་འཆི་ཁའི་དུས་ཀྱི་ནི༔ ཉམས་ཀྱི་དགའ་དང་དོན་གྱི་རིག་པར་གནས༔ འཁོར་བ་མ་སྤངས་སྔགས་ཀྱི་ཁྱད་ཆོས་དང་༔

p. 329

ཉན་རང་བྱང་སེམས་ལམ་ལས་འཕགས་པའི་དོན༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་ཀྱི་རྩེ༔ མཐའ་ཡང་སྐྱེ་འཆི་བར་དོའི་སྒྲིབ་སྦྱང་བའི༔ ལམ་མཆོག་ཐབས་ཤེས་ཟུང་འཇུག་ཐེག་པའི་དོན༔ ཚུལ་བཞིན་སྒོམ་ཞེས་ཆང་རྒན་ལས་རབ་གཏམ༔ ༈ དེ་ཡི་བདེ་བ་བརྗོད་མེད་ཀྱི༔ དོན་གྱི་རིག་པ་བརྗོད་མེད་མཚོན༔ ཆགས་གནས་འཇིག་པའི་དུས་རྣམས་སུ༔ ཐིག་ལེ་གཡོས་པས་བདེ་བ་སྐྱེ༔ ཐབས་ཤེས་བདེ་བ་རྒྱས་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་མཆོག་ཏུ་ངེས༔ ལྷག་མཐོང་གིས་ཟིན་གྲོལ་བའི་ལམ༔ རིག་པ་ལྷག་མཐོང་མེའི་དཔེར་བཞག༔ ཉོན་མོངས་བུད་ཤིང་སྲེག་དང་མཚུངས༔ དེ་ཕྱིར་རྐྱེན་བྱེད་ཤེས་རབ་དང་༔ བདེ་བའི་རང་བཞིན་ཁམས་དག་ནི༔ མི་སྤང་བཅས་པ་མན་ངག་ཕྱིར༔ དེ་ཕྱིར་གདུལ་བྱ་ཆགས་ཅན་ཉིད༔ འཁོར་ལོ་ལྔ་ཡི་ཕོ་བྲང་རྣམས༔ རླུང་དང་ཨ་ཧཾ་ཟུང་འཇུག་གི༔ སྐུ་བཞིར་སྨིན་གྲོལ་རྩལ་ཡང་སྦྱང་༔ མདུད་པའི་ཉོན་མོངས་རྩ་མདུད་བཤིག༔ ཡན་པའི་ལས་རླུང་དབུ་མར་འཆིང་༔ ཆགས་པའི་ཐིག་ལེ་ལམ་དུ་བསྒྱུར༔

p. 330

ཀུན་རྫོབ་དོན་དམ་ངང་དུ་གྲོལ༔ སྲིད་པ་མྱང་འདས་ཀློང་དུ་བསྒྲལ༔ ང་ནི་རྗེ་བཙུན་བླ་མའི་སྲས༔ བགྲོད་བྱའི་ལམ་དང་འབྲས་བུ་ཟད༔ དབྱིངས་འདིར་ཆོས་ཀུན་དྷཱུ་ཏིར་ཆུད༔ འདི་ལྟར་གྱུར་ན་ཀུན་ཀྱང་ནི༔ ཐོག་མའི་ཀ་དག་གཞི་ལ་ཐིམ༔ འཁོར་མཐའ་རྩད་ནས་ཆོད་པ་ལགས༔ དཔའ་བོ་ལས་རབ་སྙིང་གཏམ་དེ༔ གྲུབ་མཐའ་གཞན་གྱིས་འདི་མི་གསུང་༔ འདི་ནི་ཨོ་རྒྱན་དགོངས་པ་སྟེ༔ ནུབ་དོགས་ལས་རབ་ཙལ་གྱིས་གླེང་༔ ༈ དཔལ་ལྡན་རྡོ་རྗེ་མཁའ་འགྲོར་འདུད༔ མྱུར་ལམ་ཕོ་ཉའི་ལམ་གྱི་གྲོགས༔ རིགས་ལྡན་ཌཱཀྐི་ཡོན་ཏན་ཅན༔ ནོར་བུ་ལས་ཀྱང་རྙེད་དཀའ་བ༔ དེ་ཉིད་ཐབས་བསྟན་པ༔ ལིང་ལིང་འུར་འུར་སེང་སེང་ཡེར་ཡེར་སྲ་མོ་ཀ་འདོད་པ་གཡོས༔ ས་མ་ཡཱ་ཁུག་ཛ་ཛ༔ སྨྲ་བཅད་གྲ་ཟུར་མ་ཉམས་པ༔ ཁྲི་གཅིག་སྟོང་གཅིག་བརྒྱ་གཅིག་བཟླ༔ གཞོན་ནུ་ལས་བསླངས་ལན་ཚྭར་བསྔགས༔ ཟས་ལ་སྦྱར་ནས་དམིགས་བྱར་གཏོང་༔ སྙིང་འཛིན་ལྕགས་ཀྱུ་རྣོན་པོ་འདིས༔ བརྒྱ་བྱིན་བུ་ ཁྱི་བཞིན་དུ༔ འགུགས་ཤིང་རྗེས་སུ་འབྲང་ནུས་ན༔

p. 331

ལུས་ཅན་གཞན་ལ་ལྟ་ཅི་སྨོས༔ མོས་ལྡན་དག་གིས་བསྐུལ་བའི་ངོར༔ མང་ཐོས་དཔའ་བོ་ལས་རབ་ཀྱིས༔ ལེགས་པར་བཀོད་པ་དགེ་གྱུར་ཅིག༔ མངྒ་ལཾ༔

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཐབས་ལམ་ཕོ་ཉའི་ཟབ་ཁྲིད།

p. 332
p. 333

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཐབས་ལམ་ཕོ་ཉའི་ཟབ་ཁྲིད་བཞུགས་སོ༔

p. 334

དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་ལམ་སྟེགས་དབང་གསུམ་པའི་གསང་ཁྲིད་རྒྱབ་ཡིག་རབ་ཏུ་གསང་བ་བཛྲ་ས་མ་ཡཱ༔ སྦས་རྒྱ༔ གུ་ཧྱ༔ དེ་ཡང་ཉམས་དགའ་ཏིང་འཛིན་འཕེལ་བའི་ཚེ་དངོས་གྲུབ་བསྡུ་བ་སྲོག་གི་གནད་རླུང་ཕྱིར་མི་ཕུལ་ནང་དུ་འཛིན༔ དེས་ཡོན་ཏན་དངོས་གྲུབ་འབྱུང་༔ ཉམས་མི་དགའ་ཏིང་འཛིན་མི་གསལ༔ བློ་ལས་སུ་མི་རུང་བའི་དུས་རྩོལ་བ་གནད་རླུང་ནང་དུ་མི་འཛིན༔ སྣ་ནས་སེང་སེང་འབུད་ལ༔ ཁ་ནས་

p. 335

ཧ་སྤྲུག་དྲག་པོ་ཡང་ཡང་བྱ༔ དེས་གེགས་དང་བར་ཆད་སེལ༔ ཟབ་བོ༔ སྦས་རྒྱ༔ གུཧྱ༔ སྔོན་འགྲོ་རླུང་དུག་དབྱུང་ཕྱིར༔ རླུང་རོ་འབུད་པ་བཅས་དགུ་སྤྲུག་བྱའོ༔ ཐུན་མཐར་རླུང་སྐྱོན་མཐའ་དག་སེལ་བའི་སྤྱི་གཅོད་གལ་པོ་ཆེ་ཧ་སྤྲུག་ལན་མང་བྱའོ༔ གནད་ཀྱི་གདམས་པ་ཟབ་བོ༔ སྦས་རྒྱ༔ གུ་ཧྱ༔ རྩ་འགའ་ཞིག་རེར་ཉིན་རེ་རླུང་རྒྱུ༔ དེ་ནས་རྩ་དེ་སྐམ༔ རྩ་གྲངས་ཚང་བར་སྐམ་པ་ན་ཚེ་ཚད་རྫོགས་པར་འགྱུར༔ རླུང་གི་རྣལ་འབྱོར་པས་རྩ་དེ་དག་ཏུ་རླུང་རྒྱུ་ཞིང་མི་སྐམ་པས་ན་སྲོག་རྩོལ་ཚེ་སྒྲུབ་ཀྱི་མཆོག་ཏུ་

p. 336

ཟབ་པོ༔ ཉོན་མོངས་གཟུང་བའི་རྩ་རོ་མ་འཛིན་པའི་རྩ་རྐྱང་མ་དེ་ལས་གྱེས་པ་རྣམས༔ གཙོ་བོ་རྦ་རླབས་ཡན་ལག་འཕར་རྩའི་རྣམ་པ་ཅན༔ དེ་དག་གི་དབུ་མ་ཡེ་ཤེས་ཀྱི་རྩ་བཅིངས་ཤིང་མདུད་པ་ལ༔ རླུང་བཟུང་ཞིང་འཕྲུལ་འཁོར་གྱིས་བསྲུབས་འཕུར་མཉེས་པས༔ རྩ་མདུད་གྲོལ་ཏེ་ཡོན་ཏན་མང་བར་མངོན་ནོ༔ རླུང་བར་རླུང་ངམ་ཚུབ་རླུང་སོགས་ཀྱི་ངང་ནས་ཕྱག་སྐོར་གར་འཆམས་སྟངས་སྟབས༔ ཡན་ལག་བརྐྱང་བསྐུམ་རྡེབ་འཕུར་སོགས་བྱས་པ་ཐམས་ཅད་འཕྲུལ་འཁོར་ཁོ་ནར་འགྱུར་རོ༔ ཞལ་ཤེས་ཤིན་ཏུ་ཟབ་པོ༔ སྦས་རྒྱ༔ གུ་ཧྱ༔ རླུང་མ་ཟིན་པའི་མི་བརྒྱད་ཐབས་ལམ་གཞན་ལ་ཉམས་སུ་ལེན་པར་བྱེད་པ་ལས༔ གཏུམ་མོའི་སྣོད་དུ་མ་གྱུར་པར་ཤེས་པར་རིགས་སོ༔ རླུང་འཛིན་པའི་དུས་མ་ཡིན་པར་བརྒྱད་དུ་རླུང་གི་གྲུབ་པ་བརྙེས་པ་དང་ལས་སྦྱོར་བྱེད་པ་མ་ཡིན་པས་སྤང་བར་བྱ་བ་གཅེས༔ ཟབ་བོ༔ སྦས་རྒྱ༔ གུ་ཧྱ༔ དབང་གཉིས་པ་ནི་རྩ་རླུང་ཐིག་ལེ་བདེ་དྲོད་འབར་འཛག་ཏུ་སྦྱང་བ་དང་༔ དབང་གསུམ་པ་ཡབ་ཡུམ་ལྷ་སྐུ་མཁའ་གསང་རྡོ་རྗེ་པདྨར་སྦྱོར་བ་

p. 337

དགའ་བཞིའི་ཉམས་ཏིང་འཛིན་ཡེ་ཤེས་ཀྱིས་ཟིན་པར་སྤྱོད་པའོ༔ དེ་ཡང་ཐིག་ལེ་མས་རིམ་པར་འབེབས་པ་འཁོར་བར་མཚུངས་པ་མས་བརྟན་གྱི་དགའ་བཞི༔ ཡར་རིམ་གྱིས་ལྡོག་པ་མྱ ང་འདས་ཀྱི་ཡས་བརྟན་གྱི་དགའ་བཞི་སྟེ་སྔགས་ཀྱི་ལམ་ཟབ་བོ༔ སྦས་རྒྱ༔ གུ་ཧྱ༔ རྩ་རླུང་ཐིག་ལེའི་རྣལ་འབྱོར་པས་ཆགས་པ་ཆེན་པོ་ཐར་པའི་ལམ་དུ་བྱེད་པའི་ཁྱད་ཆོས་གཙོ་བོ་དེ༔ འདོད་ཆགས་དང་ཆགས་པ་ལས་བྱུང་བའི་བདེ་བ་གཉིས་འབྱེད་དགོས་ལ་བདེ་བ་དེ་ཉིད་རྫོགས་རིམ་གྱིས་ཟིན་པ་གལ་ཆེ་སྟེ༔ བདེ་སྟོང་ཟུང་དུ་འཇུག་པའི་དོན་ནོ༔ ལམ་འདིའི་གྲོགས་བུ་མོ་རིགས་ལྔའི་མཁའ་འགྲོའི་མཚན་ཉིད་ཅན་རྙེད་ན་རབ༔ དེ་ལྟར་མ་བྱུང་ཡང་རིགས་ཅན་ལྔའི་རྩ་ཅན་རབ་ལྔ༔ འབྲིང་ལྔ༔ ཐ་མ་ལྔ་ལས༔ རབ་ལྔ་རྙེད་ན་ལུང་བཞིན་མཆོག་ཐུན་ཐོབ་ལ༔ འབྲིང་ལྔ་ཡང་རུང་ལ༔ ཐ་མ་ལྔ་སོགས་སྤང་བྱར་བཤད་ཅིང་༔ སྐྱོན་དང་ཉེས་པ་འབྱུང་བའི་ཕྱིར་རོ༔ མཆོག་ནི་པདྨ་ཅན་རབ་ཡིན་ཞིང་༔ དེ་ལྟ་བུའི་མཁའ་འགྲོ་དེ་ཡང་གནས་ཁྱད་པར་ཅན་ནམ༔

p. 338

དེ་ཡི་ཉེ་བར་བྱང་ན་གནས་ལས་སྐྱེས་པ་ཞེས༔ སྔགས་རྒྱུད་ཀྱི་རིགས་ལས་བྱུང་ན་སྔགས་ལས་སྐྱེས་པ་ཞེས༔ རང་ག་ཐ་མལ་གར་ཡིན་དུ་བྱུང་ན༔ ཞིང་ལས་སྐྱེས་པ་ཞེས༔ གནས་གསུམ་མཁའ་འགྲོ་དེ་ལྟར་ཡིན་ནོ༔ དེ་ཡང་ལུང་ལས་བཤད་པའི་ཡོན་ཏན་མཐའ་དག་གམ༔ མིན་ཀྱང་མཚན་ཉིད་གསུམ་ཚང་དགོས་སོ༔ བུད་མེད་ནང་ནས་ཆགས་པ་དང་བདེ་བ་ཇི་ལྟར་ཆེ་བ་དེ་བཞིན་ཕྱི་རོལ་དུ་ཡང་གཟུགས་བྱད་མཚར་ཞིང་ཡིད་དུ་འོང་ལ༔ སྐྱེས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་དོ༔ ཕྱི་ལུས་ཀྱི་མཚན་ཉིད༔ ནང་རྩའི་མཚན་ཉིད༔ གསང་བ་སེམས་ཀྱི་མཚན་ཉིད་དེ་གསུམ་ཚང་བའི་བུད་མེད་ཡིད་བཞིན་ནོར་བུ་ལས་ལྷག་པའོ༔ གསང་བ་སེམས་ཀྱི་མཚན་ཉིད་གལ་ཆེ་སྟེ༔ རྣལ་འབྱོར་པ་ལ་གུས་ཤིང་ཉན་པ༔ དགེ་ལ་མོས་ཤིང་སྔགས་ལ་དད་པའོ༔ འདི་ལྟ་བུ་ཤིན་ཏུ་གཅེས་སོ༔ བུད་མེད་མཚན་ངན་གྱིས་མཆོག་ཐུན་དངོས་གྲུབ་ཐམས་ཅད་དང་༔ ཚེ་དང་ཡོན་ཏན་གདུལ་བྱ་འགྲིབ་པར་བྱེད་པས་ན་འདོར་བ་གལ་ཆེའོ༔ འཛེ་མོ་ཡུག་ས་དམ་ཉམས་གསུམ་བསྟེན་ན་

p. 339

སྒྲུབ་པོ་སངས་རྒྱས་ཐོབ་པ་ཞིག་ཡིན་ཀྱང་གཞན་དོན་གྱི་ཕྲིན་ལས་གཏན་ནས་མི་འབྱུང་ངོ་༔ སོ་ཐར་ལ་ཞུགས་པའི་མོ་ཆགས་དང་རིགས་གཅིག་པའི་བུད་མེད་ཀྱང་བསྟེན་དུ་མི་རུང་༔ རཀྟ་དང་ཁམས་དམ་རྫས་འདྲེན་ཞིང་བརྟན་པར་བྱ་བའི་བུད་མེད་ནི་གཞོན་དར་ལང་ཚོ་དང་ལྡན་པ༔ སྡིག་ཅན་སོགས་སྐྱེས་པ་གཞན་གྱིས་མ་རྩོག་པ༔ ནད་གཅོང་སོགས་མེད་པར་སྤང་བྱའི་སྐྱོན་མཐའ་དག་དང་བྲལ་བ་ཁོ་ན་དགོས་སོ༔ སྔགས་ལས་མ་ཞེས་བསྟེན་པར་བསྟན་པ་བླ་མས་ཡུམ་གནང་བ་བྱུང་བ་དང་༔ སྲིང་མོ་ཞེས་དབང་དང་དཀྱིལ་འཁོར་གཅིག་ཏུ་འཚོགས་པའི་བུ་མོ༔ གཞན་དང་རྩོད་སློང་མེད་ཅིང་རང་ལ་འོས་པ༔ བུ་མོ་ཞེས་པ་རང་གིས་དབང་ཁྲིད་བཏབ་པའི་བུ་མོའོ༔ ཁ་ཅིག་ངེས་པར་ཚུལ་འདི་མ་གོ་བར་མ་དང་སྲིང་མོ་བུ་མོ་སོགས་ནོར་ཕྲེང་ཅན་དུ་སོང་ནས་བསྟེན་པས་དངོས་གྲུབ་ཡལ་བའི་སྟེང་དུ་བར་ཆད་ཆེ་བར་འགྱུར་རོ༔ ཐབས་ལམ་གྱི་སྦྱང་བགྲོད་མཐར་ཕྱིན་པས་ན༔ མཐར་བཟང་ངན་སྤང་བླང་མེད་པར་བྷ་ག་ཐོགས་ཚད་ལ་

p. 340

སྦྱོར་བ་དེ་ཀུན་ལ་བྱང་གྲོལ་གྱི་ས་བོན་ཐེབས་པར་གསུངས་སོ༔ སྦས་རྒྱ༔ གུ་ཧྱ༔ དེ་ནས་མཚན་མ་འགུགས་པའི་སྦྱོར་བས་འགུགས༔ རྒྱུ་འབྲས་སྤང་བླང་དང་སེམས་བསྐྱེད་སྔགས་ཀྱི་དབང་དང་༔ རིམ་གཉིས་ཐབས་ལམ་གྱི་ཆེ་བ་བརྗོད་པ་སོགས་ཀྱིས་སྣོད་དུ་རུང་བར་བྱས་ལ༔ དང་པོའི་རྣལ་འབྱོར་པས་བསྟན་པའི་དམིགས་རྐྱེན་དང་མཆེད་གྲོགས་དང་ཐ་མལ་པས་ཡ་ག་མི་འབྱུང་བའི་ཕྱིར༔ གནས་ཀྱི་གསང་བ་དབེན་པ་ལྟ་བུ་ཐབས་ཀྱི་གསང་བ་སྦས་མཁས་དང་༔ མན་ངག་གི་གསང་བ་སྒྲུབ་པའི་རྫས་སྔགས་ཀྱིས༔ བརྟན་པ་ཐོབ་པའི་རྣལ་འབྱོར་པའི་རིགས་ལ་མངོན་སྤྱོད་ཀྱི་བརྟུལ་ཞུགས་སུ་བྱའོ༔ དབབ་པ་ལ་མཁས་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ་ནི༔ དལ་བུས་བསྐྱོད་ཅིང་བདེ་བ་སྐྱེས་མ་ཐག་མཁས་ལ་བསྣུན་ཏེ་སྤྱོད་འཕྲོ་བཤོལ་བར་བྱ༔ འཛིན་པ་ལ་མཁས་པ་ཆང་གི་ཐེམ་བུ་བཀག་པ་ལྟ་བུ་ནི༔ བར་རླུང་ནེམ་མོ་འཛིན་མིག་གྱེན་ལ་བཏེགས༔ ཤེས་པ་དང་རླུང་རང་སོར་འཇོག༔ མ་འབྱོངས་པའི་གསར་པ་དེས་ཀྱང་མ་ཟིན་ན་མཛུབ་མོའི་རྩོལ་བས་རྡོ་

p. 341

རྗེའི་རྩ་ལྟེམ་པ་སོགས་བཤད་མོད༔ འདྲེན་པ་ལ་མཁས་པ་སྨྱུག་སྦུབས་ནས་ཆུ་འདྲེན་པ་ལྟ་བུའི་མན་ངག་ནི༔ སྦྱོར་བ་དྲུག་ལྡན་ཁོ་ན་སྟེ༔ ཧཱུྃ་འདྲེན་སོགས་རང་བྱང་ཆེ་བ་བག་འདྲེན་གྱི་འཕྲུལ་འཁོར་དང་དམིགས་པ་ཧཾ་ལ་གཏོད༔ འགྲེམ་པ་ལ་མཁས་པ་ཆུ་སྦྱིན་ཤུགས་ཅན་ཡོ་ལང་བཀྱེ་བ་ལྟ་བུ་ནི༔ གཡང་མོའི་འབའ་སྤྲུག་གྱི་ལིང་བཞི་འཕྲད༔ སེངྒེ་རྩལ་སྤྲུགས་སོགས་རང་གིས་གང་བྱང་བ་དེ་ལན་མང་དུ་འབད༔ ཁྱད་པར་ཁྱི་ཚུགས་སུ་འདུག་རླུང་ནང་དུ་སྡུད༔ མཐེབ་སྲིན་ས་ལ་བཙུགས་ནས་ལུས་པོས་བརྗིད་བཀར་ནས་ལུས་གཡས་གཅུས་གཡོན་གཅུས་གསུམ་རེའམ༔ དགུ་རེ་བྱེད་པ་འདི་ཟབ་བོ༔ ལར་འདེབས་དང་འཕྲུལ་འཁོར་ཀུན་ཀྱང་༔ བཀྲམ་པ་དང་རྩ་མདུད་དགྲོལ་བ་དང༔ རླུང་ལས་སུ་རུང་བའི་ཐབས་ཡིན་ནོ༔ ལ་བཟླ་བ་ལ་མཁས་པ༔ སྟོན་མཇུག་གི་ནམ་མཁའ་སྤྲིན་མེད་གཡའ་དག་ཆད་པ་ལྟ་བུ་ནི་ལུས་གན་རྐྱལ་ཡན་ལག་རང་བབས་སུ་བརྐྱངས་ཏེ་གློད་ལ་བོར༔ སེམས་ཁྲེགས་ཆོད་ཀྱི་ངང་ལ་ལྷུག་པར་བཞག་སྤྲོས་པ་དང་བྲལ་བར་

p. 342

རླུང་རྒྱུ་བ་མི་ཚོར་བར་རྣལ་བ་ནི་ལ་བཟླ་བ་རྫོགས་རིམ་གྱི་རྒྱས་འདེབས་ཤིན་ཏུ་གལ་ཆེ་བའོ༔ ཡང་དམིགས་པ་དང་འཕྲུལ་འཁོར་གྱི་ཐིག་ལེ་འདྲེན་བཀྲམ་བྱས་པ་ཀུན་རྫོབ་ཀྱི་གནད་དེས་ཐིག་ལེ་ལུས་ཀྱི་དམིགས་པ་གར་ཟིན་དུ་འདྲེན་ནས་ནད་དང་ཟུག་རྔུ་སོགས་གེགས་རྐྱེན་དུ་འགྱུར་བས་ན༔ འདི་ན་རང་བབས་སུ་བཀྲམ་པའི་ཁྲེམས་པར་འགྱུར་བའི་གནད་ཀྱི་མཐར་ཐུག་པར་ཡང་བཤད་དོ༔ སྤྱིར་དབབ་འཛིན་འདྲེན་འགྲེམ་ཐམས་ཅད་ལ་ལྟ་བ་ཡེ་ཤེས་ཀྱི་རྩིས་ཟིན་པའི་ཉོན་མོངས་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བ་དང་༔ འཛིན་འདྲེན་འགྲེམ་སོགས་ཡང་གནད་གཅིག་པོ་འདིས་འགྲུབ་པའི་གསང་ཚིག་ཡང་དག་པ་ཟབ་པོ༔ སྦས་རྒྱ༔ གུ་ཧྱ༔ ལར་ཡང་ཕྱག་རྒྱ་ལ་བསྟེན་པའི་བདེ་བ་ཐམས་ཅད་ལྟ་བས་ཟིན་པ་ནི༔ གསང་སྔགས་ཐབས་ཀྱི་ལམ་ཞེས་པའི་གཏན་ཚིགས་མཐར་ཐུག་པའོ༔ སྦས་རྒྱ༔ གུ་ཧྱ༔ ཐིག་ལེ་འཛིན་པའི་འཕྲུལ་འཁོར་ལུས་ཁོང་གློད༔ བར་རླུང་ཐད་ཁར་བརྒྱང་༔ འོག་སྒོ་ཡུད་ཙམ་ཕྱིར་ཕུལ༔ སེམས་རང་ལུགས་སུ་བདེ་བ་ལ་འཛིན་པ་སྟེ༔ འདི་ནི་ཁྱད་

p. 343

ཆོས་འདིའི་གནད་དེ་གཞན་དུ་བསྟན་པ་མེད་དོ༔ ཐིག་ལེ་འདྲེན་པའི་འཕྲུལ་འཁོར་དུས་ལུས་ཐམས་ཅད་བསྒྲིམ༔ འོག་སྒོ་ནང་དུ་གྱེན་ལ་ཆུ་ཡོད་པར་དྲག་ཏུ་འཐེན་པ་སོགས་འཕྲུལ་འཁོར་སྦྱོར་བ་དྲུག་ལྡན་བྱ༔ ཐིག་ལེ་འདྲོངས་པའི་རྟགས༔ རྡོ་རྗེ་ངར་འཆོར་བདེ་བ་ཡལ༔ སྨད་སྟོང་ཕྱམ་ཕྱམ་སྟོད་དུ་བརྫངས་ཚ་ཕྱུར་དང་རྔུལ་ཕྱུར་བ་ཡོང་༔ ཧ་ཅང་འདྲེན་ཤིན་ཏུ་བྱང་སོང་ཡོད་ན༔ སྣ་ཁྲག་དང་སྐྱུགས་ཅི་ཡོང་བའི་ཐིག་ལེ་དེ་དང་བསྡོངས་ནས་འཆོར་བས་སྐྱུགས་དང་སྣ་ཁྲག་ནང་དུ་བཏུང་བར་བྱའོ༔ འདྲེན་པའི་རྩལ་ཤིན་ཏུ་འབྱོངས་པས་དྲན་ཙམ་ལས་དྲགས་ཆེས་ཐལ་ན་སྨད་དུ་ཐིག་ལེ་གཏན་ནས་མི་བཞག་པས༔ གྲང་བའི་ནད་དང་མ་ཞུ་བ་སྐྱེད་པར་བྱེད༔ བཀྲམ་པ་ནི་འཕྲུལ་འཁོར་ལུས་གལ་ཆད་ཆད་དུ་སྦྱོང་བ་དང་༔ མཐར་སེམས་སྤྲ་སྤྲོ་འཕྲོ་འདུ་བྲལ་བའི་རྟོག་མེད་དུ་གནས་པ་གཅེས་སོ༔ ཁམས་འཛིན་འདྲེན་ནུས་ཀྱང་བཀྲམ་མ་ཐུབ་ན༔ ཐིག་ལེ་གེགས་སུ་གྱུར་ཏེ༔ རྩ་རྒྱུད་ན་བ་དང་གཟེར་བ་དང་བེམས་པ་དང་སྐྲངས་འབྲས་འབྱུང་བ་

p. 344

སོགས་དྭངས་མ་གང་དུ་འབྲེལ་བ་དེར་འོང་ཞིང་༔ རྐེད་པ་ན་ཆུ་དང་བསྡོངས་ནས་དྭངས་མ་འཆོར༔ ཆུ་ངན་བྲོ་སྙམ་པ༔ རྡོ་རྗེ་རེངས་པ་དང་ཚ་བ་གཡའ་སྦྲིད་པ་སོགས་འོང་༔ དེ་ལ་འདྲེན་བཀྲམ་སྦྱངས་ཤིང་ཞེས་ཀྱང་གེགས་མ་སེལ་ན་ཡུམ་ལ་སྲིད་མི་ཆགས་པའི་བྷ་གར་ལྷ་ཚོགས་བསྒོམས་ཏེ་ཐིག་ལེ་མཆོད་པ་འབུལ་ཞིང་གཏོང་༔ དེས་ལྟུང་བ་མེད་ཅིང་ཚོགས་ཆེན་རྫོགས་པར་འགྱུར་རོ༔ དྭངས་སྙིགས་འབྱེད་པའི་མན་ངག་ནི༔ རང་གི་དཔྲལ་བར་གཡུང་དྲུང་དམར་པོ་གཡོན་འཁྱིལ༔ དེའི་ལྟེ་བར་ཐིག་ལེ་མུ་ཏིག་འབྲུ་གུ་འདྲ་བ་དྲུག་བརྩེགས་པ་ལ་སེམས་བཟུང་ནས་ཐིག་ལེ་ཡུམ་གྱི་མཁའ་ལ་བཏང་ཡང་དྭངས་མ་འབྲས་ཀྱི་ཉག་མ་ལྟ་བུ་དྲུག་གོ་མི་འཆོར་སྙིགས་མ་སྐྱ་ལྷུག་ལྷུག་པ་དེ་ཤོར་ན་ཡང་༔ དེའི་སྟོབས་ཀྱིས་རང་ལུས་ཀྱི་བཀྲག་མི་ཉམས་པ་སོགས་ཡོན་ཏན་མང་༔ ཡང་བཀྲམ་ཚར་རྗེས་ལུས་གནད་དང་རླུང་ཁ་སྦྱོར་གྱི་གནད་དང་ལྡན་པས་འོག་སྒོ་འབྱེད་འཛུམ་མང་དུ་བྱས་པས༔ ཐིག་ལེ་སྙིགས་མ་བའི་ཁ་ཆུ་འདྲ་བ་སོགས་སྐྱོན་དང་གེགས་ཅན་དེ་ཕྱིར་འཕོ་བར་བྱེད་

p. 345

དོ༔ འདི་དག་རྣམས་ནི་ཐབས་ལམ་འདོད་པ་སྤྱིར་བཏང་བར་མ་གྲགས་པའི་སྙན་བརྒྱུད་དོ༔ སྦས་རྒྱ༔ གུ་ཧྱ༔ རིག་མ་ཡོན་ཏན་ལྡན་པ་ལ་བརྟེན་ནས༔ ཕྱིའི་ཕྱི་ནང་གསང་གསུམ་ལ་བརྟེན་པ་དང་ནང་ཁྱད་པར་གྱི་ཕྱི་ནང་གསང་གསུམ་ལ་བརྟེན་ནས་ཚེ་སྒྲུབ་པའི་ཐབས་ཟབ་མོ་དངོས་གྲུབ་དང་ཏིང་ངེ་འཛིན་ངོ་མཚར་བ་འགྲུབ་པའི་གནད་མཆོག་ཏུ་གྱུར་པ་ཡོད་ཀྱང་༔ སྣོད་ལྡན་དཀོན་ཕྱིར་བཀའ་རྒྱས་བཏབ་སྟེ་འདིར་མ་བཀོད༔ སྦས་རྒྱ༔ གུ་ཧྱ༔ ཐིག་ལེ་མ་ཉམས་པར་སྦྱང་ན༔ ཕྱི་ལུས་ཀྱི་བཅུད་དང་མདངས༔ ནང་ཏིང་འཛིན་གྱི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་བར་འགྱུར་རོ༔ སྦས་རྒྱ༔ གུ་ཧྱ༔ ལས་དང་པོ་པས༔ བདེ་བ་མགོ་གཡོས་ཙམ་ལ་འཛིན༔ དེ་བཞིན་དུ་གཞན་ལུས་ཀྱི་དུས་བདེ་བ་སྐྱེས་ཙ་ན་རྡོ་རྗེ་པདྨ་ལས་འདོན༔ བདེ་བ་ཡལ་བ་དང་དལ་བུས་རུས་སྦལ་འགྲོས་ཀྱིས་སྤྱོད༔ ལས་དང་པོ་པས་དྲག་ཏུ་མི་སྐྱོད༔ རྡོ་རྗེ་པདྨར་རྫོགས་པར་མི་བསྣུབ་བོ༔ སྦས་རྒྱ༔ གུ་ཧྱ༔ ཐིག་ལེ་རྒྱས་པའི་ཐབས་ཟས་བཅུད་ལྡན་བསྟེན༔ རབ་མས་རྒྱར་

p. 346

སྤྱོད༔ ཐ་ནའང་ཡིད་དུ་འོང་བའི་བུད་མེད་ལ་རྩེ་བ་དང་བལྟ་བ་སོགས༔ ཆགས་པ་བསླང་བའི་ཐབས་དེ་ལས་སྐྱེས་པའི་བདེ་བ་ཏིང་ངེ་འཛིན་གྱིས་ཟིན་པར་བྱའོ༔ སྦས་རྒྱ༔ གུཧྱ༔ དབབ་མ་ཐུབ་ན་བདེ་བ་མི་སྐྱེ༔ བསྐྱིལ་མ་ཐུབ་ན་ཐིག་ལེ་འཆོར༔ འདྲེན་མ་ཐུབ་ན་དྭངས་མ་ཆུ་དང་འདྲེས་ནས་འཆོར༔ དྲངས་མ་ཐུབ་ན་བཀྲམ་ན་ནད་དུ་འགྱུར༔ དེའི་ཕྱིར་མན་ངག་གི་གནད་ལ་ལེ་ལོ་མེད་པར་གཅེས་སོ༔ སྦས་རྒྱ༔ གུ་ཧྱ༔ དགའ་བ་ཞེས་པ་སྤྱིར་བཤད་ན༔ དགའ་བ་ཞེས་བྱ་བ་ནི་དང་པོའོ༔ དེ་གཉིས་འགྱུར་གྱི་དགའ་བ་མཆོག་དགའ༔ མཆོག་དགའ་གཉིས་འགྱུར་གྱི་དགའ་བ་དགའ་བྲལ༔ དགའ་བྲལ་གཉིས་འགྱུར་གྱི་དགའ་བ་ལྷན་ཅིག་སྐྱེས་དགའོ༔ གཞན་ལུས་ཀྱི་དབང་དུ་དགའ་བ་བཞི་བཤད་ན༔ ངོ་བོ་ནི་གོང་གིི་མན་ངག་དེ་ལས་མི་འདའ་སྟེ༔ དེ་ཡང་ཡུམ་མཚན་ལྡན་མ་ཆགས་པ་སློང་བའི་སྤྱོད་པ་སྣ་ཚོགས་དགའ་བ༔ རྡོ་རྗེ་པདྨར་སྦྱར་བ་མཆོག་དགའ༔ དེ་ལས་ཆེར་བསྲུབས་ཏེ་སྤྱོད་པ་དགའ་བྲལ༔ དྭངས་མ་གནས་སུ་དྲངས་ནས་མཉམ་ཉིད་དུ་མནལ་བ་ལྷན་

p. 347

ཅིག་སྐྱེས་དགའ་སྟེ༔ དེ་དག་ཐམས་ཅད་བདེ་བ་ལ་ཏིང་ངེ་འཛིན་གྱི་རྒྱས་ཐེབས་པ་སྔགས་ཀྱི་མྱུར་ལམ་དམ་པ༔ གུ་ཧྱ༔ སྦས་རྒྱ༔ ཐིག་ལེ་བཏང་བའི་དུས་ནི་སློབ་མ་ལ་དབང་བསྐུར་དུས༔ དམ་རྫས་སྦྱོར་དུས༔ རིགས་རྒྱུད་བཞག་དུས༔ ཚོགས་དང་གསང་མཆོད་ཀྱི་དུས༔ རིག་མ་ཁྲག་འདྲིལ་དུས་རང་ལུས་རྩ་ནང་དུ་ཐིག་ལེ་མཁར་ནས་ནད་དུ་འགྱུར་བའི་དུས༔ འཆི་བ་བརྟག་པའི་དུས་རྣམས་སུ་བཏང་ཡང་ལྟུང་བ་མེད་པའི་དུས་སོ༔ སྦས་རྒྱ༔ གུ་ཧྱ༔ དྭངས་མ་ཤོར་ཀྱང་ཉེས་ལྟུང་མེད་པའི་དུས་རྣམས་དང་༔ ཤོར་ཀྱང་རྗེས་ཀྱི་བདེ་བ་ཏིང་ངེ་འཛིན་གྱིས་ཟིན་ན་གྲོལ་ལམ་དུ་འགྱུར་བས༔ ཐ་མལ་རང་གར་མ་ཤོར་བར་གལ་ཆེ༔ སྦས་རྒྱ༔ གུ་ཧྱ༔ རྩ་ཐོ་དང་པོ་སྐྱེས་བུ་གཅིག་གིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་མདོར་བསྡུ་ན༔ དང་པོ་འབར་འཛག་དབབ་བསྐྱིལ་འདྲེན་བཀྲམ་བདེ་བ་ཆོས་ཉིད་དུ་ལ་བཟླ་སྟེ་སྦ༔ དེ་ནས་རང་ལུས་ལ་བརྟེན་ཏེ༔ བདེ་བ་དབབ་བསྐྱིལ་འདྲེན་བཀྲམ་བདེ་བ་ཆོས་ཉིད་དུ་ལ་བཟླ་སྟེ་སྦ༔ དེ་ནས་བུད་མེད་རྒན་རྒོན་རྩ་ཁ་

p. 348

ཡངས་ཤིང་ཆགས་པ་ཆུང་བ་ལ༔ བདེ་བ་དབབ་བསྐྱིལ་འདྲེན་བཀྲམ་བདེ་བ་ཆོས་ཉིད་དུ་ལ་བཟླ་སྟེ་སྦ༔ དེ་ནས་རིག་མ་མཚན་ལྡན་ལུང་བཞིན་ནོ༔ སྐབས་དེ་དག་ཏུ་བདེ་བ་སྟོང་པ་དེ་བཞིན་ཉིད་ཀྱིས་རྒྱས་ཐེབས་པ་དང་༔ ཡབ་ཡུམ་ལྷར་གསལ་བ༔ མཁའ་གསང་རྡོ་རྗེ་པདྨར་བྱིན་གྱིས་བརླབས་པ༔ ལག་ལེན་གྱི་གནད་དབབ་འཛིན་འདྲེན་བཀྲམ་ལ་བཟླ་བ་སོགས༔ རྒྱུད་ལུང་མན་ངག་ཞལ་ཤེས་ཡང་དག་པ་དང་ལྡན་པར་བྱ༔ སྦས་རྒྱ༔ གུ་ཧྱ༔ ཀྱེ་རྡོ་རྗེ་ལས༔ ཐབས་ཆེན་ཡང་དག་ལྡན་པ་ལ༔ ཉོན་མོངས་བྱང་ཆུབ་ཡན་ལག་ཉིད༔ ཅེས་གསུངས་པ་བཞིན༔ ཏིང་ངེ་འཛིན་བསྐྱེད་པའི་ཐབས་སུ་གྱུར་ན༔ ཉོན་མོངས་པ་སྔགས་པ་ལ་གནང་༔ གཞན་དོན་གྱུར་པའི་དུས་ན༔ བྱང་ཆུབ་སེམས་དཔའ་ལ་གནང་༔ རང་གར་གནང་བའི་སྐབས་མེད་དེ་བཀག༔ ཡེ་བཀག་ཡེ་གནང་ཞེས་དེ་ལྟར་ཤེས་པར་བྱའོ༔ ཟབ་མོ་སྔགས་ཀྱི་སྤྱོད་པ་དང་༔ བྱང་ཆུབ་སེམས་དཔའི་ལམ་ཟབ་རྣམས༔ ཉན་ཐོས་དང་ཐ་མལ་པས་གོ་ཚོར་མེད་པར་སྦ་དགོས་ཏེ༔ ཐེག་ཆེན་གོང་མ་དེ་ལས་སྐྱོན་ཡོད་

p. 349

པ་མིན་ཏེ༔ སྣོད་དུ་མ་རུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་སྐྱོན་དུ་མཐོང་བའི་དབང་གིས་འཁོར་བ་ནས་ངན་སོང་ལ་ཡུན་རིང་པོར་མནར་བའི་རྒྱུར་གྱུར་ཏེ༔ སྡུད་པ་ལས༔ ཐོས་ནས་བློ་ཆུང་དེ་ནས་འདི་སྤངས་ཏེ༔ སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་ངན་འགྲོར་འགྲོ༔ དེ་ཡང་སྔགས་ཀྱི་ལམ་འདིར་ཏིང་ངེ་འཛིན་ཁོ་ན་གཙོ་ཆེ་སྟེ༔ ཏིང་ངེ་འཛིན་གྱིས་ཟིན་དུས་དང་༔ མ་ཟིན་པར་སྤྱོད་པ་གཉིས་ཀྱི་ཁྱད་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞལ་ནས༔ དཔེར་ན་ཕྱིའི་རྒྱ་མཚོ་ཆེན་པོ་ལ༔ ལྕགས་ནི་ག་བུར་བྱས་ནས་སྲན་མ་ཙམ་ཡང་བྱིང་༔ སྣོད་དུ་བྱས་ན་སྟོང་གསུམ་ཙམ་ཡང་ཐེག༔ ཅེས་སོ༔ དེ་ཡང་ནུས་པ་ཐོབ་བཞིན་རིག་མ་མ་བསྟེན་ན༔ གྲི་ཡོད་ཀྱང་གཅོད་པའི་ལས་མ་བྱས་པ་ལྟ་བུའོ༔ ཐིག་ལེ་འཛིན་འདྲེན་ནུས་ཀྱང་ལྟ་བས་མ་ཟིན་ན༔ ཐར་ལམ་དུ་མི་འགྱུར་ཏེ་ འབྲས་བུ་བཅད་པའི་སེམས་ཅན་དང་འདྲའོ༔ སྦས་རྒྱ༔ གུ་ཧྱ༔ ལྷན་ཅིག་སྐྱེས་པའི་རྒྱུ་མཚན་མདོ་ཙམ་སྨྲོས་ན༔ གདོད་ནས་རང་ལ་ཡེ་ཤེས་རང་ཆས་སུ་བཞུགས་པའི་རིག་པ་དེ་

p. 350

ཡེ་ཤེས་ལྷན་ཅིག་སྐྱེས་པ༔ ཀུན་རྫོབ་ཀྱི་ཐིག་ལེ་ལྷན་ཅིག་སྐྱེས་དགའ་འདི་ཕ་མ་བུ་གསུམ་ཁུ་ཁྲག་སེམས་གསུམ་འདྲེས་དུས་དང་༔ དར་མ་ཕོ་མོ་འཕྲད་དུས་དང་༔ འཆི་དུས་དཀར་ལམ་དམར་ལམ་གཉིས་འདྲེས་དུས་དེ་རྣམས་སུ་ཀུན་རྫོབ་ཀྱི་ཐིག་ལེའི་བྱེད་ལས་དེ་དག་འཆར་བས༔ ད་ལྟ་ལྷག་མཐོང་གདོད་མའི་ཡེ་ཤེས་དེས་ཟིན་པས་ཐིམ་སྡུད་དུས་སངས་རྒྱས་སུ་གྱུར་པ་ནི༔ དབང་གསུམ་པའི་གནད་ཡིན་མོད༔ སྦས་རྒྱ༔ གུ་ཧྱ༔ དེ་ལྟ་བུའི་ཐབས་ལམ་གྱི་གདམས་པ་འདི་ཉིད་ཟབ་ཅིང་རྒྱ་ཆེ་བར་བཤད་དུ་ཡོད་ན་ཡང་༔ གནད་ཀྱི་གལ་འགག་མདོར་བསྡུས་ཏེེ་བདེ་ཆེན་འཛིན་མའི་ཁམས་ལ་དབང་བསྒྱུར་བའི་རྒྱལ་རིགས་ཆེན་པོ་གནམ་བསྐོས་སྡེ་དགེའི་མདུན་ན་འདོན་ལྗོན་ཤིང་གི་བསིལ་གྲིབ་སྦྱིན་ཤིང་ཉམས་དགའ་བའི་ཚལ་དུ་གུ་རུའི་མིང་བཏགས་དཔའ་བོ་ལས་རབ་རྩལ་ཞེས་གང་བྱུང་ཅི་ནར་སྤྱོད་པའི་གྱི་ན་པ་དེས་ཇི་སྐད་སྨྲས་པ་བཞིན་བསོད་ནམས་ཆོས་བཟང་གིས་དག་པར་བྲིས་པའོ༔ སརྦ་མངྒ་ལཾ༔

p. 351

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ བཏགས་གྲོལ་སངས་རྒྱས་སྲས་གཅིག་གི་ཙཀྲ་བྲི་ཐབས་གྲོང་ཁྱེར་རྒྱུན་གཅོད་བཞུགས༔ དཔལ་མཆོག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ མ་འོངས་རྩོད་ལྡན་ལྔ་བརྒྱའི་དུས༔ མི་རྣམས་གསང་སྔགས་ཆོས་ལ་ཞུགས༔ དམ་ཚིག་མི་བསྲུང་གྱ་ཚོམ་སྒྲོགས༔ གསང་སྔགས་མི་གསང་ཁྲོམ་དུ་གླེང་༔ རྡོ་རྗེའི་མཆེད་ལ་ནང་དམེ་བྱེད༔ དེ་ཡི་རྐྱེན་གྱིས་མཁའ་འགྲོ་འཁྲུགས༔ ནད་རིགས་མི་གཅིག་སྔར་མེད་འབྱུང་༔ དེ་དུས་ཤི་ཚད་མནར་མེད་ལྟུང་༔ དེ་ཡི་ཉེས་པ་སྐྱོབ་པའི་ཕྱིར༔ རྡོ་རྗེ་སེམས་དཔའི་དགོངས་ཀློང་ནས༔ རང་བྱུང་ཡི་གེ་འདི་ལྟར་ཤར༔ དར་རམ་གྲོ་ག་ཤོག་བུ་ལ༔ རབ་འབྲིང་ཐ་མའི་སྣག་ཚས་བྲི༔ བྲིས་གསུབ་ལྷག་ཆད་སྤང་བ་གཅེས༔ དབུས་སུ་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཡི་གེ་ཧཱུྃ་གིས་མཚན༔ འོད་ལྔའི་ཟླུམ་བསྐོར་མུ་ཁྱུད་ཕྱིར༔ གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ༔ དེ་ཕྱིར་མུ་ཁྱུད་བསྐོར་བའི་ནང་༔ ཟླུམ་བསྐོར་ལྔ་ལྡན་དབུས་སུ་ནི༔ རིགས་དྲུག་གནས་སྦྱོང་ཡི་གེ་དྲུག༔ འབྲུ་དྲུག་རིགས་དྲུག་ཀློང་ནས་གྲོལ༔ འཿཨཿཤཿསཿམཿཧ༔ ཀུན་བཟང་དགོངས་པའི་ཡི་གེ་ནི༔ འཁོར་བ་དོང་སྤྲུགས་ཡི་གེ་དྲུག༔ མཿམཿཀོཿལིངཿསཿམནྟཿ སྤེལ་མར་བཀོད་ཅིང་ཕྱི་རོལ་དུ༔ མུ་ཁྱུད་དབྱངས་གསལ་ཡི་གེ་ནི༔ ཐབས་ཤེས་ཚུལ་དུ་དགོད་པར་བྱ༔ ཕྱི་རིམ་མུ་ཁྱུད་རྟེན་སྙིང་དང་༔ འདོད་གསོལ་ ༈ འཆང་བ་པོའི་ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་ནས་གཞོན་ནུ་བུམ་སྐུ་རུ་གྲོལ་བར་མཛོད་ཅིག༔ ༀ་སུ་པྲ་ཏིཥྛ་སོགས་མཆན༔ སྤེལ་ཚིག་བྲིས་ཏེ་བཀོད༔ ཕྱི་རོལ་

p. 352

འོད་ལྔའི་ཟླུམ་བསྐོར་བྲི༔ ཞལ་གསུབ་ལྷག་ཆད་སྤང་བ་གཟབ༔ སེལ་མེད་བདུད་རྩི་ཆོས་སྨན་དང་༔ བུམ་རྫས་ཉེར་ལྔ་རྫས་སུ་གླན༔ རྫོགས་ཆེན་སྟོན་པའི་སློབ་དཔོན་གྱིས༔ སྐུ་བལ་རིང་བསྲེལ་དག་ཀྱང་གཞུག༔ རབ་གནས་ཚོགས་འཁོར་དགའ་སྟོན་དང་༔ སྨིན་ཁྲིད་ནོད་པར་བྱས་ནས་སུ༔ དར་སྣ་ལྔས་དྲིལ་མགུལ་དུ་གདགས༔ ཕན་པའི་ཡོན་ཏན་བརྗོད་ལས་འདས༔ རྡོ་རྗེ་སེམས་དཔའི་ཐུགས་བཅུད་ཡིན༔ དགའ་རབ་རྡོ་རྗེའི་སྙིང་ཐིག་གོ༔ པད་འབྱུང་བདག་གི་སྙིང་ཁྲག་ཡིན༔ སྤེལ་བར་ཕངས་སོ་སྐལ་ལྡན་རྣམས༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན༔ འགྲོ་དོན་ཡིན་ཕྱིར་སྤེལ་བར་བྱ༔ གསང་སྔགས་ཡིན་པས་གསང་བར་བྱ༔ ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན༔ ཡི་དྭགས་ཟས་ལ་དགྲར་མཐོང་བཞིན༔ ཐེ་ཚོམ་ལྟ་ལོག་ཅན་མ་གཏོགས༔ མཚམས་མེད་སྤྱད་ཀྱང་སངས་རྒྱས་ཐོབ༔ དགེ་བ་གསོ་ཞིང་སྡིག་པ་སྦྱོང་༔ ཤི་ཚེ་གདུང་དང་རིང་བསྲེལ་འབྱུང་༔ མཁའ་འགྲོ་ཆོས་སྐྱོང་གྲིབ་ལྟར་འགྲོགས༔ ཉམས་གྲིབ་སྐྱོན་གྱིས་མི་གོས་ཤིང་༔ ཉམས་རྟོགས་ཏིང་འཛིན་རྒྱུད་ལ་སྐྱེ༔ ཞི་གནས་བླན་སངས་ལྷག་མཐོང་འཕེལ༔ རང་རིག་ཆོས་སྐུའི་དངོས་ཞལ་མཇལ༔ གང་ཞིག་རྟེན་མཆོག་འདི་ཉིད་ནི༔ སར་སྦ་ཆུ་བསྐུར་མེ་ལ་བསྲེགས༔ རླུང་ལ་ཕྱར་རམ་མཁར་བཏེགས་ན༔ འབྱུང་ལྔས་གར་ཁྱབ་ལུས་ཅན་རྣམས༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ རྟེན་འདི་བཞུགས་པའི་ཡུལ་ཁམས་སུ༔ ནད་མུག་མཚོན་གྱིས་མི་གདུང་ཤིང་༔ ལོ་ལེགས་འབྲུ་འཕེལ་མི་ཕྱུགས་བདེ༔ འདྲེ་གདོན་བགེགས་ཀྱིས་གླགས་མི་རྙེད༔ དེ་བས་སྙིང་བཞིན་གཅེས་པར་ཟུངས༔ གནོད་སྦྱིན་བཤན་པ་དམར་ནག་དང་༔ དགེ་བསྙེན་རྡོ་རྗེ་ལེགས་པ་ལ༔ གཏད་དོ་ཐུབ་པར་སྲུངས་ཤིག་རྒྱ༔ ལས་དང་སྐལ་བར་ལྡན་ལ་སྤྲོད༔ སྐལ་མེད་རྣམས་ལ་ཨྠྉ་རྒྱ༔ ས་

p. 353

མ་ཡཱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་བཙུན་གཟུགས་རྨོངས་པ་གདོལ་སྤྱོད་མཁན་རྡོ་རྗེ་ཚེ་མཆོག་རྩལ་ཞེས་པ་དེས་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་བསྙེན་བསྒྲུབ་ལ་བརྩོན་སྐབས་ཉམས་ལ་གང་ཤར་བཅོས་བསྒྱུར་མེད་པ་ཐོལ་བྱུང་དུ་གནས་དུས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ལ་བྲིས་པའི་དགེ་བས་ལུས་ཅན་རྣམས་དཔལ་གདོད་མའི་མགོན་པོའི་ཐུགས་ཀློང་དུ་འཚང་རྒྱ་བའི་རྒྱུར་གྱུར་ཅིག༔ དགེའོ། །དགེའོ། །དགེའོ། །མངྒ་ལཾ༔

p. 354

དཔེའུ་རིས་ཡོད། རྡོ་རྗེའི་ཕྱི་རོལ་འོད་ལྔ་ནང་ནས་རིམ་བཞིན་དཀར་མཐིང་སེར་དམར་ལྗང་ངོ་།། མཆན།

རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས་ཟབ་དོན་གཅོད་ཡུལ་བདུད་བཞི་དབྱིངས་སུ་གཅོད་པའི་རྣམ་རོལ།

p. 355

࿅༔ རྫོགས་པ་ཆེན་པོ་རྡོར་སེམས་སྙིང་ཐིག་ལས༔ ཟབ་དོན་གཅོད་ཡུལ་བདུད་བཞི་དབྱིངས་སུ་གཅོད་པའི་རྣམ་རོལ་བཞུགས་སོ༔

p. 356

མ་ཅིག་དབྱིངས་ཀྱི་ཡུམ་ལ་འདུད༔ རྐྱེན་ངན་ལམ་ཁྱེར་སེམས་ཉིད་བོགས་འདོན་ཐབས༔ ཨོ་རྒྱན་གཏེར་གཅོད་མ་ཅིག་བཀའ་གཏེར་དོན༔ གཅིག་ཏུ་དྲིལ་བའི་ཡང་སྙིང་འདི་ལྟར་རོ༔ ཕཊ་ཕཊ་ཕཊ༔ ཀྱེ་མ༔ རིགས་དྲུག་རྣམས་ཀྱི་སྒྲིབ་པ་སྦྱང་བ་ནི༔ བདག་གིས་གཅེས་འཛིན་ལུས་འདི་འདོར་བ་དང་༔ སྣང་སྲིད་ལྷ་འདྲེའི་བསམ་པ་བསྒྲུབ་པའི་ཕྱིར༔ ཕན་བྱེད་ལྷ་ཡང་འདུས་ལ་འདིར་ཤོག་ཅིག༔ གནོད་བྱེད་འདྲེ་ཡང་འདུས་ལ་འདིར་ཤོག་ཅིག༔ ཕཊ་ཕཊ་ཕཊ༔ ཅི་སྟེ་བྱམས་པས་བོས་ཀྱང་མ་འོངས་ན༔ འཁྲུལ་འཛིན་ཆོས་ཀྱི་དབྱིངས་སུ་དབང་བསྡུས་ལ༔ མ་ཅིག་ཁྲོས་

p. 357

མ་མཐིང་ནག་ཁྲོ་ཆས་རྫོགས༔ འཁོར་འདས་ཀུན་ལས་ཆེ་བཙན་བདག་ཉིད་མའི༔ ཐུགས་སྤྲུལ་ཕོ་ཉས་སྣང་སྲིད་འཇིག་རྟེན་ཁྱབ༔ ཡ་ཀི་ཀུན་ཏུ་བཟང་པོ་མན་ཆད་དང་༔ མ་ཀི་གྲོང་ཁྱེར་འདྲེ་མོ་ཡན་ཆད་ཀྱི༔ དབང་འཕྲོག་ཤེད་བཅོམ་བཙོན་པ་བཞིན་ཏུ་ཁྲིད༔ ལྕགས་ཀྱུས་སྙིང་བཟུང་གཡང་གཞི་མཚོན་ཆས་དེད༔ འཁོར་འདས་འདར་འདར་ཆུམ་ཆུམ་དཔུང་གཉེན་བྲལ༔ ཅི་གསུང་བཀའ་ཉན་ཅི་བྱེད་ལས་སྒྲུབ་གྱུར༔ ཕཊ་ཕཊ་ཕཊ༔ མ་དབྱིངས་ནས་བཞེངས་ཤིག་ཆོས་སྐུ་ཡུམ་ཆེན་མོ༔ མ་དབྱིངས་ནས་

p. 358

བཞེངས་ཤིག་ལོངས་སྐུ་ཁྲོས་མ་ནག༔ མ་དབྱིངས་ནས་བཞེངས་ཤིག་སྤྲུལ་སྐུ་ལབ་སྒྲོན་མ༔ བུ་མ་རིག་གཅོད་པའི་གཅད་བྱ་འདྲེ་གདོན་དང་༔ ལམ་གཅོད་ཡུལ་སྒོམ་པའི་གཅོད་བྱེད་གཉིས་འཛིན་འདི༔ བུ་ཡིས་དོ་ནུབ་གཅིག་ཏུ་གཅོད་པའི་ཕྱིར༔ སེམས་གཟུང་འཛིན་ལྷར་བཏགས་ཕན་སེམས་དང་༔ རང་འཁྲུལ་བས་འདྲེ་བཏགས་གདོན་བགེགས་སོགས༔ ཁུངས་མ་ཤེས་འཁྲུལ་བའི་རྫུན་དང་གསོབ༔ མ་མཁས་པས་ཐབས་ཀྱིས་བུ་བཅོས་བཞིན༔ ད་དྲག་རྩུབ་ཤུགས་ཀྱིས་ཁུག་ལ་ཤོག༔ བྱམས་སྙིང་རྗེའི་གདེང་གིས་ཁུག་ལ་ཤོག༔ དོན་སྟོང་ཉིད་རྩལ་གྱིས་ཁུག་ལ་ཤོག༔ ཁོ་དབང་ཆེན་དབང་མེད་དུ་ཁུག་ལ་ཤོག༔ སྟོབས་ཆེན་སྟོབས་མེད་དུ་ཁུག་ལ་ཤོག༔ ཟས་ཟ་འདོད་ཀྱི་ལྷ་འདྲེ་ཁུག་ལ་ཤོག༔ ཤ་ཞིམ་པོ་རང་ཡོད་དེ་ང་ཡི་ཤ༔ ཁྱོད་དགའ་བར་རང་ཟོ་དང་ལྷ་འདྲེའི་ཚོགས༔ སྐོམ་འཐུང་འདོད་ཀྱི་ལྷ་འདྲེ་ཁུག་ལ་ཤོག༔ ཁྲག་མངར་མོ་རང་འཐུངས་ཤིག་མཁའ་འགྲོའི་ཚོགས༔ ངས་གཅེས་ཤིང་བསྐྱངས་པའི་ཕུང་ཁམས་དང་༔ དུས་གསུམ་བསགས་པའི་དགེ་བའི་

p. 359

ཚོགས༔ སྤྱིར་ཁམས་གསུམ་རིགས་དྲུག་སེམས་ཅན་དང་༔ སྒོས་འདྲེ་དང་བདུད་དང་ལྷ་འདྲེ་དང་༔ ཡང་ཁྱད་པར་ལན་ཆགས་འདྲེ་གདོན་ལ༔ ངས་སྦྱིན་མ་ནུས་ན་གཅོད་པ་མིན༔ ཁྱོད་ལེན་མ་ནུས་ན་ལྷ་འདྲེ་མིན༔ ཁྱོད་རེམ་ལ་རྒྱུགས་ཤིག་ལྷ་འདྲེ་རྣམས༔ ཕཊ་ཕཊ་ཕཊ༔ ཁྱོད་འཇིགས་པ་རྣམས་ཀྱིས་གཟུགས་སྟོན་ཅིག༔ ཁྱོད་རྔམ་པ་རྣམས་ཀྱིས་མཚོན་དོར་ཅིག༔ ཁྱོད་ཟ་བ་རྣམས་ཀྱིས་ཧབ་ཐོབ་ཅིག༔ ང་དགའ་འོ་སྤྲོ་འོ་ཕ་མ་རྣམས༔ ཕཊ་ཕཊ་ཕཊ༔ ཐེག་པ་རིམ་པ་དགུ་པོ་ལ༔ རྩོལ་དང་སྒྲུབ་པའི་སྐྱོན་ཡོད་ཀྱིས༔ རྩོལ་སྒྲུབ་མེད་པའི་ངང་དུ་གཅོད༔ ལྷ་དང་འདྲེ་བགེགས་གཉིས་པོ་ལ༔ ཕན་གནོད་བཟུང་བའི་སྐྱོན་ཡོད་ཀྱིས༔ རེ་དོགས་མེད་པའི་ངང་དུ་གཅོད༔ གནོད་བྱ་ང་དང་གནོད་བྱེད་ཁྱོད༔ གཅོད་བྱེད་བཏགས་པའི་དམིགས་པ་གསུམ༔ དོན་དམ་ཆོས་སྐུ་གཅིག་ཏུ་གཅོད༔ ཕཊ་ཕཊ་ཕཊ༔ མདུན་གྱི་ནམ་མཁར་ཁྱབ་པར་བཞུགས་པ་ཡི༔ བླ་མ་མ་ཅིག་དཀོན་མཆོག་རྒྱ་མཚོ་ལ༔ རང་གཞན་འགྲོ་བ་སྣང་སྲིད་ལྷ་འདྲེའི་ཚོགས༔ སྐྱབས་སུ་མཆི་འོ་

p. 360

སངས་རྒྱས་འཐོབ་པར་ཤོག༔ འཁྲུལ་བའི་ཉེས་ཚོགས་འདི་ལས་ཐར་བར་ཤོག༔ ཕཊ་ཕཊ་ཕཊ༔ འགྲོ་དྲུག་སེམས་ཅན་སྣང་སྲིད་ལྷ་འདྲེའི་ཚོགས༔ ཐོག་མེད་དུས་ཀྱི་ཕ་མ་དྲིན་ཅན་ཡིན༔ འདི་དག་ཕན་ཕྱིར་དགའ་བར་བྱ་བའི་ཕྱིར༔ བདག་གི་གཅེས་པའི་སྒྱུ་ལུས་སྦྱིན་པར་བྱ༔ ཕཊ་ཕཊ་ཕཊ༔ རང་གི་སྤྱི་བོར་རྒྱལ་བ་ཀུན་འདུས་ཀྱི༔ ངོ་བོ་ཨ་མ་ལབ་ཀྱི་སྒྲོལ་མ་ནི༔ ཞི་འཛུམ་མཛེས་ལྡན་དུང་དང་ཟླ་བའི་མདོག༔ དར་དཀར་རལ་ག་རཏྣ་རུས་རྒྱན་གསོལ༔ ཕྱག་གཉིས་ཌཱ་དྲིལ་ཞབས་གཉིས་གར་སྟབས་བསྒྱུར༔ བྱིན་རླབས་ཐིབས་ཐིབས་དངོས་གྲུབ་རྩལ་དུ་འབར༔ ཕཊ་ཕཊ་ཕཊ༔ ཆོས་སྐུ་ཡུམ་ཆེན་སྒྲོལ་མ་ཕག་གདོང་མ༔ ཡེ་ཤེས་མཚོ་རྒྱལ་མ་ཅིག་ལབ་ཀྱི་སྒྲོན༔ གཅོད་ཡུལ་བཀའ་གཏེར་བླ་མ་འདུས་པའི་སྐུ༔ ཁྱེད་ཤེས་དད་པས་སྙིང་ནས་གསོལ་བ་འདེབས༔ གཅོད་ཡུལ་མཐར་ཕྱིན་བརྟུལ་ཞུགས་དབང་བསྐུར་སྩོལ༔ ལྟས་ངན་གཡང་ཁུག་རྐྱེན་ངན་གྲོགས་སུ་འཆར༔ བདག་འཛིན་རྩད་ཆོད་ན་ཚ་བོགས་སུཐོན༔ འཁོར་འདས་མཉམ་ཉིད་བདེ་ཆེན་དབྱིངས་སུ་ཆོད༔

p. 361

ཆོས་ཀུན་ཟད་སར་འཁྱོལ་བར་ལ་བཟླའོ༔ ཕཊ་ཕཊ་ཕཊ༔ སེམས་ཞེས་བྱ་བའི་ཡུལ་ཞེས་བརྗོད་མཐའ་ཟད༔ སེམས་ཞེས་འགགས་པའི་ཡུལ་དང་བརྗོད་མཐའ་ཟད༔ སེམས་ཞེས་གནས་པའི་ཡུལ་གྱི་བརྗོད་མཐའ་ཟད༔ ཡོད་དང་མེད་དང་གཉིས་ཀ་མིན་ཞེས་པའི༔ གོ་ཡུལ་ཡིད་དཔྱོད་བྲལ་བའི་ངང་དུ་གཅོད༔ ཕཊ་ཕཊ་ཕཊ༔ ཕྱི་རོལ་རྐྱེན་གྱིས་བསླད་པའི་དགའ་སྡུག་སོགས༔ ཐོགས་བཅས་བདུད་ཀུན་སྤང་བླང་མེད་པར་གཅོད༔ ཕཊ་ཕཊ་ཕཊ༔ དུག་ལྔ་དུག་གསུམ་འཁྲུལ་སྣང་དགའ་སྡུག་སོགས༔ ཐོགས་མེད་བདུད་ཀུན་བཟོ་མེད་ངང་དུ་གཅོད༔ ཕཊ་ཕཊ་ཕཊ༔ ཆོས་བརྒྱད་དབང་སོང་ང་རྒྱལ་བློ་དྲེད་སོགས༔ དགའ་བྲོད་བདུད་ཀུན་འཛིན་མེད་ངང་དུ་གཅོད༔ ཕཊ་ཕཊ་ཕཊ༔ ལྷར་འཛིན་འདྲེར་འཛིན་རེ་དོགས་ཐེ་ཚོམ་སོགས༔ སྙེམས་བྱེད་བདུད་ཀུན་བརྗོད་མེད་ཀློང་དུ་གཅོད༔ ཕཊ་ཕཊ་ཕཊ༔ རང་གཞན་སྙིང་གར་རིག་པའི་ངོ་བོ་ནི༔ ཐིག་ལེ་མ་སར་བྱ་ཡི་སྒོ་ང་ཙམ༔ འོད་ལྔའི་མདངས་ལྡན་དབུ་མའི་ལམ་ནས་འཐོན༔ ནམ་མཁས་གར་

