རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ།
རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གསུམ་པའི་དཀར་ཆག
༄༅། །རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གསུམ་པའི་དཀར་ཆག་བཞུགས་སོ།།
རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་གསུམ་པ་ཕྱག་རྡོར་དང་ཕུར་པ་འཇམ་དཔལ་སྨྲ་སེང་གཤིན་རྗེ་རྟ་མགྲིན་སྒྲོལ་མ་དཀར་ལྗང་རིག་བྱེད་མ་སོགས་ཀྱི་དཀར་ཆག་༡-༡༠ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐོག་འབེབས་ཀྱི་ལོ་རྒྱུས་༡༡-༡༨ བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཡོངས་འདུས་༡༩-༢༠ ལས་བྱང་ཁྲོ་རྒྱལ་དགྱེས་པའི་རྣམ་རོལ་༢༡-༤༦ ལས་བྱང་གནམ་ལྕགས་གོ་ཁྲབ་༤༧-༥༦ རྒྱུན་ཁྱེར་ཟབ་དོན་འདུས་པ་༥༧- ༥༨
ཐལ་མོ་བརྡབ་ཆོག་༥༩- ༦༠ རྡོ་རྗེ་ཐོག་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ་༦༡-༦༨ རྡོ་རྗེ་ཐོག་འབེབས་ཀྱི་དབང་ཆོག་མཚམས་སྦྱོར་དང་བཅས་པ་༦༩-༩༠ བསྐང་བ་ཉམས་ཆག་ཀུན་སྦྱོང་༩༡-༩༦ བསྒྲལ་ལས་གནམ་ལྕགས་རལ་གྲི་༩༧-༡༢༠ བསྐུལ་བ་བདུད་དཔུང་ཚད་གཅོད་༡༢༡- ༡༣༤ གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས་དྲག་སྔགས་དམོད་པའི་མཚོན་ཆ་༡༣༥-༡༦༤ གནད་བསྡུས་ཤི་ས་བསྟན་པ་༡༦༥-༡༦༨ གཟའ་སྲུང་ཟབ་མོ་
བཀའ་རྒྱ་ཅན་༡༦༩-༡༧༠ ལས་མཐའ་གོད་ཁ་བཅད་ཐབས་དང་ཕན་བྱའི་མན་ངག་འགའ་ཞིག་༡༧༡-༡༧༤ ཕྱུགས་ནད་གཅོད་པའི་མདོས་ཆོག་༡༧༥-༡༨༢ ཐུགས་རྟེན་གནམ་ལྕགས་རྡོ་རྗེའི་ལོ་རྒྱུས་ངོ་མཚར་རྣ་བའི་རྒྱན་གྱུར་༡༨༣-༡༨༦ ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་ལས་བྱང་བྱིན་རླབས་རྡོ་རྗེའི་རྫོང་ཆེན་༡༨༧-༡༩༢ གཟའ་སྲུང་ཉི་མ་མདུང་གང་གི་ངག་ཁྲིད་རྩ་བའི་དོན་གསལ་༡༩༣-༡༩༨ དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བ་༡༩༩-༢༠༦ ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་རྡོ་རྗེ་སྟོབས་མཆོག་གི་གསུང་༢༠༧-༢༡༠ ཕུར་པ་ཡང་གསང་སྤུ་གྲིའི་གསང་སྒྲུབ་བལྟས་ཆོག་ཏུ་བཀོད་པ་སྙིང་པོའི་བཅུད་དྲིལ་༢༡༡-༢༣༦ ཕུར་པ་སྤུ་གྲིའི་བརྒྱུད་འདེབས་པདྨའི་མིང་གི་གསུང་༢༣༧-༢༣༨ རྡོ་རྗེ་ཕུར་བ་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་༢༣༩-༢༤༨ ཕུར་པའི་ཚོགས་མཆོད་མདོར་བསྡུས་འབད་མེད་གཞི་གྲོལ་གྱི་གསུང་༢༤༩-༢༥༠ རྡོ་རྗེ་
ཕུར་པའི་སྲོག་ཕུར་དྭངས་མ་དང་ཚོགས་མཆོད་རྡོ་རྗེའི་གླུ་དབྱངས་ཕྲིན་ལས་ནོར་བུའི་གསུང་༢༥༡- ༢༥༦ ཕུར་པའི་རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ་༢༥༧- ༢༥༨ སྙན་བརྒྱུད་འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་ལུང་བྱང་རལ་གྲིའི་རྒྱ་ཅན་༢༥༩- ༢༦༢ འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་བྱིན་རླབས་སྤྲིན་འཐིབས་༢༦༣-༢༧༢ བུ་ཡིག་ཟབ་བཅུད་ཀུན་འདུས་༢༧༣-༢༧༦ སྨྲ་སེང་རིལ་སྒྲུབ་ཡིག་ཆུང་༢༧༧-༢༧༨ སྨྲ་སེང་རྒྱུན་ཁྱེར་ཟབ་མོ་༢༧༩-༢༨༠ དབྱངས་ཅན་ལྷ་མོའི་ཤེས་རབ་བློ་འཕེལ་གྱི་རིལ་བུ་སྒྲུབ་ཐབས་༢༨༡-༢༨༢ ཐུགས་གསང་སུམ་སྦྲགས་ཀྱི་གསོལ་འདེབས་༢༨༣-༢༨༤ ཐུགས་གསང་སུམ་སྦྲགས་ཀྱི་ལས་རིམ་གྱི་འགེབས་ཁྲིགས་སུ་བཀོད་པ་བཀླགས་པས་དོན་གྲུབ་༢༨༥-༣༠༦ ཐུགས་གསང་སུམ་དྲིལ་ཡང་གསང་སྙིང་ནོར་༣༠༧-༣༡༠ བླ་སྒྲུབ་གུ་རུ་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་བཀའ་རྒྱ་ཅན་༣༡༡-༣༡༦ ཐུགས་སྒྲུབ་སུམ་སྦྲགས་ཀྱི་གབ་ཡིག་ཙཀྲ་༣༡༧-༣༢༢
འཇམ་དཔལ་ཁྲོས་པ་དགྲ་ཕུང་ནག་པོའི་བརྒྱུད་པའི་གསོལ་འདེབས་༣༢༣-༣༢༤ གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་རིམ་བཀླག་ཆོག་ཏུ་བཀོད་པ་ཁྲག་འཐུང་དགྱེས་པའི་དགའ་སྟོན་༣༢༥-༣༦༠ གབ་ཡིག་སྲུང་བཟློག་ཟབ་མོ་༣༦༡-༣༦༤ ཁྲོ་འདུས་དྲག་སྔགས་དམོད་པ་༣༦༥-༣༧༤ ཟོར་སྒྲུབ་གབ་པ་ཁྲོ་ཆུ་ཁོལ་མ་༣༧༥-༣༧༨ གཤིན་རྗེའི་དབང་གི་གབ་ཡིག་༣༧༩-༣༨༢ བསད་ལས་ཐུན་བསྐུལ་བཀླག་བདེར་བཀོད་པ་དུག་རི་རེག་འཇོམས་ཟིལ་གནོན་རྡོ་རྗེ་རྩལ་གྱིས་བསྒྲིགས་༣༨༣-༤༡༦ གཤིན་རྗེའི་བྱད་བཟློག་༤༡༧-༤༡༨ བསྐུལ་ཆེན་དུག་མདའ་ནག་པོ་གསང་བའི་བཀའ་རྒྱ་ཅན་༤༡༩-༤༥༢ དགྲ་ཕུང་ནག་པོའི་ཟོར་ལས་བཀླག་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་ཐོག་རྒོད་ཟིལ་གནོན་རྡོ་རྗེ་རྩལ་གྱིས་བསྒྲིགས་༤༥༣-༤༩༦ སྲེག་པ་ཧོམ་གྱི་ལས་སྦྱོར་དུས་མཐའི་བྱིན་ཟ་༤༩༧-༥༠༤ དགྲ་ཕུང་གི་ཞལ་ཤེས་དང་དྲག་སྔགས་ཆེ་བ་༥༠༥- ༥༠༨ ལས་མཐའ་བདུད་འགོང་མནན་གཏད་བཅིངས་པའི་གབ་ཡིག་དང་
འཇམ་དཔལ་དྲག་པོའི་ལས་མཐའ་ཟ་ཡིག་རྒྱལ་འགོང་སྲོག་གི་སྤུ་གྲི་༥༠༩-༥༡༨ དགྲ་ཆིངས་མཆོག་ཏུ་ཟབ་པ་བཀའ་རྒྱ་ཅན་༥༡༩- ༥༢༠ གཤིན་རྗེ་དགྲ་ཕུང་གི་རྒྱུན་ཁྱེར་པདྨ་ཀློང་ཡངས་ཀྱི་གསུང་༥༢༡-༥༣༠ ཟབ་བཅུད་བསྡུས་པ་༥༣༡- ༥༣༦ ཐུགས་གསང་བསྙེན་ཡིག་ཁམས་གསུམ་དབང་བྱེད་ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་༥༣༧-༥༤༤ གཤིན་རྗེའི་བསྙེན་ཡིག་བྱད་མ་འཇོམས་པའི་མཚོན་འཁོར་ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་༥༤༥-༥༥༢ གཤིན་རྗེ་ཡང་བཟློག་སྤུ་གྲི་རེག་གཅོད་ཀྱི་ཕྲིན་ལས་གནམ་ལྕགས་རལ་གྲི་༥༥༣-༥༦༢ གཤིན་རྗེ་སྤུ་གྲི་རེག་གཅོད་ཀྱི་མཚོན་ཆ་ཟོར་གྱི་ལས་སྦྱོར་དགྲ་བགེགས་དཔུང་འཇོམས་༥༦༣- ༥༦༦ ཀིང་ཀཾ་བསྐང་གསོལ་མཆོད་ཕྲིན་༥༦༧-༥༧༠ ཀླུ་བདུད་ནཱ་ག་རཀྴའི་སྒྲུབ་ཐབས་གནམ་ལྕགས་ཁོལ་མ་༥༧༡-༥༧༤ ནཱ་ག་རཀྴའི་རྒྱུན་ཁྱེར་ཟབ་གནད་འདུས་པ་༥༧༥-༥༧༦ རྟ་མགྲིན་དྲེགས་པ་ཟིལ་གནོན་ལས་དམིགས་པ་དང་སྔགས་ཀྱི་མདེའུ་ཐུང་ཕྱག་བཞེས་སུ་བཀོད་པ་བཀའ་རྒྱ་ཅན་༥༧༧-༥༩༢ རྟ་
མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་འགྲིག་༥༩༣-༦༠༠ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་བསྡུས་པ་དང་དྲེགས་ཟིལ་རྒྱུན་ཁྱེར་༦༠༡-༦༠༨ རཏྣའི་རྟ་མགྲིན་དཔའ་བོ་གཅིག་པའི་ཚོགས་ཁོལ་ཕྱུང་༦༠༩-༦༡༠ རྗེ་བཙུན་སྒྲོལ་མའི་ཆོས་སྐོར་གྱི་ལོ་རྒྱུས་༦༡༡- ༦༡༢ སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་ལས་བྱང་སྒྲུབ་ཐབས་དང་འབྲེལ་བ་༦༡༣-༦༢༢ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་འགུགས་འཆི་མེད་དཔལ་སྟེར་ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་༦༢༣-༦༢༤ སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་བྱིན་རླབས་དབང་གི་རིམ་པ་༦༢༥-༦༣༠ སྒྲོལ་དཀར་གྱི་བྱིན་རླབས་རྗེས་སུ་གནང་བ་༦༣༡-༦༣༢ སྒྲོལ་དཀར་ལས་བཞིའི་མེ་མཆོད་འབད་མེད་གཞི་གྲོལ་གྱི་གསུང་༦༣༣-༦༣༤ བཀྲ་ཤིས་སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་ལས་ཚོགས་དང་བསྟོད་པ་༦༣༥- ༦༣༦ སྒྲོལ་མའི་གསོལ་འདེབས་དང་སྒྲུབ་ཐབས་བསམ་འཕེལ་ཡིད་བཞིན་ནོར་བུ་༦༣༧- ༦༤༠ བསམ་འཕེལ་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་
གི་རིམ་པ་༦༤༡-༦༥༠ མཁའ་འགྲོའི་གསང་སྒྲུབ་དབང་སྡུད་ནོར་སྒྲུབ་ཟབ་མོ་༦༥༡-༦༥༤ ཀུ་རུ་ཀུལླེའི་ལོ་རྒྱུས་༦༥༥-༦༥༨ རིག་བྱེད་མའི་ཡོན་ཏན་དྲན་པར་བྱ་བ་༦༥༩-༦༦༠ ཀུ་རུ་ཀུལླེའི་གསོལ་འདེབས་༦༦༡- ༦༦༢ དབང་ཆེན་ཀུ་རུ་ཀུལླེའི་གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་དམར་ནག་༦༦༣- ༦༧༦ འཛབ་ཀྱི་འཕྲུལ་འཁོར་གབ་ཡིག་སྙིང་ཁྲག་དྭངས་མ་༦༧༧-༦༨༠ ལས་སྦྱོར་ཟབ་པའི་མཐར་ཐུག་རླུང་གི་ཞགས་པ་༦༨༡-༦༨༢ རིག་བྱེད་མའི་ཁ་སྐོང་འགའ་ཞིག་༦༨༣-༦༨༦ ཀུ་རུ་ཀུལླེའི་བསྐང་བ་༦༨༧- ༦༨༨ ཐུགས་དམ་གནད་བསྐུལ་ཟབ་མོ་༦༨༩- ༦༩༢ རིག་བྱེད་མའི་གསང་སྒྲུབ་སྙིང་པོ་༦༩༣-༦༩༦ སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་འདོད་འབྱུང་ནོར་བུ་༦༩༧-༧༠༠ རིག་བྱེད་མའི་རྟེན་འབྲེལ་ཚེ་སྒྲུབ་དང་འདོད་གསོལ་༧༠༡-༧༠༢ རིག་བྱེད་མའི་དབང་གི་ལོ་རྒྱུས་༧༠༣-༧༠༤ དབང་གི་རིམ་པ་དངོས་གྲུབ་ཆར་འབེབས་༧༠༥-༧༡༢ རང་ཉིད་ནུས་པ་ལྡན་བྱེད་བླ་རྡོ་ཙཀྲ་༧༡༣-༧༡༤ སྙིང་བྱང་
གསང་བའི་གབ་ཡིག་བཀའ་རྒྱ་ཅན་༧༡༥-༧༢༠ ཀུ་རུ་ཀུལླེའི་སྦྱིན་སྲེག་ངག་འདོན་བཅས་༧༢༡-༧༢༤ ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་དང་ལྷ་མོ་ལོ་གྱོན་མ་༧༢༥-༧༢༨ གནོད་སྦྱིན་ཕག་གདོང་སེར་མོའི་སྒྲུབ་ཐབས་༧༢༩-༧༣༢ བདུད་འདུལ་མཁའ་འགྲོའི་རྒྱུན་ཁྱེར་འཇིགས་མེད་གོ་ཆ་༧༣༣-༧༤༠ ཡོད། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་ཆོས་སྐོར་པོད་གསུམ་པ་ལ་ཆོས་ཚན་༡༡༤ དང་ཤོག་གྲངས་༣༧༠ གསུང་འབུམ་ཡོངས་རྫོགས་པོད་ལྔ་ལ་ཁྱོན་ཆོས་ཚན་༨༣༨ བཅས་བཞུགས།
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐོག་འབེབས་ཀྱི་ལོ་རྒྱུས།
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལོ་རྒྱུས་བཞུགས་སོ༔
ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀས་གནོངས་བྱིན་གྱིས་རློབས་ལ་ཤིས་པ་སྩོལཿ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ དེ་ལ་འདིར་ལོ་རྒྱུས་ཀྱི་རིམ་པ་ནི༔ ཐོག་མར་ཁོ་བོ་ལས་རབ་རྩལ་རང་ལོ་ཉེར་གསུམ་པའི་དབྱར་གྱི་དུས་ཚེ་ཕུ་བོ་གླང་ནག་སྤྲུལ་སྐུ་གྲོངས་སོང་བའི་སྟབས་དེ་ཀས་དབོན་སྤྲུལ་གྱིས་ཆར་གཅོད་པར་བསྐུལ་ནས་འབོམ་བླ་མའི་ཉིན་དོལ་གྱི་ས་འབུར་སྟེང་དུ་མཛེ་ཁྲག་སོགས་རྫས་ངན་གྱི་ལས་སྦྱོར་བྱས་པའི་ཟེགས་མ་ཆུ་
ཟུར་གྱི་ལུ་མ་ཞིག་གི་ནང་དུ་སོང་བའི་རྐྱེན་གྱིས་མིད་པ་ཆེར་ན་བའི་སྐབས༔ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་བསྙེན་སྒྲུབ་བཏང་བས་ནུབ་གཅིག་རྨི་ལམ་དུ་གོང་གི་ཆུ་མིག་དེའི་རྩ་ན་བདག་སླེབས་འདུག༔ ནང་ནས་མི་ནག་པོ་སྦྲུལ་མཇུག་ཅན་མཐོ་གང་ཙམ་པ་ཉར་ཉོར་བྱེད་པ་ཞིག་གིས་ཚུར་རང་ལ་སོར་མདེས་བརྡེག་འདུག་པས༔ བདག་གིས་ཀྱང་བསྙེན་པ་བཟླ་བཞིན་ཕར་ལ་བརྡེགས་པས་སོར་རྩེ་ནས་མེ་སྟག་ཕྲོམ་ཕྲོམ་བྱུང་བས་དེ་མ་ཐག་བསྐྱེད་རིམ་དགོས་སྙམ་པ་བྱུང་ནས༔ རྟ་མགྲིན་དུ་བསྐྱེད་པ་དང་
ལྷན་ཅིག་ཕྱག་ན་རྡོ་རྗེར་གྱུར་པའི་སྡིགས་མཛུབ་ཀྱི་རྩེ་ནས་མེ་དམར་ལྷབ་ཀྱིས་འབར་བས་ཁོ་རང་ཐུལ་གྱིས་ཚིག་སོང་བའི་ལྟས་བྱུང་ཞིང་ནད་ལས་གྲོལ་བ་དང་༔ ཡང་ཤིང་བྱ་ལོར་མཚོ་སྔོན་ཕྱོགས་ནས་ཕྱིར་རང་ཡུལ་དུ་ཐེག་སྐབས་ན་རེད་གོང་འོག་ཅེས་པའི་མདོའི་ཐང་ཞིག་ཏུ་ཚུགས་བྱས༔ དེ་ནུབ་རྟ་མགྲིན་གྱི་རྒྱུན་ཁྱེར་འདོན་བཞིན་གཉིད་དུ་སོང་བའི་རྨི་ལམ་ན༔ དེའི་ཐད་ཀྱི་ཕར་ཁ་ན་རི་ནག་པོ་ཆེན་པོ་ཞིག་འདུག་པ་དེར་བལྟས་པས་ནང་ཁོང་ཐམས་ཅད་མཐོང་ཞིང་མཚོ་མིག་གཉིས་ལྷོག་ལྷོག་འབུར་བའི་ནང་ནས་སྦལ་པ་ལྗང་གུ་ཆེན་པོ་གཉིས་ཀྱིས་རྡོ་རྣམས་ཁྲོག་ཁྲོག་ཚུར་སྙེགས་བྱུང་བ་དང་༔ ཀླུའི་ཆོ་འཕྲུལ་ཡིན་པར་སེམས་ཤིང་རྟ་མགྲིན་གྱི་བསྐྱེད་རིམ་བྱས་པས༔ ཕུར་པར་གནས་འགྱུར་བ་དང་༔ སྦལ་པ་མི་མགོ་ཅན་ལུས་ལ་རྨ་དོད་པ་གཉིས་སུ་གྱུར་ཞིང་སླར་མི་རྒན་པོ་སྨུག་སེ་བ་ཞིག་དང་བུ་ཆུང་སྐྱ་བོ་ཞིག་སྟེ་གཉིས་སུ་སོང་ཞིང་དྲུང་དུ་སླེབས་པ་དང་༔ ཕྱག་རྡོར་གྱི་བསྐྱེད་རིམ་གསལ་བཞིན་པར་ནཱ་ག་རཀྴར་གྱུར་པས་དམ་ནོད་དུ་བྱུང་བར་ཁྱེད་གཉིས་
ཀྱིས་སེམས་ཅན་ལ་གནོད་འཚེ་མ་བྱེད་པར་བསྒོས་པས་ཆེ་བས་ཅང་མི་ཟེར་ཞིང་ཆུང་བས་དེ་ལྟར་ཁས་བླངས་སོང་བ་དང་༔ ཡང་མེ་ཕག་ལོ་རྡོ་བྲག་རིག་འཛིན་མཆོག་སྤྲུལ་རྒྱ་ནག་ཏུ་ཕྱིར་བྱོན་པར་སྔར་ཆུང་ངུའི་དུས་ཆོས་མང་དུ་ཞུས་པའི་རྩ་བའི་བླ་མ་སྒོ་འགྲིམ་དུ་ཕེབས་པར་ཕྱག་མཇལ་ལ་འགྲོ་དགོས་སྙམ་པའི་ཚེས་དགུའི་ནུབ་རྨི་ལམ་དུ་བླ་མ་དེ་ཉིད་ཕྱག་ན་རྡོ་རྗེ་ལ་འཁོར་མཁའ་འགྲོ་སྡེ་ལྔས་བསྐོར་བ་མཐོང་ཞིང་༔ ཕྱིར་ནངས་ཚེས་བཅུའི་ཉིན་དངོས་སུ་མཇལ་བས་གཞན་སྦྱིན་བདག་དང་འབྱོར་ཅན་སེར་སྐྱ་མི་དྲག་མང་པོས་དབང་ནན་གྱིས་ཞུས་པས་ཐུགས་བྲེལ་སྟབས་མ་གནང་འདུག་པར༔ བདག་གིས་དབང་གནང་དགོས་ཞུས་པས་དགྱེས་བཞིན་ཚེ་སྒྲུབ་སྲོག་གི་ཀ་བའི་དབང་བྱེད་པར་ཞལ་གྱིས་བཞེས་ཏེ་དཔེ་མང་དུ་བསློགས་ཀྱང་མ་ལོན་ནས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་དཔེ་རྩོལ་མེད་དུ་རྙེད་པ་ལྟར་གྱི་དབང་ལུང་དཔེ་ཆ་བཅས་གནང་ཞིང་ཡི་དམ་དུ་གྱིས་གསུངས་པ་དང་༔ སླར་བོད་ཡུལ་དུ་ཡར་བྱོན་སྐབས་བདག་གིས་
ཀྱང་རང་ཚོད་ཀྱིས་འབུལ་ཆེན་དང་བཅས་མཇལ་དུ་ཕྱིན་པར་ལྕགས་ལ་སོགས་སུ་ཕེབས་རབས་དང་ལམ་ནས་འོ་བརྒྱལ་ཚོར་བ་སོགས་ཀྱི་ཞལ་འཕྲོས་ཞིབ་དོན་གནང་སྐྱེས་བཟང་པོ་བཅས་སྩལ་ཞིང་མི་འགྱང་བར་བོད་ཡུལ་དུ་ཤོག་དང་དབང་ལུང་སོགས་ཞིབ་དོན་གནང་གསུངས་རུང་འགྱངས་འགོར་སྟབས་ཀྱིས་ཕྱིས་མཇལ་མ་ཐུབ་པའི་འཕྲོས་གཏམ་དང་༔ ཕྱག་རྡོར་གྱི་དབང་གནང་སྐབས་ཁོང་གི་ཕྱག་རྡོར་འདི་ཀ་ལྷོ་བྲག་ངོས་ནས་གཏེར་སྟོན་འདྲ་བ་ཞིག་དང་སྔགས་པ་ཞིག་གཉིས་སྟེང་གདོན་གྱིས་ན་འདུག་པ་སོགས་ལ་གནང་བས་ནད་ལས་གྲོལ་བ་ཡིན་པས༔ ཁྱོད་ཀྱིས་ཀྱང་སྟེང་གདོན་འོག་གདོན་བར་གདོན་གྲེ་བོ་གྲེ་མོ་ཐེའུ་འགོང་དམ་སྲི་སོགས་འབྱུང་པོ་མཐའ་དག་འདུལ་བ་ལ་ཡི་དམ་དུ་ཆོངས་ཤིག་ཅེས་ལུང་བསྟན་གཟེངས་བསྟོད་པ་བཞིན་རང་གིས་ཀྱང་ཉམས་སུ་བླངས་ཤིང་གཞན་དག་ནད་པ་སོགས་ལ་དབང་ལུང་སྦྱིན་པ་དང་སེར་བ་བཟློག་པ་ལ་སོགས་ཀྱི་རྣོ་ནུས་ཅུང་ཟད་ཐོན་ཞིང་ཕན་ཐོགས་པ་མྱོང་བས་གྲུབ་པོ༔ དེ་ལྟར་རང་ལ་བླ་མ་དང་ལྷག་པའི་ལྷ་
འདིས་ལན་གྲངས་དུ་མར་རྗེས་སུ་བཟུང་བ་ལ་བརྟེན་སྒྲུབ་ཕྲིན་སོགས་གདམས་སྐོར་འབྲིའམ་སྙམ་རུང་ངག་ལམ་ནས་མ་བརྗོད་ཐོག་ལྕགས་ཁྱི་ལོར་རང་གི་རྩ་བའི་སློབ་མ་དགེ་རྩེ་པ་རིག་འཛིན་རྒྱ་མཚོས་བསྐུལ་མ་བྱུང་བ་ཡིད་ལ་གཅགས་ཀྱང་ཅུང་འགྱངས་པ་ན༔ འཕྲལ་ཤིང་སྟག་ལོར་ས་དབང་སྡེ་དགེ་རྒྱལ་པོས་དངོས་རྫས་རྒྱ་ཆེ་དང་བཅས་བཀའ་ནན་གྱིས་བསྐུལ་བར་བརྟེན་དབང་དང་རཏྣའི་ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་སྒོས་སྒྲུབ་རྡོ་རྗེ་ཐོག་འབེབས་ཀྱི་རྒྱ་གཞུང་དང་འབྲེལ་བར་ལས་བྱང་ཆུང་འབྲིང་སོགས་བསྒྲིགས་ཏེ་ཕུལ་ཞིང་༔ སླར་གདམས་སྐོར་ཡོངས་རྫོགས་ཞིབ་རྒྱས་སུ་སྐུལ་བ་པོ་དེས་ཡི་གེའི་མཐུན་རྐྱེན་སྦྱར་ནས་གཏན་ལ་ཕབ་པ་ཡིན༔ གཞན་དག་སྣང་ཞེས་པ་ཁ་ཅིག་ཡི་གེ་མཐོང་བ་ལ་བརྟེན་པ་དང་༔ མུ་སྟེགས་དཎྜིའི་འཁྱོག་གཏམ་གྱི་ལུགས་དང་༔ ཡུལ་གྲུ་ཕལ་གྱི་སྒྲ་སྐད་སྣ་ཚོགས་དང་རང་ལ་གོམས་འདྲིས་ཆེ་བའི་ཆོ་གའི་ཚིག་རིས་སོགས་ངན་ཞེན་དུ་མ་བཏང་བར༔ རང་ཆུང་ངུ་ཁ་བརྡ་འཕྲོད་མི་འཕྲོད་ཙམ་གྱི་དུས་ན་
འབྲི་ཀློག་རྩོམ་པ་སོགས་ཤུགས་ཀྱིས་འབྱུང་བ་ལྟར་ལྷན་སྐྱེས་ཀྱི་རིག་གནས་ཇི་ལྟ་བ་བཞིན་རང་བྱུང་ཤུགས་བབས་སུ་བཀོད་པ་ཡིན་པས༔ དད་ལྡན་ཟོལ་མེད་ཀྱིས་སྒྲུབ་པ་དང་དུ་བླངས་ནས་བྱིན་རླབས་རྣོ་ནུས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེ་བར་ཡོད་ངེས་པས་ཕྱི་རབས་ལས་ཅན་རྣམས་ཀྱིས་ཉམས་སུ་ལོངས་ཤིག༔ ཅེས་པའང་རང་ལོ་དྲུག་ཅུར་སོན་པའི་ཚེ་དཀའ་བ་དང་དུ་བླངས་ཤིང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་ཏེ་རིག་འཛིན་རྒྱ་མཚོས་ཡི་གེར་བཀོད་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་གཞལ་དུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག༔ མཆོག་གསུམ་རྩ་གསུམ་ཆོས་ཉིད་བདེན་པའི་མཐུས༔ བདུད་རྒན་བདག་གི་སྒོ་གསུམ་བརྩམས་པའི་ལས༔ དགེའམ་སྡིག་པར་གྱུར་པ་གང་ཡང་རུང་༔ སངས་རྒྱས་བསྟན་པ་ཡུན་དུ་གནས་པ་དང་༔ འགྲོ་ཀུན་སྡུག་བསྔལ་ཉེས་ཚོགས་ཀུན་བསལ་ནས༔ མྱུར་དུ་རྣམ་མཁྱེན་འཐོབ་པའི་རྒྱུ་རུ་བསྔོ༔ ཞེས་པ་དེ་སྐད་ལས་རབ་རྩལ་གྱིས་སོ༔ དགེའོ༔
རྡོ་རྗེ་ཐོག་འབེབས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཡོངས་འདུས།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཡོངས་འདུས་བཞུགས༔ འོད་དཔག་མེད་མགོན་དཔལ་ཆེན་གསང་བའི་བདག༔ དབང་དྲག་ཁྲོས་པའི་བདག་ཉིད་པད་མ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་དཀོན་མཆོག་འབྱུང་གནས་ཞབས༔ གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ༔ སྤྲུལ་པའི་སྐུ་མཆོག་རཏྣ་གླིང་པ་དང་༔ ཚེ་དབང་གྲགས་དང་ཤཱཀྱ་བཀྲ་ཤིས་དང་༔ བཀྲ་ཤིས་དབང་ཕྱུག་པདྨ་དབང་དྲག་ཞབས༔ གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ༔ ཀརྨ་ཆགས་མེད་པདྨ་རིག་འཛིན་དང་༔ གཏེར་ཆེན་ཉི་མ་གྲགས་དང་ནམ་མཁའི་མཚན༔ ཐེག་མཆོག་བསྟན་འཛིན་བསྟན་པའི་རྒྱལ་མཚན་ཞབས༔ གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ༔ ཆོས་དབྱིངས་དྲི་མེད་བསོད་ནམས་ཆོས་བཟང་དང་༔ ཨོ་རྒྱན་འཇིགས་མེད་ཀུན་བཟང་ཐེག་མཆོག་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ༔ ཟབ་དོན་སྙན་བརྒྱུད་གདམས་པའི་གཏེར་མཛོད་འཆང་༔ གསང་བདག་ཉིད་དང་དགོངས་པ་དབྱེར་མི་ཕྱེད༔ བཀའ་དྲིན་མཚུངས་མེད་རྩ་
བའི་བླ་མ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ༔ སྒོ་གསུམ་ལུས་ངག་ཡིད་དང་བཅས་པ་རྣམས༔ ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་ཉིད་དུ༔ རིམ་གཉིས་སྔགས་ཀྱི་ནུས་པས་ཡོངས་གྲུབ་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག༔ སྣོད་བཅུད་སྣང་གྲག་རྟོག་ཚོགས་མ་ལུས་ཀུན༔ ལྷ་སྔགས་ཏིང་འཛིན་རོལ་པར་ཡོངས་བཞེངས་ནས༔ མ་དག་འཁྲུལ་འཛིན་མིང་ཡང་མི་གྲག་པར༔ ཧེ་རུ་ཀ་དཔལ་རོལ་པར་ཡོངས་འགྲུབ་ཤོག༔ ཡི་དམ་མཆོག་ལ་བསྟེན་པའི་ནུས་པ་ཡིས༔ གནས་སྐབས་ཕྲིན་ལས་བཞི་དང་དངོས་གྲུབ་གཉིས༔ མངོན་གྱུར་མཐར་ཐུག་བདེ་གཤེགས་རྒྱལ་ཀུན་གྱི༔ ཐུགས་ཀྱི་གསང་བདག་གོ་འཕང་མངོན་གྱུར་ཤོག༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཡོངས་འདུས་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག༔ མངྒ་ལཾ༔
རྡོ་རྗེ་ཐོག་འབེབས་ཀྱི་ལས་བྱང་ཁྲོ་རྒྱལ་དགྱེས་པའི་རྣམ་རོལ།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་ལས་བྱང་ཁྲོ་རྒྱལ་དགྱེས་པའི་རྣམ་རོལ་བཞུགས༔
ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀས་གནང་བྱིན་གྱིས་རློབས་ལ་ཤིས་པ་སྩོལཿ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐོག་འབེབས་ཉམས་སུ་བླང་བའི་རིམ་པ་ནི༔ རྒྱ་བོད་ཀྱི་གྲུབ་ཐོབ་གོང་མས་བྱིན་གྱིས་བ རླབས་པའི་གནས་སམ་ཞབས་ཀྱིས་བཅགས་ཤིང་༔ ཡང་ན་འཚེ་བ་མེད་ཅིང་མཐུན་རྐྱེན་འབྱོར་བ༔ དབེན་ཞིང་ཡིད་དུ་འོང་བ༔ མེ་ཏོག་སྔོན་པོ་སྐྱེ་བའི་ཚལ་ཀྱང་རུང་ངོ་༔ གང་དུ་བྱ་བའི་གནས་དེར༔ ས་བརྟག་བསླང་སྦྱངས་སོགས་ཁོག་དབུབ་སྤྱི་ལྟར་བྱ༔ དཀྱིལ་འཁོར་རབ་སྒོ་རྫོགས་རྡུལ་ཚོན་གྲུབ་ན་བསོད་ནམས་ཆེ༔ མ་གྲུབ་ན་འབྲིང་རས་བྲིས་ཐ་ན་འབྲུ་ཚོམ་སོགས་ལ་བརྟེན་ཀྱང་རུང་ངོ་༔ སྨན་གཏོར་རཀྟ་ཕྱི་ནང་གི་
མཆོད་པ་སྐུ་གསུང་ཐུགས་ཀྱི་རྟེན་སྤྱན་གཟིགས་ཚོགས་ཀྱི་ཡོ་བྱད་སོགས་ཚང་ཞིང་བཀོད་ལེགས་པར་བྱའོ༔ གསང་སྔགས་སྤྱིའི་བསྐྱེད་རྫོགས་ཀྱི་སྔོན་འགྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་ཅིང་སྐྱབས་སེམས་ཡན་ལག་བདུན་པ་རྡོར་སེམས་སྒོམ་བཟླས་མཎྜལ་བླ་མའི་རྣལ་འབྱོར་དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ་བ་སོགས་དང་སྤྲོ་ན་ཆ་གསུམ་མམ༔ ཡང་ན་ཕྱི་རྒྱུད་པ་ལ་དཀར་གཏོར་དང་༔ བགེགས་ལ་གཏོར་མ་སྦྱིན་ཞིང་དྲག་སྔགས་ཀྱིས་བསྐྲད་པར་བྱའོ༔ ལས་བྱང་དངོས་ལ་འཇུག་པ་ནི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་རྒྱུན་བཤགས་དང་༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ ཁྲོ་རྒྱལ་འབར་བའི་བཀའ་
ལས་ནི༔ འབྱུང་པོ་གང་ཞིག་འདའ་བྱེད་པ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཕྱག་ན་རྡོ་རྗེ་ཁྲོས་ནས་ནི༔ ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང་༔ ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང་༔ བགེགས་ཚོགས་ཐལ་བའི་རྡུལ་དུ་བརླག༔ མིང་ཡང་གྲགས་པར་མི་འགྱུར་ན༔ དེ་བས་ད་ལྟར་ཕྱིར་དེངས་ཤིག༔ ༀ་སུཾ་བྷ་ནི་སོགས་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར༔ རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་༔ རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབས༔ སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་སྲུངས༔ བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས༔ སྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱིས༔ གསང་བའི་དཀྱིལ་འཁོར་འདི་ལས་འདའ་མ་བྱེད༔ ༀ་བཛྲ་ཙཀྲ་ཏིགྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ བཛྲ་བི་ཤྭ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ༔ དམ་བཅའ་གཟུང་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་མ་ལུས་པ༔ ཐམས་ཅད་ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློང་༔ མ་བཅོས་ལྷུན་གྲུབ་རང་ལ་རྫོགས་པར་གསལ༔
མི་འདའ་རྡོ་རྗེའི་དམ་ཚིག་གཟུང་བར་བྱ༔ ཙིཏྟ་བཛྲ་ཧཱུྃ༔ ས་མ་ཡ་ཏི་ཛ༔ བྱིན་དབབ་པ་ནི༔ ཤ་ཆེན་བསྲེགས་ཤིང་རོལ་མོ་བསྒྲགས་ལ་འདི་སྐད་དོ༔ ཧཱུྃ༔ གསང་བདག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐལ་ལྡན་བདག་ཅག་སྒྲུབ་པའི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེའི་མངའ་དབང་དུས་འདིར་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བེ་ཤ་ཡ་ཨ་ཨཱཿ མཆོད་པ་བྱིན་བརླབ་ནི༔ ༀ་སྭ་བྷཱ་ཝ་སོགས༔ ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ཧྲཱིཿཤྭ་ས་མ་ཡ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ༀ་བྷོ་དྷི་ཙིཏྟ་ག་ན་གུ་ཧྱ་ས་མ་ཡ་ཧཱུྃ༔ ༀ་བཛྲ་པུཥྤེ་སོགས་ཤབྟ་པཉྩ་སརྦ་པཱུ་ཙ་ཨཱཿཧཱུྃ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ ལྷག་པའི་ལྷ་མཆོག་གསང་བདག་ཕྱག་རྡོར་ལྷ༔ ཐོག་
མེད་དུས་ནས་རང་སེམས་ཆོས་སྐུ་ཡང་༔ རང་ངོ་མ་ཤེས་མཐའ་མེད་འཁོར་བར་འཁྱམས༔ མ་རིག་འཁྲུལ་བའི་ལས་དབང་ཅི་བགྱིས་པ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་རྣམས་ཆོས་ཉིད་སྤྲོས་དང་བྲལ༔ སྨྲ་བསམ་བརྗོད་འདས་དེ་བཞིན་ཉིད༔ མ་བཅོས་རང་བཞིན་ཆོས་ཀྱི་སྐུ༔ འཁོར་འདས་མཉམ་པ་ཉིད་དུ་གདལ༔ ༀ་མ་ཧཱ་ཤུ་ནེ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ ཧཾ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཆོས་རྣམས་ཡེ་ཤེས་སྙིང་པོ་ཅན༔ ཡེ་ནས་སངས་རྒྱས་ངོ་བོ་ཉིད༔ དེ་དོན་རང་གིས་མ་ཤེས་པའི༔ འཁྲུལ་བའི་སེམས་ཅན་སྙིང་རེ་རྗེ༔ དྷརྨ་དྷརྟུ་སྭ་བྷཱ་ཝ་ཤུདྡྷོ྅ཧཾཿ རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཐམས་ཅད་རྟེན་འབྲེལ་རྒྱུ་ཡི་ངང་༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུྃ་ནི་རྒྱུ་ཡི་ས་བོན་ཉིད༔ རང་བྱུང་ཡེ་ཤེས་སྙིང་པོར་བསྒོམ༔ ཙིཏྟ་བཛྲ་ས་མ་ཡ་ཏི་ཧཱུྃ༔ གཞལ་ཡས་ཁང་བསྐྱེད་པ་ནི༔ རཾ་ཡཾ་ཁཾ༔ ཧཱུྃ༔ དག་བྱེད་ཡི་གེ་འབྲུ་གསུམ་གྱིས༔ སྣོད་བཅུད་དུག་གསུམ་རྣམ་པར་དག༔
མཁའ་ཀློང་རྣམ་པར་དག་པའི་དབྱིིངས༔ རང་བྱུང་ཡེ་ཤེས་ལྔ་ཡི་དངོས༔ ཨེཿཡཾཿརཾཿསུཾཿཀེཾཿརཾཿབྷྲུཾ༔ ཧཱུྃ༔ རང་བྱུང་འབྱུང་བ་ཆེན་པོ་ལ༔ མཁའ་ལ་རླུང་བརྟེན་གསེར་གྱི་གཞི༔ རི་རབ་བསྐལ་པའི་མེ་དཔུང་དབུས༔ བྷྲུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ ཕོ་བྲང་ཕྱི་ནང་ཡོངས་སུ་རྫོགས༔ ཆོས་འབྱུང་འབར་བ་ཨེ་ཡི་དབུས༔ སྒོ་གྲུ་རྟ་བབས་ཆོས་འཁོར་དང་༔ རིན་ཆེན་སྣ་ལྔའི་རྩིག་པ་ལ༔ སྟེང་ན་ཐོད་པ་སྐམ་རློན་བརྩིགས༔ གནམ་ལྕགས་འབར་བའི་གཟེར་གྱིས་བསྡམས༔ ལྷ་བརྒྱད་ཀ་བ་ཉི་ཟླའི་གདུང་༔ གཟའ་སྐར་དྲལ་ཕྱམ་ཞིང་གི་ཐོག༔ སྦྲུལ་ནག་སྐྱེས་བུ་ཟ་ར་ཚགས༔ གདུགས་ཏོག་ཆོས་འཁོར་ཉི་ཟླས་སྤྲས༔ དུར་ཁྲོད་བརྒྱད་ལྡན་ཁོར་ཡུག་བཅས༔ པད་རྡོར་མེ་རི་བྲག་ཆེན་བསྐོར༔ ཕྱི་གསལ་ནང་གསལ་ཟང་ཐལ་ཀློང་༔ དྲི་མེད་ཡེ་ཤེས་རྒྱལ་བའི་གནས༔ ཞི་ཁྲོ་འབར་བའི་ཕོ་བྲང་གསལ༔ བྷྲུཾ་བི་ཤ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜལ་ཧཱུྃ༔ བཾ་རུ་ཏྲ་ཏི་ར་བཾ༔ མ་སཱུ་མཎྜལ༔ ཨ་ཙནྡྲ་མཎྜལ༔ པཾ་པདྨ་མཎྜལ༔ ཧཱུྃ་བྷྲུཾ་སྥ་ར་ན་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ རྩ་
བའི་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཆོས་དབྱིངས་དག་པའི་མཁའ་ཀློང་ནས༔ ཕོ་བྲང་ཨེ་ཡི་དཀྱིལ་འཁོར་དུ༔ པདྨ་ཉི་ཟླ་བགེགས་ཀྱི་སྟེང་༔ རང་རིག་ཧཱུྃ་མཐིང་ཁྲ་ཐབས་བབས༔ འོད་ཟེར་འབར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་བསྡུས༔ བདག་ཉིད་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཏུམ་ཞིང་རབ་སྒེག་དཔའ་ཞིང་བརྗིད༔ གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ གདོལ་པ་ནག་པོའི་དོ་ཤལ་བྱས༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང་༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་དཀྲིས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ རབ་ཏུ་ཁྲོས་པའི་ཁྲོ་གཉེར་ཅན༔ སྨིན་མ་ཨག་ཚོམ་མེ་སྟག་འཕྲོ༔ དབུ་སྐྲ་ཁམ་འབོལ་གྱེན་དུ་བརྫེས༔ མི་བསྐྱོད་སྔོན་པོས་དབུ་ལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ སྡེ་བརྒྱད་འབྱུང་པོ་རྡུལ་དུ་བརླག༔ ཕྱག་གཡོན་སྡིགས་མཛུབ་རྩེར་མེ་འབར༔ ཐུགས་ཀར་སྒྲེང་བའི་ཚུལ་དུ་
མཛད༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བསྒྲད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས༔ སྐུ་ལས་མེ་འབར་གར་དགུ་རྫོགས༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས༔ རང་དང་འདྲ་བ་ཚོན་གང་བ༔ དེ་ཡི་ཐུགས་ཀར་རྃཿཡིག་ལས༔ ཉི་མའི་དལ་དབུས་ཧཱུྃ་མཐིང་ག༔ འདབ་ཆགས་རྨ་བྱའི་སྒྲོ་ལྟ་བུར༔ ཐ་མར་སྔགས་ཕྲེང་གཡས་སུ་འཁོར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཕྱག་ན་རྡོ་རྗེའི་ཐུགས་ལ་ཐིམ༔ ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ༔ གཙོ་བོའི་ཕྱི་རིམ་རྩིབས་བཞིའི་སྟེང་༔ སྲས་མཆོག་རིགས་བཞི་ཡབ་ཡུམ་རྣམས༔ སྐུ་མདོག་དཀར་སེར་དམར་ལྗང་མདོག༔ རང་རྟགས་གྲི་ཐོད་དུར་ཁྲོད་ཆས༔ པད་ཉི་བམ་རོ་ཕོ་མོའི་སྟེང་༔ རབ་འཕྲོས་མེ་དཔུང་ཀློང་ན་བཞུགས༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ གནས་ཀྱི་ཀཽ་རི་མ་མོ་བརྒྱད༔ དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ༔ སེང་ཧ་ཕྲ་མེན་བརྒྱད་རྣམས་གསལ༔ ཕྱོགས་བཞིར་ཡེ་ཤེས་སྒོ་མ་བཞི༔
བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ མགོ་བརྙན་ཕྱག་མཚན་སྣ་ཚོགས་བསྒྱུར༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་ཆོས་སྐྱོང་སྤྲིན་ལྟར་གཏིབས༔ ལྷ་ཚོགས་གནས་གསུམ་འོད་ཟེར་གྱིས༔ ཆོས་དབྱིངས་ཞིང་ཁམས་རབ་འབྱམས་དང་༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ དམ་ཚིག་རྟེན་ལ་གཉིས་མེད་གྱུར༔ སྤྱན་འདྲེན་པ་ནི༔ གདུང་བའི་ཤུགས་ཕྱུངས་སྤོས་བསྲེགས༔ རོལ་མོ་རྣམས་བསྒྲགས་དར་གྱིས་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དངོས་གྲུབ་མྱུར་དུ་སྩོལ་བའི་ལྷ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་དུར་ཁྲོད་གཞལ་ཡས་ནས༔ སྐྱེ་མེད་དབྱིངས་ལས་འགག་མེད་སྐུར་སྣང་བ༔ སངས་རྒྱས་ཐུགས་མཆོག་དཔལ་ལྡན་རྡོ་རྗེ་འཆང་༔ འགྲོ་བ་ཐུགས་རྗེས་སྦྱང་ཕྱིར་སྤྱན་འདྲེན་གཤེགས༔ ༀ་བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཀུན་
རྫོབ་སྒྱུ་མ་ཙམ་དུ་སྤྲུལ་པའི་སྐུ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ བཅོམ་ལྡན་མཐུ་སྟོབས་བདག་པོ་གཤེགས་སུ་གསོལ༔ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་ཀློང་༔ འབར་བའི་ཆེ་མཆོག་ཁྲོ་རྒྱལ་ཀུན་གྱི་གཙོ༔ ལྷག་པའི་ལྷ་མཆོག་འབར་བའི་གར་དགུ་ལྡན༔ དངོས་གྲུབ་མྱུར་དུ་སྩོལ་མཛད་གཤེགས་སུ་གསོལ༔ ཀླུ་གཉན་ས་བདག་གདུག་པའི་ཚོགས་རྣམས་དང་༔ སྡེ་བརྒྱད་འབྱུང་པོ་བགེགས་སོགས་འདུལ་མཛད་པ༔ མ་རུངས་འདུལ་བར་མཛད་པའི་ཕྲིན་ལས་བདག༔ གཏུམ་ཆེན་ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་པཱ་ཎི་ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡ་སྟྭཾ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་འདིར༔ མཐུ་སྟོབས་རྫུ་འཕྲུལ་ཐུགས་རྗེའི་བདག༔ བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ༔ ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་ཀློང་༔ གསང་སྔགས་རིག་སྔགས་ཀུན་གྱི་བདག༔ ཐུགས་རྗེ་མཛད་ཕྲིན་བསམ་མི་
ཁྱབ༔ ཁྲོ་རྒྱལ་མཆོག་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་ཕྱི་ནང་གསང་མཆོད་འབུལ་བ་ནི༔ ཧཱུྃ༔ གསང་བདག་ཁྲོ་རྒྱལ་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་མཆོད་སྤྲིན་གཏིབས༔ གཟུགས་སྒྲ་དྲི་རོ་ལ་སོགས་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་གིས༔ ནམ་མཁའ་གང་བའི་ཕྱག་རྒྱ་བསྒྱུར༔ ཨ་ལ་ལ་སྟེ་མཆོད་པར་བཞེས༔ བཛྲ་པུཥྤེ་སོགས་ཤབྟ་མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུྃ༔ ཐབས་དང་ཤེས་རབ་སྦྱོར་སྒྲོལ་མཆོད༔ ཏ་ན་ག་ན་མཆོད་ཆེན་པོ༔ གཉིས་མེད་རྟོགས་པའི་བདེ་བ་ཆེ༔ གསང་བ་མཆོག་གི་ཨ་མྲྀ་ཏ༔ རྨད་དུ་བྱུང་བའི་གཏོར་ཆེན་པོ༔ ཁམས་གསུམ་འཁོར་བ་བསྒྲལ་བའི་ཁྲག༔ མཆོད་སྤྲིན་རྒྱ་མཚོ་དཔག་མེད་གཏིབས༔ གསང་བདག་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་པཉྩ་མ་ཧཱ་བྷ་ལིངྟ་མ་ཧཱ་རཀྟ་ཏ་ན་ག་ན་གུ་ཧྱ༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཧཱུྃ༔ ཆོས་དབྱིངས་དག་པའི་དཀྱིལ་འཁོར་ནས༔ སྣང་སྲིད་ཐམས་ཅད་མཆོད་པར་སྦྱར༔ དག་པ་སྐུ་ཡི་དཀྱིལ་འཁོར་ལ༔ གསང་བ་གསུང་གི་དབྱིངས་ཆེན་པོ༔ རོལ་
བའི་བྱང་ཆེན་ཕྱག་རྒྱ་ཆེ༔ གཉིས་སུ་མེད་པར་མཉམ་སྦྱར་ནས༔ རང་ཉིད་ལྷ་ལ་རང་སྤྲུལ་ནས༔ རང་རིག་ལྷ་ལ་མཆོད་པ་འབུལ༔ བཛྲ་པཱ་ཎི་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ༀ་ཨཱཿཧཱུྃ༔ བསྟོད་པ་ནི༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཐུགས་རྗེའི་དབྱིངས་ལས་སྤྲུལ་པའི་སྐུ་མཆོག་ནི༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་གསང་བ་འཛིན༔ བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་བ་གསང་བདག་གཏུམ་པོ་ནི༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་རྒྱན་རྫོགས་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པས་སྡིགས་མཛུབ་ཞབས་གཉིས་དོར་སྟབས་བགྲད༔ གདུག་པའི་ཀླུ་དང་སྡེ་བརྒྱད་འདུལ་ཞིང་འཇོམས༔ ཐུགས་མཆོག་འགྱུར་མེད་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པ་ཙམ་སྤྲོ་ན་གཏེར་སྟོན་རཏྣའི་ཞལ་གསུང་མ་འདི་གསོལ་འདེབས་དང་བསྟོད་པ་གཉིས་ཆར་ལ་འཇུག་སྟེ་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བས༔ བཅོམ་ལྡན་འདས་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ ན་མོ་བཛྲ་པཱ་ཎི་ཡེ༔ ཐུགས་ཀྱི་ལྷ་མཆོག་རྒྱལ་སྲས་མཐུ་ཆེན་ཐོབ༔ སངས་རྒྱས་
ཀུན་གྱི་གསང་བ་འཛིན་པ་པོ༔ སྒེག་ཅིང་ཁྲོས་པ་ཤིན་ཏུ་གཏུམ་པ་པོ༔ གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས་པ་པོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ སྤྱན་མིག་སྡང་མིག་བགེགས་ལ་གཟིགས་པ་པོ༔ རྡོ་རྗེ་གསོར་ཞིང་སྡིགས་མཛུབ་མེ་དཔུང་འབར༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག་པ་པོ༔ དབུ་སྐྲ་ཁམ་སེར་གྱེན་དུ་རབ་བརྫེས་ཤིང་༔ ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན་པ་པོ༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་རབ་ཏུ་སྤྲས༔ གདོལ་པའི་དོ་ཤལ་སྟག་ཤམ་མཛེས་པ་པོ༔ ཨག་ཚོམ་འབར་བའི་བ་སྤུ་ཚྭ་ཚྭ་འཕྲོ༔ སྐུ་ལས་ཡེ་ཤེས་མེ་ལྕེ་འཕྲོ་བ་པོ༔ བདུ ད་བཞིའི་སྟེང་ན་བརྐྱང་བསྐུམ་གར་སྟབས་བགྲད༔ སྙན་ཆ་མགུལ་རྒྱན་རྒྱན་རྣམས་མཛེས་པ་པོ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རྒྱལ་བ་ཀུན་ལས་མཐུ་སྟོབས་ཆེ་བ་པོ༔ གདུག་པའི་ཀླུ་དང་སྡེ་བརྒྱད་ལ་སོགས་པ༔ མ་རུངས་འབྱུང་པོ་ཐམས་ཅད་འདུལ་བ་པོ༔ རྡོ་རྗེ་འཛིན་ལ་གསོལ་བ་བཏབ་པའི་ཚེ༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བ་པོ༔ ཁྱེད་ཀྱི་ཐུགས་རྗེ་ནུས་པ་རྫུ་འཕྲུལ་ནི༔
བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པ་པོ༔ བདག་ནི་ཁྱོད་ལ་འདོད་པའི་གསོལ་འདེབས་ན༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ སྔོན་ལས་འཕྲལ་རྐྱེན་ཐམས་ཅད་ཞི་བ་དང་༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་མཛོད༔ ལྷ་མཆོག་ཁྱོད་ལ་གསོལ་བ་བཏབ་པའི་ཚེ༔ འགྲོ་བ་ལུས་ཅན་ནད་ཀྱིས་གདུང་བ་རྣམས༔ སྐད་ཅིག་ཉིད་ལ་ཞི་བར་མཛད་དུ་གསོལ༔ བདག་ཀྱང་དེང་ནས་ལྷ་དང་མི་འབྲལ་ཞིང་༔ ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་ཤོག༔ ཅེས་བསྟོད་པའི་མཇུག་ཏུ༔ ཧཱུྃ༔ དཔལ་ཆེན་སྲས་མཆོག་རིགས་བཞི་ཡབ་ཡུམ་རྣམས༔ གར་དགུའི་ཉམས་ལྡན་དུར་ཁྲོད་ཆས་བརྒྱད་རྫོགས༔ ཕྲིན་ལས་མངའ་བདག་ཡོན་ཏན་ལྷུན་གྱིས་གྲུབ༔ ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཀཽ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དབང་ཕྱུག་ཉེར་བརྒྱད་མཐུ་དང་རྫུ་འཕྲུལ་བདག༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི༔ ཧཱུྃ༔
བདག་ཉིད་གསང་བའི་བདག་པོ་ཡི༔ ཐུགས་ཀའི་ས་བོན་སྔགས་ཕྲེང་ལས ༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བྱིན་རླབས་བསྡུས་ནས་བདག་ལ་ཐིམ༔ རང་ཉིད་བྱིན་རླབས་ནུས་མཐུ་འབར༔ གསང་བའི་བདག་པོའི་ང་རྒྱལ་ངང་༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནི་ལཾ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ སྒྲུབ་པ་ནི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་གསང་བའི་བདག༔ སྒྲ་གྲག་ཐམས་ཅད་དྲག་པོའི་སྔགས༔ དྲན་རྟོག་ཤར་གྲོལ་ཡེ་ཤེས་ཐུགས༔ སྣང་སྲིད་ཁྲོ་བོ་མེ་རི་འབར༔ བགེགས་དང་བར་ཆད་མིང་ཡང་མེད༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ལས་སྦྱོར་ནི༔ བདག་མདུན་ཕྱག་ན་རྡོ་རྗེ་ཡི༔ སྐུ་ལས་ཁྱུང་དང་ཁྲོ་ཆུང་འཕྲོས༔ གནོད་སྦྱིན་འགུགས་འཆིང་བསྒྲལ་སྟོབས་གཟིར༔ མེ་རླུང་མཚོན་ཆས་བསྲེགས་གཏོར་སྦྱངས༔ ཚར་གཅོད་དྲག་པོའི་བརྟུལ་ཞུགས་ངང་༔ ༀ་ཨཱཿཧཱུྃ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་དྲེགས་པ་སྤྱི་འདུལ་གྱི་དྲག་སྔགས་སོ༔ ༀ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཁྲོ་
འདུས་ཨེ་ཡི་འཁོར་ལོ་བདེ་གཤེགས་དྲིལ་སྒྲུབ་ཀྱི་དྲག་སྔགས་སོ༔ ༀ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ གཏུམ་པོ་གནམ་ལྕགས་ཀྱི་རྒྱུད་ལས་བྱུང་བའི་ཀླུ་འདུལ་གྱི་དྲག་སྔགས་ཏེ་སྡེ་བརྒྱད་སྤྱི་འཇོམས་ཀྱི་དྲག་སྔགས་སོ༔ མཐར་དབྱངས་གསལ་གྱིས་ལྷག་ཆད་ཁ་བསྐང་༔ ཡི་གེ་བརྒྱ་པས་ཉམས་ཆག་བཤགས༔ རྟེན་འབྲེལ་སྙིང་པོས་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་བསྡུས་པ་བྱ༔ དངོས་གྲུབ་ལེན་པ་ནི༔ རྒྱུན་དུ་ཡིད་ལེན་བྱ་ཞིང་༔ བསྙེན་གྲངས་ཐེམས་པའི་རྟགས་ཁྱད་པར་ཅན་བྱུང་བའི་དུས་ཀྱི་ཚེ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ལྷག་པའི་ལྷ་ཁྱོད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བསྙེན་སྒྲུབ་མཐའ་རུ་ཕྱིན༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ གསང་བདག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡང་གསང་རྡོ་རྗེའི་ཉི་མ་ཤར༔ སྒྲུབ་པོ་བདག་གི་སྙིང་གར་བབས༔ སྐུ་གསུང་ཐུགས་དང་ཡོན་ཕྲིན་ལས༔ ཕྲིན་ལས་རྣམ་པ་བཞི་ལ་སོགས༔ རྡོ་རྗེ་ཚེ་མཆོག་མ་ལུས་པ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ༀ་བཛྲ་པཱ་ཎི་ས་མ་ཡ་ཛ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ པཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ ཅེས་དང་༔ ཀཱ་ཡ་སིདྡྷི་ༀ༔
ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་བརྗོད་ཅིང་དབང་བླང་ངོ་༔ དེ་ནས་ཚོགས་ཀྱི་རིམ་པ་ནི་ཡོ་བྱད་རྣམས་རྒྱས་པར་བཤམས་ཤིང་བསང་ཆུ་འཐོར་ལ༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ སརྦ་ཏྲ་ཕྱཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཅེས་བསང་༔ རཾ་ཡ ཾ་ཁཾ་སྭཱ་ཧཱ༔ ཧཱུྃ༔ ངང་ཉིད་རྡོ་རྗེའི་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་འབྲུ་གསུམ་གྱིས༔ དངོས་འཛིན་མཚན་མའི་བག་ཆགས་སྦྱངས༔ དག་པར་མ་གྱུར་གང་ཡང་མེད༔ དག་པའི་ངང་དུ་གནས་གྱུར་ཅིག༔ ༀ་ཨཱཿཧཱུྃ་ཧྲཱིཿ ཧཱུྃ༔ ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ བྱིན་རླབས་འཕྲོ་འདུས་འོད་ཟེར་གྱིས༔ དཔག་མེད་ནམ་མཁའི་མཐར་གྱུར་པའི༔ འདོད་པའི་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཧཱུྃ་གིས་རྣམ་རྟོག་དབྱིངས་སུ་སྦྱངས༔ ཨཱཿཡིས་དྲི་མེད་བདུད་རྩིར་བསྒྱུར༔ ༀ་གྱིས་འདོད་ཡོན་སྤྲིན་ཚོགས་གཏིབས༔ ཧྲཱིཿཡིས་སྣང་སྲིད་མཆོད་པས་བཀང་༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ གསེར་དངུལ་གཡུ་ཡི་གཞོང་པ་ནི༔ ལོངས་སྤྱོད་དཔག་མེད་ཚོགས་ཀྱིས་བཀང་༔ གར་དང་ཕྱག་རྒྱ་བསྒྱུར་ཞིང་མཆོད༔ ཨ་ལ་ལ་ཏེ་མཆོད་པ་བཞེས༔ དགྱེས་བསྐང་བདག་ལ་དངོས་གྲུབ་སྩོལ༔
དང་པོ་ཚོགས་ཕུད་ནི༔ ཧྲཱིཿ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པ་ཆེན་པོས་རོལ་ནས་ཀྱང་༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ག་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ བར་པ་བཤགས་པ་ནི༔ ཧཱུྃ༔ དཔང་གྱུར་སྐྱབས་མཆོག་མ་ལུས་རྣམས༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ འགལ་འཁྲུལ་ཉམས་ཆག་མ་ལུས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ག་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཤུདྡྷེ་ཨཱཿ ཐ་མ་བསྒྲལ་བ་ནི་ལིང་ག་འགུགས་བསྟིམས་བྱས་ལ༔ ཧཱུྃ༔ ཆེ་མཆོག་ཕྱག་ན་རྡོ་རྗེ་རྩལ༔ རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔ དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ བཛྲ་པཱ་ཎི་ནྲི་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ བསྟབ་པ་ནི༔ ཧཱུྃ༔ མ་རིག་དུག་ལྔའི་དབང་གྱུར་པའི༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ གསང་
བདག་ལྷ་ཚོགས་ཞལ་དུ་བསྟབ༔ རྔམ་པའི་ཚུལ་གྱིས་བཞེས་སུ་གསོལ༔ དུག་གསུམ་ཤ་ཁྲག་རུས་པ་ལ་ཁཱ་རཾ་ཁཱ་ཧི༔ དེ་ནས་ཚོགས་སློབ་དཔོན་ནས་རིམ་པར་དྲངས་ཏེ༔ ཀྱེ་གཟིགས་ཤིག་སོགས༔ པདྨའི་ཕྱག་རྒྱས་བླངས་ཏེ༔ ཧོ་རིན་ཐང་མེད་ལ་སོགས༔ ཨ་ལ་ལ་ཧོ༔ ལྷག་མཆོད་ནི༔ ཕུད་ལྷག་སྦྲེལ༔ ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོ་ནས༔ སྤྲུལ་པའི་ཁྲོ་རྒྱལ་ཆེན་པོར་ཤར༔ འཁོར་འདས་སྣང་སྲིད་ང་ཡི་དབང་༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ གསང་བདག་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལྷག་མས་མི་མཆོད་རྒྱུ༔ དམ་ཅན་མཁའ་འགྲོ་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ རྣལ་འབྱོར་བདག་དང་གཡར་དམ་གཅིག༔ དཀྱིལ་འཁོར་མཐའ་ལ་མི་བཞག་རྒྱུ༔ བྲན་གཡོག་ཕོ་མོའི་ཚུལ་དུ་གནས༔ དྲག་པོའི་བཀའ་ཉན་ལས་བྱེད་ཚོགས༔ ཤར་གྱི་ཕྱོགས་ཀྱི་གཏོར་ལེན་ནི༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས༔ ལྷོ་ཡི་ཕྱོགས་ཀྱི་གཏོར་ལེན་ནི༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཚོགས༔ ནུབ་ཀྱི་ཕྱོགས་ཀྱི་གཏོར་ལེན་ནི༔ པདྨའི་རིགས་ཀྱི་མཁའ་འགྲོའི་ཚོགས༔ བྱང་གི་ཕྱོགས་ཀྱི་གཏོར་
ལེན་ནི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས༔ གིང་དང་ལང་ཀ་དུར་ཁྲོད་བདག༔ ཀོའུ་སེང་དབང་ཕྱུག་ཉེར་བརྒྱད་སོགས༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ དར་གྱི་ཅོད་པན་པུ་རུ་རུ༔ རྒྱན་ཆ་མང་པོ་ཁྲ་ལ་ལ༔ དཔའ་བོས་བྲོ་རྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གླུ་ལེན་ཀྱུ་རུ་རུ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་ཞིང་ལྤགས་བརྗིད་རེ་ཆེ༔ སྐྱོགས་བཟང་བྷནྡྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མང་པོ་རོ་རེ་ཞིམ༔ རྟག་ཏུ་དུར་ཁྲོད་གནས་རྣམས་ཉུལ༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ཡང་དག་དོན་ལ་སངས་རྒྱས་ཀྱང་༔ ཐབས་ཀྱིས་དྲག་པོའི་ཕྲིན་ལས་མཛད༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༀ་བཛྲ་བི་ར་ཡོ་ག་ཡོ་གི་ནི་དྷཀྐ་དྷཱཀྐི་ནི་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་མ་རྣམས་དཔག༔ ཕུད་དང་རཀྟ་གཏོར༔ རོལ་མོ་བསྒྲགས་ཤིང་༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བཙད་པོ་ཁྲི་སྲོང་
ལྡེའུ་བཙན་གྱིས༔ སློབ་དཔོན་པདྨ་སྤྱན་དྲངས་ཚེ༔ ཡང་ལེ་ཤོད་ནས་བལ་ཡུལ་བྱོན༔ མང་ཡུལ་ལ་ནི་མར་བྱོན་ཚེ༔ ལྷ་སྲིན་དམ་ལ་འདོགས་ཤིང་བྱོན༔ དགེ་བསྙེན་ཉེར་གཅིག་དམ་ལ་བཏགས༔ མགུལ་ལྷ་བཅུ་གསུམ་དམ་ལ་བཏགས༔ བསྟན་མ་བཅུ་གཉིས་དམ་ལ་བཏགས༔ སྲིད་པའི་ལྷ་དགུ་དམ་ལ་བཏགས༔ རི་དབང་མཆེད་དགུ་དམ་ལ་བཏགས༔ བོད་ཡུལ་མཐའ་དབུས་ཐམས་ཅད་ཀྱི༔ གཞི་བདག་གནས་བདག་དམ་ལ་བཏགས༔ གཏེར་གནས་སྦས་ཡུལ་གཉན་པོ་ཡི༔ གཏེར་སྲུང་ཆོས་སྐྱོང་དམ་ལ་བཏགས༔ གནམ་ས་བར་སྣང་ལ་གནས་པའི༔ སྣང་སྲིད་དྲེགས་ཚོགས་དམ་ལ་བཏགས༔ བདག་ནི་རིག་འཛིན་དེ་ཡི་གདུང་༔ སྡེ་བརྒྱད་དབང་དུ་མི་བཏང་འཚལ༔ གདུག་པའི་སྡེ་བརྒྱད་ཐུལ་བར་མཛོད༔ ཁྱེད་རྣམས་ལྷ་འདྲེའི་རིགས་ཡིན་པས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅགས༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ བཀའ་དང་དམ་ལས་མ་འདའ་ཞིག༔ ཅེས་ཆད་ཐོ་བསྒྲགས༔ བསྟན་མ་སྐྱོང་བ་ནི༔ བྷྱོ༔ འཇིག་རྟེན་བོད་ཁམས་སྐྱོང་མཛད་པ༔ བསྟན་མ་བཅུ་
གཉིས་དཔོན་དང་གཡོག༔ དཔལ་གནས་མ་དང་ཡང་དག་ཤེས༔ ཀོང་ལྷ་གཡུ་བུན་ཁྱུང་བཙུན་མ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱནྟིང་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བསྟན་པ་སྐྱོང་མཛད་འཁོར་དང་བཅས༔ ཁྱོད་རྣམས་སྔོན་གྱི་གཡར་དམ་ཅན༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ ཞིང་ཆེན་བཀྲམ་པའི་གདན་སྟེང་དུ༔ རྣལ་འབྱོར་ཚོགས་ཀྱི་གྲལ་དུ་བཞག༔ མ་འོངས་སངས་རྒྱས་ལུང་ཡང་བསྟན༔ དབང་བསྐུར་ཅོད་པན་སྤྱི་བོར་བཞག༔ དབང་རྟགས་རྡོ་རྗེ་ཕུར་པ་གཏད༔ ལྕེ་ལ་དམ་ཚིག་བདུད་རྩི་བཞག༔ དམ་ཚིག་གཉན་གྱི་གྲལ་དུ་བཅུག༔ ད་རུང་ཁྱེད་རྣམས་འཇིག་རྟེན་མ་འདས་པར༔ སྔོན་ཚེ་ཞལ་བཞེས་དམ་མནོས་བཞིན༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༀ་ལོ་ཀ་ལོ་ཀི་ནི་མ་མ་ཧྲིང་ཧྲིིང་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྟ་བྲོ་ནི༔ ཧཱུྃ༔ དམ་སྲི་སྒབ་འདྲེ་སྒྲུབ་པའི་བར་ཆད་རྣམས༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་མནན༔
རྣམ་སྨིན་རང་གཟུགས་ཆུ་སྲིན་གྲེ་བར་བསྡམས༔ འཆོར་མེད་འཆི་བདག་གཤིན་རྗེའི་ལག་ཏུ་གཏད༔ ཁྲག་འཐུང་ཁྲོ་བོ་ཁྲོ་མོའི་བྲོ་ཡིས་གཟིར༔ དུས་གསུམ་ཚངས་ཆེན་བསྐལ་པ་མ་སྟོངས་བར༔ དམ་སྲི་མནན་པ་ཡིན་ནོ་མ་ལྡང་ཞིག༔ དམ་སྲི་བཅིངས་པ་ཡིན་ནོ་མ་གྲོལ་ཅིག༔ ༀ་སུམྦྷ་སོགས༔ ༀ་ལཾཿ ཨ་ལཾཿ ཧཱུྃ་ལཾ་སྟཱཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ དང་པོ་བསྐྱེད་ཅིང་བར་དུ་སྤྱན་དྲངས་ཤིང་༔ མཆོད་བསྟོད་བསྙེན་སྒྲུབ་ལས་སྦྱོར་ཡང་དག་བསྒྲུབས༔ ཐ་མ་རང་བཞིན་ཆོས་དབྱིངས་ཀློང་དུ་གཤེགས༔ གདུལ་བྱའི་དོན་དུ་སླར་ཡང་འབྱོན་འཚལ་ལོ༔ བསྡུ་རིམ་ནི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ལྷ་སྔགས་ཏིང་འཛིན་གྱིས༔ སྣང་སྲིད་གཞིར་བཞེངས་རོལ་པར་ཡོངས་ཤར་བ༔ མཐའ་ནས་རིམ་བསྡུས་ལྷ་སྐུ་ས་བོན་ལ༔ ཐིམ་ཞིང་དེ་ཡང་རང་ཡལ་གདོད་མའི་ངང་༔ བསྔོ་བ་ནི༔ ཧཱུྃ༔ འཕགས་པ་རྣམས་དང་སོ་སོའི་སྐྱེ་བོ་ཡིས༔ ཟག་བཅས་ཟག་མེད་དགེ་ཚོགས་ཅི་བསགས་པ༔ བདག་ཅག་གསང་བདག་རིམ་གཉིས་དགེ་བའི་སྟོབས༔ ཁམས་གསུམ་འགྲོ་ཀུན་བྱང་ཆུབ་རྒྱུ་རུ་བསྔོ༔ སྨོན་ལམ་ནི༔ ཧཱུྃ༔