p. 362

ཁྱབ་རིག་པས་ཁྱབ་པར་གྱུར༔ ཕཊ་ཕཊ་ཕཊ༔ སྐད་ཅིག་ཐོལ་གྱིས་རང་རིག་རྣལ་འབྱོར་མ༔ གྲི་གུག་ཐོད་འཛིན་སྤྱི་བོར་ཕག་ཞལ་མཚན༔ རུས་པའི་རྒྱན་དྲུག་སྤྱན་གསུམ་བར་སྣང་གཟིགས༔ རང་ལུས་ཚོ་སྣུམ་བཅུད་མདངས་ལྡན་པ་ལ༔ གྲི་གུག་གིས་བཤས་སྟོང་གསུམ་དམར་ཆེན་གང་༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དང་༔ དབང་པོ་དོན་སྙིང་ཡོད་དགུས་སྣང་སྲིད་གང་༔ ཕཊ་ཕཊ་ཕཊ༔ ༀ་ཨཱཿཧཱུྃ་གིས་ངོ་བོ་བདུད་རྩིར་གྱུར༔ ཀྱེ་མ་གྲངས་མེད་སྐྱེས་པའི་ལུས་རྣམས་ཆུད་རེ་ཟོས༔ རང་དོན་སངས་རྒྱས་སྒྲུབ་པའི་རྒྱུར་མ་སོང་༔ གཞན་དོན་ཕ་མ་སེམས་ཅན་དོན་མ་འགྲུབ༔ ལས་ཀྱི་ལན་ཆགས་ལྷ་འདྲེར་སྦྱིན་མ་ནུས༔ དེ་རིང་དལ་འབྱོར་མི་ལུས་ཐོབ་པའི་དོན༔ དེ་རིང་སངས་རྒྱས་བསྟན་དང་མཇལ་བའི་དོན༔ རྫོགས་སངས་རྒྱས་ཀྱིས་སྐུ་ལུས་བཏང་བ་བཞིན༔ ཆོས་དོན་དེ་བསམ་བདག་ཀྱང་དགའ་བཞིན་དུ༔ རང་ལ་གཅེས་དང་གཞན་ལ་མཁོ་བའི་ལུས༔ བསམ་བཞིན་བསྔོ་འོ་སྦྱིན་ནོ་ལྷ་འདྲེའི་ཚོགས༔ ཕཊ་ཕཊ་ཕཊ༔ ཀྱེ༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་ཆེ་

p. 363

དགུ་རྣམས༔ ད་ལྟ་ཉིད་ནས་ང་ཡི་ཤ་ཁྲག་ཁྱེར༔ ད་ལྟ་ང་ཡི་མགོ་སྙིང་དབང་པོ་རོལ༔ ཕོ་གདོན་རྒྱལ་པོ་མོ་གདོན་འདྲེ་མོ་སོགས༔ ང་ཡི་ཤ་ཁྲག་དོན་སྙིང་ཐམས་ཅད་ཁྱེར༔ གཟའ་ཀླུ་སྡེ་བརྒྱད་ཐེའུ་རང་མ་མོའི་ཚོགས༔ ཤ་ཟོ་ཁྲག་འཐུངས་ཅི་དགའ་ཅི་བདེར་གྱིས༔ སྣང་སྲིད་ལྷ་འདྲེ་མ་གཤིན་བགེགས་ཀྱི་ཚོགས༔ ཤ་ཟོ་ཁྲག་འཐུངས་མགོ་སྙིང་ཡན་ལག་ཁྱེར༔ མང་ན་ཞིམ་ལ་ཟོས་ན་བཅུད་པ་ཡི༔ ཚོ་སྣུམ་བཀྲག་མདངས་ལྡན་པའི་ཕུང་པོ་འདི༔ ཚེ་རབས་ཕ་མ་དྲིན་ཅན་ལྷ་འདྲེ་ལ༔ སྦྱིན་ནོ་བསྔོ་འོ་དགའ་ཞིང་ཚིམ་གྱུར་ཅིག༔ ཁྱད་པར་དབང་ཆུང་ཁས་དམན་ལྷ་འདྲེ་ལ༔ སྦྱིན་ནོ་བསྔོ་འོ་འདོད་པ་འགྲུབ་གྱུར་ཅིག༔ ང་ནི་འཁོར་བ་འདི་ལ་བག་རེ་གྲང་༔ བག་ཆགས་ལུས་ངན་འདི་ལ་ཞེན་རེ་ལོག༔ སེམས་ནི་ང་དང་ལྷ་འདྲེ་ཁྱོད་མི་མཐོང་༔ རྫོགས་སངས་རྒྱས་ཀྱི་སྤྱན་གྱིས་མཐོང་མི་འགྱུར༔ སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ སྒོས་ན་ད་རེས་གནོད་བྱེད་འདྲེ་ཁྱོད་ལ༔ བསྔོ་འོ་སྦྱིན་ནོ་ད་ལྟ་ཉིད་དུ་ཁྱེར༔ དངོས་སུ་རབ་ཏུ་ད་ལྟ་ཉིད་དུ་ཁྱེར༔ ཐ་ན་ན་མིན་

p. 364

འཆི་མིན་ནུས་པར་གྱིས༔ རེམས་ཤིག་རེམས་ཤིག་གནས་གདོན་ལུས་གདོན་ཚོགས༔ ཟོ་ཤིག་ཁྱེར་ཅིག་འབྱུང་པོ་མི་མིན་ཚོགས༔ སྟེར་མ་ནུས་ན་གཅོད་མཁན་ང་ལན་ནོ༔ ཟ་མ་ནུས་ན་ལྷ་འདྲེ་ཁྱོད་ངན་ནོ༔ ཕཊ་ཕཊ་ཕཊ༔ ཤ་ལ་དགའ་བས་ཤ་ལ་ཟོ༔ ཤ་ཟན་ཅབ་སྒྲ་དི་རི་རི༔ ཁྲག་ལ་དགའ་བས་ཁྲག་ལ་འཐུངས༔ ཁྲག་འཐུངས་ཧུབ་སྒྲ་ཧོ་རོ་རོ༔ རུས་ལ་དགའ་བས་རུས་ལ་མུར༔ རུས་མུར་སོ་སྒྲ་ཁྲ་ལ་ལ༔ རྐང་དུང་ལྷ་བ་ལྗིབས་སེ་ལྗིབ༔ པགས་གྱོན་གཡང་གཞི་ལྷུབས་སེ་ལྷུབ༔ དགྱེས་པའི་གད་མོ་ཤ་ར་ར༔ མགུ་བའི་གླུ་ལེན་ཀྱུ་རུ་རུ༔ དྲག་པོའི་རྐན་སྒྲ་ཐགས་སེ་ཐག༔ སྤྱིར་ཁམས་གསུམ་རིགས་དྲུག་སེམས་ཅན་དང་༔ སྒོས་གནོད་བྱེད་གདོན་བགེགས་ལྷ་འདྲེ་ལ༔ བསྔོས་པ་བཞིན་ཏུཚིམ་གྱུར་ཅིག༔ བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཀྱེ་མ་བདག་ལུས་གང་ན་གང་ཚ་གཅེས་འཛིན་གང་ཞུགས་འདི༔ ཆེ་དགུ་གཉན་བཅུ་གང་ངན་གང་གནོད་ལྷ་འདྲེ་ཁྱོད་ལ་སྦྱིན༔ ང་ཡི་སྙིིང་རྗེའི་ཤུགས་དང་སྦྱིན་པའི་སྟོབས་དང་སྟོང་ཉིད་འདི་ཡི་མཐུས༔

p. 365

ཁྱོད་དང་ང་གཉིས་ད་ལྟ་ཉིད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཕཊ་ཕཊ་ཕཊ༔ རང་ལུས་ནས་འ ཐོན་རྡོ་རྗེ་རྣལ་འབྱོར་མས༔ ཐོད་པ་ཧབ་ཀྱིས་བཀོག་པས་སྟོང་གསུམ་ཁྱོན༔ ནང་དུ་ལུས་འཕངས་ཤ་ཁྲག་དུམ་བུར་སྤུངས༔ འོག་ནས་མེ་རླུང་སྦྱོར་བས་ཞུ་ཞིང་ཁོལ༔ རྣལ་འབྱོར་མ་ཡིས་གྲི་གུག་ལན་གསུམ་གདེངས༔ སྤྱན་ལྡོག་ༀ་ཨཱཿཧཱུྃ་གསུམ་བརྗོད་པ་ཡིས༔ ཡེ་ཤེས་བདུད་རྩི་འབྲུ་གསུམ་རྣམ་པར་ཐིམ༔ ཟག་མེད་བདུད་རྩི་དཀར་ལ་དམར་བའི་མདངས༔ རོ་བཅུད་ནུས་པ་ཡོན་ཏན་ཕུན་སུམ་ཚོགས༔ ཡར་མཆོད་བླ་མ་དཀོན་མཆོག་རྩ་གསུམ་མཆོད༔ ༀ་ཨཱཿ ཧཱུྃ་ཕཊ༔ བདག་སོགས་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཕར་འཕྲོས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ༀ་ཨཱཿཧཱུྃ་ཕཊ༔ ཐུགས་དམ་དགྱེས་སྐོང་ཉམས་ཆག་དག་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མར་འཕྲོས་འགྲོ་དྲུག་ལན་ཆགས་གདོན་བགེགས་མཆོད༔ ༀ་ཨཱཿ ཧཱུྃ་ཕཊ༔ འཁྲུལ་སྣང་དབྱིངས་དག་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཀྱེ་མ་བདག་ལུས་

p. 366

དགོས་དགུ་འབྱུང་བའི་རྫས༔ བླ་མ་དཀོན་མཆོག་རྣམས་ལ་མཎྜལ་ཚོགས༔ ཕྱི་ནང་གསང་བའི་མཆོད་པ་བསམ་མི་ཁྱབ༔ ཡི་དམ་ལྷ་ཚོགས་རྣམས་ལ་ཚོགས་ཀྱི་རྫས༔ སྨན་གཏོར་རཀྟ་དགའ་བཞིའི་ཡེ་ཤེས་འབར༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་རྟེན་རྫས་དང་༔ སྤྱི་དང་བྱེ་བྲག་སོ་སོའི་མཐུན་རྫས་ཚང་༔ གཞི་བདག་རྣམས་ལ་རང་རང་ཁང་བཟང་དང་༔ རི་དྭགས་སྣ་ཚོགས་འདོད་ཡོན་སྣ་ཚོགས་འབྱོར༔ ཀླུ་ལ་དཀར་གསུམ་མངར་གསུམ་ཀླུ་སྨན་ཚོགས༔ རིགས་དྲུག་སོ་སོར་གང་འདོད་ཡོ་བྱད་དང་༔ ལན་ཆགས་བདག་པོར་གསེར་གཡུ་ཇ་དར་དང་༔ གནས་ཁང་མཐུན་གྲོགས་མཁོ་དགུའི་ཡོ་བྱད་རྣམས༔ མཆོད་དོ་བསྔོ་འོ་འབུལ་ལོ་དགྱེས་དགུར་རོལ༔ གང་ལ་གང་འདོད་ཅི་ལ་ཅི་བསམ་པ༔ ལོངས་སྤྱོད་ནམ་མཁའ་མཛོད་དུ་འབྱུང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ ཀྱེ་མ་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ སྡིག་སྒྲིབ་སྡུག་བསྔལ་བདག་ལ་ཐིམ་གྱུར་ཅིག༔ སེམས་ཅན་ཐམས་ཅད་སྡུག་བསྔལ་བྲལ་བར་ཤོག༔ བདག་གི་བདེ་བ་དགེ་བའི་དངོས་པོ་ཀུན༔ གནོད་

p. 367

བྱེད་གཙོར་གྱུར་འགྲོ་ལ་སྨིན་གྱུར་ཅིག༔ གནས་སྐབས་བདེ་ཐོབ་མཐར་ཐུག་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ གཅོད་བྱ་འདྲེ་གདོན་འཇིགས་སྐྲག་ལྷ་འདྲེ་དང་༔ གཅོད་བྱེད་བསྐྱེད་རྫོགས་དམིགས་པའི་འཕྲོ་འདུ་དང་༔ མ་རིག་གཟུང་འཛིན་བདག་གི་རྣམ་ཤེས་གསུམ༔ གཅིག་ཏུ་འདྲེས་ནས་ཨ་ཡིག་དཀར་པོར་གྱུར༔ དབྱིངས་ཀྱི་རང་བཞིན་མ་ཅིག་ཐུགས་ཀར་ཐིམ༔ མ་ཅིག་ཨར་གྱུར་ནམ་མཁར་འཇའ་ལྟར་ཡལ༔ སྣང་སྲིད་སྟོང་ཆེན་གཏད་མེད་གཅིག་ཏུ་དག༔ གཅོད་བྱ་གཅོད་བྱེད་གཅོད་ཡུལ་རྣམ་པ་གསུམ༔ རོ་གཅིག་ཀློང་དུ་བསམ་བཞག་མེད་པར་བརྡལ༔ ཕཊ་ཕཊ་ཕཊ༔ བདག་གི་གཅོད་ཡུལ་ཟབ་མོའི་བསོད་ནམས་མཐུས༔ ཐུབ་བསྟན་བསྐལ་པ་རྒྱ་མཚོར་གནས་གྱུར་ཅིག༔ འགྲོ་ཀུན་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག༔ སྤྲོས་པའི་ཆོས་ཀུན་སྤྲོས་མེད་ཀློང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ བཀའ་གཏེར་དག་སྣང་གཅོད་ཡུལ་ཁ་སྐོང་དུས༔ རྒྱ་གར་པཎ་ཆེན་པད་འབྱུང་དམ་པ་དང་༔ མཚོ་རྒྱལ་མ་ཅིག་ཐུགས་ཀྱི་ཡང་སྙིང་བཅུད༔ མང་དུ་ཐོས་ཤིང་རྒྱུད་ལ་ཅུང་ཟད་འབྱོར༔ དཔའ་བོ་ལས་རབ་ཅེས་གྲགས་བདག་གིས་

p. 368

བཀོད༔ ཡི་གེའི་རྐྱེན་འབྱོར་བསོད་ནམས་ཆོས་བཟང་བྱས༔ འདི་ལས་ཐོབ་པའི་དགེ་བ་དྲི་མེད་ཀྱིས༔ རེ་དོགས་ཆོས་བརྒྱད་དབང་སོང་འགྲོ་བ་རྣམས༔ བློ་འདས་ཆོས་དབྱིངས་ངང་དུ་གནས་གྱུར་ཅིག༔ མངྒ་ལཾ༔ བྷ་ཝནྟུ༔

ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས་དྲོད་ཀྱི་བོགས་འདོན་གཏུམ་མོ་འབར་བར་མེའི་འཁོར་ལོ།

p. 369

࿅༔ ཐུགས་རྗེ་ཆེན་པོ་མ་རིག་མུན་སེལ་ལས་དྲོད་ཀྱི་བོགས་འདོན་གཏུམ་མོ་འབར་བར་མེའི་འཁོར་ལོ་བཞུགས་སོ༔ སྭ་སྟི༔ སྲིད་ཞིའི་ཁྱབ་བདག་སྨིན་གྲོལ་མཛོད༔ སྐྱབས་ཀུན་འདུས་པའི་ངོ་བོ་ཉིད༔ དྲིན་ཆེན་པདྨའི་མཚན་ཅན་ལ༔ བྱང་ཆུབ་བར་དུ་ཕྱག་འཚལ་ལོ༔ རྩ་རླུང་ཐིག་ལེའི་ཉམས་ལེན་གྱི༔ ཏིང་འཛིན་བོགས་སུ་འདོན་པའི་ཚེ༔ འབར་བ་མེ་ཡི་བོགས་འདོན་ནི༔ འདི་རུ་འབྲི་འོ་ཤིས་པ་སྩོལ༔ ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས༔ འདིར་སྨྲ་བ་དེ་ཡང་རླུང་གཞུང་ལྟར་གྱི་དྲོད་མ་བྱུང་བའམ༔ གཞུང་གི་ཉམས་ལེན་གྱི་གནད་ཆུན་ནས་རྣོ་ཚད་ཆུ་རས་སྐམ་པ་སོགས་གང་ཡིན་ཀྱང་༔ འདི་ལྟར་བྱའོ༔ ལུས་དང་རྩ་ཐིག་རླུང་སོགས་ཀྱི་ཉམས་ལེན་གཞུང་ལྟར་མཚན་བཅས་མཚན་མེད་ཀྱི་ཏིང་འཛིན་འཁྲུལ་འཁོར་ཡན་ལག་ལྔ་སྦྱོང་སོགས་གྲུབ་ནས༔ སྟན་བདེ་བ་ལ་ལུས་ཙོག་པུར་སྒལ་ཚིགས་དྲང་པོར་བསྲངས་ལ་འཕོངས་གདན་ལ་རེག་པར་བྱས༔ རྐང་པ་གཡས་ཀྱི་སོར་རྩེས་གཡོན་གྱི་སོར་རྩེ་ཅུང་ཟད་མནན༔ ལག་པ་གཡས་སྟེང་མ་བྱས་ལ་ལག་གཉིས་བསྣོལ་ནས་

p. 370

དཔུང་པ་གཉིས་བཟུང་༔ གྲུ་ཁུག་གཉིས་སུ་པུས་མོའི་མགོ་ཆུད་པར་བྱ༔ པུས་འཁྱུད་ཀྱིས་བསྡམ་མེ་ཐབས་དྲུག་ཆིངས་འདུག་སྟངས་ཀྱི་གནད་དོ༔ ལུས་དང་རྩ་ཐིག་གི་དམིགས་པ་གསལ་བའི་ངང་ནས་རླུང་གཞུང་དང་འབྲེལ་ཞིང་ད་ནངས་རླུང་རོ་བུས་ཟིན་ན་དེས་ཆོག༔ མིན་ན་རླུང་རོ་དགུ་བུས་ལ༔ རླུང་དལ་བུས་བརྔུབས་ཤིང་དྲག་པོའི་རྩོལ་བ་རླུང་གི་གནད་དོ༔ དེ་ལྟ་བུ་རླུང་ཁུག་པ་བདུན་ནོ༔ བདུན་གཉིས་སམ༔ ཉེར་གཅིག་གི་རིང་ལ་རྩ་གསུམ་འཁོར་ལོ་བཞི་ཐམས་ཅད་དང་༔ གཞན་ཡང་ལུས་ཀྱི་གར་འཁྱག་སར་ཨ་ཐུང་གི་མེ་དམར་འུ་རུ་རུ༔ ཚ་གྱི་ལི་ལི་འབར་བ་ལ་ཏིང་འཛིན་གཏད་ཅིང་རླུང་ཁ་སྦྱོར་གནད་དུ་བསྣུན་ནོ༔ ཤིན་ཏུ་བོགས་འདོན་ལ་སྲོག་རྩོལ་གཉིས་ཀ་དྲག་པོར་ཤིས་སོ༔ གར་གྲང་བར་མེ་དམིགས་སྦར་ཞིང་འཕུར་བ་དང་༔ མཉེ་བ་སོགས་ལག་མཐིལ་གྱིས་བྱའོ༔ དེ་ནས་ཆོས་བདུན་བཅས་ནས་རླུང་ཤིན་ཏུ་དགང་ཞིང་གཞིལ་ནས་ཕོ་བ་གཡས་སུ་བདུན་ནམ་བཅུ་བཞིའམ་ཉེར་གཅིག་གམ་ལྔ་བཅུ་སྐོར༔ གཡོན་དུའང་གོང་དུ་གང་སྐོར་གྱི་གྲངས་༔

p. 371

སྐོར༔ དེ་ནས་རླུང་སྦྱོར་དག་ནས་ལག་གཉིས་ཁུ་ཚུར་གདན་ཁར་བཞག་ལ་འབེབས་ཆུང་གསུམ་མམ་བདུན་བྱའོ༔ དེ་ལྟར་གྲུབ་ཟིན་ཡང་སྔར་ལྟར་གནད་དང་ལྡན་པས་ཡང་ནས་ཡང་དུ་བརྩོན་འགྲུས་ལ་ཐང་ལྷོད་མེད་པར་ཆིག་དྲིལ་དུ་འབད་པར་བྱའོ༔ འདི་དག་སྐབས་སྐབས་སུ་ཡན་ལག་ལྔ་སྦྱང་བྱ་བ་གལ་ཆེ་དེ་ལྟར་སྦྱངས་པས་དམ་ཚིག་གཙང་བ་དང་༔ ཤིན་ཏུ་གཞོན་པ་དང་༔ ཏིང་འཛིན་གསལ་བ་དང་༔ བརྩོན་འགྲུས་ཆེ་བ་རྩ་བཟང་སོགས་ཀྱིས་བདུན་གཅིག་ལ་སྦྱངས་པས་ཆུ་རས་ཐུབ༔ དེ་ལས་འབྲིང་པོས་བདུན་གཉིས་ན་རས་ཐུབ༔ དེ་ལས་ཐ་མ་བདུན་གསུམ་ལ་སྦྱངས་ན་རས་ཐུབ་བོ༔ དང་པོ་ཚད་རྟགས་བུམ་པའམ་སྣོད་གཅིག་ཏུ་ཆུ་བླུགས་ལ་མདུན་དུ་བཞག་ནས་རླུང་བཟུང་ལ་མེ་དམིགས་དེ་ཉིད་རྩེ་གཅིག་དུ་གཏད་པས་རབ་ཆུ་ལ་དྲོད་འོངས༔ རླངས་པ་འབྱུང་༔ འབྲིང་འཁྱག་མི་ཆགས༔ ཐ་མ་ཡང་གཏིང་ནས་མི་འཁེང་ངོ་༔ རླུང་གི་དྲོད་རྟགས་ཞན་ན་རས་འབུད་རྒྱག་པའི་ཉིན་མོ་ལུས་ཁྱབ་པར་བུལ་ཆུས་བཀྲུས༔ དེ་ནས་རབ་ཏིལ་མར་

p. 372

བྱུང་ན་མཆོག༔ མ་རྙེད་ན་ཕོ་བ་མ་གཏོགས་ལུས་ཀུན་ལ་ཁྱབ་པར་མར་གྱིས་བྱུག༔ དེའི་སྟེང་དུ་རྩམ་པས་འཕུར་ནས་ཤིན་དུ་ཕྱི་དོར་བྱའོ༔ དེའི་དྲོད་འབར་བ་ལྟར་འོང་ངོ་༔ ཟབ་གཏེར་གཞུང་གི་དགོངས་པ་དང་༔ དཔལ་ལྡན་བླ་མའི་ཞལ་གདམས་དང་༔ འཕྲིན་ལས་བདག་ཉིད་ཉམས་ལེན་ཚུལ༔ རྣམ་གསུམ་དྲིལ་བ་སྙིང་པོའི་ཆོས༔ ཞེས་སྐྱབས་གནས་དམ་པ་ཉི་གྲགས་སྤྲུལ་སྐུའི་སྤྲང་པོ་བདག་ལ་དབང་བཞིའི་ཁྲིད་ནོས་སྐབས་ཀྱི་ཐུན་མཚམས་ཤིག་ལ་གཏེར་གཞུང་གི་དགོངས་པ་བླ་མའི་ཞལ་ཁྲིད་སོགས་གཅིག་ཏུ་བསྡུས་ནས་ཕྲིན་ལས་བསྟན་དར་བདག་གིས་སྲིང་རྫོང་བླ་བྲང་གི་ཡང་རྩེར་སྦྱར་བ་མངྒ་ལཾ༔

p. 373

ཐུགས་བཅུད་ཡོངས་འདུས་ཀུན་བཟང་རིག་པའི་གདངས་ཁྲིད་ཀྱི་ངག་འདོན་གསོལ་འདེབས་བྱིན་རླབས་གཏེར་ཆེན་བཞུགས་སོ༔ ན་མོ་གུ་རུ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ སྤྲོས་བྲལ་གདོད་མའི་དགོངས་པ་མངོན་གྱུར་པའི༔ ཟབ་གསང་རྫོགས་ཆེན་བརྒྱུད་པའི་བླ་མ་ལ༔ གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ༔ ཚེ་འདིའི་བདེ་འབྱོར་རྟག་འཛིན་འཆིང་ཐག་ལ༔ བཙན་ཐབས་འཁྲི་བ་ཆོད་པར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་ཐར་མེད་བཙོན་དོང་ལ༔ སྙིང་ནས་ཞེན་པ་ལོག་པར་བྱིན་གྱིས་རློབས༔ སྲིད་པའི་བདེ་སྡུག་ལེགས་ཉེས་ཐམས་ཅད་ཀུན༔ རྫུན་སྣང་སྒྱུ་མར་ཤེས་པར་བྱིན་གྱིས་རློབས༔ ཆོས་སྒོ་གང་ལ་ཞུགས་པའི་ཐེག་པ་ལ༔ སྡུག་སྲན་བརྩོན་འགྲུས་ནུས་པར་བྱིན་གྱིས་རློབས༔ ཐར་པའི་ལམ་བཟང་སྡོམ་པ་དམ་ཚིག་ལ༔ ཟོལ་མེད་སྲུང་སྡོམ་ནུས་པར་བྱིན་གྱིས་རློབས༔ རྟག་ཆད་དངོས་འཛིན་བྲལ་བའི་སེམས་ཉིད་དེ༔ རང་གསལ་རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ རྟོག་པས་གཉིས་སུ་བཟུང་བའི་གཉིས་ཆོས་ཀུན༔ རོ་གཅིག་དབུ་

p. 374

མར་རྟོགས་པར་བྱིན་གྱིས་རློབས༔ བརྒྱལ་གཉིད་འཆི་སོགས་ཞི་གནས་དྲན་མེད་ཀུན༔ ལྷག་མཐོང་རང་གསལ་ཐེམས་པར་བྱིན་གྱིས་རློབས༔ ཆོས་དང་ཆོས་མིན་དྲན་བསམ་སྣ་ཚོགས་པ༔ མ་ཡེངས་བྱ་རས་ཟིན་པར་བྱིན་གྱིས་རློབས༔ ཆོ་འཕྲུལ་བར་དོ་རྨི་ལམ་འཁྲུལ་སྣང་རིགས༔ ཆོས་ཉིད་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ དོན་རྣམས་དཔེ་ཡི་སྟེང་དུ་མི་གོམས་པར༔ དཔེ་རྣམས་དོན་དུ་ཕེབས་པར་བྱིན་གྱིས་རློབས༔ དཔེ་བརྗོད་ཡེ་རེ་སང་ངེ་ཝ་ལེ་བ༔ དཔེ་ཀུན་དཔེ་མེད་རྟོགས་པར་བྱིན་གྱིས་རློབས༔ ཆུ་ཐིམ་སྦྲུལ་མདུད་ཤར་གྲོལ་སྣ་མང་པོ༔ གྲོལ་འཛིན་དཔྱད་ར་མེད་པར་བྱིན་གྱིས་རློབས༔ སྒོམ་པ་མ་བཅོས་རང་བབས་འཛིན་བྲལ་ལ༔ སྒོམ་བློའི་རྟོད་ཕུར་འབུད་པར་བྱིན་གྱིས་རློབས༔ མིང་འདོགས་ཚོད་འཛིན་རིམ་བགྲོད་ཀུན་རྫོབ་ཀུན༔ ཡེ་གྲོལ་ཀློང་དུ་ཆོད་པར་བྱིན་གྱིས་རློབས༔ གནས་པར་མི་ཞེན་འཕྲོ་བར་མི་དོགས་ཤིང་༔ ཐེ་ཚོམ་ནང་ནས་ཆོད་པར་བྱིན་གྱིས་རློབས༔ མདོར་ན་སྟོང་པར་གནས་སམ་གསལ་སྣང་འགྱུ༔ རིག་པ་ཐུགས་རྗེས་ཟིན་པར་

p. 375

བྱིན་གྱིས་རློབས༔ སྤྱན་དང་མངོན་ཤེས་རྫུ་འཕྲུལ་གཞན་དོན་སོགས༔ དྲོད་རྟགས་ཡོན་ཏན་འབྱུང་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་འདེབས་དོན་གྱི་ངོ་སྤྲོད་འདི༔ ཀུན་བཟང་རིག་པའི་གདངས་ཁྲིད་ངར་འདོན་དུ༔ བརྒྱུད་ལྡན་བླ་མའི་གསོལ་འདེབས་བྱིན་རླབས་གཏེར༔ ཕྲིན་ལས་བདག་གིས་བཀོད་པ་དགེ་གྱུར་ཅིག༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལོ་རྒྱུས་སྣང་བ་གསལ་བྱེད།

p. 376
p. 377

༄༅། །ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལོ་རྒྱུས་སྣང་བ་གསལ་བྱེད་བཞུགས་སོ།། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་སྤྱིར་ཁོ་བོ་སྤྱན་རས་གཟིགས་ཀྱིས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབས་པའི་མཚན་མ་མང་ཞིང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཡང་བཀའ་གཏེར་དག་སྣང་རྒྱལ་པོའི་ལུགས་སོགས་བསམ་གྱིས་མི་ཁྱབ་པའི་དབང་ཆོག་དང་མན་ངག་ཀྱང་ཐོབ། མྱོང་གྲོལ་དམ་རྫས་ཀྱི་འགྲོ་དོན་ཡང་ཚད་མེད་རང་གིས་ཀྱང་བགྱིས་ཤིང་གཞན་ལ་ཡང་བསྐུལ་ཏེ་ལྷག་བསམ་རྣམ་དག་ཁོ་ནར་འབད། བྱེ་བྲག་གི་ལོ་རྒྱུས་ནི། ཨོ་རྒྱན་རོག་རྗེ་གླིང་པས་ཀོང་ཡུལ་གྱི་བྲག་དཀར་པོ་ཨོ་རྒྱན་ཁྲོ་ཆུ་ནས་གཏེར་ནས་གདན་དྲངས་པའི་བྲམ་ཟེ་དུང་རྣ་ཅན་གྱི་གདུང་བཀའ་བབས་ཀྱི་ཚུལ་དུ་བྱུང་བ་སྒྲུབ་རྟེན་བྱས་ཏེ་ཧཱུྃ་སྒྲུབ་ཟིལ་གནོན་ཆེན་མོ་སྒྲུབ་པའི་ཚེ་སྣང་བ་ཐམས་ཅད་ཡི་གེའི་རང་བཞིན་དུ་གནས་འགྱུར་ཏེ། དེ་དོན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་མན་ངག་ལས་མཐའ་སོགས་སུ་གྱུར་པ་ལ། རྒྱས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། འབྲིང་

p. 378

པོ་འགྲོ་བ་ཀུན་གྲོལ། བསྡུས་པ་ཕྲིན་ལས་དོན་གྱི་སྙིང་པོ་གསུམ་ལས། འདིར་རྟེན་འབྲེལ་གྱི་བབས་ཀྱིས་འབྲིང་དང་བསྡུས་པ་བཀོད་པའོ། །ཞེས་པའི་ལོ་རྒྱུས་སྡེ་དགེ་རྒྱལ་པོའི་ཕོ་བྲང་ལྷུན་གྲུབ་སྟེང་དུ་རིག་འཛིན་དཔའ་བོ་ལས་རབ་རང་ཉིད་ཀྱིས་མགྱོགས་རྩོལ་དུ་བགྱིས་པ་དགེ་བར་གྱུར་ཅིག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག

p. 379

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ༔ ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས༔ སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབ ས༔ ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ འགྲོ་དྲུག་སྤྲུལ་པས་འདྲེན་པར་བྱིན་གྱིས་རློབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ འཆི་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ གཟུངས་དང་ཏིང་འཛིན་ཐོབ་པར་བྱིན་གྱིས་རློབས༔ ཆོས་རྒྱལ་རྗེ་འབངས་རྣམས་ལ་གསོལ་བ་འདེབས༔ སྙིགས་མའི་མུན་པ་སེལ་བར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཉམས་རྟོགས་བྱིན་རླབས་འབྱོང་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ དལ་འབྱོར་ལུས་ལ་སྙིང་པོ་ལོན་པ་དང་༔ འཆི་བ་སྙིང་ནས་དྲན་པའི་ངེས་འབྱུང་གིས༔ ཚེ་འདིའི་འཁྲི་བ་ཆོད་པར་བྱིན་གྱིས་རློབས༔ ངན་སོང་གནས་གསུམ་སྡུག་བསྔལ་རང་བཞིན་དང་༔ མཐོ་རིས་ན་ཡང་འགྱུར་བའི་

p. 380

སྡུག་བསྔལ་ཏེ༔ འཁོར་བ་གར་སྐྱེས་ཉེས་པའི་སྐྱོན་མཐོང་ནས༔ ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས༔ ཐོག་མ་མེད་པའི་དུས་ནས་བརྒྱུད་པ་ཡི༔ ཕ་མར་མ་གྱུར་སྲིད་འགྲོ་འགའ་ཡང་མེད༔ གཞན་དོན་ལྷུར་ལེན་བྱང་སེམས་རབ་འབྱོངས་ནས༔ བདག་དོན་འཁྲི་བ་ཆོད་པར་བྱིན་གྱིས་རློབ༔ རྒྱུ་འབྲས་བསླུ་མེད་ཤེས་པའི་ངེས་པ་ཡིས༔ སྡིག་སྤོང་དགེ་སྒྲུབ་ལས་ལ་རབ་བརྩོན་ཞིང་༔ མདོ་སྔགས་ལམ་ལ་ཐོས་བསམ་མཐར་ཕྱིན་ནས༔ རྒྱལ་བསྟན་གཞུང་ལུགས་ཇི་བཞིན་རྟོགས་པར་ཤོག༔ ཁྱད་པར་ཉེ་བར་སངས་རྒྱས་སྒྲུབ་པའི་ཐབས༔ བུམ་གསང་ཤེར་ཡེ་ཚིག་དབང་རྣམ་པ་བཞི༔ རྒྱུད་ལ་འབྱོང་ཞིང་དོན་ལ་དབང་ཐོབ་ནས༔ སྒྲིབ་བཞི་འདག་ཅིང་སྐུ་བཞི་མངོན་གྱུར་ཤོག༔ སྲིད་པར་གནས་ཀྱང་འཁོར་བས་མི་གོས་ཤིང་༔ ཞི་བར་གནས་ཀྱང་སྲིད་པ་མི་འདོར་བའི༔ རྒྱལ་སྲས་ཐུ་བོ་འཇིག་རྟེན་དབང་ཕྱུག་བཞིན༔ བདག་ཀྱང་དེང་ནས་མགོན་དེའི་ས་ཐོབ་ཤོག༔ རྒྱལ་བ་གཞན་གྱི་ཐུགས་རྗེས་འདུལ་དཀའ་བའི༔ བདུད་ཀྱི་ཚོགས་རྣམས་བདག་གིས་

p. 381

འདུལ་བར་ཤོག༔ འདྲེན་པ་གཞན་གྱི་ཐུགས་རྗེས་འདྲེན་དཀའ་བའི༔ ལས་ངན་སེམས་ཅན་བདག་གིས་འདྲེན་པར་ཤོག༔ སྐྱོབ་པ་གཞན་གྱི་མཐུ་ཡིས་སྐྱོབ་དཀའ་བའི༔ ཉམ་ཐག་འགྲོ་བ་བདག་གིས་སྐྱོབ་པར་ཤོག༔ ཀུན་བཟང་སྤྱན་རས་གཟིགས་དང་འཇམ་དཔལ་བཞིན༔ བདག་གི་ཐུགས་བསྐྱེད་སྨོན་ལམའང་དེ་བཞིན་ཤོག༔ ཅེས་པ་འདི་ཡང་བསོད་ནམས་ཆོས་བཟང་གིས་བསྐུལ་བ་ལ་བརྟེན་ནས་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔ མངྒ་ལཾ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ སྒྲུབ་ཐབས་ནོར་བུའི་ཕྲེང་བ།

p. 382
p. 383

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ སྒྲུབ་ཐབས་ནོར་བུའི་ཕྲེང་བ་བཞུགས་སོ༔ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་གདུང་༔ རྫས་མཆོག་དམ་པ་མྱོང་གྲོལ་ཡིད་བཞིན་ནོར༔ བརྡ་ཡི་ནང་ནས་རང་བྱུང་སྤྲུལ་པའི་བརྡ༔ ཟབ་ཆོས་ཀུན་ལས་ཡང་ཟབ་འཕགས་པའི་ཆོས༔ གུ་རུ་པདྨའི་གསང་གཏེར་སྙིང་པོའི་ལུང་༔ མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན༔ འདི་དང་སུ་འཕྲད་སྦྱངས་པ་སྔོན་སོང་ཡིན༔ སྤྱན་རས་གཟིགས་དབང་ཐུགས་རྗེའི་སྨོན་ལམ་དང་༔ རང་བྱུང་པདྨ་འབྱུང་གནས་བྱིན་རླབས་ཀྱིས༔ ཟབ་མོའི་ཆོས་འདིས་འགྲོ་བ་འདུལ་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྙིགས་མའི་སེམས་ཅན་རང་མཚང་རྡོལ་བའི་རྟགས༔ ལོག་ལྟ་ཅན་ལ་ཀུན་གྱིས་ཚད་མར་འཛིན༔ ཐེ་ཚོམ་ཅན་ལ་མཁས་པའི་མཆོག་ཏུ་བཀུར༔ ཕྱོགས་རིས་ཅན་ལ་བསྟན་འཛིན་དམ་པ་འདོགས༔ ཚུལ་འཆོས་མཁན་ལ་འདི་ཕྱིའི་སྐྱབས་གནས་འཚོལ༔ ཆོས་དང་གང་ཟག་བཟང་ངན་འདེམས་མི་ཤེས༔ སངས་རྒྱས་བསྟན་དང་འགྲོ་ལ་བར་ཆད་མང་༔ ནད་མཚོན་མུ་གེའི་བསྐལ་པ་ཡང་ཡང་འཆར༔ དེ་དུས་བྱང་ཆུབ་སེམས་དང་ལྡན་པ་ཡི༔ བླ་དཔོན་མི་ཆེན་བན་སྔགས་ཕོ་མོ་དང་༔ འབྱོར་ལྡན་དགེ་ལ་ཕྱོགས་པའི་གང་ཟག་ཀུན༔ སྤྱན་རས་གཟིགས་དང་པདྨ་འབྱུང་གནས་ལ༔ རྩེ་གཅིག་གསོལ་བ་ཐོབ་ལ་བློ་སེམས་གཏོད༔ གུ་རུ་སིདྡྷི་ཡིག་དྲུག་ཐུན་ཁ་ཚུགས༔ མཆོག་གྲུབ་རྫས་འགྱེད་སེམས་ཅན་དོན་ལ་འབུངས༔ ལ་ལུང་ཀུན་ཏུ་ཡིག་དྲུག་འུར་དིར་སྒྲོགས༔ ཚེས་བཅུ་ཚོགས་འཁོར་དཀོན་མཆོག་མཆོད་ལ་རེམ༔ རི་རྒྱ་རླུང་རྒྱ་སེམས་ཅན་སྲོག་མགོ་

p. 384

འདོན༔ དེ་རྣམས་དུས་ལ་དགོངས་པའི་ཞལ་གདམས་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ཉམས་ལེན་བསྟན་པའི་གང་ཟག་ལ༔ མི་རྟག་ངེས་འབྱུང་འཁོར་བར་སྐྱོ་ཤས་དང་༔ དད་དང་དམ་ཚིག་བརྩོན་འགྲུས་ཡང་དག་ལྡན༔ ཐོས་བསམ་ཕྱུག་ཅིང་སྟོང་ཉིད་སྙིང་རྗེར་འབྲེལ༔ དབང་དང་མན་ངག་ཟབ་མོར་ལྡན་པར་བྱ༔ ཡིད་འོང་བཀྲ་ཤིས་དབེན་པའི་ས་ཕྱོགས་སུ༔ དཀྱིལ་འཁོར་མཆོད་ཚོགས་སྐུ་གསུང་ཐུགས་རྟེན་བཀྲམ༔ བདེ་བའི་གདན་ལ་འཁོད་ཅིང་འདི་ལྟར་འཇུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས༔ སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི༔ བདག་སོགས་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས༔ སེམས་བསྐྱེད་པ་ནི༔ ཀྱེ་མ་སྡུག་བསྔལ་རང་བཞིན་འཁོར་བར་ཉམ་རེ་ཐག༔ ཐམས་ཅད་མྱང་འདས་བདེ་ལ་འགོད་བྱའི་ཕྱིར༔ བདག་གི་སྒོ་གསུམ་བརྩོན་པ་དྲག་པོ་ཡིས༔ སྤྱན་རས་གཟིགས་དབང་བསྒོམ་ཞིང་བསྒྲུབ་པར་བགྱི༔ ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད༔ མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ དུས་གསུམ་དགེ་བ་རྣམས་ལ་རྗེས་ཡི་རང་༔ ཆོས་ཀྱི་

p. 385

འཁོར་ལོ་དམ་པ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག༔ མཆོད་པ་བྱིན་བརླབ་ནི༔ ༀ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་བསྐྱེད་པའི་ཕྱིར༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོ༔ ཇི་སྲིད་ནམ་མཁའ་མ་ཞིག་བར་གནས་ཤིང་༔ སྤྱན་རས་གཟིགས་དབང་ཞིང་ཀུན་རྒྱས་འགེངས་འགྱུར༔ ༀ་ཨཱཿཧཱུྃ༔ གསུམ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ༔ ལྷ་བསྐྱེད་ནི༔ ཧྲཱིཿ དམིགས་བསམ་སྤྲོ་སྡུ་བྲལ་བའི་ངང་ཉིད་ལས༔ རི་བོ་ཏ་ལའི་ཞིང་བཀོད་ཕུན་ཚོགས་དབུས༔ པད་དཀར་འདབ་རྒྱས་ཟླ་བའི་དཀྱིལ་འཁོར་སྟེང་༔ རང་སེམས་ཧྲཱིཿལས་འཕྲོ་འདུས་དོན་གཉིས་བྱས༔ སྐད་ཅིག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཞལ་གཅིག་ཞི་ཞིང་འཛུམ་ལྡན་ཡིད་འོང་མཛེས༔ ཕྱག་བཞིའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར༔ འོག་མ་གཉིས་ཀྱིས་བགྲང་ཕྲེང་པད་དཀར་འཛིན༔ ཞབས་གཉིས་མཉམ་ཉིད་སྐྱིལ་མོ་ཀྲུང་དུ་བཞུགས༔ དྭངས་གསལ་དྲི་མེད་ཤེལ་དཀར་དག་འདྲའི་སྐུ༔ མཚན་དང་དཔེ་

p. 386

བྱད་ཡོངས་རྫོགས་ལོངས་སྤྱོད་རྫོགས༔ ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར༔ སྣང་སྟོང་གཉིས་མེད་འཇའ་འོད་ཟེར་མདངས་འཁྲིགས༔ སྤྱི་བོར་བླ་མ་འོད་དཔག་མེད་པས་བརྒྱན༔ གཡས་སུ་སྲས་མཆོག་ནོར་བུ་འཛིན་པ་ནི༔ དཀར་སེར་ཕྱག་གཡས་ནོར་བུ་ཐུགས་ཀར་འཛིན༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་དམར་སེར༔ ཕྱག་གཡས་ཕྲེང་བ་པདྨ་ཐུགས་ཀར་འཛིན༔ གཉིས་ཀ་གཡོན་གཉིས་གུས་འདུད་ཕྱག་རྒྱ་ཅན༔ པད་ཟླའི་གདན་སྟེང་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་སྲོག་དྭངས་མ་ཧྲཱིཿཡིག་འོད་ཕུང་འབར༔ གཞན་ཡང་དུས་གསུམ་བདེ་གཤེགས་རིག་འཛིན་ཚོགས༔ དཀོན་མཆོག་རྩ་གསུམ་འཁོར་ཚོགས་ཆར་སྤྲིན་འཐིབས༔ ཡི་གེ་དྲུག་པའི་རྡོ་རྗེའི་སྒྲ་དབྱངས་སྒྲོགས༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ ཐུགས་

p. 387

རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨེ་ཧྱ་ཧི༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧྲཱིཿ གསལ་བར་བསྐྱེད་ཅིང་སྤྱན་དྲངས་ལྷ་ཚོགས་རྣམས༔ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པར༔ ཆུ་ཉིད་འོ་མ་འདྲེས་པ་ཇི་བཞིན་དུ༔ གཉིས་མེད་རང་བཞིན་གཅིག་པར་བཞུགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡཱ༔ ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱིཿ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞི་དང་ཁྲོ༔ སྤྲུལ་སྐུ་བླ་མ་རིག་འཛིན་རྒྱལ་བའི་ཚོགས༔ གཙོ་དང་འཁོར་དུ་བཅས་ལ་ཕྱག་འཚལ་ལོ༔ ༀ་མ་ཎི་པདྨེ་ཧཱུྃ༔ ན་མོ་ཨ་ཏི་པུ་ཧོ༔ པྲ་ཏི་ཛཿཧོ༔ མཆོད་པ་ནི༔ ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་འདོད་ཡོན་རྣམ་པ་ལྔ༔ སྲིད་དང་ཞི་བའི་དཔལ་འབྱོར་ཇི་སྙེད་དང་༔ སྨན་གཏོར་རཀྟ་རྨད་བྱུང་མཆོད་པའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ མཆོད་པའི་ལྷ་མོ་སྣ་ཚོགས་གར་གྱིས་རོལ༔ བླ་མ་ཡི་དམ་སྤྱན་རས་གཟིགས་དབང་མཆོད༔ ཐུགས་རྗེས་འགྲོ་བའི་དོན་དུ་

p. 388

བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧྲཱིཿ སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་ལ་གཟིགས༔ ཐབས་དང་ཤེས་རབ་གཙོ་འཁོར་ལྕམ་དྲལ་ཚུལ༔ ཡེ་ཤེས་ལྷག་པའི་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་ནི༔ ཧྲཱིཿ ཡོན་ཏན་དཔག་མེད་བདག་ཉིད་རྒྱལ་བ་ཡི༔ ཐུགས་སྲོག་འོད་ཀྱིས་འཕགས་མཆོད་དངོས་གྲུབ་བསྡུས༔ བྱིན་རླབས་ནུས་སྟོབས་དཔལ་དུ་འབར་བའི་མདངས༔ སླར་ཡང་ཐུགས་སྲོག་སྙིང་པོའི་འོད་ཟེར་འཕྲོས༔ ཁམས་གསུམ་རིགས་དྲུག་སྣོད་བཅུད་རྣམས་ལ་ཕོག༔ མ་དག་དངོས་འཛིན་སྡིག་སྒྲིབ་ཐམས་ཅད་དག༔ སྣོད་ཀྱི་འཇིག་རྟེན་བདེ་ཆེན་པོ་ཏ་ལ༔ བཅུད་ཀྱི་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ༔ སྒྲ་རྣམས་ཡི་གེ་དྲུག་པའི་རང་སྒྲ་སྒྲོགས༔ དྲན་རྟོག་ཐམས་ཅད་ཡེ་ཤེས་རིག་པའི་ཀློང་༔ འཁོར་བ་དོང་སྤྲུགས་སྲིད་པ་རྒྱུན་ཆད་དེ༔ ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་ཞིང་༔ དག་པ་རབ་འབྱམས་ཆེན་པོའི་འཁོར་ལོར་བཞེངས༔ ༀ་

p. 389

མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུས་གསུམ་བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ རྩ་གསུམ་དཀོན་མཆོག་མ་ལུས་ཡང་སྙིང་འདི༔ སྡིག་སྒྲིབ་དག་པའི་མཚན་མ་ངེས་པ་དང་༔ དངོས་གྲུབ་རྟགས་མཚན་བཟང་པོ་མ་བྱུང་བར༔ བསྙེན་སྒྲུབ་རྒྱུན་མི་འཆད་པར་བྱ་བ་གཅེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཟླས་པ་རྫོགས་མཐར་མཆོད་ཅིང་བསྟོད་ནས༔ བསྡུ་རིམ་ནི༔ ཧྲཱིཿ སྣང་སྲིད་ཞིང་ཁམས་ནང་བཅུད་སྐུ་ལ་ཐིམ༔ དེ་ཡང་དང་པོ་བསྐྱེད་པའི་ལྷ་ལ་ཐིམ༔ དེ་ཉིད་ས་བོན་ལ་ཐིམ་རིམ་ཡལ་དུ༔ རྟོག་བྲལ་སྒོམ་མེད་ཡེ་ཤེས་ཀློང་དུ་ཐིམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྔོ་བ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་སྒོམ་སྒྲུབ་མཆོད་པ་ཡི༔ དགེ་བ་འདིས་མཚོན་བདག་གཞན་དགེ་བའི་ཚོགས༔ ཁམས་གསུམ་རིགས་དྲུག་སེམས་ཅན་ཐམས་ཅད་ཀུན༔ རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ༔ སྨོན་ལམ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་བསྙེན་པའི་བསོད་ནམས་མཐུས༔ བདག་སོགས་འགྲོ་ཀུན་འཕགས་པའི་སྐུ་ཐོབ་ཤོག༔ གཏན་དུ་ངན་སོང་མི་ཁོམ་སྤོང་བར་ཤོག༔ རང་གཞན་དོན་གཉིས་ལྷུན་གྱིིས་འགྲུབ་པར་ཤོག༔ བཀྲ་ཤིས་ནི༔ ཧྲཱིཿ ཐོག་མའི་སངས་རྒྱས་རྒྱལ་བ་ཀུན་གྱི་ཡབ༔ ཆོས་སྐུ་འོད་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ས་བཅུའི་མགོན་པོ་

p. 390

དཀྱིལ་འཁོར་ཀུན་གྱི་གཙོ༔ བཅོམ་ལྡན་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ མཐུ་སྟོབས་དབང་ཕྱུག་སྣང་སྲིད་ཟིལ་གྱིས་གནོན༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཆོས་རྣམས་ཀུན་གྱི་མཐར་ཐུག་སྙིང་པོའི་དོན༔ གསུང་མཆོག་ཡི་གེ་དྲུག་མའི་བཀྲ་ཤིས་ཤོག༔ མཐོང་ཐོས་དྲན་རེག་བྱང་ཆུབ་ས་བོན་ཐེབས༔ དམ་རྫས་མྱོང་གྲོལ་མཆོག་གི་བཀྲ་ཤིས་ཤོག༔ བླ་མ་མཆེད་ལྕམ་རིག་འཛིན་ཚོམ་བུར་བཅས༔ འབྲལ་མེད་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡིད་བཞིན་ནོར་བུ་ལྟ་བུའི་ཆོས༔ བྱར་མེད་ཐེག་པའི་ཡང་བཅུད་དགོངས་པའི་གནད༔ ཚུལ་བཞིན་ཉམས་སུ་ལོངས་དང་དོན་གཉིས་འགྲུབ༔ འབྲེལ་ཚད་དོན་ལྡན་འཁོར་བ་དོང་སྤྲུག་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་འགྲོ་དྲུག་གནས་འདྲེན་གསང་ཆེན་ལམ་བཟང་།

p. 391

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་ཐབས་ནོར་བུའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་འགྲོ་དྲུག་གནས་འདྲེན་གསང་ཆེན་ལམ་བཟང་བཞུགས་སོ༔

p. 392

མི་ཟད་སྲིད་པའི་དོང་རིང་མཐའ་མེད་དུ༔ གཏན་འཁྱམས་དུཿཁས་མནར་བའི་འགྲོ་བ་དྲུག༔ དོང་སྤྲུག་དམ་བཅའ་མི་འདའི་རྡོ་རྗེ་ཅན༔ སྤྱན་རས་གཟིགས་དངོས་ལས་རབ་རྩལ་དེར་འདུད༔ དེ་ཡང་རྡོ་རྗེ་གསུམ་གྱི་རོལ་པས་ཡང་དག་པའི་ཡེ་ཤེས་རྒྱུད་ལ་བསྲེ་བར་འདོད་པའི་རྟེན་གྱི་གང་ཟག་གིས་ཐོག་མར་དབང་ཐོབ་ཅིང་ཇི་ལྟར་སྒྲུབ་པའི་ཚུལ་ལ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་ནི་རབ་ས་ཡི་ཆོ་ག་མཐར་ཕྱིན་ནས་སྟེགས་རྒྱ་དཔངས་ཚད་ལྡན་བ་བྱུང་ལྔས་བྱུགས་ཤིང་༔ ཐིག་ཚོན་བྱིན་བརླབ་དང་ཐིག་བཏབ་པ་སོགས་ལེགས་པར་གྲུབ་ནས༔ དཀྱིལ་འཁོར་བྲི་བ་ནི་ལྟེ་བ་ནས་སོར་བཅུ་གཉིས་ཀྱིས་བསྐོར་བའི་པད་ལྟེ་སུམ་ཆ་གཅིག་གདབ༔ བར་སུམ་གཉིས་བྱས་པའི་པད་དཀར་འདབ་དྲུག་པད་ལྟེ་

p. 393

མཛེས་པའི་རྒྱུ་དང་བཅས་པ་དེའི་སྤྱི་བོར་སོར་བཞི་པ་གསུམ་བསྐོར་བའི་ནང་ནས་རིམ་པར་པདྨ་རྡོར་ཕྲེང་འོད་ལྔའི་བསྐོར་བར་བྲིས་ལ་ཚོན་འགྱེད་པ་སོགས་ལེགས་པར་བྱ༔ འབྲིང་རས་བྲིས་ཐ་ནའང་འབྲུ་ཚོམ་ལྷ་གྲངས་བཀོད༔ དེའི་སྟེང་དུ་མཉྫིའི་ཁར་སྒྲུབ་གཏོར་ཟླུམ་པོ་འདབ་བཞིས་བསྐོར་བའི་གཡས་གཡོན་དུ་བཤོས་ཟླུམ་རེ་བཞག་པ་རྒྱན་སྤྲོས་སོགས་ལེགས་པར་བྱས་པའི་རྩེར་འཕགས་པའི་སྐུ་གསེར་གྱི་རྒྱབ་ཡིག་ཅན་ནམ༔ དབང་སྒྲུབ་སོགས་ཀྱི་སྐབས་ཐོབ་ལྟར་འགོད༔ གང་ལྟར་ཡང་གླེགས་བམ་མན་ཤེལ་མེ་ལོང་སོགས་བཤམས་དེའི་གཡས་སུ་ཐོད་པར་ཆང་གི་ཉིང་ཁུར་སྨན་སྒྲུབ་བཏབ་པ་གཡོན་དུ་ཆུ་གཙང་ལ་རཀྟའི་ཁུ་བ་སོགས་ཀྱི་འབབ་ལྡན་ནམ་མེད་ན་ཁྲག་གཙང་བཏབ་པ་སོ་སོར་སྒྲོན་ཐུར་ཀྱང་མ་འདྲེས་པར་བཞག༔ བཤན་དམར་གཙོ་བོའི་སྤྱི་སྒེར་གྱི་སྲུང་མའི་གཏོར་མ་གཡས་གཡོན་ནམ་མདུན་གང་བདེར་བསྒྲིག༔ བྱང་ཤར་ནས་

p. 394

བརྩམས་ཏེ་ཆུ་གཉིས་སྔོན་དུ་འགྲོ་བས་ཉེར་སྤྱོད་སྐོར་མཆོད་དམ་ཐད་མཆོད་དུ་བཤམས༔ གཞན་ཡང་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པའི་ཡན་ལག་ཅི་འབྱོར་བཀྲམ་ནས༔ གཉིས་པ་ཆོ་ག་དངོས་ལ་འཇུག་ཅིང་༔ བགེགས་བསྐྲད་པ་ནི༔ ཧཱུྃ༔ ཐམས་ཅད་གདོད་ནས་དག་པ་ལྷ་ཡི་ངང་༔ དེ་ཉིད་མ་རྟོགས་གཉིས་འཛིན་བག་ཆགས་འདྲེ༔ བདག་གི་དྲག་པོའི་བརྟུལ་ཞུགས་ཁྲོ་མཚོན་དང་༔ མེ་དཔུང་འབར་བས་བསྐྲད་གཟིར་བསྲེག་ཅིང་བརླག༔ ༀ་སུམྦྷ་ནི་སོགས༔ མཚམས་གཅོད་ནི༔ ཧཱུྃ༔ སྣོད་བཅུད་ཡེ་ཤེས་ཞིང་དུ་ཆལ་མར་བརྡལ༔ འདྲེ་རྟོག་འཛིན་པའི་མཚན་མ་མིང་ཡང་མེད༔ ཁྲོ་ཆུང་ཕྱག་མཚན་མེ་དཔུང་གུར་ཆེན་བཀླུབས༔ གཞོམ་བྲལ་སྲ་བརྟན་རྡོ་རྗེའི་ཕོ་བྲང་བརྩེགས༔ ༀ་བྷྲུཾ་བཛྲ་རཀྵ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ན་མོཿ བླ་མ་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས༔ སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི༔ བདག་སོགས་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས༔ སེམས་བསྐྱེད་པ་ནི༔ ཀྱེ་མ་སྡུག་བསྔལ་རང་བཞིན་འཁོར་བ་ཉམ་རེ་ཐག༔ ཐམས་ཅད་མྱང་འདས་བདེ་ལ་འགོད་བྱའི་ཕྱིར༔ བདག་གི་སྒོ་གསུམ་བརྩོན་པ་དྲག་པོ་

p. 395

ཡིས༔ སྤྱན་རས་གཟིགས་དབང་བསྒོམ་ཞིང་བསྒྲུབ་པར་བགྱི༔ ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད༔ མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ དུས་གསུམ་དགེ་བ་རྣམས་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག༔ མཆོད་པ་བྱིན་བརླབ་ནི༔ ༀ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་བསྐྱེད་པའི་ཕྱིར༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོ༔ ཇི་སྲིད་ནམ་མཁའ་མ་ཞིག་བར་གནས་ཤིང་༔ སྤྱན་རས་གཟིགས་དབང་ཞིང་ཀུན་རྒྱས་འགེང་གྱུར༔ ༀ་ཨཱཿཧཱུྃ༔ གསུམ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་གསུམ༔ ལྷ་བསྐྱེད་ནི༔ ཧྲཱིཿ དམིགས་བསམ་འཕྲོ་འདུ་བྲལ་བའི་ངང་ཉིད་ལས༔ རི་བོ་ཏ་ལའི་ཞིང་བཀོད་ཕུན་ཚོགས་དབུས༔ པད་དཀར་འདབ་རྒྱས་ཟླ་བའི་དཀྱིལ་འཁོར་སྟེང་༔ རང་སེམས་ཧྲཱིཿལས་འཕྲོ་འདུས་དོན་གཉིས་བྱས༔ སྐད་ཅིག་ཐུགས་རྗེ་

p. 396

ཆེན་པོ་སྤྱན་རས་གཟིགས༔ ཞལ་གཅིག་ཞི་ཞིང་འཛུམ་ལྡན་ཡིད་འོང་མཛེས༔ ཕྱག་བཞིའི་དང་པོ་ཐུགས་ཀར་ཐལ་མོ་སྦྱར༔ འོག་མ་གཉིས་ཀྱིས་བགྲང་ཕྲེང་པད་དཀར་འཛིན༔ ཞབས་གཉིས་མཉམ་ཉིད་སྐྱིལ་མོ་ཀྲུང་དུ་བཞུགས༔ དྭངས་གསལ་དྲི་མེད་ཤེལ་དཀར་དག་འདྲའི་སྐུ༔ མཚན་དང་དཔེ་བྱད་ཡོངས་རྫོགས་ལོངས་སྤྱོད་རྫོགས༔ ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར༔ སྣང་སྟོང་གཉིས་མེད་འཇའ་འོད་ཟེར་མདངས་འཁྲིགས༔ སྤྱི་བོར་བླ་མ་འོད་དཔག་མེད་པས་བརྒྱན༔ གཡས་སུ་སྲས་མཆོག་ནོར་བུ་འཛིན་པ་ནི༔ དཀར་པོ་ཕྱག་གཡས་ནོར་བུ་ཐུགས་ཀར་འཛིན༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་དམར་སེར༔ ཕྱག་གཡས་ཕྲེང་བ་པདྨ་ཐུགས་ཀར་འཛིན༔ གཉིས་ཀ་གཡོན་གཉིས་གུས་འདུད་ཕྱག་རྒྱ་ཅན༔ པད་ཟླའི་གདན་སྟེང་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་སྲོག་དྭངས་མ་ཧྲཱིཿཡིག་འོད་ཕུང་འབར༔ གཞན་ཡང་དུས་གསུམ་བདེ་གཤེགས་རིག་འཛིན་ཚོགས༔ དཀོན་མཆོག་རྩ་གསུམ་འཁོར་ཚོགས་ཆར་སྤྲིན་འཐིབས༔ ཡི་གེ་དྲུག་མའི་རྡོ་རྗེ་སྒྲ་

p. 397

དབྱངས་སྒྲོགས༔ ཐུགས་ཀའི་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུར་སྤྲུལ་པ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨེ་ཧྱ་ཧི༔ ཛཿཧཱུྃཿབྃཿཧོཿ བཞུགས་སུ་གསོལ་བ་ནི༔ ཧྲཱིཿ གསལ་བར་བསྐྱེད་ཅིང་སྤྱན་དྲངས་ལྷ་ཚོགས་རྣམས༔ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པ༔ ཆུ་ཉིད་འོ་མ་འདྲེས་པ་ཇི་བཞིན་དུ༔ གཉིས་མེད་རང་བཞིན་གཅིག་པར་བཞུགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ་ཏིཥྠ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱིཿ ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཞི་དང་ཁྲོ༔ སྤྲུལ་སྐུ་བླ་མ་རིག་འཛིན་རྒྱལ་བའི་ཚོགས༔ གཙོ་དང་འཁོར་དུ་བཅས་ལ་ཕྱག་འཚལ་ལོ༔ ༀ་མ་ཎི་པདྨེ་ཧཱུྃ༔ ན་མོ་ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་ནི༔ མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་པས་ནམ་མཁའ་ཁྱབ་པར་ཡིད་ཀྱིས་སྤྲུལ་ཏེ་ལྷ་ཚོགས་ལ་མཆོད་པར་

p. 398

དམིགས་ཤིང་ལྷག་པར་དབྱངས་དང་རོལ་མོ་བཅས་ཏེ༔ ཧཱུྃ༔ འཆི་མེད་བུ་མོ་ལས་ལྷག་རབ་མཛེས་མོ༔ རྡོ་རྗེ་པི་ཝང་གླིང་བུ་རྔ་ཐབས་ཟུང་༔ དགའ་བའི་ཉམས་བཞི་ཤར་བའི་ལྷ་མོ་བཞི༔ ནམ་མཁའ་ཁྱབ་པ་ཙམ་དུ་རབ་སྤྲུལ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ འཇོ་སྒེག་ལྡེམ་འཁྱུག་མཐོང་བས་ཡིད་འཕྲོག་མ༔ རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ༔ མཆོག་ཏུ་དགའ་བའི་ཉམས་རྟོགས་ལྷ་མོ་བཞི༔ ནམ་མཁའ་ཁྱབ་པ་ཙམ་དུ་རབ་སྤྲུལ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ ལང་ཚོའི་ཉམས་རྒྱས་ཆགས་ལྡན་མྱོས་བྱེད་མོ༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མ༔ ཁྱད་པར་དགའ་བའི་ཉམས་སྟེར་ལྷ་མོ་བཞི༔ ནམ་མཁའ་ཁྱབ་པ་ཙམ་དུ་རབ་སྤྲུལ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ རིག་པའི་གདུང་སེལ་དགའ་བའི་དཔལ་སྦྱིན་མོ༔ གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ༔ ལྷན་སྐྱེས་

p. 399

དགའ་བའི་ཉམས་སྟེར་ལྷ་མོ་བཞི༔ ནམ་མཁའ་ཁྱབ་པ་ཙམ་དུ་རབ་སྤྲུལ་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ དུམ་གཅིག་མཚན་ལྡན་བྷནྡྷའི་སྣོད་མཆོག་ཏུ༔ དམ་རྫས་ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་ཡབ་ཡུམ་རྣམ་པར་བཞུ་བཏུལ་སྦྱངས༔ འཁོར་འདས་མཉམ་པ་ཉིད་དུ་མཚོན་པའི་བརྡ༔ སྐྱེ་འཆི་སྣང་བའི་བག་ཆགས་འཇོམས་པའི་སྨན༔ ཛ་གད་དཔའ་བོ་མཆོག་གི་བདུད་རྩི་འདི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ དུང་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ༔ རྒྱུ་དྲུག་དབྱིངས་བསྒྲལ་མུ་ལ་རཀྟ་དང་༔ ཞིང་བཅུ་བསྒྲལ་བའི་སྙིང་ཁྲག་དྭངས་མའི་མཚོ༔ ཆགས་པ་ཆེན་པོ་པདྨར་རཀྟ་འཁྱིལ༔ ཁམས་གསུམ་བག་ཆགས་ཉོན་མོངས་སྦྱང་བའི་ཕྱིར༔ དམར་ཆེན་ཁྲག་གི་མཆོད་པ་དམ་པ་འདི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ ཟབ་ཡངས་རིན་ཆེན་

p. 400

འབར་བའི་སྣོད་མཆོག་ཏུ༔ འབྲུ་སྨན་དཀར་དམར་བཟའ་བཏུང་གཏོར་ཆེན་བཤམས༔ དཀར་གྱི་ཐིག་གདབ་དམར་གྱིས་གུར་ཡང་ཕུབ༔ མཆོད་པའི་ལྷ་མོ་སྤྲིན་ཐིབས་ཆར་དུ་འབེབས༔ རྡོ་རྗེ་གླུ་དང་གར་གྱི་སྟངས་སྟབས་བཅས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་དཔག་མེད་འགྱེད༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ ཐབས་ཤེས་ཡབ་ཡུམ་ཨེ་ཝྃ་ཟུང་འཇུག་གི༔ ཉི་ཟླའི་འགྲོས་ཀྱིས་འཁོར་ལོ་ལྔ་རྣམས་བགྲོད༔ དབབ་སྐྱིལ་ལྡོག་དང་ཡོངས་སུ་ལ་བཟླ་བའི༔ ཆགས་བྲལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ སྐྱེ་འཆི་བར་དོ་གསུམ་གྱི་སྒྲིབ་པ་སྦྱང་༔ འབྲས་བུ་སྐུ་བཞིའི་ཡེ་ཤེས་བདེ་བ་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ རང་རིག་སྙིང་པོ་དོན་དམ་བྱང་ཆུབ་སེམས༔ སྐྱེ་འཇིག་འདུ་འབྲལ་མཚན་མའི་མཐའ་དང་བྲལ༔ བཏང་བཞག་འགྲོ་འོང་ཕྱོགས་ལྷུང་ངོས་བཟུང་མེད༔ མ་བཅོས་རང་བབས་གདོད་མའི་ཀུན་ཏུ་བཟང་༔ རྣམ་དག་སྟོང་ཉིད་ལྟ་བའི་