ཞིང་དང་བསམ་པ་རྣམ་པར་དག་པ་དང་༔ ཆོས་ཅན་རྒྱུ་འབྲས་ཆོས་ཉིད་དེ་བཞིན་མཐུས༔ ཕྱག་ན་རྡོ་རྗེའི་བསྙེན་བསྒྲུབས་བསོད་ནམས་ཀྱིས༔ བདག་གཞན་འགྲོ་ཀུན་རྡོ་རྗེ་འཆང་འགྲུབ་ཤོག༔ བཀྲ་ཤིས་ནི༔ ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་རྒྱལ་བ་འོད་དཔག་མེད༔ ཆོས་དབྱིངས་བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་དཔལ་ཆེན་གསང་བའི་བདག༔ མཐུ་སྟོབས་བྱིན་རླབས་དཔལ་འབར་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་པདྨ་འབྱུང་༔ འཆི་མེད་ཚེ་དབང་འགྲུབ་པའི་བཀྲ་ཤིས་ཤོག༔ ལས་ཅན་བཀྲ་ཤིས་ཆོས་རྒྱལ་རྗེ་དང་འབངས༔ སངས་རྒྱས་བསྟན་པ་དར་བའི་བཀྲ་ཤིས་ཤོག༔ སྨོན་ལམ་མཐར་ཕྱིན་གཏེར་ཆེན་རཏྣ་གླིང་༔ གདུལ་བྱ་སྨིན་ཅིང་གྲོལ་བའི་བཀྲ་ཤིས་ཤོག༔ སྨིན་གྲོལ་བཀྲ་ཤིས་རྩ་བརྒྱུད་བླ་མའི་ཚོགས༔ དབང་བཞིའི་ཆུ་བོ་ཆད་མེད་བཀྲ་ཤིས་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་བདེན་པ་ཡིས༔ བཀྲ་ཤིས་མི་འགྱུར་རྟག་ཏུ་གོང་འཕེལ་ཤོག༔ ཅེས་གཞན་ཡང་ཤིས་བརྗོད་ཅི་རིགས་པར་བྱའོ༔ ཆོ་གའི་ཁྲིགས་འདིར་ཟབ་གཏེར་གྱི་དགོངས་པ་ལོན་པར་ཡོད་ཅིང་
སློབ་དཔོན་ཆེན་པོས་སྒྲུབ་ཐབས་སྦས་པ་དོན་ཡོད་པར་བྱས་ཤིང་༔ ལྷག་བསམ་དག་པའི་ཡིད་ཀྱིས་སྣང་བར་བྱས་པ་ནི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེའོ༔ ཟབ་ཟབ་ཟབ་ས་མ་ཡཱ༔ དམ་ཚིག་བཀའ་ཡི་རྒྱས་བཏབ་པོ༔ རཏྣ་གླིང་པའི་གཏེར་བྱོན་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལས་བྱང་ཁྲོ་རྒྱལ་དགྱེས་པའི་རྣམ་རོལ་ཞེས་བྱ་བ་སྔ་འགྱུར་རྙིང་མའི་ཆོས་ཚུལ་ལ་རང་བྱན་ཆུད་པ་དགེ་རྩེའི་བླ་མ་རིག་འཛིན་རྒྱ་མཚོས་མཎྜལ་དང་བཅས་ཏེ་བསྐུལ་བ་ལ་བརྟེན་ནས༔ རྫོགས་པ་ཆེན་པོའི་སྙིང་ཐིག་གི་ལྟ་གྲུབ་འཛིན་པ་ཆོས་དབྱིངས་དྲི་མེད་རྩལ་གྱིས་སྦྱར་བ་འདི་ཡིས་སེམས་ཅན་ཐམས་ཅད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་ནས་དཔལ་གསང་བའི་བདག་པོའི་གོ་འཕང་བླ་ན་མེད་པ་ཐོབ་པར་གྱུར་ཅིག༔ ཡི་གེ་པ་ནི་སྐུལ་བ་པོ་ཉིད་ཀྱིས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག༔
རྡོ་རྗེ་ཐོག་འབེབས་ཀྱི་ལས་བྱང་གནམ་ལྕགས་གོ་ཁྲབ།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་ལས་བྱང་གནམ་ལྕགས་གོ་ཁྲབ་བཞུགས༔
རྗེ་བཙུན་པདྨ་འབྱུང་གནས་དང་༔ ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བཀའ་གནང་བྱིན་རླབས་ཤིས་པ་སྩོལ༔ ཅེས་བརྗོད་ནས་རཏྣ་གླིང་པའི་ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་རྡོ་རྗེ་ཐོག་འབེབས་ཀྱི་སྒྲུབ་ཐབས་ཁྱེར་བདེ་བ་ནི༔ གནས་དང་དུས་དང་མཆོད་པའི་ཡོ་བྱད་རྣམས་འདུ་བགྱིས་ནས༔ བགེགས་ལ་བཀའ་བསྒོ་ཞིང་མཚམས་གཅོད་པ་ནི༔ ཧཱུྃ༔ བདེ་གཤེགས་ཐུགས་ཀྱི་ཁྲོ་བོའི་ཏིང་འཛིན་གྱིས༔ ཁྲོ་ཚོགས་འཕྲོས་པས་བགེགས་ཚོགས་ཕྱིར་བསྐྲད་དོ༔ སྟེང་འོག་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ༔ རྡོ་རྗེ་མེ་དཔུང་ཁྲོ་ཆུའི་གུར་གྱིས་བསྲུང་༔ བཛྲ་ཀྲོ་ཏ་རཀྵ་
རཀྵ་ཧཱུྃ༔ སྐྱབས་སེམས་ནི༔ ཧཱུྃ༔ སྐྱབས་གནས་ཀུན་འདུས་བླ་མ་གསང་བདག་ལ༔ འགྲོ་ཀུན་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་སེམས་ཅན་བྱང་ཆུབ་ཐོབ་བྱའི་ཕྱིར༔ རྡོ་རྗེ་འཛིན་པའི་བསྐྱེད་རྫོགས་བསྒོམ་པར་བགྱི༔ བྱིན་འབེབས་དང་མཆོད་པ་བྱིན་བརླབ་ནི༔ ཧཱུྃ༔ ཆོས་དབྱིངས་ནམ་མཁའི་མཐའ་ཁྱབ་རྒྱལ་ཀུན་གྱི༔ ཐུགས་རྗེས་བརྩེར་དགོངས་གནས་འདིར་བྱིན་ཆེན་ཕོབ༔ སྨན་གཏོར་རཀྟ་ཀུན་བཟང་མཆོད་པའི་ཚོགས༔ ཡོན་ཏན་ཀུན་ཚོགས་སྣང་སྲིད་ཁྱབ་པར་སྤེལ༔ ༀ་ཨཱཿཧཱུྃ་པཉྩ་རཀྟ་བྷ་ལིངྟ་ཧཱུྃ༔ ༀ་ཨཱཿཧཱུྃ༔བཛྲ་པུཥྤེ་
སོགས་ཤབྟ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་སྭཱ་ཧཱ༔ དམ་བཅའ་བཟུང་བ་དང་དམ་བཤགས་ནི༔ ཧཱུྃ༔ གསང་བདག་མངོན་དུ་མ་གྱུར་བར༔ ནམ་ཡང་མི་གཏང་གཟུང་བར་བགྱི༔ ལྷ་དང་མཁའ་འགྲོ་དམ་ཅན་དགོངས༔ བདག་ཅག་ཉེས་བྱས་མཐོལ་བཤགས་བཞེས༔ ཏིང་འཛིན་གསུམ་དང་ལྷ་བསྐྱེད་ནི༔ ཧཱུྃ༔ ཆོས་རྣམས་མི་དམིགས་དེ་བཞིན་ཉིད༔ མ་རྟོགས་འགྲོ་ལ་སྙིང་རྗེའི་ཕྱིར༔ རང་རིག་རྒྱུ་ཡི་ཡི་གེ་ཧཱུྃ༔ དེ་ལས་རྃ་ཡྃ་ཁྃ་འཕྲོས་པས༔ སྣོད་བཅུད་དུག་གསུམ་བསྲེགས་གཏོར་སྦྱངས༔ དབང་ཆེན་ཡུམ་ལྔའི་མཁའ་ཀློང་རྫོགས༔ དབང་དྲག་གཞལ་ཡས་ཕོ་བྲང་བཀོད༔ ཕྱི་རོལ་པད་རྡོར་དུར་ཁྲོད་མེ༔ རྡོ་རྗེ་བྲག་ཆེན་སྲ་བས་བསྐོར༔ ཧཱུྃ༔ ཕོ་བྲང་གཞལ་ཡས་ཆེན་པོའི་དབུས༔ པདྨ་ཉི་ཟླ་བགེགས་ཀྱི་སྟེང་༔ རང་རིག་ཧཱུྃ་མཐིང་ཕྲ་ཐབས་བབས༔ འོད་ཟེར་འབར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་བསྡུས༔ བདག་ཉིད་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཏུམ་ཞིང་རབ་སྒེག་དཔའ་ཞིང་བརྗིད༔ གསུས་ཁྱིམ་ཆེ་ཞིང་ཡན་ལག་
རགས༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ གདོལ་པ་ནག་པོས་དོ་ཤལ་བྱས༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང་༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་དཀྲིས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ དྲག་ཏུ་ཁྲོས་པའི་ཁྲོ་གཉེར་ཅན༔ སྨིན་མ་ཨག་ཚོམ་མེ་སྟག་འཕྲོ༔ དབུ་སྐྲ་ཁམ་འབོལ་གྱེན་དུ་བརྫེས༔ མི་བསྐྱོད་སྔོན་པོས་དབུ་ལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ནམ་མཁར་འཕྱར༔ སྡེ་བརྒྱད་འབྱུང་པོ་རྡུལ་དུ་བརླག༔ ཕྱག་གཡས་སྡིགས་མཛུབ་རྩེར་མེ་འབར༔ ཐུགས་ཀར་བསྒྲེང་བའི་ཚུལ་དུ་མཛད༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས༔ སྐུ་ལས་མེ་འབར་གར་དགུ་རྫོགས༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས༔ རང་དང་འདྲ་བ་ཚོན་གང་བ༔ དེ་ཡི་ཐུགས་ཀར་རཾ་ཡིག་ལས༔ ཉི་མའི་དལ་དབུས་ཧཱུྃ་མཐིང་ནག༔ འདབ་ཆགས་རྨ་བྱའི་སྒྲོ་ལྟ་བུར༔ ཐ་མར་སྔགས་ཕྲེང་གཡས་སུ་འཁོར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་
གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཕྱག་ན་རྡོ་རྗེའི་ཐུགས་ལ་ཐིམ༔ ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ སྤོས་དང་རོལ་མོ་བཅས༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ དམ་ཚིག་སྐུ་དང་ཡེ་ཤེས་གཉིས་མེད་བཞུགས༔ ཐུགས་མཆོག་གསང་བའི་ལྷ་ལ་གུས་ཕྱག་འཚལ༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ༔ སྨན་གཏོར་རཀྟ་བླ་མེད་མཆོད་པའི་རྫས༔ སྦྱོར་སྒྲོལ་རྣམ་དག་ཏིང་འཛིན་མཆོད་པ་འདིས༔ རྡོ་རྗེ་འཛིན་མཛད་གསང་བའི་བདག་པོ་མཆོད༔ བཞེས་ནས་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་པཱུ་ཙ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་གསང་བདག་གཏུམ་པོ་ནི༔ མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ གར་དགུའི་རྒྱན་རྫོགས་ཕྱག་གཡས་རྡོ་རྗེ་འཕྱར༔ ཕྱག་
གཡོན་སྡིགས་མཛུབ་ཞབས་གཉིས་འདོར་སྟབས་བགྲད༔ གདུག་པ་ཀླུ་དང་སྡེ་བརྒྱད་འདུལ་ཞིང་འཇོམས༔ ཐུགས་མཆོག་འགྱུར་མེད་ལྷ་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི༔ ཧཱུྃ༔ བདག་ཉིད་གསང་བའི་བདག་པོ་ཡི༔ ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་མཆོད༔ བྱིན་རླབས་བསྡུས་ནས་བདག་ལ་ཐིམ༔ བདག་གི་བྱིན་རླབས་ནུས་མཐུ་འབར༔ གསང་བའི་བདག་པོའི་ང་རྒྱལ་ངང་༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནི་ལཾ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ སྒྲུབ་པ་ནི༔ སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་༔ གཟུགས་སྣང་ཐམས་ཅད་གསང་བདག་སྐུ༔ སྒྲ་གྲགས་ཐམས་ཅད་དྲག་པོའི་སྔགས༔ དྲན་རྟོག་ཤར་གྲོལ་ཡེ་ཤེས་ཐུགས༔ སྣང་སྲིད་ཁྲོ་བོ་མེ་རི་འབར༔ བགེགས་དང་བར་ཆད་མིང་ཡང་མེད༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ལས་སྦྱོར་ནི༔ བདག་མདུན་ཕྱག་ན་རྡོ་རྗེ་ཡི༔ སྐུ་ལས་ཁྱུང་དང་ཁྲོ་ཆུང་འཕྲོས༔ གནོད་བྱེད་འགུགས་འཆིང་བསྒྲལ་སྟོབས་གཟིར༔ མེ་རླུང་མཚོན་ཆས་བསྲེགས་གཏོར་སྦྱངས༔ ཚར་གཅོད་དྲག་པོའི་ང་
རྒྱལ་ངང་༔ ༀ་ཨཱཿཧཱུྃ་བཛྲ་སརྦ་དུཥྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་པ་དྲེགས་པ་སྤྱི་འདུལ་གྱི་སྔགས་སོ༔ ༀ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་ཁྲོ་འདུས་མེ་ཡི་འཁོར་ལོ་བདེ་གཤེགས་དྲིལ་སྒྲུབ་ཀྱི་སྔགས་སོ༔ ༀ་ན་མོ་བུདྡྷ་ཡ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙེནྡྷ་ཙེནྡྷ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ༔ གཏུམ་པོ་གནམ་ལྕགས་ཀྱི་རྒྱུད་ལས་བྱུང་བའི་ཀླུ་འདུལ་གྱི་དྲག་སྔགས་ཏེ་སྡེ་བརྒྱད་སྤྱི་འཇོམས་ཀྱི་དྲག་སྔགས་སོ༔ མཐར་དབྱངས་གསལ་གྱིས་ལྷག་ཆད་ཁ་བསྐང་ཡི་གེ་བརྒྱ་པས་ཉམས་ཆག་བཤགས༔ རྟེན་འབྲེལ་སྙིང་པོས་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་བསྡུས་པ་བྱའོ༔ གཤེགས་བསྡུ་ནི༔ ཧཱུྃ༔ གདུལ་བྱའི་དོན་དུ་སྐུར་བཞེངས་པའི༔ ཡེ་ཤེས་རང་བཞིན་གནས་སུ་གཤེགས༔ སྣང་སྲིད་གཞལ་ཡས་ཁང་ལ་བསྡུ༔ གཙོ་བོ་ལ་ཐིམ་ས་བོན་ལ༔ རིམ་ཡལ་རིམས་དེང་མཁའ་ལྟར་དག༔ ཆོས་ཉིད་བརྗོད་མེད་ཆེན་པོའི་ངང་༔ བསྔོ་སྨོན་ནི༔ ཧཱུྃ༔ བདག་གཞན་དུས་གསུམ་དགེ་བའི་ཚོགས༔ གཅིག་བསྡུས་མཁའ་མཉམ་འགྲོ་ལ་བསྔོ༔ བདག་གཞན་སེམས་ཅན་ཐམས་ཅད་ཀུན༔ གསང་བདག་ཉིད་དུ་འགྱུར་བར་ཤོག༔ བཀྲ་ཤིས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་
བླ་མ་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་བདེན་ཚིག་གྲུབ་རྣམས་མཐུས༔ བདག་ཅག་ཕྱག་ན་རྡོ་རྗེ་མངོན་གྱུར་ནས༔ དོན་གཉིས་མཐར་ཕྱིན་འགྲུབ་པའི་བཀྲ་ཤིས་ཤོག༔ སྤྲོ་ན་གཞན་ཡང་ཤིས་བརྗོད་བྱའོ༔ ཞེས་པ་འདི་ཡང་རཏྣའི་ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་སྒོས་སྒྲུབ་རྡོ་རྗེ་ཐོག་འབེབས་ཀྱི་གདུལ་བྱ་དུས་བབ་འགྲོ་དོན་གྱི་སྒོ་དབྱེ་ས་དབང་ཆོས་རྒྱལ་ལྷ་སྲས་རིན་པོ་ཆེའི་གཙོས་ཡུམ་སྲས་ཀྱི་ཐུགས་དམ་ལ་གནད་ཤིན་ཏུ་ཆེ་བར་ཡོད་པར་རིག་ནས་རྩ་བ་གསུམ་ལ་ཚོགས་འཁོར་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་ཕུལ་ནས༔ དཔལ་ཆེན་འདི་ཉིད་ཀྱིས་ཞལ་གཟིགས་བྱིན་གྱིས་བརླབས་པའི་རིག་པ་འཛིན་པ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་ཡིག་རིས་པ་བསོད་ནམས་ཆོས་བཟང་གིས་བྱས་དགེ་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག༔ མངྒ་ལཾ༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་རྒྱུན་ཁྱེར་ཟབ་དོན་འདུས་པ།
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་རྒྱུན་ཁྱེར་ཟབ་དོན་འདུས་པ་བཞུགས་སོ༔ ཧཱུྃ༔ བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ༔ གུས་པས་སྐྱབས་མཆི་འགྲོ་དོན་སེམས་བསྐྱེད་དོ༔ ༀ་ཨཱཿཧཱུྃ་གིས་ཀུན་བཟང་མཆོད་སྤྲིན་སྤེལ༔ སྟོང་ཉིད་སྙིང་རྗེའི་རྩལ་སྣང་རང་རིག་ཧཱུྃ༔ འབྱུང་བ་རིམ་བརྩེགས་དྲག་པོའི་ཕོ་བྲང་བཅས༔ ཕྱི་རོལ་དུར་ཁྲོད་མེ་དཔུང་སྲུང་བའི་གུར༔ དཀྱིལ་འཁོར་དབུས་སུ་པད་ཉི་བགེགས་ཀྱི་སྟེང་༔ རང་རིག་ཧཱུྃ་མཐིང་འོད་ཟེར་རབ་ཏུ་འབར༔ དེ་ལས་འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ རྒྱལ་ཀུན་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས༔ ཡོངས་སུ་གྱུར་པས་བདག་ཉིད་ཁྲོ་བོའི་རྒྱལ༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་གསོར༔ གཡོན་པས་སྡིགས་མཛུབ་དོར་སྟབས་བགྲད༔ སྦྲུལ་དང་དར་དང་སྟག་ཤམ་བརྒྱན༔ ཁྲོ་ཞིང་གཏུམ་པ་མཐུག་ལ་སྒེག༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ ཚོན་གང་ཐུགས་ཀར་ཉི་མའི་དཀྱིལ༔ ཧཱུྃ་མཐིང་རྨ་བྱའི་སྒྲོ་ལྟ་བུར༔
རྩ་སྔགས་བཀླག་པའི་ཕྱོགས་སུ་འཁོར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཕྱག་ན་རྡོ་རྗེའི་ཐུགས་ལ་ཐིམ༔ ཐུགས་ཀྱི་ནུས་པ་བསྐྱེད་པར་བསམ༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ གསང་བདག་གཏུམ་པོ་གཤེགས་སུ་གསོལ༔ བཞུགས་གསོལ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ གསང་སྔགས་རིག་སྔགས་ཀུན་གྱི་བདག༔ ཕྱག་ན་རྡོ་རྗེར་ཕྱག་འཚལ་བསྟོད༔ སྔགས་ཕྲེང་འོད་ཀྱིས་དོན་གཉིས་བྱས༔ བྱིན་རླབས་ཚུར་འདུས་བདག་ལ་ཐིམ༔ སྣང་གྲག་ལྷ་སྔགས་ཆོས་ཉིད་ངང་༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནཱི་ལཾ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཅི་ནུས་བཟླ༔ བསྐྱེད་རིམ་རིམ་བསྡུས་རང་ཡལ་དུ༔ རྣམ་པར་རྟོག་གསུམ་བྲལ་བའི་ངང་༔ དགེ་ཚོགས་སེམས་ཅན་དོན་དུ་བསྔོ༔ བདག་གཞན་རྫོགས་སངས་རྒྱས་ཐོབ་ནས༔ བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག༔ ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས༔ རྡོ་རྗེ་ཐོག་འབེབས་ཟབ་དོན་བསྡུས༔ ཁྲག་འཐུང་ལས་རབ་རྩལ་གྱིས་བཀོད༔ འགྲོ་ཀུན་བདུད་ལས་རྒྱལ་བར་ཤོག༔
རྡོ་རྗེ་ཐོག་འབེབས་ཀྱི་ཐལ་མོ་བརྡབ་ཆོག་རྒྱུན་ཁྱེར།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་ཐལ་མོ་བརྡབ་ཆོག་རྒྱུན་ཁྱེར་བཞུགས་སོ༔ ཧཱུྃ༔ བདག་ཉིད་ཁྲོ་བོ་ཀུན་གྱི་རྒྱལ༔ ཕྱག་ན་རྡོ་རྗེའི་གཟི་བརྗིད་ཀྱིས༔ བྱད་མའི་ལྷ་སྲུང་སྐྱོབ་བྱེད་རྣམས༔ འཇིགས་སྐྲག་དངངས་ནས་ཕ་རོལ་བྲོས༔ བྱད་མ་ཁོ་རང་གཤེད་དུ་གྱུར༔ སྲུང་སྔགས༔ ༀ་བཛྲ་པ་ཏ་ཏྲིག༔ མཱ་ར་ཡ༔ ནཱི་ལཾ་དྷ་ར་རཀྵ༔ ཨ་རི་ཨ་རི་ནི༔ བཟློག་སྔགས༔ ནཱ་ག་ར་ཙ་ཏྲིག་རྦད་ཏྲི༔ ཧ་རི་ཧ་རི༔ ཏྲིང་ཏྲིང་གཏུབས་གཏུབས༔ བསད་སྔགས༔ སྙིང་ཁ་རག་དུན་ཏེ་རྦད༔ ཨ་མུ་ཀའི་སྲོག་ལ་རྦད༔ དབུགས་ལ་རྔུབས༔ ཤ་ལ་ཆོམས༔ ཁྲག་ལ་ཧབ༔ ཤ་རུས་ཁྲག་རྩ་ལ་གནུར་གནུར༔ ཡ་མ་ཙ་དུ་ཏྲི་ས་ན་ཡ་སོད་བཟློག་བྷྱོ༔ གྲངས་ཕ་རོལ་གྱི་ནུས་པ་དང་རྟགས་ལ་བསྟུན་ནས་བཟླ༔ རྒྱུན་དུ་ཉེར་གཅིག་གམ་བདུན་གྱིས་ཆོག༔ རང་ཉིད་ཆེ་བཙན་གཏུམ་པོ་ཡི༔ ཕྱག་གཡས་ཟླ་བ་གཡོན་ཉི་མ༔ བར་དུ་དགྲ་བོ་ལྷ་སྲུང་བཅས༔ ཐལ་བརྡབ་སྒོང་ལྤགས་བཅར་བཞིན་གྱུར༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་བདག་ཕྱག་རྡོར་གཏུམ་པོའི་ལྷ་ཚོགས་ཀྱི་བཀའ་བདེན་པ་དང་༔
ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་༔ ནུས་པའི་སྟོབས་ཀྱིས་ཕ་རོལ་གྱི་དམ་ཉམས་ཆྒཻ་མོའི་མཐུ་དང་ནུས་པ༔ སྦྱོར་བ་ངན་པ་ཐམས་ཅད་རང་གཤེད་རང་ལ་ཕོབ༔ རང་ནུས་རང་ལ་ཟློག༔ རང་གིས་བྱས་པའི་སྦྱོར་བ་ངན་པ་ཐམས་ཅད་རང་ལ་ཟློག་ཅིག༔ བདེན་སྟོབས་ལན་གསུམ་བརྗོད༔ ཉི་ཟླ་ཆ་ལང་བརྡབས་པའི་བར༔ དགྲ་གདོན་བྱད་མ་ལྷ་དང་བཅས༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླགས༔ རྗེས་ཤུལ་མེད་པར་སྟོང་པར་སྦྱངས༔ ཞེས་པའི་མན་ངག་འདི༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ སློབ་དཔོན་དྷ་ན་སཾ་སྐྲྀས་ཨོ་རྒྱན་པདྨ་འབྱུང་གནས་ལ་གདམས༔ དེ་ཉིད་ཀྱིས་ཟབ་ཕྱིར་གཏེར་ཁ་འགའ་ལ་སྦས༔ ཁྱད་པར་ཕྱག་རྡོར་འདིའི་ལས་མཐའོ༔ དཔའ་བོ་ལས་རབ་རྩལ་གྱིས་སོ།། །།
རྡོ་རྗེ་ཐོག་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ་བཞུགས་སོ༔
དཔལ་ཆེན་ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་ཡི༔ ཐུགས་ཀྱི་སྒྲུབ་པ་རྡོ་རྗེ་ཐོག་འབེབས་ཀྱི༔ སྨིན་བྱེད་བྱིན་རླབས་དབང་གི་ཆོ་ག་ནི༔ བསྙེན་སོགས་ནུས་པ་ཐོབ་པའི་སློབ་དཔོན་གྱིས༔ དད་དམ་འགྱུར་མེད་མཚན་ལྡན་སློབ་བུ་ལ༔ བྱིན་རླབས་དབང་བསྐུར་འདོད་ན་འདི་ལྟར་བྱ༔ གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པ་སོགས༔ བཀྲ་ཤིས་ཡིད་འོང་དབེན་པའི་ས་ཕྱོགས་སུ༔ དཀྱིལ་འཁོར་རབ་ཏུ་རྡུལ་ཚོན་སྒོ་རྫོགས་བཅས༔ གྲུབ་ན་ཚོགས་གཉིས་རྫོགས་ཕྱིར་རབ་ཡིན་ཞིང་༔ འབྲིང་ནི་རས་བྲིས་ཐ་མ་འབྲུ་ཚོམ་བཀོད༔ དབང་གི་རྫས་དང་ཚོགས་གཏོར་བཟང་དུ་བཤམས༔ སྔོན་འགྲོ་རྒྱས་པར་བཏང་ཞིང་ལས་གཞུང་བསྲངས༔ བསྙེན་ཅིང་མཆོད་བསྟོད་ལས་བུམ་བདུད་རྩི་འཁྱིལ༔ བསྐྱེད་བསྟིམ་སྔགས་ཀྱིས་སྒྲུབ་ཅིང་འོད་ཞུ་བྱ༔ དེ་ནས་སློབ་མས་ཕྱག་འཚལ་མཎྜལ་བཅས༔ དབང་གི་དོན་དུ་གསོལ་བ་འདི་ལྟར་གདབ༔ ཀྱེ༔ རྡོ་རྗེ་འཛིན་བདག་
དཀྱིལ་འཁོར་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ གསང་བའི་བདག་པོའི་སྐུ་གསུང་ཐུགས༔ བྱིན་རླབས་ཡོན་ཏན་རབ་འབར་བས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཡོངས་སུ་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་ཞུ༔ ཀྱེ་ཧོ༔ ཐབས་མཆོག་རྨད་དུ་བྱུང་བ་ཡི༔ ལྷ་སྔགས་རྫས་ལ་བརྟེན་ནས་ནི༔ ཁྱོད་ལ་དབང་བསྐུར་སྦྱིན་པར་བྱ༔ དམ་ཚིག་ཡང་དག་བསྲུང་དགོས་སོ༔ ཞེས་བརྗོད༔ སློབ་མས་འདི་ལྟར༔ ཀྱེ་ཧོ༔ དཔལ་ལྡན་ཁྱབ་བདག་དཀྱིལ་འཁོར་གཙོ༔ ཐེག་པ་རྣམས་ལས་བཤད་པ་ཡི༔ དམ་ཚིག་སྲུང་སྡོམ་
གནང་བཀག་རྣམས༔ ཇི་ལྟར་གསུངས་པ་ཇི་བཞིན་བགྱིད༔ ཁྱད་པར་གསང་སྔགས་ཟབ་མོ་ལ༔ ཐེ་ཚོམ་ལོག་ལྟ་མི་བྱེད་དོ༔ བདག་ཅག་ཐུགས་རྗེས་འཛིན་པར་ཞུ༔ དེ་ནས་བླ་མས་ལོ་རྒྱུས་རྒྱས་པར་བརྗོད༔ སློབ་མས་མཎྜལ་འབུལ༔ སྐྱབས་སེམས་ཡན་ལག་བདུན་པ་སྦྱིན༔ དམ་ཚིག་གི་ཆུ་སྦྱིན་པ་ནི༔ ཧཱུྃ༔ གསང་ཆེན་སྔགས་ཀྱི་ལྟ་སྤྱོད་རྣམས༔ སྣོད་མིན་རྣམས་ཀྱིས་མཐོང་མི་རུང་༔ ལྷ་སྐུ་ཕྱག་རྒྱ་སྔགས་ཏིང་འཛིན༔ ནམ་ཡང་མི་འབྲལ་གཟུང་བར་བྱ༔ བསྲུངས་ན་ཚེ་འདིར་མཆོག་གྲུབ་ཅིང་༔ ཉམས་ན་ཚིག་པར་གདོན་མི་ཟ༔ དེ་ཕྱིར་དམ་ཚིག་ཡང་དག་སྲུངས༔ སློབ་མས༔ བཛྲ་ས་མ་ཡ་ན་ར་སྐན༔ ཞེས་བརྗོད་ཅིང་༔ མནའ་ཆུ་བླུད༔ ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱང་ཞིང་སློབ་མ་ཕྱག་ན་རྡོ་རྗེར་བསྐྱེད༔ ཡེ་ཤེས་པ་དྲག་ཏུ་བསྟིམ༔ རྡོ་རྗེ་སྤྱི་བོར་བཞག༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ བུམ་པ་སྤྱིི་བོར་བཞག་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ མི་འགྱུར་སྐུ་ཡི་གསང་བ་འཛིན༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད༔ གཏུམ་ཆེན་དཔའ་བོ་ཆེན་པོ་སྟེ༔ བུམ་པ་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕྱག་རྡོར་སྐུ་ཡི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་
ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་བདུད་རྩི་སྦྱིན༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ མཐུ་སྟོབས་གསུང་གི་གསང་བ་འཛིན༔ ནུས་མཐུ་ཐོགས་མེད་སྙིང་པོའི་སྔགས༔ དངོས་གྲུབ་ཀུན་ཐོབ་ཕྲིན་ལས་རྫོགས༔ བྷནྡྷ་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ ཕྱག་རྡོར་གསུང་གི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྤྲོས་བྲལ་ཐུགས་ཀྱི་གསང་བ་འཛིན༔ རྡོ་རྗེའི་ཆོས་བདུན་ལྡན་པ་ཡིས༔ ཐམས་ཅད་ཀུན་ལས་རྣམ་པར་རྒྱལ༔ རྡོ་རྗེའི་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་སེམས་ལ་དབང་བསྐུར་བས༔ ཕྱག་རྡོར་ཐུགས་ཀྱི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུའི་བྱིན་གྱིས་བརླབ་པ་ནི༔ སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ བདུད་སྡེ་དཔུང་བཅས་ཚར་གཅོད་པ༔ ཐུགས་མཆོག་འགྱུར་མེད་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་བྱིན་གྱིས་བརླབ་པ་ནི༔ སྔགས་ཕྲེང་
ཐོགས་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཤར་བའི་ལྷ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ དྲག་སྔགས་གསུང་གི་ནུས་མཐུ་ཡིས༔ ཁྱོད་ཀྱི་ངག་ལ་བྱིན་གྱིས་རློབས༔ ནུས་པའི་རྩལ་ཆེན་རྫོགས་པར་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་པ་ནི༔ ཕུར་པ་སྙིང་གར་བཞག་ཅིང་ལག་ཏུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འབར་བ་འབར་བ་ཆེ༔ ཐམས་ཅད་སྒྲོལ་བྱེད་ཀཱི་ལ་ཡ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དབང་༔ བྱིན་རླབས་ཡོངས་རྫོགས་ཐོབ་པར་ཤོག༔ རཱུ་ཏྲ་སྡེ་གསུམ་མ་ལུས་པ༔ སྒྲོལ་བྱེད་དྲག་རྩལ་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟེན་འབྲེལ་གྱི་རྫས་ཚེ་ཆང་ཚེ་རིལ་སྦྱིན་ཞིང་༔ ཧཱུྃ༔ འཆི་མེད་ཆེན་པོའི་དམ་ཚིག་རྫས༔ ལོངས་སྤྱོད་རྒྱ་ཆེན་ནམ་མཁའ་མཛོད༔ དཔལ་ཆེན་གསང་བའི་བདག་པོ་ཡི༔ ཡོན་ཏན་མཐར་ཕྱིན་སྐུ་ཚེའི་དབང་༔ རྡོ་རྗེ་སློབ་མ་ཁྱོད་ལ་སྦྱིན༔ མི་འགྱུར་རྡོ་རྗེའི་སྲོག་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་གཏོར་མའི་བཀའ་གཏད་ནི༔ ཧཱུྃ༔ བརྗིད་ལྡན་དཔལ་གྱི་གཏོར་མ་འདི༔ རྩ་བ་གསུམ་དང་གཉིས་སུ་མེད༔ སྟེང་ན་སྐུ་གསུམ་
བླ་མ་རྣམས༔ བྱིན་རླབས་འོད་ཕུང་ཐིབས་སེ་ཐིབ༔ བར་ན་ཡི་དམ་རྒྱུད་སྡེ་བཞི༔ དངོས་གྲུབ་ཆར་ལྟར་ཤ་ར་ར༔ འོག་ན་དཔའ་བོ་མཁའ་འགྲོ་རྣམས༔ བཀའ་ཉན་ལས་བྱེད་ཆུམས་སེ་ཆུམ༔ སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་སེམས་ལ་བྱིན་གྱིས་རློབས༔ སྐུ་ལྔ་ལོངས་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་ངག་ལ་བྱིན་གྱིས་རློབས༔ སྣ་ཚོགས་སྤྲུལ་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་ལུས་ལ་བྱིན་གྱིས་རློབས༔ གར་དགུའི་རྣམ་རོལ་ཁྲོ་བོའི་རྒྱལ༔ ལྷག་པའི་ལྷ་མཆོག་གསང་བའི་བདག༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་དཔལ་གཏོར་ངོ་བོར་རྫོགས༔ ཁྲོ་ཆུང་ཐོག་ལྟར་ཤ་ར་ར༔ དྲག་སྔགས་འབྲུག་སྟོང་འུ་རུ་རུ༔ རྡོ་རྗེའི་སེར་བ་ཁྲ་ལ་ལ༔ མཐུ་སྟོབས་མེ་དཔུང་ལྷངས་སེ་ལྷང་༔ བྱིན་རླབས་ཡོངས་རྫོགས་དཀྱིལ་འཁོར་ནས༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་
གསོལ༔ སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་དམ་ཚིག་ཁས་བླངས་གཏང་རག་འབུལ༔ བསྔོ་སྨོན་མི་དམིགས་རྒྱས་གདབ་སྤྱི་ལྟར་རོ༔ གཏང་རག་ཚོགས་ཀྱི་མཆོད་པ་རྒྱས་པར་བྱ༔ དབང་འདི་ཐོབ་པར་གྱུར་པའི་སྐྱེས་བུ་དེ༔ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་གསང་བདག་གི༔ ལྷ་སྒོམ་སྔགས་བཟླས་རབ་འབྱམས་ལས་ལ་དབང་༔ གཞན་ཡང་མཚན་ལྡན་བུམ་པར་བུམ་རྫས་བཅས༔ གཙང་མའི་ཆུ་ཡིས་སུམ་ཆ་བཀང་ནས་སུ༔ ཕྱག་རྡོར་བསྐྱེད་བསྟིམ་སྔགས་ཀྱིས་ནུས་ལྡན་བསྒྲུབ༔ བུམ་ཆུས་གྲིབ་དང་འགོ་ནད་ཐམས་ཅད་སེལ༔ སྟེང་གདོན་འོག་གདོན་བགེགས་རིགས་ཐམས་ཅད་འཇོམས༔ བྱད་ཕུར་གཏད་ཁྲམ་བར་ཆད་ཐམས་ཅད་བཟློག༔ ནད་རྣམས་ཀུན་སེལ་བདེ་བའི་མཆོག་ཀྱང་སྦྱིན༔ འདི་ལ་སྔགས་ནུས་ཐེམས་པ་ཤིན་ཏུ་གཅེས༔ ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་སྒྲུབ་ཐབས་ཀྱི༔ སློབ་མ་རྗེས་འཛིན་དབང་གི་རིམ་པ་འདི༔ སྔགས་བདག་ལས་རབ་རྩལ་གྱིས་བཀོད་པའོ༔ ཉེས་བྱས་མཆིས་ན་རྩ་གསུམ་སྲུང་མར་བཤགས༔ དགེ་བས་འགྲོ་ཀུན་བདུད་ལས་རྒྱལ་གྱུར་ཅིག༔ མངྒ་ལཾ༔
རྡོ་རྗེ་ཐོག་འབེབས་ཀྱི་དབང་ཆོག་མཚམས་སྦྱོར་དང་བཅས་པ།
࿅༔ རྡོ་རྗེ་ཐོག་འབེབས་ཀྱི་དབང་ཆོག་མཚམས་སྦྱོར་དང་བཅས་པ་བཞུགས་སོ༔
དཀྱིལ་འཁོར་རྟེན་མཆོད་དབང་རྫས་སོགས་སྟ་གོན་སྒྲུབ་མཆོད་བཟླས་པ་བཅས་ལེགས་པར་གྲུབ་ནས༔ དབང་དངོས་ཁྲུས་དང་༔ ཇི་ལྟར་བལྟམས་པ་སོགས༔ ༀ་བཛྲ་ཨ་མྲྀ་ཏ་སོགས༔ རཾ་ཡཾ་ཁཾ༔ ༀ་སྭ་བྷཱ་ཝ་སོགས༔ སྟོང་པའི་ངང་ལས་བྷྲུཾཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ༀ་ཨཱཿཧཱུྃ༔ གསུམ༔ ༀ་སརྦ་བྷུད་ཏ་ཨ་ཀར་ཤ་ཡ་ཛ༔ གསུམ༔ ༀ་སརྦ་བིགྣན་སོགས༔ ན་མོ་རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་༔ ཁྱད་པར་
དུ་དཔལ་གསང་བའི་བདག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག༔ གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འདིས་ཁྱོད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ༔ ༀ་སུཾ་བྷ་ནི་སོགས༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས་ཕྱོགས་མཚམས་སྟེང་
འོག་ཐམས་ཅད་རྡོ་རྗེའི་ས་གཞིར་ར་བ་དྲ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཁའ་ཁྱབ་ཏུ་འཕྲོས་པས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པར་མཛོད༔ ཏིཥྛ་བཛྲ༔ བགེགས་བསྐྲད་སྲུང་འཁོར་བཅས་སོང་ནས༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་མྱུར་དུ་ཐོབ་པར་བྱ༔ དེའི་ཆེད་དུ་གསང་བའི་བདག་པོའི་དབང་བསྐུར་བྱིན་རླབས་ཟབ་མོ་ཞུ་སྙམ་པའི་མོས་འདུན་སོགས་ཀུན་སློང་ཀུན་སྤྱོད་རྣམ་པར་དག་པས་ལེགས་པར་ཉན་འཚལ༔ ཉན་བྱའི་ཆོས་ཀྱི་རྣམ་གྲངས་ནི༔ རྒྱལ་བ་སྐུ་གསུམ་གྱི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་བློ་དང་འཚམས་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་ཐམས་ཅད་ཀྱི་ནང་ནས་རྨད་དུ་བྱུང་བ་གང་ཟག་དབང་པོ་རབ་ཀྱི་དོན་དུ་གསུངས་པ་གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མའི་ཁོངས་སུ་གཏོགས་པའི་གདམས་ཟབ་འདི་ཉིད་ཀྱི་ལོ་རྒྱུས་ནི༔ བརྩེ་ཆེན་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་གཅིག་ཏུ་བསྡུས་པའི་
རང་བཞིན་ཐུགས་ཀྱི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ནི་ངོ་བོ་ཀུན་བཟང་རྡོ་རྗེ་འཆང་ལས་མ་གཡོས་བཞིན༔ རྣམ་པ་ས་བཅུའི་བྱང་སེམས་ཀྱི་ཚུལ་བཟུང་ནས༔ ཞི་བ་དང་ཁྲོ་བོ་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་བཞིན་དུས་བཞིའི་བདེ་བར་གཤེགས་པ་རྣམས་ཀྱི་བཀའ་ཡི་བསྡུ་བ་པོར་གྱུར་པ་སྟེ༔ དེ་ལས་རྒྱུད་དང་སྒྲུབ་ཐབས་དང་དབང་གི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས༔ འདི་ལྟར་གྱི་རིམ་པ་ནི༔ དཔལ་གསང་བའི་བདག་པོ་སོགས་རྒྱལ་བ་ཐམས་ཅད་ཀྱི་རྣལ་འབྱོར་སྒྱུ་འཕྲུལ་ཨོ་རྒྱན་གྱི་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་གངས་ཅན་བོད་ཡུལ་གྱི་ལྷ་འདྲེ་མི་གསུམ་ཆོས་ལ་བཙུད་ཅིང་བསྟན་པ་ཉིན་མོ་ལྟར་བརྡལ་བའི་དུས་སུ༔ ལས་ལྡན་གྱི་རྗེ་འབངས་རྣམས་ཀྱིས་གསོལ་བ་བཏབ་པ་ལྟར་སྤྱི་དང་བྱེ་བྲག་གི་སྨིན་གྲོལ་གདམས་པ་ཟབ་རྒྱས་མང་དུ་བསྩལ་ཅིང་གཏེར་དུ་སྦས་པ་ལས༔ འདིར་ནི་བླ་མ་དྲག་པོ་དམར་ནག་མེ་ཡི་ཕྲེང་བ་ཅན་གྱི་ཕྱག་རྡོར་ཐུགས་སྒྲུབ་དང་འབྲེལ་བ་སྟེ༔
སྤྲུལ་པའི་གཏེར་ཆེན་དམ་པ་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་གི་གཟིམ་ཁང་རྟ་རྒྱུན་མར་གྲགས་པ་ནས་སྤྱན་དྲངས་ཤིང་རིམ་པར་སྤེལ་བའི་གདམས་ཟབ་ཀྱི་བཀའ་སྲོལ་ནུབ་མེད་དུ་བཞུགས་པ་དང་༔ ལྷག་པར་ཟབ་མོ་དག་སྣང་དང་ཆུ་བོ་གཉིས་འདྲེས་ཀྱི་ཚུལ་དུ་བཞུགས་པའི་སྐབས་ནི༔ ཞི་ཁྲོ་རིགས་བརྒྱའི་ཁྱབ་བདག་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུགསང་མཚན་སྨོས་ན་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་དུ་གྲགས་པ་གང་དེའི་འོད་གསལ་དག་པའི་སྣང་ངོར་ལྷག་པའི་ལྷ་རབ་འབྱམས་བསམ་གྱིས་མི་ཁྱབ་པས་ཞལ་གཟིགས་ཤིང་གདམས་པ་གནང་བ༔ ཁྱད་པར་མེ་ཕག་ལོར་རྡོ་བྲག་རིག་འཛིན་མཆོག་སྤྲུལ་རྒྱ་ནག་ཏུ་ཕྱིར་བྱོན་སྐབས་སྔར་ཆུང་ངུའི་དུས་སུ་ཆོས་མང་པོ་ཞུས་པའི་རྩ་བའི་བླ་མ་སྒོ་འགྲིམ་དུ་ཕེབས་པར་ཕྱག་མཇལ་ལ་འབྱོན་དགོས་སྙམ་པའི་ཚེས་དགུ་ཞིག་གི་ནུབ་མོར་རྨི་ལམ་དུ་བླ་མ་དེ་ཉིད་ཕྱག་ན་རྡོ་རྗེ་ལ་འཁོར་མཁའ་འགྲོ་སྡེ་ལྔས་བསྐོར་བའི་རྣམ་པར་ཞལ་གཟིགས་ཤིང་ཕྱི་
ནས་ཚེས་བཅུའི་ཉིན་དངོས་སུ་མཇལ་བ༔ གཞན་ཡང་སྦྱིན་བདག་དད་འབྱོར་སྟོབས་ལྡན་སེར་སྐྱ་མི་དྲག་མང་པོས་དབང་ནན་གྱིས་ཞུས་པ་ཐུགས་བྲེལ་སྟབས་མ་གནང་བར༔ རྗེ་འདིས་དབང་གནང་དགོས་ཞུས་པས་དགྱེས་བཞིན་ཚེ་སྒྲུབ་སྲོག་གི་ཀ་བའི་དབང་བྱེད་པར་ཞལ་གྱིས་བཞེས་ཏེ་ཕྱག་དཔེ་མང་དུ་སློག་ཀྱང་མ་ལོན་ནས༔ གང་གི་དག་སྣང་སྐོར་གྱི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་དཔེ་རྩོལ་མེད་དུ་རྙེད་པ་ལྟར་གྱི་དབང་ལུང་དཔེ་ཆ་བཅས་གནང་ཞིང་ཉིད་ལ་དག་སྣང་དུ་བྱུང་བ་དང་རྣོ་ནུས་ཕན་ཡོན་བཅས་ཀྱི་ལོ་རྒྱུས་ཞིབ་རྒྱས་སུ་ཡི་དམ་གྱི་གསུང་བཞིན་ཐུགས་ཉམས་སུ་བསྟར་བས་རྣོ་མྱུར་གྱི་ནུས་མཚན་ཐོབ་ཅིང་༔ གཞན་སྔ་ཕྱི་ཅི་རིགས་པར་དཔལ་ལྡན་བླ་མ་འདི་ཉིད་ཕྱག་རྡོར་གྱི་སྐུར་བཞེངས་ནས་ཀླུ་གཉན་ས་བདག་སོགས་དྲེགས་པ་ཅན་མང་པོ་དམ་ལ་བཏགས་ཤིང་བཀའ་འོག་ཏུ་བཅུག་ནས་ཚར་བཅད་པ་སོགས་ལོ་རྒྱུས་མང་ཞིང་འདི་ལྟར་གྱི་སྒྲུབ་ཕྲིན་སོགས་གདམས་སྐོར་འདྲེས་མ་ཐུགས་ལ་ཤར་རུང་གསུང་དུ་
མ་བརྗོད་ཐོག༔ ལྕགས་ཁྱི་ལོ་རྗེ་འདི་ཉིད་སོགས་དམ་པ་དུ་མའི་ཞབས་ལ་གཏུགས་ཀྱང་རང་གཤིས་ཀྱི་རྨོངས་པ་ཡ་སོ་ཅན་རྩ་བའི་སློབ་མར་གྱུར་པ་ཁོ་བོ་རིག་འཛིན་རྒྱ་མཚོས་གསོལ་བ་བཏབ་པ་ཐུགས་ལ་བཅངས་ཀྱང་ཅུང་འགྱང་བ་ནི༔ ཤིང་སྟག་ལོར་ས་དབང་སྡེ་དགེ་རྒྱལ་པོས་དངོས་རྫས་རྒྱ་གང་ཆེ་དང་བཅས་པ་བཀའ་ནན་གྱིས་བསྐུལ་བར་བརྟེན་རྩ་བ་གསུམ་ལ་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་ཕུལ་ཤིང་༔ རཏྣའི་ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་སྒོས་སྒྲུབ་རྡོ་རྗེ་ཐོག་འབེབས་དང་འབྲེལ་བའི་འགྲོ་དོན་དུས་བབ་ཆོས་ཀྱི་སྒོ་ཡངས་པོར་དབྱེ་རན་པར་གཟིགས་ནས་དབང་དང་ལས་བྱང་ཆུང་འབྲིང་བསྒྲིགས་པ་གནང་ཞིང་༔ སླར་གདམས་སྐོར་ཡོངས་རྫོགས་ཞིབ་རྒྱས་སུ་སྔ་མའི་སྐུལ་བ་པོ་རང་གིས་ཡི་གེའི་མཐུན་རྐྱེན་ཞུས་ནས་ལེགས་པར་གཏན་ལ་ཕབ་པའི་གདམས་པ་ཟབ་མོ་བྱིན་རླབས་དང་རྣོ་ནུས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེར་ཁྱད་དུ་འཕགས་པ་སྟེ༔ དབང་འདི་ཐོབ་པར་གྱུར་པའི་སྐྱེས་བུ་དེ༔ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་
གསང་བདག་གི༔ ལྷ་བསྒོམ་སྔགས་བཟླས་རབ་འབྱམས་ལས་ལ་དབང་༔ ཞེས་དང་དད་ལྡན་ཟོལ་མེད་ཀྱིས་སྒྲུབ་པ་དང་དུ་བླངས་ན་བྱིན་རླབས་རྣོ་ནུས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེ་བར་ཡོད་ངེས་པས༔ ཕྱི་རབས་ལས་ཅན་རྣམས་ཀྱིས་ཉམས་སུ་ལོངས་ཤིག་ཅེས་གསུངས་པའི་ཕན་པ་དང་ཡོན་ཏན་མཐའ་ཡས་ཀྱི་གདམས་སྐོར་ཟབ་མོ་དང་འབྲེལ་བར་དབང་བསྐུར་བ་སྐབས་སུ་བབ་པ་ལ་སློབ་དཔོན་གྱི་ལས་དང་༔ སློབ་མའི་བྱ་བ་གཉིས་ཀྱིས་དང་པོ་ནི་མདོ་ཙམ་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་དབང་བསྐུར་བྱིན་རླབས་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ༔ ཞེས་དང་༔ དེ་ལྟར་མཎྜལ་ཕུལ་བ་སོང་ནས་བླ་མ་དང་གསང་བའི་བདག་པོ་གཉིས་སུ་མ་མཆིས་པའི་དྲུང་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ གསོལ་བ་གདབ་པ་ནི༔ ཀྱཻ༔ རྡོ་རྗེ་འཛིན་བདག་དཀྱིལ་འཁོར་གཙོ༔ ཧེ་རུ་ཀ་དཔལ་དགོངས་སུ་གསོལ༔ གསང་བའི་བདག་པོའི་སྐུ་གསུང་ཐུགས༔ བྱིན་རླབས་ཡོན་ཏན་རབ་འབར་བའི༔ བདག་ཉིད་སྨིན་པར་མཛད་དུ་གསོལ༔
ཡོངས་སུ་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་ཞུ༔ ཀྱེ་ཧོ༔ ཐབས་མཆོག་རྨད་དུ་བྱུང་བ་ཡི༔ ལྷ་སྔགས་རྫས་ལ་བརྟེན་ནས་ནི༔ ཁྱོད་ལ་དབང་བསྐུར་སྦྱིན་པར་བྱ༔ དམ་ཚིག་ཡང་དག་བསྲུང་དགོས་སོ༔ ཞེས་བརྗོད་སློབ་མས་འདི་ལྟར༔ ཀྱེ་ཧོ༔ དཔལ་ལྡན་ཁྱབ་བདག་དཀྱིལ་འཁོར་གཙོ༔ ཐེག་པ་རྣམས་ལས་བཤད་པ་ཡི༔ དམ་ཚིག་སྲུང་སྡོམ་གནང་བཀག་རྣམས༔ ཇི་ལྟར་གསུངས་པ་ཇི་བཞིན་བགྱི༔ ཁྱད་པར་གསང་སྔགས་ཟབ་མོ་ལ༔ ཐེ་ཚོམ་ལོག་ལྟ་མི་བྱེད་དོ༔ བདག་ཅག་ཐུགས་རྗེས་འཛིན་པར་ཞུ༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་གསང་བའི་བདག་པོ་དབྱེར་མེད་པ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས༔ དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་
ཟློས་གྱིས༔ ཧཱུྃ༔ སྐྱབས་གནས་ཀུན་འདུས་བླ་མ་གསང་བདག་ལ༔ འགྲོ་ཀུན་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་ཐེག་པ་ཐུན་མོང་གི་རྨང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས༔ ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ༔ མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ༔ དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས༔ བདག་གཞན་སེམས་ཅན་བྱང་ཆུབ་འཐོབ་བྱའི་ཕྱིར༔ རྡོ་རྗེ་འཛིན་པའི་བསྐྱེད་རྫོགས་བསྒོམ་པར་བགྱི༔ དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི༔ རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་མཆོད་སྤྲིན་སྤྲོ་བ་སྡིག་པ་བཤགས་པ༔ དགེ་བ་ལ་རྗེས་སུ་ཡིི་རང་བ༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ༔ མྱ་ངན་ལས་མི་འདའ་
བར་གསོལ་བ་གདབ་པ༔ དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བསྔོ་བ་སྟེ་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཡན་ལག་བདུན་པ་གང་འོས་སྦྱོར༔ དེ་ནས་དམ་ཚིག་གི་ཆུ་སྦྱིན་པ་ནི༔ ཧཱུྃ༔ གསང་ཆེན་སྔགས་ཀྱི་ལྟ་སྤྱོད་རྣམས༔ སྣོད་མིན་རྣམས་ཀྱིས་འཐུང་མི་རུང་༔ ལྷ་སྐུ་ཕྱག་རྒྱ་སྔགས་ཏིང་འཛིན༔ ནམ་ཡང་མི་འབྲལ་གཟུང་བར་བྱ༔ བསྲུངས་ན་ཚེ་འདིར་མཆོག་གྲུབ་ཅིང་༔ ཉམས་ན་ཚིག་པར་གདོན་མི་ཟ༔ དེ་ཕྱིར་དམ་ཚིག་ཡང་དག་སྲུངས ༔ སློབ་མས༔ བཛྲ་ས་མ་ཡ་ན་ར་སྐན༔ ཞེས་བརྗོད་ཅིང་མནའ་ཆུ་བླུད༔ འོ་དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདི་ནི་བཞག་པ་ལྕེ་ལ་བཞག་ཀྱང་བབས་པ་སྙིང་གི་དཀྱིལ་དུ་བབས་ཏེ་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བར་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་བ་དང་ནད་མང་བ་ཕྱི་མར་རྡོ་རྗེའི་དམྱལ་བར་ལྟུང་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ༔ དམ་ཚིག་བསྲུངས་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་གྱུར་ནས་སྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་བརླབས་ཤིང་འདི་
ཕྱིའི་ཕན་བདེ་མ་ལུས་པ་མྱུར་དུ་སྟེར་ནས་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བས་དམ་ཚིག་ཚུལ་བཞིན་གཅེས་སྤྲས་སུ་མཛད་འཚལ༔ ཡེ་ཤེས་པ་དབབ་པ་ནི༔ ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱངས་ཤིང་༔ སློབ་མ་ཕྱག་ན་རྡོ་རྗེར་བསྐྱེད༔ ༀ་སྭ་བྷཱ་ཝ་སོགས༔ ཁྱེད་རང་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་དངོས་སྣང་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པདྨ་ཉི་ཟླ་དགྲ་བགེགས་ཕོ་མོ་ཁ་སྦུབས་དང་གན་རྐྱལ་གྱི་སྟེང་དུ་སེམས་ཉིད་ངོ་བོ་ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས་འཕགས་མཆོད་སེམས་ཅན་གྱི་དོན་བྱས་ཧཱུྃ་ལ་ཐིམ་ཡོངས་སུ་གནས་གྱུར་པ་ལས་ཁྱེད་རང་རྣམས༔ གསང་བདག་ཕྱག་ན་རྡོ་རྗེ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཏུམ་ཞིང་རབ་སྒེེག་དཔའ་ཞིང་བརྗིད༔ གསུས་ཁྱིམ་ཆེ་ཞིང་ཡན་ལག་རགས༔ སྦྲུལ་རིགས་ལྔ་ཡིས་སྐུ་ལ་བརྒྱན༔ གདོལ་པ་ནག་པོའི་དོ་ཤལ་བྱས༔ གླང་ཆེན་ཞིང་ལྤགས་སྟོད་གཡོགས་ཤིང་༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་དཀྲིས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་
གསུམ་དམར་ཟླུམ་སྡང་མིག་གཡོ༔ དྲག་ཏུ་ཁྲོས་པའི་ཁྲོ་གཉེར་ཅན༔ སྨིན་མ་ཨག་ཚོམ་མེ་ལྟར་འཕྱོ༔ དབུ་སྐྲ་ཁམ་འབོལ་གྱེན་དུ་བརྫེས༔ མི་བསྐྱོད་སྔོན་པོས་དབུ་ལ་བརྒྱན༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ སྡེ་བརྒྱད་འབྱུང་པོ་རྡུལ་དུ་བརླག༔ ཕྱག་གཡོན་སྡིགས་མཛུབ་རྩེར་མེ་འབར༔ ཐུགས་ཀར་སྒྲེང་བའི་ཚུལ་དུ་འཛིན༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད༔ ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས༔ སྐུ་ལས་མེ་འབར་གར་དགུ་རྫོགས༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས༔ རང་དང་འདྲ་བ་ཚོན་གང་བ༔ དེ་ཡི་ཐུགས་ཀར་རཾ་ཡིག་ལས༔ ཉི་མའི་དལ་དབུས་ཧཱུྃ་མཐིང་ནག༔ འདབ་ཆགས་རྨ་བྱའི་སྒྲོ་ལྟ་བུའི༔ ཐ་མར་སྔགས་ཕྲེང་གཡས་སུ་འཁོར༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་སངས་རྒྱས་མཉེས་མཆོད་འབུལ༔ ཐམས་ཅད་མ་ལུས་ཀུན་བསྡུས་ནས༔ ཕྱག་ན་རྡོ་རྗེའི་ཐུགས་ལ་ཐིམ༔ ཐུགས་ཀྱི་ནུས་པ་བསྐྱེད་པར་བསམས༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་དང་བླ་མ་གསང་བའི་
བདག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་ནུབ་ཕྱོགས་བདེ་བ་ཅན་ཕོ་བྲང་རི་བོ་ཏ་ལ་ཟངས་མདོག་དཔལ་གྱི་རི་བོ་མཁའ་སྤྱོད་དག་པའི་ཞིང་མཆོག༔ འོག་མིན་ལྕང་ལོ་ཅན་ལ་སོགས་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བབས་པ་ལྟ་བུར་ཐིབ་ཐིབ་འོག་ནས་བྱོན་པ་ཐམས་ཅད་རླངས་པ་རྡོལ་བ་ལྟ་བུ་བུན་བུན༔ བར་ནས་བྱོན་པ་ཐམས་ཅད་ཆོས་འཁོར་ཆེན་པོའི་དགེ་འདུན་འདུ་བ་ལྟར་འུར་དིང་དིང་བྱོན་ནས་ཁྱེད་རང་རྣམས་ཀྱི་བ་སྤུའི་ཁུང་བུ་དང་དབང་པོའི་སྒོ་ཐམས་ཅད་ནས་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིབ་ཐིབ་ཐིམ་པའི་མོས་པ་མཛོད༔ ཅེས་དང་༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ དངོས་གྲུབ་མ་ལུས་སྩོལ་བའི་ལྷ༔ འདོད་པའི་དོན་ལ་གསོལ་འདེབས་ཀྱིས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྤྱན་
དྲངས་ལ་བསྟིམ་པ༔ སྤྱན་དྲངས་པའི་ལྷ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ཡེ་ཤེས་པ་དྲག་ཏུ་བསྟིམ༔ རྡོ་རྗེ་སྤྱི་བོར་བཞག༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཀོད་པས་བརྟན་པར་བྱ༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས་ཞུགས་པ་པོར་དབང་བསྐུར་བ་ལ༔ དེའང་དབང་གི་ངོ་བོ་ངེས་ཚིག་དབྱེ་བ་ཇི་ལྟར་བསྐུར་བའི་ཚུལ་བཞི་ལས༔ དང་པོ་ནི་རྒྱུ་རྐྱེན་གཉིས་ལས༔ རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ༔ དབང་བསྐུར་རྒྱལ་པོའི་རྒྱུད་ལས༔ དབང་མཆོག་རང་ལ་མེད་གྱུར་ན༔ བསྐུར་བས་ཐོབ་པར་ག་ལ་འགྱུར༔ བྲ་སྲན་འབྲས་སུ་དབང་བསྐུར་ཡང་༔ དེ་ལ་འབྲས་ཀྱི་དངོས་སྣང་མེད༔ ཅེས་དང་༔ རྐྱེན་ནི་བཞི་ལས༔ དབང་བསྐུར་དུ་རུང་བ་སློབ་བུའི་རྒྱུ་རྐྱེན༔ བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན༔ རྫས་སྔགས་ཏིང་འཛིན་འཛོམས་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན༔ དབང་སྔ་མ་སྔ་མས་གོ་དབྱེ་ནས་ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ༔ གཉིས་པ་ནི༔ ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་མངོན་པར་
གཏོར་བའམ་བླུགས་པ་སྟེ༔ དབང་བཞིའི་རང་སྐལ་གྱི་དྲི་མ་འཁྲུད་ཅིང་༔ སྐུ་བཞིའི་ས་བོན་གསོས་ཐེབས་པའོ༔ གསུམ་པ་ནི༔ བསྐུར་བྱའི་དབང་ལ་དབྱེ་ན་བུམ་གསང་ཤེར་ཡེ་ཚིག་དབང་བཞིའི༔ དེ་དག་གི་དོན་གྱི་གནད་འགག་འདུག་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་དབང་ངོ་༔ བཞི་པ་ནི༔ སློབ་དཔོན་དང་དབང་རྫས་དཔལ་གསང་བའི་བདག་པོའི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད༔ བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ མི་འགྱུར་སྐུ་ཡི་གསང་བ་འཛིན༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད༔ གཏུམ་ཆེན་དཔའ་བོ་ཆེན་པོ་སྟེ༔ བུམ་པ་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ ཕྱག་རྡོར་སྐུ་ཡི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྷནྡྷ་བདུད་རྩི་སྦྱིན༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔
མཐུ་སྟོབས་གསུང་གི་གསང་བ་འཛིན༔ ནུས་མཐུ་ཐོགས་མེད་སྙིང་པོ་སྔགས༔ དངོས་གྲུབ་ཀུན་ཐོབ་ཕྲིན་ལས་རྫོགས༔ བྷནྡྷ་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ ཕྱག་རྡོར་གསུང་གི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་སོགས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སྙིང་ཁར་བཞག་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྤྲོས་བྲལ་ཐུགས་ཀྱི་གསང་བ་འཛིན༔ རྡོ་རྗེའི་ཆོས་བདུན་ལྡན་པ་ཡིས༔ ཐམས་ཅད་ཀུན་ལས་རྣམ་པར་རྒྱལ༔ རྡོ་རྗེའི་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་སེམས་ལ་དབང་བསྐུར་བས༔ ཕྱག་རྡོར་ཐུགས་ཀྱི་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་སོགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུའི་བྱིན་བརླབ་ནི༔ སྐུ་སྤྱི་བོར་བཞག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ བདུད་སྡེ་དཔུང་བཅས་ཚར་གཅོད་པའི༔ ཐུགས་མཆོག་འགྱུར་མེད་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་བྱིན་བརླབ་ནི༔ སྔགས་ཕྲེང་ཐོགས་ལ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་ཤར་བའི་ལྷ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ དྲག་སྔགས་གསུང་གི་ནུས་མཐུ་ཡིས༔
ཁྱོད་ཀྱི་ངག་ལ་བྱིན་གྱིས་རློབས༔ ནུས་པའི་རྩལ་ཆེན་རྫོགས་པར་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་ཀྱི་བྱིན་གྱིས་བརླབ་པ་ནི་ཕུར་བུ་སྙིང་ཁར་བཞག་ཅིང་ལག་ཏུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འབར་བ་འབར་བ་ཆེ༔ ཐམས་ཅད་སྒྲོལ་བྱེད་ཀཱི་ལ་ཡ༔ ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དབང་༔ བྱིན་རླབས་ཡོངས་རྫོགས་ཐོབ་པར་ཤོག༔ རཱུ་ཏྲ་སྡེ་གསུམ་མ་ལུས་པ༔ སྒྲོལ་བྱེད་དྲག་རྩལ་དབང་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྟེན་འབྲེལ་གྱི་རྫས་ཚེ་རིལ་སྦྱིན་ཞིང་༔ ཧཱུྃ༔ འཆི་མེད་ཆེན་པོའི་དམ་ཚིག་རྫས༔ ལོངས་སྤྱོད་རྒྱ་ཆེན་ནམ་མཁའ་མཛོད༔ དཔལ་ཆེན་གསང་བའི་བདག་པོ་ཡི༔ ཡོན་ཏན་མཐར་ཕྱིན་སྐུ་ཚེའི་དབང་༔ རྡོ་རྗེའི་སློབ་མ་ཁྱེད་ལ་སྦྱིན༔ མི་འགྱུར་རྡོ་རྗེའི་སྲོག་ཐོབ་ཤོག༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་སོགས༔ ཡོངས་རྫོགས་གཏོར་མའི་བཀའ་གཏད་ནི༔ ཧཱུྃ༔ བརྗིད་ལྡན་དཔལ་གྱི་གཏོར་མ་འདི༔ རྩ་བ་གསུམ་དང་གཉིས་སུ་མེད༔ སྟེང་ན་སྐུ་གསུམ་བླ་མ་རྣམས༔ བྱིན་རླབས་འོད་ཕུང་ཐིབས་སེ་ཐིབ༔ བར་ན་ཡི་དམ་རྒྱུད་སྡེ་བཞི༔ དངོས་གྲུབ་ཆར་ལྟར་ཤ་ར་ར༔ འོག་ན་
དཔའ་བོ་མཁའ་འགྲོ་རྣམས༔ བཀའ་ཉན་ལས་བྱེད་ཆུམས་སེ་ཆུམ༔ སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་སེམས་ལ་བྱིན་གྱིས་རློབས༔ སྐུ་ལྔ་ལོངས་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་ངག་ལ་བྱིན་གྱིས་རློབས༔ སྣ་ཚོགས་སྤྲུལ་སྐུའི་ཞིང་ཁམས་ནས༔ སྐལ་ལྡན་ལུས་ལ་བྱིན་གྱིས་རློབས༔ གར་དགུའི་རྣམ་རོལ་ཁྲོས་པའི་རྒྱལ༔ ལྷག་པའི་ལྷ་མཆོག་གསང་བའི་བདག༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་དཔལ་གཏོར་ངོ་བོར་རྫོགས༔ ཁྲོ་ཆུང་ཐོག་ལྟར་ཤ་ར་ར༔ དྲག་སྔགས་འབྲུག་སྟོང་འུ་རུ་རུ༔ རྡོ་རྗེའི་སེར་བ་ཁྲ་ལ་ལ༔ མཐུ་སྟོབས་མེ་དཔུང་ལྷངས་སེ་ལྷང་༔ བྱིན་རླབས་ཡོངས་རྫོགས་དཀྱིལ་འཁོར་ནས༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ངག་ལ་གསུང་གིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ སེམས་ལ་ཐུགས་ཀྱིས་བྱིན་གྱིས་རློབས༔ བྱིན་ཆེན་དམ་པ་དབབ་ཏུ་གསོལ༔ དབང་མཆོག་དམ་པ་བསྐུར་དུ་
གསོལ༔ ༀ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་དམ་ཚིག་ཁས་བླངས་གཏང་རག་འབུལ༔ བསྔོ་སྨོན་མི་དམིགས་རྒྱས་གདབ་སྤྱི་ལྟར་རོ༔ གཏང་རག་ཚོགས་ཀྱི་མཆོད་པ་རྒྱས་པར་བྱ༔ དབང་འདི་ཐོབ་པར་གྱུར་པའི་སྐྱེས་བུ་དེས༔ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་གསང་བདག་གི༔ ལྷ་སྒོམ་སྔགས་བཟླས་རབ་འབྱམས་ལས་ལ་དབང་༔ གཞན་ཡང་མཚན་ལྡན་བུམ་པ་བུམ་རྫས་བཅས༔ གཙང་མའི་ཆུ་ཡིས་སུམ་ཆ་བཀང་ནས་སུ༔ ཕྱག་རྡོར་བསྐྱེད་བསྟིམ་སྔགས་ཀྱི་ནུས་ལྡན་བསྒྲུབ༔ བུམ་ཆུས་གྲིབ་དང་འགོ་ནད་ཐམས་ཅད་སེལ༔ སྟེང་གདོན་འོག་གདོན་བགེགས་རིགས་ཐམས་ཅད་འཇོམས༔ བྱད་ཕུར་གཏད་ཁྲམ་བར་ཆད་ཐམས་ཅད་བཟློག༔ ནད་རྣམས་ཀུན་སེལ་བདེ་བའི་མཆོག་ཀྱང་སྦྱིན༔ འདི་ལ་སྔགས་ནུས་ཐེབས་པ་ཤིན་ཏུ་གཅེས༔ ཐུགས་སྒྲུབ་དྲག་པོའི་ཕྱག་རྡོར་སྒྲུབ་ཐབས་ཀྱི༔ སློབ་མ་རྗེས་འཛིན་དབང་གི་རིམ་པ་ནི༔ སྔགས་བདག་ལས་རབ་རྩལ་གྱིས་བཀོད་པའོ༔ ཉེས་བྱས་མཆིས་ན་རྩ་གསུམ་སྲུང་མར་བཤགས༔ དགེ་བས་འགྲོ་ཀུན་བདུད་ལས་རྒྱལ་གྱུར་ཅིག༔ མངྒ་ལཾ༔ བཀྲ་ཤིས་ནི༔ ཧཱུྃ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་དང་༔ མཁའ་འགྲོ་དམ་ཅན་བདེན་ཚིག་གྲུབ་རྣམས་མཐུས༔ བདག་ཅག་ཕྱག་ན་རྡོ་རྗེ་མངོན་གྱུར་ནས༔ དོན་གཉིས་མཐར་ཕྱིན་འགྲུབ་པའི་བཀྲ་ཤིས་ཤོག༔ དེ་ལྟར་དཔལ་གསང་བའི་བདག་པོའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་
བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱི འོ་སྙམ་པས་འདིའི་རྗེས་ཟློས་གྱིས༔ གཙོ་བོས་ཇི་ལྟར་སོགས༔ གཏང་རག་གི་མཎྜལ་ཕུལ༔ སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་ཟློས་གྱིས༔ དེང་ནས་བརྩམས་ཏེ་སོགས༔ དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ༔ བསོད་ནམས་འདི་ཡིས་སོགས༔ རིན་ཆེན་དགེ་ཚོགས་སོགས༔ བསྔོ་སྨོན་གྱིས་མཐའ་བརྒྱན་ནོ༔ དགེའོ༔