p. 401

མཆོད་པ་འདིས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད༔ ཐུགས་དམ་དགྱེས་སྐོང་མཆོག་གི་དངོས་གྲུབ་སྩོལ༔ བསྡུས་ན་མཆོད་གཞུང་ལྟར་མཆོད་པ་ནི༔ ཧྲཱིཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་འདོད་ཡོན་རྣམ་པ་ལྔ༔ སྲིད་དང་ཞི་བའི་དཔལ་འབྱོར་ཇི་སྙེད་དང་༔ སྨན་གཏོར་རཀྟ་རྨད་བྱུང་མཆོད་པའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ནས༔ མཆོད་པའི་ལྷ་མོའི་ལྷ་ཚོགས་གར་གྱིས་རོལ༔ བླ་མ་ཡི་དམ་སྤྱན་རས་གཟིགས་དབང་མཆོད༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡཱ་ཧོ༔ ༀ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་དུ་སརྦ་པཉྩ་ཨ་

p. 402

མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་ཆེན་ཉི་མ་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དཔའ་བོ་ལས་རབ་རྩལ་གྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་ཟིལ་གནོན་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ནམ་མཁའ་ཚེ་དབང་མཆོག་གྲུབ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འགྲོ་འདུལ་ཕྲིན་ལས་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མི་འགྱུར་ནམ་མཁའི་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ནམ་མཁའ་དྲི་མེད་དཔལ་བཟང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དུས་གསུམ་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཨོ་རྒྱན་འགྲོ་འདུལ་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འཕགས་མཆོག་

p. 403

འགྲོ་བ་ཀུན་གྲོལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྲས་མཆོག་ནོར་བུ་འཛིན་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྲས་མོ་གསང་སྔགས་འཛིན་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཞན་ཡང་མཆོད་འོས་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱིཿ བདེ་གཤེགས་རྒྱལ་བ་ཐམས་ཅད་འབྱུང་བའི་གནས༔ ཁམས་གསུམ་སེམས་ཅན་ཐམས་ཅད་འདྲེན་པའི་བཤེས༔ མཐོང་ཐོས་དྲན་རེག་ཕྱིར་མི་ལྡོག་པར་འགོད༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ མཆོག་ཏུ་ཞི་བའི་སྐུ་མཆོག་མཚན་དཔེས་སྤྲས༔

p. 404

ལྷ་རྫས་ལས་ལྷག་དར་དང་རིན་ཆེན་བརྒྱན༔ ཡོན་ཏན་དམ་པ་ཀུན་གྱི་གཞིར་གྱུར་པ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ ཚངས་པའི་གསུང་དབྱངས་འགག་པ་མེད་པའི་གདངས༔ མཆོག་སྦྱིན་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ བྱིན་རླབས་དཔལ་དུ་འབར་བའི་རང་བཞིན་ཅན༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོའི་ཐུགས༔ རྣམ་ཀུན་མཆོག་ལྡན་གཡོ་བ་མེད་པའི་ངང་༔ སྐུ་གསུམ་ཞིང་ཀུན་སྤྲུལ་བར་བསྒྱུར་བས་ཁྱབ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་

p. 405

ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ འགྲོ་དྲུག་སྡུག་བསྔལ་མ་ལུས་སེལ་བའི་སྨན༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ༔ མཉམ་ཉིད་ཐུགསས་རྗེ་ཚད་མེད་དཔལ་མངའ་བ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ རྡུལ་གྱི་གྲངས་མཉམ་འཁོར་འདས་དེ་ཉིད་དུ༔ ཞི་དང་ཁྲོ་དང་ཞི་མ་ཁྲོ་ལ་སོགས༔ གང་འདུལ་དེར་སྟོན་ཕྲིན་ལས་བསམ་མི་ཁྱབ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་མངའ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་དབང་ཕྱུག་མགོན་ལ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འདུལ་བར་མཛད་ལ་ཕྱག་འཚལ་བསྟོད༔ མགོན་པོ་ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས༔ སྲིད་གསུམ་འགྲོ་བའི་སྡིག་སྒྲིབ་ཡོངས་དག་ནས༔ ཟླ་ལྟར་དཀར་བའི་ཞལ་བཟང་དྲི་མེད་དེ༔ བདག་སོགས་སེམས་ཅན་ཀུན་གྱིས་མཐོང་

p. 406

བར་ཤོག༔ གཞུང་ནི༔ ཧྲཱིཿ སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན༔ ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་ལ་གཟིགས༔ ཐབས་དང་ཤེས་རབ་གཙོ་འཁོར་ལྕམ་བྲལ་ཚུལ༔ ཡེ་ཤེས་ལྷག་པའི་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་ནི༔ ཧྲཱིཿ ཡོན་ཏན་དཔག་མེད་བདག་ཉིད་རྒྱལ་བ་ཡི༔ ཐུགས་སྲོག་འོད་ཀྱིས་འཕགས་མཆོད་དངོས་གྲུབ་བསྡུས༔ བྱིན་རླབས་ནུས་སྟོབས་དཔལ་དུ་འབར་བའི་མདངས༔ སླར་ཡང་ཐུགས་སྲོག་སྙིང་པོའི་འོད་ཟེར་འཕྲོས༔ ཁམས་གསུམ་རིགས་དྲུག་སྣོད་བཅུད་རྣམས་ལ་ཕོག༔ མ་དག་དངོས་འཛིན་སྡིག་སྒྲིབ་ཐམས་ཅད་དག༔ སྣོད་ཀྱི་འཇིག་རྟེན་བདེ་ཅན་པོ་ཏ་ལ༔ བཅུད་ཀྱི་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ༔ སྒྲ་རྣམས་ཡི་གེ་དྲུག་མའི་རང་སྒྲ་སྒྲོགས༔ དྲན་རྟོག་ཐམས་ཅད་ཡེ་ཤེས་རིག་པའི་ཀློང་༔ འཁོར་བ་དོང་སྤྲུགས་སྲིད་པ་རྒྱུན་ཆད་དེ༔ ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང་ཞིང་༔ དག་པ་རབ་འབྱམས་ཆེན་པོའི་འཁོར་ལོར་བཞེངས༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུས་གསུམ་བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ རྩ་གསུམ་དཀོན་མཆོག་མ་ལུས་ཡང་སྙིང་འདི༔ སྡིག་སྒྲིབ་དག་པའི་རྟགས་མཚན་ངེས་པ་དང་༔ དངོས་

p. 407

གྲུབ་རྟགས་མཚན་བཟང་པོ་མ་བྱུང་བར༔ བསྙེན་སྒྲུབ་རྒྱུན་མི་ཆད་པར་བྱ་བ་གལ་ཆེ༔ ཐུན་མཚམས་རྣམས་སུ་དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་ལན་གསུམ་རེ་བཟླས་ནས་མཆོད་བསྟོད་བྱ་ཞིང་༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧྲཱིཿ སྔོན་ཚེ་དཔག་མེད་གོང་ནས་སངས་རྒྱས་ཀྱང་༔ བྱང་ཆུབ་སེམས་དཔའི་སྐུར་བཞུགས་བཅོམ་ལྡན་འདས༔ འགྲོ་དྲུག་སོ་སོའི་གཟུགས་སུ་ཅིར་བསྟན་ཡང་༔ ཉེས་པའི་རྡུལ་བྲལ་ཐུབ་ཆེན་འགྲོ་བ་འདུལ༔ ཐུགས་རྗེ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཐུགས་བསྐྱེད་སྨོན་ལམ་སྤྲུལ་པ་དཔག་མེད་ཀྱིས༔ སྔོན་ཚེ་བསྐལ་པ་མང་པོར་འགྲོ་བ་བསྒྲལ༔ སླན་ཆད་བསྐལ་པ་རྒྱ་མཚོར་འགྲོ་བ་སྒྲོལ༔ ད་ལྟའི་བསྐལ་པར་ཕྱོགས་བཅུའི་ནམ་མཁའི་མཐར༔ སེམས་ཅན་དོན་དུ་མཛད་པ་བསམ་མི་ཁྱབ༔ བདག་ཅག་གདུང་ཤུགས་དྲགས་པོས་ཁྱོད་ལ་འབོད༔ ལས་ཀྱིས་མནར་བའི་སེམས་ཅན་ཐུགས་རྗེས་གཟིགས༔ སྒྲིབ་གཉིས་མ་རིག་མུན་པ་དབྱིངས་སུ་སོལ༔ ཧྲཱིཿ འོད་དཔག་མེད་མགོན་རྒྱལ་བ་ཀུན་གྱི་མེས༔ སྤྱན་རས་གཟིགས་དབང་

p. 408

རྒྱལ་བ་ཀུན་གྱི་ཡབ༔ པདྨ་འབྱུང་གནས་རྒྱལ་བ་ཀུན་གྱི་སྲས༔ སྐུ་གསུམ་རྒྱལ་བ་སྤྲུལ་དང་ཡང་སྤྲུལ་རྣམས༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་གནད་ནས་བསྐུལ༔ འགྲོ་བ་འདུལ་བའི་ཕྲིན་ལས་དུས་ལ་བབས༔ ནམ་མཁའི་མཐའ་ཁྱབ་ཕ་མ་སེམས་ཅན་རྣམས༔ ཞི་བདེ་བྱང་ཆུབ་ལམ་ལ་དུས་འདིར་སྦྱོར༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འཕགས་མཆོག་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ བསླུ་བ་མེད་པའི་མགོན་པོ་སྙིང་རྗེའི་མཛོད༔ འགྲོ་བ་འདུལ་བའི་ཐུགས་དམ་དུས་ལ་བབ༔ བསྙེན་སྒྲུབ་གདུང་བའི་ང་རོས་འབོད་ལགས་སོ༔ ཉམ་ཐག་བདག་ལ་ཐུགས་རྗེས་མ་གཟིགས་ན༔ མགོན་པོ་ཐུགས་རྗེ་ཅན་གྱིས་སུ་ལ་གཟིགས༔ སྔོན་གྱི་ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ ཁམས་གསུམ་རིགས་དྲུག་སྡུག་བསྔལ་དོང་ལྷུང་ནས༔ བྱམས་ཆེན་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམ༔ ཀྱེ་མ་ཀྱེ་ཧུད་རྒྱལ་བ་སྤྱན་རས་གཟིགས༔ དབང་བསྐུར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

p. 409

མངོན་སུམ་ཁྱེད་ཀྱི་ཞལ་བཟང་བསྟན་དུ་གསོལ༔ ཐུགས་རྗེའི་མྱུར་མགྱོགས་ཕྱག་གིས་གཟུང་དུ་གསོལ༔ བདག་སོགས་ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ གནས་སྐབས་འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ ཚེ་དང་དཔལ་དང་དགེ་བའི་མཐུ་དཔུང་བསྐྱེད༔ བར་དོའི་འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་སོལ༔ ངན་སོང་གསུམ་གྱི་སྐྱེ་སྒོ་རྒྱུན་ཆོད་ཅིག༔ མཐར་ཐུག་བདེ་ཆེན་དག་པའི་ཞིང་དེར་དྲོངས༔ གསོལ་བ་སྙིང་ནས་འདེབས་སོ་འོད་དཔག་མེད༔ ཐུགས་རྗེས་དམ་དུ་ཟུང་ཞིག་སྤྱན་རས་གཟིགས༔ བྱིན་རླབས་ཆར་ལྟར་ཕོབ་ཅིག་པདྨ་འབྱུང་༔ དེང་ནས་ཚེ་རབས་ཀུན་ཏུ་ཁྱེད་རྣམས་དང་༔ འབྲལ་མེད་འགྲོགས་ཤིང་རྗེས་སུ་འཛིན་པར་མཛོད༔ དོན་གཉིས་མཐར་ཕྱིན་མཆོག་གི་འབྲས་བུ་སྩོལ༔ ཟབ་དོན་སྙིང་པོའི་དབང་བཞི་ད་ལྟ་སྐུར༔ མངོན་སུམ་དགོངས་པའི་རང་ངོ་ད་ལྟ་སྤྲོད༔ ཐེག་ཆེན་ཆོས་ཀྱི་ཞལ་གདམས་ད་ལྟ་གསུངས༔ ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ད་

p. 410

ལྟ་མཛོད༔ མ་རིག་ཉོན་མོངས་འདི་ནི་དབང་བཙན་ཞིང་༔ ལས་སྒྲིབ་བསགས་པ་འདི་ནི་ཚད་མེད་ཀྱི༔ བག་ཆགས་ལུས་ངན་འདི་འདྲ་གྲངས་མེད་བླངས༔ མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་རེ་དཀའ༔ སྐྱབས་བྲལ་མགོན་མེད་སེམས་ཅན་སུ་ལ་རེ༔ རེ་ཞིང་ལྟོས་སོ་འཕགས་མཆོག་སྤྱན་རས་གཟིགས༔ ཐོག་མ་ཉིད་ནས་བདག་སོགས་མྱང་འདས་ན༔ ཁྱོད་ཀྱི་སྙིང་རྗེའི་དམ་བཅའ་སུ་ལ་དགོངས༔ བུ་ཡིས་མ་ལ་འབོད་བཞིན་ཁྱོད་བསྐུལ་ཚེ༔ ལས་ངན་སེམས་ཅན་བརྩེ་བས་མ་བསྐྱངས་ན༔ ཐུགས་རྗེ་ཆེ་ཞེས་ཅི་བགྱི་དོན་མ་མཆིས༔ སྔོན་ལས་བཙན་ཡང་དབང་དུ་མ་བཏང་བར༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཁྱེད༔ བདག་དང་དབྱེར་བ་མེད་པར་རོ་གཅིག་མཛོད༔ སེམས་ཅན་ཀུན་གྱི་སྙིང་ལ་ཁྱོད་ཞུགས་ཤིག༔ དུས་ལ་བབ་པོ་བཛྲ་ས་མ་ཡཱ༔ རྒྱལ་བའི་ཞིང་ཀུན་འདི་བཞིན་བདག་གིས་བསྐུལ༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་མ་ཆུང་ངོ་༔ འགྲོ་བའི་དོན་དུ་གང་འདུལ་སྐུར་བཞེངས་ཤིག༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ༔ འཁོར་བ་མ་

p. 411

སྟོང་བར་དུ་རྟག་བརྟན་བཞུགས༔ བདུད་དང་མུ་སྟེགས་རྒོལ་བ་ཐམས་ཅད་ཆོམས༔ མ་རིག་མུན་པར་འཁྱམས་པའི་སེམས་ཅན་ལ༔ ཡེ་ཤེས་གསལ་བའི་སྒྲོན་མེ་ད་སྦོར་ཅིག༔ ལས་ངན་འཁྲུལ་བའི་དམག་དཔུང་བཟློག་ཏུ་གསོལ༔ ཐོག་མེད་འཁོར་བའི་རྒྱ་མཚོ་སྐེམ་དུ་གསོལ༔ ཐར་པའི་ལམ་བཟང་དམ་པ་བསྟན་དུ་གསོལ༔ དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ༔ ཐུབ་དབང་ཆེན་པོའི་བསྟན་པ་འགྲིབ་ལ་ཉེ༔ གང་ཟག་བདག་འདྲ་ཆོས་དང་ཡ་བྲལ་སོང་༔ སྐྱེ་འགྲོ་སེམས་ཅན་རྣམས་ནི་ཉོན་མོངས་རགས༔ དཀོན་མཆོག་རྣམས་ནི་ཐུགས་རྗེ་རྒྱང་ཐག་རིང་༔ རྒྱལ་བའི་ཐུགས་རྗེ་གསང་ཐག་ཆད་ལ་ཁད༔ མཁའ་འགྲོ་དམ་ཅན་རི་རབ་ཞལ་ཡང་གཟིགས༔ དཀར་ཕྱོགས་གྱེས་ཤིང་ནག་ཕྱོགས་རུབས་ཀྱིས་གཟིངས༔ མི་དགེ་སྤྱོད་པའི་དཔུང་འདི་ཚན་འཐུག་ལས༔ ཐུགས་རྗེ་ཆེན་པོས་སྙོམས་ལས་མ་མཛད་ཅིག༔ དཀོན་མཆོག་རྣམས་ཀྱིས་ཡལ་བར་མ་དོར་ཅིག༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེ་མ་གཡེལ་ཞིག༔ མཁའ་འགྲོ་དམ་ཅན་དམ་བཅའ་མ་

p. 412

བཏང་ཞིག༔ དཀར་ཕྱོགས་སྲུང་མས་མཐུ་དང་དཔུང་སྐྱེད་ཅིག༔ སྒྲུབ་པོོ་རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་འགྲུབ་པར་མཛོད༔ དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ སྐྱེ་འཆི་མེད་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ མཚན་དང་དཔེ་བྱད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ངག་ལ་དངོས་གྲུབ་སྩོལ༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་བྲལ་རྣམ་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་སེམས་ལ་དངོས་གྲུབ་སྩོལ༔ ཟབ་གསལ་ཏིང་འཛིན་ལྟ་བའི་དངོས་གྲུབ་སྩོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིིལ་འཁོར་ནས༔ གྲུབ་མཆོག་རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོལ༔ རྩ་སྔགས་ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་ཚོགས་བྱིིན་བརླབ་ནི༔ ༀ་བཛྲ་ཨ་མྲྀ་ཏས་བསངས་ སྭ་བྷཱ་ཝས་སྦྱངས༔ རཾ་ཡཾ་ཁཾ༔ ཨ་ལས་

p. 413

རང་བྱུང་བྷནྡྷ་ཡངས་པའི་ནང་༔ ཚོགས་རྫས་དངོས་པོ་ཤ་ལྔ་བདུད་རྩི་ལྔ༔ མེ་རླུང་སྦྱོར་བས་བཞུ་སྐོལ་རོ་གཅིག་གྱུར༔ སྲིད་བཞིའི་དྭངས་བཅུད་འབྲུ་གསུམ་རྣམ་པར་ཐིམ༔ ཟག་མེད་ཡེ་ཤེས་མདུད་རྩིའི་རྒྱ་མཚོར་འཁྱིལ༔ ༀ་ཨཱཿཧཱུྃ་ཧོ༔ ལན་གསུམ་ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས༔ སྒྱུ་འཕྲུལ་གར་མཁན་འཕགས་མཆོག་ཡབ་ཡུམ་སྲས༔ བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་སྤྲོས་ལ༔ ཧཱུྃ༔ འཁོར་འདས་དྭངས་བཅུད་ངོ་བོར་ཡོངས་སྨིན་པའི༔ འདོད་ཡོན་ཅིར་ཡང་འཆར་བའི་དགའ་སྟོན་འདི༔ གུ་རུ་རྩ་གསུམ་རྒྱལ་བའི་ཚོགས་ལ་འབུལ༔ མཆོད་བཞེས་དམ་སྐོང་དབང་དང་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱཀྐི་ནི་སརྦ་མ་ཧཱ་ག་ན་ཙཀྲ་ལ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ བསྐང་བ་ནི༔ ཧཱུྃ་ཧྲཱིཿ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་ཡོན་ལོངས་སྤྱོད་རྫས་ཀྱིས་ཐུགས་དམ་བསྐང་༔ བསྐང་བ་མེད་དེ་

p. 414

ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ལྟ་བ་ཀློང་དུ་གྱུར་པས་ཐུགས་དམ་བསྐང་༔ སྒོམ་པ་ཡེངས་འཁྲུལ་རྐྱེན་དང་བྲལ་བས་བསྐང་༔ སྤྱོད་པ་སྤང་བླང་དགག་སྒྲུབ་བྲལ་བས་བསྐང་༔ འབྲས་བུ་རེ་དོགས་ཕྱོགས་ལྷུང་བྲལ་བས་བསྐང་༔ བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱ་ིཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ དམ་ཅན་བཀའ་སྲུང་གཏེར་བདག་ཐུགས་དམ་བསྐང་༔ རྡོ་རྗེ་སློབ་དཔོན་གཉེན་གྱི་ཐུགས་དམ་བསྐང་༔ འདུས་པའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང་༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བླ་མ་དགོངས་འདུས་ལས་བྱུང་བ་ཁ་བསྐང་བའོ༔ ཚོགས་བཤགས་འབུལ་བ་ནི༔ ཧཱུྃ༔ སྟོང་ཆེན་རིག་པ་ཡེ་ནས་སྐྱོན་བྲལ་ཡང་༔ གློ་བུར་ལྟར་སྣང་དྲི་མས་སྦགས་པའི་སྒྲིབ༔ བླ་མེད་ཚོགས་ཀྱི་མཆོད་

p. 415

པས་མཐོལ་ལོ་བཤགས༔ བློ་འདས་ཀློང་ཡངས་ངང་དུ་དག་གྱུར་ཅིག༔ ཚོགས་ཐ་མ་བསྒྲལ་བ་ནི༔ ཨེཿ དུག་གསུམ་ནད་མཚོན་འཁྲུགས་པའི་ཧོམ་ཁུང་དུ༔ མ་རིག་དུག་ལྔ་ཞིང་བཅུའི་ལུས་སྲོག་ལ༔ སྐུ་གསུམ་དབྱིངས་ཁྲོས་བཛྲ་ཀཱི་ལ་ཡས༔ བཏབ་པོ་གཟུང་འཛིན་སྲོག་རྩ་རྩད་ནས་ཆོད༔ ༀ་བཛྲ་གུ་རུ་པདྨ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཞལ་བསྟབ་ནི༔ ཧཱུྃ༔ དུག་ལྔ་དུག་གསུམ་བསྒྲལ་བའི་ཚོགས་ཆེན་པོ༔ ཤ་ཁྲག་དོན་སྙིང་རུས་པའི་ལྷུན་པོར་སྤུངས༔ གཏུམ་དྲག་འགྲོ་འདུལ་ལྷ་ཚོགས་ཞལ་དུ་བསྟབ༔ བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་སྐྱོང་མཛད་མ་སྲིང་ཚོགས༔ འདིར་གཤེགས་དཔལ་གྱི་ལྷག་གཏོར་ཕམ་ཕབ་ལོངས༔ དངོས་འཛིན་མཚན་མའི་བར་ཆད་ཞི་བ་དང་༔ ཕྲིན་ལས་ཐོགས་པ་མེད་པ་འགྲུབ་པར་མཛོད༔ ཆད་ཐོ་ནི༔ ཧཱུྃ༔ སྐུ་གསུམ་སྟོན་པ་འཇིག་རྟེན་དབང་ཕྱུག་གིས༔ གང་འདུལ་དེར་མཐུན་རོལ་གར་བསྟན་པའི་ཚེ༔ དུས་གསུམ་དྲེགས་པ་བརྒྱུད་གསུམ་ཐམས་ཅད་ཀྱིས༔ ཅི་ལྟར་ཁས་

p. 416

བླངས་དམ་བཅས་དེ་བཞིན་དུ༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ བསྟན་མ་ནི༔ ཧཱུྃ༔ པདྨའི་བཀའ་སྡོད་རྡོ་རྗེའི་དམ་ཅན་མ༔ བསྟན་མ་བཅུ་གཉིས་འཁོར་བཅས་ས་མ་ཛ༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ བསྟན་དང་བསྟན་འཛིན་སྐྱོང་བའི་སྡོང་གྲོགས་མཛོད༔ བྲོ་བརྡུང་བ་ནི༔ ཧཱུྃ༔ གསང་གསུམ་མི་བཟད་དཔལ་དུ་འབར་བའི་གདངས༔ དངོས་སྣང་ཁྲག་འཐུང་གར་གྱིས་རྔམ་བྲོ་འཁྲབ༔ དགྲ་བགེགས་གཞོབ་ཀྱིས་རྡུལ་བཞིན་ཐལ་བར་འཐག༔ རི་རབ་ལྗིད་མནན་རྡོ་རྗེ་རྒྱ་ཡིས་བཅིང་༔ ༀ་ལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སརྦ་སྟྭཾ་བྷ་ཡ་ནན་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ སེམས་ཉིད་བདེ་ཆེན་བདེར་གཤེགས་སྙིང་པོ་ལ༔ སྤྱན་འདྲེན་གཤེགས་བཞུགས་འཛིན་བཅས་མི་དམིགས་ཀྱང་༔ ཀུན་རྫོབ་མོས་བློས་བཏགས་པའི་ཡེ་ཤེས་པ༔ རང་བཞིན་ཆོས་དབྱིངས་ཀློང་དུ་བཛྲ་མུ༔ བསྡུ་རིམ་ནི༔ ཧྲཱིཿ སྣང་སྲིད་ཞིང་ཁམས་ནང་བཅུད་སྐུ་ལ་ཐིམ༔ དེ་ཡང་དང་པོ་བསྐྱེད་པའི་ལྷ་ལ་ཐིམ༔ དེ་ཉིད་ས་བོན་ལ་ཐིམ་རིམ་ཡལ་དུ༔

p. 417

རྟོག་བྲལ་སྒོམ་མེད་ཡེ་ཤེས་ཀློང་དུ་ཐིམ༔ བསྔོ་བ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་སྒོམ་སྒྲུབ་མཆོད་པ་ཡི༔ དགེ་བ་འདིས་མཚོན་བདག་གཞན་དགེ་བའི་ཚོགས༔ ཁམས་གསུམ་རིགས་དྲུག་སེམས་ཅན་ཐམས་ཅད་ཀུན༔ རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ༔ སྨོན་ལམ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་བསྙེེན་པའི་བསོད་ནམས་མཐུས༔ བདག་སོགས་འགྲོ་ཀུན་འཕགས་པའི་སྐུ་ཐོབ་ཤོག༔ གཏན་དུ་ངན་སོང་མི་ཁོམ་སྤོང་བར་ཤོག༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ བཀྲ་ཤིས་ནི༔ ཧྲཱིཿ ཐོག་མའ་ིསངས་རྒྱས་རྒྱལ་བ་ཀུན་གྱི་ཡབ༔ ཆོས་སྐུ་འོག་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ས་བཅུའི་མགོན་པོ་དཀྱིལ་འཁོར་ཀུན་གྱི་གཙོ༔ བཅོམ་ལྡན་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ མཐུ་སྟོབས་དབང་ཕྱུག་སྣང་སྲིད་ཟིལ་གྱིས་གནོན༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཆོས་རྣམས་ཀུན་གྱི་མཐར་ཐུག་སྙིང་པོའི་དོན༔ གསུང་མཆོག་ཡི་གེ་དྲུག་མའི་བཀྲ་ཤིས་ཤོག༔ མཐོང་ཐོས་དྲན་རེག་བྱང་ཆུབ་ས་བོན་ཐེབ༔ དམ་རྫས་མྱོང་གྲོལ་མཆོག་གི་བཀྲ་ཤིས་

p. 418

ཤོག༔ བླ་མ་མཆེད་ལྕམ་རིག་འཛིན་ཚོམ་བུར་བཅས༔ འབྲལ་མེད་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་གང་རིགས་བརྗོད་ལ་དཀྱིལ་འཁོར་རྡུལ་ཚོན་སོགས་མཐའ་བརྒྱན་ཕུན་སུམ་ཚོགས་པའི་སྔགས་སྤྱི་འགྲོས་ལྟར་བྱའོ༔ ཞེས་པ་འདི་ཀུན་འདུས་འཁོར་ལོའི་མགོན་པོ་མཆོག་གི་ཐུགས་བཞེད་ལྟར་ཆོག་སྒྲིག་བྱས་པའོ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བུམ་སྒྲུབ་ཐབས།

p. 419

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་བུམ་སྒྲུབ་ཐབས་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དེ་ནས་གཞན་དོན་སྒྲིབ་སྦྱང་དོན༔ ལས་ཀྱི་བུམ་པ་སྒྲུབ་པའི་ཐབས༔ བུམ་རྫས་རྒྱན་ལྡན་བུམ་པ་ནི༔ དཀྱིལ་འཁོར་གྱི་ནི་བྱང་ཤར་རམ༔ ཡང་ན་སློབ་དཔོན་མདུན་དུ་བཀོད༔ ཧཱུྃ༔ བདེ་ཆེན་བུམ་པའི་གཞལ་ཡས་ཁང་༔ དེ་དབུས་པད་ཟླར་ཧཱུྃ་ཡིག་དཀར༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ ཡོངས་སུ་གྱུར་པས་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྐུའི་འགྱིང་ཚུལ་སྐྱིལ་ཀྲུང་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ རྒྱལ་བ་སྲས་བཅས་ཐམས་ཅད་ཀུན༔ རྡོ་རྗེ་སེམས་དཔའི་ལྷ་སྔགས་དང་༔ ཕྱག་མཚན་རྣམ་པར་ཆར་ལྟར་བབས༔ བྱིན་རླབས་ནུས་སྟོབས་གཟི་བརྗིད་རྒྱས༔ ཐུགས་ཀར་ཟླ་སྟེང་ས་བོན་སྔགས༔ སྐུ་དང་བཅས་པར་ཡེ་ཤེས་ཀྱི༔ བདུད་རྩིའི་རྒྱུན་བབས་བུམ་པར་འཁྱིལ༔ ཉེས་སྐྱོན་ཀུན་སྦྱངས་ནུས་ལྡན་གྱུར༔ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས༔ ༀ་བཛྲ་ས་ཏྭ་ཧཱུྃ༔ རྡོ་རྗེ་སེམས་དཔའ་འོད་དུ་ཞུ༔ བུམ་པའི་ཆུ་དང་རོ་གཅིག་འདྲེས༔ ཉེས་སྐྱོན་སྒྲིབ་ཚོགས་ཀུན་

p. 420

སྦྱང་བའི༔ ནུས་མཐུ་ཐོགས་པ་མེད་པར་གྱུར༔ དེ་ལྟར་ལས་བུམ་སྒྲུབ་པའི་ཐབས༔ བསོད་ནམས་ཆོས་བཟང་གིས་བསྐུལ་ངོར༔ སྔ་འགྱུར་རྒྱུད་དོན་དང་མཐུན་པར༔ ལས་རབ་རྩལ་གྱིས་བཀོད་པའོ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་པ་ཆེན་པོའི་ཡང་ཡིག་ཟུར་གསལ།

p. 421

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་པ་ཆེན་པོའི་ཡང་ཡིག་ཟུར་གསལ་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སྒྲུབ་པ་ཆེན་པོའི་དུས་སུ་ཁྱད་པར་དུ་གུ་རུ་ལོངས་སྐུ་དང་ཡི་དམ་ཐུགས་རྗེ་ཆེན་པོ་སྦྲེལ་ནས་སྒྲུབ་པ་ཁྱད་པར་གྱི་མན་ངག་ཟབ་མོ་སྟེ༔ སྒྲུབ་པ་ཉིན་ལྔ་པའི་ཉི་མ་གུང་ཕན་གྱི་ཐམས་ཅད་དུ་སྔགས་དམིགས་འདི་དག་བྱ་སྟེ༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུ༔ མ་ཆགས་སྐྱོན་དང་བྲལ་བ་ཡི༔ པདྨ་དམར་པོའི་གདན་སྟེང་དུ༔ པདྨ་འབྱུང་གནས་ཚེ་དཔག་མེད༔ དམར་གསལ་མཚན་བཟང་སུམ་ཅུ་དང་༔ དཔེ་བྱད་བ རྒྱད་ཅུས་རབ་ཏུ་སྤྲས༔ སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ ལོངས་སྐུ་དར་དང་རིན་ཆེན་བརྒྱན༔ གསང་ཡེ་མནྡྷ་ར་བ་ནི༔ དམར་སྐྱ་མདའ་དར་ཚེ་བུམ་བསྣམས༔ ཟུང་འཇུག་ཡེ་ཤེས་འོད་ཀྱི་ལུས༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཧྲཱིཿདམར་སྔགས་ཕྲེང་འོད་དམར་པོ༔ སྤྲོས་པས་རྒྱལ་བ་རྒྱ་མཚོ་མཆོད༔ སེམས་ཅན་སྐྱེ་འཆིའི་སྒྲིབ་པ་སྦྱངས༔ བསྡུས་པས་འཁོར་འདས་ཚེ་བཅུད་འདུས༔ འཆི་མེད་རྡོ་རྗེའི་ཚེ་དབང་རྫོགས༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༀ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛཿ ༀ་ཨ་ཧ་ར་པ་ཙ་མི་ཏ་ཧྲྀ་ད་ཡ་སྭཱ་

p. 422

ཧཱ༔ གཞན་ཡང་ཐོ་རངས་ཞི་བའི་དུས་སུ་རྩ་སྔགས་གཤམ་དུ༔ སྒྲིབ་གཉིས་བག་ཆགས་བྱང་གྱུར་ཅིག༔ ༀ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་ཉི་དྲོས་རྒྱས་པའི་དུས་སུ༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ སྭཱ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་དགོང་མོ་དབང་གི་དུས་སུ༔ ཁམས་གསུམ་སྲིད་གསུམ་དབང་སྡུས་ཤིག༔ ཧཱ་པཱ་ཤཾ་ཀུ་རུ་ཡེ་སྭཱ༔ དེ་བཞིན་དུ་སྲོད་དྲག་པོའི་དུས་སུ༔ གནོད་བྱེད་དགྲ་བགེགས་བརླག་གྱུར་ཅིག༔ ཧཱུྃ་མཱ་ར་ཡ་ཕཊ༔ ལས་བཞི་སོ་སོའི་དམིགས་པ་བསྒྱུར་བཞིན་ལན་བདུན་ནམ་ཉེར་གཅིག་སོགས་སྐབས་དང་བསྟུན་ཏེ་བྱའོ༔ ༈ ཀུན་ཐུབ་ཀྱི་དུས་སུ༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅི་མང་དུ་བཟླ་གཏོར་མ་འགུགས་བསྟིམ་བྱིན་གྱིས་བརླབས་ལ༔ ཧཱུྃ༔ ཤར་ཕྱོགས་དཀར་པོ་དུང་གིས་བསྐུལ༔ གྲུ་སུ་ཨ་པ་དང་༔ ཧཱུྃ་བཞིའི་སྔགས་སོགས་དྲག་སྔགས་རོལ་མོའི་ཚམ་རྔམ་བྱ༔ དྲག་སྔགས་ཀྱི་ནུས་པས་སྨིན་པར་བྱས་པའི་གུ་གུལ་གྱིས་བདུག༔ ཡུངས་ཀར་དང་རྡོ་ཐུན་གྱིས་དཀྱིལ་འཁོར་མཆེད་ལྕམ་ཐམས་ཅད་ལ་བྲབ༔ བར་ཆད་ཚར་བཅད་པའི་དམིགས་པ་དང་སྲུང་འཁོར་གསལ་འདེབས་སོགས་ཀྱི་ངང་ནས་ཧཱུྃ་དྲག་ཏུ་བཟླའོ༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་པ་ཆེན་པོའི་ཡང་ཡིག་ཟུར་དུ་བཀོད་དེ་གསལ་བར་བྱས་པ་འདི་ནི་ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་ཁང་དུ་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔ མངྒ་ལཾ༔

p. 423

ན་མོ་ལོ་ཀེ་ཤྭ་རཱ་ཡ༔ ཟུང་ཁར་ཐེག་ཆེན་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གཏེར་བྱོན་དྲེགས་འདུལ་རྩ་གསུམ་སྙིང་པོའི་སྙིང་བྱང་ཞལ་ཁྲིད་ཐུན་མོང་མ་ཡིན་པའི་ཟབ་གནད་ཅེས་བྱ་བ་ལས་བྱུང་བའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ནི༔ སྐྱབས་སེམས་སྔོན་དུ་འགྲོ་བས༔ ཧྲཱིཿ རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག༔ ཞི་འཛུམ་མདངས་ལྡན་ཞལ་གཅིག་ཕྱག་བཞི་པ༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ གཡས་འོག་བགྲང་ཕྲེང་གཡོན་འོག་པདྨ་འཛིན༔ དར་དང་རིན་ཆེན་ལོངས་སྐུའི་རྒྱན་གྱིས་སྤྲས༔ པང་དུ་རིགས་ཀྱི་ཡུམ་གྱུར་རྣལ་འབྱོར་མ༔ དམར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད༔ ཡབ་ཡུམ་མཉམ་སྦྱོར་བདེ་ཆེན་ཡེ་ཤེས་ཀྱི༔ ཐུགས་དམ་རྒྱུད་བསྐུལ་དག་པའི་ཞིང་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོཿས་དམ་ཡེ་དབྱེར་མེད་གྱུར༔ ཐུགས་ཀར་ཧྲཱིཿམཐར་སྔགས་རྣམས་རང་སྒྲ་འུར༔ འོད་ཟེར་འཕྲོ་འདུས་བདག་གཞན་དོན་གཉིས་བྱས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འགྲུབ་པར་བསྒོམ༔ སླར་ཡང་ཡིག་འབྲུ་

p. 424

རྣམས་ལས་འོད་ཟེར་འཕྲོས༔ ཁམས་གསུམ་འགྲོ་བ་ཀུན་གྱི་ལས་རྒྱུད་སྦྱངས༔ ནད་གདོན་བགེགས་དང་བར་དུ་གཅོད་པའི་ཚོགས༔ ཉེ་བར་འཚེ་ཞིང་བྱང་ཆུབ་སྒྲུབ་པའི་བདུད༔ འོད་ཟེར་གྱིས་སྦྱངས་མཆོག་གི་ལམ་ལ་བཀོད༔ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔའ་བོ་ལས་རབ་རྩལ་གྱིས་སོ།། །།

ཐུགས་དམ་གནད་བསྐུལ།

p. 425

࿅༔ ཐུགས་དམ་གནད་བསྐུལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ཕྱིར༔ གདུང་བའི་ཡུས་ཀྱིས་མ་ལ་བུས་འབོད་བཞིན༔ འགྲོ་འདུལ་ཐུགས་རྗེ་ཆེན་པོ་འདི་ལྟར་བསྐུལ༔ ཧྲཱིཿ སྔོན་ཚེ་དཔག་མེད་གོང་ནས་སངས་རྒྱས་ཀྱང་༔ བྱང་ཆུབ་སེམས་དཔའི་སྐུར་བཞུགས་བཅོམ་ལྡན་འདས༔ འགྲོ་དྲུག་སོ་སོའི་གཟུགས་སུ་ཅིར་བསྟན་ཡང་༔ ཉེས་པའི་རྡུལ་བྲལ་ཐུབ་ཆེན་འགྲོ་བ་འདུལ༔ ཐུགས་རྗེ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ ཐུགས་བསྐྱེད་སྨོན་ལམ་སྤྲུལ་པ་དཔག་མེད་ཀྱིས༔ སྔོན་ཚེ་བསྐལ་པ་མང་པོར་འགྲོ་བ་བསྒྲལ༔ སླན་ཆད་བསྐལ་པ་རྒྱ་མཚོར་འགྲོ་བ་སྒྲོལ༔ ད་ལྟའི་བསྐལ་པར་ཕྱོགས་བཅུའི་ནམ་མཁའི་མཐར༔ སེམས་ཅན་དོན་དུ་མཛད་པ་བསམ་མི་ཁྱབ༔ བདག་ཅག་གདུང་ཤུགས་དྲག་པོས་ཁྱོད་ལ་འབོད༔ ལས་ཀྱིས་མནར་བའི་སེམས་ཅན་ཐུགས་རྗེས་གཟིགས༔ སྒྲིབ་གཉིས་མ་རིག་མུན་པ་དབྱིངས་སུ་སོལ༔ ཧྲཱིཿ འོད་དཔག་མེད་མགོན་རྒྱལ་བ་ཀུན་གྱི་མེས༔ སྤྱན་རས་གཟིགས་དབང་

p. 426

རྒྱལ་བ་ཀུན་གྱི་ཡབ༔ པདྨ་འབྱུང་གནས་རྒྱལ་བ་ཀུན་གྱི་སྲས༔ སྐུ་གསུམ་རྒྱལ་བ་སྤྲུལ་དང་ཡང་སྤྲུལ་རྣམས༔ སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་གནད་ནས་བསྐུལ༔ འགྲོ་བ་འདུལ་བའི་ཕྲིན་ལས་དུས་ལ་བབ༔ ནམ་མཁའི་མཐའ་ཁྱབ་ཕ་མ་སེམས་ཅན་རྣམས༔ ཞི་བདེ་བྱང་ཆུབ་ལམ་ལ་དུས་འདིར་སྦྱོར༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འཕགས་མཆོག་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དབྱིངས་ནས་བཞེངས༔ བསླུ་བ་མེད་པའི་མགོན་པོ་སྙིང་རྗེའི་མཛོད༔ འགྲོ་བ་འདུལ་བའི་ཐུགས་དམ་དུས་ལ་བབ༔ བསྙེན་སྒྲུབ་གདུང་བའི་ང་རོས་འབོད་ལགས་སོ༔ ཉམ་ཐག་བདག་ལ་ཐུགས་རྗེས་མ་གཟིགས་ན༔ མགོན་པོ་ཐུགས་རྗེ་ཅན་གྱིས་སུ་ལ་གཟིགས༔ སྔོན་གྱི་ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ ཁམས་གསུམ་རིགས་དྲུག་སྡུག་བསྔལ་དོང་ལྷུང་ནས༔ བྱམས་ཆེན་ཡེ་ཤེས་སྤྱན་གྱིས་མི་གཟིགས་སམ༔ ཀྱེ་མ་ཀྱེ་ཧུད་རྒྱལ་བ་སྤྱན་རས་གཟིགས༔ དབང་བསྐུར་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔

p. 427

མངོན་སུམ་ཁྱོད་ཀྱི་ཞལ་བཟང་བསྟན་དུ་གསོལ༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་བཟུང་དུ་གསོལ༔ བདག་སོགས་ཁམས་གསུམ་སེམས་ཅན་མ་ལུས་ཀུན༔ གནས་སྐབས་འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ ཚེ་དང་དཔལ་དང་དགེ་བའི་མཐུ་དཔུང་བསྐྱེད༔ བར་དོའི་འཁྲུལ་སྣང་འཇིག་སྐྲག་སྡུག་བསྔལ་སེལ༔ ངན་སོང་གསུམ་གྱི་སྐྱེ་སྒོ་རྒྱུན་ཆོད་ཅིག༔ མཐར་ཐུག་བདེ་ཆེན་དག་པའི་ཞིང་དེར་དྲོངས༔ གསོལ་བ་སྙིང་ནས་འདེབས་སོ་འོད་དཔག་མེད༔ ཐུགས་རྗེས་དམ་དུ་ཟུང་ཞིག་སྤྱན་རས་གཟིགས༔ བྱིན་རླབས་ཆར་ལྟར་ཕོབ་ཅིག་པདྨ་འབྱུང་༔ དེང་ནས་ཚེ་རབས་ཀུན་ཏུ་ཁྱེད་རྣམས་དང་༔ འབྲལ་མེད་འགྲོགས་ཤིང་རྗེས་སུ་འཛིན་པར་མཛོད༔ དོན་གཉིས་མཐར་ཕྱིན་མཆོག་གི་འབྲས་བུ་སྩོལ༔ ཟབ་དོན་སྙིང་པོའི་དབང་བཞི་ད་ལྟ་སྐུར༔ མངོན་སུམ་དགོངས་པའི་རང་ངོ་ད་ལྟ་སྤྲོད༔ ཐེག་ཆེན་ཆོས་ཀྱི་ཞལ་གདམས་ད་ལྟ་གསུངས༔ ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ད་ལྟ་མཛོད༔ མ་

p. 428

རིག་ཉོན་མོངས་འདི་ནི་དབང་བཙན་ཞིང་༔ ལས་སྒྲིབ་བསགས་པ་འདི་ནི་ཚད་མེད་ཀྱི༔ བག་ཆགས་ལུས་ངན་འདི་འདྲ་གྲངས་མེད་བླངས༔ མཐའ་མེད་འཁོར་བའི་སྡུག་བསྔལ་བཟོད་རེ་དཀའ་༔ སྐྱབས་བྲལ་མགོན་མེད་སེམས་ཅན་སུ་ལ་རེ༔ རེ་ཞིང་ལྟོས་སོ་འཕགས་མཆོག་སྤྱན་རས་གཟིགས༔ ཐོག་མ་ཉིད་ནས་བདག་སོགས་མྱང་འདས་ན༔ ཁྱོད་ཀྱི་སྙིང་རྗེ་དམ་བཅའ་སུ་ལ་དགོངས༔ བུ་ཡིས་མ་ལ་འབོད་བཞིན་ཁྱོད་བསྐུལ་ཚེ༔ ལས་ངན་སེམས་ཅན་བརྩེ་བས་མ་བསྐྱངས་ན༔ ཐུགས་རྗེ་ཆེ་ཞེས་ཅི་བགྱི་དོན་མ་མཆིས༔ སྔོན་ལས་བཙན་ཡང་དབང་དུ་མ་བཏང་བར༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཁྱོད༔ བདག་དང་དབྱེ་བ་མེད་པར་རོ་གཅིག་མཛོད༔ སེམས་ཅན་ཀུན་གྱི་སྙིང་ལ་ཁྱོད་ཞུགས་ཤིག༔ དུས་ལ་བབ་པོ་བཛྲ་ས་མ་ཡཱ༔ རྒྱལ་བའི་ཞིང་ཀུན་འདི་བཞིན་བདག་གིས་བསྐུལ༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་མ་ཆུང་ཞིག༔ འགྲོ་བའི་དོན་དུ་གང་འདུལ་སྐུར་བཞེངས་ཤིག༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ༔ འཁོར་བ་མ་སྟོངས་བར་དུ་

p. 429

རྟག་བརྟན་བཞུགས༔ བདུད་དང་མུ་སྟེགས་རྒོལ་བ་ཐམས་ཅད་ཆོམ༔ མ་རིག་མུན་པར་འཁྱམས་པའི་སེམས་ཅན་ལ༔ ཡེ་ཤེས་གསལ་བའི་སྒྲོན་མེ་ད་སྦོར་ཅིག༔ ལས་ངན་འཁྲུལ་བའི་དམག་དཔུང་བཟློག་ཏུ་གསོལ༔ ཐར་མེད་འཁོར་བའི་རྒྱ་མཚོ་སྐེམ་དུ་གསོལ༔ ཐར་པའི་ལམ་བཟང་དམ་པ་བསྟན་དུ་གསོལ༔ དག་པ་སྐུ་གསུམ་ཞིང་དུ་དྲང་དུ་གསོལ༔ ཐུབ་དབང་ཆེན་པོའི་བསྟན་པ་འགྲིབ་ལ་ཉེ༔ གང་ཟག་བདག་འདྲ་ཆོས་དང་ཡ་བྲལ་སོང་༔ སྐྱེ་འགྲོ་སེམས་ཅན་རྣམས་ནི་ཉོན་མོངས་རགས༔ དཀོན་མཆོག་རྣམས་ནི་ཐུགསས་རྗེ་རྒྱང་ཐག་རིང་༔ རྒྱལ་བའི་ཐུགས་རྗེ་གསང་ཐག་ཆད་ལ་ཁད༔ མཁའ་འགྲོ་དམ་ཅན་རི་རབ་ཞལ་ཡང་གཟིགས༔ དཀར་ཕྱོགས་གྱེས་ཤིང་ནག་ཕྱོགས་རུབ་ཀྱིས་ཟིང་༔ མི་དགེ་སྤྱད་པའི་དཔུང་འདི་ཚན་འཐུག་པ༔ ཐུགས་རྗེ་ཆེན་པོས་སྙོམས་ལས་མ་མཛད་ཅིག༔ དཀོན་མཆོག་རྣམས་ཀྱིས་ཡལ་བར་མ་དོར་ཅིག༔ རྒྱལ་བ་རྣམས་ཀྱིས་ཐུགས་རྗེ་མ་གཡེལ་ཞིག༔ མཁའ་འགྲོ་དམ་ཅན་དམ་བཅའ་མ་གཏོང་ཞིག༔ དཀར་ཕྱོགས་

p. 430

སྲུང་མས་མཐུ་དང་དཔུང་སྐྱེད་ཅིག༔ སྒྲུབ་པོ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཐུགས་དམ་བསྐུལ་བའི་སྨྲེ་སྔགས་ཟབ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ༔ ༈ དངོས་གྲུབ་བསྐུལ་བ་ནི༔ ཧཱུྃ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ སྐྱེ་འཆི་མེད་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ མཚན་དང་དཔེ་བྱད་སྐུ་ཡི་དངོས་གྲུབ་སྩོལ༔ འགག་པ་མེད་པ་གསུང་གི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ ཚངས་དབྱངས་དྲུག་ཅུ་གསུང་གི་དངོས་གྲུབ་སྩོལ༔ སྤྲོས་བྲལ་རྣམ་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་སེམས་ལ་བྱིན་གྱིས་རློབས༔ ཟབ་གསལ་ཏིང་འཛིན་ལྟ་བའི་དངོས་གྲུབ་སྩོལ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོོལ༔ རྩ་སྔགས༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་དབང་ཆོག་བྱིན་རླབས་ཆུ་རྒྱུན་འདོན་བདེར་བགྱིས་པ།

p. 431

༄༅། །ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་དབང་ཆོག་བྱིན་རླབས་ཆུ་རྒྱུན་འདོན་བདེར་བགྱིས་པ་བཞུགས།།

p. 432

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྣོད་ལྡན་སློབ་མ་སྨིན་བྱེད་དབང་ཆོག་ནི། །བསྙེན་སྒྲུབ་དྲོད་ཐོབ་རྡོ་རྗེ་སློབ་དཔོན་གྱིས། །དབེན་པའི་གནས་སུ་དཀྱིལ་འཁོར་འདབ་དྲུག་ལ། །ཕྱི་རོལ་རྡོར་ཕྲེང་འོད་ལྔའི་མུཁྱུད་མཛེས། །དེའི་དབུས་བུམ་པ་མགུལ་ཆིངས་ཁ་རྒྱན་སྤྲས། །གཙང་ཆུའི་བུམ་ཆ་སྐྱེ་བདུན་བུམ་རྫས་སྦྱོར། །སྨན་རཀ་གཏོར་ཚོགས་དབང་རྫས་ཡོ་བྱད་བསགས། །བུམ་ལྷར་བསྐྱེད་བསྟིམ་བདུད་རྩིའི་རྒྱུན་བབས་དམིགས། །བདག་མདུན་ལྷ་སྔགས་ཏིང་འཛིན་རོལ་པར་སྒྲུབ། །ལས་བུམ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་བྱ། །སློབ་མ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། །ལོ་རྒྱུས་བརྗོད་ཅིང་རིན་ཆེན་མཎྜལ་འབུལ། །ཞེས་གསུངས་པ་རྣམས་ནི། ཇི་ལྟར་བལྟམས་པ་དང་ཡིག་བརྒྱས་ཁྲུས་ཆུ་སྦྱིན་ཚར་ནས་བགེགས་གཏོར་བཤམས་ལ། ༀ་སྭ་བྷཱ་ཝ་སོགས་

p. 433

སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ༀ་ཨཱཿཧཱུྃ་ཧོཿ གསུམ། ༀ་སརྦ་བིགྷྣཾ་ཨ་ཀར་ཤ་ཡ་ཛཿ གསུམ། ཛཿཧཱུྃཿབཾཿཧོཿ བགེགས་གཏོར་བསྐོར་ཞིང་དྲིལ་བུ་བསིལ་བ་དང་བཅས། ༀ་སརྦ་བིགྷྣཾ་ན་མཿསརྦ་སོགས་ལན་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་

p. 434

བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། གསང་སྔགས་དང་རིག་སྔགས་གཟུངས་སྔགས་རྣམས་ཀྱི་སྙིང་པོ་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིིན་རླབས་ཀྱིས། དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པ་ོགདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ༀ་སུམྦྷ་ནི་སོགས་བརྗོད། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་

p. 435

འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིིགས་པར་གྱུར་པའི་མོས་པ་མཛོད། བཛྲ་རཀྵ་རཀྵ། མེ་ཏོག་བཀྲམ་བསྡུ་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་ཕྱིར་དམ་པའི་ཆོས་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་སོགས་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པའི་སྒོ་ནས་གསན་པར་ཞུ། དེ་ཡང་འོ་སྐོལ་རྣམས་སྐྱེ་བར་དཀའ་བ་གླིང་བཞི་ལས་མཆོག་ཏུ་གྱུར་པའི་འཛམ་བུ་གླིང་སངས་རྒྱས་བྱོན་པའི་ཞིང་ཁམས་འདིར་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་ཕུན་སུམ་ཚོགས་པའི་མི་ལུས་རིན་པོ་ཆེ་སངས་རྒྱས་སྒྲུབ་པའི་སྐལ་བ་ཅན་དུ་གྱུར། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ། མཚན་ལྡན་གྱི་བླ་མ། དམ་ཆོས་གྱི་འདོད་དགུ དགེ་ལེགས་ཀྱི་ཞིང་ས། རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་བཟང་རྣམས་དང་མཇལ་བའི་དུས་འདིར་དཀར་པོ་དགེ་བའི་ལས་ལ་བརྩོན་ཞིང་། ཐར་པ་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་དགོས་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །

p. 436

སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ད་རེས་འདི་ལ་གཏན་གྱི་ལམ་སྣ་ཟིན་པར་མ་བྱས་ན། ཡང་ནས་ཡང་དུ་དལ་འབྱོར་གྱི་མི་ལུས་མི་ཐོབ། ཐོབ་ཀྱང་རྒྱལ་བའི་བསྟན་པ་དང་མི་མཇལ། མཇལ་ཡང་དམ་པའི་ལྷ་ཆོས་སྒྲུབ་པའི་རང་དབང་མི་ཐོབ་པས། ད་ལན་རང་དབང་རང་གི་ཐོབ་དུས་དལ་འབྱོར་དོན་ལྡན་ཞིག་མཛད་དགོས། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན། ཕྱི་བཤོལ་སྙོམ་ལས་ཀྱི་བདུད་ཀྱིས་འཁྱེར་ཏེ། དགེ་བའི་ལས་ལམ་ཕྱིས་ཕྱིར་འགྱངས་ནས། སང་བྱེད་གནངས་བྱེད་ལ་མི་ཚེ་ཟད་དེ། འཆི་ཁར་འགྱོད་ཅིང་ཕན་པ་མེད་པའི་དུས་འ བྱུང་སྟེ། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་པ་ཅིའི་ཕྱིར་ན་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། སྣོད་

p. 437

བཅུད་ཐམས་ཅད་འཕོ་འགྱུར་གྱི་འཁོར་ཡུག །ཤ་ཁྲག་གི་ལུས་ནི་ཆུ་ཡི་ལྦུ་བ་ལྟ་བུ། ཚེ་སྲོག་དང་དབུགས་ནི་ལ་ཁའི་ན་བུན་བཞིན་ཡལ། དོ་ནུབ་ཙམ་ལ་མི་འཆི་བློ་གཏད་ཐུབ་པའི་གདེང་ནི་ཅི་ཡང་མ་མཆིས། འཆི་བའི་རྐྱེན་ནི་ནམ་མཁའི་ཐོག་ལྟར་འབྱུང་ཞིང་། དེ་ལ་འབྲོས་ཤིང་བཟུར་བའི་ཐབས་ནི་གང་ཡང་མེད། འཆི་བའི་དུས་ལ་བབ་ཚེ་སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་དུ་ཡོད་ཀྱང་། རང་ལ་ཕན་པ་རྡུལ་ཕྲན་ཙམ་ཡང་མི་འབྱུང་། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་པ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་འཁོར་གཡོག་གྲོགས་མཆེད་འབུམ་ཕྲག་མང་པོས་བསྐོར་ཡང་། མར་གྱི་སྤུ་བཏོན་པ་ལྟར་རང་ཉིད་གཅིག་པུར་བར་དོའི་འཕྲང་རིང་ལ་སྐྱབས་མེད་མགོན་མེད་དུ་འགྲོ་དགོས་པའི་དུས་ཤིག་ངེས་པར་འབྱུང་བ་ལ། ཤི་བ་གཅིག་པུར་མ་ཟད་བར་དོའི་འཇིགས་སྐྲག་འཁྲུལ་སྣང་གི་སྡུག་བསྔལ་དྲག་པོ་བསམ་གྱིས་མི་ཁྱབ་པ་མྱོང་ཞིང་། དེ་དག་ལ་ཕན་པ་ནི་དམ་པའི་

p. 438

ཆོས་དང་དགེ་བ་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་སྤུ་ཙམ་མེད་པའི་ཁར། ཞེན་ཆགས་འཁྲུལ་སེམས་ཀྱི་རྒྱུ་དང་གནོད་པའི་རྐྱེན་འབའ་ཞིག་ཏུ་འགྱུར་བ་དང་། སླར་ཡང་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཉོན་མོངས་སྡུག་བསྔལ་གྱི་རྦ་ཀློང་འཁྲུགས་པའི་ནང་དུ་འཁོར་ཞིང་ཐར་བའི་དུས་མེད། དགེ་སྡིག་རྒྱུ་འབྲས་ཀྱི་ལས་ལ་བསླུ་བ་མེད་པས། ས་བོན་གང་བཏབ་ཀྱི་འབྲས་བུ་འབྱུང་བ་ལྟར་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་པ་ལྟར་རྒྱུ་དགེ་བ་བྱས་པས་འབྲས་བུ་བདེ་བ་ཐོབ་ཀྱང་། རྒྱུ་སྡིག་པ་བྱས་ན་འབྲས་བུ་སྡུག་བསྔལ་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་འབྲལ་བ་སྐད་ཅིག་ཙམ་ཡང་མེད་པར་རང་གི་རྗེས་སུ་འབྲང་ངོ་། །དེ་ལ་བརྟེན་ཏེ་རིགས་དྲུག་མཐོ་དམན་གྱི་ལུས་བླང་ཞིང་བདེ་སྡུག་སོ་སོའི་རྣམ་སྨིན་ལ་སྤྱོད་པར་

p. 439

འགྱུར་ཞིང་། འདུལ་བ་ལུང་ལས། འཁོར་བའི་གནས་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། །མེ་ཡི་འོབས་ན་བསིལ་བ་མེད། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་དེ་བཞིན་ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མ་ཡིན་འཐབ་རྩོད། ལྷ་རྣམས་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། མདོར་ན་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཡིན་པ་ལ། འཁོར་བའི་ཞེན་པ་བཟློག་ནས་ཐར་པའི་ལམ་ལ་འཇུག་པ་ཞིག་མྱུར་བ་ཉིད་དུ་འབད་དགོས། དེ་ལྟ་བུའི་ཐར་པའི་ལམ་དུ་འཇུག་པར་བྱེད་པ་ལ། རྒྱུ་དད་པ་དང་བརྩོན་འགྲུས། རྐྱེན་ཞེན་ལོག་དང་ངེས་འབྱུང་། ཐབས་བླ་མ་དང་གདམས་ངག་ཉམས་ལེན་སྤྲོས་བཅས་དང་སྤྲོས་མེད་རྣམས་ལ་བརྟེན་དགོས་པ་དང་། དེ་ཡང་སྨིན་བྱེད་ཀྱི་དབང་ཐོབ་པ་དང་། གྲོལ་བྱེད་ཀྱི་གདམས་པ་གཉིས་ལ་མ་བརྟེན་པའི་ཐབས་

p. 440

མེད་ཕྱིར། ཐོག་མར་འཇུག་པའི་སྒོ་ནི་སྨིན་བྱེད་ཀྱི་དབང་གལ་ཆེ་བ་དང་། དེ་ཐོབ་པར་བྱེད་པ་ལ་འདུན་པ་དང་སྣང་བ་དག་པ་ཞིག་མེད་ན་དབང་བསྐུར་བའི་སྣོད་དུ་མ་གྱུར་ཏེ་དག་སྣང་ཁོ་ན་གལ་ཆེ། དེ་ལྟར་དག་སྣང་དང་དད་པ་མོས་གུས་ཀྱིས་སྒོ་ནས་ཉན་འཚལ། གང་ཉན་བྱའི་ཆོས་ཀྱི་ལོ་རྒྱུས་ནི། རྩ་བ་ལས་དེ་ཡང་སྤྱིར་ཁོ་བོ་ལ་སྤྱན་རས་གཟིགས་ཀྱིས་དངོས་ཉམས་རྨི་ལམ་དུ་བྱིན་གྱིས་བརླབས་པའི་མཚན་མ་མང་ཞིང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཡང་བཀའ་གཏེར་དག་སྣང་རྒྱལ་པོའི་ལུགས་སོགས་བསམ་གྱིས་མི་ཁྱབ་པའི་དབང་ཆོག་དང་མན་ངག་ཀྱང་ཐོབ། མྱོང་གྲོལ་དམ་རྫས་ཀྱི་འགྲོ་དོན་ཡང་ཚད་མེད་རང་གིས་ཀྱང་བགྱིས་ཤིང་གཞན་ལ་ཡང་བསྐུལ་ཏེ་ལྷག་བསམ་རྣམ་དག་ཁོ་ནར་འབད། བྱེ་བྲག་གི་ལོ་རྒྱུས་ནི། ཨོ་རྒྱན་རོག་རྗེ་གླིང་པས་ཀོང་ཡུལ་གྱི་བྲག་དཀར་པོ་ཨོ་རྒྱན་ཁྲོ་ཆུ་ནས་གཏེར་ནས་གདན་དྲངས་པའི་བྲམ་ཟེ་དུང་རྣ་ཅན་གྱི་གདུང་བཀའ་བབ་ཀྱི་ཚུལ་དུ་བྱུང་བ་སྒྲུབ་རྟེན་བྱས་ཏེ་ཧཱུྃ་སྒྲུབ་ཟིལ་གནོན་ཆེན་པོ་བསྒྲུབས་པའི་ཚེ་སྣང་བ་

p. 441

ཐམས་ཅད་ཡི་གེའི་རང་བཞིན་དུ་གནས་འགྱུར་ཏེ། དེ་དོན་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་མན་ངག་ལས་མཐའ་སོགས་སུ་གྱུར་པ་ལས། རྒྱས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། འབྲིང་པོ་འགྲོ་བ་ཀུན་གྲོལ། བསྡུས་པ་ཕྲིན་ལས་དོན་གྱི་སྙིང་པོ་གསུམ་ལས། འདིར་རྟེན་འབྲེལ་གྱི་བབས་ཀྱིས་འབྲིང་དང་བསྡུས་པར་བཀོད་པའོ། །ཞེས་གསུངས་པ་ལས། འདིར་ནི་འབྲིང་པོ་འགྲོ་བ་ཀུན་གྲོལ་དང་འབྲེལ་བའི་དབང་དུ་བྱས་པ་སྟེ། གཞུང་ལས། དབང་ཆོག་འདི་ཉིད་ལན་ཅིག་ཐོབ་པ་ཡིས༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་འདག༔ རྒྱལ་བ་རྒྱ་མཚོ་ཀུན་གྱི་བྱིན་རླབས་འཐོབ༔ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་དབང་༔ དབང་དང་དམ་རྫས་ཆོས་འདིར་འབྲེལ་ཐོགས་འཚེང་༔ དེ་ཕྱིར་གཞན་དོན་སྐྱོ་ངལ་མེད་པར་འབུངས༔ ཡིག་དྲུག་སྒོམ་བཟླས་དམ་བཅའ་འབོགས་ལ་བརྩོན༔ རྒྱལ་ཁམས་ཡུལ་གྲུ་གང་དང་གང་དེ་བདེ༔ ཞེས་གསུངས་པ་ལྟར་ཕན་པ་དང་ཡོན་ཏན་མཐའ་ཡས་པའི་གདམས་ཟབ་འདི་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་

p. 442

ལ་བདག་རྡོ་རྗེ་སློབ་དཔོན་གྱིས་བགྱི་འོས་སུ་གྱུར་པ་རྣམས་གོང་དུ་གྲུབ་ཟིན་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་དང་མཉམ་པར་བློས་སྤྲུལ་ནས་ལྷ་དང་བླ་མ་དབྱེར་མེད་པའི་དྲུང་དུ་ཕུལ་བར་མོས་ནས་མཎྜལ་འབུལ་བར་ཞུ་ཞེས་མཎྜལ་ཕུལ་ནས། དབང་དོན་གསོལ་བ་འདེབས་པ་འདི་ལྟར་བྱ། ཞེས་པ་ནི། དེ་ཡང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱས་ལ། ཨེ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་བའི་གནས༔ འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དམན་པ་བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་དུ། ཞེས་གསོལ་བ་གདབ་པའི་རིམ་པ་སོང་ནས། དེའི་ལན་དུ་གནང་བ་སྦྱིན་པ་ནི། ཀྱེ་ཧོཿ མཚན་ཙམ་ཐོས་ཀྱང་བྱང་ཆུབ་ས་བོན་ཐེབས༔ སྤྱན་རས་

p. 443

གཟིགས་ཀྱི་དབང་པོར་དད་བརྩོན་པ༔ སྔོན་བསགས་ལས་འཕྲོ་ལྡན་པ་ཁྱེད་ཅག་ངེས༔ བདག་གིས་དབང་བསྐུར་དམ་པ་སྩལ་བར་བགྱི༔ ཞེས་གནང་བ་སྦྱིན་སྐྱབས་སེམས་ཡན་ལག་བདུན་པ་འབོགས། ཅེས་པའི་དོན་ནོ། །ཞེས་རྗེས་སུ་བཟུང་བར་གདམས་ནས་རྒྱུད་སྦྱངས་པའི་སླད་དུ་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་སྤྱན་རས་གཟིགས་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིིའི་རྗེས་ཟློས་གྱིས། སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས༔ སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི༔ བདག་སོགས་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ མྱུར་དུ་སངས་

p. 444

རྒྱས་ཐོབ་པར་བྱིན་གྱིས་རློབས༔ ཞེས་གསུམ་དང་། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་འཐོབ་པར་འགྱུར་ཏེ། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པའི་ཐེག་པ་ཐུན་མོང་གི་རྨང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། བརྗོད་ལ་སེམས་བསྐྱེད་པ་ནི། ཀྱེ་མ༔ སྡུག་བསྔལ་རང་བཞིན་འཁོར་བ་ཉམ་རེ་ཐག༔ ཐམས་ཅད་མྱང་འདས་བདེ་ལ་འགོད་བྱའི་

p. 445

ཕྱིར༔ བདག་གི་སྒོ་གསུམ་བརྩོན་པ་དྲག་པོ་ཡིས༔ སྤྱན་རས་གཟིགས་དབང་བསྒོམ་ཞིང་བསྒྲུབ་པར་བགྱི༔ ལན་གསུམ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུང་། །ཞེས་དང་། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་

p. 446

ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། ཡན་ལག་བདུན་པ་འདི་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་ཟློས་གྱིས། ཡན་ལག་བདུན་པ་ནི། དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད༔ མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ དུས་གསུམ་དགེ་བ་རྣམས་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག༔ དེ་ལྟར་ཚོགས་བསགས་པའི་ཕན་ཡོན་ནི། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་ཞིང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །དེའང་དབང་