ཕྱག་ན་རྡོ་རྗེའི་བསྐང་བ་ཉམས་ཆག་ཀུན་སྦྱོང་།
࿅༔ ཕྱག་ན་རྡོ་རྗེའི་བསྐང་བ་ཉམས་ཆག་ཀུན་སྦྱོང་བཞུགས་སོ༔ བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་བ་ནི༔ མཆོད་པ་རྣམས་བཟང་དུ་བཤམས༔ མོས་གུས་གདུང་བའི་ཤུགས་ཕྱུང་༔ སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་དག་པའི་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན༔ རང་རྩལ་མ་འགགས་ཆོས་སྐྱོང་དམ་ཅན་ཚོགས༔ ཉམས་ཆག་བསྐང་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས༔ རིན་ཆེན་ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ སྣང་བ་མཐའ་ཡས་འཕགས་མཆོག་སྤྱན་རས་གཟིགས༔ པདྨ་འབྱུང་གནས་རིགས་ཀུན་ཁྱབ་བདག་མཆོག༔ སྐུ་གསུམ་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ མི་བརྗེད་གཟུངས་ཐོབ་ཡེ་ཤེས་མཚོ་རྒྱལ་དང་༔ དཀོན་མཆོག་འབྱུང་གནས་ཆོས་རྒྱལ་ལོ་པཎ་སོགས༔ རིག་འཛིན་རྗེ་འབངས་རྣམས་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་
སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ རཏྣ་གླིང་དང་རྒྱལ་སྲས་ཚེ་དབང་གྲགས༔ ཤཱཀྱ་བཀྲ་ཤིས་བཀྲ་ཤིས་དབང་ཕྱུག་རྗེ༔ བཀའ་བབ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ པདྨ་དབང་དྲག་ཀརྨ་ཆགས་མེད་དང་༔ པདྨ་རིག་འཛིན་གཏེར་ཆེན་ཉི་མ་གྲགས༔ མཚུངས་མེད་བྱིན་རླབས་བརྒྱུད་པའི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ནམ་མཁའི་མཚན་དང་ཐེག་མཆོག་བསྟན་འཛིན་དང་༔ བསྟན་པའི་རྒྱལ་མཚན་རྩ་བའི་བླ་མ་སོགས༔ དབང་ལུང་མན་ངག་བརྒྱུད་པའི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཞི་བའིི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་༔ ཁྲག་འཐུང་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དང་༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཆེ་མཆོག་འཇམ་དཔལ་དབང་ཆེན་ཡང་དག་དང་༔ ཕུར་པ་རྦོད་གཏོང་དྲེགས་འདུལ་དྲག་སྔགས་སོགས༔ སྒྲུབ་པ་བཀའ་བརྒྱད་
ལྷ་ཚོགས་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ རིགས་ཀྱི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ༔ དྲག་པོར་ཡོངས་བཞེངས་དབང་དྲག་པདྨ་ཡི༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ གསང་སྔགས་རིག་སྔགས་ཀུན་གྱི་མངའ་བདག་སྟེ༔ མཐུ་སྟོབས་ཐོགས་མེད་བགེགས་དང་ལོག་འདྲེན་འདུལ༔ དཔལ་ཆེན་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་ཚུལ་གྱིས་སྐུར་སྣང་བ༔ ཡེ་ཤེས་སྲས་མཆོག་ཁྲོ་རྒྱལ་ཡབ་ཡུམ་བརྒྱད༔ དཔལ་ཆེན་འབར་བའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཀཽ་རི་ཙཽ་རི་པྲ་མོ་བཻ་ཏཱ་ལི༔ པཱུསྐ་ཀསྨ་སྨེ་ཤ་ཙནྡྷ་ལི༔ གནས་ཀྱི་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ སེངྷ་བྱཱ་ཀྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀང་ཀ་ཁ་ཁཱ་ཧུ་ལུ་མ༔ ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་
ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་མཛད་པའི༔ སྒོ་མ་བཞི་དང་དབང་ཕྱུག་ཉེར་བརྒྱད་སོགས༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ དཔལ་མགོན་ལྕམ་དྲལ་གཟའ་མཆོག་རྡོར་ལེགས་དང་༔ སྤུ་གྲི་མཆེད་གསུམ་དགེ་བསྙེན་སྨྱོ་ཁ་སོགས༔ བཀའ་སྲུང་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་ཉེར་སྤྱོད་རྣམ་པ་བདུན༔ ནང་གི་མཆོད་པ་འདོད་ཡོན་རྣམ་པ་ལྔ༔ གསང་བའི་མཆོད་པ་རྨད་བྱུང་སྦྱོར་དང་སྒྲོལ༔ བླ་མེད་མཆོད་པ་སྨན་གཏོར་རཀྟ་དང་༔ ཁྱད་པར་མཆོད་པ་བསྙེན་སྒྲུབ་བརྟེན་པའི་ཚོགས༔ ཚོགས་ཀྱི་ཡོ་བྱད་ལྟ་སྤྱོད་དམ་ཚིག་སོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཆེན་པོ༔ རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་
བསྐང་༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ བདག་ཅག་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར༔ མ་རིག་ཉེས་བྱས་སྡིག་སྒྲིབ་ཉེས་ལྟུང་ལས༔ སོ་ཐར་བྱང་སེམས་སྔགས་ཀྱི་དམ་ཚིག་དང་༔ འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ གནོང་ངོ་འགྱོད་དོ་མི་འཆབ་མི་སྦེད་དོ༔ ཚངས་པ་དམ་པ་མཆོག་གི་དངོས་གྲུབ་སྩོལ༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ བཅོལ་བའི་ལས་རྣམས་ཐོགས་མེད་འགྲུབ་པར་མཛོད༔ ཅེས་གཞན་ཡང་བཤགས་ཚིག་དང་ཡིག་བརྒྱ་བརྗོད༔ ཅེས་པའང་ལས་རབ་རྩལ་གྱིས་སྦྱར་བ་མངྒ་ལཾ༔ དགེའོ༔ བཀྲ་ཤིས༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་དགྲ་བགེགས་སྒྲོལ་བའི་ལས་མཐའ་གནམ་ལྕགས་རལ་གྲི།
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་དགྲ་བགེགས་སྒྲོལ་བའི་ལས་མཐའ་གནམ་ལྕགས་རལ་གྲི་བཞུགས་སོ༔ ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀས་གནོངས་བྱིན་གྱིས་རློབས་ལ་ཤིས་པ་སྩོལ༔ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ དེ་ཡང་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་ནི༔ སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡིན་ཞིང་༔ དེ་ལྟ་བུའི་ལས་རྩོམ་པ་པོ་རང་ཉིད་དབང་ཐོབ་དམ་ཚིག་དང་ལྡན་ཅིང་ལྷ་སྔགས་ཏིང་འཛིན་ལ་དབང་འབྱོར་ཏེ་དྲོད་ཚད་ཐོབ་པ་ཞིག་དགོས་ཤིང་༔ བསྒྲལ་བྱའི་ཡུལ་དེ་ཞིང་བཅུ་ཚང་བ་ཞིག་སྟེ༔ ཇི་སྐད་དུ༔ དཀོན་མཆོག་དབུ་འཕང་སྨོད་པ་དང་༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དགེ་འདུན་འདུ་བའི་སྒོ་འཕྲོག་དང་༔ ཐེག་ཆེན་ཆོས་ལ་སྨོད་པ་དང་༔ བླ་མའི་སྐུ་ལ་བསྡོ་བ་དང་༔ རྡོ་རྗེའི་ནང་དུ་དབྱེན་སྦྱོར་དང་༔ སྒྲུབ་ལ་བར་ཆད་བྱེད་པ་དང་༔ གང་
ཞིག་དམ་ལས་ལོག་པ་དང་༔ སྙིང་རྗེ་མེད་པའི་སྲིན་པོ་དང་༔ མུ་སྟེགས་ལོག་པར་ལྟ་བ་དང་༔ སྒྲུབ་པ་པོ་ལ་དོ་བསྡོ་བ༔ འདི་དག་བསྒྲལ་བའི་ཞིང་བཅུའོ༔ ཞེས་སོ༔ དེ་ཉིད་སྒྲོལ་བའི་ཚུལ་ནི༔ རཏྣའི་ཐུགས་སྒྲུབ་དྲག་པོའི་ཐུགས་ཀྱི་ལྷ་གསང་བདག་གཏུམ་པོའི་ལས་མཐའ་དང་༔ དྲག་སྒྲུབ་ཀྱི་རྒྱ་གཞུང་སོགས་ལས་དངོས་ཟུར་ཤུགས་གསུམ་དུ་ཕྱག་ན་རྡོ་རྗེའི་ལྷ་སྔགས་བསྐུལ་དང་བཟློག་པའི་ཕྲིན་ལས་བཅས་བྱུང་བ་རྩ་བར་བཟུང་༔ ཁྱད་པར་གྱི་བསྒྲལ་ལས་འདི་རཏྣའི་ཕྱག་རྡོར་གྱི་དྲག་སྔགས་གནམ་ལྕགས་ཐོག་མདའ་དང་འབྲེལ་ཞིང་༔ ལག་ལེན་གྱི་རིམ་པ་སྔ་འགྱུར་གྱི་བསྒྲལ་ཆོག་སྤྱི་དང་འགྲོས་བསྟུན་ཏེ༔ འཇུག་པ་བདེ་ཕྱིར་ཉུང་ངུར་བསྡུས་པའི་ཁྲིགས་འདི་ཉམས་སུ་ལེན་པ་ལ༔ ལས་ཀྱི་གཞུང་བསྲངས་ཤིང་སྲུང་མ་མཆོད་པ་ཚོགས་བསྐང་བཅས་གྲུབ་ནས༔ ཧོམ་དང་ལིང་ག་བསྒྲལ་ཆས་ཐུན་མཚོན་སོགས་རྫས་དང་༔ གསལ་བ་གསུམ་འཚེང་བ་
གསུམ་ཚེ་ཁྲུས་སོགས་དགོངས་པའི་གནད་རྣམས་དང་ལྡན་པ་གཅེས༔ ཐོག་མར་གསེར་སྐྱེམས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ༔ བརྒྱུད་པ་དགུ་ལྡན་རྩ་བརྒྱུད་བླ་མའི་ཚོགས༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ རྒྱལ་ཀུན་ཐུགས་ཀྱི་གསང་བ་རྡོ་རྗེ་འཛིན༔ རིགས་བཞིའི་སྲས་མཆོག་ཀཽ་སེང་དབང་ཕྱུག་ཚོགས༔ བསྙེན་སྒྲུབ་མཆོད་བསྟོད་བསྟེན་པའི་ཡི་དམ་ལྷ༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ དཔལ་མགོན་ནག་པོ་རེ་ཏི་ལྕམ་དྲལ་དང་༔ དྲེགས་པ་སུམ་ཅུ་སྔགས་བདག་བཅོ་བརྒྱད་དང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ འགོ་བའི་ལྷ་ལྔ་ཚེ་རབས་འབྲེལ་བའི་ལྷ༔ ལྷ་ཀླུ་དགེ་བསྙེན་ཡུལ་ལྷ་གཞི་བདག་དང་༔ སྣང་ཞིང་སྲིད་པའི་འབྱུང་པོ་མཐུ་ཆེན་རྣམས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ཅེས་དོར༔ གཟུ་དཔང་ནི༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པའི་རྩ་གསུམ་དང་༔ དཀོན་མཆོག་རྣམ་
གསུམ་ཆོས་སྐྱོང་རྒྱ་མཚོའི་སྡེ༔ སྣང་ཞིང་སྲིད་པའི་ལྷ་སྲིན་དྲང་མཁན་ཚོགས༔ དེ་རིང་རྣལ་འབྱོར་བདག་གི་གཟུ་དཔང་མཛོད༔ སྡིག་ཅན་བསྟན་པ་བཤིག་པའི་བྱད་མ་འདིས༔ བདེན་མེད་བདེན་བདར་མཐུ་སྦྱོར་བྱད་ཕུར་བརྩམས༔ བཀའ་ཆད་དྲག་པོས་སྒྲོལ་བའི་དུས་ལ་བབ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་འདིས༔ ལས་ངན་འཕྲོག་བཅོམ་དུག་མཚོན་བྱུར་འཁོན་བརྩམས༔ བཀའ་ཆད་དྲག་པོས་སྒྲོལ་བའི་དུས་ལ་བབ༔ ཚེ་དང་སྲོག་ལ་རྒོལ་བའི་གདོན་བགེགས་འདིས༔ འགལ་རྐྱེན་སྦྱོར་ཞིང་མཐུན་རྐྱེན་ཐམས་ཅད་གཏོར༔ བཀའ་ཆད་དྲག་པོས་སྒྲོལ་བའི་དུས་ལ་བབ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རིག་འཛིན་བདག༔ རྒྱལ་བའི་གདུང་འཚོབ་བསྟན་པའི་ཁུར་ཆེན་ཁུར༔ འགྲོ་ལ་ཕན་པའི་བསམ་སྦྱོར་ལག་བླངས་ཀྱང་༔ དགྲ་གདོན་བྱད་མ་ལོག་འདྲེན་འདི་རྣམས་ཀྱིས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ དཀར་པོ་དགེ་བ་བཅུ་ནི་ཁྱད་དུ་བསད༔ ནག་པོ་མི་དགེ་བཅུ་ནི་དང་དུ་བླངས༔ སྡིག་ལྟུང་
མཚམས་མེད་ལྔ་ལ་ལོངས་སྤྱོད་བྱས༔ བདེན་པ་བརྒྱ་ལ་རྫུན་གྱི་ལ་ཡོག་བརྒྱབ༔ ཆོས་བཞིན་སྤྱད་ཀྱང་སངས་རྒྱས་བདུད་དུ་ཕབ༔ རྩ་གསུམ་སྒྲུབ་པའི་ལྷ་ལ་བདེན་མེད་ཟེར༔ རིག་འཛིན་རྣལ་འབྱོར་བདག་ལ་ལྷ་མེད་ཟེར༔ བཀའ་སྐྱོང་སྲུང་མ་རྒྱ་མཚོར་མཐུ་མེད་ཟེར༔ ཉེས་སྤྱོད་ཚང་བའི་ནག་པོའི་བདུད་འདི་ལ༔ རྒྱུ་འབྲས་བདེན་ནམ་བཀའ་ཡི་ཆད་པ་ཆོད༔ ཆོས་སྐྱོང་སྲུང་མ་མེད་དམ་ར་མདའ་མཛོད༔ ཐུགས་རྗེ་ལྡན་པའི་རྩ་གསུམ་དཀོན་མཆོག་ལ༔ གཡོ་མེད་དྲང་པོར་སྤྱོད་པའི་སྔགས་འཆང་གིས༔ གསོལ་ཀྱང་མི་གསན་བཤགས་ཀྱང་མི་ཚངས་ཤིང་༔ ཡེ་ཤེས་ལྷ་དང་མཁའ་འགྲོ་དམ་ཅན་རྣམས༔ རྦད་ཀྱང་མི་འགྲོ་བཅོལ་ཡང་མི་ཉན་ན༔ ཐུབ་བསྟན་འཇིག་པའི་དུས་ལ་བབས་སམ་ཅི༔ བདག་གིས་ཕར་བསམ་དུང་རི་ལྟར་དཀར་ཡང་༔ དགྲ་འདིས་ཚུར་བསམ་སོལ་བ་བས་ཀྱང་ནག༔ ཟླ་ལྟར་དཀར་ཀྱང་མུན་ལྟར་གནག་ཏུ་བྱུང་༔ དུང་ལྟར་དཀར་ཀྱང་བཙའ་ལྟར་གཡའ་རུ་བྱུང་༔ ལྷ་ལྟར་མཆོད་ཀྱང་འདྲེ་ལྟར་གདོན་དུ་བྱུང་༔ གཉེན་ལྟར་བསྐྱངས་ཀྱང་དགྲ་
ལྟར་གདོན་དུ་བྱུང་༔ སྨན་ལྟར་སྦྱར་ཀྱང་དུག་ཏུ་གཡོས་སུ་བྱུང་༔ བཟང་བྱས་དྲིན་གྱི་ལན་དུ་ངན་གྱིས་བླན༔ ཆོས་སྐྱོང་དམ་ཅན་བདག་གི་དཔུང་གཉེན་མཛོད༔ བསྙེན་སྒྲུབ་མཆོད་བསྟོད་བྱས་པ་ཆུད་གཟན་ནམ༔ བདུད་དང་དགྲ་གདོན་བྱད་མ་ནག་ཕྱོགས་ཀྱིས༔ ཉེས་མེད་སྔགས་འཆང་བདག་དང་སེམས་ཅན་གཞན༔ ཏིང་འཛིན་རྩེ་གཅིག་སྒོམ་དུས་སེམས་རྒྱུད་དཀྲུགས༔ ཐར་ལམ་བྱང་ཆུབ་སྒྲུབ་པའི་ཟམ་པ་བཅགས༔ འགྲོ་དོན་ཕྲིན་ལས་མཛད་པའི་ཕྲེང་ཐག་བཅད༔ རིན་ཆེན་སྡོང་པོ་འགྱུར་མེད་གཟོང་གིས་བརྐོས༔ སྨན་གྱི་ཐང་མར་དུག་གི་སད་མདའ་ཕོག༔ ལྷ་དང་དཀོན་མཆོག་དམ་ཅན་ཐུགས་རྗེ་ཅན༔ བདག་གི་བདེན་པའི་ཡུས་འདི་མི་གསན་ནམ༔ ཐུགས་བསྐྱེད་དམ་བཅའ་དོར་བར་མ་གྱུར་ན༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཞི་སྤྱོད་ལྡན་ཞིང་དུལ་བའི་ཉམ་ཆུང་བདག༔ ཁ་དྲག་ཤེ་མོང་དྲག་པའི་དགྲ་བགེགས་འདིས༔ ཤྭ་ལྟར་བྲོས་ཀྱང་ཁྱི་ལྟར་དེད་དུ་བྱུང་༔ བྱིའུ་ལྟར་བྲོས་ཀྱང་
ཁྲ་ལྟར་བཤོར་དུ་བྱུང་༔ ཉ་ལྟར་བྲོས་ཀྱང་སྲམ་ལྟར་སྙེག་ཏུ་བྱུང་༔ ངེད་ཅག་མ་ཉེས་ཉེས་ཞེས་ཁ་ཡོག་བརྒྱབ༔ ངེད་ཀྱིས་མ་བྱས་བྱས་ཞེས་རྫུན་གྱིས་གླེང་༔ ཁོ་ལ་མ་བྱུང་བྱུང་ཞེས་སྙད་བཏགས་ཡུས༔ མདོར་ན་ཉེས་དགུ་ཚང་བའི་དགྲ་བགེགས་འདི༔ སྔོན་ཆད་ཡན་པར་བཏང་བ་དེ་ཙམ་ཞིག༔ ད་ནི་ལོ་ཟླར་བཞག་པའི་ལོང་མེད་ཀྱིས༔ ཡེ་ཤེས་འཇིག་རྟེན་དྲག་པོའི་ལྷ་ཚོགས་ཀྱི༔ དཔའ་རྩལ་ཤུགས་ཕྱུངས་དྲག་པོའི་མཚོན་རྡོར་ལ༔ བསད་ཁུང་དྲག་པོའི་གོ་ར་འདི་ཉིད་དུ༔ མྱུར་དུ་ཁུག་ལ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧོམ་བསྐྱེད་ནི༔ ཨེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ༔ བང་རིམ་དགུ་པ་ཁ་དོག་ཅིང་གཏིང་ཟབས་པ༔ ལྕགས་སྲེག་གི་རང་བཞིན་ཚ་ལ་རྩུབ་པ་མུན་པ་དགུ་རིམ་འཐིབས་པ༔ ནད་ཀྱི་སྤྲིན་འཁྲིགས་པ༔ རྒྱོབ་སོད་འབྲུག་སྒྲ་ལྡིར་བ༔ ཐོག་མཚོན་གྱི་སེར་བ་འབེབས་པ༔ ཕོ་ཉ་ལས་མཁན་གློག་ལྟར་དུ་འཁྱུག་པ༔ དུག་ལྔ་དུག་གསུམ་གྱི་གཅོང་རོང་ཆེན་པོ༔ བྱ་གཅན་དང་ཤན་པ་ཕོ་མོ་བཤའ་གཏུབ་ཀྱི་ལས་ལ་འབྱམས་ཤིང་ཤ་ཁྲག་ལ་རྔམ་པ༔ ཡ་ང་བ་སྐྱི་གཡའ་བ༔ འཇིགས་
ཆུམ་པ༔ ཟིན་ནས་ཐར་བ་མེད་པ་དེའི་ནང་དུ༔ ནྲྀ་དུད་ཁ་ཏྲི་དམར་སེར་ཡོངས་སུ་གྱུར་པ་ལས༔ དགྲ་བགེགས་བྱད་མ་དེ་ཉིད་སྐྱ་ལ་ཧམ་པ༔ སྔོ་ལ་རིད་པ༔ ཡན་ལག་ཕྲ་ཞིང་ཉམ་ཆུང་བ༔ ལུས་ལ་ནད་མཚོན་དང་གཤེད་མས་བཏབ་པ༔ སྐྲ་གཟེངས་པ༔ ཁ་ནས་འོ་དོད་འབོད་ཅིང་མིག་ནས་མཆི་མ་འབྱིན་པ༔ ཡན་ལག་ལྕགས་སུ་བཅུག་པ༔ འདར་ཞིང་འཁུན་པ༔ སྐྱོབ་བྱེད་ཀྱི་དཔུང་གཉེན་དང་བྲལ་བ༔ གསོད་བྱེད་ཀྱི་གཤེད་མས་ཉེན་པ༔ ཤི་ལ་ཁད་པ༔ གཅེར་བུ་ལ་ལྷགས་པས་བཏབ་པའམ༔ བྱིའུ་ཕྲུག་ཚེར་དོང་དུ་བོར་བ་ལྟ་བུར་གྱུར༔ བདེན་སྟོབས་བརྗོད་ཅིང་འགུགས་པ་ནི༔ ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་དང་༔ ཕྱག་རྒྱ་དང་༔ ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་༔ ཡི་དམ་སྒྲུབ་
པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ལྷའི་ཡང་ལྷ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་གསང་བའི་བདག་པོ་སྟོབས་ཆེན་ཕྱག་ན་རྡོ་རྗེའི་བཀའ་བདེན་པ་དང་༔ ཐུགས་ཀྱི་སྲས་མཆོག་རིགས་བཞི་ཀཽ་སེང་སྒོ་མ་དབང་ཕྱུག་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་སྣང་སྲིད་དྲེགས་པའི་སྡེ་ཚོགས་དྲག་སྔགས་དམོད་པའི་ལས་བྱེད་རྣམས་ཀྱི་བཀའ་བདེན་པ་དང་༔ ཆོས་ཉིད་དང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་ལ་སྡང་བ༔ སེམས་ཅན་ཡོངས་ལ་འཚེ་བ༔ གསང་སྔགས་ཟབ་མོ་སུན་འབྱིན་པ༔ ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་མེ་ལྟར་འབར་བ༔ ནང་དགྲ་རླུང་ལྟར་
འཚུབ་པ༔ ད་དགྲ་ཚེར་ལྟར་རྩུབ་པ༔ མཐའ་ནས་དམག་དཔུང་གཤོམས་པ༔ དགྲ་སྣ་བྱུར་སྣ་འདྲེན་པ༔ ནད་རིམས་ཟ་ཁ་ཟུག་པ༔ ཚེ་དཔལ་སྲི་ལ་བརྐུ་བ༔ ཚེ་རབས་སྔོན་གྱི་ལན་ཆགས༔ སྨོན་ལམ་ལོག་པའི་བདུད་རིགས༔ དམིགས་པའི་ཡུལ་དུ་གྱུར་པའི་དགྲ་བགེགས་བྱད་མ་མི་རབས་བདུན་རྒྱུད་དང་བཅས་པ༔ སྐྱེས་པ་ཕོ་རྒྱུད་ཟ་མ་མོ་རྒྱུད་ཕ་ཚན་མཐུན་གྲོགས༔ སྲུང་སྐྱོབ་བན་བོན་སྒོ་ནོར་ཕྱུགས་ཞིང་ཡུལ་འཁོར་གནས་རྟེན་དང་བཅས་པ་འདི་དག༔ ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས༔ མི་ཚེ་ཕྱི་མ་ལ་དུས་མ་འདེབས༔ སྐྱེ་ཤི་གཉིས་ལ་ཁུངས་མ་འབྱིན༔ ལས་ཀྱི་རྣམ་པར་སྨིན་པ་ལ་ཕུགས་མ་འདོགས་པར་ད་ལྟ་ཉིད་དུ་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་ཅིག༔ འཇིགས་པའི་མུན་ནག་གིས་མདུན་ནས་སུས་ཤིག༔ རྫས་རྒོད་ཐུན་ཆར་གྱིས་སྨྱོ་འབོག་རིངས་པར་གྱིས་ཤིག༔ དཔལ་གྱིས་ཆད་པ་ཆོད་ཅིག༔ མགོ་འཁོར་དུ་ཆུག༔ ཁྲག་སྐྱུགས་པར་གྱིས་ཤིག༔ ཡིད་དཀྲུགས་པར་གྱིས་ལ་ནག་སྒ་ར་ར༔ འཚུབ་ཀྱི་ལི་ལི༔ རྒྱུ་བའི་རྟེན་བླ་
སྲོག་རྣམ་ཤེས་ས་བོན་དང་བཅས་པ་འདི་ལ་ཁུག་ཅིག༔ ལྷའི་དཀར་བྱང་ལ་ཕོབ་ཅིག༔ བཙན་གྱི་དམར་བྱང་ལ་ཕོབ་ཅིག༔ བདུད་ཀྱི་ནག་བྱང་ལ་ཕོབ་ཅིག༔ གཤིན་རྗེའི་ཁྲམ་བྱང་ལ་ཕོབ་ཅིག༔ སྡེ་བརྒྱད་ཀྱི་གཏད་ཁྲམ་ལ་ཐོབ་ཅིག༔ ས་མ་ཡ་མ་གཏོང་མ་ཤོར་བར་སྲོག་དབུགས་དང་ཕྲོལ་ཅིག༔ དགྲ་བགེགས་བྱད་མ་ནྲྀ་ཏྲི་ཨ་ཀར་ཤ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ༀ་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ༀ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ༀ་བཛྲ་གྷཎྜེ་ཧོ༔ ༀ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ༀ་བཛྲ་ཨ་ཝེ་ཤ་ཡ་ཨ༔ ཞེས་ལན་མང་དུ་བྱ༔ འགུགས་སྔགས་ནི༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་བྱད་མའི་བླ་ཤ་ལ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ ཤ་མ་རུ་ཏི་མྱོགས་མྱོགས༔ ཡེད་ཡེད་ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོགས༔ ལིང་ཤག༔ ལིང་ཐུམ༔ ཙ་མུན་ཏྲི་དགྲ་བགེགས་བྱད་མ་ཛཿཧཱུྃ་བཾ་ཧོ༔ ཞེས་ཁུག་པའི་རྟགས་མ་མཐོང་གི་བར་དུ་ནན་གྱིས་བཟླ་ཞིང་༔ མཐར་སྔར་ལྟར་ཕྱག་རྒྱ་བཞི་སོགས་བྱའོ༔ དེ་ནས་གདབ་པའི་ལས་དྲུག་གི༔ འགུགས་བྱེད་ཕོ་ཉ་སྤྲོ་བ་ནི༔ བྷྱོ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ འགུགས་བྱེད་ཚོགས་སུ་
སྐུར་བཞེངས་ཤིག༔ ལྕགས་ཀྱུ་ཐོགས་པའི་ཚོགས་སྤྲོས་ནས༔ དགྲ་བགེགས་བླ་སྲོག་རྣམ་ཤེས་ཁུག༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ཨཾ་ཀུ་ཤ་ཛ་ཛཿ ཧཱུྃ༔ དཔལ་གྱི་ཕྱག་བརྙན་རཀྟའི་དྲི་སྣོམ་པ༔ ཁྲག་མདོག་དམར་མོ་བསེ་ཡི་རལ་པ་ཅན༔ སྡེར་མོ་ལྕགས་ཀྱུའི་རྩེ་ལ་རཀྟའི་མེ་འབར་མ༔ ཉམས་པའི་སྙིང་ཕྱུངས་མཆན་ཁུང་ཆུག་ལ་ཤོག༔ ཁྲོས་པའི་ཞལ་མདོག་ནག་མོ་ཁྲག་གི་མཆིན་པ་ཁ༔ རྒྱུག་པའི་སྟོབས་ནི་སྤྱང་མོ་ངར་མ་འདྲ༔ དྲག་པོའི་སྐད་ནི་ནམ་མཁའི་འབྲུག་ལས་ཆེ༔ རྒྱུག་པའི་བང་ནི་བར་སྣང་གློག་ལས་མགྱོགས༔ ཟངས་ཀྱི་སྡེར་མོ་དམར་མོའི་ཆངས་པ་རུ༔ མགོན་མེད་བྱེའུ་ཕྲུག་ཤ་རྗེན་བཅུག་པ་ལྟར༔ དམ་ཉམས་དགྲ་བོའི་དོན་སྙིང་ཕྱུངས་ལ་ཤོག༔ རྣམ་སྨིན་ཕུང་པོ་དུམ་བུར་གཏུབ་ལ་ཤོག༔ གཟུགས་ཀྱི་ཕུང་པོ་དེ་རུ་ཞོག་ལ་ཤོག༔ རྣམ་པར་ཤེས་པ་འདི་རུ་ཁྱེར་ལ་ཤོག༔ ནྲི་ཏྲི་ཤ་ཏྲུཾ་ཨཾ་ཀུ་ཤ་ཛཿཛཿ ལྷ་དང་དབྱེ་བ་ནི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ དབྱེ་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ ཁྭ་ཁ་ཧུ་ལུའི་
ཚོགས་སྤྲོས་ནས༔ དགྲ་བགེགས་རྒྱབ་རྟེན་ལྷ་དང་ཕྲོལ༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ཧ་ས་ཡ་ར་ཧྲཱིཿཏ་ན་ཡ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ གསང་བདག་ལྷ་ཚོགས་བྱིན་རླབས་ཀྱིས༔ ཡུད་ཙམ་ཞིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་དུ་ཆུག༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཕྱེས་ཤིག་གྲོགས་དང་ཕྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཁས་བླངས་དམ་བཅའ་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་གསང་བའི་
བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔ ཧཱུྃ༔ སྡིག་ཅན་དགྲ་བོ་ལས་ངན་འདི༔ དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ༔ མ་ལྷ་གསང་བའི་གནས་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ མོ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བང་ལྷ་མཛོད་ཁང་ནང་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ༔ མ་མ་ཏྲག་རཀྵ་མ་ར་ཡ་ཕྱེས༔ ནྲི་ཏྲི་དྷེ་ཝ་ཨུ་ཙ་ཏ་ཡ་ཕཊ༔ གཟུགས་ལ་དབབ་པ་ནི༔ བྷྱོ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ དབབ་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ ལྕགས་ཞགས་ཐོགས་པའི་ཚོགས་སྤྲོས་ནས༔ དགྲ་བགེགས་རྣམ་ཤེས་རྟེན་ལ་ཕོབ༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ཛཿཧཱུྃ་ཨ་ཝེ་ཤ་ཡ་ཧཱུྃ་ཕཊ༔ བྱད་དུ་གཞུག་པ་
ནི༔ བྷྱོ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ འཆིང་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ ལྕགས་སྒྲོག་ཞགས་ཐོགས་ཚོགས་སྤྲོས་ནས༔ དགྲ་བགེགས་སྒོ་གསུམ་བྱད་དུ་ཆུག༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་འབྱུང་པོ་ཛཿཧཱུྃ་བཾ་ཧོ༔ ཤི་ཏྲི་ཨ་ན་ཡ་ཧཱུྃ་ཕཊ༔ སྨྱོ་རུ་གཞུག་པ་ནི༔ བྷྱོ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ སྨྱོ་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ སྨྱོ་དུག་ཐོགས་པའི་ཚོགས་སྤྲོས་ནས༔ དགྲ་བགེགས་སྨྱོ་འབོག་བརྒྱལ་དུ་ཆུག༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ སྐབས་འདིར་བསད་པའི་སྔགས་དམིགས་ནི༔ ཛཿ ཡིད་ལ་བརྣག་པའི་དགྲ་གདོན་བྱད་མ་ཡི༔ ལུས་ནང་སྤྱི་མགྲིན་སྙིང་ལྟེ་གསང་བ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་སྟོང་ལྡན་པ་ཟུང་༔ གཡས་གཡོན་དྲག་ཏུ་འཁོར་བའི་རྣོ་ངར་གྱིས༔ འཁོར་ལོ་ལྔ་ཡི་རྩ་རྣམས་ཐལ་བར་གཏུབ༔ ཕྱི་ནས་དཔལ་ཆེན་སྤྲུལ་པའི་ཕོ་ཉའི་ཚོགས༔ ཁྲོ་བོ་ཁྲོ་མོ་ཐུན་མཚོན་ཐོགས་པ་ཡིས༔ མ་ཐོབ་བཞིན་དུ་ཐུན་མཚོན་ཆར་ཕབ་པས༔ གནོད་བྱེད་དགྲ་བགེགས་རྡུལ་དུ་
བརླག་པར་གྱུར༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་དམ་སྲི་ནྲི་ཏྲི་རྦད༔ ཨེ་ཧུར་ཐུམ་ཛཿ མཱ་ར་ཡ་ཕཊ༔ ཅེས་བསད་པ་གནམ་ལྕགས་ཐོག་མདའ་འདི་བསད་རྟགས་མ་མཐོང་གི་བར་ནན་གྱིིས་བཟླ་ཞིང་དུག་ཁྲག་དང་ཟངས་ལྕགས་ཕྱེ་མ་ཡུངས་ཀར་ཡུངས་ནག་རྡོ་ཐུན་རྣམས་ནུས་ལྡན་དུ་བྱས་ནས་ཐུན་མཐར་ལིངྒ་ལ་བྲབ༔ སྔགས་གོང་མའི་གཤམ་དུ༔ བཛྲ་ཨ་རི་ཨ་རི་ནི་ནཱ་ག་ར་ཙ་ཏྲིག་རྦད་ཏྲི༔ ཧ་རི་ཧ་རི་ཏྲིང་ཏྲིང་གཏུབས་གཏུབས༔ སྙིང་ཁ་རག་དུནྟི་རྦད༔ གནོད་བྱེད་དགྲ་བགེགས་བྱད་མའི་སྲོག་རྩ་ལ་རྦད༔ ཤ་ལ་ཆོམས༔ ཁྲག་ལ་ཧབ༔ ཤ་རུས་ཁྲག་རྩ་ལ་གནུར་གནུར༔ ཡ་མ་ཙ་དུ་ཏྲི་ས་ན་ཡ་དགྲ་བགེགས་བྱད་མ་མཱ་ར་ཡ་རྦད་སོད༔ ཅེས་བརྡེགས༔ རྡུལ་དུ་བརླག་པ་ནི༔ བསྒྲལ་བ་དང་ཐོ་བས་བརྡུང་བའི་དོན་ཡིན་ནོ༔ ཕུར་པ་བྱིན་གྱིས་བརླབ་པ་ནི༔ ཐལ་མོ་སྦྱར་བའི་བར་དུ་ཕུར་པ་བཟུང་སྟེ༔ ཧཱུྃ༔ བདག་ཉིད་ཕྱག་ན་རྡོ་རྗེ་ཡི༔ ཐབས་ཤེས་ཕྱག་སོར་རྣམ་པ་བཅུ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་ལས༔ ཧཱུྃ་ལས་སྐྱེས་པའི་ཀཱི་ལ་ཡ༔ སྐུ་སྟོད་བཛྲ་པཱ་ཎིའི་སྐུ༔ སྐུ་སྨད་གནམ་ལྕགས་འབར་བའི་དབལ༔ དུག་སྤྲིན་མཚོན་ཆར་མེ་འོད་འཕྲོ༔ ཁྲོ་རྒྱལ་དེ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་
གྱི་ཕྲིན་ལས་སྟོབས༔ རང་འདྲའི་རྣམ་པར་སྤྱན་དྲངས་ནས༔ སྲས་མཆོག་འབར་བ་དེ་ལ་ཐིམ༔ ཁམས་གསུམ་དུས་གཅིག་སྒྲོལ་ནུས་པའི༔ དཔལ་དང་ནུས་པ་ལྡན་གྱུར་ཅིག༔ ཧཱུྃ༔ ཡེ་ཤེས་ཕུར་པའི་འོད་ཟེར་ནི༔ འོད་དམར་ཚ་ལ་མྱུར་བ་ཡིས༔ དགྲ་བགེགས་རྣམ་ཤེས་ལྷ་སྲུང་བཅས༔ དབང་དུ་བསྡུས་ནས་ཚེ་བསོད་ནི༔ ཨ་དཀར་རྣམ་པར་བཙན་གྱིས་ཕྲོགས༔ བདག་ལ་ཐིམ་པས་གཟི་བརྗིད་འབར༔ སླར་ཡང་སྲས་མཆོག་ཁྲོ་བོའི་འོད༔ དམ་ཉམས་གཟས་པོར་ཕོག་པ་ཡིས༔ བག་ཆགས་ལས་ངན་ཐམས་ཅད་དག༔ བདག་ཉིད་གསང་བདག་ཁྲོ་བོའི་རྒྱལ༔ སྲས་མཆོག་ཐོགས་མེད་ཀཱི་ལ་ཡ༔ མཚན་མ་ཞིང་བཅུ་ཚང་བའི་དགྲར༔ ཕྲིན་ལས་བསྒྲལ་འདྲེན་མངོན་སྤྱོད་ཉིད༔ ཅེས་གདབ་པོ༔ གསལ་བ་གསུམ་དང་ལྡན་པས་ཕུར་པ་སྒྲིལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ གསང་བདག་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་ཆེ༔ ང་ནི་བཛྲ་ཀཱི་ལ་ཡ༔ ང་ནི་
ཁྲོ་རྒྱལ་འདུས་པའི་དཔལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གསང་བདག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་སྒྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ དགྲ་བགེགས་ཉམས་པ་འདིར་ཁུག་ལ༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ དགྲ་བགེགས་བྱད་མ་དམ་སྲི་ནྲི་ཏྲི་རྦད༔ ཨེ་ཧུར་ཐུམ་ཛ༔ མཱ་ར་ཡ་ཕཊ༔ ཅེས་ཕུར་པ་སྙིང་གར་བཏབ་ནས་རྣམ་ཤེས་སྤར་བ་ནི༔ སྲས་མཆོག་འབར་བའི་ཕུར་རྩེ་ཡིས༔ དགྲ་བགེགས་རྣམ་ཤེས་ནྲྀ་ཡིག་ཕྲོགས༔ ཡེ་ཤེས་ཁྲོ་བོའི་སྐུའི་དབྱིབས་བརྒྱུད༔ བག་ཆགས་ལས་ངན་དབྱིངས་སུ་དག༔ ཡེ་ཤེས་ས་བོན་ཧཱུྃ་དུ་བྱས༔ འོག་མིན་མངོན་པར་དགའ་བ་ཡི༔ མི་བསྐྱོད་རྡོ་རྗེའི་ཐུགས་ཀར་ཐིམ༔ རྒྱལ་བའི་སྲས་སུ་སངས་རྒྱས་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་སྙིགས་མའི་ཕུང་པོ་ལ་རྣམ་ཤེས་སླར་མི་ལྡོག་པའི་ཕྱིར་མཚོན་ཆ་སྣ་ཚོགས་ཀྱིས་གཏུབ་སྟེ༔ ཧཱུྃ༔ དཔལ་ཆེན་སྲས་མཆོག་རིགས་བཞི་རྣམས༔ ཁྲོ་གཏུམ་རྔམ་པའི་སྐུར་
བཞེངས་ཤིག༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བགེགས་ལུས་སྲོག་རྡུལ་དུ་རློགས༔ ཧཱུྃ༔ གནས་ཀྱི་ཀཽ་རི་མ་མོ་བརྒྱད༔ ཁྲོ་གཏུམ་རྔམ་པའི་སྐུར་བཞེངས་ཤིག༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བགེགས་ལུས་སྲོག་རྡུལ་དུ་རློགས༔ ཧཱུྃ༔ ཡུལ་གྱི་སེང་ཧ་ཕྲ་མེན་བརྒྱད༔ ཁྲོ་གཏུམ་རྔམ་པའི་སྐུར་བཞེངས་ཤིག༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བགེགས་ལུས་སྲོག་རྡུལ་དུ་རློགས༔ ཧཱུྃ༔ ཕྱག་རྒྱ་སྒོ་སྐྱོང་གདོང་མོ་བཞི༔ ཁྲོ་གཏུམ་རྔམ་པའི་སྐུར་བཞེངས་ཤིག༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བགེགས་ལུས་སྲོག་རྡུལ་དུ་རློགས༔ ཧཱུྃ༔ དབང་ཕྱུག་ཉེར་བརྒྱད་བཀའ་ཉན་ཚོགས༔ ཁྲོ་གཏུམ་རྔམ་པའི་སྐུར་བཞེངས་ཤིག༔ རྣོ་ངར་ལྡན་པའི་མཚོན་ཆ་ཡིས༔ དགྲ་བགེགས་ལུས་སྲོག་རྡུལ་དུ་རློགས༔ ཧཱུྃ༔ ཁྲོ་བོ་ཁྲོ་མོའི་མཚོན་ཆ་རྣམས༔ དགྲ་བགེགས་ལུས་ལ་བཏབ་པ་ཡིས༔ རྫ་བྲག་ཐོག་གིས་བཤིག་པ་བཞིན༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས༔ དགྲ་བགེགས་ངག་ལ་བཏབ་པ་ཡིས༔ པི་ཝང་རྒྱུན་ཐག་བཅད་པ་བཞིན༔ ངག་གི་འཁྲུལ་རྒྱུན་རྩད་ནས་
གཅོད༔ དགྲ་བགེགས་སེམས་ལ་བཏབ་པ་ཡིས༔ རང་འཐག་ཆུ་རྒྱུན་བཅད་པ་བཞིན༔ སེམས་འབྱུང་འཁྲུལ་རྟོག་དབྱིངས་སུ་བསད༔ དགྲ་བགེགས་སྲོག་ལ་བཏབ་པ་ཡིས༔ ལྕུག་ཕྲན་ཟོར་བས་བཅད་པ་བཞིན༔ རྩད་ནས་གཅོད་ཅིང་རྨང་ནས་སྐེམ༔ དགྲ་བགེགས་ལྷ་ལ་བཏབ་པ་ཡིས༔ རང་གཤེད་རང་ལ་ཕབ་ནས་ཀྱང་༔ སྲུང་བའི་གུར་ཁང་རྨང་ནས་སྒྱེལ༔ དགྲ་བགེགས་མི་ནོར་ལ་བཏབ་པས༔ ལོ་ཏོག་སེར་བས་བཅོམ་པ་བཞིན༔ དུས་གཅིག་ཉིད་ལ་ས་དང་བསྲེས༔ ལྡང་བ་མེད་པའི་རྒྱ་ཡིས་བཏབ༔ དགྲ་བགེགས་སྒྲོལ་བར་བྱེད་པ་འདི༔ ཁྲོ་རྒྱལ་ཡོངས་ཀྱི་དམ་ཚིག་སྟེ༔ དམ་ཅན་རྣམས་ཀྱི་དམ་བཅས་པ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་སོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེེ༔ ཛཿཧཱུྃ་བཾ་ཧོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ དགྲ་བགེགས་དམ་སྲི་ནྲི་ཏྲི་རྦད༔ ཨེ་ཧུར་ཐུམ་ཛ༔ མཱ་ར་ཡ་ཕཊ༔ བྷྱོ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔
རླག་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ ཐོ་བ་ཕུར་བུའི་ཚོགས་སྤྲོས་ནས༔ དགྲ་བགེགས་སྲོག་གཅོད་ཕྱེ་མར་བརྡུང་༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་ལས་ཕུར་གྱིས་བཏབ༔ ཐུམ་རིལ་ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུྃ་ཕཊ༔ ཅེས་ཐོ་བས་བརྡུངས༔ ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ ཟ་བྱེད་ཚོགས་སུ་སྐུར་བཞེངས་ཤིག༔ སྟོབ་བྱེད་ལས་མཁན་ཚོགས་སྤྲོས་ནས༔ དགྲ་བགེགས་ཤ་ཁྲག་རུས་གསུམ་རོལ༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་རཾ་ཁཱ་ཧི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས༔ རྔམ་བརྗིད་སྐུ་ཡི་ཤུགས་ཕྱུངས་ལ༔ མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ནས༔ ཐུགས་ཀྱི་ཏིང་འཛིན་དམོད་ནས་ཀྱང་༔ གནམ་ས་ཙམ་གྱི་ཞལ་གདོངས་ལ༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ལྟ་བུའི་ལྗགས་རྐྱོངས་ཤིག༔ དགྲ་བགེགས་བྱད་མ་འདི་རྣམས་ཀྱི༔ ཕྱི་ཡི་ཕུང་ཁམས་སྐྱེ་མཆེད་དང་༔ ནང་གི་བླ་ཚེ་སྲོག་གསུམ་དང་༔ གསང་བའི་རྣམ་ཤེས་རྟེན་དང་བཅས༔ རྩ་ལག་སྡེ་དཔུང་མ་ལུས་པ༔ ལྷག་མ་མེད་
པར་བཞེས་སུ་གསོལ༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ མགུལ་དུ་སྒྲིམ་མོ་ཨ་རཱ་ལི༔ དམིགས་མེད་དབྱིངས་སུ་རྒྱས་གདབ་པོ༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེེ༔ ཛཿཧཱུྃ་བཾ་ཧོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་གཏི་མུག་ཤའི་བྷ་ལིངྟ་ལ་ཁཱ་རཾ་ཁཱ་ཧིཿ འདོད་ཆགས་ཁྲག་གི་བྷ་ལིངྟ་ལ་ཁཱ་རཾ་ཁཱ་ཧི༔ ཞེ་སྡང་རུས་པའི་བྷ་ལིངྟ་ལ་ཁཱ་ཧི༔ དབང་པོ་རྣམ་ལྔའི་བྷ་ལིང་ཏ་ལ་ཁཱ་ཧི༔ དོན་སྙིང་རྣམ་ལྔའི་བྷ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ འདི་ལྟར་བསྒྲལ་བའི་ལས་རིམ་འདིས༔ དགྲ་བགེགས་བྱད་མ་གསོད་པ་རྒྱལ་བསེན་དམ་སྲི་མོ་འདྲེ་འགོང་པོ་ཨར་ལ་གཏོད་པ༔ ཆེ་སྲི་ཆུང་སྲི་འདུལ་དང་གནོན་པ་སོགས་གང་ལ་ཡང་འགུགས་བསད་ཀྱི་སྔགས་ལ་མིང་ཐེམས་གཞུག་ཅིང་ནན་ཏན་དུ་བསྒྲུབས་པས་རྣོ་ནུས་ཐོགས་པ་མེད་པ་འབྱུང་ངོ་༔ ཞེས་དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོས་བསྐུལ་བ་དང་དུས་ལ་བབ་པར་རིག་ནས་ཁྲག་འཐུང་དཔའ་བོ་ལས་རབ་
རྩལ་གྱིས་སྦྱར་བ་འདིས་ཀྱང་འགྲོ་ཀུན་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ མངྒ་ལཾ༔
བསྐུལ་བ་བདུད་དཔུང་ཚར་གཅོད།
࿅༔ བསྐུལ་བ་བདུད་དཔུང་ཚར་གཅོད་བཞུགས་སོ༔
ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀའ་གནང་བྱིན་གྱིས་རློབས་ལ་ཤིས་པ་སྩོལ༔ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ དེ་ཡང་དགྲ་གདོན་བྱད་མ་སྒྲོལ་བ་དང་༔ ལྟས་ངན་ཆོ་འཕྲུལ་ནད་རིམས་བཟློག་པ་དང་༔ དྲག་པོའི་ཕྲིན་ལས་བརྩམ་པའི་སྐབས་སུ་དཔལ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཀུན་སློང་དྲག་པོའི་ང་རྒྱལ་དང་བཅས་པས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱི་ཆོ་འཕྲུལ་དཔལ་ཆེན་གསང་བའི་བདག༔ ཁྲག་འཐུང་རྔམ་བརྗིད་འབར་བའི་སྐུར་བཞེངས་ནས༔ བསྟན་པའི་
རཱུ་ཏྲ་བར་གཅོད་རྣམ་གཉིས་པོ༔ མངོན་སྤྱོད་དྲག་པོས་སྒྲོལ་བའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ འཇིག་རྟེན་དྲེགས་པ་མ་ལུས་འདུལ་མཛད་པའི༔ མཐུ་སྟོབས་མངའ་བདག་ཕྱག་ན་རྡོ་རྗེ་རྩལ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འདོད་ཆགས་ཁྲག་མཚོ་འཁྲུགས་པའི་ཀློང་ནས་བཞེངས༔ ཞེ་སྡང་ཀེང་རུས་བརྩིགས་པའི་ཁྲི་ནས་བཞེངས༔ གཏི་མུག་ཤ་ཆེན་སྤུངས་པའི་ཁྲི་ནས་བཞེངས༔ ང་རྒྱལ་བསྐལ་པའི་
མེ་དཔུང་ཀློང་ནས་བཞེངས༔ ཕྲག་དོག་རླུང་དམར་འཚུབ་མའི་ཀློང་ནས་བཞེངས༔ དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ རཀྴ་སྲིན་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ འཆི་བདག་གཤིན་རྗེ་འདུལ་ཕྱིར་གཤེགས་སུ་གསོལ༔ འཇིག་རྟེན་དྲེགས་པ་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོལ༔ བདུད་དང་འགོང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ པེ་ཧར་སྲོག་བདག་འདུལ་ཕྱིར་གཤེགས་སུ་གསོལ༔ བསེ་མོ་ཀླུ་བདུད་འདུལ་ཕྱིར་གཤེགས་སུ་གསོལ༔ གཟའ་གདོང་རྒྱུ་སྐར་འདུལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ཐུགས་ཀྱི་སྤྲུལ་པ་གསང་བདག་གཏུམ་པོ་ནི༔ སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་སྐུ༔ གླང་དང་ཞིང་ལྤགས་སྐུ་ཡི་སྟོད་དུ་གསོལ༔ དར་དང་སྟག་ཤམ་སྐུ་ཡི་སྨད་ལ་དཀྲིས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་འཕྱར་བ་ཡིས༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློགས༔ གཡོན་པའི་སྡིགས་མཛུབ་རྩེ་ལ་མེ་འབར་བས༔ དགྲ་བགེགས་འབྱུང་པོའི་སྙིང་ལ་གཟིར་ཞིང་དངངས༔ གསང་སྔགས་
རིག་སྔགས་ཀུན་གྱི་གསང་བ་འཛིན༔ ལྷག་པའི་ལྷ་མཆོག་གཏུམ་ཆེན་འབར་བའི་སྐུ༔ གདོན་བགེགས་འབྱུང་བོ་མ་ལུས་བསྲེག་ཏུ་གསོལ༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ གདུག་པའི་རཱུ་ཏྲ་དམ་སྲི་བརླག་པར་མཛོད༔ གནོད་བྱེད་གདོན་བགེགས་ཐལ་བ་རྡུལ་དུ་རློགས༔ ཐུགས་དམ་དབང་གིས་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་སྲས་མཆོག་ཁྲོ་རྒྱལ་བཞི༔ ཐབས་མཆོག་སྐུ་ལ་ཤེས་རབ་ཁྲོ་མོ་འཁྲིལ༔ ཕྱག་གཡས་རང་རྟགས་འབར་བའི་ཕྱག་མཚན་འཛིན༔ གཡོན་པས་ཐོད་ཁྲག་ཉོན་མོངས་ཞལ་དུ་གསོལ༔ སྐུ་ལ་དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ ཡེ་ཤེས་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་བའི་ཚེ༔ བདུད་དང་དམ་སྲི་འབྱུང་པོ་རྡུལ་དུ་རློགས༔ ཐུགས་དམ་དབང་གིས་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་སྡོད་མ་མོ་ནི༔ ཀཽ་རི་དཀར་དམར་ཞིང་དབྱུག་བྷནྡྷ་འཛིན༔ ཙཱོ་རི་སེར་མོ་མདའ་གཞུ་འགེངས་ཤིང་འཕེན༔ པྲ་མོ་དམར་མོ་ཆུ་
སྲིན་རྒྱལ་མཚན་འཕྱར༔ བེ་ཏ་ནག་མོ་རྡོ་རྗེ་བྷནྡྷ་འཛིན༔ པུཥྐ་དམར་སེར་རྒྱུ་མ་འདྲེན་ཅིང་གསོལ༔ ཀསྨ་ལྗང་ནག་རྡོ་རྗེ་བྷན་དམར་དཀྲུགས༔ ཙནྡྷ་སེར་སྐྱ་ཙིཏྟ་བམ་ཆེན་ཟ༔ སྨེ་ཤ་མཐིང་ནག་བམ་རོ་མགོ་ལུས་འབྲལ༔ སྲིན་མོ་མི་བཟད་ཟ་བྱེད་ཁྲོ་མོའི་ཚོགས༔ མ་གཡེལ་ཐུགས་དམ་གནད་ནས་ད་སྐུལ་ཅིག༔ དགྲ་གདོན་བྱད་མ་ཐན་ལྟས་ཆོ་འཕྲུལ་སོགས༔ རྡུལ་དུ་རློགས་ལ་མངོན་སྤྱོད་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ལས་བྱེད་ཕྲ་མེན་བརྒྱད༔ སིངྷ་སྨུག་ནག་སེང་གདོང་ཁར་རོ་ཐོགས༔ བྱཱ་ཀྲི་དམར་མོ་སྟག་གདོང་ལག་གཉིས་བསྣོལ༔ སྲི་ལ་ནག་མོ་ཝ་གདོང་རྒྱུ་མ་ཟ༔ ཤྭ་ན་མཐིང་ནག་སྤྱང་གདོང་བམ་རོ་འདྲད༔ ཀྲྀ་ཏ་དཀར་སེར་རྒོད་མགོ་ཞིང་ཕྲག་གཟར༔ ཀཾ་ཀ་དམར་ནག་ཀང་མགོ་ཞིང་ཆེན་ཁུར༔ ཁྭ་ཁ་ནག་མོ་བྱ་རོག་བྷན་གྲི་གདོང་༔ ཧུ་ལུ་མཐིང་སྐྱ་འུག་གདོང་རྡོ་རྗེ་འཛིན༔ མི་བཟད་རབ་འཕྲོས་ཕྲ་མེན་ཆེན་མོ་རྣམས༔ མ་གཡེལ་ཐུགས་དམ་གནད་ནས་ད་བསྐུལ་གྱིས༔ དགྲ་བགེགས་བྱད་མ་དབང་བསྡུས་ཁུག་ལ་སྒྲོལ༔ དྲག་རྩལ་ཐོགས་པ་མེད་པའི་
ཕྲིན་ལས་མཛོད༔ ཧཱུྃ༔ ལས་བྱེད་སྤྲུལ་པའི་སྒོ་མ་རྣམ་བཞི་ནི༔ རྟ་གདོང་དཀར་མོ་འགུགས་བྱེད་ལྕགས་ཀྱུ་ཐོགས༔ ཕག་གདོང་སེར་མོ་འཆིང་བྱེད་ཞགས་པ་འཛིན༔ སེང་གདོང་དམར་མོ་སྡོམ་བྱེད་ལྕགས་སྒྲོག་བསྣམས༔ སྦྲུལ་གདོང་ལྗང་གུ་འབེབས་བྱེད་དྲིལ་བུ་འཛིན༔ གཡོན་རྣམས་བྷནྡྷ་རཀྟ་ཞལ་དུ་སྟོབ༔ ཡེ་ཤེས་དཔལ་གྱི་སྒོ་མ་རྣམ་པ་བཞི༔ མ་གཡེལ་ཐུགས་དམ་གནད་ནས་ད་བསྐུལ་གྱིས༔ དགྲ་བགེགས་བྱད་མ་ལོག་པར་འདྲེན་པ་རྣམས༔ འགུགས་འཆིང་སྡོམ་མྱོས་རང་གཤེད་རང་ལ་ཕོབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བྲན་འཁོར་དམ་ཅན་མ༔ དཔལ་ཆེན་དཀྱིལ་འཁོར་ཡོངས་ཀྱི་མུ་རན་སྐྱོང་༔ དབང་ཕྱུག་མ་སྲིང་ཆུང་མ་མཛའ་མོའི་ཚོགས༔ མགོ་བརྙན་ཕྱག་མཚན་རྫུ་འཕྲུལ་སྟོབས་དང་ལྡན༔ མ་གཡེལ་ཐུགས་དམ་གནད་ནས་ད་བསྐུལ་གྱིས༔ དགྲ་གདོན་བྱད་མ་དམ་སྲི་ཕུང་འདྲེ་རྣམས༔ སོད་ཅིག་ཐུལ་ཅིག་ལྷག་མ་མེད་པར་བཞེས༔ ཧཱུྃ༔ གསང་བདག་དཔལ་གྱི་དཀྱིལ་འཁོར་ལ་
གནས་པའི༔ གཞན་ཡང་རིག་འཛིན་མཁའ་འགྲོའི་ཚོགས་རྣམས་དང་༔ དཀྱིལ་འཁོར་ལྷ་ཚོགས་ཁྲོ་བོ་ཁྲོ་མོའི་ཚོགས༔ རབ་འཇིགས་སྐུ་ལ་མེ་དཔུང་དམར་ནག་འབར༔ འཇོམས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས༔ རབ་འཇིགས་ཁྲོས་པ་མེ་ཡི་ཀློང་ན་བཞུགས༔ སྐུ་ལས་སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་ཁེངས༔ གནམ་ལྕགས་ཧཱུྃ་གི་སྒྲ་ནི་དི་རི་རི༔ འཇིགས་བྱེད་ཕཊ་ཀྱི་སྒྲ་སྐད་དི་རི་རི༔ ཁྲོ་ཆུང་ཁྱུང་དང་ལྕགས་སྡིག་ཐ་ར་ར༔ དཀྱིལ་འཁོར་ལྷ་ཡི་ཚོགས་ལ་ཕྱག་འཚལ་བསྟོད༔ གདུག་པའི་དགྲ་བགེགས་དམ་སྲི་རྡུལ་དུ་རློགས༔ ཕྱག་ན་རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ སྲས་མཆོག་རིགས་བཞིའི་ཐུགས་དམ་དུས་ལ་བབ༔ ཡུམ་མཆོག་བཞི་ཡི་ཐུགས་དམ་དུས་ལ་བབ༔ ཁྱུང་ཆེན་འབར་བའི་ཐུགས་དམ་དུས་ལ་བབ༔ བཀའ་སྡོད་སྤྲུལ་འཁོར་ཐུགས་དམ་དུས་ལ་བབ༔ དུག་གསུམ་ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ལས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ཞེས་རྔ་དང་
རྐང་གླིང་གི་སྒྲ་སྒྲོགས༔ སྤོས་དང་ཤ་ཆེན་བསྲེག་ང་རོ་དྲག་པོས་བསྐུལ་ན་གང་ལྟར་བསམ་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ བསྐུལ་བ་འདི་ཉིད་ཐུགས་སྒྲུབ་དྲག་པོའི་བསྟོད་བསྐུལ་རྣམ་རྒྱལ་འབར་བ་གཞིར་བཞག༔ ཕྲི་བསྣན་འགའ་ཞིག་བྱས་ཏེ་ཕྱག་རྡོར་འདི་ཉིད་ཀྱི་ལྷ་ཚོགས་དང་མཐུན་པར་སྦྱར་བའོ༔ ད་ནི་དབང་ཕྱུག་ཉེར་བརྒྱད་བསྐུལ་བ་ནི༔ ཤིན་ཏུ་གནད་ཆེ་ཞིང་དྲག་པོ་མངོན་སྤྱོད་ཀྱིི་ལས་ལ་ཁྱད་པར་དགོས་ཏེ༔ གསུར་ཆེན་གྱི་དུད་པ་དང་༔ རྐང་གླིང་རོལ་མོའི་སྒྲ་དང་སྨན་རཀ་སྦྲེང་ཞིང་༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ མ་ཚོགས་དབང་ཕྱུག་ཉེར་བརྒྱད་ཀྱིས༔ ཚོགས་ཀྱི་ད་ལ་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པ་ཡང་༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་བཀུར་བར་བྱ༔ དེ་སྐད་ཁྱེད་ཀྱིས་ཞལ་བཞེས་པས༔ དཔལ་གྱི་བཀའ་བཞིན་བདག་སྒྲུབ་ཀྱིས༔ འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ སྲིན་མོ་སྨུག་ནག་ཐོད་རློན་འཆང་༔ གཡག་གི་མགོ་ཅན་དུས་ལ་བབ༔ ཚངས་པ་དམར་སེར་པདྨ་བསྣམས༔ སྦྲུལ་གྱི་མགོ་ཅན་དུས་ལ་བབ༔ ལྷ་ཆེན་དཀར་ལྗང་ཏྲི་ཤུལ་ཐོགས༔ གཟིག་གི་མགོ་ཅན་དུས་ལ་བབ༔ གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་༔ སྲེ་
མོང་མགོ་ཅན་དུས་ལ་བབ༔ གཞོན་ནུ་དམར་མོ་མདུང་ཐུང་འཛིན༔ དྲེད་ཀྱི་མགོ་ཅན་དུས་ལ་བབ༔ བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས༔ ཁྱུང་གི་མགོ་ཅན་དུས་ལ་བབ༔ རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ ཁུ་བྱུག་མགོ་ཅན་དུས་ལ་བབ༔ རྡོ་རྗེ་སེར་མོ་ཁྲག་ཆེན་འཐུང་༔ དོམ་གྱི་མགོ་ཅན་དུས་ལ་བབ༔ བདུད་རྩི་དམར་མོ་པད་བུམ་འཛིན༔ ཆུ་སྲིན་མགོ་ཅན་དུས་ལ་བབ༔ ཟླ་བ་དཀར་མོ་པུན་ཌ་འཛིན༔ སྡིག་པའི་མགོ་ཅན་དུས་ལ་བབ༔ བེ་ཅོན་མཐིང་ནག་དབྱུག་ཏོ་འཕྱར༔ ཁྲ་ཡི་མགོ་ཅན་དུས་ལ་བབ༔ སྲིན་མོ་དམར་མོ་དུང་ཁྲག་འཐུང་༔ ཝ་ཡི་མགོ་ཅན་དུས་ལ་བབ༔ ཟ་བ་ལྗང་ནག་བྷ་སུ་འདྲེན༔ སྟག་གི་མགོ་ཅན་དུས་ལ་བབ༔ ར་གདོང་སྔོན་མོ་ཞགས་པ་ཐོགས༔ ར་ཡི་མགོ་ཅན་དུས་ལ་བབ༔ དགའ་བ་དམར་མོ་ཀ་དར་འཆང་༔ བྱ་རྒོད་མགོ་ཅན་དུས་ལ་བབ༔ སྟོབས་ཆེན་དཀར་མོ་ཐོང་གཤོལ་འཛིན༔ རྟ་ཡི་མགོ་ཅན་དུས་ལ་བབ༔ སྤྱི་སྤྱོད་སྔོན་མོས་སྤུ་གྲིས་གཅོད༔ བྱི་ལའི་མགོ་ཅན་དུས་ལ་བབ༔ འདོད་པ་དམར་མོ་མདའ་གཞུ་འགེངས༔ ཁྱི་ཡི་མགོ་ཅན་དུས་ལ་
བབ༔ ནོར་སྲུང་དམར་མོ་བུམ་པ་འཛིན༔ པུ་ཤུད་མགོ་ཅན་དུས་ལ་བབ༔ རླུང་ལྷ་སྔོན་མོ་བ་དན་འཕྱར༔ ཤ་བའི་མགོ་ཅན་དུས་ལ་བབ༔ བུམ་སྣ་སྔོ་ནག་ལྕགས་སྒྲོག་སྡོམ༔ སྤྲེའུའི་མགོ་ཅན་དུས་ལ་བབ༔ གསོད་བྱེད་ལྗང་ནག་རལ་གྲི་འཕྱར༔ སྤྱང་མོའི་མགོ་ཅན་དུས་ལ་བབ༔ མི་མོ་དམར་མོ་སྲེག་ཤིང་འཛིན༔ སྐྱིན་བུའི་མགོ་ཅན་དུས་ལ་བབ༔ ཕག་གདོང་ནག་མོ་མཆེ་ཞགས་འཛིན༔ ཕག་གི་མགོ་ཅན་དུས་ལ་བབ༔ དགའ་བྱེད་དམར་མོ་ཞིང་ཆུང་ཟ༔ ཁྲ་ཡི་མགོ་ཅན་དུས་ལ་བབ༔ སྣ་ཆེན་དཀར་མོ་ཐོད་ཁྲག་འཐུང་༔ བ་གླང་མགོ་ཅན་དུས་ལ་བབ༔ ཆུ་ལྷ་སྔོན་མོ་སྦྲུལ་ཞགས་འཛིན༔ བྱ་རོག་མགོ་ཅན་དུས་ལ་བབ༔ གསུམ་འཛིན་སེར་ནག་དྲིལ་བུ་འཛིན༔ སྐྱ་ཀའི་མགོ་ཅན་དུས་ལ་བབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ དབང་ཕྱུག་མ་དང་སྲིན་མོའི་ཚོགས༔ ད་ལ་ཆེན་པོའི་མཐའ་ལ་གནས༔ ལེགས་ཉེས་ཀུན་གྱི་སྟངས་འཛིན་ཅིང་༔ དམ་ཚིག་ཅན་གྱི་རྗེས་གཅོད་མ༔ འདིར་བྱོན་རྒྱན་གྱི་མཆོད་གཏོར་བཞེས༔ མངག་ཅིང་བསྐུལ་བ་ང་
ཡིས་བྱེད༔ བཅོལ་བའི་ཕྲིན་ལས་ཁྱེད་ཀྱིས་མཛོད༔ བཛྲ་མ་ནུ་རཀྴ་སི་བྷྱོ༔ པྲ་མ་ནི་བྷྱོ༔ རེའུ་ཏྲི་མ་བྷྱོ༔ བྷ་ན་བྷེ་བྷྱོ༔ ཀུ་མ་རི་བྷྱོ༔ ཨིནྜཱ་མ་བྷྱོ༔ ཀ་ལ་མ་བྷྱོ༔ བཛྲ་བྷི་ཀུ་ལ་མ་བྷྱོ༔ ཨ་མྲྀ་ཏ་བྷྱོ༔ སེའུ་མེ་བྷྱོ༔ ད་ན་དྷ་ཧ་བྷྱོ༔ རཀྴ་སི་བྷྱོ༔ བྷག་ཤ་སི་བྷྱོ༔ ཙ་ཀ་ཡ་མ་བྷྱོ༔ བཛྲ་ར་ཏྲི་མ་བྷྱོ༔ རུ་ཏྲི་མ་བྷྱོ༔ ཨེ་ཀ་ཙ་ར་མ་བྷྱོ༔ མ་ནུ་ཧ་ར་མ་བྷྱོ༔ སིདྡྷི་ཀ་བྷྱོ༔ བྷ་ཡ་བྷེ་བྷྱོ༔ ཀུ་མ་ལ་བྷྱོ༔ བཛྲ་མ་ར་ན་བྷྱོ༔ ཨག་ནེ་ཡེ་བྷྱོ༔ བྷ་ར་ཧི་བྷྱོ༔ ཙ་མུན་ཏྲི་བྷྱོ༔ ཨུ་དྷ་མ་བྷྱོ༔ བ་རུ་ན་བྷྱོ༔ ལཾ་པོ་དྷ་ར་བྷྱོ༔ དགྲ་བགེགས་གནོད་བྱེད་མཱ་ར་ཡ་ཐུན་བྷྱོ༔ ཞེས་བསྐུལ་ལོ་དེ་ནས་སྒེར་གྱི་སྲུང་མ་རྣམས་ལ་ཡང་དྲག་པོའི་ཕྲིན་ལས་བཅོལ་བ་སྟེ༔ ཧཱུྃ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་༔ པད་འབྱུང་རྡོ་རྗེ་དྲག་རྩལ་གྱིས༔ བཀའ་དང་དམ་ལ་བཏགས་པ་ཡི༔ སྤུ་གྲི་མཆེད་གསུམ་སྨྱོ་ཁ་བཅས༔ འདིར་བྱོན་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ བདུད་ཡུལ་ཁ་རག་མགོ་དགུ་ནས༔ བདུད་རྒྱལ་སྲོག་གི་སྤུ་གྲི་ཁྱོད༔ མི་ནག་རྟ་ནག་མུན་པའི་མདོག༔ འཁོར་དང་ཡང་འཁོར་ཚོགས་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་
བགེགས་ཆམ་ལ་ཕོབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བྷྱོ༔ བཙན་ཡུལ་ཟངས་ཐང་དམར་པོ་ནས༔ བཙན་དམར་ལས་ཀྱི་སྤུ་གྲི་ཁྱོད༔ མི་དམར་རྟ་དམར་མེ་ལྟར་འབར༔ འཁོར་དང་ཡང་འཁོར་ཚོགས་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ བྷྱོ༔ ཀླུ་ཡུལ་ན་ཁྲ་སེར་སྔོན་ནས༔ ཀླུ་རྒྱལ་དུག་གི་སྤུ་གྲི་ཁྱོད༔ མི་སྔོན་རྟ་སྔོན་རླུང་ལྟར་འཚུབས༔ འཁོར་དང་ཡང་འཁོར་ཚོགས་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བོའི་སྲོག་དབུགས་སྡུས༔ མངོན་སྤྱོད་དྲག་པོས་ཕྲིན་ལས་མཛོད༔ བྷྱོ༔ གནས་ཆེན་བརྒྱད་ཀྱི་བདག་པོ་སྟེ༔ དགེ་བསྙེན་ཆེན་པོ་སྨྱོ་ཁ་ཁྱོད༔ མི་ནག་རྟ་ནག་དུག་སྦྲུལ་འཁྱུག༔ འཁོར་དང་ཡང་འཁོར་ཚོགས་དང་བཅས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་སྙིང་ཁྲག་འཐུང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཅེས་རྒྱས་པ་གཏེར་གཞུང་གི་བསྐུལ་བའམ༔ བསྡུ་ན་ཞར་བྱུང་འདི་ཙམ་གྱིས་འཐུས་སོ༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་དྲག་སྔགས་དམོད་པའི་མཚོན་ཆ།
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་གཏོར་ཟློག་ཁྲོ་རྒྱལ་སྟོབས་འདུས་དྲག་སྔགས་དམོད་པའི་མཚོན་ཆ་བཞུགས་སོ༔
ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀས་གནོང་བྱིན་གྱིས་རློབས་ལ་ཤིས་པ་སྩོལ༔ ཆོས་འདིའི་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ དེ་ཡང་དྲག་པོའི་གཏོར་བཟློག་གི་ཕྲིན་ལས་ནི༔ ཨོ་རྒྱན་ཆེན་པོ་ནས་བཟུང་དེང་སང་གི་བར་དུ་སྔ་འགྱུར་རྙིང་མའི་རྒྱུད་སྡེ་རྣམས་ལས་ཀྱང་བྱུང་ཞིང་རིག་འཛིན་སྔགས་འཆང་རྣམས་ཀྱིས་ཕྱག་ལེན་དུ་བཏབ་ནས་བདུད་དཔུང་ཚར་བཅད་པའི་ལོ་རྒྱུས་མཐོང་ཐོས་དང་བཅས་པར་བཞུགས་པ་ཡིན་ཞིང་༔ དགོས་དོན་ནི༔ ཐུགས་སྒྲུབ་དྲག་པོའི་བཟློག་གཞུང་རྩ་བ་ལས༔ ནང་རྒྱས་རྦོད་གཏོང་ལྟས་ངན་ཡུལ་སྡིག་དང་༔ ཆག་ཆེན་ཉམ་ང་རྨི་ལྟས་མཚན་མ་ངན༔ དལ་ཡམས་དམག་འཁྲུག་མཐའ་དམག་ལ་སོགས་པ༔ མི་མཐུན་ཕྱོགས་རྣམས་
བཟློག་ཕྱིར་གཏོར་བཟློག་བསྟན༔ ཅེས་བཤད་པ་དེ་དག་སོགས་མི་མཐུན་པའི་ཕྱོགས་མཐའ་དག་བཟློག་པར་བྱ་བའི་ཕྱིར་གཏོར་བཟློག་གི་རིམ་པ་འདི་ལྟར་བྱ་སྟེ༔ དྲག་པོར་འོས་པའི་ས་སྣའི་སྟེགས་བུར་རོ་སོལ་གྱིས་བྱུག་ལ་མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པ་བྲིས་པའི་ལྟོ་བར་ལས་དཀྱིལ་སྤྱི་འགྲོས་ལྟར་བྲིས༔ དེའི་སྟེང་དུ་ལྕགས་སམ་དྲག་པོའི་སྣོད་དུ་འབྲུ་ནག་གི་ཕྱེ་ལ་བཤོས་བུ་གྲུ་གསུམ་ཁྲུ་གང་བ་བྱ༔ རྩེ་ལ་ཁྱུང་སྐུ་དར་གདུགས་སོགས་བཙུགས༔ བཤོས་ཕྲན་ལྷ་གྲངས་ཀྱིས་བསྐོར༔ ཤ་ཁྲག་དང་མེ་རིས་བརྒྱན༔ རྩང་དང་མཚེ་ཡུངས་སོགས་ཐུན་རྫས་གཟུགས༔ ལིངྒ་དང་དཔལ་འབར་ཤ་རྫར་ཀྱང་འཛུགས༔ བཅས་དེ་བག་གྲང་བ་སྐམ་སྐམ་འཐོར་འཐོར་སོགས་མ་ཡིན་པ་རྔམ་བརྗིད་རྩུབ་གཟེངས་དང་ལྡན་པར་བྱའོ༔ དེ་ནས་ལས་ཀྱི་གཞུང་བསྲང་ཞིང་བསྒྲལ་ཆོག་རྫོགས་པ་དང་༔ གལ་ཆེ་ན་སྒྲུབ་དགོས་ཏེ༔ བདག་མདུན་ཐམས་ཅད་དཔལ་ཕྱག་ན་རྡོ་
རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་དྲག་རྩལ་ནུས་མཐུ་མེ་ལྟར་དུ་འབར་བ༔ དེ་ལས་རང་འདྲ་བའི་ཁྲོ་བོ་ཁྲོ་མོ་དྲག་རྩལ་མྱུར་མགྱོགས་མཐུ་སྟོབས་རྫུ་འཕྲུལ་དང་ལྡན་པའི་ཚོགས་གནམ་ས་བར་སྣང་ཁྱབ་པར་འཕྲོས་པས༔ ཐུན་ཟོར་མཚོན་ཆ་སྣ་ཚོགས་འཕྲོས་ནས་གང་ལ་དམིགས་པའི་དགྲ་གདོན་བྱད་མ་ཐམས་ཅད་བསད་བཅད་གཏུབ་ཅིང་རྡུལ་དུ་བརླགས་ནས་ཤ་ཁྲག་དོན་སྙིང་རྣམས་ལྷག་མ་མ་ལུས་པར་ཟོས༔ འབྱུང་བ་མེ་ཆུ་རླུང་གསུམ་གྱིས་བསྲེགས་གཏོར་བཀྲུས་ཤིང་མི་དམིགས་པ་སྟོང་པའི་ངང་དུ་སྦྱང་བར་བསམ༔ ཡང་བདག་གི་རིག་སྔགས་ཀྱི་ནུས་པ་དུག་རླངས་ཚ་གཟེར་གྱི་རྣམ་པར་ཐུན་ཐག་ལ་བརྒྱུད་དེ་གཏོར་ཟོར་ལ་ཐིམ་པས༔ ཟོར་རྣམས་གནམ་ལྕགས་ཀྱི་ཐོག་རྒོད་ངར་མ་ཁྲོ་མཚོན་མེ་རླུང་ནད་དུག་ཟོར་གྱི་དྲག་སེར་འབེབས་པ་ལོག་འདྲེན་ཐམས་ཅད་ཅིག་ཅར་དུབརླག་པའི་མཐུ་རྩལ་ཐོགས་པ་མེད་པ་དང་ལྡན་པར་བསམ་ལ༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནཱི་ལཾ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲམ་ཁྲམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཐུན་ཐག་གི་སྣེ་ནས་འཇུས་ཏེ་མི་ཚིག་དང་མ་འདྲེས་པར་བགྲང་༔ ནད་པ་དང་སྲིའུ་གསོ་བ་དང་༔ ལྟས་ངན་དང་མཐའ་དམག་ཆེན་པོ་བཟློག་པ་དང་༔ བན་བོན་གྱི་མཐུ་བྱད་དྲག་པོ་བཟློག་པ་སོགས་དང་གལ་ཆེ་བའི་རིགས་ལ༔ དྲག་སྔགས་འབུམ་ཐེར་བཟླ་བའམ་དེ་