p. 447

བསྐུར་བ་དེ་ཡང་རྟེན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པར་བྱེད་པའི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར་ཁྱད་པར་གྱི་སྡོམ་གཟུང་འདིའི་རྗེས་ཟློས་མཛོད། དམ་ཚིག་གཟུང་བ་འདིའི་རྗེས་ཟློས་བྱ། ཀྱེ་ཧོ༔ འཕགས་པ་སྤྱན་རས་གཟིགས་དབང་དང་༔ དབྱེར་མེད་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་གསུམ་ལ་རྟག་པར་སྐྱབས་སུ་མཆི༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ བླ་མ་ལ་ནི་སངས་རྒྱས་འདུ་ཤེས་སྒོམ༔ ཡི་དམ་ལྷ་སྔགས་ཏིང་འཛིན་དམ་དུ་འཆང་༔ སྐུ་གསུམ་སྐུ་ལྔའི་དམ་ཚིག་ཡང་དག་འཛིན༔ མ་ལུས་འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ བདག་གི་དམ་ཚིག་སྐྱོན་མེད་མཐར་ཕྱིན་ཤོག༔ ལན་གསུམ། དེ་ལྟར་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་དང་རིགས་ལྔའི་དམ་ཚིག་ཤེས་དང་མི་སྤང་དང་དུབླང་བ་སྒྲུབ་པ་དང་སྤྱད་པར་བྱ་བ་ལྔ་ཚན་ལྔ་སྟེ་ཡན་ལག་གི་དམ་ཚིག་ཉེར་ལྔའམ་ཉི་ཤུ་རྩ་བརྒྱད་དུ་གྲགས་པ་

p. 448

གོང་གི་རིགས་ལྔའི་སྡོམ་པ་རྣམས་རིགས་གསུམ་དུ་བསྡུས་ཤིང་ཡན་ལག་གི་སྟེང་དུ་མནན་པ་ལ་སོགས་པ་དང་། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཅེས་སྒོ་གསུམ་མི་དགེ་བ་ལས་ལྡོག་ཏེ་ལྷ་སྔགས་ཏིང་འཛིན་ལས་མི་འདའ་བར་སློབ་དགོས་པ་ཡིན་པས་སྲུང་མཚམས་ངེས་པའི་སྒོ་ནས་ཚུལ་བཞིན་གྱིས་དང་། ཕན་ཡོན་ནི་རྒྱུད་གསང་བའི་མཛོད་ལས། གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་བསྒྲུབས། །སྐྱེ་བ་གཞན་དུ་དངོས་གྲུབ་འཐོབ། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་རྒྱུད་སྦྱང་བའི་རིམ་པ་རྣམས་སོང་ནས། དེ་ནས་སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་བསྟིམ་བརྟན་པར་བྱ། ཞེས་པ་ནི། བྱིན་རླབས་ཀྱི་གཞི་སྒྲུབ་པར་བྱེད་པ་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་སརྦ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་ལས་བུམ་ཁ་རྒྱན་གྱིས་ཆུ་འཐོར། ཁྱེད་རང་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་

p. 449

སེམས་ཉིད་ངོ་བོ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིིམ་ཡོངས་སུ་གནས་གྱུར་པ་ལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་པད་དཀར་འཛིན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་དར་དང་རིན་པོ་ཆེས་བརྒྱན་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་ནུབ་ཕྱོགས་བདེ་བ་ཅན། ཕོ་བྲང་རི་བོ་ཏ་ལ། ཟངས་མདོག་དཔལ་གྱི་རི་བོ། མཁའ་སྤྱོད་དག་པའི་ཞིང་ཁམས་རབ་འབྱམས་ནས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་འགྲོ་བ་ཀུན་གྲོལ་གྱི་ལྷ་ཚོགས་ཀྱི་རྣམ་པར་སྟེང་

p. 450

ནས་བྱོན་པ་ཐམས་ཅད་ཁ་བ་བབས་པ་ལྟ་བུར་ཐིབ་ཐིབ། འོག་ནས་བྱོན་པ་ཐམས་ཅད་རླུང་རྡོལ་བ་ལྟར་བུན་བུན། བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོ་ལ་དགེ་འདུན་འདུ་བ་ལྟར་འུར་དིང་དིང་བྱོན་ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པའི་མོས་པ་གྱིས། སྤྱན་འདྲེན་པ་ནི། ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨེ་ཧྱ་ཧི༔ ཛ་ཧཱུྃ་བཾ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་ཡེ་ཤེས་པ་དབབ་ཅིང་། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་ཇིི་སྲིད་བྱང་ཆུབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་སོགས་བརྗོད་དབང་གི་གོང་དུ། དེ་དག་དཀྱིལ་འཁོར་དུའཇུག་པའི་རིམ་པ་སོང་ནས་ཞུགས་པ་པོར་དབང་བསྐུར་བ་ལ། དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ་ཇི་ལྟར་བསྐུར་བའི་ཚུལ་བཞི་

p. 451

ལས། དང་པོ་ནི་རྒྱུ་རྐྱེན་གཉིས་ལས་རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་དང་། རྐྱེན་ནི་བཞི་ལས་དབང་བསྐུར་དུ་རུང་བ་སློབ་བུའི་རྒྱུ་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན། རྫས་སྔགས་ཏིང་ངེ་འཛིན་འཛོམས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེས་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གཉིས་པ་ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བའམ་བླུག་པ་སྟེ། དབང་བཞི་རང་སྐལ་གྱི་དྲི་མ་བཞི་འཁྲུད་ཅིང་སྐུ་བཞིའི་ས་བོན་གསོས་སུ་ཐེབས་པའོ། །གསུམ་པ་ནིི་བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེར་ཡེ་ཚིག་དབང་དང་བཞིའམ། དེ་དག་གི་དོན་གྱི་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་

p. 452

སོགས་པའི་དབང་ངོ་། །བཞི་པ་ནི་སློབ་དཔོན་དང་དབང་རྫས་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི་སྐུར་བསྐྱེད་ནས་དབང་རྫས་དེ་དག་སྐུའི་གནས་སོ་སོར་བསྐུར་ཞིང་། དབང་དོན་སེམས་ལ་ངོ་སྤྲད་དེ་དབང་ཚིག་རྣ་བར་བསྒྲགས་པ་བཅས་འཛོམས་པའི་རྐྱེན་གྱིས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད་བྱས་ལ། སྐུའི་དབང་ནི་བུམ་པ་ཐོགས་ལ། ཧྲཱིཿ ཆོས་དབྱིངས་བདེ་ཆེན་བུམ་པའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་སྲས་དང་བཅས༔ སྐུ་གསུམ་འདུ་འབྲལ་མེད་པའི་དབྱིངས་ནས་བཞེངས༔ སྐུ་ལྔ་ལྷུན་གྲུབ་བྱིན་རླབས་དཔལ་དུ་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དབང་དང་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་དབང་ནི་ཡི་གེ་དྲུག་པ་སྦྱིན༔ ཧྲཱིཿ གསང་སྔགས་རྒྱལ་པོ་མི་ཕྱེད་པ་ཡི་གསུང་༔ མཐོང་བ་ཙམ་གྱིས་ངན་སོང་སྐྱེ་སྒོ་གཅོད༔ ཐོས་པ་ཙམ་གྱིས་ཐར་པའི་ལམ་ལ་འགོད༔ བཟླས་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་

p. 453

འཐོབ༔ དྲན་པ་ཙམ་གྱིས་ཐར་པའི་ས་བོན་ཐེབས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྙིང་པོ་ཡི་གེ་བདུན་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབང་ནི་མེ་ཤེལ་སྙིང་ཁར་སྦྱིན། ཧྲཱིཿ སྤྱན་རས་གཟིགས་དབང་སངས་རྒྱས་ཀུན་གྱི་ཐུགས༔ རང་རིག་དམ་པ་ཆོས་སྐུ་སྐྱེ་བ་མེད༔ མཚོན་དཔེ་མེ་ལོང་ཀུན་ཟླུམ་ཐིག་ལེ་ཆེ༔ མན་ཤེལ་ངོ་བོ་རང་བཞིན་ཐུགས་རྗེའི་བརྡ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཏིང་འཛིན་རིག་པ་མཆོག་གི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པའི་རྩལ་དབང་ནི་སློབ་བུ་ཆོས་བདུན་གྱིས་འདུག མིག་བར་སྣང་ལ་གཏད། སེམས་རང་ལུགས་སུ་བཞག སློབ་དཔོན་གྱིས་དགོངས་པ་གཏད། རྡོ་རྗེའི་མགུར་གྱིས་རྫོགས་པ་ཆེན་པོའི་ལྟ་བ་འདི་ལྟར་ངོ་སྤྲད་དོ། །ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་རང་གི་སེམས་ཉིད་ཡིན༔ གཞན་དུབཙལ་བས་རྙེད་མི་འགྱུར༔ སེམས་ལ་དང་པོ་བྱུང་ཁུངས་མེད༔ བར་དུ་འདིར་གནས་ས་ཡང་མེད༔ ཐ་མ་འགྲོ་དང་འོང་བ་མེད༔ དབྱིབས་དང་ཁ་དོག་མཚན་མ་མེད༔ ཡོད་མེད་མཚན་ཉིད་བརྟག་དཔྱད་ཀུན༔ དཔེ་

p. 454

དང་ཚིག་གིས་བརྗོད་དུ་མེད༔ བརྗོད་མེད་རང་གསལ་ཆོས་སྐུ་ཡིན༔ གང་ཤར་མ་བཅོས་བཟོ་མེད་ཤོག༔ ཤར་གྲོལ་ཆུ་ལ་ཆུ་ཐིམ་འདྲ༔ བཅོས་ཤིང་འཇུར་བུས་བཏབ་པ་ཡི༔ ལམ་དེས་སེམས་ཅན་གནས་སུ་འཁོར༔ ཕྱོགས་ཞེན་འཛིན་པ་བྱུང་བ་ན༔ ཉམས་དེས་གོལ་བའི་གནས་སུ་འཆིང་༔ དེ་ཕྱིར་སྙིང་གི་བུ་ཁྱོད་ཀྱང་༔ ཡེངས་མེད་འཛིན་མེད་སྒོམ་མེད་སྐྱོངས༔ ཁྱོད་ནི་དེང་ནས་ཀུན་ཏུ་བཟང་༔ གཞི་ལ་འཁྲུལ་གྲོལ་གྲུབ་མ་མྱོང་༔ བགྲོད་པའི་ལམ་ཡང་ཡོད་མ་ཡིན༔ ཐོབ་བྱའི་འབྲས་བུ་དག་ཀྱང་མེད༔ སྤང་བྱའི་སྐྱོན་དང་གཉེན་པོ་མེད༔ ཀློང་ཡངས་ཡེ་དག་ཀློང་དུ་ཐིམ༔ རིག་རྩལ་ཆོས་སྐུའི་དབང་ཡིན་ནོ༔ ཨ་ཨ་ཨཱ༔ ཞེས་དགོངས་པ་གནད་ཐེབས་པ་གལ་ཆེ་དབང་འདིས་ངོ་མ་འཕྲོད་ན་དབང་གཞན་བྱིས་པའི་རྩེད་མོ་འདྲ། ཨྠྀི༔ ཡོན་ཏན་གྱི་དབང་རྒྱན་དང་ཕྱག་མཚན་སྦྱིན། ཧྲཱིཿ ཐུགས་རྗེ་ཆེན་པོའི་བགྲང་ཕྲེང་སྙིང་པོའི་སྔགས༔ སྐྱོན་གྱིས་མ་གོས་དྲི་མེད་པདྨ་དཀར༔ དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུའི་མཆོག༔ སྣ་ཚོགས་དར་དང་སྣ་ཚོགས་རིན་ཆེན་བརྒྱན༔ ཡོན་ཏན་སྣ་ཚོགས་མངའ་བའི་ཆས་དང་རྟགས༔

p. 455

སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྤྱན་རས་གཟིགས་དང་དགོངས་པ་མཉམ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ༔ རཏྣ་གུ་ཎ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཀྱི་དབང་དམ་རྫས་གཏད། ཧྲཱིཿ ཐུགས་རྗེ་ཆེན་པོའི་མཛད་པ་ངོ་མཚར་ཆེ༔ མཆོག་གྲུབ་མྱོང་གྲོལ་སྐྱེ་བ་བདུན་པའི་གདུང་༔ མཚམས་མེད་སྤྱད་པས་མྱངས་ཀྱང་སངས་རྒྱས་འཐོབ༔ རླུང་གི་རྫི་དང་གྲིབ་མས་ཕོག་ཀྱང་གྲོལ༔ མ་བསྒོམས་སངས་རྒྱས་ཐབས་མཆོག་རྨད་པོ་ཆེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བ སྐུར་རོ༔ དོན་གཉིས་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཛྙཱ་ན་ཨ་མྲྀ་ཏ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་གཏོར་མ་ཙཀླི་དང་བཅས་ཐོགས། སྤོས་དང་རོལ་མོས་བྱིན་དབབ་ཅིང་། ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་རྒྱལ་བ་འོད་དཔག་མེད་མགོན་གྱིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ ཕོ་བྲང་རི་བོ་ཏ་ལའི་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་སྤྱན་རས་

p. 456

གཟིགས་དབང་གིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ གནས་མཆོག་ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ སྤྲུལ་སྐུ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་གཏང་རག་དགེ་བ་བསྔོ་བ་སོགས། རྗེས་ཀྱི་རིམ་པ་སྤྱི་དང་མཐུན་པར་བྱ། ཞེས་པའི་དོན། དེ་ཡང་སློབ་དཔོན་དང་ནམ་མཁའ་གང་བའི་དབང་གི་ལྷ་ཚོགས་གཞན་ཡང་ལྷ་དང་དྲང་སྲོང་རིག་འཛིན་བདེན་ཚིག་གྲུབ་པ་རྣམས་ཀྱི་ཞལ་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་དབྱངས་ཤིང་ཕྱག་ནས་མེ་ཏོག་མནྡྷ་རའི་ཆར་པ་བསྙིལ་བས་དབང་དུས་ཀྱི་ཡེ་ཤེས་པ་མ་བརྟན་པ་རྣམས་བརྟན་པ་དང་། བརྟན་པ་རྣམས་གསལ་བརྟན་ཡར་ལྡན་དུ་གྱུར་པའི་མོས་པ་མཛོད། བྱས་ལ། བཀྲ་ཤིས་ནི། ཧྲཱིཿ ཐོག་མའི་སངས་རྒྱས་རྒྱལ་བ་ཀུན་གྱི་

p. 457

ཡབ༔ ཆོས་སྐུ་འོད་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ས་བཅུའི་མགོན་པོ་དཀྱིལ་འཁོར་ཀུན་གྱི་གཙོ༔ བཅོམ་ལྡན་སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག༔ མཐུ་སྟོབས་དབང་ཕྱུག་སྣང་སྲིད་ཟིལ་གྱིས་གནོན༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཆོས་རྣམས་ཀུན་གྱི་མཐར་ཐུག་སྙིང་པོའི་དོན༔ གསུང་མཆོག་ཡི་གེ་དྲུག་མའི་བཀྲ་ཤིས་ཤོག༔ མཐོང་ཐོས་དྲན་རེག་བྱང་ཆུབ་ས་བོན་ཐེབས༔ དམ་རྫས་མྱོང་གྲོལ་མཆོག་གི་བཀྲ་ཤིས་ཤོག༔ བླ་མ་མཆེད་ལྕམ་རིག་འཛིན་ཚོམ་བུར་བཅས༔ འབྲལ་མེད་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར། འོ་དེ་ལྟར་ཟབ་མོ་དག་སྣང་གི་ནང་ཚན་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་

p. 458

བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ་བར་མཛོད། ཅེས་འབུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་པའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་བར་མོས་ལ་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་ནོ། །དབང་ཆོག་འདི་ཉིད་ལན་གཅིིག་ཐོས་པ་ཡིས། སོགས། རྒྱ་རྒྱ་རྒྱ། དེ་ལྟར་ཁྱབ་བདག་བླ་མ་རིག་འཛིན་མཆོག་གི་དག་སྣང་དང་བཀའ་གཏེར་ཆུ་བོ་གསུམ་འབྲེལ་གྱི་ཚུལ་དུ་བཞུགས་པ་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དབང་ཆོག་འདོན་བདེ་འདི་ལྟ་བུ་གྱིས་ཞེས་མཆོག་སྤྲུལ་རིན་པོ་ཆེ་དཔོན་སློབ་ཀྱིས་བཀའ་སྩལ་སྤྱི་བོར་ཡང་ནས་ཡང་དུ་ཕེབས་པ་ལ་བརྟེན་ནས། གང་གི་སློབ་འབངས་རྒན་པོ་བཙུན་གཟུགས་པ་རིག་འཛིན་རྒྱ་མཚོ་དབང་ཕྱུག་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་བློ་གསལ་དད་ནོར་འཆང་བ་ཀརྨ་བསྟན་འཛིན་གྱིས་བགྱིས་པ་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་ཚེ་འདས་སྒྲིབ་སྦྱོང་ངན་སོང་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ།

p. 459

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་ཚེ་འདས་སྒྲིབ་སྦྱོང་ངན་སོང་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔

p. 460

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ༔ རྒྱལ་ཀུན་ཐུགས་རྗེའི་ཡེ་ཤེས་གཅིག་གཟུགས་སུ༔ ལེགས་འཁྲུངས་སྲིད་ཞིར་མི་གནས་པད་དཀར་འཆང་༔ མི་གཉིས་དྲིན་ཅན་དཔའ་བོ་ལས་རབ་རྩལ༔ བྱང་ཆུབ་བར་དུ་ཞབས་སེན་སྤྱི་བོར་བསྟེན༔ གང་གི་ཐུགས་གཏེར་དྲི་མེད་བདུད་རྩི་ཡིས༔ འགྲོ་བའི་སྒྲིབ་གཉིས་ཐར་གེགས་དྲི་འཁྲུད་པའི༔ ཐབས་མཆོག་ཟབ་མོ་ཚེ་འདས་སྒྲིབ་སྦྱོང་དཔྱིད༔ ངན་སོང་གནས་འདྲེན་ཐུགས་རྗེའི་ལྕགས་ཀྱུ་སྤེལ༔ དེ་ཡང་རྩ་བ་རྡོ་རྗེའི་ཚིག་རྐང་ལས༔ གཤིན་པོའི་དོན་དུ་སྤྱན་རས་གཟིགས་བསྒོམས་ནས༔ མཆོད་ཅིང་བསྙེན་པས་བར་དོའི་སྡུག་བསྔལ་ཞི༔ སྐྱེ་སྲིད་ངན་པ་གཏན་སྤངས་བདེ་འགྲོར་འགྲོ༔ བུམ་ཆོག་བྱས་ན་མཚམས་མེད་ལས་སྒྲིབ་བྱང་༔ རྡོ་རྗེ་དམྱལ་བའི་གནས་སུ་སྐྱེས་ཀྱང་ཐར༔ ལས་ངན་གཞན་ལ་སྨོས་ཀྱང་ཅི་དགོས་སོ༔ ཞེས་གསུངས་པས། ཇི་ལྟར་ཉམས་སུ་ལེན་པ་ལ༔ དཀྱིལ་འཁོར་གྱི་ཡོ་

p. 461

བྱད་གཞུང་ལྟར་ལ༔ སྒྲུབ་མཆོད་སྲུང་མའི་གཏོར་འབུལ་ཚོགས་བསྐང་༔ ལས་བུམ་བསྐྱེད་བཟླས་བཅས་གྲུབ་པའི་རྗེས༔ དཀྱིལ་འཁོར་གྱི་མདུན་ལ་སོགས་པར་ཚེ་འདས་ཀྱི་གཟུགས་སམ་མིང་བྱང་བྲིས་པ་སོགས་དམིགས་རྟེན་བཞག༔ སྦྱང་ཆས་སྒྲིབ་སྦྱོང་མེ་ཆུ་ཏིལ་ནག་སོགས་བྲབ་རྫས༔ ཟས་གཏད་དགོས་ཆ་དང་༔ དབང་ཆས་སོགས་འོག་ཏུ་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ༔ དང་པོ་རྟེན་བསྐྱེད་པ་ནི༔ དམིགས་རྟེན་ལ་ལས་བུམ་གྱི་ཆུ་འཐོར་ཞིང༔ ཨ་མྲྀ་ཏས་བསངས༔ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀཿལས་ཚེ་འདས་ཉིད་གསོན་དུས་ཀྱི་རྣམ་པ་ཇི་ལྟ་བར་བསམ༔ གཉིས་པ་རྣམ་ཤེས་འགུགས་པ་ནི༔ ཧཱུྃ༔ ང་ནི་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེ་ཆེན་

p. 462

པོའི་ཐུགས་ཀ་ནས༔ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོས༔ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔ༔ རིགས་དྲུག་འཁོར་བ་གར་གནས་ཀྱང་༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ལྕགས་ཀྱུའི་ཕྱག་རྒྱ་བཅས༔ རང་ཉིད་ལྷ་ཡི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཀྱིས་ཚེ་འདས་ཀྱི་རྣམ་ཤེས་བཀུག་པར་བསམ་ཞིང་༔ ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བདེན་པ་དང་༔ བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ཞེས་བགྱི་བའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག༔ ཨ་ནྲྀ་སུ་ཏྲི་པྲེ་དུ་ཛ༔ བཛྲ་ཨཱ་ཀར་ཤ་ཡ་ཛ༔ ཞེས་རྣམ་ཤེས་དང༔ སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ ཞེས་པས་སྡིག་པ་བཀུག་ནས༔ ཛཿཧཱུྃ་བཾ་ཧོ༔ རྣམ་ཤེས་ཨཱཿདཀར་པོའི་རྣམ་པ་རྟེན་ལ་ཐིམ་པར་བསམ་མོ༔ གསུམ་པ་བགེགས་སྦྱོང་

p. 463

བ་ནི༔ གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་བསྐོར་ཞིང་༔ ༀ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཥེ་བྷྱཿསརྦ་ཏཏ་ཁཾ་ཨུ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྣཱེ་དཾ་བྷ་ལིངྟ་སྭཱ་ཧཱ༔ གསུམ་གྱིས་ཞི་བ་དང༔ ཏིང་ལོ་ཆངས་བུ་བསྐོར་ཞིང་༔ ༀ་སུཾ་བྷ་ནི་སུཾ་བྷ་ནི་ཧཱུྃ༔ གྷྲྀཧྣ་གྷྲྀཧྣ་ཧཱུྃ༔ གྷྲྀཧྣ་པ་ཡ་གྷྲྀཧྣ་པཱ་ཡ་ཧཱུྃ༔ ཨ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུྃ༔ གསུམ་གྱིས་ཞི་དྲག་ཕྱེད་མ༔ བདེན་སྟོབས་གོང་བཞིན་བརྗོད་ནས༔ ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་༔ གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་དང་༔ ཚེ་ལས་འདས་པའི་གཟུགས་སུ་བཟུང་ནས་འབྲེལ་པ་ཤུལ་དུ་མཆིས་པ་རྣམས་ལ་གནོད་པར་བྱེད་པ་དང་༔ རྣམ་པར་ཤེས་པའི་རྗེས་སུ་འབྲང་ནས་སྐྱེ་བ་ཕྱི་མར་བདེ་བ་དང་ལེགས་པའི་ལམ་ལ་བར་དུ་གཅོད་པའི་ལོག་འདྲེན་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཁོར་བ་ཞེས་བྱ་བའི་རིགས་དང་༔ དྲི་ཟ་ཁྱབ་བྱེད་དང་༔ དྲི་ཟ་དཔག་མེད་དང་༔ གནོད་སྦྱིན་སྨྲ་འདོད་དང་༔ འབྱུང་པོ་ཝ་ར་ཧི་མེད་ཀུན་རྟོག་ཞེས་བྱ་བའི་རིགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདིས་

p. 464

ཚིམ་པར་གྱིས་ལ་གནོད་འཚེའི་བསམ་པ་ཞི་ནས་རང་རང་གི་གནས་སུ་དེངས་ཤིག༔ གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་མཚོན་ཆ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ༔ ༀ་སུཾ་བྷ་ནི་སོགས༔ དྲག་སྔགས་བརྗོད་ནས་རྒྱང་རིང་དུ་དོར༔ གུ་གུལ་གྱི་དུད་པས་བདུག༔ ཡུངས་ཐུན་གྱིས་བྲབ༔ བཞི་པ་སྡིག་པ་སྦྱོང་པ་ནི༔ གཡས་སུ་མེ་གཡོན་དུ་ཆུ་བཞག༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པའི་སྣ་བུག་ནས་ཐོན༔ སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་སྟེ་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་ཤིང་དག་པར་བསམ་ཞིང་༔ ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར་ལ༔ ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་དཀར་གྱིས་བྲབ་པས༔ ལས་ཀྱི་རླུང་དབང་དུ་བྱེད་པའི་ཕྱིར༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དང་ཡིག་བརྒྱ་བརྗོད༔ ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ༀ་མ་ཐ་མ་ཐ་སརྦ་ཏི་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ ཞེས་དང་ངན་སོང་སྦྱོངས་བའི་སྔགས་མང་དུ་བཟླ་ཞིང་སྡིག་སྒྲིབ་ཐམས་ཅད་དག་པར་བསམ༔ ལྔ་པ་ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་ཅིང་སྙན་བརྣན་པ་ནི༔ ཁྲུས་ཀྱི་ཁང་པ༴ ཤེལ་གྱི་ས༴ རིན་ཆེན་འབར ༴ མུ་ཏིག་འོད ༴ དེ་

p. 465

བཞིན་གཤེགས་པ༴ རིན་ཆེན་བུམ༴ ཡིད་འོད་ལེགས༴ རོལ་མོ་བཅས༴ ཁྲུས་གསོལ་བ་ནི༔ དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་བྱ་ཞིང་༔ ཇི་ལྟར་བལྟམས་པ༴ ལྷ་རྣམས༴ ལྷ་ཡི་ཆུ༴ དེ་བཞིན་བདག༴ འདི་ནི་ཁྲུས་མཆོག༴ ཐུགས་རྗེ་ཆུ༴ སོགས། རྒྱལ་བའི་སྐུ་གསུང༴ ཉོན་མོངས་དྲི༴ ཚེ་འདས་སྒོ༴ གཙང་མ་ཆབ ༴ ༀ་སརྦ་ཏ་ཐཱ་ག༴ དེ་ནས་གོས་འབུལ་ཞིང་སྐུ་ཕྱི་བ་ནི༔ སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་༔ གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ༔ གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ༔ བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག༔ དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་༔ དད་པའི་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས༔ ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས༔ སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག༔ དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས༔ གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ༔ ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ༔ ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་བུམ་པར་བླུག༔ མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་༔ བཀྲ་ཤིས་བུམ་པའི་གཞལ་ཡས་སུ༔

p. 466

དཀྱིལ་འཁོར་ལྷ་ཚོགས་གསལ་བྱས་ནས༔ སྔགས་དང་ཕྱག་རྒྱའི་འཕྲོ་འདུ་ཡིས༔ ཚེ་འདས་སྡིག་སྒྲིབ་དག་གྱུར་ཅིག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བཟླ་ཞིང་བཀྲུ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ འདི་ནི་ཚུལ་ཁྲིམས་རང ༴ ཁྲིམས་འཆལ་དྲི༴ ཚུལ་ཁྲིམས་དྲི༴ ཁྲུས་ལེགས༴ འདི་ནི་བཟོད་པའི་རང༴ ཁོང་ཁྲོས་དྲི་མ༴ བཟོད་པ་དྲི་ཡིས༴ ཁྲུས་ལེགས་མཛད༴ འདི་ནི་བརྩོན་འགྲུས༴ ལོ་ལོའི་དྲི་མ༴ བརྩོན་འགྲུས་དྲི༴ ཁྲུས་ལེགས་མཛད ༴ འདི་ནི་བསམ་གཏན༴ རྣམ་གཡེང་དྲི༴ བསམ་གཏན་དྲི་ཡིས༴ ཁྲུས་ལེགས་མཛད༴ འདི་ནི་ཤེས་རབ༴ ཤེས་འཆལ་དྲི་མ༴ ཤེས་རབ་དྲི་ཡིས ༴ ཁྲུས་ལེགས་མཛད༴ རྩ་སྔགས་དང་ཡིག་བརྒྱ་ཀཾ་ཀ་ནི་གཟུངས་བཟླ་ཞིང་རོལ་མོ་དཀྲོལ་ཞིང་ཁྲུས་བྱའོ༔ དྲུག་པ་དུག་སྦྱང་བ་ནི༔ བུམ་ཆུས་མིང་བྱང་ལ་བྱབ་ཅིང༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སངས་རྒྱས་བཅོམ་ལྡན་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་

p. 467

བཅོམ་མོ༔ འདོད་ཆགས༴ འདི་དག༴ བཅོམ་ལྡན་དམ་ཆོས་དུག་མི་མངའ༔ དམ་ཆོས་བདེན༴ འདོད་ཆགས༴ འདི་དག༴ བཅོམ་ལྡན་དགེ་འདུན་དུག་མི་མངའ༔ དགེ་འདུན་བདེན་པས་དུག་བཅོམ་མོ༔ འབྱུང་བ་སོ་སོས་བྱབ་ཅིང༔ ས་འདི་དུག་གི་ཕ་ཡིན་ཏེ༔ ས་འདི་དུག་གི་མ་ཡང་ཡིན༔ སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས༔ ཚེ་འདས་ཁྱོད་ལ་དུག་མེད་ཤོག༔ ཆུ་འདི་དུག་གི་ཕ༴ ཆུ་འདི་དུག་གི་མ༴ མཱ་མ་ཀཱི་ཡིས༴ ཚེ་འདས་ཁྱོད༴ མེ་འདི་དུག་གི་ཕ༴ མེ་འདི་དུག་གི་མ༴ གོས་དཀར་མོ་ཡིས ༴ ཚེ་འདས་ཁྱོད༴ རླུང་འདི་དུག་གི་ཕ ༴ རླུང་འདི་དུག་གི་མ༴ དམ་ཚིག་སྒྲོལ་མས༴ ཚེ་འདས་ཁྱོད༴ ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་བྱུང་བའི་དུག་ཐམས་ཅད་འབྱུང་བའི་ནང་དུ་ཐིམ་པར་གྱུར་ཅིག༔ འབྱུང་བ་རྣམ་པར་དག་པ་ཡུམ་བཞིའི་ངང་དུ་སངས་རྒྱས་པར་གྱུར་ཅིག༔ བདུན་པ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ལ་ནི་ཕྱག་འཚལ་ལོ༔ དང་པོ་མེ་ཏོག་ཕོག་པ་སོགས༔ དཀྱིལ་འཁོར་ལྷ་

p. 468

རྣམས་ལ་ཕྱག་འཚལ༔ དུས་གསུམ་སངས་རྒྱས་ཀུན་བདག་ཉིད༔ སྤྱན་རས་གཟིགས་མགོན་ལ་ཕྱག་འཚལ༔ ཐབས་མཁས་ཐུགས་རྗེས་འགྲོ་དོན་མཛད༔ རིགས་ལྔའི་རྒྱལ་བ་ལ་ཕྱག་འཚལ༔ ཡེ་ཤེས་སྒྱུ་མའི་སྐུར་བསྟན་པ༔ སེམས་དཔའ་སེམས་མ་ལ༴ ཕྱོགས་བཅུའི་བགེགས་རིགས་མ་ལུས་འདུལ༔ ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ༔ ཞེས་དང་༔ གཙོ་བོ་རྒྱལ་བ་འགྲོ་བའི་མགོན༔ འགྲོ་བ་སྐྱོབ་པའི་དོན་བརྩོན་པ༔ སྟོབས་ཆེན་འཇིགས་པ་ཀུན་སེལ་བ༔ དེ་རིང་ཉིད་ནས་སྐྱབས་སུ་མཆི༔ དེ་ཡི་ཐུགས་སུ་ཆུད་པའི་ཆོས༔ འཁོར་བའི་འཇིགས་པ་སེལ་མཛད་པ༔ བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་༔ དེ་བཞིན་ཡང་དག་སྐྱབས་སུ་མཆི༔ བདག་ནི་འཇིགས་པ་རྣམ་སྐྲག་པས༔ ཀུན་ཏུ་བཟང་ལ་བདག་ཉིད་འབུལ༔ འཇམ་པའི་དབྱངས་ལ་བདག་ཉིད་ཀྱི༔ བདག་གི་ལུས་འདི་འབུལ་བར་བགྱི༔ ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི༔ སྤྱན་རས་གཟིགས་མགོན་དེ་ལ་ཡང༔ ཉམ་ཐག་ང་རོས་འོ་དོད་འབོད༔ སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ༔ འཕགས་པ་ནམ་མཁའི་

p. 469

སྙིང་པོ་དང༔ ས་ཡི་སྙིང་པོ་དག་དང་ནི༔ ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ༔ སྐྱབས་འཚོལ་སྙིང་ནས་འོ་དོད་འབོད༔ གང་ཞིག་མཐོང་ན་བཤིན་རྗེ་ཡི༔ ཕོ་ཉ་ལ་སོགས་སྡང་བ་རྣམས༔ སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ༔ རྡོ་རྗེ་ཅན་ལ་སྐྱབས་མཆི༔ སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས༔ ད་ནི་འཇིགས་པ་ཆེར་མཐོང་ནས༔ ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི༔ འཇིགས་པ་མྱུར་དུ་བསྐྱབ་ཏུ་གསོལ༔ ཞེས་དང་༔ བླ་མ་རྒྱལ་བ་སྲས་བཅས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ སྡིག་སྦྱང་དབང་བསྐུར་ལམ་སྟོན་ནས༔ མྱུར་དུ་སངས་རྒྱས་ཐོབ་བྱིན་རློབས༔ བརྒྱད་པ་དབང་བསྐུར་བ་ནི༔ ཁྲུས་བྱ་མཎྜལ་ཕུལ༔ དབང་དོན་ལ་གསོལ་བ་འདེབས་པ་འདི་ལྟར་བྱ༔ ཨེ་མ༔ དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་བའི་གནས༔ འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་མཆོག་གི་བཀའ་དྲིན་གྱིས༔ དམན་པ་བདག་ཅག་སྨིན་པར་མཛད་དུ་གསོལ༔ ལན་དུ༔ ཀྱཻ་ཧོ་མཚན་ཙམ་ཐོས་ཀྱང་བྱང་ཆུབ་ས་བོན་ཐེབ༔ སྤྱན་རས་གཟིགས་ཀྱི་དབང་པོར་དད་བརྩོན་པ༔ སྔོན་

p. 470

བསགས་ལས་འཕྲོ་ལྡན་པ་ཁྱེད་ཅག་ངེས༔ བདག་གིས་དབང་བསྐུར་དམ་པ་བརྩོན་པར་བགྱི༔ ཞེས་གནང་བ་སྦྱིན༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས༔ སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི༔ བདག་སོགས་ཕ་མ་རིགས་དྲུག་སེམས་ཅན་རྣམས༔ མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས༔ སེམས་བསྐྱེད་པ་ནི༔ ཀྱེ་མ་སྡུག་བསྔལ་རང་བཞིན་འཁོར་བ་ཉམ་རེ་ཐག༔ ཐམས་ཅད་མྱང་འདས་བདེ་ལ་འགོད་བྱའི་ཕྱིར༔ བདག་གིས་སྒོ་གསུམ་འབད་པ་དྲག་པོ་ཡིས༔ སྤྱན་རས་གཟིགས་དབང་སྒོམ་ཞིང་བསྒྲུབ་པར་བགྱི༔ ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྣམས་ཀྱིས་མཆོད༔ མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ དུས་གསུམ་དགེ་བ་རྣམས་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ འདིས་མཚོན་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག༔ སླར་ཡང་དམ་ཚིག་གཟུང་བ་འདི་ཡི་རྗེས་ཟློས་

p. 471

གྱིས༔ ཀྱེ་ཧོ༔ འཕགས་པ་སྤྱན་རས་གཟིགས་དབང་དང་༔ དབྱེར་མེད་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་གསུམ་ལ་རྟག་པར་སྐྱབས་སུ་མཆི༔ སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ བླ་མ་ལ་ནི་སངས་རྒྱས་འདུ་ཤེས་བསྒོམ༔ ཡི་དམ་ལྷ་སྔགས་ཏིང་འཛིན་དམ་དུ་འཆང་༔ སྐུ་གསུམ་སྐུ་ལྔའི་དམ་ཚིག་ཡང་དག་འཛིན༔ མ་ལུས་འགྲོ་བ་སེམས་ཅན་དོན་གྱི་ཕྱིར༔ བདག་གི་དམ་ཚིག་སྐྱོན་མེད་མཐར་ཕྱིར་ཤོག༔ ལན་གསུམ༔ དེ་ནས་ཡེ་ཤེས་དབབ་པ་ནི༔ ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀོར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཀྱིས་བགྲང་ཕྲེང་པད་དཀར་འཛིན་པ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་དར་དང་རིན་པོ་ཆེས་བརྒྱན་པར་

p. 472

གསལ་བའི་གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ཤིང་ཐིམ་པར་བསམ་ལ༔ སྤྱན་འདྲེན་པ་ནི༔ ཧྲཱིཿ རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུར་སྤྲུལ་པ༔ སྤྱན་རས་གཟིགས་དབང་རྒྱལ་བ་སྲས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ ཞེས་རོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་དབབ་ཅིང་༔ ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ དངོས་གཞི་དབང་བསྐུར་བ་ནི༔ སྐུའི་དབང་ནི་བུམ་པ་ཐོགས་ལ༔ ཧྲཱིཿ ཆོས་དབྱིངས་བདེ་ཆེན་བུམ་པའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་སྲས་དང་བཅས༔ སྐུ་གསུམ་འདུ་འབྲལ་མེད་པའི་དབྱིངས་ནས་བཞེངས༔ སྐུ་ལྔ་ལྷུན་གྲུབ་བྱིན་རླབས་དཔལ་དུ་འབར༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དབང་དང་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་དབང་ནི་ཡི་གེ་དྲུག་པ་སྦྱིན༔ ཧྲཱིཿ གསང་སྔགས་རྒྱལ་པོ་མི་ཕྱེད་པ་ཡི་

p. 473

གསུང་༔ མཐོང་བ་ཙམ་གྱིས་ངན་སོང་སྐྱེ་སྒོ་ཆོད༔ ཐོས་པ་ཙམ་གྱིས་ཐར་པའི་ལམ་ལ་འགོད༔ བཟླས་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་ཐོབ༔ དྲན་པ་ཙམ་གྱིས་ཐར་པའི་ས་བོན་ཐེབས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྙིང་པོ་ཡི་གེ་བདུན་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་དབང་ནི་མན་ཤེལ་སྙིང་ཁར་སྦྱིན༔ ཧྲཱིཿ སྤྱན་རས་གཟིགས་དབང་སངས་རྒྱས་ཀུན་གྱི་ཐུགས༔ རང་རིག་དམ་པ་ཆོས་སྐུ་སྐྱེ་བ་མེད༔ མཚོན་པའི་མེ་ལོང་ཀུན་ཟླུམ་ཐིག་ལེ་ཆེ༔ མན་ཤེལ་ངོ་བོ་རང་བཞིན་ཐུགས་རྗེའི་བརྡ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཏིང་འཛིན་རིག་པ་མཆོག་གི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རིག་པའི་རྩལ་དབང་ནི་སློབ་བུ་ཆོས་བདུན་གྱིས་འདུག༔ མིག་བར་སྣང་ལ་གཏད༔ སེམས་རང་ལུགས་སུ་བཞག༔ སློབ་དཔོན་གྱིས་དགོངས་པ་གཏད༔ རྡོ་རྗེའི་མགུར་གྱིས་རྫོགས་པ་ཆེན་པོའི་ལྟ་བ་འདི་ལྟར་ངོ་སྤྲད་དོ༔ ཀྱཻ་མ་སྐལ་ལྡན་རིགས་ཀྱི་བུ༔ སངས་རྒྱས་རང་གི་སེམས་ཉིད་ཡིན༔ གཞན་དུ་བཙལ་བས་རྙེད་མི་འགྱུར༔ སེམས་ལ་དང་པོ་བྱུང་ཁུངས་

p. 474

མེད༔ བར་དུ་འདིར་གནས་ས་ཡང་མེད༔ ཐ་མ་འགྲོ་དང་འོང་བ་མེད༔ དབྱིབས་དག་ཁ་དོག་མཚན་མ་མེད༔ ཡོད་མེད་མཚན་ཉིད་བརྟག་དཔྱད་ཀུན༔ དཔེ་དང་ཚིག་གིས་བརྗོད་དུ་མེད༔ བརྗོད་མེད་རང་གསལ་ཆོས་སྐུ་ཡིན༔ གང་ཤར་མ་བཅོས་བཟོ་མེད་ཞོག༔ ཤར་གྲོལ་ཆུ་ལ་ཆུ་ཐིམ་འདྲ༔ བཅོས་ཤིང་འཇུར་བུས་བཏབ་པ་ཡི༔ ལམ་དེས་སེམས་ཅན་གནས་སུ་འཁོར༔ ཕྱོགས་ཞེན་འཛིན་པ་བྱུང་བ་ན༔ ཉམས་དེས་གོལ་བའི་གནས་སུ་འཆིངས༔ དེ་ཕྱིར་སྙིང་གི་བུ་ཁྱོད་ཀྱང༔ ཡེངས་མེད་འཛིན་མེད་སྒོམ་མེད་སྐྱོངས༔ ཁྱོད་ནི་དེང་ནས་ཀུན་ཏུ་བཟང་༔ གཞི་ལ་འཁྲུལ་གྲོལ་གྲུབ་མ་མྱོང་༔ བགྲོད་པའི་ལམ་ཡང་ཡོད་མ་ཡིན༔ ཐོབ་བྱའི་འབྲས་བུ་དག་ཀྱང་མེད༔ སྤང་བྱའི་སྐྱོན་དང་གཉེན་པོ་མེད༔ ཀློང་ཡངས་ཡེ་དག་ཀློང་དུ་ཐིམ༔ རིག་རྩལ་ཆོས་སྐུའི་དབང་ཡིན་ནོ༔ ཨ་ཨ་ཨཱཿ ཞེས་དགོངས་པ་གནད་དུ་ཐེབས་པ་གལ་ཆེ༔ དབང་འདི་ངོ་མ་འཕྲོད་ན་དབང་གཞན་བྱིས་པའི་རྩེད་མོ་འདྲ༔ ཨྠྀི༔ ཡོན་ཏན་གྱི་དབང་རྒྱན་དང་ཕྱག་མཚན་སྦྱིན༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་བགྲང་ཕྲེང་སྙིང་པོའི་སྔགས༔ སྐྱོན་གྱིས་མ་གོས་དྲི་མེད་པདྨ་

p. 475

དཀར༔ དགོངས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་མཆོག༔ སྣ་ཚོགས་དར་དང་སྣ་ཚོགས་རིན་ཆེན་རྒྱན༔ ཡོན་ཏན་སྣ་ཚོགས་མངའ་བའི་ཆས་དང་རྟགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྤྱན་རས་གཟིགས་དང་དགོངས་པ་མཉམ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རཏྣ་གུ་ཎ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་ཀྱི་དབང་དམ་རྫས་གཏད༔ ཧྲཱིཿ ཐུགས་རྗེ་ཆེན་པོའི་མཛད་པ་ངོ་མཚར་ཆེ༔ མཆོག་གྲུབ་མྱོང་གྲོལ་སྐྱེ་བ་བདུན་པའི་གདུང་༔ མཚམས་མེད་སྤྱོད་པས་མྱངས་ཀྱང་སངས་རྒྱས་འཐོབ༔ རླུང་གི་རྫི་དང་གྲིབ་མས་ཕོག་ཀྱང་གྲོལ༔ མ་བསྒོམས་སངས་རྒྱས་ཐབས་མཆོག་རྨད་པོ་ཆེ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ དོན་གཉིས་ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཛྙཱ་ན་ཨ་མྲྀ་ཏ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་གཏོར་མ་ཙཀ་ལི་དང་བཅས་ཐོགས༔ སྤོས་དང་རོལ་མོས་བྱིན་དབབ་ཅིང་༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་རྒྱལ་བ་འོད་དཔག་མེད་མགོན་གྱིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ ཕོ་བྲང་རི་བོ་ཏ་ལའི་ཞིང་ཁམས་ནས༔ ལོངས་སྐུ་རྒྱལ་བ་སྤྱན་རས་གཟིགས་དབང་གིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་

p. 476

མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ གནས་མཆོག་ཟངས་མདོག་དཔལ་རིའི་གཞལ་ཡས་ནས༔ སྤྲུལ་སྐུ་རྒྱལ་དབང་པདྨ་འབྱུང་གནས་ཀྱིས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ ལྷ་དང་གཉིས་མེད་གཏོར་མའི་དབང་བསྐུར་རོ༔ བྱིན་རླབས་དབང་བཞིའི་ཆུ་རྒྱུན་ཐོབ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་བརྗོད་ཅིང་༔ མེ་ཏོག་འཐོར༔ དེ་ལྟར་བཅོམ་ལྡན་འདས་འཕགས་མཆོག་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དཀྱིལ་འཁོར་དུ་དབང་ལེགས་པར་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་གྱིས༔ གཙོ་བོས་ཇི་ལྟར་སོགས༔ དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ༔ ནས༔ དེང་ནས་

p. 477

བརྩམས་ཏེ་བདག་བྲན་དུ༔ ཁྱེད་ལ་བདག་ནི་འབུལ་ལགས་ན༔ ཁྱེད་ཀྱིས་སློབ་མར་གཟུང་བ་དང་༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ དགུ་པ་ཟས་གཏད་པ་ནི༔ ཚེ་ལས་འདས་པ་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི༔ མདུན་དུ་བཟའ་བཏུང་སྣ་ཚོགས་བཤམས་པར་ཆབ་དང་བདུད་རྩི་བྲན་ལ༔ རཾ་ཡཾ་ཁཾ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ནམ་མཁའ་གང་བར་བསམ་ལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཥེ་བྷྱ༔ སརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་ཕྱག་རྒྱ་དང་བཅས་ཏེ༔ ཕྱོགས་དུས་ཀུན་ནས་གཟུགས་སྒྲ་དྲི་དང་རོ༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས༔ སྤྱན་རས་གཟིགས་མགོན་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་ རྟག་ཏུ་ཚིམ་པར་ཤོག༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ ལས་དང་སྨོན་ལམ་འབྲེལ་བ་ཡི༔ ཟས་གོས་ནོར་རྫས་ཐམས་ཅད་དང་༔ འཇིག་རྟེན་འདས་དང་མ་འདས་པའི༔ འདོད་ཡོན་མཆོད་པ་རྣམ་མང་པོ༔ རྟག་ཏུ་མ་ཆགས་མ་ཐོགས་པ༔ ལོངས་སྤྱོད་ཟད་པ་མེད་པ་ལ༔ རང་དབང་དུ་ནི་སྤྱོད་པར་ཤོག༔ ༀ་

p. 478

ལོ་ཀི་ཤྭ་རི་པཉྩ་ཀ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ༔ ཞེས་བསྔོ༔ བཅུ་པ་ལམ་བསྟན་སྦྱང་ནི༔ དཀོན་མཆོག་རིན་ཆེན་དཔལ་ཞིང་དུ༔ དཀོན་མཆོག་རིན་ཆེན་ལས་བྱུང་བ༔ དཀོན་མཆོག་རིན་ཆེན་འོད་ཟེར་གྱིས༔ རིན་ཆེན་ཕྲེང་བ་རྣམ་དག་ལ༔ བྱང་ཆུབ་སེམས་དཔའ་ཁྱོད་འགྱུར་ཏེ༔ ཚོགས་སྦྱོར་མཐོང་དང་སྒོམ་པའི་ལམ༔ བླ་མེད་ལམ་རྣམས་ཀུན་སྦྱངས་ཏེ༔ ས་ལམ་འབྲས་བུ་བགྲོད་པར་ཤོག༔ ནུབ་ཕྱོགས་བདེ་ཆེན་ཞིང་མཆོག་དེར༔ མྱུར་དུ་སངས་རྒྱས་སར་ཕྱིན་ནས༔ ཞིང་ཁམས་རྣམ་པར་དག་གྱུར་ཏེ༔ ལོངས་སྤྱོད་རྫོགས་པར་དབང་ཐོབ་ཤོག༔ ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདཀར་པོའི་གཟུགས་ཀྱི་རྣམ་པ་སྤྱི་བོ་ནས་ཐོན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ༔ བཅུ་གཅིག་པ་བྱང་བུ་བསྲེག་པ་ནི༔ ཆོ་ག་གཞན་འབྲེལ་དུ་བྱེད་ན་ནུབ་ཐ་མའི་ཚེ༔ ཀོང་བུ་ཐབ་ཁུང་དུ་མེའི་ངོ་བོ་དཀྱིལ་འཁོར་ལྷ་ཚོགས་སུ་གསལ་བར་ཚེ་འདས་ཀྱི་གཟུགས་ཕུང་མཆོད་རྫས་སུ་ཕུལ་བས་ཚོགས་རྫོགས་པར་བསམ་ལ༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་པའི་མེ་ནང་དུ༔ མཆོད་

p. 479

རྫས་བདུད་རྩི་འབར་བའི་སྦྱིན་སྲེག་དང་༔ རྟེན་འབྲེལ་རྒྱུ་ལས་བྱུང་བའི་ཕུང་པོ་འབུལ༔ ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་དུ་གསོལ༔ ༀ་མ་མ་སརྦ་སིདྡྷི་ཀུ་རུ་སྭཱ་ཧཱ༔ མ་མ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤུད་དྷེ་ཀུ་རུ་སྭཱ་ཧཱ༔ ཚེ་ལས་འདས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་དང༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡི་གེ་བརྒྱ་པ་སོགས༔ ཀཾ་ཀ་ནི་སོགས་ངན་སོང་སྦྱོང་བའི་སྔགས་བརྗོད་ལ་དམིགས་རྟེན་མཚན་བྱང་སོགས་བསྲེག་གོ༔ དེ་ནས་སཱཙྪ་གདབ་པའི་ཆོ་ག་ནི༔ བུམ་པ་དྲི་བཟང་གི་ཆུས་བཀང་བ་དང་འབྱོར་ན་བ་བྱུང་ལྔ་སྦྱར་བ་སྣོད་སོ་སོར་བཤམས༔ བྱང་ཐལ་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཨཱཿཡིག་དཀར་པོས་མཚན་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་དག་པར་བསམ་ཞིང་༔ ཡིག་བརྒྱ་དང་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ཤིང་བུམ་ཆུས་བཀྲུས་ལ༔ ཞིབ་པར་སྦྱངས་ནས་བུམ་ཆུ་དང་བ་བྱུང་གིས་ས་སྤྱིན་པོ་ལྷན་ཅིག་ཏུ་སྦྱར་བའི་འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམས་ཏེ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་དེའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་

p. 480

སྦྱངས༔ འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པར་བསམ་མོ༔ ལག་གཡོན་མཐེའུ་ཆུང་མཐེ་བོང་གིས་མནན་པ་གན་རྐྱལ་གྱི་སྟེང་དུ་གཡས་པའང་དེ་བཞིན་དུ་བྱས་པ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་པ་རྣམ་སྣང་གི་གཟུངས་རིང་ངམ་ཡང་ན༔ ༀ་ཛི་ན་ཛིཀ་སྭཱ་ཧཱ༔ ཞེས་པ་ཉེར་གཅིག་དང༔ ཡིག་བརྒྱ་བཟླས་པས་བྱིན་གྱིས་བརླབས༔ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བཟླས་པས་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་བཅད༔ ༀ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ༔ ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ༔ ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ༔ ཡེ་ཤེས་རྡུལ་བྲལ་དུ་བསམ་ལ་སྣུམ་བྱུག༔ ༀ་དྷརྨ་དྷརྟུ་གར་བྷེ་སྭཱ་ཧཱ༔ ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་འཇུག༔ ༀ་བཛྲ་མུངྒ་རཱ་ཨ་ཀོ་ཊ་ཡ་ཧཱུྃ་ཕཊ༔ སངས་རྒྱས་ཐམས་ཅད་ཀྱིས་རྒྱས་བཏབ་པར་བསམ་ལ་གདབ༔ ༀ་སརྦ་བིདྱཱ་སྭཱ་ཧཱ༔ ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམ་ལ་གཟུངས་འཇུག༔ མེད་ན་སྙིང་པོའི་རྩ་སྔགས་དང་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་འདོན་པར་བྱའོ༔ ༀ་དྷརྨ་ར་ཏེ་སྭཱ་ཧཱ༔ ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲུབ་པར་བསམ་ཞིང་ཕྱིར་འདོན༔ ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམ༔ མེ་ཏོག་འཐོར་ཞིང་རབ་ཏུ་གནས་པའོ༔ ཆོ་ག་དེ་ལྟར་ལྡན་པའི་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་པར་འགྱུར་ཞིང་ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར༔ ཞེས་གསུངས་སོ༔ སཱཙྪ་རྣམས་མཆོད་རྟེན་ནམ་ཁང་བུ་བརྩེགས་པའམ༔ བྲག་ཕུག་སོགས་ཆུས་མི་

p. 481

འཇིག་པའི་སར་མགོ་མཇུག་མ་ལོག་པར་བཞུགས་སུ་གསོལ་ལ༔ དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་བྱའོ༔ རྒྱལ་བ་ཀུན་གྱི་ཐུགས་བསྐྱེད་ཟབ་མོ་ལས༔ ལེགས་འཁྲུངས་འཁོར་བའི་རྒྱ་མཚོ་མ་སྐེམ་བར༔ ཐུགས་རྗེའི་འདོར་མིན་རྡོ་རྗེའི་དམ་བཅའ་ཅན༔ འཕགས་མཆོག་ཁྱོད་ལས་གཞན་དུ་སུ་ཞིག་གུ༔ དེ་ཕྱིར་རབ་འབྱམས་གནས་ལུགས་རྒྱ་མཚོ་ལས༔ འགྲོ་སྨན་མཆོག་ཏུ་ཆེར་མངོན་དབང་གི་རྒྱལ༔ ཐུགས་བསྐྱེད་དང་བསྟུན་དུཿཁའི་གནས་ངན་ལས༔ སྒྲོལ་ནུས་འདི་ལ་བསྙོན་མཁས་སུ་ཞིག་ཡོད༔ བསམ་གྱིན་བཀླག་ཆོག་མཛད་པ་གསོལ་བཏབ་ཚེ༔ སྤྱན་རས་གཟིགས་དངོས་རིག་འཛིན་མཆོག་གོང་གིས༔ རང་ལ་ཞལ་ཤེས་དང་བཅས་གཡར་ཁྲལ་གནང་༔ རྡོར་སེམས་གནས་ལུང་དང་བསྟུན་ཁྲིགས་ཆོག་ཏུ༔ བཀོད་པར་གྱིས་ཀྱི་བཀའ་གསུང་སྤྱི་བོ་རུ༔ གསེར་གྱི་ཅོད་པན་ཕེབས་ཚེ་དེ་དེ་རུ༔ བཀོད་པའི་དགེ་དེས་འབྲེལ་ཐོགས་མར་གྱུར་འགྲོའི༔ སྡུག་བསྔལ་གནས་སྟོང་འཁོར་བ་དོང་སྤྲུགས་ནས༔ ཕྱམ་གཅིག་གཞོན་ནུ་བུམ་སྐུར་གྲོལ་བར་ཤོག༔ ཅེས་པ་འདི་ཡང་རིག་འཛིན་འཁོར་ལོའི་མགོན་པོ་མཆོག་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སློབ་འབངས་ཀྱི་ཐ་ཤལ་པ་ཐུགས་མཆོག་རྡོ་རྗེ་རྩལ་དུ་འབོད་པས་རིག་འཛིན་མཆོག་གི་བཀའ་ཇི་ལྟར་བསྩལ་པ་བཞིན་བྲིས་པའི་དགེ་བས་མར་གྱུར་སྲིད་པར་འཕྱན་སོ་ཅོག་ཀུན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བསྙེན་ཡིག་ཐར་ལམ་སྣང་བའི་སྒོ་འབྱེད།

p. 482
p. 483

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བསྙེན་ཡིག་ཐར་ལམ་སྣང་བའི་སྒོ་འབྱེད་བཞུགས་སོ༔

p. 484

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ༔ སྔོན་འདས་བསྐལ་པ་གྲངས་མེད་སྔ་རོལ་ནས༔ འོད་ཟེར་ཀུན་འཕགས་དཔལ་བརྩེགས་རྒྱལ་པོ་ཞེས༔ སངས་རྒྱས་ཟིན་ཀྱང་མཐའ་མེད་འཁོར་བ་རྣམས༔ འདྲེན་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་བཞུགས་པ༔ ས་བཅུའི་མགོན་པོ་སྤྱན་རས་གཟིགས་ལ་འདུད༔ ཅེས་མཆོད་པར་བརྗོད་ནས༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བསྙེན་ཡིག་མདོར་བསྟན་ཙམ་ཟིན་ཐོར་འགོད་པ་ལ༔ དེ་ཡང་སྤྱིར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་

p. 485

སྐྱབས་མགོན་འདྲེན་པ་བླ་ན་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིན་ཞིང་༔ ཁྱད་པར་འཛམ་བུའི་གླིང་འདིར་ད་ལྟའི་འདྲེན་པ་ཐུབ་པའི་དབང་པོ་སོགས་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས་འདི་དག་ཀྱང་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་ཁོ་ན་ལས་བྱུང་བ་ཤ་སྟག་དང་༔ བྱེ་བྲག་ཏུ་གུ་རུ་པདྨ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཙོ་བོར་གྱུར་པའི་བོད་ཡུལ་འདུལ་བར་མཛད་པའི་ལོ་པཎ་ས་ཆེན་པོ་ལ་བཞུགས་པ་རྣམས་དང་༔ ཟབ་གཏེར་རྒྱ་མཚོར་དབང་སྒྱུར་བའི་སྤྲུལ་པའི་གཏེར་

p. 486

སྟོན་མང་དུ་བྱོན་པ་རྣམས་ཀྱང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁོ་ནར་ངེས་ཤིང་༔ བོད་ཡུལ་འཕགས་པ་འདིའི་གདུལ་བྱའི་གཙོ་བོར་གྱུར་པའི་སྟོབས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བྱོན་ཀྱང་བོད་ཡུལ་མཐའ་དབུས་ཀུན་ཏུ་མང་ཞིང་༔ སྒྲུབ་ཐབས་བཀའ་གཏེར་གྱི་སྒོ་ནས་གྲུབ་པ་ཐོབ་པའང་མང་དུ་བྱོན་ལ༔ མཐའ་འཁོབ་ཀྱི་ཡུལ་རྣམས་དང་མི་འདྲ་བར་ཐ་མལ་གྱི་འགྲོ་བ་རྣམས་ཀྱིས་ཀྱང་སྙིང་པོ་ཡི་གེ་དྲུག་པ་དང་༔ སྤྱན་རས་གཟིགས་ཀྱི་མཚན་ལ་དད་གུས་དང་༔ བཟླས་པའང་དུང་ཕྱུར་གྱི་བར་དུ་སོང་བ་མང་པོ་སྐལ་བཟང་ཡང་རབ་ཏུ་གྱུར་བ་ཆེས་ཆེར་མང་པ་དང་༔ བྱིས་པས་ཀྱང་ཕ་མའི་མིང་བརྗོད་མ་ཤེས་གོང་ནས་མ་ཎི་འདོན་པ་དང་༔ དུད་འགྲོ་རྣམས་ཀྱང་མ་ཎིའི་སྒྲ་ཐོས་པས་ཕྱིན་ཆད་ངན་འགྲོའི་འཇིགས་པ་མེད་ཕྱིར་རྣ་བར་སྒྲོག་ཅིང་༔ གཞན་ཡང་དར་ལྕོག༔ ཇོ་འབུམ་འཁོར་ལོ་ཆེ་ཆུང་ཅི་རིགས་པ༔ རྡོ་འབུམ༔ ལྷག་པའི་ལྷ་འདིའི་སྒོ་ནས་སྒྲུབ་པའི་དམ་རྫས་ཀྱིས་འགྲོ་དོན་བོད་ཁམས་འདིར་སྐྱེས་པ་རྣམས་ནི་སྤྱན་རས་གཟིགས་ལ་འབྲེལ་བ་

p. 487

སྣ་གཅིག་མི་ཐོགས་པའི་ཐབས་མེད་པའི་ཡུལ་དབུས་ཆོས་དར་བའི་ཕྱོགས་སུ་འདོད་དོ༔ བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་བཀའ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་དེང་སང་བོད་འདིར་བཞུགས་པའི་མཚན་ནས་སྨོས་ན༔ ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱི་མདོ་པདྨའི་སྙིང་པོའི་མདོ་དང་༔ ཞལ་བཅུ་གཅིག་པའི་མདོ༔ གདོང་བཅུ་གཅིག་པའི་མདོ༔ དོན་ཡོད་ཞགས་པའི་མདོ༔ དོན་ཡོད་ཞགས་པ་ཕྱི་མའི་མདོ༔ པདྨ་མཆོག་གི་མདོ༔ དབང་ཕྱུག་འཁོར་ལོའི་མདོ་སོགས་ཆོ་ག་སྔགས་ཀྱི་རྒྱུད༔ ཡིད་བཞིན་ནོར་བུའི་མདོ༔ སྙིང་རྗེ་ཆེན་པོ་མི་བཤོལ་བའི་མདོ༔ འོད་ཟེར་རྣམ་པར་བཀོད་པའི་མདོ༔ པདྨ་ཅོད་པན་གྱི་རྒྱུད༔ ཡི་གེ་དྲུག་པའི་མདོ༔ པདྨ་དཀར་པོའི་མདོ༔ པུཎྜ་རི་ཀའི་མདོ༔ ཆུ་ཀླུང་སྣ་ཚོགས་པའི་མདོ༔ སྣང་བ་རོལ་པའི་མདོ༔ མཚན་བརྒྱ་རྩ་བརྒྱད་པའི་མདོ༔ མཚན་རབ་ཡོངས་སུ་བསྟན་པའི་མདོ་སོགས་འདི་དག་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཡིན་ཅིང་༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་སྒྲུབ་ཐབས༔ གཏེར་སྟོན་གྲུབ་

p. 488

ཐོབ་དངོས་གྲུབ་དང་༔ ཉང་ཡབ་སྲས་ཀྱི་གཏེར་མ་དང་གསང་སྔགས་གསར་འགྱུར་ལའང་སྤྱན་རས་གཟིགས་ཀྱི་ཁྲིད་མན་ངག་སྒྲུབ་ཐབས་ཇི་སྙེད་ཅིག་བཞུགས་ཤིང་༔ གཏེར་ཁ་རྣམས་ནས་བླ་རྫོགས་ཐུགས་གསུམ་ཞེས་གཙོ་ཆེ་ཞིང་༔ སྤྱན་རས་གཟིགས་ཞི་དྲག་གི་སྒྲུབ་སྐོར་ནི་མཐའ་ཀླས་པར་ཞིག་བྱོན་པར་གདའ༔ དག་སྣང་གི་ཆོས་རྣམས་ནི༔ རབ་དངོས་ཀྱི་དག་སྣང་༔ འབྲིང་ཉམས་ཀྱི་དག་སྣང་༔ ཐ་མ་རྨི་ལམ་གྱི་དག་སྣང་གསུམ་མོ༔ དེ་ལ་སྤྱན་རས་གཟིགས་འགྲོ་བ་ཀུན་གྲོལ་འདི་ཁོ་བོས་ལན་དུ་མར་སྤྱན་རས་གཟིགས་དངོས་ཉམས་རྨི་ལམ་དུ་མཇལ་བའི་དག་སྣང་རབ་འབྲིང་ཐ་མར་གསུམ་ཀར་གཏོགས་པ་དང་༔ དེ་བཞིན་གཤེགས་པའི་བཀའ་དང་སྲོང་བཙན་བཀའ་འབུམ་སྒྲུབ་ཐབས་རྙིང་མའི་གཏེར་བྱོན་གྱི་ཐུགས་རྗེ་ཆེན་པོ་རྣམས་དང་༔ གསར་མའི་རྗེས་གནང་བྱིད་རླབས་སོགས་མང་དུ་ཁོ་བོས་ཐོབ་ཅིང་༔ དེའི་ཕྱིར་འདི་ནི་དག་སྣང་བཀའ་གཏེར་ཆུ་བོ་གསུམ་སྦྲེལ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བར་གདམས་པའོ༔ དེ་ཡང་སྤྱིར་སེམས་ཅན་ལ་ལས་

p. 489

སྣ་ཚོགས་དང་༔ གདུལ་བྱ་དེ་འདུལ་ཕྱིར་རྒྱལ་བ་རྣམས་ལ་ཐབས་མཁས་པའི་ཐུགས་རྗེ་སྣ་ཚོགས་མངའ་ཞིང་༔ ཁྱད་པར་དུ་དབང་པོ་ཡང་རབ་ཀྱི་དོན་དུ་གསང་སྔགས་རྡོ་རྗེ་ཐེག་པ་བྱུང་བ་དང་ཐེག་པ་ཆེན་པོར་རྡོ་རྗེ་ཐེག་པའི་དངོས་དོན་སྒྲུབ་ཐབས་ཕྱི་ནང་གསང་གསུམ་དུ་བཞུགས་པ་ལས༔ ད་ལམ་ལྷག་པའི་ལྷ་སྤྱན་རས་གཟིགས་འདིའི་ཕྱི་སྒྲུབ་ཡི་གེ་དྲུག་པ༔ ནང་སྒྲུབ་ཡི་གེ་བདུན་པ༔ གསང་སྒྲུབ་ཡི་གེ་འབྲུ་བཅུ་པའོ༔ གཞན་ཡང་སྤྱན་རས་གཟིགས་སྒྲུབ་པའི་རིམ་པ་གཟུང་སྔགས་ཅི་རིགས་པའང་འབྱུང་ངོ་༔ ཐུགས་རྗེ་ཆེན་པོའི་མདོ་རྣམས་ལས་སྙིང་པོ་ཉམས་ལེན་དུ་བསྟན་པ་རྒྱུད་ཀྱི་སྐོར༔ རྒྱུད་དེ་ཉིད་ལའང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བྱ་སྤྱོད་རྣལ་འབྱོར་གསུམ་དང་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་གསུམ་སོགས་མཐའ་ཀླས་པ་ཞིག་བཞུགས་མོད༔ ད་ལམ་གྱི་གདམས་པ་འདིའི་བསྐྱེད་བཟླས་སོགས་ཕ་རྒྱུད་བླ་མེད་དང་མཐུན་ཞིང་༔ ལྟ་བ་རྫོགས་རིམ་གྱི་སྐོར༔ ཁྲིད་དང་ཚིག་དབང་གི་ངོ་སྤྲོད་སོགས་ཟབ་པའི་

p. 490

མཐར་ཐུག་རྫོགས་པ་ཆེན་པོ་སྙིང་ཐིག་གི་གནད་ཡང་དག་པའོ༔ ད་ནི་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་སྨོས་པ་ནི༔ ཐོག་མར་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པ་དག་གིས༔ མི་དང་མི་མ་ཡིན་པའི་འཚེ་བ་མེད་ཅིང་གོང་མས་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་སམ་དབེན་པའི་གནས་ཡིད་དུ་འོང་ཞིང་༔ མཐུན་རྐྱེན་སོགས་སྒྲུབ་སླ་བའི་ས་ཕྱོགས༔ སྐབས་ཀྱི་གནས་རང་གི་འདོད་པ་དང་བསྟུན་ཏེ་གནས་གཞི་སྡེ་དགོན་གནག་ཕྱུགས་ཀྱི་བྲེས་སོགས་ས་དུལ་མའི་རིགས་ལ་ས་ཆོག་མ་བྱས་ཀྱང་ཆོག༔ དེ་ལྟར་མ་ཡིན་པའི་གནས་གསར་པའམ་དམ་སེལ་ཅན་གྱི་གནས་ས་ཆོག་གིས་མི་འོང་ཕྱིར་སྒྲུབ་ཁོག་ནས་བྱུང་བ་ལྟར་ས་ཆོག་བྱ༔ དཀྱིལ་འཁོར་ཡང་རྡུལ་ཚོན་རས་བྲིས་ཚོམ་བུ་སོགས་གང་རིགས་ལ་བསྟུན་ཆོག་ཅིང་༔ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་རྟེན་དང་༔ ཕྱི་ནང་གསང་བའི་མཆོད་པ་རྣམས་དང་མཚམས་གྲོལ་ཁ་དངོས་གྲུབ་ལེན་ཆོག་དབང་དང་འབྲེལ་ན་རྫས་ཀྱང་འགོད༔ གཞན་ཡང་དགྲ་སྲུང་བའི་གོ་མཚོན་བགེགས་སྐྲོད་པའི་གུལ་ཡུངས་ནུས་ལྡན་ནད་

p. 491

སེལ་བའི་སྨན༔ ཁམས་ཀྱི་གསོས་ཟས་གོས་སོགས་ཡུན་རིང་ཐུང་ཇི་ལྟར་བསྒྲུབ་ཀྱི་བར་འདངས་ངེས་དང་༔ སྒྲུབ་པའི་སྣ་སེལ་བསང་དང་ཆུ་གཏོར༔ གཞི་བདག་གཏོར་མ་དམ་སྲི་མནན་པ་སོགས་ཀྱང་བྱ༔ དགེ་བའི་དཔུང་བསྐྱེད་ཕྱིར་སྒྲུབ་པར་མ་ཞུགས་པའི་སྔ་རོལ་ནས་དཀོན་མཆོག་ལ་མཆོད་པ་དང་༔ སཱཙྪ་ཉེའུ་འདོན་པ་སྲོག་བླུ་དམན་པ་ལ་སྦྱིན་བཏོང་སོགས་དགེ་བའི་ལས་སྣ་ཚོགས་ཅི་འགྲུབ་བྱའོ༔ དེ་ནས་སྒྲུབ་པ་ལ་འཇུག་པའི་ཐོག་མར༔ དལ་འབྱོར་རྙེད་དཀའ༔ འཆི་བ་མི་རྟག་པ༔ འཁོར་བའི་ཉེས་དམིགས༔ ཐར་པའི་ཕན་ཡོན༔ དགེ་སྡིག་རྒྱུ་འབྲས་ཀྱི་བླང་དོར་སོགས་ཡིད་ལ་ལེགས་པར་སྦྱངས༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ༔ རྡོར་སེམས་བསྒོམ་བཟླས༔ མཎྜལ༔ བླ་མའི་རྣལ་འབྱོར་སོགས་སྔོན་འགྲོའི་རིམ་པ་རྣམས་བློ་ཁེལ་བར་སྦྱངས༔ ཐོ་བྱང་ཕྱི་ནང་རྒྱས་བསྡུས་གང་རིགས་བྱ༔ དཀར་བགེགས་ནས་བཟུང་ཆོ་གའི་ཁྲིགས་རབ་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་ཉམས་སུ་ལེན༔ འབྲིང་ཚིག་རྗེས་དོན་གྱིས་

p. 492

གསོབ་པ༔ ཐ་མས་ཀྱང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་དགོས་ཤིང་༔ ལར་ནི་དགེ་བའི་ལས་མཐའ་དག་ལ་དད་པ་དང་དམ་ཚིག་བརྩོན་འགྲུས་ཀྱིས་ཐོག་མཐའ་སྐྱོང་དགོས་ཤིང་༔ འདི་གའི་སྐབས་སུ་ཡང་གནད་འདི་གསུམ་ཁོ་ན་གལ་ཆེ༔ བསྙེན་པ་བརྒྱ་ཕྲག་རེའི་མགོར་ལྷའི་གསལ་སྣང་དང་སྔགས་དམིགས་ཀྱི་འཕྲོ་འདུ་ཡང་གསལ་འདེབས་ཤིང་བསྐྱར་དགོས༔ འདི་ནི་བསྙེན་པའི་སྐབས་ཡིན་ལ༔ སྒྲུབ་ཆེན་གྱི་དུས་བསྙེན་པ་ལན་བདུན་རེ་སོང་བ་ན་སྔགས་དམིགས་གསལ་འདེབས་རེ་བྱེད༔ ཉལ་བའི་རྣལ་འབྱོར་ཉལ་ཁ་སྙིང་གའི་ཧྲཱིཿཡིག་ལ་རིག་པ་གཏད་དེ་ཉལ་བས་ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་གི་འབྱུང་འཇུག་ཐམས་ཅད་ཀྱང་རྡོ་རྗེའི་བཟླས་པ་ཁོ་ནར་འབྱུང་བའི་གནད་ཡོད༔ ལྡང་བའི་རྣལ་འབྱོར་རྟོག་པ་གཞན་གྱིས་བར་མ་ཆོད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དང་༔ སྤྱན་རས་གཟིགས་ཀྱི་གསལ་སྣང་གི་ངང་ནས་ལྡང་བར་བྱའོ༔ བཟའ་བའི་རྣལ་འབྱོར་ནི་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཚོགས་སུ་ཤེས་པར་བྱའོ༔

p. 493

གོས་སོགས་གཡོགས་པའང་ལྷག་པའི་ལྷ་ལ་ན་བཟའ་འབུལ་བའི་མོས་པ་དང་༔ ལུས་ལྷའི་འདུ་ཤེས༔ ངག་སྔགས་ཀྱི་འདུ་ཤེས༔ སེམས་ཏིང་ངེ་འཛིན་གྱི་འདུ་ཤེས་གསུམ་དང་༔ སྤྱོད་ལམ་དང་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་ལྷ་སྔགས་ཏིང་ངེ་འཛིན་གྱིས་རྒྱས་ཐེབས་ཤིང་ལམ་ཁྱེར་དུ་བྱེད་པ་འབའ་ཞིག་ལས་ཐ་མལ་གྱི་སྣང་ཞེན་གྱིས་བར་མི་ཆོད་ཅིང་ཁོར་ཡུག་དག་པ་རབ་འབྱམས་ཆེན་པོར་སྦྱོང་བ་གནད་ཆེའོ༔ སྤང་བླང་གི་རིམ་པ་མཐའ་དག་ནི་བསྙེན་ཡིག་སྤྱི་ཁྱབ་ལྟར་བྱ༔ ཐོར་ཁ་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྟར་རམ༔ ཡང་ན་དབྱངས་གསལ་ཉེར་གཅིག་ཙམ་མམ༔ ཐ་མ་བདུན་ལས་མི་ཉུང་བ་བཟླ༔ འགྱུར་སྔགས་ཀྱི་རིགས་ཀྱང་ཤེས་ན་བགྲང་༔ སྔགས་ནུས་བསྐྱེད་པའི་ཟ་ཡིག་འབྱོར་ན་བཟའ༔ གཞན་ནས་འབྱུང་བ་ལྟར་ཕྲེང་བ་བྱིན་བརླབ་ཀྱང་བྱ༔ ཕྲེང་བའི་རྒྱུ་ནི༔ དུང་ངམ་ཤེལ་ཕྲེང་ལྟ་བུ་དམིགས་བསལ་དང་༔ སྤྱི་ཁྱབ་ཏུ་བྷོ་དྷི་ཙིཏྟ་ཡང་ལེགས༔ བཟླས་ཚུལ་ནི་པད་རྡོག་ཕྲེང་རྡོག་ངེས་པར་དགོས་ཤིང་༔ རེས་འགའ་ལྷའི་

p. 494

བསྐྱེད་རིམ་ལ་སེམས་གཏད་དེ་སྔགས་བཟླ༔ རེས་འགའ་དམིགས་པའི་འཕྲོ་འདུ་ལ་གཏད་དེ་སྔགས་བཟླ༔ རེས་འགའ་སྔགས་ཀྱི་སྒྲ་ལ་སེམས་གཏད་དེ་སྔགས་བཟླ༔ རེས་འགའ་ཕྲེང་བ་ལ་སེམས་གཏད་དེ་སྔགས་བཟླ༔ རེས་འགའ་བྱམས་དང་སྙིང་རྗེའི་ངང་ནས་བཟླ༔ རེས་འགའ་རྫོགས་རིམ་གྱི་དགོངས་པའི་ངང་ནས་བཟླ༔ དེ་ལྟར་རེས་འཇོག་ཏུ་བྱས་པས་སྣ་མི་སུན་པའི་དགོས་པ་ཡོད་དོ༔ བཟླས་པ་བསྡུ་ཁར་རླུང་རྡོ་རྗེའི་བཟླས་པ་བྱས་ན་འགྱུར་ཆེ་བས་དེ་བཞིན་བྱ༔ མ་གྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར༔ དུས་ཀྱི་བསྙེན་པ་ནི༔ རབ་ཏུ་ན་སྒྲུབ་པ་ལོ་རུ་བསགས་ན་དངོས་གྲུབ་འབྱུང་༔ ཞེས་པས་ལོ་སྒྲུབ་དང་༔ འབྲིང་སྔགས་སྤྱི་ཁྱབ་དང་བསྟུན་པ་ཟླ་བ་དྲུག༔ ཐ་མ་ནི་ཟླ་བ་གསུམ་མམ་གཉིས་སམ་གཅིག་ཏེ་ལོང་སྐབས་དང་བསྟུན་ནོ༔ གྲངས་ཀྱི་བསྙེན་པ་ནི༔ རབ་ས་ཡ་གཅིག་དང་འབུམ་ཕྲག་དྲུག༔ འབྲིང་བྱེ་བ་བདུན༔ ཐ་མ་འབུམ་ཕྲག་བདུན༔ ཁ་སྐོང་འབུམ་གྱི་ཁ་སྐོང་ཁྲི༔ ཁྲིའི་ཁ་སྐོང་སྟོང་༔ སྟོང་གི་ཁ་སྐོང་བརྒྱ་སོགས་རིགས་པས་སྒྲེ་ཤེས་པར་

p. 495

བྱའོ༔ རྟགས་ཀྱི་བསྙེན་པ་ནི༔ རབ་དངོས༔ ཐ་ན་རྨི་ལམ་དུ་བླ་མ་དང་ཡི་དམ་མཁའ་འགྲོའི་ཞལ་མཐོང་བ༔ གསུང་ཐོས་པ༔ ལུང་སྟོན་པ༔ གདམས་ངག་འབོགས་པ་ལ་སོགས་མ་བྱུང་གི་བར་རམ༔ ཡང་ན་རྨི་ལམ་དུ་སྡིག་སྒྲིབ་འདག་པ་དང་༔ བར་ཆད་ཞི་བ་དང་༔ དངོས་གྲུབ་ཐོབ་པའི་མཚན་མ་ཅི་རིགས་པ་མ་མཐོང་གི་བར་དུ་བསྙེན་ནོ༔ ལར་ནི་བཟང་ལྟས་དང་དངོས་གྲུབ་ལ་དགའ་སྤྲོ་འཛིན་པ་ཆེ་བ་དང་༔ རྐྱེན་ངན་བར་ཆད་ལ་སྐྱོན་འཛིན་ཆེ་བ་དང་༔ བསྐྱེད་རིམ་གྱི་དམིགས་པ་ལ་ཀོར་ཚེར་བཅིངས་ནས་འཇུར་བུས་བཏབ་ཆེ་ན་སྙིང་རླུང་སྨྱོ་ཐབས་སུ་འགྱུར་སྲིད་ཀྱི་གང་ཡང་བློའི་མདངས་ཙམ་གྱི་ངང་ནས་ཉམས་ལེན་གཉུག་བསྲིང་ཡངས་ལ་བོར༔ གལ་མ་མཆིས་སུ་གློད་པ་སོགས་སྐྱོན་སེལ་གྱི་མན་ངག་ཁ་རྒྱུན་ཟབ་མོ་འདི་ཡང་ཟབ་པར་མཆིིས་སོ༔ དང་པོ་འཇུག་པའི་དུས་ནི་ཟླ་བའི་སྟོད་གཟའ་སྐར་ཉི་ཁྱིམ་ཤིས་པ་ལ་འཇུག༔ གྲོལ་བའི་དུས་སུའང་དཀར་ཕྱོགས་འཕྲོད་སྦྱོར་བཟང་པོའི་ཐོ་རངས་ཀྱི་དུས་དངོས་གྲུབ་ལེན་པར་བྱ་སྟེ༔

p. 496

འཛམ་བུའི་གླིང་གི་རི་ཐམས་ཅད་ཀྱི་མཐོ་བ་རི་བོ་ཏ་ལ་ཡིན་ཞིང་༔ དེ་ན་འཕགས་པ་ཐུགས་རྗེ་ཆེན་པོ་བཞུགས༔ རི་དེའི་རྩེ་མོ་ལ་ཉི་མ་ཤར་དུས་རང་ཅག་གི་གནས་འདིའི་ཐོ་རངས་དང་པོ་ཡིན་ཏེ༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེས་ཡོངས་ལ་གཟིགས་པའི་དུས་དེ༔ འདི་གཅིག་པུ་མ་ཟད་སྒྲུབ་པ་ཐམས་ཅད་ལ་དངོས་གྲུབ་འདིའི་དུས་ན་ཐུགས་རྗེ་དང་བྱིན་རླབས་མྱུར་བའི་དུས་སོ༔ མཚམས་སང་འགྲོལ་བའི་དེ་རིང་ནས་གསར་དུ་ཚོགས་གཏོར་བཟང་དུ་རྒྱ་ཆེར་བཤམས༔ དགོང་ཐུན་ནས་བརྩམས་ཏེ་དངོས་གྲུབ་བསྡུ་བའི་དམིགས་པ་ནན་དུ་བྱ༔ གོང་དུ་བཤད་པ་བཞིན་ཐོ་རངས་དབང་དང་དངོས་གྲུབ་ལེན་པར་བྱའོ༔ སླར་ཡང་གཏང་རག་གི་ཆོ་ག་དང་བསྔོ་སྨོན་བཀྲ་ཤིས་སོགས་མཐར་གྱི་བྱ་བ་རྣམས་རྒྱས་པར་བྱའོ༔ ཐུན་གྱི་རྣམ་བཞག་ནི་ཐུན་བཞིའམ༔ གསུམ་མམ༔ གཉིས་ཏེ་རང་གིས་གང་བདེར་བྱས་པས་འཐུས༔ ད་ནི་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་བསྟན་པ་ནི༔ རྩ་བ་རྡོ་རྗེའི་ཚིག་རྐང་གསེར་གྱི་ཐ་རམས་ལས་བསྟན་པ་དང་༔ བཀའ་གཏེར་གསར་རྙིང་གི་

p. 497

ལུང་རྒྱ་མཚོ་ལྟ་བུར་རྒྱས་པར་བཤད་པ་ལྟར་དང་༔ ཁྱད་པར་དུ་ཐུབ་དབང་དེ་བཞིན་གཤེགས་པའི་བཀའ་ལས་བྱུང་བ་རྒྱ་མཚོ་ལྟ་བུ་ལས་ཉུང་ངུར་བསྡུས་ཏེ་ཕན་ཡོན་བརྗོད་པའི་རིམ་པ་མདོ་ཙམ་འཆད་ན༔ པུཎྜ་རི་ཀའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ༔ ཀུན་དགའ་བོ་འཁོར་འདི་རྣམས་ཀྱི་ནང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱ་བ་ཡོད༔ དེའི་རྫུ་འཕྲུལ་དང་ཡོན་ཏན་ནི་བརྗོད་ཀྱིས་མི་ལང་ངོ་༔ ད་ལྟ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རེ་རེའི་དྲུང་ན་གང་ལ་གང་འདུལ་དེ་ལ་དེ་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་དོ༔ ཞེས་དང་༔ པདྨ་དཀར་པོའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས་བློ་གྲོས་མི་ཟད་པ་ལ༔ འཕགས་པ་སྤྱན་རས་གཟིགས་ཀྱི་མིང་འཛིན་པ་དེ་ལ༔ གལ་ཏེ་མེའི་གནོད་པ་བྱུང་ནའང་མི་ཚིག་གོ༔ ཆུའི་གནོད་པ་བྱུང་ཡང་དེ་ལས་ཐར་བར་འགྱུར་རོ༔ སེམས་ཅན་བྱེ་བ་ཕྲག་ཁྲིག་རྒྱ་མཚོར་གཟིངས་ལ་ཞུགས་ནས་འགྲོ་ཚེ་རླུང་ནག་པོས་སྲིན་མོའི་གླིང་དུ་འཕངས་པར་

p. 498

གྱུར་ན་སྤྱན་རས་གཟིགས་དྲན་པར་བྱས་པས་སྲིན་མོའི་གླིང་ལས་ཐར་བར་འགྱུར་རོ༔ གང་དག་གཤེད་མས་གསོད་པར་གྱུར་ཚེ༔ སྤྱན་རས་གཟིགས་དྲན་ན་གཤེད་མའི་མཚོན་ཐམས་ཅད་དུམ་བུར་འཐོར་བར་འགྱུར་རོ༔ གཞན་ཡང་གནོད་སྦྱིན་དང་སྲིན་པོ་དང་༔ འདྲེ་སྲིན་མ་རུངས་པའི་གནོད་པ་བྱུང་ཚེ་སྤྱན་རས་གཟིགས་དྲན་པ་ཙམ་གྱིས་གནོད་པར་མི་ནུས་སོ༔ བུད་མེད་བུ་འདོད་པ་རྣམས་ཀྱིས་སྤྱན་རས་གཟིགས་དྲན་ནའང་བྱིས་པ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐྱེ་བར་འགྱུར༔ གང་ཞིག་བུ་མོ་འདོད་ནའང་དེ་དང་འདྲའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཡོན་ཏན་དང་རྫུ་འཕྲུལ་ནི་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པའོ༔ ཕྱག་སྟོང་སྤྱན་སྟོང་གི་མདོ་ལས༔ འདིའི་མཚན་ནས་བརྗོད་ནའང་༔ སྡིག་པ་གྲངས་མེད་བྱང་ཞིང་བསོད་ནམས་དཔག་ཏུ་མེད་པ་འཐོབ་སྟེེ་ཤི་འཕོས་ན་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་དང་གདོང་བཅུ་གཅིག་པའི་

p. 499

མདོ་ལས༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བསམ་པ་ཐག་པ་ནས༔ ངའི་མིང་ནས་བརྗོད་ཅིང་དྲན་པར་གྱུར་ན་གནོད་པ་ཐམས་ཅད་བྲལ་བར་འགྱུར་རོ༔ སྡིག་པ་ཐམས་ཅད་དང་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ༔ འཇིགས་པ་ཐམས་ཅད་ལས་འབྲལ་བར་འགྱུར་རོ༔ གདོན་བགེགས་ཐམས་ཅད་ལས་ཐར་ཞིང་སྐྱོབ་པར་འགྱུར་རོ༔ ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར་རོ༔ བཀྲ་མི་ཤིས་པ་ཐམས་ཅད་ནུབ་པར་འགྱུར་རོ༔ ཞེས་དང་༔ དེ་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ཙམ་འཛིན་པ་དང་ཡིད་ལ་དྲན་པའི་ཕན་ཡོན་མདོ་ཙམ་མོ༔ ཡང་པདྨ་ཅོད་པན་གྱི་རྒྱུད་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ༔ ང་ཡིད་ལ་བྱས་ནས་ཡི་གེ་དྲུག་མ་འདི་བཟླས་པའི་མི་དེས་ནི༔ མཚམས་མེད་པ་ལྔ་དང་༔ དེ་དང་ཉེ་བ་ལྔ་དང་༔ མདོར་ན་སྡིག་སྒྲིབ་མ་ལུས་པར་ཟད༔ སེམས་ཉིད་ཆོས་སྐུར་རྟོགས་ནས་གཟུགས་སྐུས་སེམས་ཅན་སྨིན་པར་ནུས་སོ༔ ཞེས་དང་༔ སྙིང་རྗེ་ཆེན་པོ་མི་

p. 500

བཤོལ་བའི་མདོ་ལས༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཉི་མ་རེ་རེ་ལ་ལན་ཉི་ཤུ་རྩ་གཅིག་རེ་བཟླས་བརྗོད་བྱས་ན་སྡིག་པ་མ་ལུས་པ་བྱང་ནས་ང་དང་འོད་དཔག་མེད་ཀྱང་མཐོང་བར་འགྱུར་རོ༔ ཞེས་དང་༔ དབང་ཕྱུག་འཁོར་ལོའི་མདོ་ལས༔ འོ་འདི་ནི་སངས་རྒྱས་སྟོང་གིས་ཀྱང་གསུངས༔ བདག་གིས་ཀྱང་བཤད་པར་བྱ་སྟེ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་ས་ཕྱོགས་ཡིད་དུ་འོང་བའི་གནས་སུ་མཆོད་པ་བཤམས་ཏེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་བྱས་ནས་བཟླས་བརྗོད་བྱས་ན༔ སྡིག་སྒྲིབ་བྱང་བ་དང་༔ ནད་རིམས་ལས་ཐར་བར་འགྱུར་རོ༔ ཞེས་དང་༔ དོན་ཡོད་ཞགས་པ་ཕྱི་མའི་མདོ་ལས༔ བདག་གི་སྙིང་པོ་འདི་ལན་གཅིག་བརྗོད་ན༔ མཚམས་མེད་པ་ལྔ་བྱང་ཞིང་༔ ཉི་མ་རེར་བཟླས་བརྗོད་བྱས་ན་སྡིག་སྒྲིབ་བྱང་བ་དང་༔ སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ༔ འབུམ་ཕྲག་གཉིས་བཟླས་བརྗོད་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ༔ འབུམ་ཕྲག་གསུམ་བཟླས་

p. 501

བརྗོད་བྱས་ན་སངས་རྒྱས་འོད་དཔག་མེད་མཐོང་བར་འགྱུར༔ འབུམ་ཕྲག་བཞི་བཟླས་བརྗོད་བྱས་ན་ཕྱོགས་བཅུའི་སངས་རྒྱས་མཐོང་བར་འགྱུར་རོ༔ ཆོས་ཉན་པར་འགྱུར་རོ༔ ཞེས་དང་༔ ཞལ་བཅུ་གཅིག་པའི་མདོ་ལས༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དབེན་པའི་གནས་སུ་ཁྲུས་བྱས༔ སེམས་རྩེ་གཅིག་གིས་བཟླས་བརྗོད་བྱས་ན་མི་དེ་ལ་མིག་སྟོང་གིས་ཀྱང་ཕྱག་བྱ་བར་བགྱིའོ༔ གཟུངས་འདི་གང་གིས་འཆད་པའི་མི་དེས་ཆུ་ཀླུང་ངམ༔ མཚོའི་རྫིང་བུའམ་ཆུ་མིག་གམ༔ ཡུར་བ་ལ་སོགས་ལ་ཁྲུས་བྱས་ནས་ཆུ་དེ་སེམས་ཅན་གང་གི་ལུས་ལ་ཕོག་གམ་འཐུང་ན་སྡིག་སྒྲིབ་བྱང་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ དེའི་སྐྲའམ་གོས་སམ་ལུས་ལ་ཕོག་པའི་རླུང་དེ་སེམས་ཅན་གང་གིས་རེག་གམ་ཕོག་ནའང་སྒྲིབ་པ་བྱང་སྟེ་ང་ཡི་དྲུང་དུ་འོང་བར་འགྱུར་རོ༔ ཞེས་དང་༔ དོན་ཡོད་ཞགས་པའི་མདོ་ལས༔ དོན་ཡོད་ཞགས་པའི་སྙིང་པོ་འདི་སེམས་ཅན་གང་གིས་ཐོས་ཀྱང་༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་

p. 502

བའི་རྩ་བ་བསྐྱེད་པ་ལགས་སོ༔ གང་གིས་འཕགས་པ་ལ་སྐུར་བ་འདེབས་པ་དང་༔ དམ་ཆོས་སྨོད་པ་དང་༔ མཚམས་མེད་པའི་ལས་བྱེད་པ་དང་༔ དཀོན་མཆོག་གསུམ་སྤངས་པ་ལ་སོགས་པའི་སྡིག་པ་འདག་པར་འགྱུར་རོ༔ ཐ་ན་དུད་འགྲོའི་རྣ་བར་བརྗོད་པས་ཀྱང་ངན་སོང་གི་སྡུག་བསྔལ་ལས་ཐར་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ པདྨའི་སྙིང་པོའི་མདོ་ལས༔ བཅོམ་ལྡན་འདས་ཀྱིས༔ པདྨའི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་རྒྱལ་པོ་འདིས༔ ཚེ་འདི་ལ་ཕན་ཡོན་བཅུ་ཐོབ་པར་འགྱུར་རོ༔ བཅུ་གང་ཞེ་ན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ༔ བྲོ་ནད་མ་མཆིས་པར་འགྱུར་རོ༔ ནོར་དང་འབྲུ་དང་དབྱིག་དང་གསེར་རྙེད་པར་འགྱུར་རོ༔ དགྲ་ཐུབ་པ་དང་༔ རྒྱལ་པོའི་ཚོགས་བྱམས་པ་དང་༔ དུག་དང་༔ རིམས་དང་༔ དབྱིག་དུག་དང་མཚོན་གྱིས་མི་ཚུགས༔ དུས་མ་ཡིན་པར་འཆི་བར་མི་འགྱུར་རོ༔ ཞེས་སོ༔ དེ་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་པའི་ཕན་ཡོན་མདོ་ཙམ་མོ༔ བྱེ་བྲག་འདི་ཉིད་ཀྱི་ཕན་ཡོན་

p. 503

གཞུང་གིས་གསལ་ལོ༔ དེ་ལྟར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱིས་བསྙེན་ཡིག་ཟིན་ཐོར་བཀོད་པ་འདི་ནི་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱི་དོན་དུ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བགྱིས་པ་ཛ་ཡན་ཏུ༔ མངྒ་ལཾ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་གྲོལ་ལམ་སངས་རྒྱས་ལག་བཅང་གི་ཁྲིད།

p. 504
p. 505

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ གྲོལ་ལམ་སངས་རྒྱས་ལག་བཅང་གི་ཁྲིད་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད༔ གྲོལ་ལམ་སངས་རྒྱས་ལག་བཅང་དགོངས་པ་འདི༔ སྐལ་ལྡན་ལས་ཅན་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རང་གྲོལ་ཏིང་འཛིན་རྩལ་འབྱོངས་བླ་མ་ཡིས༔ ཐེག་ཆེན་བློ་ལྡན་ལས་ཅན་སློབ་མ་ལ༔ དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་༔ འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་དང་༔ རྒྱུ་འབྲས་རྣམ་སྨིན་ཆོས་ཀྱིས་ལེགས་པར་བསྐུལ༔ དབང་བསྐུར་རྒྱུད་བཤད་གསང་སྔགས་ཆེ་བ་བརྗོད༔ སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱོང་ཚོགས་བསགས་དང་༔ བྱིན་རླབས་བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ འདི་དག་བསྐྱེད་རྫོགས་ཡོངས་ལ་གཅེས་པའི་གནད༔ རང་རྒྱུད་འདུལ་སྦྱོང་རིམ་པ་ས་མ་ཡཱ༔ ད་ནི་དངོས་གཞིའི་ཉམས་ལེན་ཆོས་བསྟན་པ༔ སེམས་ཀྱི་བྱུང་གནས་འགྲོ་གསུམ་དག་དང་ནི༔ དབྱིབས་དང་ཁ་དོག་རྒྱུ་མཚན་བརྟག་ཅིང་དཔྱད༔ ངོས་བཟུང་བྲལ་བ་

p. 506

རང་གསལ་དོན་རྟོགས་པ༔ དེའི་ངང་གང་ཤར་བཟོ་མེད་ལྷུག་པར་བཞག༔ རང་གྲོལ་དུས་མཉམ་སྟོང་གསལ་འཛིན་མེད་ངང་༔ རྒྱུན་བསྐྱང་ཉམས་དག་སྐྱོན་བྲལ་རྗེན་པ་ཐོན༔ ཏིང་འཛིན་རྩལ་འབྱོངས་གདོད་མའི་སངས་རྒྱས་ཉིད༔ ཉམས་ཁྲིད་གསང་བའི་རིམ་པ་ས་མ་ཡཱ༔ དེ་ནས་རྗེས་ཀྱི་རིམ་པ་སྐྱོང་ཚུལ་ནི༔ ཚོགས་དྲུག་ཡུལ་གྱི་སྣང་ཤེས་ཐམས་ཅད་དང་༔ དུག་ལྔ་རྐྱེན་ངན་མི་སྤང་ལམ་དུ་འཁྱེར༔ མ་བཅོས་ཅོག་བཞག་དགོངས་པའི་ཁོར་ཡུག་སྐྱོངས༔ འཁོར་བ་མ་སྤངས་གྲོལ་ལམ་ཨ་ཏིའི་ཆོས༔ ལས་འཕྲོ་སྐལ་བ་ཅན་གྱི་སྤྱོད་ཡུལ་ལོ༔ ཐུགས་ཁྲིད་གསང་བའི་མཐར་ཐུག་ས་མ་ཡཱ༔ ཟབ་དོན་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་གྱི༔ དོན་གྱི་སྙིང་པོ་རྫོགས་རིམ་ཟབ་མོའི་ཆོས༔ དད་བརྩོན་ཤེས་རབ་བརྩོན་འགྲུས་ཅན་ལ་གཏད༔ དམ་ཉམས་ཆོས་དྲེད་ཆོས་རྒྱུས་ཅན་ལ་གསང་༔ ཐུགས་རྗེ་ཆེན་པོའི་མན་ངག་སྒྲུབ་ཐབས་རྣམས༔ མཐོང་ཐོས་དྲན་རེག་དོན་དང་ལྡན་པར་ངེས༔ གནས་ཆེན་རྣམས་སུ་སྒྲུབ་མཆོད་ཡང་ཡང་བརྩོན༔ སྐྱེ་བདུན་མྱོང་གྲོལ་ཚོགས་སྒྲུབ་འགྲོ་དོན་

p. 507

སྤེལ༔ ནད་མཚོན་མུ་གེའི་བསྐལ་པ་འཕྲལ་དུ་ཞི༔ ཡུལ་ཕྱོགས་རྒྱལ་ཁམས་དགེ་ཞིང་འབྲེལ་ཐོགས་རྣམས༔ ལས་ངན་རྒྱུན་ཆད་ཐར་པའི་ལམ་སྣ་ཟིན༔ མ་ཎི་འུར་དིར་ཡིག་དྲུག་བསྐུལ་བྱང་རེམ༔ བྱིན་རླབས་ཉམས་འབར་བཅོས་མིན་ཤུགས་འབྱུང་སྐྱོངས༔ བར་ཆད་དགྲ་བགེགས་ཀུན་ཞི་གང་བསམ་འགྲུབ༔ སྤྱན་རས་གཟིགས་དབང་སྒྲུབ་ཐབས་ཡང་སྙིང་འདི༔ དངོས་ཉམས་རྨི་ལམ་མཁའ་འགྲོས་ལུང་བསྟན་པའི༔ ལས་ཅན་ཕོ་མོ་ཉེར་གཅིག་དག་ལ་སྤྲོད༔ གཞན་ཡང་དད་བརྩོན་ལྡན་པ་ཡོངས་ལ་སྤེལ༔ འགྲོ་དོན་ཕྲིན་ལས་རླབས་ཆེན་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

སྙན་བརྒྱུད་དག་སྣང་ཟབ་མོའི་ཐུགས་ཁྲིད་ཐབས་ལམ་ཟབ་མོ་གཏི་མུག་ལམ་ཁྱེར་འོད་གསལ་མྱོང་ཁྲིད།

p. 508
p. 509

࿅༔ སྙན་བརྒྱུད་དག་སྣང་ཟབ་མོའི་ཐུགས་ཁྲིད་ཐབས་ལམ་ཟབ་མོ་གཏི་མུག་ལམ་ཁྱེར་འོད་གསལ་མྱོང་ཁྲིད་བཞུགས༔

p. 510

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སྟོབས་མཆོག་རྩལ་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་གཏི་མུག་ལམ་ཁྱེར་འོད་གསལ་གྱི་ ཁྲིད་ཀྱི་རིམ་པ་ལ༔ ཐོག་མར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་༔ དངོས་གཞི་ལྟ་བ་ངོ་འཕྲོད་ཅིང་བསྒོམ་པའི་རྩལ་འབྱོངས་པ་དག་གིས་འདི་ལྟར་ཉམས་སུ་ལེན་པར་བྱའོ༔ མེ་ཐབས་དྲུག་ཆིངས་ཀྱི་འདུག་སྟངས་སམ༔ ཡང་ན་མགོ་བྱང་དུ་ཕྱོགས་པ་མི་ཡི་སེང་གེ་མྱ་ངན་ལས་འདས་པའི་འདུག་སྟངས་ཀྱིས་ཉལ་

p. 511

ལ༔ རང་གི་མགྲིན་པར་ཡི་གེ་ཨཿདཀར་གསལ་ལ་འཚེར་བ་ལ་རིག་པ་གཏད་ནས་མ་ཡེངས་པར་བསྒོམ༔ དེ་ནས་རིམ་གྱིས་གཉིད་དང་ཏིང་ངེ་འཛིན་འདྲེས་པ་ལ་འོད་གསལ་ཟེར་བ་ཡིན་ཞིང་༔ དེ་ཡང་འཆི་བ་དང་གཉིད་པ་ཆོས་མཚུངས་ཏེ༔ སྣང་མཆེད་ཐོབ་པ་ཉེར་ཐོབ་རྣམ་པ་བཞི་ནི༔ སྟོང་པ་ཤིན་ཏུ་སྟོང་པ་དང་༔ སྟོང་པ་ཆེན་པོ་དང་ཐམས་ཅད་སྟོང་པ་ཞེས་བྱ་བ་སྟེ༔ དོན་ལ་ཞེ་སྡང་གི་རྟོག་པ་འགགས༔ དེ་བཞིན་འདོད་ཆགས་ཀྱི་རྟོག་པ་འགགས༔ དེ་བཞིན་གཏི་མུག་གི་རྟོག་པ་འགགས༔ དེ་ནས་ཐམས་

p. 512

ཅད་སྟོང་པ་ཞེས་པ་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་སྟེ༔ འདི་དག་ད་ལྟ་ཏིང་ངེ་འཛིན་གྱིས་ལམ་ཁྱེར་ནུས་ན་འཆི་བའི་དུས་སུ་ཡང་གྲོལ་བ་ཐོབ་པའི་གནད་དུ་ཆེ༔ ཡང་རྟོག་པ་རྣམས་རིམ་པར་མུན་ལངས་ནས་རང་བཞིན་བརྒྱད་ཅུ་ལུགས་སུ་འབྱུང་བ་བཞིན་ལུགས་སུ་ལྡོག་སྟེ༔ སྲིད་པ་བར་དོ་དང་རྨི་ལམ་ཆོས་མཚུངས་ཤིང་རྣམ་ཤེས་འཁྲུལ་སྣང་གི་ལས་ལ་སྤྱོད་ཅིང་ཕྱི་མའི་ལུས་བླངས་པ་ཅི་བཞིན་གཉིད་སད་ནས་འཁྲུལ་སྣང་ཉིན་མོའི་ལས་ལ་འབྱམས་པ་སོགས་འདྲ་བས་དེས་ན་འོད་གསལ་གྱི་མན་ངག་ཉམས་སུ་མྱོང་བ་གནད་ཆེའོ༔ ལར་འོད་གསལ་ལན་གསུམ་ཟིན་ན་བླ་མ་དང་ཉམས་ཆག་མེད་ཕྱིན་བླ་མའི་ཐུགས་རྗེ་དང་གསང་སྔགས་ཟབ་མོའི་བྱིན་རླབས་ཀྱི་གནད་ཀྱིས་འཆི་བ་འོད་གསལ་ཆོས་ཀྱི་སྐུར་འཚང་རྒྱའོ་ཞེས་ཡིད་ཆེས་པའི་ཞལ་ལུང་དྲི་མ་མེད་པ་རྣམས་ལས་འབྱུང་ངོ་༔ ལར་འོད་གསལ་འབྱོངས་པ་དག་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ་དགེ་སྦྱོར་ལ་ཉིན་མཚན་གྱི་བར་མེད་པ་དང་༔ དེ་བཞིན་སྐྱེ་འཆི་བར་དོ་གསུམ་

p. 513

གྱིས་བར་མི་ཆོད་པར་ཀུན་བཟང་དགོངས་པའི་ཀློང་དུ་བྱང་ཆུབ་ལས་མི་གཡོ་བའོ༔ དེ་ནི་འཁོར་ཡུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས་ཁོ་ར་ཁོར་ཡུག་ཏུ་གྱུར་པའོ༔ ཞལ་གདམས་ནི༔ དམིགས་གཏད་ལ་དོ་དམ་ཞིང་སྒྲིམ་ཆེ་ན་གཉིད་གཡེར༔ གལ་མ་མཆིས་སུ་གློད་ཆེ་ན་འོད་གསལ་མི་ཟིན༔ དེས་ན་སྒྲིམ་ལྷོད་ཚོད་ཟིན་པར་བྱའོ༔ བདེ་གསལ་མི་རྟོག་སོགས་ཀྱི་ཉམས་དང་འདྲེས་ནས་ཟིན་ན་ཉམས་ཀྱི་འོད་གསལ་ཡིན༔ སྤྲོས་བྲལ་རང་རིག་རྗེན་པའི་ངང་དུ་ཟིན་ན་རྟོགས་པའི་འོད་གསལ་ཞེས་མཆོག་ཏུ་གྱུར་པའོ༔ ཉིན་མོའི་གཉིད་དམ་ཐོ་རངས་སད་ཀ་ལྟ་བུ་མདོར་ན་གཉིད་ཤེད་ཆུང་དུས་ཟིན་པ་དབང་པོ་ལྔའི་ཚོར་བ་མ་འགགས་པ་ཉིན་སྣང་ལྟ་བུ་ལ་གསལ་སྣང་ཆེ་བ་ལ་འདི་ཞེས་མི་མཚོན་པ་ཟིན་ན་སྲབ་མོའི་འོད་གསལ་ཡིན༔ གཉིད་འཐུག་པོ་བསམ་གཏན་དང་འབྲེལ་བ་ནི་འཐུག་པོའི་འོད་གསལ་ཟིན་པ་ཞེས་མཆོག་ཏུ་གྱུར་པའོ༔ ཡང་འོད་གསལ་ཟིན་མ་ཐག་ཏུ་སད་པ་དང་༔ ཡང་ན་འཕྲོ་མ་ཟིན་པ་ཐ་མལ་ལྟར་གཉིད་དུ་སྙམ་པ་དང་༔

p. 514

རྟོག་པའི་ཡོ་ལང་ཡིད་རྟོག་འཁྲུལ་པར་འབྱམས་ཏེ་རྨི་ལམ་དུ་ཤོར་བའང་འོང་སྟེ༔ འདི་དག་སྦྱངས་སྟོབས་ཞན་པས་ཡིན་ཞིང་རང་གིས་བརྩོན་པ་དང་སློབ་དཔོན་མྱོང་ལྡན་བསྟེན་པར་བྱའོ༔ ལར་ཉིན་སྣང་དགེ་སྦྱོར་ཅི་ལྟར་རྒྱུགས་ཆེ་བ་བཞིན་མཚན་མོ་གཉིད་དང་བསམ་གཏན་དང་འགྲེ༔ མཚན་སྣང་དགེ་སྦྱོར་ཅི་ལྟར་བརྟན་པ་བཞིན་འཆི་ཁ་ཡང་དེ་དང་གྲོལ་ལུགས་མཐུན༔ སྔོན་རབས་ཀྱི་དམ་པ་འགའ་ཞིག་ཐུགས་འོད་གསལ་ཏུ་ཐིམ་ཟིན་པའི་རྗེས་སུ་སྐུ་འཇའ་སྐུར་དེངས་པ་འགའ་ཞིག་བྱུང་བ་ནི་ཚེ་འདིར་ཉམས་ལེན་གྱི་འཕྲོ་མ་རྫོགས་པར་འཆི་བ་འོད་གསལ་ཆོས་སྐུར་རྫོགས་ནས་སྐུ་མི་སྣང་བ་ཡིན༔ གསོན་དུས་ཀྱི་ལོ་ཟླ་མང་པོའི་སྦྱང་བགྲོད་ཀྱི་ནུས་རྩལ་འཆི་བ་འོད་གསལ་ཆོས་སྐུ་ཡུད་ཙམ་རེ་བསྒོམས་པས་ཀྱང་ས་ཆོད་ཆེ་ཞིང་མྱུར་བ་ཡིན་ནོ༔ རྨི་ལམ་སྦྱངས་པ་དང་འོད་གསལ་ཟིན་པའི་མྱུར་དོན་དེ་ནི་རླུང་རིག་རྒྱབ་གྱེས་ཤིང་བྲལ་བའི་དོན་གྱིས་སོ༔ ཡུན་རིང་པོ་མིན་པར་འདྲ་ཡང་ཡ་མཚན་ཚན་ཆེ་བ་མཛད་པར་འདུག་གོ༔ འོད་གསལ་ལ་ཏིང་ངེ་འཛིན་གྱིིས་སྐྱེལ་

p. 515

བསུའི་སླེབ་པ་གལ་ཆེ་སྟེ༔ ཏིང་ངེ་འཛིན་གྱི་ངང་དུ་གཉིད་ངང་དུ་གནས་ངང་དུ་སད་ནས་དེ་དང་མ་བྲལ་བའོ༔ བར་སྐབས་ཀྱི་ཚིགས་སུ་བཅད་པ༔ སེམས་བྲལ་རླུང་རིག་དག་པ་ཆོས་ཀྱི་སྐུར༔ བསྒྲུབ་པའི་ཚུལ་འདི་པད་འབྱུང་བི་མ་ལས༔ འཕགས་ཡུལ་པཎ་གྲུབ་གཞན་གྱིས་དེ་མི་མཁྱེན༔ ཚུལ་འདི་མཐོང་བ་ཁོ་བོ་སྐལ་བ་བཟང༔ ཆོས་ཉིད་བར་དོ་དང་སྲིད་པ་བར་དོར་གདམས་ངག་གིས་གྲོལ་སླ་བ་ནི༔ རིག་པ་རླུང་དང་འཕྲད་ཡོད་ཀྱང་རགས་པའི་གདོས་བཅས་ཀྱི་ལུས་ངག་མེད་པས་སོ༔ བར་དོར་གྲོལ་ཞེས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ལས་མཚན་ཉིད་འཁོར་ལོ་གསུམ་དང་སྔགས་ཕྱི་པར་བཤད་པ་མེད་དོ༔ ཡང་ལུས་ཅན་ཤི་འོོ་ཅོག་རླུང་རིག་རྒྱབ་གྱེས་ནའང་རང་གསལ་གྱི་རྟོགས་པ་མངོན་དུ་མ་གྱུར་པས་སངས་མ་རྒྱས་པ་ཡིན༔ རིག་པའི་ཡེ་ཤེས་རང་ངོ་མ་རིག་པའི་སྐྱེ་མཆེད་མུ་བཞི་སོགས་སེམས་ཅན་གྱི་ཁམས་མ་རིག་པ་ཅན་ཏེ་ལས་རླུང་བག་ལ་ཉལ་བ་ས་བོན་གྱི་ཚུལ་དུ་གནས་པས་ན་མཐར་སྲིད་པ་ལས་མ་འདས་

p. 516

པའོ༔ རིག་པའི་ཡེ་ཤེས་ད་ལྟ་གསོན་དུས་རྟོགས་པ་ནི་བུ་ལྟ་བུ་སྟེ༔ མཐར་ཤི་དུས་རླུང་སེམས་རྒྱབ་གྱེས་དུས་མངོན་དུ་གྱུར་པ་མ་ལྟ་བུ་སྟེ༔ ངང་དེ་ཉིད་དུ་འོད་གསལ་མ་བུ་འཕྲོད་པ་ཞེས་བུམ་པ་ཆགས་པའི་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཀུན་ཏུ་བཟང་པོའི་དགོངས་པའི་ངང་དེ་ཉིད་དུ་ཡང་དག་པར་ཆོས་ཀྱི་སྐུར་བྱང་ཆུབ་པའོ༔ ཆོས་ཉིད་བར་དོར་ལས་རླུང་དང་འཕྲད་ཡོད་ཀྱང་འདི་དུས་རྟོག་པའི་མགོ་གཡོ་ནའང་རགས་པ་མངོན་དུ་གྱུར་ཏེ་འཁྲུལ་བ་ཚབས་ཆེ་བ་ནི་སྲིད་པ་བར་དོའི་དུས་སོ༔ བར་སྐབས་ཀྱི་ཚིགས་སུ་བཅད་པ༔ འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་༔ སྲིད་པ་སྤྲུལ་སྐུར་གྲོལ་བའི་རྨད་བྱུང་ཚུལ༔ གསང་སྔགས་བླ་མེད་ཐེག་པའི་མྱུར་ལམ་ཁྱད༔ རྒྱུ་འབྲས་ཐེག་པ་གཞན་དུ་དེ་མ་གྲགས༔ ཡང་སྔགས་སྤྱོད་ཁྱད་པར་ཅན༔ ཏིང་འཛིན་ཟབ་མོ་དང་འབྲེལ་བའི་རིག་འཛིན་ཆེན་པོ་རྣམས་ཀྱི་སྐུ་ལ་ལུས་འབྲེལ་ཐོགས་པའི་མོ་རིགས་དང་༔ བསྒྲལ་བའི་ཤ་ཁྲག་མཆོད་རྫས་སུ་བྱས་པའི་སེམས་ཅན་དང་༔ དམ་རྫས་ཁྱད་པར་ཅན་མྱོང་བ་དང་༔ སྡིག་ཅན་

p. 517

ལ་རླུང་སེམས་གཏད་དམ༔ འཕོ་བ་བཙན་ཐབས་སུ་བྱས་པ་རྣམས་པདྨ་འོད་ཀྱི་ཕོ་བྲང་སོགས་མཁའ་སྤྱོད་དག་པའི་ཞིང་དུ་སྐྱེ་ཞིང་རྒྱུ་འབྲས་ཀྱི་དབང་དུ་མི་གཏོང་བའི་བཙན་ཐབས་ཀྱི་སྟོབས་ཀྱིས་ལུས་མིའམ་དུད་འགྲོ་ལྟ་བུའི་དང་པོའི་བག་ཆགས་སྣང་ཞིང་ཿ འབྲེལ་བ་ཟབ་མོའི་ས་བོན་ཐེབས་པ་དང་༔ ཞིང་དག་པའི་སྟོབས་ཀྱིས་སྒྲིབ་པ་འཕྲལ་དུ་བྱང་ཞིང་དག་ནས་རྒྱལ་བ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་གདམས་པ་ཐོབ༔ ལུས་ཀྱང་དེ་བཞིན་རིམ་གྱིས་འགྱུར་ནས་དག་པ་འོད་ཀྱི་སྐུར་གྱུར་ཏེ་ཕྱིར་མི་ལྡོག་པའི་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་སྐལ་བ་མཉམ་པར་འགྱུར་རོ༔ ཉེ་ལམ་ཟབ་མོའི་རྒྱུ་མཚན་འབེལ་བའི་གཏམ༔ སྐལ་མཉམ་ཡོངས་ལ་དགའ་སྟོན་འགྱེད་པའི་ཕྲེང་༔ རིགས་ཆད་ལས་དམན་རྣ་བར་ཚེར་བས་རྩུབ༔ འོན་ཀྱང་ཕྱི་རབས་ཡོངས་ཀྱི་བརྗེད་ཐོར་བཞག༔ དེང་སང་འདས་རྟགས་དང་རང་ལུགས་དམ་ཚིག་གཙང་མ་ཞིག་ངོ་སྤྲོད་དགོས་ཟེར་བའི་ལག་ལེན་གྱི་རྒྱུན་འདི་གཉིད་དང་འོད་གསལ་འདྲེས་པ་ཞིག་ལ་

p. 518

དགོས་པ་འདུག་ཅིང་༔ གཞན་སྒོམ་ལོ་བྱེད་དོ་ཅོག་དང་༔ འདུལ་ཁྲིམས་གཙང་བ་དང་༔ སྙིང་རྗེ་ཆེ་བ་དང་༔ བཟླས་བརྗོད་བཟང་བ་དང་༔ མི་ཡི་ངོ་རུ་ཁ་རྗེ་མཐོ་བ་སོགས་ལ་སྦྱར་བ་ནི་མུན་ནག་མདའ་འཕེན་གྱི་དཔེར་ངེས་པ་ཡིན་འདུག་གླེན་གཏི་ཐུག་པའོ༔ ཡང་སྐབས་འགའ་ཞིག་ཏུ་འོད་གསལ་ཟིན་པའི་རྐྱེན༔ དགེ་བའི་བཤེས་གཉེན་བྱིན་རླབས་ཅན་གྱི་དྲུང་དུ་རེས་འགའ་ཟིན༔ གནས་ཆེན་བྱིན་ལྡན་དུ་ཟིན༔ ཚོགས་བསགས་དང་སྒྲིབ་སྦྱོང་ཆེན་པོར་བྱས་ན་ཟིན༔ ཕྱག་རྒྱ་རིགས་བཟང་དང་འཕྲད་ན་ཟིན༔ དེ་དག་ཀྱང་གཞི་ལྟ་བ་ངོ་འཕྲོད་ཅིང་སྒོམ་ཉམས་ཀྱང་ཅུང་ཟད་ཡོད་པ་དགོས༔ འོད་གསལ་ཐུན་ཕྲན་ཟིན་པས་ཞག་ཉེར་ལྔ་ཚུན་ལ་རྣལ་འབྱོར་དེ་ཡི་ལུས་ལ་རྐྱེན་ངན་མི་འདོད་པ་གང་ཡང་མི་འབྱུང་སྟེ་དགེ་བར་བཤད་དོ༔ ཡང་ཉིན་མོ་སྒོམ་ལ་ཐང་ལྷོད་རེས་འཇོག་ཅན་གྱིས་ནི་མཚན་མོ་ཡང་རེས་ཟིན་རེས་མི་ཟིན་པ་འོངས༔ རྐྱེན་གྱིས་འོད་གསལ་སྒྲིབ་སྟེ༔ དམ་ཉམས་ཀྱི་གྲིིབ༔ རོ་གྲིབ༔ ཡུགས་གྲིབ༔ དམེ་བཤ ན་གྱི་གྲིབ༔ དཀོར་གྲིབ༔ བཙོག་གྲིབ༔ བྱད་གྲིབ་

p. 519

སོགས་ཀྱིས་འོད་གསལ་མི་ཟིན་པར་བྱེད༔ སྔར་ཟིན་པའང་མི་ཟིན་པར་འགྱུར་ན༔ ལས་དང་པོ་པ་དག་སྨོས་ཅི་དགོསཿ གཞན་ཡང་འོད་གསལ་འཛིན་ཐབས་དང་གེགས་སེལ་བོགས་འདོན་སོགས་སྔགས་རྒྱུད་གཞན་ནས་བྱུང་བའང་འདིར་བླངས་ཀྱང་འཐུས་སོ༔ འདི་ནི་རྗེ་བླ་མས་བདག་ལ་གདམས་པ་དང་༔ རང་གིས་ཀྱང་ཅུང་ཟད་མྱོང་བ་དང་༔ ཁོ་བོ་ལོ་བརྒྱད་ཀྱི་དུས་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུ་ཚབ་ཀྱི་བརྡ་རྟགས་དང་༔ འོད་གསལ་དང་བར་དོའི་ངོ་སྤྲོད་རླུང་རིག་དབུ་མར་ཐིམ་པ་སོགས་བྱུང་བའི་རྟེན་ཅིང་འབྲེལ་འབྱུང་དང་བཅས་ཟིན་བྲིས་སུ་ཉུང་ངུར་བཏབ་པའོ༔ བོད་ཡུལ་འདིར་གྲགས་པའི་ཡི་གེ་རྣམས་སུ་མེད་པའི་ཁྱད་ཆོས་འོད་གསལ་གྱི་གདམས་པ་བཀའ་རྒྱ་མ་ནི༔ རིག་འཛིན་མཁའ་འགྲོས་མངོན་སུམ་དུ་གདམས་པ་ཡིན་གྱིས་ཚོགས་དང་གསང་བའི་མཎྜལ་དང་བཅས་པས་ཞུ་ཞིང་༔ དེས་ཀྱང་ཉམས་སུ་ལེན་ངེས་ཤིང་སྙིང་དང་འདྲ་བ་ལས་གཞན་ལ་སྤེལ་བའི་གནས་མེད་བརྡ་ཐིམ༔ ཞེས་འོད་གསལ་མྱོང་ཁྲིད་ཀྱི་ཡི་གེ་འདི་ནི་རང་ཅག་འགྲོགས་ཡུན་རིང་ཞིང་དད་

p. 520

དམ་ཟོལ་མེད་ཀྱི་རྣལ་འབྱོར་པ་བསོད་ནམས་ཆོས་བཟང་གིས་བསྐལ་བ་ལ་བརྟེན་ནས་སྤྲང་རྒན་སྨྱོན་པ་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་བྲིས་པ་རབ་ཏུ་དགེ་བར་གྱུར་ཅིག༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་དགོས་ཆེད་བསྟན་པ་གསེར་གྱི་ཐ་རམས།

p. 521

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ དགོས་ཆེད་བསྟན་པ་གསེར་གྱི་ཐ་རམས་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ སངས་རྒྱས་གདུང་མཆོག་རང་བྱུང་བཀའ་ཡི་རྟགས༔ སྨོན་ལམ་དབང་གིས་དགོངས་པའི་བརྡ་གྲོལ་ནས༔ བྱིན་རླབས་ཡོན་ཏན་མཆོག་དང་ལྡན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྱིར་ནི་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས༔ ཐམས་ཅད་ཐུགས་རྗེ་ཆེན་པོའི་གདུལ་བྱ་ཡིན༔ ཁྱད་པར་བོད་ཡུལ་འགྲོ་བ་ཐུགས་རྗེས་གཟིགས༔ ཡང་སྒོས་རྩུབ་འགྱུར་ཉི་ཤུར་ཉེ་བའི་དུས༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་དང་༔ པདྨ་འབྱུང་གནས་ཐུགས་རྗེ་ལྷག་པར་མྱུར༔ དེ་ཕྱིར་བླ་མ་མི་དཔོན་ཆེ་དགུ་དང་༔ བན་སྔགས་སྐྱ་སེར་སྐྱེས་པ་བུད་མེད་ཀུན༔ ཐམས་ཅད་ཐུགས་རྗེ་ཆེན་པོར་གསོལ་བ་ཐོབ༔ སྐུ་བཞེངས་སྒོམ་བཟླས་སྐྱེ་བདུན་སྤེལ་ལ་འབུངས༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཞི༔ གདོན་བགེགས་འབྱུང་པོའི་འཚེ་བ་ཀུན་ལ་ཕན༔ རྣམ་སྨིན་སྡིག་སྒྲིབ་ལས་ངན་ཐམས་ཅད་འདག༔ སྔོན་ལས་འཕྲལ་རྐྱེན་བར་

p. 522

ཆད་ཐམས་ཅད་བཟློག༔ དམ་ཚིག་ཉམས་ཆག་ཉེས་པ་ཐམས་ཅད་འབྱང་༔ དངོས་ཉམས་རྨི་ལམ་སྤྱན་རས་གཟིགས་དང་མཇལ༔ ཞལ་མཐོང་གསུང་ཐོས་གདམས་པ་ལུང་བསྟན་འབྱུང་༔ དགེ་བའི་ལྟས་བཟང་མཚན་ལྟས་སྣ་ཚོགས་རྨིས༔ སྡིག་སྒྲིབ་དག་དང་བར་ཆད་སེལ་རྟགས་འབྱུང་༔ ངེས་འབྱུང་སྐྱོ་ཤས་དད་པ་དབང་མེད་སྐྱེ༔ ཏིང་འཛིན་གོལ་ས་ཆོད་ཅིང་ཉམས་རྟོགས་འཕེལ༔ བློ་གྲོས་སྤོབས་པ་ཡར་ངོའི་ཟླ་བཞིན་རྒྱས༔ སྙིང་རྗེ་བྱམས་སེམས་ཉེ་རིང་མེད་པར་འབྱོངས༔ ནད་གདོན་མི་འབྱུང་ཚེ་རིང་རྒས་ཁ་སྲ༔ ཚུལ་བཞིན་ཡི་གེ་བདུན་པར་འབད་བྱེད་པའི༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི༔ མི་རབས་བདུན་ཚུན་ངན་འགྲོའི་འཇིགས་པ་མེད༔ དེ་ལ་རླུང་གི་ཕོག་པའི་རྫི་དང་ནི༔ དེ་ཡི་གྲིབ་མའི་འོག་ཏུ་འཛུལ་བ་ཡང་༔ སྒྲིབ་པ་འདག་ཅིང་ལས་འཕྲོ་བཟང་པོར་འགྱུར༔ དེ་བཞིན་བཀྲུས་པའི་ཆུ་ཡིས་ཕོག་པ་ཡིས༔ ཐ་ན་འབུ་སྲིན་ཡིན་ཡང་བདེ་འགྲོར་སྐྱེ༔ དེ་ཡི་ཤ་རུས་རྣག་ཁྲག་ཁར་སོང་བ༔ བྱ་གཅན་ཆུ་གནས་སེམས་ཅན་གང་ཡང་རུང་༔ མི་ལུས་

p. 523

ཐོབ་ཅིང་ཆོས་དང་ལྡན་པར་སྐྱེ༔ ཐུགས་རྗེ་ཆེན་པོའི་ཆོས་ལ་བསྐུལ་བྱེད་པ༔ སྐྱེ་བོ་ཐ་མལ་བུད་མེད་ལུས་ངན་དང་༔ ཁྱིམ་དང་ལྡན་ཞིང་ཡིད་མི་འོང་ཡང་རུང་༔ དེ་ཉིད་སངས་རྒྱས་ཀུན་གྱི་ཕྲིན་ལས་ཡིན༔ དད་པས་བཀུར་ཞིང་སྲི་ཞུ་བགྱི་བ་ལས༔ མ་དད་གྱུར་ན་ས་བཅུའི་བྱང་སེམས་འང་ཉམས༔ དེ་ཕྱིར་སྤྱན་རས་གཟིགས་ཀྱི་ཆོས་སྟོན་པ༔ སྤྱན་རས་གཟིགས་དབང་དངོས་ཡིན་ཐེ་ཚོམ་མེད༔ ཞིང་ཁམས་རྒྱ་མཚོ་མུ་མཐའ་མེད་པ་ཡི༔ རྒྱལ་བ་སྲས་བཅས་ཀུན་ལ་མཆོད་བཀུར་བསྙེན༔ དེ་དག་གསུངས་པའི་ཆོས་མཆོག་རྒྱ་མཚོ་མཉན༔ དེ་ཀུན་ཉམས་སུ་བླང་ཞིང་བཀླགས་པ་ལས༔ ཡི་གེ་བདུན་པ་ལན་ཅིག་བཟླས་པ་མཆོག༔ ཕྱོགས་བཅུའི་རབ་འབྱམས་ཞིང་གི་སྟོན་པ་ཡིས༔ གསུངས་པའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་རྣམས༔ སྐྱེས་བུ་དེ་ཡིས་ཡི་གེར་བཏབ་པ་ལས༔ འབྲུ་བདུན་ལན་ཅིག་བྲིས་པའི་བསོད་ནམས་མཆོག༔ གང་ཞིག་རྡོ་དང་རྩིག་པ་གང་རུང་ལ༔ སྙིང་པོ་འདི་ཉིད་བྲིས་པ་མཐོང་བ་ཡི༔ རི་རླུང་ཆུར་གནས་སེམས་ཅན་ཐམས་ཅད་གྲོལ༔

p. 524

མཐོང་གྲོལ་དམ་པའི་མཆོག་ཅེས་འདི་ལ་བྱ༔ ཙན་དན་དཀར་པོའི་བྱང་བུར་གསེར་གྱིས་འབྲི༔ དྲི་བཟང་སྨན་བྱུག་ལྷར་བསྐྱེད་རབ་ཏུ་གནས༔ སུ་ཡིས་འཆང་བའི་ལུས་ཅན་དེ་ཡི་ནི༔ དཔལ་དང་ཚེ་འཕེལ་བཀྲ་ཤིས་རིགས་རྒྱུད་འབྱུང་༔ ལོག་པར་འདྲེན་པའི་བགེགས་རིགས་ཐམས་ཅད་སྲུང་༔ ཤི་ཚེ་གདུང་དང་རིང་བསྲེལ་འཇའ་འོད་འབྱུང་༔ བཏགས་གྲོལ་དམ་པའི་མཆོག་ཏུ་འདི་ཟུང་ཞིག༔ སྤྱན་རས་གཟིགས་ཀྱི་སྐུ་དང་སྙིང་པོ་ལ༔ མཇལ་ན་ཞི་ཁྲོ་རབ་འབྱམས་མཇལ་དང་མཉམ༔ མཆོད་པ་ཕུལ་བས་ཚོགས་གཉིས་རྒྱ་ཆེན་རྫོགས༔ ཕྱག་སྐོར་ཕུལ་བས་ནད་གདོན་སྡིག་སྒྲིབ་འདག༔ བུམ་པར་སྨན་འདག་འོ་ཆབ་བསྒྲུབས་ནས་སུ༔ ཐུགས་རྗེ་ཆེན་པོའི་ལྷ་སྔགས་བདུད་རྩིར་བཞུ༔ བཀྲུས་འཐུང་ནད་གདོན་བར་ཆད་ཉེས་ལྟུང་འདག༔ བཀྲུ་བ་ཁྲུས་ཀྱི་ཐབས་ལམ་ཟབ་མོའོ༔ བྲམ་ཟེའི་གདུང་དང་རིང་བསྲེལ་རྩོད་མེད་དང་༔ གུ་རུ་ཡབ་ཡུམ་བྱང་སེམས་ཨ་མྲྀ་ཏ༔ སེལ་མེད་བྱིན་རྟེན་བཟང་སྨན་རིལ་བུར་སྒྲིལ༔ ལྷ་བསྒོམ་སྔགས་བཟླས་རྟགས་མཚན་གསལ་བ་ན༔

p. 525

དངོས་གྲུབ་ཞུ་ཞིང་གཞན་དོན་རྒྱ་ཆེར་སྤེལ༔ ཤིག་གི་སྙིང་ཙམ་སུ་ཡི་ཁར་སོང་བ༔ སྤྱན་རས་གཟིགས་དང་སྐྱེ་བར་འདུ་འབྲལ་མེད༔ མཚམས་མེད་སྤྱད་པའི་ལྟོར་སོང་རིག་འཛིན་གྲལ༔ འདབ་ཆགས་རི་དྭགས་གཡུང་དྭགས་གཅན་གཟན་དང་༔ ཆུ་གནས་སེམས་ཅན་སུས་ཟོས་ཐར་པ་འཐོབ༔ བཤན་པ་ཡིན་ཀྱང་ཆོས་ལྡན་བདུན་བརྒྱུད་འཛིན༔ མ་བསྒོམས་མྱོང་བས་སངས་རྒྱས་འཐོབ་པའོ༔ དེ་ཕྱིར་ཚོང་འདུས་རྒྱ་སྒོའི་སྟེང་དང་ནི༔ སེམས་ཅན་འགྲིམ་ལམ་རི་རྩེར་རླུང་ཆེ་བ༔ ཆུ་ཡི་མགོ་དང་རྟེན་མཆོག་ཐུགས་ཀར་སྦ༔ མེར་བསྲེགས་དུ་བ་ཆེན་པོ་འབྱུང་བར་བྱ༔ དེ་ལ་འབྲེལ་ཚད་དག་པའི་སྐྱེ་བ་ལེན༔ འགྲོ་དོན་མཆོག་ཏུ་འདི་ལ་བརྩོན་པར་མཛོད༔ སྐབས་སུ་འགྲོ་དོན་སྤེལ་དུས་བསྙེན་ཁ་གསོ༔ སྙིང་རྗེ་བྱང་ཆུབ་སེམས་ཀྱི་བློས་བླངས་ནས༔ བསྔོ་སྨོན་རྣམ་པར་དག་པའི་རྒྱས་འདེབས་བྱ༔ གཤིན་པོའི་དོན་དུ་སྤྱན་རས་གཟིགས་བསྒོམས་ནས༔ མཆོད་ཅིང་བསྙེན་པས་བར་དོའི་སྡུག་བསྔལ་ཞི༔ སྐྱེ་སྲིད་ངན་པ་གཏན་སྤངས་བདེ་འགྲོར་འགྲོ༔ བུམ་ཆོག་