ལས་མང་དགོས་སམ་རིགས་པས་དཔྱད༔ གཞན་དུ་ན་འབྲིང་ཁྲི༔ ཐ་མ་སྟོང་ཕྲག་ཙམ་བཟླའོ༔ ཤིན་ཏུ་རྩུབ་ན་དགྲ་བགེགས་ཀྱི་ལིངྒ་བྲིས་ནས་ཧོམ་དུ་གཞུག་སྟེ་ཐུན་གྱིས་བྲབ་ལ་ལས་གཞུག་མནན་བསྲེག་བྱའོ༔ དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བའི་ཐོག་མར་གཟི་བྱིན་བསྐྱེད་ཕྱིར་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི༔ བདེ་གཤེགས་ཞི་ཁྲོའི་ཚོགས་རྣམས་ཀྱི༔ མི་འགྱུར་ཐུགས་ཀྱི་རྡོ་རྗེ་ནི༔ དཔལ་ཆེན་གསང་བའི་བདག་པོ་ནི༔ ཕྱག་ན་རྡོ་རྗེ་ཁྲོ་བོའི་རྒྱལ༔ གཏུམ་ཆེན་དུས་མཐའི་མེ་ལྟར་འབར༔ འོད་ཟེར་ཉི་མ་འབུམ་གྱི་གཟི༔ ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན༔ མཆེ་བ་ཟངས་ཡག་ཟ་བྱེད་ཧོ༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ གདུག་ཆེན་རི་རབ་འབུམ་སྙིལ་སྐད༔ ཨ་ལ་ཧ་ལའི་གད་རྒྱངས་ཆེ༔ བཤུག་པའི་འཐོར་རླུང་གཡེངས་ཆེན་པོ༔ ཁྲོ་བོ་ཤེས་རབ་འོད་པོ་ཆེ༔ ཡེ་ཤེས་དཀྱིལ་འཁོར་རབ་ཏུ་གསལ༔ འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས༔ སྣ་ཚོགས་ཐིག་ལེ་ཡེ་ཤེས་ཧོམ༔ ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ༔ ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས༔ དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར༔ སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ༔
བདུད་ཀུན་གྱི་ནི་བདུད་ཆེན་པོ༔ བདུད་ཀྱི་བདུད་དེས་བདུད་རྣམས་འཇོམས༔ འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ༔ འཇིགས་བྱེད་ཆེན་པོ་དྲག་ཤུལ་ཆེ༔ རྡོ་རྗེ་བྲག་ཆེན་སྲ་བ་པོ༔ རྡོ་རྗེ་ཆུ་བོ་བདུད་ཆེན་པོ༔ རྡོ་རྗེ་མེ་སྟེ་ཀུན་འབར་ཆེ༔ རྡོ་རྗེ་རླུང་བྱེད་འཐོར་ཆེན་ཀློང་༔ ཐུགས་རྗེ་ཁྲོ་དབལ་རྔམ་པའི་ཚོགས༔ སྟེང་གི་འཇིག་རྟེན་ཁོར་ཡུག་བཅས༔ མཐའ་དབུས་མེད་པར་ཁྱབ་པ་ཡི༔ འབར་བའི་དཀྱིལ་འཁོར་གསལ་བར་སྣང་༔ རྡོ་རྗེའི་གར་དང་རྡོ་རྗེའི་གླུ༔ ཧཱུྃ་གི་འབྲུག་སྒྲ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་སངས་སེ་སང་༔ དྲག་པོའི་ཧཱུྃ་སྒྲ་ཙེ་རེ་རེ༔ ཁྲོ་བོའི་སྟངས་སྟབས་ལོགས་སེ་ལོག༔ ཤངས་ནས་བསྐལ་པའི་རླུང་ཆེན་འུར༔ སྙན་ནས་རང་སྒྲ་འབྲུག་ལྟར་གྲགས༔ ཞལ་ནས་མཆེ་གཙིགས་བདུད་བཞི་སྒྲོལ༔ སྤྱན་ནས་འོད་འབྱུང་སྣང་སྲིད་གང་༔ ལྗགས་ལས་གློག་འཁྱུག་སྲིད་བཅུད་སྡུས༔ སྐུ་ལས་མེ་འབར་རིགས་དྲུག་སྲེག༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ མཐུ་སྟོབས་རྩལ་འཆང་མངོན་སྤྱོད་ལྷ༔ སྐད་ཅིག་ཤུགས་སྒྲོལ་དྲག་པོ་ཆེ༔ རྡོ་རྗེ་ཐོག་འབེབས་གཅོད་མཚོན་
རྣོ༔ རྡོ་རྗེ་འཇོམས་བྱེད་རྡོ་རྗེའི་ཤུགས༔ རྡོ་རྗེ་འབར་བ་མི་ཟད་པ༔ ཁྲོ་རྔམ་ཟིལ་གནོན་ཕྱག་རྒྱ་ཡིས༔ སྲིད་གསུམ་མ་ལུས་སྤྱི་ནས་གནོན༔ རྡོ་རྗེའི་བྲོ་གར་ཆེམས་སེ་ཆེམ༔ དང་པོ་གཟུགས་མེད་མུ་བཞི་གནོན༔ གཉིས་པ་གཟུགས་ཁམས་བཅུ་བདུན་གནོན༔ གསུམ་པ་འདོད་ཁམས་ཉི་ཤུ་གནོན༔ བཞི་པ་ལྷ་འདྲེ་སྡེ་བརྒྱད་གནོན༔ ལྔ་པ་བསྟན་དགྲ་བགེགས་དཔུང་བཅོམ༔ རིམ་པ་ལྔ་ཡི་གཟེར་འདེབས་ཀྱིས༔ མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་པ༔ དྲེགས་པ་ཐམས་ཅད་བུབ་ཅིང་བརྒྱལ༔ དགྲ་བགེགས་ཐམས་ཅད་ཁྲག་ཏུ་སྐྱུགས༔ བྱད་མ་ཐམས་ཅད་རང་གཤེད་དབབ༔ བདུད་དཔུང་ཐམས་ཅད་རྩད་ནས་བརླག༔ མཐའ་དམག་ནད་མཚོན་བསྐལ་པ་གཏོར༔ སྐུ་དགྲར་འོས་པ་གང་ཡིན་པ༔ དམིགས་པའི་དགྲ་བགེགས་མྱུར་དུ་སྒྲོལ༔ རེ་དོགས་ཆོ་འཕྲུལ་ཐན་ལྟས་བྱུར༔ ཐམས་ཅད་སྐུ་གསུམ་ཀློང་དུ་སྒྲོལ༔ བཟློག་པའི་ཕྲིན་ལས་དངོས་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་མཆོག་འགྱུར་མེད་གསང་བདག་རྡོ་རྗེ་འཛིན༔ སྐུ་
མདོག་མཐིང་ནག་དཔའ་གཏུམ་འཇིགས་པའི་ཚུལ༔ ཕྱག་གཡས་རྡོ་རྗེས་དགྲ་དཔུང་ཐལ་བར་བརླག༔ གཡོན་པས་སྡིགས་མཛུབ་མེ་འབར་ཁམས་གསུམ་སྲེག༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་མཐུ་སྟོབས་སྡུད༔ དམ་ཉམས་དགྲ་བགེགས་རྩད་ནས་བརླག་པར་མཛོད༔ ཐུགས་ཀྱི་སྤྲུལ་པ་ལས་བྱེད་ཕོ་ཉའི་ཚོགས༔ ཐུགས་སྲས་རིགས་བཞི་ཡབ་དང་ཡུམ་དུ་བཅས༔ ཀཽ་རི་ཙཽ་རི་པྲ་མོ་བེ་ཏ་ལི༔ པུསྐ་ཀ སྨ་སྨེ་ཤ་ཙནྡྷ་ལི༔ སིང་ཧ་བྱཱ་ཀྲྀ་སྲི་ལ་ཤྭ་ན་མ༔ དམ་ཉམས་དགྲ་བོའི་སྐྱེ་མཆེད་བཅུ་གཉིས་རོལ༔ གདོན་ཆེན་བཅོ་བརྒྱད་སྡང་བའི་དགྲ་ལ་བཟློག༔ ཀྲྀ་ཏ་ཀང་ཀ་ཁྭ་ཁ་ཧུ་ལུ་མ༔ གནས་ཀྱི་མ་མོ་ཡུལ་གྱི་སིང་ཧ་བརྒྱད༔ འཛིན་འཆིང་སྡོམ་བརྡེག་འཇིགས་པའི་སྒོ་མ་བཞི༔ དམ་ཉམས་དགྲ་བོའི་ཤ་ཁྲག་དབུགས་ལ་རོལ༔ དལ་ཡམས་གཡུལ་འཁྲུག་སྡང་བའི་དགྲ་ལ་བཟློག༔ སྲིན་མོ་སྨུག་ནག་ཚངས་པ་སེར་མོ་དང་༔ ལྷ་ཆེན་དཀར་ལྗང་གཏོགས་འདོད་སྔོན་མོ་དང་༔ དགའ་བ་སེར་མོ་གཞོན་ནུ་དམར་མོ་དང་༔ བརྒྱ་བྱིན་དཀར་མོ་ཞི་བ་དམར་མོའི་ཚོགས༔ དམ་ཉམས་དགྲ་བོའི་
ཤ་རུས་པགས་ལ་རོལ༔ གདོན་ཚོགས་མ་ལུས་སྡང་བའི་དགྲ་ལ་བ ཟློག༔ བདུད་རྩི་དམར་མོ་ཟླ་བ་དཀར་མོ་དང་༔ བེ་ཅོན་ལྗང་ནག་སྲིན་མོ་དམར་ནག་དང་༔ ཟ་བ་ལྗང་ནག་དགའ་བ་དམར་མོ་དང་༔ སྟོབས་ཆེན་དཀར་མོ་སྲིན་མོ་རྡོ་རྗེ་རྣམས༔ དམ་ཉམས་དགྲ་བོའི་སྐྱེ་རྒྱུད་རྩད་ནས་ཆོད༔ ལྟས་ངན་བརྒྱད་ཅུ་སྡང་བའི་དགྲ་ལ་བཟློག༔ འདོད་པ་དམར་མོ་ནོར་སྲུང་ལྗང་གུ་དང་༔ རླུང་ལྷ་སྔོན་མོ་མི་མོ་དམར་མོ་དང་༔ ཕག་མོ་ནག་མོ་རྡོ་རྗེ་དམར་མོ་དང་༔ སྣ་ཆེན་ལྗང་ནག་ཆུ་ལྷ་སྔོན་མོའི་ཚོགས༔ དམ་ཉམས་དགྲ་བགེགས་དོན་སྙིང་ལྔ་ལ་རོལ༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་བཟློག༔ རྡོ་རྗེ་དཀར་སེར་རྡོ་རྗེ་དམར་དང་ལྗང་༔ དཔལ་གྱི་བཀའ་ཉན་དབང་ཕྱུག་ཉི་ཤུ་བརྒྱད༔ སྔོན་ཚེ་ཞལ་བཞེས་བསྟན་པ་བསྲུང་བར་མཛོད༔ དམ་ཉམས་དགྲ་བོའི་བླ་སྲོག་ཧབ་ཀྱིས་ཐོབ༔ ཕུང་ཐབས་སྣ་དགུ་སྡང་བའི་དགྲ་ལ་བཟློག༔ ཧཱུྃ་བྷྱོ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ སྲས་དང་ཀོའུ་སེང་སྒོ་མར་བཅས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི༔ མཐུ་སྟོབས་
བྱིན་རླབས་ནུས་པ་ཡིས༔ གཞན་ཡང་བཟློག་ཅིང་སྒྱུར་བ་ནི༔ ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག༔ ལྷ་མ་ཡིན་གྱི་རྒྱུ་ཐབས་བཟློག༔ སྐེམ་བྱེད་ལྕགས་ཀྱུས་ཟིན་པ་བཟློག༔ དྲང་སྲོང་བཀའ་ཡི་དམོད་པ་བཟློག༔ མ་མོའི་ཐུན་སྔགས་བྱུང་བ་བཟློག༔ ཕྲ་མེན་མ་ཡི་ཉེ་འབྱེད་བཟློག༔ ས་བདག་ཀླུ་ཡི་དུག་བྱེད་བཟློག༔ ཕོ་ཉའི་རྦོད་གཏོང་འབྱུང་བ་བཟློག༔ ཕུར་པའི་དབལ་ཁ་འཕེན་པ་བཟློག༔ ཡུངས་ཀར་ཟོར་ཁ་འཕེན་པ་བཟློག༔ མུ་སྟེགས་གདུག་པའི་བྱད་ཟོར་བཟློག༔ བན་དེའི་ཧོམ་པར་ངན་སྔགས་བཟློག༔ ཞང་ཞུང་བོན་གྱི་བཙོ་དམར་བཟློག༔ སུམ་པའི་གླང་དང་ལིངས་ཀྱང་བཟློག༔ མེ་ཉག་བོལ་ལེ་ཐམས་ཅད་བཟློག༔ ཁྱུང་པོའི་བཙན་དང་ངན་བྱེད་བཟློག༔ གླང་ལ་ཐང་ཤ་བྱེད་པ་བཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་བཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་བཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག༔ དུས་མིན་འཆི་བ་རྣམ་བརྒྱད་བཟློག༔ གཤིས་ངན་འགུམ་པ་བཅོ་ལྔ་བཟློག༔ རྨི་ལམ་མཚན་ལྟས་ངན་པ་
བཟློག༔ འབྱུང་བའི་རྟེན་འབྲེལ་ངན་པ་བཟློག༔ གཞན་གྱི་བསམ་སྦྱོར་ངན་པ་བཟློག༔ ཡས་ཀྱི་བདུད་དུ་གཡོས་པ་བཟློག༔ མས་ཀྱི་སྲི་རུ་ལངས་པ་བཟློག༔ ལྟག་པའི་བདུད་དུ་བབ་པ་བཟློག༔ དཔྲལ་བའི་གཤེད་དུ་འཁོར་བ་བཟློག༔ ཕ་ཚན་ནང་གི་བརྒྱ་འདྲེ་བཟློག༔ དར་ཚན་ནང་གི་སྟོང་འདྲེ་བཟློག༔ ཕོ་སྲི་མོ་སྲི་ཆུང་སྲི་བཟློག༔ དམ་སྲི་ཕུང་སྲི་གོད་སྲི་བཟློག༔ ཕ་མེས་དུར་སྲི་བཙན་སྲི་བཟློག༔ བདུད་ཀྱི་ཐན་ངན་འཆའ་ངན་བཟློག༔ ལོ་ཀག་ཟླ་ཀག་བཞི་གཤེད་བཟློག༔ གནམ་ལ་ཟླ་གྲངས་འདེབས་པ་བཟློག༔ ས་ཞག་རྩིས་ལ་འདེབས་པ་བཟློག༔ གནམ་ནས་དལ་ཁ་འབེབས་པ་བཟློག༔ ས་ནས་དུག་ནད་ལངས་པ་བཟློག༔ དུས་ཚོད་རྩིས་ལ་འདེབས་པ་བཟློག༔ མི་ནག་སྐྱེ་བོའི་ཡ་ག་བཟློག༔ ཡུལ་མི་ཁྱིམ་མཚེས་དམོད་མོ་བཟློག༔ གཡས་ནས་ཕོ་བརྒྱས་མཚོན་བརྡར་བཟློག༔ གཡོན་ནས་མོ་བརྒྱས་དུག་གཡོས་བཟློག༔ མདུན་ནས་རྩང་བཞིན་འཛུགས་པ་བཟློག༔ རྒྱབ་ནས་ཁྱི་བཞིན་འབྲང་བ་བཟློག༔ ངོས་ལ་སྤྲེལ་ལྟར་
འཛེག་པ་བཟློག༔ ལྐོག་ནས་འབུ་བཞིན་གཡེང་བ་བཟློག༔ སྲོད་ལ་ཁྱིམ་བྱ་འཚེར་བ་བཟློག༔ གུང་ལ་རྟ་ཕོ་འཚེར་བ་བཟློག༔ ཐོ་རངས་སྒོ་ཁྱི་ངུ་བ་བཟློག༔ འུག་པ་སྲོད་ལ་དགོད་པ་བཟློག༔ སྲིན་བྱ་དགོང་ཁར་འཚེར་བ་བཟློག༔ ལོགས་ལ་ཝ་སྤྱང་བརྒྱལ་བ་བཟློག༔ གནམ་ལ་བྱ་རྒོད་སྡེར་འཛིང་བཟློག༔ ཕུ་ནས་ཤྭ་ཕོ་རུ་འཛིང་བཟློག༔ མདའ་ནས་ཉ་མོ་རྔ་འཛིང་བཟློག༔ བར་ནས་བུད་མེད་ཅོ་འཛིང་བཟློག༔ མ་བུའི་བྱུར་སྲི་ཐམས་ཅད་བཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཕས་ཀྱི་ཕུང་འདྲེ་བྱེད་པ་བཟློག༔ ཕུགས་ཀྱི་འདྲེ་ཆེན་ངན་པ་བཟློག༔ ལུས་ལ་ནད་ངན་གཏོང་བ་བཟློག༔ ཚེ་ལ་བར་གཅོད་བྱེད་པ་བཟློག༔ ས་ལ་བྱི་ལྟར་འཛུལ་བ་བཟློག༔ མཁའ་ལ་བྱ་ལྟར་ལྡིང་བ་བཟློག༔ ཐོག་ཏུ་རྦབ་ལྟར་འདྲིལ་བ་བཟློག༔ གདུང་རིགས་སྐེད་པ་ཚིག་པ་བཟློག༔ མི་ལ་བར་དུ་གཅོད་པ་བཟློག༔ ཕྱུགས་ལ་གོད་ཁ་བྱེད་པ་བཟློག༔ མི་ཁ་སྨྲ་མཆུ་ཐམས་ཅད་བཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་བཟློག༔
བསམ་སྦྱོར་ངན་པ་གཏོང་པ་བཟློག༔ སྡང་དགྲ་གནོད་བྱེད་ཐམས་ཅད་ཀུན༔ དཔལ་ཆེན་འཁོར་དང་བཅས་པ་ཡིས༔ ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་༔ གཞིག་དང་སྤར་དང་བརྟུལ་བྱས་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ཚལ་པ་ཚལ་པ༔ དུམ་བུ་དུམ་བུ༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ བརླག་བརླག༔ བཟློག་བཟློག༔ བྷྱོ་བྷྱོ༔ དེ་ནས་གཙོ་བོ་ལས་འཕྲོས་པའི་ཁྲོ་བོའི་ཚོགས་ཀྱིས་བཟློག་པའི་ལས་མཛད་པར་བསམ་ཞིང་༔ ཧཱུྃ་བྷྱོཿ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་ཧཱུྃ་ཆེན་ཀ་ར་འཕྲོས༔ ཁྲོ་ཆེན་དཀར་པོ་ཕྱག་གཉིས་མདའ་གཞུ་འགེངས༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ ཧཱུྃ་ཆེན་ཀ་རའི་ཐུགས་དམ་དུས་ལ་བབ༔ སྟེང་ཕྱོགས་གཟའ་དང་རྒྱུ་སྐར་གདོན་ཚོགས་དང་༔ སྟེང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་རྣམ་པར་རྒྱལ་བ་འཕྲོས༔ ཁྲོ་ཆེན་སྔོན་པོ་རྡོ་རྗེ་ལྕགས་ཀྱུ་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ རྣམ་པར་རྒྱལ་བའི་ཐུགས་
དམ་དུས་ལ་བབ༔ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་ཐམས་ཅད་དང་༔ ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་དབྱུག་པ་སྔོན་པོ་འཕྲོས༔ ཁྲོ་ཆེན་མཐིང་ག་དབྱུག་ཏོ་ཞགས་པ་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ དབྱུག་པ་སྔོན་པོའི་ཐུགས་དམ་དུས་ལ་བབ༔ ཤར་ལྷོ་མེ་ལྷའི་གདོན་ཚོགས་ཐམས་ཅད་དང་༔ ཤར་ལྷོའི་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་གཤིན་རྗེའི་གཤེད་པོ་འཕྲོས༔ ཁྲོ་ཆེན་སེར་ནག་བེ་ཅོན་སྡིགས་མཛུབ་མཛད༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ གཤིན་རྗེ་གཤེད་པོའི་ཐུགས་དམ་དུས་ལ་བབ༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཐམས་ཅད་དང་༔ ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་མི་གཡོ་མགོན་པོ་འཕྲོས༔ ཁྲོ་ཆེན་མཐིང་ནག་སྟ་མོ་སྦྲུལ་ཞགས་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་
འཇིག་རྟེན་གང་༔ མི་གཡོ་མགོན་པོའི་ཐུགས་དམ་དུས་ལ་བབ༔ ལྷོ་ནུབ་སྲིན་པོའི་གདོན་ཚོགས་ཐམས་ཅད་དང་༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་རྟ་མགྲིན་རྒྱལ་པོ་འཕྲོས༔ ཁྲོ་ཆེན་དམར་ནག་རལ་གྲི་སྦྲུལ་ཞགས་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ རྟ་མགྲིན་དབང་ཆེན་ཐུགས་དམ་དུས་ལ་བབ༔ ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་ཐམས་ཅད་དང་༔ ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་འདོད་པའི་རྒྱལ་པོ་འཕྲོས༔ ཁྲོ་ཆེན་མཐིང་སྐྱ་རྡོ་རྗེ་བྷནྡྷ་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ འདོད་པའི་རྒྱལ་པོའི་ཐུགས་དམ་དུས་ལ་བབ༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་ཐམས་ཅད་དང་༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་བདུད་རྩི་འཁྱིལ་པ་འཕྲོས༔ ཁྲོ་ཆེན་ལྗང་གུ་རྒྱ་
གྲམ་དྲིལ་བུ་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ བདུད་རྩི་འཁྱིལ་པའི་ཐུགས་དམ་དུས་ལ་བབ༔ བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་ཐམས་ཅད་དང་༔ བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་ཁམས་གསུམ་རྣམ་རྒྱལ་འཕྲོས༔ ཁྲོ་ཆེན་སྔོན་པོ་ཁ་ཾ་རྒྱུ་ཞགས་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ ཁམས་གསུམ་རྣམ་རྒྱལ་ཐུགས་དམ་དུས་ལ་བབ༔ བྱང་ཤར་དབང་ལྡན་གདོན་ཚོགས་ཐམས་ཅད་དང་༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ གཏུམ་ཆེན་ཁྲོ་བོ་ཕྱག་ན་རྡོ་རྗེ་ཡི༔ ཡེ་ཤེས་ཐུགས་ལས་སྟོབས་ཆེན་རྒྱལ་པོ་འཕྲོས༔ ཁྲོ་ཆེན་ལྗང་ནག་སྟྭ་རེ་ཐོད་དབྱུག་འཛིན༔ ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་༔ སྟོབས་པོ་ཆེ་ཡི་ཐུགས་དམ་དུས་ལ་བབ༔ འོག་ཕྱོགས་ས་བདག་གདོན་ཚོགས་ཐམས་ཅད་དང་༔ འོག་གི་ཕྱོགས་ཀྱི་དགྲ་བགེགས་ཟློག་ཅིག་སྒྱུར༔ ཧཱུྃ་བྷྱོ༔ ཡེ་ཤེས་དཔལ་གྱི་ཁྲོ་རྒྱལ་ཆེན་པོ་བཅུ༔ སྟེང་འོག་
ཕྱོགས་མཚམས་ཁྲོ་ཆེན་འབར་བའི་གུར༔ ཞལ་རྣམས་ཕྱིར་གཟིགས་བཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ་སྒྲ་དྲག་པོ་འབྲུག་སྟོང་བཞིན་དུ་སྒྲོགས༔ སྐུ་ལས་ཁྲོ་ཆུང་ལས་མཁན་ཚྭ་ཚྭ་འཕྲོ༔ གར་དང་དུར་ཁྲོད་རོལ་པའི་ཆས་རྣམས་རྫོགས༔ གཏུམ་རྔམ་དྲག་རྩུབ་འཇིགས་རུང་མཚོན་ཆ་རྡེག༔ སྔོན་ཚེ་རུ་ཏྲཱ་སྡེ་གསུམ་འདུལ་བའི་ལྷ༔ དེང་འདིར་རྣལ་འབྱོར་བདག་གིས་ཁྱོད་བསྐུལ་གྱིས༔ སྔོན་གྱི་ཐུགས་དམ་དུས་ལས་མ་གཡེལ་བར༔ མཐུ་སྟོབས་དྲག་རྩལ་ནུས་པའི་ཤུགས་ཕྱུངས་ལ༔ དགྲ་གདོན་བྱད་མ་བཟློག་པའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྐུལ༔ སྐབས་འདིར་བཟློག་སྔགས་ཅི་ལྕོགས་བཟླ་ཞིང་ཐལ་མོ་བརྡབ་ཆོག་འདི་བྱའོ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང་༔ གསང་སྔགས་རིག་སྔགས་གཟུངས་སྔགས་ནུས་པ་དང་༔ ཆོས་ཉིད་ངོ་བོ་ཀ་ནས་དག་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པ་དང་༔ ཁྱད་པར་དཔལ་ཆེན་ཕྱག་ན་རྡོ་རྗེ་ཡི༔ དཀྱིལ་འཁོར་ལྷ་ཚོགས་མཐུ་སྟོབས་གཟི་བརྗིད་ཀྱིས༔ བདག་ཅག་འཁོར་དང་བཅས་
ལ་འཚེ་བྱེད་པའི༔ སྔོན་གྱི་ལས་ངན་འཕྲལ་རྐྱེན་ངན་པ་བཟློག༔ དགྲ་འདྲེ་མི་ཁ་གྱོད་བྱུར་ཐམས་ཅད་བཟློག༔ ཆེ་སྲི་ཆུང་སྲི་དར་སྲི་དམ་སྲི་བཟློག༔ སྒབ་འདྲེ་འཕུང་འདྲེ་གོད་འདྲེ་བསེ་རག་བཟློག༔ རྒྱལ་འདྲེ་འགོང་པོ་ཡུལ་འདྲེ་འཁྱམས་པོ་བཟློག༔ རྒྱལ་བསེན་འབྱུང་པོ་ཟ་འདྲེ་ཤི་གཤེད་བཟློག༔ མི་ནད་ཕྱུགས་ནད་དལ་ཡམས་རིམས་ནད་ཟློག༔ རྨི་ལྟས་མཚན་ངན་ལྟས་ངན་ཡུལ་སྡིག་བཟློག༔ ལྷ་སྲིན་སྡེ་བརྒྱད་ཆོ་འཕྲུལ་ཁེངས་ལོག་བཟློག༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་བཟློག༔ གློ་བུར་ཡེ་འདྲོག་ཆག་ཆེ་ཉམ་ང་བཟློག༔ དམག་འཁྲུག་མཚོན་ཁ་དུས་ཀྱི་ཡོ་ལང་བཟློག༔ བྱད་ཕུར་གཏད་ཁྲམ་རྦད་འདྲེ་རྦོད་གཏོང་བཟློག༔ ཕྱི་ནང་བན་བོན་བསམ་སྦྱོར་ངན་པ་བཟློག༔ མདོར་ན་དམིགས་པའི་ཐེམས་སུ་བཅུག་པ་ཡི༔ དགྲ་བགེགས་ལོག་འདྲེན་བྱད་མ་ལྷ་དང་བཅས༔ ཁུག་ཅིག་ཆིངས་ཤིག་ཐུལ་ཅིག་རྣམ་པར་ཆོམས༔ སོད་ཅིག་སྒྲོལ་ཅིག་གཟིར་ཅིག་བཞེས་ཤིག་རོལ༔ སྐྲོད་ཅིག་གཏོར་ཅིག་ཟློག་ཅིག་རྡུལ་དུ་རློགས༔ ནོན་ཅིག་ཆིངས་ཤིག་དམིགས་མེད་རྒྱ་
ཡིས་ཐོབ༔ དེ་ནས་བྷྱོས་གདབ་པ་ནི༔ ནས་གཏོར༔ དར་ནག་གིས་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ ང་ནི་སྔགས་འཆང་རྒྱལ་པོ་ཡིན༔ ང་ནི་ཟློག་བྱེད་ཆེན་པོ་ཡིན༔ ང་ནི་སྟོང་གསུམ་བདག་པོ་ཡིན༔ སྣང་སྲིད་ང་ཡིས་དབང་དུ་སྡུད༔ རང་བྱུང་བསྟན་པ་རིན་ཆེན་ལ༔ བདག་ཅག་ཞུགས་དང་སྐྱོང་ལགས་ཏེ༔ འགྲོ་དྲུག་སེམས་ཅན་གྲངས་མང་བས༔ ལོག་རྟོག་མུན་པའི་སེམས་ཀྱིས་སུ༔ བསྟན་པའི་རུ་ཏྲཱ་བྱེད་པ་དང་༔ དུག་ལྔ་རྒྱས་པའི་དབང་གིས་ནི༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་དང་༔ སྔགས་འཆང་རྒྱལ་པོ་བདག་ཅག་ལ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས༔ གདུག་རྩུབ་གཏུམ་པའི་སེམས་ཀྱིས་སུ༔ ངན་སྔགས་དམོད་པ་གང་བྱེད་ཀྱིས༔ སྟོང་གསུམ་མ་མོ་བྷྱོ་ཡིས་ཐོབ༔ སྟོང་གསུམ་བྷྱོ་སྒྲ་དི་རི་རི༔ སྣང་སྲིད་ལྷ་འདྲེ་བྷྱོ་ཡིས་ཐོབ༔ སྣང་སྲིད་བྷྱོ་སྒྲ་དི་རི་རི༔ བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་བྷྱོ༔ བར་སྣང་གཉན་གྱི་བྱད་སྣ་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ ས་བདག་ཀླུ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་
བྷྱོ༔ སྣང་སྲིད་ལྷ་འདྲེའི་བྱད་སྣ་ཡང་༔ ཉམས་པའི་དགྲ་བགེགས་འདི་ལ་བྷྱོ༔ གླིང་བཞི་མི་ཡི་བྱད་སྣ་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ འགྲོ་དྲུག་ཡོངས་ཀྱི་དམོད་ཟོར་ཡང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ དེ་རིང་ཚོགས་པའི་གདུག་རྩུབ་ཀྱང་༔ དམ་ཉམས་དགྲ་བགེགས་འདི་ལ་བྷྱོ༔ སེམས་ཀྱིས་བསམ་པའི་གདུག་སེམས་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ ལུས་ལ་བྱུང་བའི་གདུག་རྩུབ་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ དུག་ལྔ་གཡོས་པའི་གདུག་རྩུབ་ཀྱང་༔ སྡང་བའི་དགྲ་བགེགས་འདི་ལ་བྷྱོ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བར་ཆད་བདུད་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྲོག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཤ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྙིང་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཁྲག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་རུས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ལྕེ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ལུས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ངག་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ཡིད་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་ལྷ་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྔགས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་
ཐོག་ཏུ་བྷྱོ༔ དེ་ནས་ཁྱུང་གི་བཟློག་པ་བྱ་བ་ནི༔ མདུན་བསྐྱེད་ལས་ཁྱུང་གི་ཚོགས་སྤྲོས་ནས་ལྟས་ངན་བྱུར་ཆག་དགྲ་འདྲེ་ཐམས་ཅད་བཟློག་པར་བསམ་ཞིང་༔ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་དཔལ་ཆེན་གསང་བའི་བདག༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་འབར༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད༔ དུར་ཁྲོད་ཆས་བརྒྱད་འཇིགས་པའི་རྒྱན་དུ་རྫོགས༔ ཁྲོ་ཚུལ་ཉི་ཤུ་ཧཱུྃ་དང་ཕཊ་སྒྲ་སྒྲོགས༔ དབུ་ལ་ཁྱུང་ཆེན་འབར་བས་རབ་ཏུ་བརྒྱན༔ ཁྱུང་གི་རལ་ནག་སྤྲུགས་པ་ལས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ གཞན་འཕྲུལ་ཁྲོ་བོའི་ཚོགས་ཀྱིས་གང་༔ གཡས་ཀྱི་གཤོག་ཟུར་ལྔ་པོ་ལ༔ སྟེང་གི་ཁྲོ་བོ་བཅུ་དང་ནི༔ གསང་བའི་ཁྲོ་བོ་བཅུ་རུ་འབར༔ སྤྱི་དཔལ་ཁྲོ་བོ་བཅུ་དང་ནི༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ ཏ་ཀྲིད་ཁྲོ་བོ་བཅུ་དྲུག་ཤར༔ ལྟས་ངན་མི་རུང་སྣ་དགུ་ཡང་༔ བཟློག་གོ་ཁྱུང་ཆེན་འབར་བས་བཟློག༔ བསྒྱུར་རོ་ཆག་ཆེ་དགྲ་ལ་བསྒྱུར༔ གཡོན་གྱི་གཤོག་ཟུར་ལྔ་པོ་ལ༔ སྲོག་རྩའི་མ་མོ་སྤུན་བདུན་ཤར༔ ཨེ་ཀ་དྲག་མོ་སྤུན་དྲུག་དང་༔ སྲིན་མོ་འབར་མ་བདུན་དུ་ཤར༔ གདོང་
མོ་བཞི་དང་རྒྱལ་མོ་ལྔ༔ དབང་མོ་ཉེར་བརྒྱད་སྤྲུལ་པ་ཁྱུང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ གློ་བུར་དགུ་བཅུ་རྩ་གཅིག་བཟློག༔ བཟློག་གོ་སྡང་བའི་དགྲ་ལ་བཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་བསྒྱུར༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་ལྔ༔ སྤྲུལ་པའི་མ་མོ་བརྒྱད་དུ་ཤར༔ ཆག་ཆེ་ཉམ་ང་ཐམས་ཅད་བཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་བསྒྱུར༔ ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ལ༔ འཇིགས་བྱེད་སྤྲུལ་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་ཉིད་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔལ་ཆེན་བཅོམ་ལྡན་འདས༔ གང་འདུལ་ཐབས་ཀྱིས་བྱ་ཁྱུང་སྐུ་རུ་སྤྲུལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་སྦྱོར༔ གནམ་ལྕགས་ཨུར་མོའི་མཆུ་སྡེར་འཕྱར་བ་ཡིས༔ ས་བདག་ལྷ་ཀླུ་འདར་ཞིང་འཇིགས་པར་བྱེད༔ ཁྲོ་ཆུའི་རལ་པ་བསྐལ་པའི་མེ་ཆེན་འབར༔ གཤོག་པ་གསེར་གྱི་རལ་
གྲི་མེ་དཔུང་འབར༔ སྣང་སྲིད་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ མཇུག་མ་གཡུ་ཡི་མཚོན་ཆ་ཧ་ལྕམ་ཁ༔ འཁོར་ལོ་རིན་ཆེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྔོན་གྱི་ཐུགས་དམ་དུས་ལ་བསྔགས་པ་ཡི༔ སྤྱན་ནས་ཁྲག་གི་རྦ་རླབས་ཆི་ལི་ལི༔ ཁྱུང་སྐད་ཏོང་ཏོང་ཀླུ་རྣམས་སྙིང་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ཚོགས་པོར་འཕེན༔ གཤོག་པ་གཡོན་པས་ས་གཞི་བདར་ཤ་གཅོད༔ ལྕགས་སྡེར་བགྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབས་པས་གཟའ་ཀླུ་དབང་དུ་སྡུད༔ སྤུ་གྲིའི་མཆེ་གཙིགས་གནམ་ལྕགས་ངར་མའི་མཆུ༔ ཀླུ་ཆེན་བརྒྱད་པོ་འདར་ཞིང་ལས་ལ་འཁོལ༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་པོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བསྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་སྒྲུབ་པོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་རྩལ་མ་ཞན༔ ལྟས་ངན་བཟློག་ཅིང་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་