p. 526

བྱས་ན་མཚམས་མེད་ལས་སྒྲིབ་བྱང་༔ རྡོ་རྗེ་དམྱལ་བའི་གནས་སུ་སྐྱེས་ཀྱང་ཐར༔ ལས་ངན་གཞན་ལ་སྨོས་ཀྱང་ཅི་དགོས་སོ༔ ཆོས་འདི་ཉན་འཆད་བྱས་པའི་ཡོན་ཏན་ནམ༔ བསོད་ནམས་བསྐལ་པ་བརྒྱར་ཡང་བགྲང་མི་ནུས༔ མི་རྟོག་ཏིང་འཛིན་བསྒོམས་པ་མ་གཏོགས་པ༔ གཞན་གྱི་ཆོས་རྣམས་འདི་ཡི་ཆར་མི་ཉེ༔ སྤྱན་རས་གཟིགས་དབང་རྒྱལ་བ་ཀུན་གྱི་གཙོ༔ ཡི་གེ་བདུན་པ་ཆོས་ཀུན་སྙིང་པོའི་བཅུད༔ སྐྱེ་བདུན་མྱོང་གྲོལ་མ་བསྒོམས་སངས་རྒྱ ས་རྫས༔ འདི་དག་ཡོན་ཏན་བསྐལ་པ་རྒྱ་མཚོ་རུ༔ ཞིང་གི་རྡུལ་སྙེད་རྒྱལ་བའི་རྡོ་རྗེ་ཡི༔ ལྗགས་ཀྱིས་བཟླས་ཀྱང་ཡོངས་སུ་བརྗོད་མི་ནུས༔ དད་པ་ཙམ་ཡང་དགེ་བའི་མཆོག་ཏུ་འགྱུར༔ དགོས་ཆེད་བསྟན་པ་གསེར་གྱི་ཐ་རམས་འདིས༔ སེམས་ཅན་རྣམས་ཀྱི་དོན་ཆེན་བྱེད་པར་ཤོག༔ སངས་རྒྱས་བསྟན་པའི་སྒྲོན་མེ་སྦར་བར་ཤོག༔ མ་རིག་མུན་པའི་སྨག་རུམ་སེལ་བར་ཤོག༔ ལས་ཅན་ཆོས་བདག་རྣམས་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

p. 527

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་མཐའ་བླ་ཤིང་གི་མན་ངག་བཞུགས་སོ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ དེ་ཡི་སྒྲུབ་ཐབས་འགྲོ་བ་ཀུན་གྲོལ་གྱི་ལས་མཐའ་བླ་ཤིང་ཟབ་མོའི་མན་ངག་ནི༔ ལས་ཅན་སྐྱེས་བུ་རྣམས་ཀྱི་གསོས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀླུ་ཤིང་བྲ་མ་ཚིགས་གསུམ་ལྡན་པ་ལ༔ རྩ་རྩེ་མ་ནོར་ཚིགས་ནི་དང་པོར་ ༀ༔ གཉིས་པར་ཨཱཿདང་གསུམ་པར་ཧཱུྃ༔ ཞེས་འབྲི༔ རྒྱ་མཚལ་ཅོག་ལ་མ་ཡི་བྲི་རྫས་བྱ༔ དཀྱིལ་འཁོར་མཆོད་པའི་དབུས་འགོད་སྐྱབས་སེམས་བཅས༔ བདག་ཉིད་སྤྱན་རས་གཟིགས་སམ་རྟ་མགྲིན་བསྒོམ༔ ཧཱུྃ༔ མི་དམིགས་སྟོང་པའི་ངང་ལས་སྐད་ཅིག་གིས༔ བླ་ཤིང་རྟ་མགྲིན་དམར་པོ་རབ་ཏུ་ཁྲོས༔ ཕྱག་གཡས་རྡོ་རྗེས་མཚན་པའི་དབྱུག་ཏོ་འཕྱར༔ ཕྱག་གཡོན་དུང་ཆེན་རཀྟས་བཀང་བ་བསྣམས༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་རྟ་སྐད་འཚེར༔ དུར་ཁྲོད་ཆས་རྫོགས་ཡེ་ཤེས་མེ་དཔུང་འབར༔ ཞབས་གཉིས་དོར་སྟབས་པད་ཉི་བམ་སྟེང་བཞུགས༔ སྤྱི་བོར་ༀ་ལས་སྣང་མཐའ་སྐུ་མདོག་དམར༔ སྤྲུལ་སྐུའི་ཆ་ལུགས་མཉམ་བཞག་ལྷུང་བཟེད་བསྣམས༔ མགྲིན་པར་ཨཱཿ ལས་འཕགས་མཆོག་སྤྱན་རས་གཟིགས༔ དཀར་གསལ་ཕྱག་བཞི་ཐལ་སྦྱར་ཕྲེང་བ་དང་༔ པད་དཀར་

p. 528

འཛིན་པ་ལོངས་སྐུའི་ཆ་བྱད་རྫོགས༔ ཐུགས་ཀར་ཧཱུྃ་ལས་པད་འབྱུང་དཀར་དམར་མདངས༔ རྡོ་རྗེ་བྷནྡྷ་བསྣམས་ཤིང་ཁ་ཊྭཾ་བརྟེན༔ པད་ཞྭ་བེར་ཕོད་ཆོས་གོས་ན་བཟའ་གསོལ༔ ལྷ་ཚོགས་དེ་དག་སྐུ་གསུམ་བདག་ཉིད་ཆེ༔ ཞི་ཁྲོ་རབ་འབྱམས་བྱིན་རླབས་ངོ་བོར་བསྒོམ༔ སྤོས་རོལ་དང་བཅས་བྱིན་དབབ་པ་ནི༔ ཧྲཱིཿ སྣང་བ་མཐའ་ཡས་རྒྱལ་བ་འོད་དཔག་མེད༔ དང་པོའི་སངས་རྒྱས་དཀྱིལ་འཁོར་རིགས་ཀྱི་བདག༔ ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྤྱན་རས་གཟིགས་དབང་འགྲོ་བ་ཡོངས་ཀྱི་མགོན༔ རབ་འབྱམས་ཞིང་ཀུན་ཁྱབ་པའི་དཀྱིལ་འཁོར་གཙོ༔ ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ པདྨ་འབྱུང་གནས་བདེ་གཤེགས་ཀུན་གྱི་སྲས༔ མཐུ་སྟོབས་དབང་ཕྱུགས་སྣང་སྲིད་ཟིལ་གྱིས་གནོན༔ ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡོངས་ལ་དབང་བསྒྱུར་དབང་གི་རྒྱལ་པོ་ཆེ༔ ཁྲོ་རྒྱལ་སྤྱི་དཔལ་རྟ་མཆོག་ཧེ་རུ་ཀ༔ ཐུགས་རྗེས་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཐུགས་རྗེ་ཆེན་པོའི་བླ་ཤིང་གསང་བའི་རྟེན༔

p. 529

སྐུ་གསུམ་དབྱེར་མེད་རྟེན་ལ་བྱིན་གྱིས་རློབས༔ ནད་གདོན་དགྲ་དང་བར་ཆད་ལོག་འདྲེན་ཐུལ༔ ནུས་མཐུ་དཔལ་དང་ལྡན་པར་མཛད་དུ་གསོལ༔ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་སྐབས་བསྟུན་སྤྱན་དྲངས་བསྟིམ༔ ༀ་ཨཱཿཧཱུྃ༔ དབང་ཆེན་རྟ་མགྲིན་དྲེགས་པ་ཡོངས་ཀྱི་གཤེད༔ སྣང་མཐའ་སྤྱན་གཟིགས་གུ་རུ་པདྨ་འབྱུང་༔ ཡེ་ཤེས་རོལ་པའི་ལྷག་པའི་ལྷ་ཡི་ཚོགས༔ བླ་ཤིང་རྟེན་ལ་གཉིས་མེད་བརྟན་པར་མཛོད༔ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ༔ ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཡེ་དྷརྨ་སོགས་ཀྱིས་ནན་དུ་བརྟན་བཞུགས་བྱའོ༔ ༀ༔ ཕྱི་ཡི་མཆོད་པ་ཉེར་སྤྱོད་རྣམ་པ་ལྔ༔ ནང་གི་མཆོད་པ་འདོད་ཡོན་རྣམ་པ་ལྔ༔ གསང་མཆོད་སྨན་གཏོར་རཀྟ་ག་ནའི་ཚོགས༔ རྟ་མགྲིན་དབང་ཆེན་སྐུ་གསུམ་རྫོགས་ལ་མཆོད༔ བྱིན་རླབས་ནུས་པ་ཡོན་ཏན་སྤར་དུ་གསོལ༔ ༀ་ཨཱཿཧཱུྃ༔སརྦ་པཱུཙྪ་ས་མ་ཡཱ་ཧོ༔ བསྟོད་པ་དང་མངའ་གསོལ་ནི༔ ཧྲཱིཿ བསྐལ་པའི་མེ་ལྟར་རབ་འབར་ཁྲོ་ཆུང་འཕྲོ༔ དྲག་རྩལ་ཤུགས་ཀྱིས་རཱུ་ཏྲ་སྡེ་གསུམ་འདུལ༔ རྟ་གདོང་རྔམ་སྒྲས་ས་གསུམ་འབར་ཞིང་

p. 530

དངངས༔ ཧྱ་གྷྲཱྀ་ཝའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་ནུས་པས་བསྲུང་བྱ་མི་ནོར་བསྲུང་༔ མཐུ་སྟོབས་རྩལ་གྱིས་དགྲ་གདོན་ནད་སོགས་ཐུལ༔ བདེན་པའི་སྟོབས་ཀྱིས་བར་ཆད་མི་མཐུན་བཟློག༔ པདྨ་རཱ་གའི་མདངས་ལྡན་མཚན་དཔེས་སྤྲས༔ སྣང་བ་མཐའ་ཡས་སྐུ་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་ནུས་པས་བསྲུང་བྱ་མི་ནོར་བསྲུང་༔ མཐུ་སྟོབས་རྩལ་གྱིས་དགྲ་གདོན་ནད་སོགས་ཐུལ༔ བདེན་པའི་སྟོབས་ཀྱིས་བར་ཆད་མི་མཐུན་བཟློག༔ དཀར་ལ་དྲི་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་ནུས་པས་བསྲུང་བྱ་མི་ནོར་བསྲུང་༔ མཐུ་སྟོབས་རྩལ་གྱིས་དགྲ་གདོན་ནད་སོགས་ཐུལ༔ བདེན་པའི་སྟོབས་ཀྱིས་བར་ཆད་མི་མཐུན་བཟློག༔ དཀར་དམར་མདངས་ལྡན་འཇའ་ལུས་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་ནུས་པས་བསྲུང་བྱ་མི་ནོར་བསྲུང་༔ མཐུ་སྟོབས་རྩལ་གྱིས་དགྲ་གདོན་ནད་སོགས་ཐུལ༔ བདེན་པའི་སྟོབས་ཀྱིས་བར་ཆད་མི་མཐུན་བཟློག༔ བླ་ཤིང་རྟེན་གྱི་

p. 531

གནས་གསུམ་སྐུ་གསུམ་ལ༔ དེ་དག་འོད་ཀྱིས་རབ་འབྱམས་ཞི་ཁྲོའི་ཚོགས༔ སྐུ་གསུམ་བྱིན་རླབས་ཡོན་ཏན་མ་ལུས་པ༔ སྐུ་དང་ཡིག་འབྲུའི་རྣམ་པར་ཆར་ལྟར་བབས༔ བསྐྱེད་པའི་རྟེན་ལ་གཉིས་མེད་སིབ་སིབ་ཐིམ༔ མཐུ་སྟོབས་བྱིན་རླབས་ཡོན་ཏན་དཔལ་དུ་འབར༔ ཕྲིན་ལས་གང་བརྩམས་ཐོགས་མེད་ནུས་པར་གྱུར༔ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ༔ དམིགས་པ་དེའི་ངང་བརྒྱ་སྟོང་ཁྲི་འབུམ་སོགས༔ སྐབས་བསྟུན་བླ་ཤིང་མཆོད་བསྟོད་འདོད་གསོལ་བྱ༔ རྟ་མགྲིན་འོད་ཞུ་བླ་ཤིང་རྣམ་པ་དང་༔ སྐུ་གསུམ་འོད་ཞུ་ཡིག་འབྲུ་གསལ་གདབ་པོ༔ ཡང་ན་སྔགས་བསྐྱེད་ལྟ་བུར་གསལ་བར་བསྒོམ༔ བཀྲ་ཤིས་མེ་ཏོག་འཐོར་ཞིང་རབ་ཏུ་གནས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་གར་ལེགས་པར་གྲུབ་པའི་བླ་ཤིང་དེ༔ གང་ཞིག་ནད་ཅན་ངན་པར་བཏགས་ཀྱང་ནི༔ འཕྲལ་ཡུན་ན ད་དང་ཟུག་རྔུ་ཞི་བར་འགྱུར༔ དེ་བཞིན་གདོན་བགེགས་ལོག་འདྲེན་དང་༔ ཕ་རོལ་ས་ཕྱོགས་ངན་འདྲེ་ལ་སོགས་དང་༔ མདོར་ན་དགྲ་དམག་མི་ཁ་ཐན་ལྟས་སོགས༔ གང་ལ་བཏགས་ཀྱང་སྲུང་བཟློག་བསད་གསུམ་འགྲུབ༔ བདེན་པའི་སྟོབས་བརྗོད་སྙིང་པོ་དྲག་ཏུ་བཟླ༔ དེ་ཡི་ཕྱོགས་སུ་གདེངས་རྔམས་བཏེགས་ཚུལ་བྱ༔ རང་སྲུང་གཞན་ལ་བྱིན་རླབས་བྱེད་པའི་ཕྱིར༔ རྟེེན་དེ་དར་སྣ་ལྔས་དྲིལ་རྒྱུན་ཏུ་བཅངས༔ ཐོག་མར་ཞག་གྲངས་བསྙེན་གྲངས་ཁ་བསྐང་གསོ༔ བླ་ཤིང་ལ་བརྟེན་མན་ངག་ཟབ་མོའི་གནད༔ ཤིན་ཏུ་གསང་ངོ་བཛྲ་ས་མ་ཡཱ༔ ལས་ཅན་སྐྱེས་

p. 532

བུས་འགྲོ་དོན་བྱེད་པར་ཤོག༔ ས་མ་ཡཱ༔ ལས་རབ་རྩལ་གྱིས་སོ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དམ་རྫས་སྦྱོར་བ་མྱོང་གྲོལ་རིལ་བུ་དང་བདུད་རྩི་གཉིས་ཀྱི་རིམ་པ་གསལ་བྱེད།

p. 533

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་དམ་རྫས་སྦྱོར་བ་མྱོང་གྲོལ་རིལ་བུ་དང་བདུད་རྩི་གཉིས་ཀྱི་རིམ་པ་གསལ་བྱེད་བཞུགས་སོ༔ ན་མོ་ལོ་ཀི་ཤྭ་ར་ཡེ༔ དེ་ཡང་སྤྱིར་གསང་སྔགས་སུ་བསྙེན་པ་དང་༔ ཉེ་བར་བསྙེན་པ་དང་༔ སྒྲུབ་པ་དང་༔ སྒྲུབ་པ་ཆེན་པོ་ཚོམ་བུ་ཚོགས་སྒྲུབ་ནི་སྔ་འགྱུར་རྙིང་མའི་ཁྱད་ཆོས་སོ༔ དེ་ལའང་དམ་རྫས་སྦྱོར་བ་མྱོང་གྲོལ་རིལ་བུ་དང་བདུད་རྩི་གཉིས་ལས༔ མྱོང་གྲོལ་རིལ་བུ་ལྷ་རེ་དང་རིལ་བུ་རེ་རེར་བསྒོམ་ཞིང་སྤྲོ་བསྡུ་བྱ༔ དངོས་གྲུབ་ལེན་དུས་རིལ་བུ་ལྷར་གསལ་ཞིང་སོ་མི་འདེབས་པར་མིད་ལ་རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བའི་དབུས་སུ་བཞུགས་ནས་པདྨ་ཁ་ཟུམ་ནས་བུམ་སྐུར་གྱུར་པར་བསམ༔ སྣོད་ཀྱང་རིལ་བུ་བུམ་པར་སྒྲུབ་དགོས༔ བདུད་རྩི་ཤ་ལྔ་བདུད་རྩིར་གསལ་བ་ཡབ་ཡུམ་སྦྱོར་བའི་བྱང་སེམས་སྤྲོ་བསྡུ་དང་དངོས་གྲུབ་ལེན་ཁར་ལྷ་ཚོགས་ཞུ་བ་བདུད་རྩིར་འདྲེས་པ་ཁར་མྱོང་བས་རྩ་ཁམས་བདེ་ཆེན་བྱང་སེམས་ཀྱིས་ཁྱབ་པར་བསམ་ལ་རོལ། སྣོད་བྷནྡྷ་ཁ་སྦྱོར་དུ་བསྩལ་བར་བྱའོ༔ སྒྲུབ་པའི་ཆིངས་སྤྱིར་འདྲ་བ་ལ༔ རྟོག་པ་བསལ་བ་སྲུང་

p. 534

མ་བསྐུལ་བ་སོགས་བདུད་རྩི་ལ་ཁྱད་པར་ཡང་འགའ་མཆིས་སོ༔ སྦྱོར་བའི་རྫས་ནི་ཡང་བྱིངས་འདྲ་བ་ལ་ཁྱད་ཞུགས་ཀྱང་མཆིས་སོ༔ ད་ལམ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ཡབ་རྐྱང་གི་ཕྱི་རྒྱུད་ཀྱང་ཕ་རྒྱུད་དང་དམ་རྫས་ཀྱང་སྐྱེ་བདུན་རིལ་བུ་ལྟ་བ་ནི་རྫོགས་ཆེན་དང་མཐུན་པར་འདོད་པའོ༔ རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བས་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ དགེའོ༔

བླ་སྒྲུབ་ཡེ་ཤེས་ཐུགས་བཅུད།

p. 535

࿅༔ བླ་སྒྲུབ་ཡེ་ཤེས་ཐུགས་བཅུད་བཞུགས་སོ༔ ཀུན་བཟང་རྡོ་རྗེ་འཆང་ལ་འདུད༔ བླ་སྒྲུབ་ཡེ་ཤེས་ཐུགས་ཀྱི་བཅུད༔ དོན་གཉིས་མཐར་ཕྱིན་ཟབ་མོའི་ཆོས༔ སྙིང་པོའི་མཐར་ཐུག་འདི་ཁོ་ན༔ ས་མ་ཡཱ༔ རང་དོན་ནར་མར་བདག་བསྐྱེད་བྱ༔ གཞན་དོན་བུམ་པར་མདུན་བསྐྱེད་བསྒོམ༔ སྟེགས་བུ་དཀར་པོའི་སྟེང་དུ་ནི༔ མེ་ཏོག་དཀར་པོའི་ཚོམ་བུ་བཀྲམ༔ བུམ་པ་ཁ་རྒྱན་ནང་དུ་ནི༔ གཙང་པོ་རྒྱུན་འབབ་ཆུ་གཙང་དང་༔ འོ་མ་དྲི་བཟང་བུམ་སྨན་དང་༔ སེལ་མེད་དམ་རྫས་ཕབ་རྒྱུན་འབྲུབ༔ དཀྱིལ་འཁོར་དེ་ཡི་དབུས་སུབཞག༔ ཐ་མར་མཆོད་པ་ཅི་འབྱོར་བཤམས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་༔ ཨཱཿ དམིགས་མེད་སྟོང་པའི་ངང་ཉིད་ལས༔ རང་སྣང་དག་པ་རབ་འབྱམས་ཀློང་༔ པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཧྲཱིཿལས་རང་ཉིད་སྤྱན་རས་གཟིགས༔ དཀར་གསལ་དྲི་མེད་སྟོན་ཟླ་བཞིན༔ ཕྱག་བཞིའི་དང་པོའི་ཐལ་མོ་སྦྱར༔ འོག་མ་ཤེལ་ཕྲེང་པདྨ་དཀར༔ དར་དང་རིན་ཆེན་སྣ་ཚོགས་བརྒྱན༔ སྐྱིལ་ཀྲུང་གིས་བཞུགས་འོད་ཕུང་འབར༔ སྤྱི་བོར་སྣང་བ་མཐའ་ཡས་གསལ༔ དེ་ཡི་ཐུགས་ཀར་རྡོ་རྗེ་སེམས༔ ལོངས་སྐུ་དཀར་གསལ་རྡོར་དྲིལ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླའི་སྟེང་༔ ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་༔ གཅེར་བུ་མཉམ་བཞག་སྐྱིལ་མོ་ཀྲུང་༔

p. 536

དེ་ཡི་ཐུགས་ཀར་ཟླ་བའི་སྟེང་༔ ཨཱཿཡིག་མཐིང་ག་འོད་ལྔ་འཁྱིལ༔ མཐའ་མར་སྔགས་གསུམ་གང་བཟླས་བསྐོར༔ འོད་འཕྲོས་རྒྱལ་ཀུན་བྱིན་རླབས་བསྡུས༔ རང་གཞན་སེམས་ཅན་སྡིག་སྒྲིབ་སྦྱངས༔ ལྷ་སྔགས་ལས་ནི་བདུད་རྩིའི་རྒྱུན༔ བུམ་པར་ཡོངས་འཁྱིལ་ནུས་ལྡན་གྱུར༔ ཀུན་བཟང་དགོངས་པའི་སྙིང་པོ༔ མ་མ་ཀོ་ལིང་ས་མནྟ༔ རྡོར་སེམས་དགོངས་པའི་སྙིང་པོ༔ ༀ་བཛྲ་ས་ཏྭ་ཧཱུྃ༔ སྤྱན་རས་གཟིགས་ཀྱི་དགོངས་པའི་སྙིང་པོ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུན༔ ལྷ་གསུམ་སྐུ་ལས་འགྲོ་འདུལ་ཕྱིར༔ འགྲོ་དྲུག་དོན་མཛད་ཐུབ་དྲུག་འཕྲོས༔ སེམས་ཅན་རང་རང་སྒྲིབ་པ་སྦྱངས༔ འ་ཨ་ཧ་ཤ་ས་མ༔ དེ་ལྟར་བཟླས་པའི་ཐུན་གྱི་མཐར༔ བདག་བསྐྱེད་རིམ་བསྡུས་དམིགས་མེད་བཞག༔ རྫོགས་ཆེན་དགོངས་པའི་རྒྱ་ཡིས་བཏབ༔ བུམ་བསྐྱེད་ལྷ་ཞུ་བུམ་ཆུར་བསྟིམ༔ བཀྲུས་འཐུང་སེམས་ཅན་སྡིག་སྒྲིབ་འདག༔ བྱེ་ཡུངས་དག་ལ་ཕུ་ཡིས་བཏབ༔ སེམས་ཅན་རོ་དང་རུས་པར་བྲབ༔ ངན་སོང་གནས་ནས་ངེས་པར་འཐོན༔ ས་མ་ཡཱ༔ ཚེ་འདས་རོ་འམ་རུས་པའམ༔ མཚན་བྱང་དག་ལ་བསྐྱེད་བསྟིམ་འགུགས༔ རང་ཉིད་ཡེ་ཤེས་ལྷ་གསུམ་བསྒོམ༔ སྲོག་གཅོད་གཤེད་མར་གཏོར་མ་སྦྱིན༔ དྲག་པོའི་སྔགས་ཀྱིས་དྲག་ཏུ་བསྐྲད༔ དེ་ཡི་ཉོན་དྲུག་ངོ་བོ་ནི༔ ལུས་ཀྱི་གནས་སུ་འདི་ལྟར་རོ༔ ཨ་སུ་ནྲི་ཏྲི་པྲེ་དུ་རྣམས༔ རང་མདོག་མུན་པས་གོས་པར་དམིགས༔ གསང་སྔགས་ནུས་པས་བསྲེགས་པར་བསམས༔ བྱེ་ཡུངས་ཀྱིས་བྲབ་དགོངས་པ་བཟླ༔ བག་ཆགས་རྒྱུ་འབྲས་གཞོབ་ཐུལ་དམིགས༔ གསང་སྔགས་བཟླ་ཞིང་བུམ་ཆུས་བཀྲུ༔ སྡིག་ལྟུང་ཉེས་ཚོགས་འདག་པར་བསྒོམ༔ བུམ་པ་གནས་

p. 537

གསུམ་དག་ཏུ་རེག༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ གང་ལ་འཚམས་པའི་ཆོས་བཤད་ནས༔ རྣམ་ཤེས་ཨ་ཡིག་རྣམ་པར་འཐོན༔ འོག་མིན་ཀུན་བཟང་ཐུགས་ཀར་བསྟིམ༔ རྟོག་བྲལ་ཏིང་འཛིན་རྒྱ་ཡིས་བཏབ༔ བསྔོ་སྨོན་ཡང་དག་གདབ་པར་བྱ༔ ཞག་པོ་བདུན་གཅིག་གཉིས་སམ་གསུམ༔ ཆོ་ག་འདི་ཡི་ལས་བྱས་ན༔ མི་དགེ་མཚམས་མེད་སྤྱོད་པ་ཡང་༔ ངེས་པར་དག་པའི་ཞིང་དུ་འདྲོངས༔ དངོས་ཉམས་རྨི་ལམ་མཚན་མ་འབྱུང་༔ གཞན་དོན་སྤྱོད་ཅིག་ལས་ཅན་རྣམས༔ ས་མ་ཡཱ༔ ཨེ་མ་རང་དོན་སྒོམ་བཟླས་སམ༔ གཞན་ཕན་དག་ཏུ་འདི་སྤྱོད་པ༔ སྐལ་ལྡན་ལས་འཕྲོ་ལྡན་པ་ཡིན༔ ཉམས་ཆག་མི་དགེ་མཚམས་མེད་རྣམས༔ སྐད་ཅིག་ཉིད་ལ་བྱང་ཞིང་འདག༔ སྒྲིབ་དག་དངོས་གྲུབ་མཚན་མ་འབྱུང་༔ འབྲེལ་ཚད་དོན་ལྡན་ཁྱད་འཕགས་གནད༔ དགེའོ༔ ༈ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་ལས་མཐའ་མྱོང་གྲོལ་བཞུགས༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་འདུས་སྤྱན་རས་གཟིགས་ལ་འདུད༔ དུས་ངན་སྤྲང་བོ་དཔའ་བོ་ལས་རབ་ངས༔ མཚུངས་མེད་མ་ཧཱ་གུ་རུར་ལུང་ཞུས་ནས༔ བསྟན་པ་སྲུང་བའི་དྲག་སྔགས་མང་པོ་བཀོད༔ འགྲོ་ལ་ཕན་པའི་ལས་ཚོགས་མང་པོ་བཀོད༔ བདུད་འགོང་ཞུགས་པ་རྣམས་ཀྱིས་ཁོ་བོར་སྡང་༔ བསྟན་དང་འགྲོ་བའི་བར་ཆད་ཀུན་བསལ་ནས༔ མཐོངས་སྐར་ཉི་ཞུར་ཙམ་ཞིག་བདེ་བར་བྱས༔ སུ་མ་མགུ་ཡང་རང་བློ་བདེ་ཤོས་ཡིན༔ སེམས་ཅན་དོན་བསམ་སྙིང་རྗེས་མ་བཟོད་ནས༔ མཁའ་འགྲོའི་ཡིག་རྒོད་ཁོལ་ཕྱུང་སྙིང་འདྲ་འདི༔ འགྲོ་འདུལ་ཐུགས་རྗེ་ཆེན་པོའི་ལས་མཐར་བཀོད༔ འབྲེལ་ཐོགས་བྱང་ཆུབ་ཐོབ་པའི་སྨོན་ལམ་བཏབ༔ འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཉམས་ལེན་གཡེང་བས་འཁྱེར་བའི་སྐྱེ་འགྲོ་དང་༔ ལས་ངན་སྡིག་པར་སྤྱོད་པའི་མི་ངན་དང་༔ བསམ་མེད་མ་དག་དུད་འགྲོ་ལ་སོགས་པར༔ མྱོང་བས་གྲོལ་བའི་ཟ་ཡིག་གདམས་པ་བསྟན༔ བཅོ་ལྔ་ལ་སོགས་ཡར་ངོའི་དུས་ཆེན་ལ༔ རྒྱ་ཤོག་དག་ལ་རྒྱ་སྣག་གཙང་མས་འདྲི༔ ཨ་མྲྀ་ཏ་དང་དམ་རྫས་ཁུངས་བཙུན་བྱུག༔ རྩ་གསུམ་སྙིང་པོ་ཡི་གེ་བདུན་པ་དང་༔ དབྱངས་གསལ་རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ གཙང་མར་བཅངས་ཤིང་རང་གཞན་

p. 538

འགྲོ་དོན་སྤྱོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སུ་ཡིས་ཟོས་ཀྱང་མྱོང་གྲོལ་ངན་སོང་ཁོག༔ བདུན་ནམ་ལྔ་འམ་ཞག་གསུམ་ལན་གཅིག་སོགས༔ སྐབས་སུ་བསྟུན་ཞིང་བརྟན་པར་བྱའོ༔ ས་མ་ཡཱ༔ རྟག་ཏུ་ཟོས་པས་ཚེ་གཅིག་སངས་རྒྱས་འགྲུབ༔ ལག་ལེན་ཐམས་ཅད་གོང་དང་མཐུན་པའོ༔ ཟ་ཡིག་འདི་དག་བསྟེན་དུས་དམ་ཚིག་ཏུ༔ མི་དགེ་སྤངས་ཤིང་དགེ་བཅུ་དག་ལ་འབད༔ རྩ་བ་གསུམ་ལ་གསོལ་བཏབ་ཐེ་ཚོམ་སྤང་༔ གཟའ་སྐར་དར་ཞིང་བཀྲ་ཤིས་ཉི་ཁྱིམ་གཅེས༔ འགྲོ་བའི་དོན་དུ་མྱོང་གྲོལ་ཡང་ཡང་འགྱེད༔ ཁྲོམ་ཚོགས་དུད་འགྲོ་ རྣམས་ལ་འགྲོ་དོན་གྱིས༔ འབྲེལ་ཚད་དོན་ལྡན་རྒྱལ་བའི་ཐུགས་དགོངས་རྫོགས༔ སེམས་ཅན་ཐུགས་རྗེས་སྐྱོབས་ཤིག་ལས་ཅན་རྣམས༔ བསླུ་མེད་བཀའ་འདི་གུ་རུ་པདྨའི་ལུང་༔ ཨྠྀི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་མྱོང་གྲོལ་ཟ་ཡིག་འགྲོ་བའི་དོན་དུ་བཞག༔ མཐོང་གྲོལ་རྟེན་དང་མྱོང་གྲོལ་རྫས་མཆོག་རྣམས༔ སྐལ་མེད་འཁོར་གྱི་ལོག་སྒྲུབ་ཆེས་ཆེ་ནས༔ དབུས་ལམ་འདམ་སོག་ཁྲམ་པས་གཏོར་བརླགས་བྱས༔ མ་རུངས་གདུལ་བྱར་ལས་འཕྲོ་མེད་པ་འདྲ༔ དེ་རྗེས་ཁོ་བོར་མཐོང་གྲོལ་ནོར་བུ་འགའ༔ སྨོན་ལམ་དབང་གིས་བཀའ་བབ་བྱུང་བ་ན༔ ངེས་པ་མེད་པའི་གནས་སུ་མ་འགྲིམ་དང་༔ ཕྱོགས་མེད་སེམས་ཅན་འགྲོ་དོན་མ་བྱུང་བས༔ ཤིང་སྦྲུལ་ཧོར་ཟླ་གསུམ་པར་མཁའ་འགྲོ་ཡིས༔ སྲུང་མ་སོ་སོར་གཏད་ནས་བཅོལ་དམ་གྱིས༔ གནས་ཆེན་པདྨ་བཀོད་དུ་གདན་དྲངས་ནས༔ ཕྱི་མའི་དུས་ན་འགྲོ་དོན་འབྱུང་ལུང་བསྟན༔ མེ་རྟའི་ལོ་ལ་ཡང་གཏེར་སྲུང་མར་གཏད༔ སྣོད་དུ་མ་རུང་གདུལ་བྱར་རང་ཡུལ་འདི༔ མ་དག་ཞིང་དང་མི་གཙང་ཁྲོད་ལ་ནི༔ མ་དག་སྦྲང་བུ་བཞིན་དུ་འཚུབ་ཅིང་འདུག༔ མཐོང་གྲོལ་མྱོང་གྲོལ་ཐོས་གྲོལ་ཟབ་མོའི་བདག༔ དཔའ་བོ་ལས་རབ་རྩལ་ང་ཐན་དུ་མཐོང་༔ ངོ་མཚར་རྟེན་རྣམས་གཏེར་ཞབས་བསྡམས་ནས་བཞག༔ འོན་ཀྱང་ནམ་ཞིག་གདུལ་བྱའི་དོན་བསམས་ནས༔ ཨོ་རྒྱན་མན་ངག་མཁའ་འགྲོའི་སྙིང་གི་ཐིག༔ མྱོང་གྲོལ་ཟ་ཡིག་སེམས་ཅན་དོན་དུ་བཀོད༔ ཚུལ་བཞིན་སྤྱོད་དང་སྐལ་བར་ལྡན་པ་རྣམས༔ གཞན་དོན་མཛོད་དང་སེམས་བསྐྱེད་ལྡན་པ་རྣམས༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ།། །།

p. 539

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ ཨོ་རྒྱན་ཆེན་པོའི་ཞལ་ལུང་གི་མན་ངག་བསྡུས་པ་བཞུགས་སོ༔ དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱིས༔ དམུས་ལོང་འགྲོ་ལ་བརྩེ་བའི་ཞལ་གདམས་ནི༔ གདམ་ངག་ཆུང་ལ་ལེ་ལོ་ཆེ་བའི་དུས༔ ཐབས་མཆོག་མྱུར་ལམ་འཕོ་བ་དེ་དུས་དགོས༔ ཆོས་མེད་སྡིག་ཅན་འཆི་ཁར་འགྱོད་པའི་དུས༔ བཏགས་གྲོལ་སངས་རྒྱས་ལག་བཅངས་དེ་དུས་དགོས༔ ཚེ་ལ་ལོང་མེད་འཆི་རྐྱེན་རྒོད་པའི་དུས༔ མྱོང་གྲོལ་དམ་རྫས་ཁྱད་འཕགས་དེ་དུས་དགོས༔ རྣམ་གཡེང་དོན་མེད་གཏད་མོ་འདུས་ཚོགས་དུས༔ རྟེན་མཆོག་མཐོང་གྲོལ་ནོར་བུ་དེ་དུས་དགོས༔ བཤེས་གཉེན་ངན་པས་ལོག་ལམ་སྟོན་པའི་དུས༔ ངོ་སྤྲོད་བཙན་ཐབས་རྫོགས་ཆེན་དེ་དུས་དགོས༔ མ་དག་སེམས་ཅན་ལས་ཀྱིས་འབྲེལ་བའི་དུས༔ ཐོས་གྲོལ་གསང་སྔགས་ཟབ་མོ་དེ་དུས་དགོས༔ འདི་རྣམས་སུ་འཕྲད་མ་བསྒོམས་སངས་རྒྱས་ཡིན༔ སྐལ་བ་བཟང་པོའི་ལས་འཕྲོ་མཐོ་དམན་མེད༔ རིག་པ་རྣོ་རྟུལ་སྡིག་པ་ཆེ་ཆུང་མེད༔ བདེ་གཤེགས་ཀུན་གྱི་ཕྲིན་ལས་པད་འབྱུང་གིས༔ སྙིགས་

p. 540

མི་འགྲོ་ལ་ཟབ་ཁྱད་མྱུར་ལམ་བསྟན༔ འགྲོ་འདུལ་བྱང་སེམས་རྣམས་ཀྱིས་ཕྱག་ལེན་མཛོད༔ ལས་ཅན་འགྲོ་བ་རྣམས་ཀྱི་སྙིང་ལ་ཆོངས༔ གཞན་ཡང་དུས་སུ་དགོས་པའི་ཞལ་གདམས་ནི༔ འཆལ་བཀའ་དཀྲུགས་བསྲེ་བསླད་མ་ཞུགས་པའི་དུས༔ རྒྱ་འགྱུར་འཕྱུག་མེད་གཏེར་གསལ་དེ་དུས་དགོས༔ ཟབ་ཆོས་བཀའ་ཆད་ལུས་མེད་ནུབ་པའི་དུས༔ སྙན་བརྒྱུད་དག་སྣང་སོ་མ་དེ་དུས་དགོས༔ གཟའ་ཀླུ་རྒྱལ་པོ་གཅེར་རྒྱུགས་དར་བའི་དུས༔ ཟ་ཡིག་རྣོ་ངར་ལྡན་པ་དེ་དུས་དགོས༔ ལྷ་བསྒོམ་སྔགས་བཟླས་མི་ཁོམ་གཡེང་བའི་དུས༔ བསམ་གཏན་ཉལ་ཆོག་སྲུང་འཁོར་དེ་དུས་དགོས༔ དུས་ངན་ནད་ངོས་མི་ཟིན་འཆོལ་བའི་དུས༔ བཟླས་ཆོག་ནད་བརྒྱ་སྔགས་གཅིག་དེ་དུས་དགོས༔ ཆོས་མཛད་བརྙས་ཐབས་རྐུ་འཕྲོག་སློང་བའི་དུས༔ ངན་སྔགས་དུག་མདའ་རེག་གཅོད་དེ་དུས་དགོས༔ མཐའ་མིའི་གཟེངས་ལངས་མཚོན་ཁ་དར་བའི་དུས༔ སྲུང་བཟློག་མནན་གསུམ་མན་ངག་དེ་དུས་དགོས༔ ཚུལ་བཞིན་སྤྱོད་ན་དོན་བཞིན་འགྲུབ་པར་ངེས༔ ལས་རབ་རྩལ་གྱིས་སོ།། །།

p. 541

རྟེན་མཆོག་མ་ཎི་ཀའི་ཁ་བྱང་བཞུགས་སོ༔ ཤིང་སྤྲེལ་ལོ་ཡི་ནོར་བུའི་ཁ་བྱང་ལས༔ ལས་སྨོན་ཟབ་མོ་བསླུ་བ་མེད་པའི་ཕྱིར༔ ས་སྐྱོང་རྒྱལ་པོས་སྲིད་ཞུས་བཀུར་ཀྱང་སྲིད༔ ནཱ་ག་ཀླུ་ཡི་མ་ཎི་རཏྣ་འདི༔ སྒྲུབ་སྡེ་ཚུགས་ན་སངས་རྒྱས་ཐུགས་ཀར་གཞུག༔ ལེགས་པའི་ཡོན་ཏན་ཀུན་གྱི་རྩ་བ་ཡིན༔ མ་བྱུང་རྡོ་ལ་ནོར་བུ་རང་བྱོན་ནི༔ ངོ་མཚར་གསེར་གྱི་སྣང་བ་རྙེད་དེ་འོང་༔ ནོར་བུ་དབྱིག་དང་ངོ་མཚར་ཁྱད་པར་ཅན༔ སྨྱུག་སྦུགས་བཅུག་ལ་ལ་དྲིལ་ཀླུ་སྨན་བཅས༔ སྲུང་མར་བདེན་བདར་ཕྲིན་ལས་ནན་གྱིས་བཅོལ༔ རང་གནས་བྱང་ཤར་མཚོ་ལ་ཡང་གཏེར་སྦ༔ ཀླུ་དང་ས་བདག་དམ་ཚིག་གཅིག་པའི་ཕྱིར༔ སྔར་གྱི་གཏེར་གནས་མཚོ་དེ་ངེས་པར་འཁྱོལ༔ དུས་ལས་ཡོལ་ན་ཀླུ་ཡི་ཞེ་བསྙེགས་ཡོང་༔ སྲུང་མ་ཀླུ་ཡི་ཆོ་འཕྲུལ་ངེས་པར་འོང་༔ རང་བྱོན་ནོར་བུ་ཐུགས་རྗེ་ཆེན་པོ་དང་༔ མཐོང་གྲོལ་འགྲོ་དོན་བྱེད་པའི་དུས་རྟགས་ཡིན༔ སྤྱན་རས་གཟིགས་དབང་རྒྱལ་བ་ཡོངས་རྫོགས་ནི༔ ཁྱད་པར་ཡོན་ཏན་མང་ལྡན་ཆོས་ཡིན་ཡང་༔ རྟེན་འབྲེལ་དབང་གིས་གསང་

p. 542

ལུང་འཁྲོལ་བ་དཀའ༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་དང་༔ བསྡུས་པ་ཕྲིན་ལས་དོན་གྱི་སྙིང་པོ་གཉིས༔ མཐོང་གྲོལ་མྱོང་གྲོལ་ཟབ་མོའི་རྫས་དང་བཅས༔ ཕྱོགས་མེད་རྒྱལ་ཁམས་འགྲོ་དོན་བྱེད་ནུས་ཡིན༔ འགྲོ་ལ་བདེ་སྦྱིན་འབྲེལ་ཐོགས་ངན་སོང་ཁེག༔ རྟེན་འབྲེལ་འཛོལ་བས་འཚུབ་དང་ལྷོང་ཆ་འབྱུང་༔ ཞེས་གསུངས་སོ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

ཉང་གཏེར་མིག་འབྱེད་ཟབ་མོའི་ངག་འདོན་རྒྱུན་འཁྱེར།

p. 543

༄༅། །ཉང་གཏེར་མིག་འབྱེད་ཟབ་མོའི་ངག་འདོན་རྒྱུན་འཁྱེར་བཞུགས་སོ། ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཁྲི་སྲོང་རྣམ་སྤྲུལ་ཉང་གིས་སྤྱན་དྲངས་པའི། །མིག་འབྱེད་ཟབ་མོ་མྱོང་གྲུབ་ཁྱད་འཕགས་ཀྱི། །འདོན་སྒོམ་རིམ་པ་འདི་ལྟར་ཉམས་སུ་ལེན། །བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་འཆི། །སེམས་ཅན་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །སྐད་ཅིག་རང་ཉིད་འཕགས་པ་སྤྱན་རས་གཟིགས། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞི་འཛུམ་བཞད། །ལྷ་རྫས་ལས་གྲུབ་དར་དང་རིན་ཆེན་བརྒྱན། །དང་པོའི་ཕྱག་གཉིས་མིག་འབྱེད་ཕྱག་རྒྱ་ཅན། །འོག་མའི་ཕྱག་གཉིས་རྒྱལ་བ་ཐམས་ཅད་ལ། །ཁྲུས་གསོལ་ཡེ་ཤེས་སྤྱན་གསལ་སེམས་ཅན་གྱི། །མིག་གི་ནད་དང་ཉེས་གྲིབ་ཐམས་ཅད་བསལ། །པད་ཟླའི་གདན་ལ་ཞབས་གཉིས་བཞེངས་སྟབས་བཞུགས། །ཏདྱ་ཐཱ་ཨོཾ་ཧུ་ཡ་ཧུ་ཡ། ཧུ་དུ་ཧུ་དུ། ཀི་ལི་ཀི་ལི། ཙཀྵུ། མཻ་ཏྲི་ཤོ་ཏྲི་ན་ཡ་སྭཱ་ཧཱ། །བསྙེན་ཚད་བརྒྱད་དང་བཅོ་ལྔར་སྟོང་ཕྲག་བཟླས། །རྒྱུན་དུ་རྩ་སྟོང་བརྒྱ་བཟླས་ལག་གཡོན་གྱི། །སྲིན་ལག་རྩ་བར་སྔགས་བཟླས་མཆིལ་མ་བཏབ། །གཡས་པའི་སྲིན་ལག་གིས་བླང་མིག་ལ་བྱུག །གཡས་ཀྱི་སྲིན་ལག་རྩ་བར་སྔགས་ཟླས་མཆིལ་མ་བཏབ། །གཡོན་གྱི་སྲིན་ལག་རྩེ་

p. 544

མོས་མིག་ལ་བྱུག་པ་སོགས་གོ་ལྡོག་ཐལ་མོར་སྔགས་བཟླས་ཕུས་བཏབ་གཙུབ་ཤིང་བརྡར། མིག་ལ་དྲོད་ཕབ་ཆག་མེད་བྱས་པ་ཡིས། །མིག་ནད་མཐའ་དག་སེལ་བར་གསུངས་པ་ཡིན། །ཡང་ན་མ་ཎི་མང་དུ་བཟླས་བྱས་མཐར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ པདྨེ་པདྨེ་མ་ཁྲི་བ་ཀོ་ཕུ་སྭཱ་ཧཱ༔ ཉེར་གཅིག་བཟླས་པའི་མཆིལ་མ་སྲིན་ལག་གཉིས། །རྩེར་བླངས་རྩེ་མོ་བརྡར་བཞིན་མིག་འཕུར་བས། །མཆོག་ཏུ་གསལ་ཞེས་འདི་ཡང་ཉང་གཏེར་ཡིན། །དཔོན་མོ་བོ་དགས་བསྐུལ་ངོར་ལས་རབ་ཀྱིས་། །བཀོད་པས་དགེ་བས་འགྲོ་ལ་ཕན་ཐོགས་ཤོག །མངྒ་ལཾ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་ཕྲིན་ལས་དོན་གྱི་སྙིང་པོའི་གསོལ་འདེབས།

p. 545

༄༅། །ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི་ཕྲིན་ལས་དོན་གྱི་སྙིང་པོའི་གསོལ་འདེབས་བཞུགས་སོ།། ཧྲཱིཿ འོད་དཔག་མེད་མགོན་འཕགས་མཆོག་སྤྱན་རས་གཟིགས། །པདྨ་འབྱུང་གནས་རྒྱལ་ཡུམ་མཁར་ཆེན་གཟའ། །ལང་གྲོ་ལོ་ཙཱ་དཔའ་བོ་ལས་རབ་རྩལ། །བསོད་ནམས་ཆོས་བཟང་ཨོ་རྒྱན་འཇིགས་མེད་དང་། །བརྒྱུད་པ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དྲན། །འཁོར་བའི་སྐྱོན་མཐོང་ལོང་མེད་རྒྱུད་ལ་སྐྱེས། །བསྐྱེད་རྫོགས་ལམ་ལ་བརྩོན་པ་མཐར་ཕྱིན་ནས། །རང་རིག་འཕགས་པའི་གོ་འཕང་མངོན་གྱུར་ཏེ། མཁའ་མཉམ་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ཅེས་པ་འདི་ཡང་ཕྲིན་ལས་དོན་སྙིང་ལ་གསོལ་འདེབས་ཤིག་དགོས་ཞེས་དང་པོའི་ལས་ཅན་འགས་བསྐུལ་ངོར་དབོན་སྤྲུལ་པས་སྨྲས་པའོ།། །།

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི༔ ཕྲིན་ལས་དོན་གྱི་སྙིང་པོ།

p. 546
p. 547

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་འདུལ་གྱི༔ ཕྲིན་ལས་དོན་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ༔

p. 548

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ རང་བྱུང་པདྨ་དྲག་རྩལ་བྱིན་རླབས་བཀའ༔ སྨོན་ལམ་མཐའ་ཅན་འགྲོ་བ་འདུལ་བའ་ིགདུང་༔ རྟེན་འབྲེལ་གནད་འཛོམས་དུས་ལ་བབ་པའི་ཚེ༔ སེམས་ཅན་དོན་དུ་འགྲོ་དོན་འབྱུང་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེ་ཆེན་པོ་སྒྲུབ་འདོད་རྣལ་འབྱོར་པས༔ སྐུ་གསུང་ཐུགས་རྟེན་ཅི་འབྱོར་མཆོད་ཚོགས་འགོད༔ བདེ་བའི་གདན་ལ་འཁོད་ཅིང་འདི་ལྟར་འཇུག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དུས་གསུམ་བདེ་གཤེགས་ཡོངས་ཀྱི་གཙོ༔ སྤྱན་རས་གཟིགས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་འཕགས་པའི་སྐུ་ཐོབ་ཕྱིར༔ ཐུགས་རྗེ་ཆེན་པོ་བསྒྲུབ་པར་བགྱི༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མི་དམིགས་སྟོང་པའི་ངང་ཉིད་ལས༔ སྣོད་བཅུད་འཇིག་རྟེན་པོ་

p. 549

ཏ་ལ༔ ཞིང་བཀོད་ཡོན་ཏན་མཐའ་ཡས་ཤིང་༔ སྣ་ཚོགས་མཆོད་སྤྲིན་ལྷ་མོས་གང་༔ པད་དཀར་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿལས་རང་ཉིད་སྤྱན་རས་གཟིགས༔ དྭངས་གསལ་ཤེལ་དཀར་དག་འདྲའི་སྐུ༔ ཕྱག་བཞི་དང་པོ་ཐལ་མོ་སྦྱར༔ འོག་གཉིས་ཕྲེང་བ་པདྨ་དཀར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་༔ ཞི་འཛུམ་སྤྱན་གྱིས་འགྲོ་ལ་གཟིགས༔ དབུ་གཙུག་འོད་དཔག་མེད་པས་བརྒྱན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ དུས་གསུམ་བདེ་གཤེགས་རྒྱལ་བ་རྣམས༔

p. 550

གཙོ་འཁོར་ལྷ་མིའི་ཁྲོམ་ཚོགས་ལྟར༔ གནས་གསུམ་འོད་ཀྱིས་སྤྱན་དྲངས་གྱུར༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་༔ བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ༔ དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི༔ སྤྱན་རས་གཟིགས་དབང་གནས་འདིར་གཤེགས་སུ་གསོལ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཛཿཧཱུྃ་བཾ་ཧོ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ དབང་བསྐུར་བྱིན་གྱིས་བརློབ་ཕྱིར་བཞུགས༔ སྐུ་དང་ཡེ་ཤེས་གཉིས་སུ་མེད༔ འགྲོ་བ་འདུལ་ལ་ཕྱག་འཚལ་ལོ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀུན་བཟང་མཆོན་སྤྲིན་རྒྱ་མཚོ་ཡིས༔ འཕགས་མཆོག་འཇིག་རྟེན་དབང་ཕྱུག་མཆོད༔ སྲིད་ཞི་ཀུན་གྱིས་བསྟོད་པའི་གནས༔ རྣམ་འདྲེན་གཙོ་བོ་ཁྱོད་ལ་བསྟོད༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར༔ འབྲུ་དྲུག་རང་སྒྲ་སྒྲོགས་པ་འཁོར༔ དེ་དག་ལས་འཕྲོས་འོད་ཟེར་ནི༔ ཡར་འཕྲོས་དཀོན་མཆོག་རྩ་གསུམ་མཆོད༔ བྱིན་རླབས་བསྡུས་ནས་རང་ལ་ཐིམ༔ མར་འཕྲོས་འགྲོ་དྲུག་སྒྲིབ་པ་སྦྱངས༔ ཐམས་ཅད་

p. 551

འཕགས་པའི་སྐུ་དང་ཞིང་༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དབྱངས་སུ་ལེན་དང་ཤུབ་བུར་བཟླ༔ ལྟ་སྤྱོད་ཏིང་འཛིན་སྙིང་པོ་སྦྲེལ༔ སྒྲུབ་ཐབས་གཞན་ལས་བྱིན་རླབས་མྱུར༔ ས་མ་ཡཱ༔ རྗེས་ལ་མཆོད་ཀྱང་བསྟོད་བྱས་ནས༔ ཐུགས་རྗེ་ཆེན་པོ་བསྒོམས་བསྒྲུབས་མཐུས༔ བདག་གཞན་ཚེ་རབས་ཐམས་ཅད་དུ༔ སྤྱན་རས་གཟིགས་དང་མི་འབྲལ་ཞིང་༔ ཐུགས་རྗེས་འགྲོ་བ་འདྲེན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདིས་མཚོན་དགེ་བ་ཅི་མཆིས་པ༔ མཁའ་ཁྱབ་སེམས་ཅན་ཡོངས་ལ་བསྔོ༔ ཁམས་གསུམ་སྡུག་བསྔལ་རྒྱུན་ཆད་ནས༔ རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྣོད་བཅུད་ལྷ་ཚོགས་རང་ལ་ཐིམ༔ དེ་ཡང་རིམ་བསྡུས་རྫོགས་པ་ཆེ༔ འཕགས་པ་སྐུ་གསུམ་བདག་ཉིད་ཀྱི༔ ངོ་མཚར་མཛད་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཐུགས་རྗེ་ཆེན་པོ་ཕྲིན་ལས་སྙིང་པོའི་དོན༔ ལས་ཅན་ཕོ་མོ་རྣམས་ཀྱིས་ཉམས་སུ་ལོངས༔ ལས་ཉོན་བག་ཆགས་ཉམས་ཆག་སྡིག་སྒྲིབ་དག༔ ཚེ་བསོད་དཔལ་འབྱོར་དགེ་ལེགས་ཡོན་ཏན་འཕེལ༔ འདི་དང་འབྲེལ་ཐོགས་འཕགས་པའི་ཞིང་དུ་སྐྱེ༔ དངོས་ཉམས་རྨི་ལམ་མཚན་མ་བཟང་པོ་མཐོང་༔ འདི་དང་སྐྱེ་བདུན་དམ་རྫས་སྤེལ་ལ་རེམ༔ བསྟན་དང་འགྲོ་བའི་བར་ཆད་རང་སར་ཞི༔ ནད་མཚོན་མུ་གེའི་སྐལ་བ་ངན་པ་བཟློག༔ སངས་རྒྱས་ཞིང་དེར་ཁྱུ་

p. 552

དེད་བྱེད་ཅིང་འགྲོ༔ སྙིགས་མའི་སྙིགས་མ་སུམ་ཅུ་ཁ་རལ་ལ༔ བདུད་རྒྱལ་རི་ནག་སྤུངས་པའི་བར་ཆད་ལྡང་༔ འདྲེ་བདུད་དམ་སྲིའི་སྤྲུལ་པ་བརྒྱ་རྩ་འབྱུང་༔ སྤྱན་རས་གཟིགས་དང་པད་འབྱུང་སྤྲུལ་པ་ཡང་༔ མང་དུ་འབྱུང་ཞིང་འཕགས་པའི་གདུལ་བྱ་སྐྱོང་༔ བཻ་རོའི་སྤྲུལ་པ་ཉི་ཟླའི་ཟེར་དང་མཚུངས༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་སྣང་༔ ཆོས་བདག་ལས་ཅན་ཕོ་མོ་བརྒྱ་རྩ་འབྱུང་༔ ཆོས་དང་དམ་རྫས་འབྲེལ་ཚད་དོན་དང་ལྡན༔ སྙིང་སྟོབས་མ་ཆུང་བརྩོན་པས་དང་དུ་ལོངས༔ དཀོན་མཆོག་འབྱུང་གནས་ཡང་སྤྲུལ་ལས་རབ་རྩལ༔ སྤྱན་རས་གཟིགས་དང་པད་འབྱུང་ཐོད་ཕྲེང་རྩལ༔ དངོས་ཉམས་རྨི་ལམ་དག་ཏུ་ཡང་ཡང་མཇལ༔ ཆོས་དང་དམ་རྫས་བཀའ་བབས་ཚུལ་དུ་འབྱུང་༔ རྟེན་འབྲེལ་རབ་འབྲིང་ཐ་མ་བར་ཆད་མང་༔ ངེས་མེད་གཞན་དོན་སྤྱོད་ཅིང་དམ་རྫས་སྤེལ༔ བཟང་ངན་འབྲེལ་ཐོགས་སྐྱེ་བ་མཐའ་ཅན་ཡིན༔ མཐོང་གྲོལ་རྟེན་མཆོག་རྣམས་ལ་མཆོད་བསྐུལ་དང་༔ ཕྱག་འཚལ་བསྐོར་བ་སྨོན་ལམ་ཐེབས་ཚད་ཀུན༔ ལས་ངན་སྡིག་སྒྲིབ་འཕྲལ་རྐྱེན་བར་ཆད་ཞི༔ སྣོད་དུ་རུང་བའི་སེམས་ཅན་ཤིན་ཏུ་ཉུང་༔ ལས་ཀྱིས་ བསྒྲིབས་པའི་འགྲོ་བ་སྙིང་རེ་རྗེ༔ མཐོང་ཐོས་དྲན་རེག་ཕྱིར་མི་ལྡོག་པ་ཐོབ༔ རྒྱལ་ཁམས་བདེ་ཞིང་བཀྲ་ཤིས་ཡོན་ཏན་འཕེལ༔ ཆོས་འདིས་འགྲོ་དོན་དཔག་མེད་བྱེད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རང་བྱུང་པདྨས་བྱིན་གྱིས་བརླབས་པའི་བཀའ༔ མཆོག་སྤྲུལ་རང་བྱུང་བནྡྷའི་ཡི་གེ་ལུང་༔ ཟབ་གཏེར་ཁྱད་པར་ཅན་གྱི་དོན་དག་པའི་སྣང་ངོར་ཡེ་ཤེས་ལྷ་ཚོགས་མཐོང་བའི་ཟབ་གནད་བཀའ་གཏེར་དག་སྣང་ཆུ་བོ་གཅིག་ཏུ་དྲིལ་བ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་དག་པར་ཕབ་པའོ༔ མངྒ་ལཾ༔ དགེའོ༔

ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས་ཕྲིན་ལས་དོན་གྱི་སྙིང་པོའི་དབང་།

p. 553

࿅༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལས༔ ཕྲིན་ལས་དོན་གྱི་སྙིང་པོའི་དབང་བཞུགས་སོ༔

p. 554

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ པདྨ་ཐོད་ཕྲེང་བྱིན་རླབས་དགོངས་པའི་བཀའ༔ ཕྲིན་ལས་དོན་གྱི་སྙིང་པོའི་དབང་ཆོག་ནི༔ དབེན་པའི་གནས་སུ་དཀྱིལ་འཁོར་འདབ་དྲུག་དཀར༔ ཕྱི་རོལ་པདྨ་རྡོ་རྗེ་འོད་ལྔས་བསྐོར༔ དབུས་སུ་བཅུད་ལྡན་བུམ་པ་མགུལ་ཆིངས་དཀར༔ དབང་གཏོར་རྒྱན་ལྡན་མཁོ་བའི་ཡོ་བྱད་བསགས༔ གཞུང་བསྲངས་ལྷ་སྔགས་ནུས་པ་ལྡན་པར་བསྒྲུབ༔ ལས་ཀྱི་བུམ་པར་བདུད་རྩི་འཁྱིལ་པ་བསྒོམ༔ ཚོགས་མཆོད་གཟབ་ཅིང་བདག་འཇུག་དམིགས་པས་བླངས༔ བགེགས་སྦྱངས་ཁྲུས་ནས་ཕྱུང་ཤིང་མཎྜལ་དབུལ༔ དབང་གི་དོན་དུ་སློབ་མས་འདི་ལྟར་ཞུ༔ ཨེ་མ་གུ་རུ་རྡོ་རྗེ་འཆང་༔ སྤྱན་རས་གཟིགས་དབང་དཀྱིལ་འཁོར་དུ༔ བདག་ཅག་སེམས་ཅན་རྗེས་བཟུང་ནས༔ སྨིན་ཅིང་གྲོལ་

p. 555

བར་མཛད་དུ་གསོལ༔ ལན་དུ་སློབ་དཔོན་གྱིས༔ ཧོ༔ ཁྱོད་ནི་སྐྱོན་བྲལ་པདྨའི་རིགས༔ བློ་ཆེན་ཡང་དག་སྔགས་ལ་མོས༔ ང་ནི་འཇིག་རྟེན་དབང་ཕྱུག་སྟེ༔ དབང་དང་དམ་ཚིག་ཁྱོད་ལ་སྦྱིན༔ དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་འབོགས༔ དམ་ཚིག་གཟུང་བ་འདི་ཡི་རྗེས་ཟློས་བྱ༔ བླ་མ་རྡོ་རྗེ་འཛིན་པ་དང་༔ ཡི་དམ་སྤྱན་རས་གཟིགས་དབང་ལ༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ ལྷ་སྔགས་ཏིང་འཛིན་དམ་ཚིག་རྣམས༔ བདག་གིས་ཚུལ་བཞིན་གཟུང་བར་བགྱི༔ དཀོན་མཆོག་གསུམ་དང་བླ་མ་ཡི༔ དམ་ཚིག་དག་ཀྱང་གཟུང་བར་བགྱི༔ སྐུ་གསུམ་རིགས་

p. 556

ལྔའི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་གཟུང་བར་བགྱི༔ འགྲོ་བའི་དོན་ལ་བརྩོན་པ་ཡི༔ དམ་ཚིག་མཆོག་ལས་མི་འདའོ༔ ལན་གསུམ་བྱའོ༔ བསྐྱེད་རིམ་འབོགས༔ ཡེ་ཤེས་སྤྱན་དྲངས་བསྟིམ༔ བརྟན་པར་བྱས་ལ༔ སྐུའི་དབང་ནི༔ ཧཱུྃ༔ བུམ་པ་སྣོད་ཀྱི་གཞལ་ཡས་སུ༔ ནང་བཅུད་འཕགས་པ་སྤྱན་རས་གཟིགས༔ སྣང་བ་ཐམས་ཅད་སྐུ་དང་ཞིང་༔ མ་ཧཱ་ཡོ་གའི་དཀྱིལ་འཁོར་དུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྤྲུལ་པའི་སྐུ་རུ་སངས་རྒྱས་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྤྱི་བོར་བསྐུར་རོ༔ ཧཱུྃ༔ བུམ་པ་རྩ་ཁམས་གཞལ་ཡས་སུ༔ རླུང་དང་ཐིག་ལེ་སྤྱན་རས་གཟིགས༔ ཕུང་ཁམས་ལྷ་དང་ལྷ་མོའི་ཞིང་༔ ཨ་ནུ་ཡོ་གའི་དཀྱིལ་འཁོར་དུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མགྲིན་པར་བསྐུར་རོ༔ ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་སུ༔ ནང་བཅུད་རིག་པ་སྤྱན་རས་གཟིགས༔ ཟུང་འཇུག་གཞོན་ནུ་བུམ་སྐུའི་ཞིང་༔ ཨ་ཏི་ཡོ་གའི་དཀྱིལ་འཁོར་དུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་སྐུ་རུ་སངས་རྒྱས་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྙིང་གར་བསྐུར་རོ༔ ཧཱུྃ༔ བུམ་

p. 557

པ་སྐུ་གསུམ་གཞལ་ཡས་སུ༔ ནང་བཅུད་འཕགས་པའི་སྐུ་གསུང་ཐུགས༔ སྐུ་གསུམ་འདུ་འབྲལ་མེད་པའི་ཞིང་༔ ཡོངས་རྫོགས་ཆེན་པོའི་དཀྱིལ་འཁོར་དུ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ངོ་བོ་ཉིད་སྐུར་སངས་རྒྱས་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལྟེ་བར་བསྐུར་རོ༔ གསུང་གི་དབང་ནི༔ ཧྲཱིཿ སྙིང་པོ་ཡི་གེ་བདུན་པ་འདི༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ འོད་དཔག་མེད་ཀྱི་སྙིང་པོ་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སེམས་ཀྱི་སྒྲིབ་པ་འདག་གྱུར་ཅིག༔ གསང་སྔགས་རྒྱལ་པོའི་དབང་ཐོབ་ནས༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྙིང་གར་བསྐུར་རོ༔ ཧྲཱིཿ སྙིང་པོ་ཡི་གེ་བདུན་པ་འདི༔ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ༔ རྒྱལ་བ་རིགས་ལྔའི་སྙིང་པོ་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་དག་གྱུར་ཅིག༔ གསང་སྔགས་རྒྱལ་པོའི་དབང་ཐོབ་ནས༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མགྲིན་པར་བསྐུར་རོ༔ ཧྲཱིཿ གསང་སྔགས་ཡི་གེ་བདུན་པ་འདི༔ མ་དག་རིགས་དྲུག་ཞིང་ཁམས་སུ༔ སྤྲུལ་སྐུ་ཐུབ་དྲུག་

p. 558

སྙིང་པོ་མཆོག༔ སྐལ་ལྡན་བུ་ལ་དབང་བ སྐུར་བས༔ ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག༔ གསང་སྔགས་རྒྱལ་པོའི་དབང་ཐོབ་ནས༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྤྱི་བོར་བསྐུར་རོ༔ ཧྲཱིཿ སྙིང་པོ་ཡི་གེ་བདུན་པ་འདི༔ རི་བོ་ཏ་ལའི་ཞིང་ཁམས་སུ༔ ཐུགས་རྗེ་ཆེན་པོའི་སྙིང་པོ་མཆོག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྒྲིབ་པ་འདག་གྱུར་ཅིག༔ གསང་སྔགས་རྒྱལ་པོའི་དབང་ཐོབ་ནས༔ སྤྱན་རས་གཟིགས་སུ་སྨིན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལྟེ་བར་བསྐུར་རོ༔ ཐུགས་ཀྱི་དབང་ནི༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་གི་སེམས་ཉིད་སྤྱན་རས་གཟིགས༔ ལྟ་བའི་རྒྱལ་པོ་རྫོགས་པ་ཆེ༔ དཔེ་ནི་མོ་གཤམ་བུ་དང་འདྲ༔ སྐྱེ་མ་མྱོང་བས་འཆི་མ་མྱོང་༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལྟ་བ་ངོ་སྤྲད་དོ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་གི་སེམས་ཉིད་སྤྱན་རས་གཟིགས༔ སྒོམ་པའི་རྒྱལ་པོ་རྫོགས་པ་ཆེ༔ དཔེ་ནི་ཉི་མའི་སྙིང་པོ་འདྲ༔ སྒྲིབ་མ་མྱོང་བས་མུན་མ་མྱོང་༔ གསལ་སྒྲིབ་མེད་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྒོམ་པ་ངོ་སྤྲད་དོ༔ ཀྱེ་མ་

p. 559

སྐལ་ལྡན་རིགས་ཀྱི་བུ༔ རང་གི་སེམས་ཉིད་སྤྱན་རས་གཟིགས༔ སྤྱོད་པའི་རྒྱལ་པོ་རྫོགས་པ་ཆེ༔ དཔེ་ནི་ཆུ་ལ་རི་མོ་འདྲ༔ དོད་མ་མྱོང་བས་དག་མ་མྱོང་༔ བཅིང་གྲོལ་མེད་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྤྱོད་པ་ངོ་སྤྲད་དོ༔ ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ རང་གི་སེམས་ཉིད་སྤྱན་རས་གཟིགས༔ འབྲས་བུ་རྒྱལ་པོ་རྫོགས་པ་ཆེ༔ དཔེ་ནི་ནམ་མཁའི་པདྨོ་འདྲ༔ གྲུབ་མ་མྱོང་བས་རེ་མ་མྱོང་༔ རེ་དོགས་མེད་པའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འབྲས་བུ་ངོ་སྤྲད་དོ༔ ཡོན་ཏན་གྱི་དབང་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་ཐབས་ལ་མཁས༔ མ་བསྒོམས་སངས་རྒྱས་ངོ་མཚར་ཆེ༔ མཚམས་མེད་སྤྱོད་པས་མྱོང་ཡང་གྲོལ༔ མཆོག་གྲུབ་དམ་པའི་རྫས་ཆེན་པོས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྤྱི་བོར་བསྐུར་ཞིང་མྱོང་དུ་བཅུག༔ ཕྲིན་ལས་ཀྱི་དབང་ནི༔ ཧཱུྃ༔ གཏོར་མ་སྤྱན་རས་གཟིགས་དབང་སྐུ༔ ཐུགས་རྗེ་ཆེན་པོས་ཡོངས་ལ་ཁྱབ༔ རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ༔ མཆོག་དང་ཐུན་མོང་དངོས་གྲུབ་དཔལ༔ སྐལ་

p. 560

ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞིའི་དབང་ཐོབ་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཐའ་རྟེན་བསྐུར་རམ་ཤིས་པ་བརྗོད༔ ཡོན་འབུལ་བསྙེན་སྒྲུབ་དམ་བཅའ་དམ་ཚིག་འཛིན༔ དགེ་བ་བསྔོ་ཞིང་གཞན་དོན་སྤྱོད་པ་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་རིམ་མཇུག་བསྡུ་ཤུལ་མི་མངོན་པར་བྱ༔ དབང་འདིར་འབྲེལ་ཚད་ཚེ་རབས་སྡིག་སྒྲིབ་འདག༔ རྒྱལ་བ་རབ་འབྱམས་དབང་བསྐུར་དུས་གཅིག་འཐོབ༔ དེ་ཕྱིར་འགྲོ་བའི་དོན་ལ་བརྩོན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔

རིགས་བདག་སྣང་བ་མཐའ་ཡས་ཀྱི་ལོ་རྒྱུས།

p. 561

༄༅། །རིགས་བདག་སྣང་བ་མཐའ་ཡས་ཀྱི་ལོ་རྒྱུས་བཞུགས་སོ། ། མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྤྱིར་རྒྱུད་སྡེའི་ལྷ་དག་གི་རིགས་བདག་ལ་བདེ་ཆེན་ཞིང་སྒྲུབ་འབྱུང་བ་མང་ཞིང་། ཁྱད་པར་གཏེར་བྱོན་གུ་རུ་ཞི་དྲག་དང་རྟ་མགྲིན་སོགས་ལ་རིགས་བདག་འོད་དཔག་མེད་ཁོ་ནར་འབྱུང་ཞིང་། ད་ལྟའི་སྒྲུབ་ཐབས་འདི་རཏྣ་གླིང་པའི་ཐུགས་སྒྲུབ་དྲག་པོ་དམར་ནག་མེ་ཕྲེང་གི་རྒྱ་གཞུང་ལྟར་སྣང་མཐའ་སྤྲུལ་སྐུའི་ཆ་ལུགས་ཅན་དང་སྔགས་ཀྱང་སྒྲུབ་ཐབས་ཀྱི་ལྷ་བསྐྱེད་དང་ལས་གཞུང་ལས་བྱུང་བ་ལྟར་འདིར་བཀོད་པ་ཡིན་ཞིང་། ཁོ་བོ་སྣང་བ་དྭངས་པའི་དུས་འགའ་ཞིག་ཏུ་ནུབ་ཕྱོགས་ཀྱི་ཕ་མཐའི་སྟེང་གི་ཆར་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་ལུགས་མཚན་བཟང་ཅན་ལྟ་བས་ཆོག་མི་ཤེས་པ་ཡིད་འཕྲོག་པ། ཡང་ནས་ཡང་དུ་ལན་མང་པོར་ཉམས་ཀྱི་སྣང་བ་ཤར་བ་དང་། སྐབས་འགའ་ཞིག་ཏུ་རང་མདུན་གྱི་ནམ་མཁར་སྣང་བ་མཐའ་ཡས་མངོན་སུམ་བཞུགས་པའི་སྣང་ཉམས་མང་ཞིག་བྱུང་བར་བརྟེན་ནས་འདི་ཉིད་ཡི་གེར་བཀོད་པ་ཡིན། རང་ཉིད་བགྲང་

p. 562

བྱ་རྒས་པ་དང་། སེམས་བྱིང་རྨུགས་གྱུར་པ་དང་གདུལ་བྱ་སྣོད་ལྡན་དཀོན་པ་དང་། ཡུལ་དུས་ཀྱི་དབང་གིས་མདོར་བསྡུས་སུ་བྱས་པ་ཡིན་ཞིང་ཅུང་ཟད་རྒྱས་ན་ཆོག་པར་འདུག་ཀྱང་འདིར་དེ་ཙམ་མོ། །མི་འཁྲུགས་པ་ལོངས་སྐུ་སྤྲུལ་སྐུ་སྨན་གྱི་བླ་མ་ལོངས་སྐུ་དང་སྤྲུལ་སྐུ་འོད་དཔག་མེད་ལོངས་སྐུ་སྤྲུལ་སྐུ་སོགས་བཤད་གཞི་དང་འདི་ཡིན་འདི་མིན་འདོད་པ་མང་ཡང་ཁོ་བོའི་རང་ལུགས་ལ་སངས་རྒྱས་ལ་སྐུ་གསུམ་གྱི་མཛད་པ་མཐའ་ཡས་པ་མ་འགགས་པར་མངའ་ཕྱིར། ཕྱོགས་རེར་མི་འཛིན་པ་དམ་བཅའ་བ་ཉིད་དོ། །ཞེས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ལོ་རྒྱུས་ལས་རབ་རྩལ་གྱིས་བརྗོད་པའོ། །མངྒ་ལཾ། བཀྲ་ཤིས་སོ།། །།

p. 563

བདེ་ཆེན་ཞིང་གི་གསོལ་འདེབས་སྨོན་ལམ་བཞུགས་སོ། ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །རྒྱལ་སྲས་མཐུ་ཆེན་ཐོབ་ཀྱིས་བར་ཆད་སོལ། །ལས་ངན་སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས ། །གནད་གཅོད་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐད་ཅིག་ལག་པ་བརྐྱང་བསྐུམ་ཡུད་ཙམ་གྱིས ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས ། །རྒྱལ་བའི་སྲས་མཆོག་དམ་པར་བྱིན་གྱིས་རློབས ། །ཁམས་གསུམ་སེམས་ཅན་བདག་གིས་འདྲེན་པར་ཤོག །ལས་རབ་རྩལ་གྱིས་སྨྲས་སོ། །སརྦ་མངྒ་ལཾ།། །།

བདེ་ཆེན་ཞིང་གི་སྒྲུབ་ཐབས།

p. 564
p. 565

༄༅། །བདེ་ཆེན་ཞིང་གི་སྒྲུབ་ཐབས་བཞུགས་སོ། །

p. 566

མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ཉིད་སྒྲུབ་པའི་སྐྱེས་བུས་དབེན་གནས་སུ། །སྐུ་གསུང་ཐུགས་ཀྱི་མཆོད་པའི་ཡོ་བྱད་བཤམས། །ངེས་འབྱུང་སྐྱོ་ཤས་དད་པས་ཡིད་དྲངས་ཏེ། །བདག་མདུན་བུམ་གསུམ་ཟུང་འཇུག་ཚུལ་དུ་ནི། །ༀ་ཨཱཿཧཱུྃ། བླ་མ་དཀོན་མཆོག་ཀུན་འདུས་འོད་དཔག་མེད། །ཁྱེད་ལ་སྐྱབས་མཆི་ཁྱེད་ལ་གསོལ་བ་འདེབས ། །མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྒྱུན་ཆད་ནས། །བདེ་ཆེན་ཞིང་དུ་འདྲེན་པར་སེམས་བསྐྱེད་དོ། །ལན་གསུམ། དངོས་བཤམས་ཡིད་ལས་སྤྲུལ་པའི་མཆོད་པའི་སྤྲིན། །དགོས་དགུ་མ་ཚང་མེད་པས་སྣང་སྲིད་ཁྱབ ། །ཀུན་ཏུ་བཟང་

p. 567

པོའི་རོལ་པ་ཆེན་པོ་ཡི། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཁྱབ་གྱུར་ཅིག །ༀ་ཨཱཿཧཱུྃ༔ ཅི་མང་དང་ནམ་མཁའ་མཛོད་ཀྱི་སྔགས་བརྗོད། ཧྲཱིཿ དམིགས་མེད་བྱམས་དང་སྙིང་རྗེའི་ངང་ཉིད་ལས ། །རང་ཉིད་གནས་པའི་ས་ཕྱོགས་འདི་དག་ཀུན། །བདེ་ཆེན་ཞིང་གི་བཀོད་པ་ཕུན་སུམ་ཚོགས། །དེ་དབུས་རྒྱལ་བའི་ཕོ་བྲང་ལྟ་ན་སྡུག །ཉེས་ཚོགས་ཀུན་བྲལ་ཡིད་འོང་ཉམས་དགའ་ཞིང་། །རྨ་བྱའི་ཁྲི་སྟེང་ཉི་ཟླ་པདྨའི་སྟེང་། །ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ཡོངས་གྱུར་པས། །སྣང་བ་མཐའ་ཡས་མགོན་པོ་འོད་དཔག་མེད། །སྐུ་མདོག་

p. 568

དམར་པོ་མཉམ་བཞག་ལྷུང་བཟེད་དང་། །བདུད་རྩིས་གང་བའི་ཚེ་ཡི་བུམ་པ་འཛིན། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས། །ངུར་སྨྲིག་ཆོས་གོས་ན་བཟའ་སྐུ་ལ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས ། །འོད་དང་འོད་ཟེར་དཔག་མེད་ཕྱོགས་བཅུར་ཁྱབ། །འདིར་དམིགས་བསལ་འཁོར་དུ་སྲས་ཀྱི་ཐུ་བོ་གཉིས་བསྒོམ་པར་སྤྲོ་ན། གཡས་ན་སྤྱན་གཟིགས་དཀར་གསལ་པདྨ་འཛིན། །གཡོན་ན་ཕྱག་རྡོར་མཐིང་གསལ་རྡོ་རྗེ་འཛིན། །གཉིས་ཀ་ལོངས་སྤྱོད་ཆས་རྫོགས་བཞེངས་པའི་སྟབས། །གཙོ་བོའི་ཐུགས་ཀར་བལྟ་ཞིང་འདུད་པའི་ཚུལ། །ཞེས་པའི་ཚིག་བཞི་གསར་དུ་འཛུད་དོ། །རྒྱལ་བ་རིག་འཛིན་བྱང་སེམས་ཚོགས་ཀྱིས་བསྐོར། །འདོད་དགུ་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གཏིབས། །གནས་གསུམ་འོད་ཀྱིས་ནུབ་ཕྱོགས་བདེ་ཆེན་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །འོད་དཔག་མེད་མགོན་

p. 569

འཁོར་བཅས་གཤེགས་སུ་གསོལ། །ༀ་ཨ་མི་དྷེ་ཝ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ རྒྱལ་ཀུན་རིགས་བདག་འོད་དཔག་མེད་པ་ཡིས། །བདག་སོགས་ཉམ་ཐག་འགྲོ་བ་སེམས་ཅན་ལ། །སྤྱན་གྱིས་གཟིགས་ཤིང་ཐུགས་ཀྱིས་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་ཕྱིར་བརྟན་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། མཚན་ཙམ་དྲན་པས་སྲིད་པའི་རྒྱུན་གཅོད་པ། །ལྷག་པའི་ལྷ་མཆོག་མགོན་པོ་འོད་དཔག་མེད། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་པའི་མཆོད་ཚོགས་ཇི་སྙེད་པ། །ཀུན་བཟང་མཆོད་སྤྲིན་བློ་ཡིས་ཡོངས་བཀོད་ནས། །བདག་ཉིད་ཆེན་པོ་འོད་དཔག་མེད་མགོན་མཆོད། །སྣང་མཐའི་ཞིང་ཀུན་རྒྱས་པར་ཁྱབ་གྱུར་ཅིག །མཆོད་པའི་སྤྲིན་གྱི་གཟུངས་བརྗོད། ཧཱུྃ། རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ནི། །དམར་གསལ་དྲི་མེད་པདྨ་རཱ་གའི་མདོག །དྲན་ཞིང་མོས་པས་ཚེ་ཡི་དངོས་གྲུབ་སྩོལ། །རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །

p. 570

ཐུགས་ཀར་ཉི་སྟེང་ཧྲཱིཿལ་སྔགས་ཀྱིས་བསྐོར། །མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དཀོན་མཆོག་མཆོད། །བྱིན་རླབས་དངོས་གྲུབ་ཚུར་འདུས་སྙིང་པོར་ཐིམ། །གཟི་བརྗིད་ཡོན་ཏན་ནུས་པ་དཔལ་དུ་འབར། །ཁམས་གསུམ་རིགས་དྲུག་ལས་ཉོན་སྡིག་སྒྲིབ་སྦྱངས ། །འཆི་བདག་བདུད་བཅོམ་སྣང་མཐའི་སྐུ་ཐོབ་གྱུར། །ༀ་ཨཱཿ ཧཱུྃ་པདྨ་དྷ་ར་ནི་ཧཱུྃ། ཞེས་བཟླ། ༀ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཚེ་སྒྲུབ་ལ་འདི་བཟླ་བ་ནི་དོན་ལ་སྙིང་པོ་གཉིས་ཁྱད་མེད། ན་མོ་རཏྣ་ཏྲ་ཡ་ཡ། ན་མོ་བྷ་ག་ཝ་ཏེ་ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་ཨཱ་མི་ཏོཏྦྷ་ཝེ་ཨ་མི་ཏ་སམྦྷ་ཝ། ཨ་མི་ཏ་བི་ཀྲནྟེ་ཨ་མི་ཏ་ག་མི་ནེ། ག་ག་ན་ཀིརྟི་ཀ་རི་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་པ་འདིར་མ་གསུངས་ཀྱང་རྒྱུད་ལས་བྱུང་བའི་གཟུངས་རིང་སྟེ་བཟླ་བར་མོས་ན་ཅི་རིགས་དང་། དབྱངས་གསལ་ཡིག་བརྒྱ་ཡེ་དྷར་རྣམས་བཟླ། འབྱོར་ན་མཆོད་ཚོགས་རྒྱས་པར་བཤམས་ཤིང་བྱིན་གྱིས་བརླབ། སྤྲོ་ན་ ཇི་སྙེད་སུ་དག་སོགས། ཡན་ལག་བདུན་པ་རྒྱས་པར་བྱ། བཀའ་གཏེར་ཁུངས་བཙུན་གྱི་བདེ་སྨོན་ཀྱང་བརྗོད། བུམ་པ་དང་གཏོར་མ་ལས་དབང་བཞི་ལེན་པར་འདོད་ན། ཧཱུྃ། ཆོས་སྐུ་རྒྱལ་བ་སྣང་མཐའ་ཡས། །ཚེ་དཔག་མེད་ཅིང་འོད་དཔག་མེད། །རྣམ་འཕྲུལ་

p. 571

ཡོན་ཏན་བསམ་མི་ཁྱབ། །ཁྱེད་ལ་སྙིང་ནས་གསོལ་བ་འདེབས། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས། །བདག་རྒྱུད་ད་ལྟ་བྱིན་གྱིས་རློབས ། །སྐྱེ་འཆི་བར་དོའི་སྒྲིབ་སྦྱངས་ནས། །སྐུ་བཞིའི་ཡེ་ཤེས་མངོན་གྱུར་སྩོལ། །རྩ་སྔགས་མཇུག་ཏུ། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། སྤྲོས་བཅས་བསྐྱེད་རིམ་དམིགས་པའི་འཕྲོ་འདུ་རྣམས། །རིམ་བསྡུས་དམིགས་མེད་བརྡལ་བ་ཆེན་པོའི་ངང་། །གདོད་ནས་རང་རིག་སོར་རྟོག་ཡེ་ཤེས་ཆེ། །ཀུན་བཟང་སྣང་བ་མཐའ་ཡས་དུས་འདིར་མཐོང་། །ཨ་ཨ་ཨཱཿ ཧྲཱིཿ བཅོམ་ལྡན་འདས་སྣང་བ་མཐའ་ཡས་འོད་དཔག་མེད། །གསོལ་བཏབ་མཆོད་བསྟོད་བསྙེན་བ སྒྲུབས་ཏིང་འཛིན་དང་། །དད་གུས་དམ་ཚིག་རྩེ་གཅིག་མོས་པའི་མཐུས། །ཚེ་འདིར་ཚེ་རིང་ནད་མེད་མཆོག་ཐུན་འབྱོར། །ལུས་སེམས་བྲལ་ཚེ་གནད་གཅོད་སྡུག་བསྔལ་བྲལ། །ལས་ཉོན་བག་ཆགས་སྒྲིབ་པ་གཏན་བྱང་ནས། །སྐད་ཅིག་སེ་གོལ་གཏོགས་པའི་ཡུད་ཙམ་གྱིས། །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །ཡུད་ཙམ་ཞིག་གིས་ས་བཅུ་མཐར་ཕྱིན་

p. 572

ནས། །འོད་དཔག་མེད་པའི་ཞལ་མཇལ་གསུང་ཐོས་ཤིང་། །རྒྱལ་སྲས་རྒྱལ་བས་དབང་བསྐུར་བྱིན་བརླབས་ཏེ། །རྒྱལ་བ་ཀུན་ལས་ལྷག་པའི་སྟོབས་མངའ་ཞིང་། །ཁམས་གསུམ་རིགས་དྲུག་སེམས་ཅན་མ་ལུས་པ། །བདག་གི་མཐུ་ཡིས་ཞིང་དེར་འདྲེན་པར་ཤོག །ངན་སོང་མི་ཁོམ་སྒྲ་ཡང་མི་གྲགས་ཏེ། །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །རྩ་གསུམ་དཀོན་མཆོག་རྒྱ་མཚོའི་བདེན་པ་དང་། །དྲང་སྲོང་རིག་འཛིན་བདེན་ཚིག་ནུས་པ་ཡིས། །སྨོན་ལམ་དེ་དག་ངེས་པར་འགྲུབ་གྱུར་ཅིག །ཅེས་བདེ་ཆེན་ཞིང་གི་སྒྲུབ་ཐབས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་འདི་ཉིད་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་།། །།

p. 573

རིགས་བདག་འོད་དཔག་མེད་ཀྱི་བདེ་སྨོན་བཞུགས་སོ། ། ལྔ་བརྒྱའི་འགྲོ་ལ་ལྷག་པར་ཐུགས་བསྐྱེད་པའི། །ཐུབ་དབང་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །གང་གི་དྲིན་ལས་རྙེད་དཀའ་འདི་རྙེད་པས ། །བདེ་བ་ཅན་གྱི་ཞིང་ལ་མོས་པ་དང་། །སེམས་དཔའ་ཆེན་པོ་མཆོག་གི་བློ་མངའ་བའི། །དགེ་སློང་ཆོས་ཀྱི་འབྱུང་གནས་གང་དེ་ཡིས ། །སངས་རྒྱས་ཞིང་གི་བཀོད་པ་བཟུང་བ་ཡི། །ཞིང་ཁམས་བདེ་བ་ཅན་ལ་ཕྱག་འཚལ་ལོ། །ཚོགས་གཉིས་བསམ་མི་ཁྱབ་ལས་བསྐྲུན་པའི་སྐུ། །མཚན་དང་དཔེ་བྱད་ཡོངས་རྫོགས་རྣམ་པར་སྤྲས ། །ཞིང་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་མཛད་པ། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚན་ཙམ་དྲན་པས་གང་གི་དྲུང་དུ་སྐྱེ། །ཐུགས་བསྐྱེད་དཔག་མེད་སྨོན་ལམ་དཔག་ཏུ་མེད། །སྐུ་ཚེ་དཔག་མེད་འཁོར་ཡང་དཔག་ཏུ་མེད། །རྒྱལ་བ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་བ་རྣམ་མང་མཐའ་ཡས་བགྲང་ལས་འདས ། །རྒྱལ་མང་གིས་སྔགས་ཞིང་བཀོད་མཐའ་ཡས་ཤིང་། །དེ་བཞིན་ཡོན་ཏན་ཚད་མེད་མཐའ་

p. 574

ཡས་པ། །སྣང་བ་མཐའ་ཡས་ཞབས་ལ་ཕྱག་འཚལ་ལོ། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །བདེ་བ་ཅན་དུ་དགའ་བཞིན་སྤྲོ་བཞིན་དུ། །ཐོགས་པ་མེད་པར་བགྲོ ད་ཅིང་སྐྱེ་བར་ཤོག །སྐྱེ་བ་གཞན་དུ་སྐྱེ་བའི་སྲིད་པ་དང་། །པདྨའི་མངལ་དུ་ཐོགས་པར་མི་འགྱུར་ཞིང་། །བདེ་ཆེན་པདྨའི་སྟེང་དུ་བརྫུས་སྐྱེས་ནས ། །འོད་དཔག་མེད་མཐོང་ཟབ་མོའི་ཆོས་ཐོབ་ཤོག །བྱང་ཆུབ་སྤྱོད་པ་དམ་པ་མཐར་ཕྱིན་ཞིང་། །རྫུ་འཕྲུལ་གྱིས་ནི་སངས་རྒྱས་ཞིང་མཆོག་ཏུ། །སེམས་ཅན་དོན་དུ་མཛད་པ་རབ་སྟོན་ཞིང་། །སངས་རྒྱས་སྲས་ཀྱི་ཐུ་བོར་འགྱུར་བར་ཤོག །ཞིང་དང་བསམ་པ་རྣམ་པར་དག་པ་དང་། །དཀོན་མཆོག་མཐུ་དང་དགེ་བའི་བསོད་ནམས་ཀྱིས ། །རང་གཞན་སེམས་ཅན་རྣམས་ཀྱི་དོན་དུ་ནི། །སྨོན་ལམ་དེ་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ། །མངྒ་ལཾ།། །།

དབང་བཤད།

p. 575

༄༅། །འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་ཞིང་། ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས་གསན་པར་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས། ནམ་མཁའ་མཐའ་མེད་པ་བཞིན་སེམས་ཅན་མཐའ་མེད་ཅིང་། དེ་ལ་ཕན་སེམས་ལན་གཅིག་སྐྱེས་པ་ཡང་། ཚད་མེད་པའི་སྦྱོར་བ་སེམས་བསྐྱེད་དམ་པས་ཟིན་པ་ཡང་། ཆོས་ཞུ་དང་ཆོས་ཉན་པའི་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས། འདུ་ཤེས་བཞི་དང་ཕ་རོལ་ཕྱིན་དྲུག་ཚང་བའི་སྒོ་ནས་ཉན་དགོས་གསུངས་པ་ལྟར། དམིགས་མེད་དམ་པས་ཟིན་བཞིན་ཉན་པ་གལ་ཆེ། དེ་ཡང་གང་ཉན་པར་བྱ་བ་ཡང་། རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ་རྣམས་ཀྱིས ། གདུལ་བྱ་སེམས་ཅན་གྱི་བློ་རིག་མ་ཟད་

p. 576

བར། འདུལ་བྱེད་ཀྱི་ཆོས་གང་ཟག་གི་དབང་པོ་དང་འཚམས་པའི། མདོ་དང་རྒྱུད་དང་། བཀའ་གཏེར་དག་སྣང་སོགས་མང་དུ་འབྱུང་བ་ཡིན་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་སོགས་ནས། བདག་གིས་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར། ཚད་མ་གསུམ་གྱི་སྲང་ལ་བཏེགས་པའི་གཞུང་བཟང་འདི་ལྟ་བུ་ལ་ཐེ་ཚོམ་མི་རུང་ཞིང་། བྱིན་གྱིས་བརླབས་པའི་བཀའ་བསྙོན་དུ་མེད་དེ། རྒྱུད་བླ་མ་ལས། རྒྱལ་བས་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་དང་དེར་མ་ཟད། འགྲོ་བ་གང་གི་རྒྱུད་ལ་དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་ན་ཡང་། རྒྱལ་བའི་ཐུགས་རྗེ་ལས་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས ། ཇི་ལྟར་མཚན་མོ་སོགས། ཞེས་གསུངས་སོ ། །དེས་ན་གཞུང་འདི་ཉིད་ཀྱང་། དོན་གྱི་སླད་དུ་མཚན་ནས་སྨོས་ན་སྤྲུལ་པའི་སྐུ་མཆོག་རིག་འཛིན་ཆེན་

p. 577

པོ་དཔའ་བོ་ལས་རབ་རྩལ་ཞེས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་སུས་ཀྱང་འགྲན་ཟླ་དང་བྲལ་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་བདེ་ཆེན་ཞིང་གི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་སྐབས་སུ་བབས་པ་སྟེ། ༈ ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གིས་མཚོན་པའི་མ་དག་ཕུང་པོ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་དབུས་སུ་ཉི་མའི་གདན་ལ། ཁྱེད་རང་རྣམས་བཅོམ་ལྡན་འདས་འོད་སྣང་མཐའ་ཡས ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྟེང་དུ་ལྷུང་བཟེད་བདུད་རྩིས་གང་བས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས་སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་བཅས། དབུ་ཡི་གཙུག་གཏོར་ལྟར་མི་

p. 578

མངོན་པ་ལ་སོགས་པའི་མཚན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོའི། ཆ་སྟོད་དུ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས ། མགོན་པོ་འོད་དཔག་ཏུ་མེད་པ་ལ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ཏེ་ཁྱེད་རྣམས་ལ་དབྱེར་མེད་དུ་ཐིམ་པར་གྱུར། ཀྱཻ། བླ་མ་འོད་དཔག་མེད་མགོན་དང་། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །པདྨ་འབྱུང་གནས་ཞེས་ཁ་བསྒྱུར། །སངས་རྒྱས་བྱང་ཆུབ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །

p. 579

བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་བཅས་ཏེ་པདྨ་ལྕགས་ཀྱུའི་ཡུ་བ་ནས་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་འཆི་མེད་ཚེ་ཡི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིིལ་མོ་ཀྲུང་གིས་བཞུགས་པ།།

རིགས་བདག་འོད་དཔག་མེད་ཀྱི་བྱིན་རླབས་དབང་གི་ཆོ་ག

p. 580
p. 581

༄༅། །རིགས་བདག་འོད་དཔག་མེད་ཀྱི་བྱིན་རླབས་དབང་གི་ཆོ་ག་བཞུགས་སོ། ། རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་ལོ། །དེ་ཡི་དབང་གི་རིམ་པ་ནི། །དགོས་པའི་རྫས་དང་ཡོ་བྱད་རྣམས་བཤམས། །བསྙེན་སྒྲུབ་དང་མཆོད་བསྟོད་སོགས་ཀྱིས་ནན་ཏན་ཏུ་བསྒྲུབ། སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་བརྗོད་མཎྜལ་ཕུལ་ལ། གསོལ་བ་འདེབས་པ་ནི། ཀྱཻ་ཧོ། གསུང་མཆོག་རྣམ་དག་པདྨའི་རིགས། །རྡོ་རྗེ་སློབ་དཔོན་རིགས་ཀྱི་གཙོ། །མགོན་པོ་ཁྱོད་ལ་གསོལ་བ་འདེབས ། །སྐྱོན་བྲལ་ཡོན་ཏན་ཡོངས་རྫོགས་པའི། །མགོན་པོ་སྣང་བ་མཐའ་ཡས་ཀྱིས ། །དབང་བསྐུར་བདག་ལ་བསྩལ་དུ་གསོལ། །གསུམ། གནང་བ་སྩལ་བ་ནི། རྒུད་པའི་མུན་པ་ཀུན་འཇོམས་ཤིང་། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ལ། །བདག་གིས་ཁྱེད་རྣམས་འཇུག་པར་བགྱི། །དམ་ཚིག་ཚུལ་བཞིན་བསྲུང་བར་བྱ། །མི་དགེའི་ལས་རྣམས་ཀུན་སྤངས་ཤིང་། །བླ་མ་ལྷ་དང་བཅས་པ་ལ། །དད་གུས་མཆོད་དང་བསྙེན་སྒྲུབ་རྣམས ། །ཚུལ་བཞིན་དུ་ནི་བསྒྲུབ་པར་བགྱི། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །རྣམ་དག་དགེ་བའི་ལྷག་

p. 582

བསམ་གྱིས ། །བྱང་ཆུབ་སེམས་མཆོག་འཛིན་པར་བྱ། །ལན་དུ། རྡོ་རྗེ་འཛིན་པས་གང་གསུངས་པའི། །དོན་གཉིས་སྒྲུབ་པའི་ཐབས་ཟབ་མོ། །རྨད་དུ་བྱུང་བའི་ལམ་སྲོལ་རྣམས ། །བདག་གིས་གུས་པས་རབ་ཏུ་བརྩོན། །སྐབས་འདིར་སྐྱབས་སེམས་ཡན་ལག་བདུན་པ་ཡེ་ཤེས་པ་དབབ་པ་རྣམས་བྱ། བུམ་པ་ཐོགས་ལ། ཧཱུྃ། བུམ་པ་ཞིང་ཁམས་བདེ་བ་ཅན། །སྣོད་ཀྱི་རང་བཞིན་དག་པའི་ཕྱིར། །བདེ་ཆེན་ཞིང་གི་དབང་བསྐུར་རོ། །བུམ་བཅུད་བདེ་གཤེགས་འོད་དཔག་མེད། །བཅུད་ཀྱི་རང་བཞིན་དག་པའི་ཕྱིར། །ཡེ་ཤེས་ལྷ་རུ་བྱིན་བརླབ་པོ། །སྐུ་ཡི་དབང་མཆོག་ཐོབ་པར་ཤོག །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། བྷནྡྷ་རྩ་ཁམས་དག་པའི་བརྡ། །བདུད་རྩི་བདེ་ཆེན་བྱང་ཆུབ་སེམས ། །ལྷ་དང་ལྷ་མོའི་རང་བཞིན་དང་། །གསང་སྔགས་སྙིང་པོའི་ངོ་བོ་ཅན། །སྣང་མཐའི་གསུང་དང་གཉིས་སུ་མེད། །གསུང་གི་དབང་མཆོག་ཐོབ་པར་ཤོག །རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། སེམས་ཉིད་མཐའ་བྲལ་མེ་ལོང་ཟླུམ། །ཤེལ་རྡོ་སྐྱོན་བྲལ་རང་རིག་སྟེ། །ཚེ་མཐའ་ཡས་པ་རྡོ་རྗེའི་སྐུ། །སྐུ་གསུམ་བརྡ་མཚོན་མན་ཤེལ་

p. 583

དབང་། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཐིག་ལེ་ལྔ་ལྡན་གཏད་ཅིང་། ཧཱུྃ། སྐུ་ལྔ་སེམས་ལ་རྫོགས་པའི་དོན། །གདངས་ལྔ་གནད་ཀྱི་ནམ་མཁར་སྣང་། །རིག་པའི་ལམ་དུ་གཟེར་བཏབ་པས། །ཟག་མེད་འོད་སྐུ་རང་སངས་རྒྱས ། །ཆོས་བྱེད་ཀློང་ཡངས་དབང་ཐོབ་ཤོག །དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཨ། ཚེ་བུམ་ཐོགས་ལ། ཧྲཱིཿ ཚེ་དཔག་མེད་མགོན་འཆི་མེད་རྡོ་རྗེའི་སྐུ། །སྤྱན་རས་གཟིགས་དབང་མཁའ་ཁྱབ་འགྲོ་བའི་མགོན། །པདྨ་འབྱུང་གནས་མཐུ་སྟོབས་ནུས་པའི་གཏེར། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་ཆེན་ཕོབ། །སྐལ་ལྡན་བུ་ཡི་ལུས་ངག་ཡིད་གསུམ་ལ། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ། །སྐྱེ་འཆི་འདུ་འབྲལ་ཀུན་དང་བྲལ་བ་ཡི། །མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །རྩ་སྔགས། ༀ་ཨཱཿ ཧཱུྃ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱིས ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱིས། །ཞིང་ཁམས་འདི་ཡི་ནུབ་ཀྱི་ཕྱོགས། །གྲངས་མེད་འདས་པའི་ཞིང་ཁམས་ནི། །བདེ་བ་

p. 584

ཅན་གྱི་བཀོད་པ་དང་། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །སྐུ་ཡི་ཕྱག་རྒྱ་སྙིང་པོ་སྔགས། །དྲན་ཞིང་ཡིད་ལ་གཟུང་བར་བྱ། །དད་གུས་གསོལ་འདེབས་མཆོད་བསྐུར་བྱ། །དམ་ཚིག་ཚུལ་བཞིན་བསྲུངས་པ་ན། །ཁྱོད་ནི་རྒྱལ་བ་དེ་ཡི་སྲས། །ངེས་པར་འགྱུར་བར་གདོན་མི་ཟ། །ལུས་འདི་སྲིད་པའི་ཐ་མ་ཡིན། །རབ་ཏུ་དགའ་ཞིང་སྤྲོ་བར་སྒོམས། །ཚུལ་འདི་རྡོ་རྗེ་ཐོད་ཕྲེང་གིས། །རིགས་བདག་སྒྲུབ་པའི་ཐབས་ཡིན་གྱིས། །ཟབ་པ་ཀུན་ལས་ཆེས་ཟབ་ཅིང་། །ཟབ་ལམ་མཆོག་ཏུ་གྱུར་པའོ། །དེ་ཕྱིར་ཁྱེད་ཅག་སྐལ་བཟང་རྙེད། །པདྨའི་རིགས་སུ་ད་གྱུར་ཏེ། །སེམས་དཔའ་ཆེན་པོར་ཁྱོད་ངེས་སོ། །ཞེས་དབུགས་དབྱུང་ངོ་། །སྤྲོ་ན་བཀྲ་ཤིས་རྫས་བརྒྱད་ཀྱང་བསྐུར་བར་བྱའོ། །ཞེས་རྗེས་ཀྱི་རིམ་པ་སྤྱི་ལྟར་རོ། །ཞེས་དབང་ཆོག་འདི་ནི་གླིང་གྲུབ་ཚ་སྤྲུལ་སྐུ་ཕུན་ཚོགས་ནས་རྟེན་དང་། བསོད་ནམས་ཆོས་བཟང་གཉིས་ཀྱིས་ནན་ཏན་ཆེ་བའི་ངོར། ༧ རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་། །དགེའོ།། །།

མ་བསྒོམས་སངས་རྒྱས་ཀྱི་གདམས་པ་མཁའ་སྤྱོད་མྱུར་ལམ།

p. 585

࿅༔ མ་བསྒོམས་སངས་རྒྱས་ཀྱི་གདམས་པ་མཁའ་སྤྱོད་མྱུར་ལམ་བཞུགས་སོ༔ རྗེ་བཙུན་བླ་མ་སངས་རྒྱས་ལ་ཕྱག་འཚལ༔ མ་བསྒོམས་སངས་རྒྱས་གདམས་པ་དེང་འདིར་བཤད༔ དུས་མིན་འཕོ་བ་ལྷ་བསད་ཉེས་པ་ཡོད༔ འཆི་བ་ངེས་པར་ཐག་ཆོད་དུས་དང་ནི༔ ཁྱད་པར་འཕྱུག་མེད་ཕྱི་དབུགས་ཆད་པ་དང་༔ ནང་དབུགས་མ་ཆད་དུས་དེར་འཕོ་བ་གཅེས༔ གཞན་སྟོབས་སྦྱངས་བ་སོང་བའི་གྲོགས་སྟོབས་སམ༔ རང་སྟོབས་གསོན་དུས་འབྱོངས་ནས་འདི་ལྟར་དགོས༔ གཉེན་བཤེས་བདེ་འབྱོར་རང་ལུས་ཆགས་པ་སྤངས༔ བདེ་ཆེན་ཞིང་དང་ཞིང་མགོན་འོད་དཔག་མེད༔ དྲན་དང་དད་པ་སྐོམ་པའི་ཆུ་བཞིན་མོས༔ བདེ་ཆེན་ཞིང་ལ་འཕོ་བར་དགའ་བཞིན་དུ༔ འཁོར་བ་སྐྱོན་མཐོང་བཙོན་བཞིན་བྲོོས་སྙམ་གྱིས༔ རང་ལུས་སྣང་སྟོང་འོད་སྐུ་རྗེ་བཙུན་མ༔ དམར་མོ་གྲི་ཐོད་གར་གྱི་རྣམ་པར་རོལ༔ ལྟེ་བ་ནས་བཟུང་སྤྱི་བོར་རྩ་དབུ་མ༔ དྲང་བ་ཆུ་ཤིང་སྲབ་པ་པདྨའི་འདབ༔ གསལ་བ་ཏིལ་མར་དམར་བ་རྒྱ་མཚལ་མདངས༔ ཡར་སྣེ་ཚངས་བུག་སྐར་ཁུང་ཐ་ལེ་བ༔ མར་སྣེ་ལྟེ་འོག་འདུས་མདོར་ཁ་ཟུམ་པ༔ སྙིང་གར་ཚིགས་བཀག་ཇི་བཞིན་དམར་ཆ་ཡི༔ ཉི་དཀྱིལ་སྟེང་དུ་སེམས་ཉིད་འོད་ལྔའི་མདངས༔ ཆེ་ཆུང་ཚད་ནི་རྒྱ་སྲན་འབྲིང་པོ་ཙམ༔ སྣུམ་ཞིང་འདྲིལ་བ་ཡང་ཞིང་གཡོ་བ་ཉིད༔ དབུ་མའི་ཡར་སྣེ་སེང་གེ་བརྒྱད་བཏེགས་སྟེང་༔

p. 586

ཆོས་ཐོས་རང་མོས་སེལ་མེད་བླ་མ་དེ༔ འོད་དཔག་མེད་པ་སྤྲུལ་སྐུའི་རྣམ་པར་བསྒོམ༔ རྩེ་གཅིག་གུས་པས་གསོལ་བ་འདི་ལྟར་གདབ༔ ཀྱཻ་མ༔ འཁོར་བ་མེ་ཡི་འོབས་དང་སྤུ་གྲིའི་ཚལ༔ དུག་དང་ཚེར་མ་གཡང་ས་ཉམ་ང་བ༔ འདི་ལ་སྙིང་ནས་ད་ནི་ཞེན་པ་ལོག༔ ཞིང་ཁམས་ཁྱད་འཕགས་ནུབ་ཕྱོགས་བདེ་བ་ཅན༔ རྣམ་འདྲེན་གཙོ་བོ་མགོན་པོ་འོད་དཔག་མེད༔ ཕྱི་ལྟར་སངས་རྒྱས་ཆོས་དང་དགེ་འདུན་རྫོགས༔ ནང་ལྟར་བླ་མ་ཡི་དམ་མཁའ་འགྲོ་དངོས༔ གསང་བ་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔ དབུ་མ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ མ་རིག་རླུང་སེམས་ཐར་པའི་ཞིང་དུ་དྲོངས༔ འོད་དཔག་མེད་དང་དབྱེར་མེད་གཅིག་ཏུ་འདྲེས༔ ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས༔ ཞེས་བརྗོད་ལུས་ཀྱི་རྩ་བཞི་ནང་དུ་བསྐུམས༔ འོག་རླུང་གྱེན་བསྡུས་མིག་གིས་ནམ་མཁར་བལྟ༔ རྣམ་ཤེས་འོད་དཔག་མེད་ཀྱི་ཐུགས་ཀ་རུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་རྒྱངས་ཀྱིིས་འཕོ༔ ཞེས་བསམ་ཧིཀ་ དང་ཕཊ་ཀྱིས་རྟགས་སྦྱོར་བྱ༔ མ་ཡེངས་ཏིང་འཛིན་ངང་ནས་རྒྱལ་ཐབས་བཞག༔ ཐེབས་རྟགས་སློབ་དཔོན་ངེས་འབྱུང་སྐྱོ་ཤས་སྐྱེ༔ ཤེས་པ་དྲན་མེད་སྐྲ་

p. 587

གཟེངས་དྲན་ཤེས་མྱོས༔ དམིགས་བྱའི་སྐྲ་བྱི་ཟ་དང་ཆུ་སེར་འབྱུང་༔ ཐབས་འདིས་སྡིག་ཅན་སངས་རྒྱས་མ་ཐོབ་ན༔ མཚུངས་མེད་བླ་མ་བསྟེན་པའི་དད་པ་ཅན༔ མང་ཐོས་གསང་སྔགས་མཛོད་འཛིན་ཤེས་རབ་ཅན༔ ལས་རབ་རྩལ་དེས་རང་གཞན་སེམས་ཅན་དོན༔ ཆང་རྒན་ལས་རབ་བག་མེད་སྨྱོན་པས་བཀོད༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ མངྒ་ལཾ༔ དགེའོ༔

བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ཆོ་ག་དགོས་འདོད་རེ་སྐོང་།

p. 588
p. 589

࿅༔ བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་ཆོ་ག་དགོས་འདོད་རེ་སྐོང་བཞུགས་སོ༔

p. 590

བླ་མ་སྨན་གྱི་བླ་བཻཌཱུ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདི་ཉིད་ཉམས་སུ་ལེན་པའི་གང་ཟག་གིས་གནས་ཁང་གད་གདར་ལེགས་པར་བྱས་ཏེ་དྲི་བཟང་གི་ཆུས་ཆག་ཆག་གདབ༔ དེ་བཞིན་གཤེགས་པ་བརྒྱད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་འབྱོར་རྒྱས་པར་བཤམས་འབྲུ་སྨན་དཀར་མངར་གྱི་མཆོད་ཚོགས་ཉེར་སྤྱོད་སོགས་རྒྱ་ཆེར་བཤམས༔ འདི་ཉིད་ཁྲུས་བྱས་ཤ་ཆང་སྒོག་པ་སོགས་སླད་ཟས་རྣམས་སྤངས༔ ཚངས་སྤྱོད་རྒྱུན་འཇུག་པ་ཡིན་ན་དེས་འཐུས། ཁྱིམ་པ་སོགས་ཡིན་ན་བསྙེན་གནས་ཀྱི་སྡོམ་པ་ལེན་དགོས་ཤིང་སྙིང་རྗེ་དང་སེམས་བསྐྱེད་ཀྱི་ངང་ནས་སྟན་བདེ་བ་ལ་འདུག་པར་བྱའོ༔ ཁྲུས་བྱ་བར་འདོད་ན་བུམ་བསྐྱེད་མདུན་བསྐྱེད་མཉམ་དུ་བསྐྱེད་བཟླས་དང་༔ མཐར་བུམ་ལྷར་ཞུ་བའི་དམིགས་པ་བྱའོ༔ བདག་བསྐྱེད་རང་ཉིད་ཐུབ་དབང་བསྐྱེད་ཅིང་བདེ་བར་གཤེགས་པ་རྣམས་རིམ་པར་ཐོ་བརྩེགས་

p. 591

སུ་བསྒོམ་དགོས༔ དེ་ནས་ཆོ་ག་དངོས་ལ་འཇུག་པ་ནི༔ དཀོན་མཆོག་བདེན་དང་སངས་རྒྱས་བྱང་སེམས་ཀྱིས༔ བྱིན་གྱིས་བརླབས་དང་ཚོགས་གཉིས་མངའ་ཐང་དང་༔ ཆོས་དབྱིངས་རྣམ་དག་བསམ་མི་ཁྱབ་པའི་སྟོབས༔ དེང་གི་ཁོར་ཡུག་ས་གཞི་འདི་དག་ཀུན༔ བདེ་ཆེན་ཞིང་གི་བཀོད་པས་མཛེས་གྱུར་ཅིག༔ ཕུན་ཚོགས་གནས་འདིར་ལྷ་མིའི་ཡོ་བྱད་མཆོག༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ༔ གཞན་ཡང་མཆོད་པའི་རྫས་སུ་གྱུར་པ་ནི༔ རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པས༔ གནམ་ས་བར་སྣང་ཡོངས་སུ་ཁྱབ་གྱུར་

p. 592

ཅིག༔ ༀ་ཨཱཿཧཱུྃ༔ ལན་གསུམ༔ བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བདེ་བར་གཤེགས་པ་བདུན་འཁོར་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མ་ཛ༔ ཨརྒྷཾ་ནས་ ཤབྟའི་བར་གྱིས་མཆོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས༔ སྤྲོ་ན་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་བྱའོ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ བདེ་གཤེགས་ཞིང་བཀོད་ཕུན་ཚོགས་གཞལ་ཡས་ཁང་༔ ངོ་མཚར་བཀོད་པ་མ་ཚང་མེད་པ་ཡི༔ དབུས་དང་མདུན་ནས་བརྩམས་ཏེ་སེང་ཁྲི་བརྒྱད༔ བདུད་བཞི་དང་ནི་པདྨ་ཉི་ཟླའི་གདན༔ གདན་སྟེང་བདེ་གཤེགས་རང་མདོག་ཧཱུྃ་གིས་མཚན༔ ཡོངས་སུ་གྱུར་པས་དེ་བཞིན་གཤེགས་པ་བརྒྱད༔ དབུས་སུ་བཅོམ་ལྡན་ཐུབ་པའི་དབང་པོ་ནི༔ གསེར་གྱི་མདོག་འདྲ་ས་གནོན་མཉམ་བཞག་མཛད༔ དེ་བཞིན་གཤེགས་པ་སྨན་གྱི་བླ་མ་ནི༔ བཻཌཱུར་མདོག་འདྲ་འོད་ཟེར་གཟི་བརྗིད་འབར༔ མཆོད་སྦྱིན་མཉམ་བཞག་ཨ་རུ་རྣམ་རྒྱལ་བསྣམས༔ དེ་བཞིན་གཤེགས་པ་རྒྱལ་བ་མཚན་ལེགས་ནི༔ གསེར་གྱི་མདོག་འདྲ་སྐྱབས་སྦྱིན་མཉམ་བཞག་མཛད༔ མཁས་པ་གཟི་བརྗིད་

p. 593

སྒྲ་དབྱངས་རྒྱལ་པོ་ནི༔ བཙོ་མ་གསེར་མདོག་མཆོད་སྦྱིན་མཉམ་བཞག་མཛད༔ དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་སྣང་༔ གསེར་གྱི་རི་འདྲ་སྐྱབས་སྦྱིན་མཉམ་བཞག་མཛད༔ དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ༔ སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་བཞག་མཛད༔ དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོ་ནི༔ དྲི་མེད་དུང་མདོག་ཆོས་འཆད་ཕྱག་རྒྱ་ཅན༔ དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་ནི༔ སྐུ་མདོག་དམར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན༔ ཀུན་ཀྱང་ཆོས་གོས་རྣམ་པ་གསུམ་དང་ལྡན༔ མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས༔ བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཔག་མེད་བཅས༔ ཕྱི་རོལ་ཁོར་ཡུག་བཀའ་སྲུང་གནོད་སྦྱིན་འཁོར༔ ལྷ་ཚོགས་དེ་དག་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ས་མ་ཛ༔ ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས༔ རྣམ་གྲོལ་མཆོག་ལ་འགོད་མཛད་བཅོམ་ལྡན་འདསཿ ཐུབ་པའི་དབང་པོ་སྨན་རྒྱལ་མཆེད་བདུན་བཅས༔ ཐུགས་བསྐྱེད་དབང་གིས་སྤྱན་

p. 594

འདྲེན་གནས་འདིར་སྤྱོན༔ རྣམ་དག་གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ༔ རིགས་ཀྱི་བདག་པོའི་དབང་བསྐུར་དབུར་བརྒྱན་གྱུར༔ ཇི་སྲིད་མཆོད་པ་དེ་སྲིད་བཞུགས་སུ་གསོལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ ལུས་འདི་ཞིང་རྡུལ་མཉམ་པས་ཕྱག་འཚལ་ལོ༔ བདེ་གཤེགས་བརྒྱད་ཀྱི་ཐུགས་ཀར་ཟླ་བའི་གདན༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་འགྲོ་དྲུག་སྒྲིབ་སྦྱངས་གྱུར༔ ཐུབ་པ་ལ༔ ཏདྱ་ཐཱ་སིདྡྷི་སིདྡྷི་སུ་སིདྡྷི་སོགས་དང་༔ ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ གཞན་རྣམས་ལ་ཏདྱ་ཐཱ༔ གྷུ་མེ་གྷུ་མེ་སོགས་དང་ཏདྱ་ཐཱ་ༀ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ་མ་ཧཱ་བྷེ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླས་ཤིང་༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཁོར་ཉན་རང་བྱང་སེམས་འཕགས་པའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆི འོ༔ ལན་མང་དུ་བརྗོད༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་

p. 595

བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ ཀུན་ལ་འགྲེའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུ་འོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུ་འོད་ཀྱི་རྒྱལ་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་

p. 596

རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆི འོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་

p. 597

ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་སྣང་བརྟུལ་ཞུགས་གྲུབ་པའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔

p. 598

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

p. 599

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བློ་གྲོས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་མྱུར་བ་ཉིད་དུ་བྱང་ཞིང་དག་ནས་དུས་ད་ལྟ་ཉིད་དུ་བདེ་བ་མཆོག་ལ་འགོད་པར་མཛད་དུ་གསོལ༔ རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆི འོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་བར་གྱི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆི འོ༔ བདག་སོགས་སེམས་ཅན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་བར་གྱི་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ གཏོར་མ་དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་

p. 600

སྨན་སོགས་བྲན་ལ༔ བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་མང་ཞིང་རྒྱ་ཆེ་བ་རོ་ནུས་པ་ཕུན་སུམ་ཚོགས་ཤིང་ཟག་མེད་ཀྱི་བདེ་བ་བསྐྱེད་པའི་ནུས་པ་དང་ལྡན་པར་གྱུར༔ ༀ་ཨཱཿཧཱུྃ༔ གསུམ་ ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་བརླབས༔ དེ་བཞིན་གཤེགས་པ་བརྒྱད་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བས་མཉེས་པར་བསམ་ལ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་ས་པཱ་རི་ཝཱ་ར་ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ༔ ཞལ་ཟས་རོ་བརྒྱ་སོགས༔ མེ་ཏོག་དམ་པ་ཕྲེང་བ་སོགས་ཀྱིས་མཆོད༔ མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད༔ ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ༔ རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི༔ བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཡི་གེ་བརྒྱ་པ་བརྗོད༔ མ་འབྱོར་པ་དང་ སོགས་རྟེན་གྱི་ཡེ་ཤེས་པ་རྣམས་ལ་ འདི་ནི་གཟུགས་སོགས་རྟེན་མེད་པ་རྣམས་ལ་ༀ་ཁྱེད་ཀྱི་སེམས་ཅན་སོགས་དགེ་བ་འདི་ཡིས་མྱུར་དུ་བདག༔ བདེ་གཤེགས་མཆེད་བརྒྱད་སོགས༔ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྨན་གྱི་བླ་མའི་ཞབས་དྲུང་སྐྱེ་བར་ཤོག༔ སྐྱེས་མ་ཐག་ཏུ་ས་བཅུ་རབ་རྫོགས་

p. 601

ནས༔ སྤྲུལ་པས་ཕྱོགས་བཅུར་གཞན་དོན བྱེད་པར་ཤོག༔ ཤིས་བརྗོད་ནི༔ སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོགཿ སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག༔ འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག༔ བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ སྨན་བླའི་མདོ་ཆོག་བྷོ་དྷི་ས་ཏྭའི་བྱ་རྒྱུད་སློབ་དཔོན་པདྨའི་བླ་མེད་ཀྱི་ལུགས་གཉིས་ལས་འདི་ནི་བྱ་རྒྱུད་ཀྱི་ཕྱོགས་གཏོགས་ཙམ་དུ་སྨྲས་སོ༔ ཞེས་པ་འདི་ཉེ་ཆར་རང་དང་སླད་མར་ཡང་གཞན་ཕན་གྱི་རྒྱུར་འགྱུར་སྲིད་སྙམ་ནས་མདོ་དང་བསྟུན་ཏེ་ལས་རབ་རྩལ་གྱིས་སྦྱར་བ་འདིས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་སྲིད་གཞན་གྱིས་བར་མ་ཆོད་པར་བཻཌཱུ་འོད་ཀྱི་རྒྱལ་པོའི་ཞིང་ཁམས་དེར་མེ་ཏོག་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་བར་གྱུར་ཅིག༔

སངས་རྒྱས་སྨན་གྱི་བླ་མའི་སྒྲུབ་ཐབས་རབ་སྙན་ལྷའི་རོལ་མོ་བདུད་རྩི་དམ་པ་ཆོག་བསྒྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་།

p. 602
p. 603

༄༅། །སངས་རྒྱས་སྨན་གྱི་བླ་མའི་སྒྲུབ་ཐབས་རབ་སྙན་ལྷའི་རོལ་མོ་བདུད་རྩི་དམ་པ་ཆོག་བསྒྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

p. 604

བླ་མ་སྨན་པའི་རྒྱལ་པོར་ཕྱག་འཚལ་ལོ། །དེ་ཉིད་ཇི་ལྟར་བསྒྲུབ་པའི་རིམ་པ་ནི། །སྐུ་གསུང་ཐུགས་རྟེན་མཆོད་ཚོགས་ལེགས་པར་བཀོད། །བདེ་བའི་གདན་ལ་འཁོད་ཅིང་འདི་ལྟར་རོ། །ༀ་ཨཱཿཧཱུྃ། སྐྱབས་ཀྱི་དམ་པ་ཀུན་གྱི་ངོ་བོ་ཉིད། །བླ་མ་སྨན་པའི་རྒྱལ་པོར་སྐྱབས་སུ་མཆི། །འགྲོ་ཀུན་དུག་གསུམ་རྒྱུ་འབྲས་ཀུན་སྦྱངས་ནས། །རྣམ་མཁྱེན་ཐོབ་ཕྱིར་སྨན་རྒྱལ་བསྒྲུབ་པར་བགྱི། །ལན་གསུམ། མཆོད་པའི་མ་དག་ཉེས་ཚོགས་རཾ་ཡཾ་ཁཾ། །མཆོད་སྤྲིན་འདོད་དགུའི་ཕུང་པོར་ༀ་ཨཱཿཧཱུྃ། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ལན་གསུམ་བརྗོད། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣང་སྲིད་

p. 605

ཐམས་ཅད་ཀུན། །བཻཌཱུ་ཡི་ཞིང་བཀོད་ལྟ་ན་སྡུག །བདེ་བ་ཅན་གྱི་ཡོན་ཏན་ཡོངས་སུ་རྫོགས། །དེའི་དབུས་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རང་སེམས་ཧཱུྃ་ཡིག་མཐིང་ག་འོད་འབར་བ། །སྐད་ཅིག་སྟོབས་བཅུའི་བདག་ཉིད་སྨན་གྱི་བླ། །བཻཌཱུར་མཐིང་གའི་ལྷུན་པོ་ལྟ་བུའི་སྐུ། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་བརྒྱན། ཕྱག་གཡས་མཆོག་སྦྱིན་ཨ་རུ་རྣམ་རྒྱལ་བསྣམས། །ཕྱག་གཡོན་མཉམ་བཞག་ལྷུང་བཟེད་བདུད་རྩིས་གང་། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཆོས་གོས་གསུམ་གསོལ་

p. 606

འོད་དང་འོད་ཟེར་འཕྲོ། །རྒྱལ་དང་རྒྱལ་བ་སྲས་བཅས་སྤྲིན་ལྟར་འཁྲིགས། །གསང་གསུམ་འབྲུ་གསུམ་འོད་ཀྱིས་ཤར་ཕྱོགས་ནས། །སྤྱན་དྲངས་དམ་ཡེ་གཉིས་མེད་གཅིག་ཏུ་གྱུར། །ཧཱུྃ། ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས། །སྨན་གྱི་བླ་མར་ཕྱག་འཚལ་གསོལ་བ་འདེབས། །ཐུགས་རྗེས་གཟིགས་ཤིང་བྱིན་གྱིས་བརླབ་ཕྱིར་བྱོན། །དབྱེར་མེད་བཞུགས་ཤིང་མཆོད་པའི་ཚོགས་ཀུན་བཞེས། །ཇི་སྙེད་སུ་དག་སོགས། ཐུགས་རྗེས་ཀུན་ལ་སོགས། དེ་མན་ཚིག་གསུམ་གསར་བརྩམས། རྩེ་གཅིག་ཁྱེད་བསྙེན་མཆོད་བསྟོད་གསོལ་བཏབ་མཐུས། །རྒྱུད་ལྔར་འཁྱམས་པའི་ནམ་མཁའི་མཐའ་མཉམ་འགྲོའི། །དགེ་ལེགས་ཕན་བདེའི་ཚོགས་རྣམས་ཡོངས་འཕེལ་ཞིང་། །ནད་གདོན་སྡིག་སྒྲིབ་ཉེས་ཀུན་བསལ་དུ་གསོལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་འཁོར་མཐིང་། །འོད་ཀྱིས་རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས། །རང་གཞན་འགྲོ་ཀུན་ནད་གདོན་སྡིག་སྒྲིབ་དང་། །ཕོངས་དང་སྡུག་བསྔལ་མ་ལུས་ཀུན་བསལ་ནས། །གནས་སྐབས་མཐར་ཐུག་བདེ་བ་མཆོག་ཐོབ་

p. 607

གྱུར། །ཏདྱ་ཐཱ་ༀ་བྷེ་ཥ་ཛྱེ་སོགས། རྩེ་གཅིག་གསོལ་བཏབ་བརྩོན་ཏེ་བཟླ། །དབང་དང་འབྲེལ་ན་བུམ་བཟླས་ནི། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཐུན་མཐར། མཆོད་པ་དྲི་མེད་ཡོངས་དག་པའི། །རྣམ་མང་རྒྱ་ཆེ་ཐམས་ཅད་པ། ཀུན་ཏུ་བཟང་པོར་འཆར་བའི་སྤྲིན། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཨརྷ་ཏེ་བཛྲ་ཨ རྒྷཾ་སོགས་ནས། ཤབྟ་ཨེ་དཾ་བ་ལིངྟ་མ་ཧཱ་སརྦ་པཱུཙྪ་མེ་གྷ་ས་མུ་ཏྲ་ས་ཕ་ར་ཎ་ས་མ་ཡ་ཨཱ་ཧཱུྃ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །བུ་བཞིན་སྐྱོབ་པའི་མཐུ་མངའ་བ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །སྨན་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་དང་དབང་བཞི་བླངས༔ ལས་བུམ་སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ལས་བུམ་དུ། །པད་ཉིའི་སྟེང་དུ་ཧཱུྃ་ལས་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་སྡིགས་མཛུབ་ཅན་ཁྲོ་བོའི་ཆ་ལུགས་རྫོགས་པ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པ།

p. 608

ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་སྔགས་ཀྱི་ཕྲེང་བས་བསྐོར་བ་དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། དོན་གཉིས་བྱས། ལོག་པར་འདྲེན་པ་རྣམས་ཚར་བཅད་ཚུར་འདུས་ལྷ་སྔགས་ལ་ཐིམ་པས་བདུད་རྩིའི་རྒྱུན་བབས་བུམ་པར་འཁྱིལ་བས་ཡེ་ཤེས་ཀྱི་བདུད་རྩི་དྲི་མ་ཐམས་ཅད་སྦྱོང་བའི་ནུས་ལྡན་དུ་གྱུར། པར་བསམ་ ༀ་བཛྲ་པཱ་ཎི་ཧཱུྃ༔ ཅི་མང་བཟླས་མཐར། ལྷ་ཚོགས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་ པར་བསམ། དེ་ལྟར་བསྒྲུབས་པས་དེ་དག་ཐམས་ཅད་ནུས་ལྡན་དུ་བསྒྲུབ་པར་བྱའོ། །མ་རྙེད་ཡོངས་སུ་སོགས་དང་། བསྐྱེད་རིམ་སྣང་སྟོང་སྒྱུ་མ་ལྟ་བུའི་ངང་། །རྫོགས་རིམ་གསལ་སྣང་འཛིན་མེད་ཆེན་པོར་གྱུར། །སྨན་གྱི་བླ་མ་སྒོམ་བཟླས་བརྩོན་པའི་མཐུས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །གནས་སྐབས་སྡུག་བསྔལ་ཀུན་བྲལ་བདེ་བ་ལྡན། །མཐར་ཐུག་བཻཌཱུར་ཞིང་དེར་སྐྱེ་བར་ཤོག །ཤིན་ཏུ་བརྒལ་དཀའ་འཁོར་བའི་མཚོ་ལས་བརྒལ། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས་གཉིས་རྫོགས། །འགྲོ་བ་ཀུན་གྱི་གཉེན་གཅིག་དེ་བཞིན་གཤེགས། །

p. 609

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྙིགས་དུས་སྨོན་ལམ་དབང་གིས་སྐུར་སྤྲུལ་ནས། །ཤིན་ཏུ་ཉོན་མོངས་གདུལ་དཀའ་འདུལ་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེ་མངའ་སྨན་པའི་རྒྱལ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ༈ སྐྱེ་རྒ་ན་འཆི་མཐའ་དག་རྟག་ཏུ་སྤངས ། །མ་རིག་མུན་པ་དྲུངས་འཇོམས་སྒྲོན་མེའི་ཚོགས། །དམིགས་པའི་མཐའ་སྤངས་ལམ་གྱི་བདེ་འགྲོར་ཞུགས། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག རང་དོན་སྤངས་ཤིང་གཞན་དོན་ལྷུར་ལེན་པ། །འདོད་པའི་ཡོན་ཏན་ལྟ་བ་རྒྱང་བསྲིངས་ཏེ། །དད་དང་བརྩོན་འགྲུས་གྲོགས་མཆོག་བྱང་ཆུབ་སེམས། །བཀྲ་ཤིས་དེས་ཀྱང་བདེ་ལེགས་ཤོག །སྙིགས་དུས་སྨོན་ལམ་སོགས་བྱའོ། །ཕན་ཡོན་རྒྱས་པ་མདོ་ནས་བཤད་ལྟར་ཐོབ། །བསྡུ་ན་ཚེ་རིང་ནད་མེད་འཇིགས་ཀུན་ཞི ། །གདོན་དང་བྱད་དང་ལྟས་ངན་ཐམས་ཅད་ཞི། །བདེ་སྐྱིད་འབྱོར་རྒྱས་ལྷ་རྣམས་སྲུང་བར་བྱེད། །སྡིག་སྒྲིབ་ཀུན་བྱང་བཻཌཱུའི་ཞིང་དུ་སྐྱེ། །ཆག་མེད་གྲུབ་ན་མཆོག་ཏུ་ལེགས་པ་སྟེ། །རྐྱེན་སེལ་རིམ་གྲོར་མཚན་སྔགས་འུར་འདོན་གཅེས། །བྱིན་རླབས་ཐུགས་རྗེ་ཚད་མེད་ཤིན་ཏུ་མྱུར། །གདམས་པ་འདི་ཡིས་འགྲོ་ལ་ཕན་པར་ཤོག །ཟབ་ཟབ།

p. 610

ཅེས་ཀུན་མཁྱེན་ཆོས་དབྱིངས་དྲི་མེད་རྩལ་གྱི་ཐུགས་གཏེར་དག་སྣང་གི་ཆོས་སྡེ་ལས་བྱུང་བའི་སྨན་ལྷའི་སྒྲུབ་ཐབས་རབ་སྙན་ལྷའི་རོལ་མོ་བདུད་རྩི་དམ་པ་ཞེས་པ་ལ། ༧རྗེཉིད་ཀྱིས་རྒྱས་སྤྲོས་ལྷན་ཐབས་གནང་བ་ལྟར་ཀུན་རྨོངས་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་ཁྲིགས་སུ་བསྡེབས་པ་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།

སྨན་བླའི་སྒྲུབ་ཐབས་ཁྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་ཞེས་བྱ་བ་ལས་སྒྲུབ་ཐབས་ལྷའི་རོལ་མོའི་ནང་མེད་པ་རྣམས་བཀོད་པ།

p. 611

༄༅། །སྨན་བླའི་སྒྲུབ་ཐབས་ཁྲིགས་སུ་བྱས་པ་ཆོས་དབྱིངས་ཞལ་ལུང་ཞེས་བྱ་བ་ལས་སྒྲུབ་ཐབས་ལྷའི་རོལ་མོའི་ནང་མེད་པ་རྣམས་བཀོད་པ། ཧཱུྃ། མ་ལུས་སེམས་ཅན་སོགས། བཅོམ་ལྡན་བསྐལ་པ་སོགས། དེ་ཕྱིར་ཆོས་དབྱིངས་སོགས། ཆོས་རྣམས་ཀུན་གྱི་སོགས། ཞི་ཞིང་ཐུགས་རྗེ་སོགས། ཚུར་སྤྱོན་ཚུར་སྤྱོན་སོགས། དབྱེར་མེད་ཞེས་པའི་ཚབ་ཏུམྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མི་སྤང་གོས་པ་མེད། །མ་ཆགས་རང་བཞིན་དག་པ་ནི། །མཉམ་ཉིད་ངང་དུ་བཞུགས་སུ་གསོལ། །ཁྱེད་ཀྱི་རང་བཞིན་ཡོངས་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང་། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་སོགས། དེ་ནས་དེ་ལ་སོགས། ཇི་སྙེད་སུ་དག་སོགས་དང་། ༈ ཐུགས་རྗེས་ཀུན་ལ་སྙོམས་པའི་སོགས། གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་ཟླའི་འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ལྡན་སྨན་བླའི་སྐུ་ལ་ཕྱག་འཚལ་ལོ། །གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་

p. 612

ཚོགས་གདུལ་བྱའི་ཡིད། ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་བླའི་གསུང་ལ་སོགས། གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང་། །དམིགས་མེད་ཐུགས་རྗེ་རྦ་རླབས་ཆེར་གཡོས་ཤིང་། །སྨོན་ལམ་རྒྱ་མཚོའི་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་བླའི་ཐུགས་ལ་ཕྱག་འཚལ་ལོ། །འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བ སྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པ་ཡི། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང་། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་འཐིབ་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ༴ སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་རྣམས། །ཐུགས་རྗེ་ཐབས་དང་

p. 613

ཤེས་རབ་གྲུར་བཅུག་སྟེ། །ཞི་བ་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་ནུབ་གྱུར་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང་། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །རྩེ་གཅིག་ཁྱོད་བསྙེན་སོགས།། །།

སངས་རྒྱན་སྨན་གྱི་བླ་མའི་བྱིན་རླབས་དབང་གི་རིམ་པ་ཁྲིགས་ཆགས་སུ་གདབས་པ།

p. 614
p. 615

༄༅། །སངས་རྒྱན་སྨན་གྱི་བླ་མའི་བྱིན་རླབས་དབང་གི་རིམ་པ་ཁྲིགས་ཆགས་སུ་གདབས་པ་བཞུགས་སོ། །

p. 616

བླ་མ་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ཡི་བྱིན་རླབས་དབང་གི་རིམ་པ་ནི། འོག་ཏུ་མཁོ་བའི་ཡོ་བྱད་རྣམས་ཚུལ་བཞིན་དུ་བསགས། སྒྲུབ་ཐབས་ལྟར་ལེགས་པར་བསྒྲུབ། ཐོག་མར་ཞི་བ་དང་ཕྱེད་མ་དང་དྲག་པོའི་སྦྱང་བ་སྤྱི་ལྟར་སྔོན་དུ་འགྲོ་བས། བཀྲུ་བྱབས་བསྐྲད་སྲུང་བྱེད་པའི་ཐོག་མར་ཁྲུས་བྱ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྨན་གྱི་བླ་བཻཌཱུ་འོད་ཀྱི་རྒྱལ་པོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་སོགས་ནས་གཤེགས་སུ་གསོལ། བཛྲ་ས་མཱ་ཛཿ

p. 617

ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། བསྟོད་པར་འོས་པ་སོགས། ཕྱག་འཚལ་བསྟོད། ཞེས་པའམ་ཤོ་ལོ་ཀ་ཅི་རིགས་ཀྱིས་བསྟོད། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་སློབ་མའི་སྤྱི་བོ་ནས་བཟུང་ལུས་ཀྱི་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀྲུས་དྲི་མ་ཐམས་ཅད་རྣག་ཁྲག་དང་སྦལ་སྦྲུལ་སྡོམ་སྡིག་གི་རྣམ་པར་ཐུར་དུ་སྦྱངས་ནས་འོག་གཞི་ལ་ཐིམ། ལུས་ཀྱི་ནང་ཐམས་ཅད་བྱིན་རླབས་ཡེ་ཤེས་ཀྱི་ཆུ་བོ་བཻཌཱུའི་མདོག་ལྟ་བུས་ཁེངས་པར་གྱུར་པར་བསམ་ལ་དྲིལ་དང་བཅས་པས་རྣམ་བུམ་ཀྱི་ཆུ་བསྲེས་པའི་ལས་བུམ་ཐོགས་ལ། འདི་ནི་ཁྲུས་

p. 618

མཆོག་སོགས། རྩ་སྔགས་དང་ལས་སྔགས་སྦྲེལ་ལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། བགེགས་ཐམས་ཅད་ ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། གདོན་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། རིམས་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། རྨི་ལམ་ངན་པ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། མཚན་མ་ངན་པ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། གཞན་ཡང་གྲིབ་དང་མི་གཙང་བ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཤཱནྟིང་ ཀུ་རུ་ཡེ་སྭཱ་ཧཱ། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། བྱབ་པ་ནི། རྨ་བྱའི་སྒྲོ་མདོངས་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུྃ་མཐིང་གར་རྩ་སྔགས་དང་ལས་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་ བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བླངས་ནས་མདུན་དུ་བྱབས་པར་གྱུར། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། བགེགས་ཐམས་ཅད་ཨ་པ་

p. 619

ན་ཡེ་སྭཱ་ཧཱ། ནད་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། ཉེ་བར་འཚེ་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། རྨི་ལམ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། མཚན་མ་ངན་པ་ཨ་པ་ན་ཡེ་སྭཱ་ཧཱ། སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། གཞན་ཡང་གྲིབ་དང་མི་གཙང་བ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཨ་པ་ན་ཡེ་སྭཱ་ཧཱ། བསྐྲད་པ་ནི། བདག་ཉིད་ལྷའི་ཐུགས་ཀ་ནས་འོད་ཟེར་མེ་དཔུང་གི་རྣམ་པ་དང་། ལག་ན་རྡོ་རྗེ་ཁྲོ་བོའི་ཚོགས་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་བསྒྲུབ་བྱའི་ནད་གདོན་བར་ཆད་ཐམས་ཅད་ཕྱིར་བསྐྲད་ཅིང་བསྲེགས་གཏོར་སྦྱངས་པར་གྱུར། བསམ་ལ་ནུས་ལྡན་དུ་བྱས་པའི་ཡུངས་ཀར་གྱིས་བྲབ་ཅིང་། རྩ་སྔགས་དང་ལས་སྔགས་ཀྱི་ཤམ་དུ། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ བགེགས་ཐམས་ཅད་ཨུ་ཙ་ཏ་ཡ་

p. 620

ཕཊ༔ ནད་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཉེ་བར་འཚེ་བ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ གདོན་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ རིམས་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ རྨི་ལམ་ངན་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ མཚན་མ་ངན་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ གཞན་ཡང་གྲིབ་དང་མི་གཙང་བ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ བྱུར་དང་སྐལ་བ་ངན་པ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ སྲུང་བ་ནི། སློབ་མ་སངས་རྒྱས་སྨན་གྱི་བླ་མར་གསལ་བ་ལ་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་ཁྲུས་ལྷ་རྣམས་ཐིམ་པར་གྱུར། །བདག་ཉིད་ལྷའི་ཐུགས་ཀ་ནས་རྡོ་རྗེ་དང་ལག་ན་རྡོ་རྗེ་ཁྲོ་བོའི་ཚོགས་འཕྲོས་ནས་སློབ་མའི་ལུས་ཐམས་ཅད་ལ་རྡོ་རྗེའི་བཞུ་བླུགས་སུ་ཁྱབ་པའི་བར་མཚམས་ཐམས་ཅད་རྡོ་རྗེ་ཕྲ་མོ་དང་ཁྲོ་ཆུང་གིས་གཏམས་པས་སུས་ཀྱང་གཞིག་པ་དང་གཞོམ་དུ་མེད་པའི་རང་བཞིན་དུ་གྱུར་པར་བསམ་ལ། སྡིག་པ་དང་

p. 621

སྒྲིབ་པ་ཐམས་ཅད་ལས་རཀྵ༔ བགེགས་ཐམས་ཅད་ལས་རཀྵ༔ ནད་ཐམས་ཅད་ལས་རཀྵ༔ ཉེ་བར་འཚེ་བ་ཐམས་ཅད་ལས་རཀྵ༔ དུས་མ་ཡིན་པའི་འཆི་བ་ཐམས་ཅད་ལས་རཀྵ༔ གདོན་ཐམས་ཅད་ལས་རཀྵ༔ རིམས་ཐམས་ཅད་ལས་རཀྵ༔ རྨི་ལམ་ངན་པ་ཐམས་ཅད་ལས་རཀྵ༔ མཚན་མ་ངན་པ་ཐམས་ཅད་ལས་རཀྵ༔ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ལས་རཀྵ༔ གཞན་ཡང་གྲིབ་དང་མི་གཙང་བ་ཐམས་ཅད་ལས་རཀྵ༔ བྱུར་དང་སྐལ་བ་ངན་པ་ཐམས་ཅད་ལས་རཀྵ༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ལས་རཀྵཿ དེ་ནས་བསྲུང་བྱ་དྲི་བྲལ་གྱི་གདན་དཀར་པོར་འགོད། དབང་མི་བྱེད་ན་འདི་ནས་ཤིས་བརྗོད་དང་རྫས་བརྒྱད་སྦྱིན། དབང་བྱེད་ན་ལོ་རྒྱུས་བརྗོད་པ་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དུས་གསུམ་རྒྱལ་བ་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་སྨན་པའི་རྒྱལ་པོ་ཞེས་མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་མིང་མཐར་མཛད་ཅིང་དུག་གསུམ་གྱིས་བསྐྱེད་པའི་ནད་རིགས་

p. 622

བཞི་བརྒྱ་རྩ་བཞི་སོགས་སྦྱོང་བའི་གཉེན་པོ་མཆོག་ཏུ་གྱུར་པ་སྟེ། དེ་བསྒྲུབ་པའི་ཐབས་ལ་ཡང་བཀའ་གཏེར་དག་སྣང་མང་དུ་བཞུགས་པའི་ནང་ཚན་ལས། ད་ལམ་ནི་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་རིག་རྩལ་ཐོགས་མེད་གླིང་པ་ཉིད་སྔོན་སྦྱངས་ཀྱི་བག་ཆགས་སད་ཅིང་བསྟན་དང་འགྲོ་བ་ལ་ཕན་པའི་དོན་དུ་སྨན་རྒྱལ་མཆེད་བརྒྱད་ཀྱི་སྐུར་བཞེངས་པ་དང་། ཆོ་ག་མདོ་སོགས་ལན་མང་རང་གཞན་ལ་བསྐུལ་མ་མཛད་ཅིང་ཁྱད་པར་དགུང་གྲངས་ལྔ་བཅུ་བཞེས་པའི་སྐབས་ཤིང་འབྲུག་ལོར་ཟླ་བ་བདུན་པའི་ཉི་ཤུའི་ནུབ་མོར་འོད་གསལ་དག་པའི་སྣང་བར་སྐུ་ཉིད་གསང་བདག་ཕྱག་ན་རྡོ་རྗེར་བསྐྱེད་དེ་དགོངས་པ་ཤར་ཕྱོགས་སུ་གཏད་པས་བཻཌཱུ་ཡི་ཞིང་ཁམས་བཀོད་པ་ཚད་མེད་པའི་དབུས་སུ་སངས་རྒྱས་སྨན་བླ་སྤྲུལ་སྐུའི་ཆ་ལུགས་སྣང་སྲིད་ཁྱབ་པའི་སྐུར་འཇལ་ཞིང་དབང་དང་མན་ངག་སྒྲུབ་ཐབས་སོགས་ཞིབ་རྒྱས་བསྩལ་ཞིང་དུས་ངན་སྙིགས་མའི་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་ངོ་མཚར་ལྷུན་གྱིས་གྲུབ་པའི་ཙ་རི་ཏྲ་རང་བྱུང་གི་དྲུང་དུ་དབང་དང་སྒྲུབ་

p. 623

ཐབས་མན་ངག་སོགས་ལེག་པར་ཕབ་ཅིང་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་བར་གདམས་ཟབ་རྨད་དུ་བྱུང་བ་དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བའི་སྐབས་སུ་བབས་པས་སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ནས་སློབ་མས་མཎྜལ་ཕུལ། ༈ དེ་ནས་དབང་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མགོན་པོ་མཆོག་ཁྱོད་རྡོ་རྗེ་འཛིན། །གང་གི་བཀའ་དྲིན་ལ་བརྟེན་ནས། །སངས་རྒྱས་སྨན་གྱི་བླ་མ་ཡི། །ཐུགས་བསྐྱེད་སྨོན་ལམ་རྗེས་བསྐུར་བའི། །བྱིན་གྱིས་བརླབ་པར་བསྩལ་དུ་གསོལ། །གསུམ། སྐྱབས་སེམས་འབོགས་ཤིང་། དེ་དག་གིས་སྡོམ་ལྡན་དུ་བྱ་གསུངས་པས། དེས་ན་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་སྨན་གྱི་བླ་མའི་དཀྱིལ་གྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་ཡོད་སྙམ་པའི་མོས་འདུན་རྩེ་གཅིག་པས་སྐྱབས་སེམས་འདི་བཞིན་དུ་རྗེས་ཟློས་གྱིས། སྐྱབས་ཀྱི་དམ་པ་ཀུན་གྱི་ངོ་བོ་ཉིད། །བླ་མ་སྨན་པའི་རྒྱལ་པོར་སྐྱབས་སུ་མཆི། །འགྲོ་ཀུན་དུག་གསུམ་རྒྱུ་འབྲས་ཀུན་སྦྱངས་ནས། །རྣམ་མཁྱེན་ཐོབ་ཕྱིར་

p. 624

སྨན་རྒྱལ་བསྒྲུབ་པར་བགྱི། །གསུམ། སླར་ཡང་ཚོགས་ཞིང་དེ་དག་གི་སྤྱན་སྔར་ཚོགས་བསགས་པའི་ཆེད་དུ་ཡན་ལག་བདུན་པ་ཐུན་མོང་ཀུན་གྱིས་གནང་བར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས། ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་ནི། ལས་བུམ་གྱིས་ཆུས་བསངས་ཤིང་། དེ་ནས་ཡེ་ཤེས་དབབ་པའི་ཆེད་དུ་དམིགས་པ་འདི་བཞིན་མཛོད། ༀ་མ་ཧཱ་ཤུ་ནྱེ་ཏ་ཛྙཱ་ན་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་སྐུ་མདོག་བཻཌཱུ་མཐིང་གའི་ལྷུན་པོ་ལྟ་བུ་མཚན་བཟང་སུམ་ཅུ་དང་། དཔེ་བྱད་བརྒྱད་ཅུས་ བརྒྱན་པ་ཕྱག་གཡས་མཆོག་སྦྱིན་ཨ་རུ་ར་རྣམ་པར་རྒྱལ་བ། གཡོན་མཉམ་བཞག་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ ཀྲུང་དུ་བཞུགས་ཤིང་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་བ་འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་བདག་ཉིད་དུ་གསལ་བ་རྒྱལ་དང་རྒྱལ་བ་སྲས་བཅས་ཀྱི་ཚོགས་སྤྲིན་ཕུང་གཏིབ་པ་བཞིན་གསང་གསུམ་འབྲུ་གསུམ་དམ་

p. 625

ཡེ་དབྱེར་མེད་དུ་བྱིན་ཐིབ་ཐིབ་བྱུང་སྙམ་པའི་མོས་པ་མཛོད། སྤོས་དང་ཌཱ་དྲིལ་བཅས་པས། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་སོགས། གཤེགས་སུ་གསོལ། ནད་གདོན་སྡིག་སྒྲིབ་ཉེས་ཀུན་བསལ་དུ་གསོལ། །ཏདྱ་ཐཱ། ༀ་བྷཻ་ཥ་ཛྱེ་སོགས། བཛྲ་ས་མ་ཡ་ཧྲིང་ཧྲིང་ཕེཾ་ཕེཾ་ཛ་ཛ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨ། མེ་ཏོག་འཐོར་ཞིང་། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ལ་དབྱེར་མེད་རོ་གཅིག་དུ་བརྟན་པར་བགྱིས་པའི་མོས་པ་མཛོད། ༀ་སུ་པྲ་སོགས། བུམ་པ་ཐོགས་ལ། བདེ་གཤེགས་སྨན་གྱི་བླ་མའི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་སྡིག་སྒྲིབ་ཡོངས་སྦྱངས་ནས། སྨན་གྱི་བླ་མའི་སྐུ་རུ་བྱིན་བརླབས་ཏེ། །ཉེས་སྐྱོན་ཀུན་བྲལ་ཡེ་ཤེས་སྐུ་ཐོབ་ཤོག །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཕྲེང་བ་ཐོགས་ལ། བདག་ཉིད་སློབ་དཔོན་ཡེ་ཤེས་ལྷར་གསལ་བའི། །ཐུགས་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཐོན། །ཞལ་ནས་བྱུང་སྟེ་སློབ་མའི་སྙིང་ཁར་འཁོད། །སྨན་གྱི་བླ་མའི་གསུང་དབང་ཐོབ་པར་ཤོག །རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ། བདག་ཉིད་སློབ་དཔོན་དུ་གསལ་བའི་

p. 626

ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཐོན་ཞལ་ནས་བྱུང་སྟེ་སློབ་མའི་སྙིང་ཁར་འཁོད་པས་སྨན་གྱི་བླ་མའི་གསུང་དབང་ཐོབ་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་ཟློས་གྱིས། ཏདྱ་ཐཱ་ༀ་བྷེ་ཥ་ཛྱེ་སོགས། སྔགས་ཀྱི་རྗེས་ཟློས་བརྒྱ་རྩ་བྱའོ། །མེ་ལོང་དང་ཨ་རུ་ར་ཐོགས་ལ། ཧཱུྃ། མེ་ལོང་རང་རིག་མཐའ་དབུས་བྲལ་བའི་དོན། །རྣམ་པར་རྒྱལ་བ་ཧཱུྃ་མཐིང་རྣམ་པ་ཅན། །སྙིང་ཁར་ཐིམ་པས་སློབ་མ་ལྷར་གསལ་བ། །མཐའ་ནས་རིམ་ཡལ་ཐུགས་སྲོག་ཧཱུྃ་ལ་ཐིམ། །ཧཱུྃ་ཡིག་གྱེན་རྫོགས་ཐིག་ལེ་ནཱ་ད་ཡལ། །བསམ་དུ་མེད་པའི་ཡེ་ཤེས་ཆེན་པོའི་ངང་། །སྨན་གྱི་བླ་མའི་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བླ་མས་ཀྱང་སློབ་མ་ལ་ཏིང་ངེ་འཛིན་གྱི་དྲོད་གཏད་དཔོན་སློབ་གཉིས་ཀ་དལ་གཅིག་རྫོགས་རིམ་ལ་གནས་པར་བྱའོ། །སླར་ཡང་སློབ་མ་སྐད་ཅིག་གིས་ལྷ་སྐུའི་རྣམ་པར་གསལ་བཏབ། གཏོར་མ་ལྷར་གསལ་བ་ལས་ཡེ་ཤེས་སེམས་དཔའ་གཅིག་ལས་གཉིས་ཆད་ཀྱི་རྣམ་པར་ཆར་ལྟར་བབས་ནས་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཡོངས་སུ་རྫོགས་པར་བསམ་

p. 627

ལ། སྤོས་རོལ་དབྱངས་དང་བཅས་པས་གཏོར་མ་ཐོགས་ལ། ཧཱུྃ། ཇི་སྙེད་རྒྱལ་བའི་ཐུགས་བསྐྱེད་སྨོན་ལམ་དང་། །བདེ་གཤེགས་བདུན་གྱི་ཐུགས་བསྐྱེད་སྨོན་ལམ་སྟོབས། །བྱིན་རླབས་དཔལ་དུ་འབར་བའི་རང་བཞིན་གྱིས། །རྡོ་རྗེ་སློབ་མ་འདི་ལ་བསྩལ་དུ་གསོལ། །ནད་གདོན་སྡིག་སྒྲིབ་ཉེར་འཚེ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་གོང་འཕེལ་ཞིང་། །སྐྱེ་བ་གཞན་གྱིས་ བར་མ་ཆོད་པ་རུ། །བཻཌཱུ་ཡི་ཞིང་དུ་སྐྱེ་བར་ཤོག །རྩ་སྔགས། སརྦ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་བཀྲ་ཤིས་རྫས་བརྒྱད་སྦྱིན། ཧཱུྃ། སྔོན་ཚེ་ཐུབ་དབང་སོགས་རིགས་མཐུན་ནས་བླངས། རྗེས་ཀྱི་རིམ་པ་སྤྱི་ལྟར་བྱའོ། །ཞེས་སྨན་གྱི་བླ་མའི་བྱིན་རླབས་དབང་གི་རིམ་པ་འདི་ནི་ལུགས་གཉིས་ཀྱི་རྣམ་དཔྱོད་ཕུལ་དུ་བྱུང་བའི་བླ་ཆེན་དམ་པ་ནམ་མཁའ་ཚེ་དབང་གིས་གསུང་གིས་བསྐུལ་མ་ལ་བརྟེན་ནས་ལས་རབ་རྩལ་གྱིས་བཀོད་པ་འདིས་སེམས་ཅན་ཡོངས་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །བཀྲ་ཤིས་ནི། ཐུགས་རྗེས་ཀུན་ལ་སྙོམས་པའི་སོགས། སྨོན་ལམ་ནི། སེམས་ཅན་ནད་པ་སོགས། དེ་ལྟར་བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་དབང་བསྐུར་ལེགས་པར་ཐོབ་ནས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་རྣམས་མི་ཉམས་པར་

p. 628

བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ལེགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་སོགས། དབང་བསྐུར་ཐོབ་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས་བརྗོད། ཀུན་མཁྱེན་དཔའ་བོ་ལས་རབ་ཀྱིས། །དག་སྣང་སྨན་བླའི་དབང་ཆོག་ཁྲིགས། །ལེགས་པར་བཀོད་འདི་དབོན་སྤྲུལ་པས། །རང་གཞན་ཀུན་ལ་ཕན་ཕྱིར་རོ། །སརྦ་མངྒ་ལཾ། ཤུ་བྷཾ། །

སྨན་རྒྱལ་ཡོན་ཏན་མགོན་པོའི་བླ་སྒྲུབ་བྱིན་རླབས་སྤྲིན་ཕུང་།

p. 629

༄༅། །སྨན་རྒྱལ་ཡོན་ཏན་མགོན་པོའི་བླ་སྒྲུབ་བྱིན་རླབས་སྤྲིན་ཕུང་བཞུགས།

p. 630

སྨན་རྒྱལ་ཡོན་ཏན་མགོན་པོར་ཕྱག་འཚལ་ལོ། །རང་གཞན་དོན་དུ་དེ་ཉིད་སྒྲུབ་པའི་ཐབས། །དངོས་གྲུབ་མྱུར་མགྱོགས་བྱིན་རླབས་སྤྲིན་ཕུང་མཆོག །ཉམས་སུ་ལེན་པའི་ཆོ་ག་འདི་ལྟར་རོ། །ན་མོ། སྐྱབས་གསུམ་ཀུན་འདུས་ངོ་བོ་ཡོན་ཏན་མགོན། །ཚད་མེད་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །རྣམ་མཁྱེན་གོ་འཕང་ཐོབ་པར་སེམས་བསྐྱེད་དོ། །ༀ་ཨཱཿཧཱུྃ། ས་ཕྱོགས་འདི་ཉིད་བཻཌཱུ་ཡི་ཞིང་། །མཆོད་སྤྲིན་དཔག་མེད་ཀུན་བཟང་རོལ་པར་འཐིབ། །བདག་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །སངས་རྒྱས་ཀུན་འདུས་སྨན་རྒྱལ་ངོ་བོ་

p. 631

ཉིད། །ཡོན་ཏན་མགོན་པོ་གཞོན་ནུ་དཀར་དམར་མདངས། །གཟི་བརྗིད་དཔལ་དབར་དབུ་སྐྲ་སིལ་བུར་གྱུར། །ཕྱག་གཡས་ཨ་རུའི་སྡོང་པོ་འབྲས་གསུམ་ལྡན། །གཡོན་ན་བདུད་རྩིས་གང་བའི་བུམ་པ་ནི། །གུར་གུམ་གཞོན་ནུའི་ཁ་རྒྱན་ཡིད་དུ་འོང་། །དར་དཀར་ན་བཟའ་མཐིང་ཁའི་སྐ་རགས་མཛད། །ཞབས་རྗེན་ཕྱེད་སྐྱིལ་བག་དྲོ་གཟི་བྱིན་ལྡན། །འཁོར་དུ་སྨན་གྱི་ལྷ་མོ་རྣམ་བཞིས་བསྐོར། །གུ་ཎའི་གསང་གསུམ་ཡི་གེར་འོད་འཕྲོས་པས། །རང་བཞིན་གནས་ནས་སངས་རྒྱས་བྱང་སེམས་དང་། །སྨན་

p. 632

སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཀུན། །སྐད་ཅིག་ཉིད་ལ་བཛྲ་ས་མ་ཛ༔ ཛཿཧཱུྃ་བཾ་ཧོ་གཉིས་སུ་མེད་པར་གྱུར། །རིགས་འདུས་བླ་མ་ཡོན་ཏན་མགོན་པོ་ཡི། །སྐུ་ལས་ཕྲིན་ལས་བཞི་སྒྲུབ་འོད་ཟེར་དང་། །ཚེ་བཅུད་དངོས་གྲུབ་སྩོལ་བའི་འཕྲོ་འདུ་ཡིས། །རང་གཞན་དོན་གཉིས་མཛད་པ་མཐར་ཕྱིན་གྱུར། །མཚན་བཟང་སུམ་བཅུ་དཔེ་བྱད་རྫོགས་པའི་སྐུ། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ ཚངས་དབྱངས་དྲུག་ཅུ་ཀ་ལ་པིང་ཀའི་གསུང་། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་

p. 633

སིདྡྷི་ཧཱུྃ༔ ཏིང་འཛིན་བརྒྱ་བཅུ་བྱམས་སྙོམས་འཛད་མེད་ཐུགས། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ ཕྱོགས་དུས་སངས་རྒྱས་བྱང་སེམས་འདུས་པའི་སྐུ། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ འཕགས་པའི་དགེ་འདུན་ཀུན་གྱི་མངའ་བདག་མཆོག །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ བླ་མ་ཀུན་འདུས་ཡིད་བཞིན་དབང་གི་རྒྱལ། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ ཡི་དམ་ཀུན་འདུས་མཆོག་

p. 634

ཐུན་དངོས་གྲུབ་གཏེར། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཕྲིན་ལས་བདག །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ སྤྲོས་བྲལ་བདེ་ཆེན་རང་བཞིན་ཆོས་ཀྱི་སྐུ། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ ལྷུན་གྲུབ་སྐུ་ལྔ་དྲུག་པ་ལོངས་སྤྱོད་རྫོགས། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་

p. 635

གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ གདུལ་བྱའི་དོན་མཛད་གང་འདུལ་སྤྲུལ་པའི་སྐུ། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་ གུ་ཎ་སིདྡྷི་ཧཱུྃ༔ ཚེ་དཔག་མེད་དང་དབྱེར་མེད་འགྲོ་བའི་མགོན། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ༔ སྨན་གྱི་བླ་མ་དངོས་དང་གཉིས་སུ་མེད། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ། པདྨ་འབྱུང་གནས་རྣམ་འཕྲུལ་འགྲོ་བའི་སྐྱབས། །གཡུ་ཐོག་ཡོན་ཏན་མགོན་པོར་གསོལ་བ་འདེབས། །ནད་གདོན་རྐྱེན་ངན་བར་ཆད་ཞི་བར་མཛོད། །ཚེ་དང་བསོད་ནམས་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་མ་ཧཱ་གུ་ཎ་སིདྡྷི་ཧཱུྃ། ཚེ་སྒྲུབ་བྱེད་ན། ༀ་ཨཱཿགུ་རུ་པདྨ་གུ་ཎ་ཨཱ་ཡུར་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་བཟླ། འཛད་མེད་ཀུན་ཏུ་བཟང་པོའི་མཆོད་པ་ཡིས། །འགྲོ་བའི་བླ་མ་ཡོན་ཏན་མགོན་པོ་མཆོད། །གང་གི་

p. 636

རྣམ་ཐར་མཛད་ཕྲིན་རྨད་བྱུང་བ། །དྲན་བཞིན་བརྗོད་དེ་ཕྱག་འཚལ་བསྟོད་པར་བགྱི། །ཁྱོད་ལ་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །གསོ་རིག་ཀུན་ལ་བློ་གྲོས་རབ་རྒྱས་ཏེེ། །སེམས་ཅན་རྣམས་ལ་ཕན་ཐོགས་འབྱུང་གྱུར་ཅིག །སྨྲས་ཚད་མངོན་ཤེས་སྦྱར་ཚད་སྨན་དུ་གྱུར། །བཏང་ཚད་ཕན་ཞིང་མཆོག་ཐུན་དངོས་གྲུབ་སྩོལ། །མདོར་ན་ཁམས་གསུམ་ སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་བདག་གིས་ སེལ་བར་ཤོག །རིག་འདུས་ཡོན་ཏན་མགོན་པོ་གཙོ་འཁོར་རྣམས། །གཟི་བྱིན་འོད་ཕུང་འབར་བའི་རང་བཞིན་དུ། །རྡོ་ཚན་སྟེང་དུ་མར་བཞག་ཇི་བཞིན་དུ། །ཆུ་ལ་ཆུ་ཐིམ་ལྟ་བུ་རང་དང་འདྲེས། །དཔལ་ལྡན་བླ་མའི་གོ་འཕང་མངོན་གྱུར་ནས། །མ་ལུས་འགྲོ་ཀུན་ཐུགས་རྗེས་འདྲེན་པར་ཤོག །ཅེས་བརྗོད་ཅིང་ཐུགས་ཡིད་གཉིས་མེད་དུ་བསྲེ་ཞིང་དགོངས་པ་བསྐྱང་། ཞེས་པའང་སྨན་རྒྱལ་ཡོན་ཏན་མགོན་པོས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དུས་རྟག་ཏུ་དགེ་བར་གྱུར་ཅིག། དགེའོ། །བསྟོད་པ་ནི། ན་མོ་གུ་རུ། གང་གི་སྐུ་ཡི་གསང་ཆེན་མཆོག །དངོས་པོ་ཀུན་ཁྱབ་བདེ་བ་ཆེ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་

p. 637

དབྱིངས། །མཚུངས་བྲལ་གུ་ཎའི་སྐུར་ཕྱག་འཚལ། །གང་གི་གསུང་གི་གསང་ཆེན་མཆོག །སྒྲ་གྲགས་ཀུན་ཁྱབ་གཞོམ་བྲལ་བ ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོགས། །མཚུངས་མེད་གུ་ཎའི་གསུང་ཕྱག་འཚལ། །གང་གི་ཐུགས་ཀྱི་གསང་ཆེན་མཆོག །སྤྲོས་པ་ཀུན་བྲལ་བདེ་བ་ཆེ། །ཤེས་རབ་ཕ་རོལ་ཕྱིན་ལ་གནས། །མཚུངས་བྲལ་གུ་ཎའི་ཐུགས་ཕྱག་འཚལ། །རྒྱལ་བ་ཀུན་གྱི་འདྲེན་པ་ཁྱོད། །ཁྱེད་ལས་གཞན་པའི་སྐྱོབ་པ་ནི། །འགྲོ་བ་ཀུན་ལ་འགའ་མ་མཆིས། །དེ་ཕྱིར་ཁྱོད་ལ་སྐྱབས་སུ་མཆི། །བྱིས་པས་ཁྱོད་མཚན་མ་ཐོས་པས། །ཐོས་ཀྱང་གུས་པས་མི་བསྟེན་པར། །དེ་ལས་སྙིང་རྗེ་གཞན་མེད་པས། །བརྩེ་བས་ཁྱོད་ཀྱིས་ རྗེས་སུ་ཟུང་། །ཁྱེད་ཀྱི་མཚན་ཐོས་སྐྱབས་སོང་བས། །དེ་ནས་ནམ་ཡང་སྲིད་མཚོར་མིན། །དེ་ཕྱིར་མིག་ཆུ་གཡོ་བཞིན་དུ། །སྙིང་ནས་དུས་ཀུན་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མཆོག །གསང་ཆེན་ཁྱོད་སྐུ་རོ་གཅིག་པར། །དེ་ རིང་ཁོ་ནར་མངོན་སུམ་དུ། །མཁའ་ཁྱབ་འགྲོ་བས་མཐོང་

p. 638

བར་ཤོག །བསྟོད་པ་དང་། ཨེ་མ་ཧོ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཡི། །མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་པའི་གཟུགས། །ཞིང་འདིར་མཚུངས་བྲལ་གུ་ཎར་ཡོངས་ཤར་བ། །དེ་ལ་བདག་སོགས་སེམས་ཅན་སྐྱབས་སུ་མཆི། །བདག་ནི་དུས་དང་སྲིད་པ་ཐམས་ཅད་དུ། །མགོན་པོ་ཁྱེད་ཉིད་མཉེས་པའི་རྒྱུར་གྱུར་ནས། །དམྱལ་བའི་མེར་ཡང་ཐེ་ཚོམ་མི་འཇུག་ཅིང་། །ལུས་སྲོག་ལོངས་སྤྱོད་ཀུན་གྱི་ཁྱེད་མཆོད་ཤོག །གལ་ཏེ་ཁྱེད་ཉིད་མི་མཉེས་གྱུར་པ་ན། །བླ་མེད་བྱང་ཆུབ་ཐོབ་ཀྱང་འདོར་བ་དང་། །སྐད་ཅིག་འབྲལ་མེད་ཁྱེད་ཉིད་བསྟེན་ནས་ཀྱང་། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་སྐེམ་བྱེད་ཤོག །སྨོན་ལམ་བརྗོད་མཐར་རྩ་སྔགས་ལ། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ དགེའོ། །ལས་རབ་རྩལ་གྱིས་སོ། །

p. 639

ཐུགས་གཏེར་གཡུ་ཐོག་བླ་སྒྲུབ་ཀྱི་གསོལ་འདེབས་བཞུགས་སོ། ། ཆོས་སྐུ་མི་འགྱུར་ཀུན་བཟང་སྨན་པའི་རྒྱལ། །ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་ཚེ་མཐའ་ཡས། །སྤྲུལ་པའི་སྐུ་མཆོག་ཡོན་ཏན་མགོན་པོ་ལ། །གསོལ་བ་འདེབས་སོ་དོན་གཉིས་ཀུན་འགྲུབ་ཤོག །སྐུ་གསུམ་ཀུན་འདུས་དཀྱིལ་འཁོར་རྒྱ་མཚོའི་བདག །ཟབ་དང་རྒྱ་ཆེའི་ཐུགས་གཏེར་གདམས་པའི་མཛོད། །རྡོ་རྗེ་འཆང་དབང་ཆོས་དབྱིངས་དྲི་མེད་ལ། །གསོལ་བ་འདེབས་སོ་དོན་གཉིས་ཀུན་འགྲུབ་ཤོག །ཟབ་གཏེར་མཛོད་འཛིན་ཟིལ་གནོན་རྡོ་རྗེ་དང་། །གྲུབ་བརྙེས་མཐར་ཕྱིན་ཨོ་རྒྱན་འཇིགས་མེད་དང་། །སུམ་སྟོན་སྤྲུལ་པ་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དོན་གཉིས་ཀུན་འགྲུབ་ཤོག །མཁའ་འགྲོའི་ཞལ་རླངས་འཐུལ་བའི་སྙན་བརྒྱུད་ཆོས། །སྙིང་ཐིག་ཟབ་མོའི་རྩ་གསུམ་དཀྱིལ་འཁོར་ལྷ། །སྨན་སྲུང་ཌཱཀྐི་དམ་ཅན་ཚོགས་བཅས་ལ། །གསོལ་བ་འདེབས་སོ་དོན་གཉིས་ཀུན་འགྲུབ་ཤོག ། མ་དག་སྣོད་བཅུད་སྐུ་དང་ཞིང་དུ་སད། །ཕུང་ཁམས་རྩ་རླུང་སྒྱུ་འཕྲུལ་འཁོར་ལོར་སྨིན། །འགྱུ་དྲན་ཆོས་

p. 640

སྐུ་བཅོས་བསླད་བྲལ་བའི་གཤིས། །རང་རིག་གདོད་མའི་སྨན་རྒྱལ་མྱུར་འགྲུབ་ཤོག །ཅེས་པའང་ཆོས་གཟུགས་ནམ་མཁའ་མཆོག་གྲུབ་པས་བྲིས་པའོ། །

བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་འབེབས།

p. 641

༄༅། །བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་འབེབས་བཞུགས། བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་འབེབས་ནི། སྤྲོ་ན་རྣལ་འབྱོར་རྣམས་བྲོ་གར་གྱི་ཆས་སུ་ཞུགས། རྟོགས་པ་སྤར་སྤོས་བཏང་། ཌཱརུ་སྒྲོག །མ་འགགས་པའི་སྤྱོད་པ་སྐྱོང་བའི་ངང་ནས་འདི་དབྱང་ངོ་། ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ལྟ་ན་སྡུག་པའི་ཞིང་ཁམས་ནས། །མངོན་པར་དགའ་བའི་ཡོན་ཏན་མང་། །སངས་རྒྱས་སྨན་གྱི་བླ་མ་བཞུགས། །ཚད་མེད་སྨོན་ལམ་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ཟངས་མདོག་དཔལ་རིའི་རྩེ་མོ་ན། །བདེ་ཆེན་རོལ་པའི་ཡོན་ཏན་མང་། །སློབ་དཔོན་པདྨ་འབྱུང་གནས་བཞུགས། །ཚད་མེད་མཐུ་སྟོབས་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ནུབ་ཕྱོགས་

p. 642

ཨོ་རྒྱན་ཕོ་བྲང་ན། །ལོངས་སྤྱོད་རྒྱན་གྱི་ཡོན་ཏན་མང་། །མ་ཅིག་དཔལ་ལྡན་ཕྲེང་བ་བཞུགས། །ཚད་མེད་རྫུ་འཕྲུལ་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ མཁའ་སྤྱོད་རྒྱལ་བའི་ཞིང་ཁམས་ན། །ཏིང་འཛིན་ཉམས་ཀྱི་ཡོན་ཏན་མང་། །གཡུ་ཐོག་ཡོན་ཏན་མགོན་པོ་བཞུགས། །ཚད་མེད་ཐུགས་རྗེ་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ རང་ལུས་རྩ་ཁམས་དག་པ་ན། །ལྷུན་གྲུབ་འཆར་སྒོའི་ཡོན་ཏན་མང་། །སངས་རྒྱས་རང་རིག་རྒྱལ་པོ་བཞུགས། །ཚད་མེད་ཡེ་ཤེས་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་

p. 643

དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ དེ་རིང་སྒྲུབ་པོའི་གནས་མཆོག་འདིར། །ཕུན་སུམ་ཚོགས་པའི་ཡོན་ཏན་མངའ། །མཆེད་ལྕམ་ལྷ་དང་ལྷ་མོར་བཞུགས། །ཚད་མེད་དངོས་གྲུབ་ཁྱེད་ལ་མངའ། །གནས་འདིར་སྤྱོན་ལ་བྱིན་ཆེན་ཕོབ། །བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར། །ཉམས་རྟོགས་ཡེ་ཤེས་སྤར་དུ་གསོལ། །ཟག་མེད་བདེ་ཆེན་བསྐྱེད་དུ་གསོལ། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ ༀ་ཨཱཿཧཱུྃ་ཧྲཱིཿ ༀ་ཨཱཿཧཱུྃཿ བྱིན་དབབ་ཅིང་བརྟུལ་བཞུགས་རིག་པའི་རྩལ་ཆེན་སྦར་རོ། །ཞེས་པ་འདི་བླ་མ་དམ་པ་ནམ་མཁའ་ཚེ་དབང་གིས་བཀའ་བསྐུལ་ལྕི་བ་ཡར་ལྡོག་མ་ནུས་པར་སྨྱོ་སྤྱོད་པ་ལས་རབ་རྩལ་གྱིས་བཀོད་པའོ། །དགེའོ། །བཀྲ་ཤིས། །

རྒྱལ་བ་རིགས་འདུས་སྐུ་གསུམ་བླ་མའི་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་།

p. 644
p. 645

࿅༔ རྒྱལ་བ་རིགས་འདུས་སྐུ་གསུམ་བླ་མའི་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ གཡུ་ཐོག་རྒྱལ་བ་རིགས་འདུས་སྐུ་ལ་ཕྱག་འཚལ་ལོ༔ བསྟན་དང་འགྲོ་བ་རང་གཞ ན་ཀུན་ཕན་ཕྱིར༔ བླ་མ་སྐུ་གསུམ་ཉམས་ལེན་དྲིལ་བའི་ཐབས༔ བསྙེན་སྒྲུབ་གལ་བྱང་མདོར་བསྡུས་གསལ་བར་བསྟན༔ སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་མཆོད་པ་བཤམས༔ སྒྲུབ་པོས་ཁྲུས་བྱས་བདེ་བའི་གདན་འཁོད་ཅིང་༔ སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས༔ ༀ་ཨཱཿཧཱུྃ༔ རྒྱལ་བའི་ཞིང་ཁམས་ལྷུན་གྲུབ་ཆེན་པོའི་དབུས༔ སྟོབས་ཆེན་སེང་གེ་བརྒྱད་བཏེགས་པད་ཟླའི་སྟེང་༔ རང་སེམས་ཧཱུྃ་སྔོན་ལས་འཕྲོས་དོན་གཉིས་བྱས༔ ཡོངས་སུ་གྱུར་པས་སྨན་རྒྱལ་ཡོན་ཏན་མགོན༔ གཞོན་ནུ་དཀར་དམར་ཞི་འཛུམ་མཛེས་པའི་ཞལ༔ དར་དཀར་ན་བཟའ་གཡི་དཀར་ཐུལ་བ་གསོལ༔ ཕྱག་གཡས་ལོ་འབྲས་ལྡན་པའི་ཨ་རུ་ར༔ གཡོན་པས་སྨན་བུམ་ཤེལ་དང་བཻཌཱུ༔ གུར་གུམ་གཞོན་ནུའི་ཁ་རྒྱན་ལྡན་པ་བསྣམས༔ དབུ་སྐྲ་ཐོར་ཅོག་ཅུང་ཟད་ཟར་བུར་འཕྱང་༔ སྙན་རྒྱན་མགུལ་ཆུན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས༔ བག་དྲོ་ལྷུན་ཆགས་འཇའ་གུར་ཐིག་ལེ་སྦྲེལ༔ སྨན་གྱི་ལྷ་དང་དྲང་སྲོང་སྤྲིན་ལྟར་འཐིབས༔ སྨན་གྱི་ལྷ་མོ་དམ་

p. 646

ཅན་འདུད་ཅིང་འཁོར༔ ཐུགས་ཀར་པད་འབྱུང་ཚེ་དཔག་མེད་པའི་སྐུ༔ དམར་གསལ་སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་རྣམ་པར་མཛེས༔ དེ་ཡི་ཐུགས་ཀར་སངས་རྒྱས་སྨན་གྱི་བླ༔ བཻཌཱུར་མདོག་འདྲ་དར་དང་རིན་ཆེན་བརྒྱན༔ རྣམ་པར་རྒྱལ་དང་བདུད་རྩིའི་ལྷུང་བཟེད་བསྣམས༔ སྣང་སྟོང་ཟུང་འཇུག་མི་ཤིགས་རྡོ་རྗེའི་སྐུ༔ གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ ཨེ་མ་ཧོ༔ ཐུགས་བསྐྱེད་སྨོན་ལམ་ཚད་མེད་བཅོམ་ལྡན་འདས༔ མངོན་ཤེས་ལྔ་ལྡན་སངས་རྒྱས་སྨན་གྱི་བླ༔ རིགས་འདུས་བྱིན་རླབས་ཡོངས་རྫོགས་པདྨ་འབྱུང་༔ མཚན་ལྡན་སྤྲུལ་སྐུ་འགྲོ་འདུལ་ཡོན་ཏན་མགོན༔ ཐུགས་རྗེས་འདིར་གཤེགས་བདག་རྒྱུད་བྱིན་གྱིས་རློབས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་འབུལ༔ ཉེས་ལྟུང་སྡིག་པའི་ཚོགས་ཀུན་མཐོལ་ལོ་བཤགས༔ དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང༔ ཟབ་ཅིང་

p. 647

རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ༔ འཁོར་བ་མ་སྟོངས་བར་དུ་རྟག་བརྟན་བཞུགས༔ འདིས་མཚོན་དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ ཀུན་ཀྱང་རྫོགས་པའི་སངས་རྒྱས་འགྲུབ་པར་ཤོག༔ ཏིང་འཛིན་སེམས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔ གསང་བའི་སྙིང་པོ་མཐིང་གསལ་གཡས་སུ་འཁོར༔ འོད་འཕྲོས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ འཁོར་འདས་སྟོབས་བཅུད་ཡོན་ཏན་ནུས་པ་བསྡུས༔ འབྲུ་གསུམ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ རྣམ་པར་བདག་གི་སྒོ་གསུམ་ལ་ཐིམ་པས༔ ཚེ་དཔལ་ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ༔ ཕྱོགས་བཅུའི་རྒྱལ་བ་དཀོན་མཆོག་སྤྲིན་ལྟར་འཁྲིགས༔ དགྱེས་བཞིན་འཛབ་དབྱངས་ལྡིར་ཞིང་བྱིན་གྱིས་བརླབས༔ སྣོད་བཅུད་ལྷ་སྔགས་ཏིང་འཛིན་རོལ་བའི་ཞིང་༔ ༀ་ཨཱཿ གུ་རུ་བཻཌཱུ་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཛ༔ ཞེས་ཤུབ་བུར་བཟླ་འམ་དབྱངས་སུ་ལེན༔ སྐབས་སུ་ཉམས་སྤར་བྱིན་འབེབས་བྱ༔ སྐབས་སུ་སྨོན་ལམ་གདབ་པ་ནི༔ ན་མོ༔ སྨན་རྒྱལ་རིག་འཛིན་དཀོན་མཆོག་རྒྱ་མཚོ་ལ༔ རྩེ་གཅིག་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཐུགས་བསྐྱེད་སྨོན་

p. 648

ལམ་བདེན་པའི་བྱིན་རླབས་ཀྱིས༔ སྟོང་གསུམ་རྡུལ་གྱི་གྲངས་མཉམ་འཁོར་འདས་ཀྱི༔ དགེ་ཚོགས་ཡོན་ཏན་དབང་བསྡུས་བདག་ལ་སྩོལ༔ ཕྱི་རུ་འབྱུང་བའི་བཅུད་དང་དྭངས་མ་སྐྱེད༔ ནང་དུ་ཚེ་བསོད་དཔལ་དང་ནུས་པ་སྤེལ༔ གསང་བ་བྱིན་རླབས་ཉམས་རྟོགས་ཟླ་ལྟར་རྒྱས༔ རྣམ་བཞིའི་ཕྲིན་ལས་མཆོག་ཐུན་དངོས་གྲུབ་སྩོལ༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་དང་༔ རྒྱ་འདྲེ་འགོང་པོ་མ་རུངས་གནོད་པ་དང་༔ ལྷ་སྲིན་མ་མོ་འཁྲུགས་པའི་ཁ་རླངས་དང་༔ ཕྱི་ནང་གསང་བའི་བར་ཆད་མི་མཐུན་ཕྱོགས༔ ཡོངས་སུ་ཞི་ཞིང་བཟློག་པར་མཛད་དུ་གསོལ༔ བསྐྱེད་པའི་སྣོད་བཅུད་རིམ་བསྡུས་ཧཱུྃ་ལ་ཐིམ༔ དེ་ཡང་རིམ་ཡལ་ཀ་དག་དགོངས་པར་ཐིམ༔ དགེ་བས་འགྲོ་ཀུན་སྐུ་གསུམ་ས་ཐོབ་ཅིང་༔ དོན་གཉིས་མཐར་ཕྱིན་མཆོག་གི་བཀྲ་ཤིས་ཤོག༔ འདི་ལྟར་བསྒྲུབས་པས་བྱིན་རླབས་རྟགས་མཚན་འབྱུང་༔ བར་ཆད་ཞི་ཞིང་ཚེ་བསོད་ཉམས་རྟོགས་འཕེལ༔ དུས་འཁྲུགས་མཚོན་བསྐལ་ནད་ཡམས་མུ་གེ་ཞི༔ སྣོད་བཅུད་འབྱུང་བའི་སྟོབས་དང་ནུས་པ་འཕེལ༔ གདུལ་བྱ་སྣང་སྲིད་དབང་སྡུད་ཅི་བསམ་འགྲུབ༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས་པར་ངེས༔ བཀྲ་ཤིས་དགེ་མཚན་འཕྲལ་འབྱུང་དེ་ཡི་ཕྱིར༔

p. 649

ཤིན་ཏུ་གཅེས་ཟབ་འདི་ལ་བརྩོན་པར་བྱ༔ ས་མ་ཡ༔ ཨྠྀི༔ ཞེས་པ་འདི་བདག་ལ་ལྕགས་གླང་ལོར་རྨི་ལམ་དུ་གཡུ་ཐོག་ཡོན་ཏན་མགོན་པོས་ཁྱད་པར་ཅན་གྱི་དབང་བརྒྱད་བསྐུར་ཞིང་༔ ཟབ་པའི་གདམས་པར་སྩལ་བར་རྨིས་ཤིང་༔ གདམས་སྐོར་ཅུང་ཟད་སྤྲོས་པ་འདི་ཆུ་སྟག་ཟླ་བ་བཅུ་པའི་ཡར་ཚེས་ལ་བླ་མ་དམ་པ་དབོན་སྤྲུལ་རིན་པོ་ཆེ་ཀུན་བཟང་མཚན་ཅན་བཤེས་གཉེན་དམ་པ་ནམ་མཁའི་མཚན་གྱིས་གསུང་ཤོག་རྟེན་འབྲེལ་ལེགས་བྱེད་ཞི་རྒྱས་ཀྱི་མཚོན་བྱེད་རྟེན་བཅས་ཕེབས་པར་བརྟེན་ནས་དཔའ་བོ་ལས་རབ་རྩལ་གྱིས་འཕྲལ་དུ་ཕབ་སྟེ་ཞབས་བརྟན་དུ་ཕུལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ བཀྲ་ཤིས༔

བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་ལས་ཁྲུས་སྒྲུབ་མ་རིག་མུན་སེལ།

p. 650
p. 651

࿅༔ བླ་མའི་ཐུགས་སྒྲུབ་ཡོན་ཏན་ཀུན་འབྱུང་ལས༔ ཁྲུས་སྒྲུབ་མ་རིག་མུན་སེལ་བཞུགས༔ བུམ་བསྐྱེད་ནི༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་སོགས༔ ༀ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཕྱི་ནི་རྟེན་འབྲེལ་ཐབས་ཀྱི་རང་བཞིན་ལ༔ ནང་ནི་ཤེས་རང་རང་བྱུང་གཞལ་ཡས་ཁང་༔ པྃ་ལས་པདྨ་ཨཱཿལས་ཟླ་བའི་གདན༔ ཧཱུྃ༔ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་༔ ཕྱག་གཡས་རྒྱ་གྲམ་གཡོན་པས་བུམ་པ་འཛིན༔ ཁྲོ་གཏུམ་སྦྲུལ་སྟག་རིན་ཆེན་རྒྱན་གྱིས་སྤྲས༔ གནས་གསུམ་འབྲུ་ཡིས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཕྱོགས་དུས་རྒྱལ་བ་སྲས་བཅས་རྣམས༔ དད་པ་དག་གིས་སྤྱན་འདྲེན་ན༔ ཐུགས་དམ་ཐུགས་རྗེས་བརྩེར་དགོངས་ལ༔ སྤྱན་འདྲེན་ཞིང་འདིར་ས་མ་ཛ༔ ༀ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་བཛྲ་ས་མ་ཛ་ཛ༔ ཧཱུྃ༔ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར༔ པདྨ་ཉི་ཟླའི་གདན་ཡངས་པོར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ མཆོད་པ་ནི༔ ཨརྒྷཾ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་ཚོགས༔

p. 652

རོལ་མོ་སྒྲ་སྙན་མཆོད་པའི་སྤྲིན༔ ཁྲོ་ཆེན་འབར་བའི་ཚོགས་ལ་འབུལ༔ ཨ་ལ་ལ་ཏེ་བཞེས་སུ་གསོལ༔ ཨརྒྷཾ་སོགས༔ ན་མཿསརྦ་པཱུ་ཛ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ རྣམ་དག་ཁྲོ་ཆེན་འབར་བའི་སྐུ༔ བདུད་དཔུང་མཐར་བྱེད་ཧཱུྃ་སྒྲ་ཅན༔ དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ བདག་སོགས་འགྲོ་བ་སེམས་ཅན་རྣམས༔ ཡུན་གྱི་སྒྲིབ་པར་གྱུར་པ་ཀུན༔ ཐུགས་རྗེའི་དབང་གིས་བསལ་དུ་གསོལ༔ བདག་ཉིད་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས༔ ཧཱུྃ་མཛད་རྒྱལ་པོའི་ཐུགས་དམ་བསྐུལ༔ སྐུ་ཡི་ཆ་ལས་བདུད་རྩི་བབས༔ འོད་ཀྱི་ཐིགས་པ་བདུད་རྩིར་འཛག༔ བུམ་པར་ཡེ་ཤེས་བདུད་རྩིར་གྱུར༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་྄ཕཊ༔ ཅེས་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་ཀྱི་མཐར༔ ལྷ་རྣམས་བདེ་བ་ཆེན་པོར་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་པར་གྱུར༔ བུམ་སྒྲུབ་འདི་ཡི་ཡོན་ཏན་གང་༔ ཁྲུས་གསོལ་དབང་བསྐུར་སྦྱིན་སྲེག་དང་༔ ལས་ལ་ཤིས་པའི་བྱ་བ་འགྲུབ༔ ཨེ་མ་ཡོན་ཏན་ཕུན་ཚོགས་ལྡན༔ སྐལ་བ་ཅན་གྱི་སྤྱོད་ཡུལ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ༔ ལས་རབ་རྩལ་གྱིས་སོ།། །།

p. 653

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་ཕྱིར་སོགས་ཀུན་སློང་དང་ཀུན་སྤྱོད་རྣམ་པར་དག་པའི་སྒོ་ནས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི་ཐུགས་གཏེར་གཡུ་ཐོག་ཡོན་ཏན་མགོན་པོའི་དབང་གི་ཆུ་རྒྱུན་བསྐུར་ཞིང་། དེ་ཡང་གཞུང་རྩ་བ་ལས་འདི་ལྟར་སྒྲུབ་པའི་བྱིན་རླབས་རྟགས་མཚན་འབྱུང་༔ བར་ཆད་ཞི་ཞིང་ཚེ་བསོད་ཉམས་རྟོགས་འཕེལ༔ དུས་འཁྲུགས་མཚོན་བསྐལ་ནད་ཡམས་མུ་གེ་ཞི༔ སྣོད་བཅུད་འབྱུང་བའི་སྟོབས་དང་ནུས་པ་འཕེལ༔ གདུལ་བྱ་སྣང་སྲིད་དབང་སྡུད་ཅི་བསམ་འགྲུབ༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་འབེབས་པར་ངེས༔ བཀྲ་ཤིས་དགེ་མཚན་འཕྲལ་འབྱུང་དེ་ཡི་ཕྱིར༔ ཤིན་ཏུ་གཅེས་ཟབ་འདི་ལ་བརྩོན་པར་བྱ༔ ཞེས་པ་འདི་ལྕགས་གླང་ལོར་བདག་དཔའ་བོ་ལས་རབ་རྩལ་ལ་རྨི་ལམ་དུ་གཡུ་ཐོག་ཡོན་ཏན་མགོན་པོས་ཁྱད་པར་ཅན་གྱི་དབང་བརྒྱད་བསྐུར་ཞིང་། ཟབ་པའི་གདམས་པ་སྩལ་བར་རྨིས་ཤིང་། གདམས་སྐོར་ཅུང་ཟད་སྤྲོས་པ་འདི་ཆུ་སྟག་ཟླ་བ་བཅུ་

p. 654

པའི་ཡར་ཚེས་ལ་འཕྲལ་དུ་ཕབ་པའོ། །ཞེས་གསུངས་པ་ལྟར་ཕན་པ་དང་ཡོན་ཏན་མཐའ་ཡས་པའི་གདམས་ཟབ་འདི་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ་བདག་རྡོ་རྗེ་སློབ་དཔོན་གྱིས་བགྱི་འོས་སུ་གྱུར་པ་རྣམས་གོང་དུ་གྲུབ་ཟིན་ནས་ཁྱེད་རང་རྣམས་ཀྱི་ངོ་སྐལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་དང་མཉམ་པར་བློས་སྤྲུལ་ནས་ལྷ་དང་བླ་མ་དབྱེར་མེད་པའི་དྲུང་དུ་ཕུལ་བར་མོས་ནས་མཎྜལ་འབུལ་བར་ཞུ། ནོར་གླིང་སྤྲུལ་མིང་པས་སྨྲས་སོ། །

p. 655

ༀ་མ་ཧཱ་ཤུ་ནྱེ་སོགས། ཁྱེད་རང་རྣམས་ཀྱི་རྣམ་སྨིན་རྡོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྟོབས་ཆེན་སེང་གེ་བརྒྱད་ཀྱིས་ བཏེགས་པའི་ཁྲི་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧཱུྃ་ལ་ཐིམ་ཧཱུྃ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྨན་རྒྱལ་ཡོན་ཏན་མགོན་པོ་གཞོན་ནུ་སྐུ་མདོག་དཀར་དམར་ཞི་ཞིང་འཛུམ་པའི་ཉམས་ཅན་དར་དཀར་གྱི་ན་བཟའ་དང་གཡི་ཀར་ཐུལ་བ་གསོལ་ཞིང་། ཕྱག་གཡས་ལོ་འབྲས་ལྡན་པའི་ཨ་རུ་དང་གཡོན་པས་སྨན་བུམ་བཻཌཱུའི་གུར་གུམ་གཞོན་ནུའི་ཁ་རྒྱན་ཅན་བསྣམས་པ་དབུ་སྐྲ་ཐོར་ཅོག་ལ་ཅུང་ཟད་ཟར་བུ་འཕྱང་བ་སྙན་རྒྱན་མགུལ་ཆུན་སོགས་རིན་པོ་ཆེའི་རྒྱན་ཐམས་ཅད་སྤྲས་པ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། བག་དྲོ་ཞིང་ལྷུན་ཆགས་པ་འཇའ་གུར་ཐིག་ལེ་སྦྲེལ་བ་སྨན་གྱི་ལྷ་དང་དྲང་སྲོང་སྤྲིན་ལྟར་འཐིབ་པ་ལྷ་དང་ལྷ་མོ་དམ་ཅན་ལས་ལ་

p. 656

འདུད་ཅིང་དེའི་ཐུགས་ཀར་པད་འབྱུང་ཚེ་དཔག་མེད་དམར་གསལ་སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས་ཤིང་དེ་ཡི་ཐུགས་ཀར་སྨན་གྱི་བླ་བཻཌཱུའི་མདོག་ འདྲ་དར་དང་རིན་ཆེན་རྒྱན་ལྡན་བདུད་རྩིས་བཀང་བའི་ལྷུང་བཟེད་གྱིས་བརྒྱན་པ་སྣང་སྟོང་ཟུང་འཇུག་མི་ཤིགས་རྡོ་རྗེ་སྐུ་ཡི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ཕྱོགས་བལྟ་ན་སྡུག་པའི་ཞིང་ཁམས་ནས་སངས་རྒྱས་སྨན་གྱི་བླ་མ་ཡོན་ཏན་མགོན་པོ་བསྐྱེད་པའི་ལྷ་ཇི་བཞིན་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། ཁྱེད་རང་དམ་ཚིག་གི་སེམས་དཔའ་གསལ་བ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །ནོར་གླིང་སྤྲུལ་མིང་པས་སྨྲས་སོ། །

བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་རླབས་དབང་གི་ཆུ་སྦྱིན།

p. 657

༄༅། །བླ་མ་སྐུ་གསུམ་རིགས་འདུས་ཀྱི་བྱིན་རླབས་དབང་གི་ཆུ་སྦྱིན་བཞུགས།

p. 658

གནས་དུས་མཐུན་པར་དགོས་པའི་ཡོ་བྱད་ཚང་བར་བྱས་ལ། ཁྲུས་དང་བགེགས་བསྐྲད་མཎྜལ་སོགས་སྤྱི་ལྟར་གྲུབ་ནས། དབང་དོན་དུ་གསོལ་བ་འདེབས་པ་ནི། ཀྱེ་ཧོ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །རྒྱལ་སྲས་རྣམས་ལ་དབང་བསྐུར་བཞིན། །རིག་འཛིན་གདུང་འཚོབ་གང་ཁྱོད་ཀྱིས། །བདག་ཅག་རྣམས་ལའང་དེ་བཞིན་སྩོལ། །གསུམ། ལན་དུ། ཧོ། ཌཱཀྐི་དཔལ་ལྡན་ཕྲེང་བ་ཡིས། །སྐྱེས་བུ་ཡོན་ཏན་མགོན་པོ་ལ། །དབང་བཞི་ཇི་ལྟར་བསྐུར་བ་ལྟར། །བདག་གིས་ཁྱེད་ཅག་རྣམས་ལ་ཡང་། །རྡོ་རྗེ་ཐེག་པའི་དབང་བསྐུར་སྦྱིན། །དམ་ཚིག་རིམ་པ་བསྲུང་དགོས་སོ། །ལན་

p. 659

དུ། ཚུལ་འདིའི་དམ་ཚིག་ཇི་ལྟར་ལགས། །རྡོ་རྗེ་འཛིན་པས་བཀའ་སྩོལ་ཅིག །ལན་དུ། དེང་ནས་བཟུང་སྟེ་ཁྱོད་རྣམས་ཀྱིས། །མི་དགེ་མཐའ་དག་སྤོང་བར་གྱིས། །གཞན་དོན་འགྱུར་ན་གནང་བ་ཡིན། །སེམས་བསྐྱེད་བརྟན་པོ་རྟག་ཏུ་ཟུངས། །ཉོན་མོངས་ཐམས་ཅད་སྤོང་བར་གྱིས། །ཐབས་ཀྱི་སྤྱོད་པ་གནང་བ་ཡིན། །ལྷ་སྔགས་ཏིང་འཛིན་དམ་ཚིག་ཟུངས། །འདི་ལ་འདའ་བར་མ་བྱེད་ཅིག །ལན་དུ། རྡོ་རྗེ་འཛིན་པས་བཀའ་སྩལ་བ། །དེ་ལ་བདག་ནི་ཡང་དག་གནས། །དེ་ནས་དམ་ཆུ་སྦྱིན། བཛྲ་ས་མ་ཡ་ན་ར་སྐན། དེ་ནས་སྐྱབས་སེམས་

p. 660

ཡན་ལག་བདུན་པ་སྦྱིན། ཡེ་ཤེས་དབབ་པ་བརྟན་པར་བྱ། བུམ་པ་ཐོགས་ལ། ཧཱུྃ། བུམ་པའི་དབང་བསྐུར་ས་མཆོག་རབ་ཏུ་གནོན། །སྣོད་བཅུད་སྐུ་དང་ཞིང་དུ་སྟོན་པའི་རྟགས། །སྐུ་གསུམ་བླ་མའི་བྱིན་རླབས་སྐུ་ཡི་དབང་། །རྡོ་རྗེ་སློབ་མ་ཁྱོད་ལ་ཡོངས་རྫོགས་ཤོག །རྩ་སྔགས། ཀཱ་ཡ་སོགས། བྷནྡྷའི་སྦྱིན་བདུད་རྩི་བླུད། ཧཱུྃ། བྷནྡྷ་བདུད་རྩི་བྱང་སེམས་བདེ་བའི་རོ། །སྔགས་ཀྱི་རང་བཞིན་ནུས་མཐུ་དཔལ་དུ་འབར། །ངག་རླུང་ཟུང་འཇུག་རྡོ་རྗེའི་བཟླས་པའི་དབང་། །དམ་ལྡན་སློབ་མ་ཁྱོད་ཀྱིས་ཐོབ་པར་ཤོག །ཝཱཀྐ་སོགས། ཕྱག་རྒྱ་སྦྱིན། ཧཱུྃ། འདོད་ཁམས་འདོད་ཆགས་རང་བཞིན་ལས་གྲུབ་པའི། །ལུས་ཀྱིས་སྤངས་ཀྱང་སེམས་ཀྱིས་ཞེན་འཁྲུལ་འཕེལ། །དེ་བས་མཚན་ལྡན་ལྷ་མོ་འདི་ཁྱེར་ལ། །དགའ་བཞིའི་ཡེ་ཤེས་ཏིང་འཛིན་ཟབ་མོ་སྤྱོད། །ཙིཏྟ་ཨ་སོགས། མེ་ལོང་ཤེལ་རྡོ་སྦྱིན། ཧཱུྃ། སེམས་ཉིད་ཡེ་ཤེས་ཐིག་ལེ་ཀུན་ནས་ཟླུམ། །རང་བྱུང་ཡེ་ཤེས་དྭངས་གསལ་དག་པ་ཆེ། །འདི་སྐྱོང་རིག་རྩལ་དགོངས་པ་བརྡ་ཡི་དབང་། །དངོས་གྲུབ་ཀུན་གྱི་རྩེ་མོ་མཆོག་ཉིད་དོ། །སརྦ་ཨ་སོགས། གཏོར་མ་སྦྱིན་ལ། ཧཱུྃ། གཏོར་མ་སྐུ་གསུམ་རིགས་འདུས་

p. 661

བདག་ཉིད་སྐུ། །སྟེང་གི་ཆ་ལ་བླ་མ་སྤྲིན་ལྟར་འཐིབ། །བར་དུ་སྨན་གྱི་ལྷ་དང་དྲང་སྲོང་ཚོགས། །མཐའ་སྐོར་སྨན་གྱི་ལྷ་མོ་དམ་ཅན་འཁོད། །ཁྱེད་རྣམས་སྔོན་གྱི་ཐུགས་དམ་དུས་ལ་བབ། །དམ་ལྡན་སློབ་མ་འདི་ལ་བྱིན་ཆེན་ཕོབ། །སྤྱི་བོ་ནས་ཞུགས་ལུས་ལ་སིབ་སིབ་ཐིམ། །ལུས་ངག་ཡིད་ལ་དངོས་གྲུབ་བྱིན་རླབས་སྩོལ། །བྷ་ལིཾ་ཏ་སོགས། ཚེ་འབྲང་ཟས་སྣ་རྟེན་འབྲེལ་གྱི་རྫས་སྦྱིན། ཀྱེ་ཧོ། ལས་ཅན་རྡོ་རྗེ་སློབ་མ་ཁྱོད། །དེ་རིང་རིགས་འདུས་རྒྱལ་བའི་སྐུ་རུ་གྱུར། །རྡོ་རྗེ་སེམས་དཔའི་སྐུ་ཚེ་སྐལ་བ་དང་། །ལོངས་སྤྱོད་མཉམ་པའི་རྟེན་འབྲེལ་ཐབས་ཀྱི་རྫས། །མངའ་གསོལ་འབུལ་ལོ་རྟག་ཏུ་ཤིས་གྱུར་ཅིིག །ཨཱ་ཡུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། བཀྲ་ཤིས་རྫས་བརྒྱད་ཐོགས་ལ། ཧཱུྃ། བདུད་བཅོམ་རྫོགས་སངས་རྒྱས་པའི་ཐུབ་དབང་གི། །རྟེན་ཅིང་འབྲེལ་འབྱུང་ཚེ་འཕེལ་དགེ་བའི་རྫས། །རྡོ་རྗེ་སློབ་མ་ཁྱོད་ལ་འདི་སྦྱིན་པས། །བཀྲ་ཤིས་དཔལ་ལ་རྟག་ཏུ་སྤྱོད་པར་ཤོག །མངྒ་ལཾ་སརྦ་ཨ་བྷི་སོགས། སྣ་བདུན་ཐོགས་ལ། ཧཱུྃ། འཁོར་ལོས་སྒྱུར་རྒྱལ་ལ་འོས་རིན་ཆེན་བདུན། །ཚེ་དཔལ་དབང་

p. 662

ཕྱུག་འདོད་དགུ་ཕུན་ཚོགས་ལྡན། །རྡོ་རྗེ་སློབ་མ་ཁྱོད་ལ་འདི་སྦྱིན་པས། །སྲིད་འབྱོར་རྒྱ་མཚོར་དབང་སྒྱུར་ནུས་པར་ཤོག །རཏྣ་སརྦ་ཨ་བྷི་སོགས། བཀྲ་ཤིས་རྗེས་ཆོག་སོགས་སྤྱི་ལྟར་བྱའོ། །ཞེས་དགེ་བའི་བཤེས་གཉེན་དམ་པ་བླ་མ་ནམ་མཁའ་ཚེ་དབང་གི་བཀས་བསྐུལ་བ་ལ་བརྟེན་ནས་སྨྱོ་རྒན་ལས་རབ་རྩལ་གྱིས་འཇུག་བདེར་བཀོད་པའོ། །མངྒ་ལཾ། དགེའོ། །

Pecha page