གཤེད་ཆེན་བྱ་ཁྱུང་རྒྱལ་པོ་ཡིས༔ ལྟས་ངན་མ་ལུས་བཟློག་ཅིང་སྒྱུར་བ་དང་༔ ལྟས་ངན་མ་ལུས་བ ཟློག་པའི་དུས་ལ་བབ༔ བཟློག་གོ་ལྟས་ངན་དགྲ་ལ་བཟློག༔ བསྒྱུར་རོ་ཆག་ཆེན་བགེགས་ལ་བསྒྱུར༔ ཁྲོ་རྒྱལ་མ་ལུས་འཁོར་དང་བཅས༔ ཐན་དང་ལྟས་ངན་དགྲ་བགེགས་ཀུན༔ ཟློག་ཅིང་སྒྱུར་བའི་དུས་ལ་བབ༔ ཅེས་ལྟ་བའི་གདེང་བསྐྱེད་དོ༔ སྒྲུབ་ཞག་རྫོགས་ནས་ཟོར་སྒོ་དབྱེ་བ་ནི༔ གསེར་སྐྱེམས་དང་བཅས༔ བྷྱོ༔ ད་ནི་ཟོར་གྱི་སྒོ་དབྱེ་འཚལ༔ ད་ནི་གཏོར་ཟོར་དགྲ་ལ་འཕེན༔ ཤར་ཕྱོགས་ཕྱི་སྒོའི་བདག་པོ་ནི༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ཟོར་ཀྱི་སྒོ་ཕྱེས་དམག་དཔུང་བསྐྱེད༔ དྲི་ཟའི་དམག་དཔུང་དགྲ་ལ་བྷྱོ༔ ལྷོ་ཕྱོགས་ཕྱི་སྒོའི་བདག་པོ་ནི༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ ཟོར་གྱི་སྒོ་ཕྱེས་དམག་དཔུང་བསྐྱེད༔ གཤིན་རྗེའི་དམག་ཚོགས་དགྲ་ལ་བྷྱོ༔ ནུབ་ཕྱོགས་ཕྱི་སྒོའི་བདག་པོ་ནི༔ རྒྱལ་པོ་ཆེན་པོ་སྤྱན་མི་བཟང་༔ ཟོར་གྱི་སྒོ་ཕྱེས་དམག་དཔུང་བསྐྱེད༔ ཀླུ་ཡི་དམག་ཚོགས་དགྲ་ལ་བྷྱོ༔ བྱང་ཕྱོགས་ཕྱི་སྒོའི་བདག་པོ་ནི༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཟོར་གྱི་སྒོ་ཕྱེས་དམག་དཔུང་བསྐྱེད༔
གནོད་སྦྱིན་དམག་ཚོགས་དགྲ་ལ་བྷྱོ༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག༔ སྒོ་བས་སྒོ་ཕྱེ་ཤ་ར་ར༔ འཕྲང་བ་རྣམས་ཀྱིས་འཕྲང་སོལ་ཅིག༔ འཕྲང་བས་འཕྲང་སྒྲོལ་སི་ལི་ལི༔ གཏོར་ཟོར་གཉན་པོ་འདི་འཕེན་ནོ༔ སྟེང་གི་ལྷ་རྣམས་ཞབས་སྐུམས་ཤིག༔ འོག་གི་ཀླུ་རྣམས་དབུ་སྐུམས་ཤིག༔ བར་གྱི་གཉན་རྣམས་སྐུ་བཟུར་ཞིག༔ གཏོར་མ་འདི་ཡི་ཟེར་འཕྲོ་བས༔ སྐུ་ལ་དེ་ནི་ཕོག་པར་མཆིས༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས༔ གསེར་སྐྱེམས་འདི་གསོལ་དམག་ལ་ཆོས༔ དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར༔ གཏོར་ཟོར་རྦབ་ཏུ་ཤ་ར་ར༔ ཁྲག་ཟོར་ནད་རླངས་ཆི་ལི་ལི༔ ཡུངས་ཟོར་མདའ་ལྟར་ཧ་ལ་ལ༔ མཚེ་ཟོར་མདུང་ལྟར་ཟེངས་སེ་ཟེང་༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཞེས་གསེར་སྐྱེམས་བཏང་ངོ་༔ དེ་ནས་གཏོར་མའི་ལྷ་རྣམས་ལ་མཆོད་བསྟོད་བྱས་ལ༔ ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ བརྗོད་པས་གཏོར་མའི་ཡེ་ཤེས་པ་རྣམས་བདག་ལ་བསྟིམ༔ དམ་ཚིག་པ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གསལ༔ ཕྱོགས་བཞི་ནས་གསེར་སྐྱེམས་འབུལ་ཞིང་ནང་སྒོ་དབྱེ་བ་ནི༔ ཧཱུྃ༔ ཕོ་བྲང་ནང་གི་ཤར་སྒོ་ནས༔ རྟ་
གདོང་དཀར་མོ་རྫུ་འཕྲུལ་ཅན༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ ཤར་ཕྱོགས་དུང་སྒོ་དཀར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཧཱུྃ༔ ཕོ་བྲང་ནང་གི་ལྷོ་སྒོ་ནས༔ ཕག་གདོང་སེར་མོ་མཐུ་རྩལ་ཅན༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ ལྷོ་ཕྱོགས་གསེར་སྒོ་སེར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་ཐོག་ཏུ་རྒྱོབ༔ ཧཱུྃ༔ ཕོ་བྲང་ནང་གི་ནུབ་སྒོ་ནས༔ སེང་གདོང་དམར་མོ་མཐུ་རྩལ་ཅན༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ ནུབ་ཕྱོགས་ཟངས་སྒོ་དམར་པོ་ཕྱེས༔ གཏོར་ཟོར་དགྲ་བགེགས་ཐོག་ཏུ་རྒྱོབ༔ ཧཱུྃ༔ ཕོ་བྲང་ནང་གི་བྱང་སྒོ་ནས༔ སྦྲུལ་གདོང་ལྗང་མོ་དྲག་རྩལ་ཅན༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱང་ཕྱོགས་གཡུ་སྒོ་སྔོན་མོ་ཕྱེས༔ གཏོར་ཟོར་དགྲ་བགེགས་སྟེང་དུ་རྒྱོབ༔ ཅེས་སྒོ་དབྱེ༔ ཟོར་ལམ་བསྟན༔ གཏོར་མ་ཞལ་བསྒྱུར༔ སྤྲོ་ན་སྐབས་འདིར་སྲིན་མོའི་ཟ་ལམ་གྱེར༔ གསེར་སྐྱེམས་བསྒྲལ་བསྟབ་དམོད་བཅོལ་དང་བཅས་པ་བྱའོ༔ ཆད་ཐོའི་དམར་གཏོར་འགུགས་བསྟིམས་བྱིན་གྱིས་བརླབས་ནས་གཤེགས་སྐྱེམས་ཀྱི་ཚུལ་དུ་ཕུལ༔ ཟོར་བསྐུལ་ནི༔ ཧཱུྃ༔ ང་ནི་གསང་བདག་ཕྱག་རྡོར་ཏེ༔ ང་ནི་ཁྲོ་རྒྱལ་ཀུན་གྱི་གཙོ༔ ང་ནི་ཁམས་གསུམ་སྙིང་
རྗེའི་བདག༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ལས་ཆེ་བཙན་སུ་ཡང་མེད༔ བཀའ་སྡོད་ཕོ་ཉ་ཡོངས་རྫོགས་རྣམས༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ དམག་སྣ་དགྲ་བོའི་ཡུལ་དུ་དྲོངས༔ དམ་ཅན་དམག་དཔུང་ཉི་ལི་ལི༔ མཚོན་རྩེ་ཕུར་རྩེ་རེངས་སེ་རེང་༔ གཏོར་ཟོར་རྦབ་ཏུ་ཉི་ལི་ལི༔ མཚེ་ཡུངས་མདའ་ལྟར་ཤ་ར་ར༔ དུག་ཐུན་ཁྲག་རླངས་ཆི་ལི་ལི༔ སྲུང་མ་རྔམ་སྟབས་ཁྱུགས་སེ་ཁྱུག༔ གིང་རྣམས་ཤུགས་པ་དི་རི་རི༔ མ་མོའི་ཧབ་སྒྲ་ལྷབས་སེ་ལྷབ༔ ཐམས་ཅད་རུ་མཚོན་ལྷུབས་སེ་ལྷུབ༔ དགྲ་བགེགས་སྙིང་ལ་གཏོར་ཟོར་རྒྱོབ༔ ཉམས་པའི་ལྔ་ཕུང་རྡུལ་དུ་རློགས༔ ཞེས་དྲག་ཏུ་བསྐུལ༔ ཟོར་འཕེན་པ་དངོས་ནི༔ གཏོར་མའི་དམ་ཚིག་པ་བདག་ལ་བསྡུས་ནས༔ གཏོར་ཟོར་སྤྲུལ་པའི་དམག་ཚོགས་དང་ནད་མཚོན་དུག་སོགས་ཀྱི་རྣམ་པར་བསྒྱུར་ནས༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེ་ཆེ༔ འཁོར་འདས་ཀུན་ལ་དབང་བསྒྱུར་ཞིང་༔ ང་ལས་ཆེ་བཙན་སུ་ཡང་མེད༔ སྟེང་འོག་ཕྱོགས་མཚམས་གནས་པ་ཡི༔ སྡེ་བརྒྱད་ལྷ་ཀླུ་གཞི་བདག་རྣམས༔ གཏོར་ཆེན་མཚོན་ཆའི་ཟེར་འཕྲོས་པས༔
ལུས་སེམས་དེ་ནི་བརླག་པར་མཆིས༔ ཟོར་ལམ་ཕྱེས་ལ་སྐུ་བཟུར་ཅིག༔ བརྣག་པའི་དགྲ་བགེགས་མ་གཏོགས་པ༔ ཐམས་ཅད་ཀུན་ལ་ཟོར་མི་འཕེན༔ ཀུན་ཀྱང་གྲོགས་མཛོད་དམག་དཔུང་སྐྱེད༔ དམག་དཔུང་སྐྱེད་ལ་རུ་མཚོན་ཕྱོར༔ ཉམས་པའི་དམ་ཉམས་དགྲ་བགེགས་འདི༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ ༀ་བཛྲ་ཙཎྜ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུྃ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕུར་མ་མཱ་ར་ཡ་ཛ༔ ཤྲི་ཏྲི་མཱ་ར་ཡ་རྦད༔ ཅེས་དཔལ་ཕྱག་ན་རྡོ་རྗེའི་ལྷ་ཚོགས་བཀའ་སྡོད་དམ་ཅན་དང་བཅས་པ་ཐམས་ཅད་ཀྱིས༔ ཟོར་དང་ནད་མཚོན་དུག་གསུམ་གྱི་ཆར་སྣ་ཚོགས་ཕབ་པས་དགྲ་གདོན་བྱད་མ་ཐན་ལྟས་སོགས་གང་ལ་དམིགས་པའི་སྒོ་གསུམ་རྩ་ལག་སྡེ་དཔུང་གནས་གཞིས་དང་བཅས་པ་ཐམས་ཅད་རྫ་བྲག་ཐོག་གིས་བཤིག་པའམ༔ གྲོག་ཚང་སེར་བས་བརྡུངས་པ་བཞིན་དུ་བརླགས་ཤིང་དངོས་མེད་རྗེས་མེད་དུ་བཏང་བར་བསམ་ལ་ཟོར་འཕེན་བསྟན་མ་སྐྱོང་༔ བྲོ་བརྡུང་༔ སྲུང་འཁོར་བསྒོམ༔ མི་དམིགས་པས་རྒྱས་གདབ༔ ཚེ་གཡང་འགུགས་པའི་ཆོ་ག་བྱ༔ རྗེས་ཀྱི་རིམ་པ་རྣམས་རྒྱས་པར་བྱའོ༔ དགོས་ཆེད་ནི༔ ཨེ་མ་འདི་ལྟ་བུ་ཡི་ཟློག་པས་ནི༔ མི་བཟློག་པ་ནི་སྲིད་མི་འགྱུར༔ ཞེས་དང་༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ གསང་སྔགས་ཆོས་ལོག་སྤྱོད་པ་དང་༔ སྔགས་པ་ནང་འགྲས་སྦྱོར་ངན་བྱེད༔ རྒྱ་འདྲེ་རྒྱལ་བསེན་ཕོ་མོ་དང་༔ དམ་སྲི་འགོང་པོ་ཁ་ལངས་པས༔ མི་རུང་སྣ་དགུས་གང་བ་འབྱུང་༔ དེ་དུས་
གཏོར་ཟློག་ཟབ་མོ་འདིས༔ ཐམས་ཅད་མ་ལུས་བཟློག་པ་དང་༔ འགྲོ་དོན་བསྟན་པ་མཐའ་རྒྱས་འགྱུར༔ ཞེས་གསུངས་པ་བཞིན་ནོ༔ དེ་ལྟར་རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་དྲག་པོའི་ཕྱག་ན་རྡོ་རྗེའི་སྒོས་སྒྲུབ་གདུལ་བྱ་ལ་ཕན་པའི་སེམས་ཀྱིས་ཡིད་དྲངས་ཏེ༔ དངོས་ཉམས་རྨི་ལམ་དུ་ལྷག་པའི་ལྷ་མཆོག་ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པ་དཔའ་བོ་ལས་རབ་རྩལ་གྱིས་རྩ་བ་གཏེར་གཞུང་དངོས་ཟུར་ཤུགས་གསུམ་དང་བསྟུན༔ སྔ་འགྱུར་རྙིང་མའི་ཕྱག་བཞེས་དང་འདོན་ཆས་ཁ་བཀང་༔ མི་བྱེད་ཀ་མེད་རྣམས་གསར་འཛུད་ཀྱང་བགྱིས་ཏེ་ལེགས་པར་བཀོད་པའི་ཡི་གེ་པ་ནི་བསྐུལ་བ་པོ་རིག་འཛིན་རྒྱ་མཚོས་བགྱིས་པ་འདིས་ཀྱང་ནག་ཕྱོགས་བདུད་སྡེའི་དཔུང་ཚོགས་རབ་ཏུ་ཕམ་ཞིང་བསྟན་དང་འགྲོ་བའི་ཕན་བདེའི་རྩ་ལག་དམ་པར་གྱུར་ཅིག༔ མངྒ་ལཾ༔
གནད་བསྡུས་ཨར་གཏད་ཤི་ས་བསྟན་པ།
࿅༔ གནད་བསྡུས་ཨར་གཏད་ཤི་ས་བསྟན་པ་བཞུགས་སོ༔
ཨོ་རྒྱན་རྗེ་དང་རཏྣ་གླིང་པ་དང་༔ དཔལ་ཆེན་གསང་བའི་བདག་པོར་ཕྱག་འཚལ་ལོ༔ བཀས་གནོངས་བྱིན་གྱིས་རློབས་ལ་ཤིས་པ་སྩོལ༔ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ དྲེགས་པའི་སྲོག་འཕྲོག་རྡོ་རྗེ་ཐོད་ཕྲེང་གིས༔ རྒྱལ་པོ་ཨར་གཏད་གནད་ལ་བཀོལ་བའི་ལས༔ གཏེར་ཁ་རྣམས་ནས་མང་དུ་བྱོན་པ་ཡི༔ གནད་བསྡུས་ཨར་གཏད་ཤི་ས་བསྟན་པ་འདི༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ལས་མཐར་བསྡེབས༔ ས་མ་ཡ༔ དམ་སྲི་རྒྱལ་བསེན་ལོག་པར་འདྲེན་པ་ཡིས༔ བྱང་ཆུབ་སྒྲུབ་པའི་ཐོས་བསམ་སྒོམ་གསུམ་དང་༔ ཐར་པ་སྒྲུབ་པའི་ཆོས་ལ་བར་དུ་གཅོད༔ སྲིད་པའི་བདེ་འབྱོར་མི་ནོར་ལོངས་སྤྱོད་དང་༔ ཚེ་སྲོག་མཐུན་རྐྱེན་ཀུན་ལ་བར་དུ་གཅོད༔ དེ་ཕྱིར་མན་ངག་འདི་ལ་གཅེས་པར་ཟུང་༔ གསང་བདག་བསྙེན་སྒྲུབ་མཐར་ཕྱིན་རྣལ་འབྱོར་པས༔ དྲག་སྦྱོར་ཉི་ཁྱིམ་དུས་ལ་དུག་ཤོག་ལ༔ རྒྱལ་པོའི་ལིངྒ་བསེ་ཞུ་གྱོན་པ་བྲི༔ སྲོག་ཡིག་ཏྲི་ལ་མིང་ཐེམ་ཁུག་ཅིག་སོགས༔ ཕྱི་ནས་ཨར་གཏད་སྔགས་དང་ཛ་ཁྲམ་མནན༔ ཡང་ན་རྨི་ལྟས་ཆོ་འཕྲུལ་གང་སྟོན་གཟུགས༔ ལིང་གར་འབྲི་བ་མན་ངག་གནད་ཡིན་ཞིང་༔ དུག་ཁྲག་ལྷ་ཁང་འདྲེ་ཅན་ས་ཡིས་བྱུགས༔ རང་ཉིད་གསང་བའི་བདག་པོའི་ང་རྒྱལ་གྱིས༔ ལིངྒ་རྒྱལ་བསེན་དགུག་གཞུག་ནན་དུ་བྱ༔ སྔགས་ཀྱིས་བཏབ་པའི་ཐུན་དང་མཚོན་གྱིས་བཏབ༔ རྨི་ལམ་ཐུལ་རྟགས་འཕྱུག་མེད་ནམ་བྱུང་ཚེ༔ ཡུགས་སའི་སྐྲ་དང་སྔོ་དམར་སྐུད་པས་བཅིངས༔ ཁྱི་སྤྱང་ཐོད་པར་བཅུག་ཅིང་རེ་བས་དྲིལ༔ མི་ཁའི་རྫས་དང་ཐུན་རྫས་དག་ཀྱང་གདམས༔
རྒྱ་གྲམ་ལམ་མམ་སྒོ་ཐེམ་འོག་ཏུ་ནོན༔ ལྟ་བྲོ་བརྡུང་ཞིང་མི་དམིགས་རྒྱ་ཡིས་གདབ༔ རྒྱལ་བསེན་དམ་སྲི་བར་ཆད་འབྱུང་པོ་ཡི༔ འཁུ་ལྡོག་བར་གཅོད་ཆོ་འཕྲུལ་བྱ་མི་ནུས༔ ས་མ་ཡཱ༔ ཟབ་ཟབ་ཟབ༔ ཁ་ཐམ༔ དེ་ནས་ཨར་ལ་གཏད་པའི་དྲག་སྔགས་ནི༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནི་ལམ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཏྲི་ར་ཙ་རྒྱལ་པོའི་ཙིཏྟ་ཟུངས་ཟུངས༔ ར་ཙ་ཁ་རག་སྨ་ཤ་རྦད་རྦད༔ ར་ཙ་འཁུ་ན་དུམ་བུར་ཤིག་ཤིག༔ འདའ་ན་ར་ཙའི་ཙིཏྟ་ཕྱུང་ཕྱུང་༔ ལྡོག་ན་ར་ཙའི་ཙིཏྟ་གཏུབ་གཏུབ༔ བཛྲ་ར་ཙའི་ཙིཏྟ་མྱོག་མྱོག༔ ཡ་ཏྲི་ཡ་ཡ་ཏྲི་ཡ༔ མ་ཞུ་ཏྲི་ཡ་མ་ཞུང་ཏྲི་ཡ༔ བྲམ་ཛ་བྲམ་ཛ༔ ར་ཙ་ཙིཏྟ་ཧུར་ཐུམ་ཛཿམཱ་ར་ཡ་རྦད༔ བསེན་མོའི་ཙིཏྟ་ཧུར་ཐུམ་ཛ་མཱ་ར་ཡ་རྦད༔ ཅེས་པ་འདི་ཨོ་རྒྱན་ཆེན་པོས་ཁོ་གཙིགས་ལ་ཕབ་ཅིང་སྲོག་སྙིང་དམར་པོ་མངོན་སུམ་དུ་བླངས་པ་ཡིན་པས༔ ཤིན་ཏུ་དྲག་ཅིང་རྩུབ་ལ་རྣོ་མྱུར་དང་ལྡན་པ་ཡིན་ནོ༔ བཀའ་རྒྱ༔ མནན་ན་ལིང་གར་སྔགས་བཟླས་ཐུན་གྱིས་བྲབ༔ གུད་དུ་སྦས་པའི་ཞལ་ཤེས་འདི་ལྟ་སྟེ༔ བསེན་མོ་མོ་གཟུགས་བྱ་མགོ་རིད་པའི་གཟུགས༔ སྙིང་གར་ཏྲི་ལ་བསེན་མོ་དམ་སྲི་འདྲེ་མོ་ཁུག་སོགས༔ སྔགས་ནི་བྲི་ཐབས་གོང་དང་འདྲ་བ་ཡིན༔ ཁྱད་པར་རྫས་ནི་ཁྱི་མོ་ནག་མོའི་ཁྲག༔ ལིངྒ་བྲི་བའི་རྫས་སུ་བྱ་བ་ཡིན༔ གོང་གི་ལིང་གར་ཁ་སྦྱར་བྱད་དུ་གཞུག༔ དབྱེ་དགུག་བསྒྲལ་སྟོབ་མནན་པ་སྟབས་གཅིག་བྱ༔ དམ་སྲི་ཕོ་མོ་སྦྲགས་མར་འདུལ་བའི་ཐབས༔ མན་ངག་གནད་ཀྱི་ལྐོག་ཡིག་ཟབ་མོ་ཡིན༔
ས་མ་ཡཱ༔ ཁ་ཐཾ༔ མནན་པའི་དུས་སུ་རྨི་རྟགས་མཐོང་བ་གཅེས༔ མིན་ཀྱང་ཡི་དམ་ལྷར་གསལ་ཏིང་འཛིན་ངང་༔ ཤམ་བུར་བཏགས་ནས་ཁྲི་ཕྲག་བཟླས་པ་ཡིས༔ རྒྱལ་བསེན་དམ་སྲི་ཐུལ་བར་ཐེ་ཚོམ་མེད༔ ཆོས་སྲིད་དགེ་བའི་བར་ཆད་དམ་སྲིའི་གདོན༔ ཨར་གཏད་ཤི་ས་གཏད་པའི་གནད་འབེབས་འདི༔ རྡོ་རྗེ་ཐོག་འབེབས་ལས་ཀྱི་མདེའུ་ཁ་རུ༔ དྲག་སྔགས་མང་ཐོས་ལས་རབ་རྩལ་དེས་བཀོད༔ ལོག་འདྲེན་སྡེ་ཚོགས་རྩད་ནས་གཅོད་པར་ཤོག༔ མང་དུ་མ་སྤེལ་ཅིག༔ ས་མ་ཡ༔ བདག་རིག་འཛིན་རྒྱ་མཚོས་སུག་བྲིས་སུ་བགྱིས་པའོ༔ མངྒ་ལཾ༔
ཕྱག་རྡོར་ལས་མཐའ་གཟའ་སྲུང་ཟབ་མོ་བཀའ་རྒྱ་ཅན།
࿅༔ ཕྱག་རྡོར་ལས་མཐའ་གཟའ་སྲུང་ཟབ་མོ་བཀའ་རྒྱ་ཅན་བཞུགས་སོ༔ དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ༔ ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་གི༔ ཐུགས་བཅུད་སྦས་པ་བཀའ་རྒྱ་ཅན༔ གཏེར་ཆེན་ལྔ་ལ་ཟབ་རྒྱས་བཏབ༔ སྤེལ་བའི་གནས་མེད་ས་མ་ཡ༔ སྲོག་བདག་གཟའ་ཡི་ཟ་ཡིག་འདི༔ གསང་བདག་བསྐྱེད་རིམ་ལྡན་པས་འབྲི༔ རྒྱ་ཤོག་དག་ལ་རྒྱ་སྣག་གིས༔ ལྷག་ཆད་མེད་པ་རབ་ཏུ་གཟབ༔ ཧབཤམཏྲིགནན༔ དུར གྲུབཛ༔ མཱརཡཕཊ༔ རྟེན་འབྲེལ་སྙིང་པོས་རབ་ཏུ་གནས༔ བཟའ་དུས་པད་འབྱུང་སྤྱི་བོར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུཾཧྲཱིཿམཏྲིཨ སུ སྭཱཧཱ༔ རྒྱ་ཤོག་རྒྱ་སྣག་དག་ལ་བྱ༔ ཕྱག་རྡོར་བསྙེན་པས་རབ་ཏུ་གནས༔ ཟབ་པོ༔ གསང་ངོ་༔ ཨྠྀི༔ རྒྱ་རྒྱ༔ ཡང་ཅིག་ཟབ་པའི་གནད་བསྟན་པ༔ བཛྲ་པཱ་ཎི་ཧ་ལ་ནག་པོ་སོད༔ བྲིས་ཏེ་རྫས་ལ་གུ་གུལ་བྱུག༔ རབ་ཏུ་གནས་ཤིང་བཟའ་བར་བྱ༔ ཨྠྀི༔ ཤིན་ཏུ་ཟབ་པའི་གསང་སྔགས་ནི༔ ཕྱག་རྡོར་ང་རྒྱལ་བརྟན་པོའི་ངང་༔ མི་ཚིག་མ་འདྲེས་སྟོང་ཕྲག་བཟླ༔ ཡུང་བ་གུར་གུམ་ཆུ་ལ་སྔགས༔ ༀ་ཕྲེད་ཏུ་དེ་ཤ་ན་ཡེ་སྭཱ་ཧཱ༔ སྔགས་ནུས་ཇི་ལྟར་སོང་བ་བཞིན༔ འཕྲལ་དུ་ཕན་པའི་ཡོན་ཏན་འབྱུང་༔ ས་མ་ཡཱ༔ ཟ་ཡིག་རྣོ་མྱུར་ཁྱད་པར་ཅན༔ གུར་གུམ་ཡུང་བ་རྫས་སུ་གཅེས༔ བྱིན་རླབས་མཐུ་ནུས་བརྗོད་ལས་འདས༔ སྤེལ་ན་སྲོག་བདག་རང་ལ་ལྡོག༔ བཛྲ་ས་མ་ཡཱ༔ ཞེས་པ་ཨོ་རྒྱན་མཁའ་འགྲོ་ལ་གསོལ་བ་བཏབ་སྟེ་ལྷ་སྲས་ཡིད་བཞིན་ནོར་བུའི་ཞབས་བརྟན་དུ་སྔགས་རྒན་ཆང་སྨྱོན་ལས་རབ་རྩལ་གྱིས་ཤིང་འབྲུག་ལོར་ཧོར་ཟླ་ལྔ་པའི་ཚེས་བཅུ་
བཞི་ལ་རྒྱ་ཁྲོལ་བ་འདི་དགེ་བར་གྱུར་ཅིག༔ དེང་དུས་སྐྱོན་ཡོན་བཟང་ངན་འདེམས་སོ་མེད༔ དེ་ཕྱིར་མི་སྤེལ་སྦས་སོ་རབ་ཏུ་གསང་༔ དགེའོ༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལས་མཐའ་གོད་ཁ་གཅོད་ཐབས་དང་ཕན་བྱའི་མན་ངག་འགའ་ཞིག
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལས་མཐའ་གོད་ཁ་གཅོད་ཐབས་དང་ཕན་བྱའི་མན་ངག་འགའ་ཞིག་བཞུགས་སོ༔ བླ་མ་དང་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་འཆང་ཆེན་ཉི་གྲགས་གཉིས་པ་ཡིས༔ འགྲོ་ལ་ཕན་པར་བྱེད་པ་ལས་ཀྱི་མཐའ༔ བརྩེ་བར་དགོངས་ནས་བདག་ལ་གདམས་པ་རྣམས༔ ནུབ་ཀྱིས་དོགས་ནས་ཕྱག་རྡོར་ལས་མཐའ་བྲི༔ ལས་རབ་བདག་གིས་འབད་པས་བསྒྲུབས་རྣམས་ཀྱིས༔ སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བར་ཤོག༔ དེ་ཡང་གོད་ཁ་གཅོད་པ་ནི༔ ཕྱུགས་ལ་གོད་ཁ་བྱུང་བ་དེའི་ཤི་གཞུག་ཐོད་པ་དེ་གད་བདར་བྱས་ལ་ལྟག་པར་གཡུང་གྲུང་རྒྱ་གྲམ་བྲི༔ དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི༔ སྣ་ཁུང་དུ་ཁྲམ་རྒྱ་གྲམ་བྲི༔ དེ་ནི་བོན་ཆོས་གཏོ་དང་གསུམ་གྱི་ཕྱག་རྒྱ་བཏབ་པ་ཞེས་བྱའོ༔ འགྲམ་པ་གཡས་པར་གོད་སྲི་ཁ་ཐམ་བྱ་བ་བྲི༔ གཡོན་ལ་གོད་སྲི་ཆོད་ཅིག་བྱ་བ་བྲི༔ ནང་དུ་གོད་འདྲེ་དང་གོད་སྲི་སྲུངས་ཤིག༔ བཅད་དོ་ཐབས་སུ་མནན་ནོ༔ མ་འདའ་ཞིག་བྱ་བ་བྲི༔ ར་བའི་ཐོའམ༔ སྲང་མདོའམ་ལམ་རྒྱ་གྲམ་དུ་མནན་ནས་ས་རྡོ་ཆུ་གསུམ་གྱིས་མནན་ནོ༔ ཕྱིས་གོད་ཁ་ཆོད་པར་འགྱུར་རོ༔ བཅད་ཐབས་གསུམ་གྱི་གཏོ་ཨྠྀི༔ ཡང་ནད་རིམས་ཕྱུགས་ལ་ཟ་ཡིག་འདི་ཐེངས་པས་ཆོག༔ ཅེས་རྒྱ་སྣག་གིས་བྲིས་ལ་འབྲུ་གསུམ་གྱིས་རབ་གནས་བྱའོ༔ ཟབ་ཟབ༔ ཨྠྀི༔
༈ ཡང་ཕྱུགས་ཀྱིས་འོ་མ་མི་སྟེར་ན་འབེབས་པ་ནི༔ ཤིང་བྱང་གི་བྱང་བུའི་ངོས་གཅིག་ལ་འདི་བཞིན་བྲི༔ དེའི་རྒྱབ་ངོས་ལ་ༀ་ཨཱཿཧཱུྃ་བྲིས་ཡེ་དྷར་གྱིས་རབ་གནས་བྱ༔ ཕྱུགས་ཀྱི་སྐེ་ལ་བཏགས་པས་འོ་མ་འབེབས་ངེས་སོ༔ ཨྠྀི༔ ༈ དཀར་འགོང་གིས་འོ་མ་དཀྲོག་པ་ལ་མར་ཆེར་མི་འབྱུང་ན༔ ༀ་ཡུར་ཙུ་ཡུར་ཙུ་བུར་ཙུ་རྒྱ་དོ་ནེ་ཡེ་སྭཱ་ཧཱ༔ པདྨ་འབར་བ་མེ་སྭཱ་ཧཱ༔ རྡེའུ་གཉིས་བསྔགས་ནས་རྐྱལ་པར་འཕེན་ན་མར་འབུད་པར་འགྱུར་རོ༔ ཨྠྀི༔ ༈ ཡང་རྟ་ཕྱུགས་ཀྱི་གོད་ཁ་སྲུང་བ་ནི༔ མེ་དུར་ཧཱུྃ༔བྷྲུབྲུཾ བྲོཾ སྲོཾཿམིཁལ་བྷྱོ ཕཊ༔ ཆྒཻ་ལ་གནོད་པ་ཐམས་ཅད་སྲུངས་ཤིག༔ མི་ནོར་ཕྱུགས་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ༔ རིན་ཆེན་སྣག་ཚས་ཤུག་པའི་བྱང་བུ་ལ་བྲིས༔ རང་སྔགས་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱ༔ གདོན་བགེགས་ལ་གཏོར་མ་སྦྱིན་ཅིང་བདེན་སྟོབས་བརྗོད༔ དྲག་སྔགས་ཀྱིས་བགེགས་བསྐྲད༔ སྲུང་འཁོར་བསྒོམ༔ རྟ་ཕྱུགས་ཀྱི་རྐེ་ལ་བཏགས་པས་གོད་ཁའི་གནོད་པ་ཐུབ་པོ༔ ཨྠྀི༔ ༈ ཡང་གོད་ཁ་གཅོད་པའི་ཐབས༔ མེ་བ་ར་ཧཱུྃ༔ གྲུཾ་ཕྲོཾ་ཕྲོཾ་ཀི་ལ་ཡ་བྷྱོ་ཕཊ༔ བདག་ཆྒཻའི་རྟ་ཕྱུགས་ནོར་གསུམ་གྱི་གོད་ཁ་ཐམས་ཅད་སྲུངས་ཤིག་རཀྵ༔ ཕོ་ཤིང་བྱང་བུ་ལ་བྲིས་ནས་སྒོ་ཁྱིའི་སྐེ་ལ་བཏགས་པས་གོད་ཁ་ཆད་དོ༔ ཨྠྀི༔ ༈ ཡང་ཚོང་རྒྱལ་བར་འདོད་ན༔ རྒྱ་ཤོག་སྔོན་པོ་ལ་མཚལ་དཀར་གྱིས་ཡི་གེ་འདི་བྲིས་ནས་ལུས་ལ་འཆང་༔ ༀ་མ་ཧཱ་དེ་ཝ་འདུས་འདུས༔ ཆྒཻེ་མོ་ཚོང་རྒྱལ་བར་གྱུར་ཅིག༔ རང་སྔགས་དང་ཡེ་དྷརྨཱ་བརྒྱ་རྩས་རབ་༔
གནས་བྱའོ༔ ཨྠྀི༔ ༈ ཡང་བྱིས་པ་མཚན་ངུ་བྱེད་པ་དང་སྔངས་ན་ཤུག་པའི་བྱང་བུ་མགོ་མཇུག་མ་ལོག་པར་ཡི་གེ་འདི་ཧྃ་བརྐོས་ཏེ་གཤོང་བུ་ལ་མཚལ་ཁྲིད་བྱིས་པ་རང་གི་དྲི་ཆུ་བྱུག་ལ་བཏགས་དུས་མི་མཐོང་བར་བཏགས་པས་སྔངས་སད་དང་མཚན་ངུ་ཐུབ་པར་ཐེ་ཚོམ་མེད་དོ༔ ཨྠྀི༔ ༈ ཡང་སྒོག་སྐྱ་དང་ལོ་མ་བདུན་བདུན་སྐུད་པ་ལ་བརྒྱུས་ནས་གོང་བ་ལ་བཏགས་ན་མི་ཁ་དང་ནད་ངན་ཕྱོགས་ངན་ཐུབ་པོ༔ ཨྠྀི༔ ༈ ཡང་སྒོའི་ཕྱི་སྒོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ན་མི་ཁ་དང་དགྲ་ཉུང་བར་འགྱུར་རོ༔ ཨྠྀི༔ འགྲོ་ལ་ཕན་བྱས་མན་ངག་ལས་རབ་རྩལ་གྱིས་བཀོད་པ༔ ཨྠྀི༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལས་མཐའ་ཕྱུགས་ནད་གཅོད་པའི་མདོས་ཆོག
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ལས་མཐའ་ཕྱུགས་ནད་གཅོད་པའི་མདོས་ཆོག་བཞུགས། བླ་མ་དང་དཔལ་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་འཆང་ཆེན་ཉི་གྲགས་གཉིས་པ་ཡིས༔ འགྲོ་ལ་ཕན་པར་བྱེད་པའི་ལས་ཀྱི་མཐའ༔ བརྩེ་བར་དགོངས་ནས་བདག་ལ་གདམས་པ་རྣམས༔ ནུབ་ཀྱིས་དོགས་ནས་ཕྱག་རྡོར་ལས་མཐའ་བྲི༔ ལས་རབ་བདག་གིས་འབད་པས་བསྒྲུབས་རྣམས་ཀྱིས༔ སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བར་ཤོག༔ དེ་ཡང་འཇིག་རྟེན་མ་མོ་འཁྲུགས་པ་ལ་བརྟེན་ནས་ཕྱུགས་ནད་གོད་ཡམས་རྣམས་འབྱུང་བས་སྲུང་བའི་མན་ངག་ནི་བསམ་པ་བཟང་པོས་བུམ་པ་དང་མཎྜལ་སྤྱི་མཐུན་དུ་བྱས་ལ༔ རྣམ་འཇོམས་ཀྱི་བཟླས་པ་ཞག་གཅིག་བྱ༔ དེ་ནས་འབྲུ་སྣའི་ཕྱེ་བྲེ་གང་ལ་ཕྱུགས་ནད་བདག་མོའི་གཟུགས་བྱས་ཏེ༔ དེ་ཡང་བུད་མེད་ནག་མོ་ཁྲག་གི་རལ་པ་ཅན༔ རྐང་པ་གཉིས་བགྲད་པ༔ ལག་ན་ནད་ཀྱི་རྐྱལ་པ་ཐོགས་ཤིང་ཁ་མིག་ལ་སོགས་དོད་པ་ཞིག་བྱ༔ དེའི་མདུན་དུ་འཇིམ་པ་ལ་ཕྱུགས་གང་ཡོད་ཀྱི་གླུད་གཟུགས་བྱས་ལ་སྤུས་བརྒྱན་ཅིང་༔ བཙག་དང་རམ་གྱིས་ཁ་བསྒྱུར་ལ་བཞག་གོ༔ གཞན་ཡང་རུས་པ་སྣ་ཚོགས༔ ཐལ་ཟན་ཐལ་ཆུ་བསགས་ཆབ་གཏོར་བྷ་སུ་ཀི་དང་ལན་ཆགས་ཀྱི་གཏོར་མ་གཏོང་ལ་བདེན་པ་བདར༔ རང་ཡི་དམ་དུ་གསལ་བས་བླ་མ་ཡི་དམ་དཀོན་མཆོག་ལ་མཆོད་པ་འབུལ་ཞིང་༔ ནད་ཆད་པར་གསོལ་བ་གདབ༔ ཆོས་སྐྱོང་དང་གཞི་བདག་ལ་གཏོར་མ་རྒྱ་ཆེན་པོ་འབུལ༔ ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབས་བྱས་ལ༔ རྔའི་སྒྲ་དང་བཅས་པས་སྨྲེང་འདི་སྐད་དོ༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དཔལ་ཆེན་དཀྱིལ་
འཁོར་ཀུན་གྱི་གཙོ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ཆེ་བཙན་འགྲན་ཟླ་བྲལ་བའི་ལྷ༔ ང་ནི་དབང་ཆེན་རྟ་མཆོག་དཔལ༔ སྡེ་བརྒྱད་འབྱུང་པོ་ཀུན་གྱི་གཤེད༔ ང་ནི་དཔལ་ཆེན་གསང་བའི་བདག༔ མཐུ་སྟོབས་ནུས་པ་བསམ་མི་ཁྱབ༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ སྣང་ཞིང་སྲིད་པའི་འཇིག་རྟེན་གྱི༔ མཐུ་ཆེན་སྟོབས་ལྡན་ཐམས་ཅད་ཀུན༔ ང་ཡི་འཁོར་དང་ཡང་གཡོག་སྟེ༔ བཀའ་ལ་མི་ཉན་སུ་ཡང་མེད༔ སྔོན་གྱི་ལས་སྒྲིབ་ངན་པ་ཡིས༔ གོད་ཡམས་བདག་མོ་འཁོར་དང་བཅས༔ ཕྱུགས་ལ་གནོད་པར་བྱེད་པའི་གདོན༔ ཁྱེད་རྣམས་འཁོར་དང་བཅས་པ་རྣམས༔ བུད་མེད་ནག་མོའི་གཟུགས་ལ་ཁུག༔ བཀའ་ཡི་བདེན་པ་ཆེན་པོ་ལ༔ ཁྱོད་ནི་འདའ་བར་མ་བྱེད་ཅིག༔ བདག་ཉིད་ཡེ་ཤེས་ཁྲོ་བོའི་རྒྱལ༔ ང་ཡི་བཀའ་ལས་འདའ་བྱེད་པར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བཀའ་ཡི་ཆད་པས་དེ་གཅོད་དེ༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་གྱིས༔ དམ་ཚིག་ཉམས་པ་དེ་ཉིད་ཀྱི༔ མགོ་བོ་ཚལ་པ་བརྒྱ་རུ་ཁོས༔ སྙིང་ནི་དུམ་བུ་བརྒྱད་དུ་གཏུབ༔ ལུས་ནི་ཚལ་པ་
སྟོང་དུ་བྱེད༔ སེམས་རིག་མནར་མེད་དམྱལ་བར་སྐྱུར༔ དེ་འདྲའི་ཉེན་ལ་མ་བསྡོ་བར༔ ཕྱུགས་ནད་སྣ་དགུའི་བདག་མོ་རྣམས༔ གླུད་དང་ཡས་འདིས་ཚིམ་གྱིས་ལ༔ གོད་ཁ་ཆོད་ལ་ནད་ཁ་སྡོམས༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ མངོན་སུམ་འདྲ་བའི་རྐང་འགྲོའི་གཟུགས༔ གཟུགས་བརྗིད་སྤུ་སྡུག་མདངས་དང་ལྡན༔ སྒྲ་འབྱིན་སྒྲོས་འཁྱུག་དྲན་རིག་གསལ༔ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས༔ སྔགས་དང་ཕྱག་རྒྱས་སྤེལ་བ་ཡིས༔ གྲངས་མང་རྒྱ་ཆེ་བསམ་མི་ཁྱབ༔ ཕལ་པའི་ཕྱུགས་རྣམས་འདི་དག་ལས༔ ཡོན་ཏན་དུ་མ་དག་དང་ལྡན༔ ནད་ཡམས་གོད་ཀྱི་བདག་མོར་བསྔོ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག༔ བསམ་པ་བཞིན་དུ་འགྲུབ་གྱུར་ཅིག༔ གནོད་གདུག་བསམ་ངན་ཀུན་ཞི་ནས༔ བྱང་ཆུབ་སེམས་དང་ལྡན་གྱུར་ཅིག༔ སླར་ཡང་རྔ་སྒྲ་དང་བཅས་ཏེ་སྨྲེང་བ་འདི་སྐད་དོ༔ ཧཱུྃ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་པ་མེད་དེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ བདེན་པའི་ཚིག་ལ་མི་
ཉན་གང་ཡང་མེད༔ རི་རབ་ངོས་ལ་མི་བརྟེན་གང་ཡང་མེད༔ རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད༔ འབྱུང་བ་རླུང་ལ་མི་གནས་གང་ཡང་མེད༔ འཆི་བའི་སྲོག་ལ་མི་འཛེམ་གང་ཡང་མེད༔ རྣོན་པོའི་མཚོན་ལ་མི་འཇིགས་གང་ཡང་མེད༔ ཟས་དང་སྐོམ་ལ་མི་ཆགས་གང་ཡང་མེད༔ ཧཱུྃ༔ མཆོད་སྦྱིན་གླུད་ཀྱི་ཡོ་བྱད་འདི༔ སྤྱིར་ན་སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས་ལ་བསྔོ༔ སྒོས་སུ་ཕྱུགས་ནད་བདག་མོ་ཁྱོད་ལ་བསྔོ༔ ཕྱུགས་ནད་སྣ་དགུ་ཐམས་ཅད་གཅད་དུ་གསོལ༔ ཆག་ཆེ་ཉམ་ང་མ་ལུས་བཟློག་ཏུ་གསོལ༔ དེང་འདིར་མ་གནས་ས་ཕྱོགས་གཞན་དུ་བཞུད༔ ཁྱོད་ཀྱི་ཆོ་དང་འབྲང་སྨྲོས་ན༔ ཕ་སྙིང་རྗེ་མེད་པའི་སྲིན་པོ་དང་༔ མ་དམ་ཚིག་མེད་པའི་རེ་མ་ཏི༔ དེ་གཉིས་དུང་སེམས་སྐྱེས་པ་ལས༔ ལས་ཀྱིས་སྐྱེས་པའི་མིང་སྲིང་བཞི༔ ཟླ་ངོ་ལྔ་ན་བུ་སྐྱེས་པ༔ དུང་སྒོང་དཀར་པོ་དེ་དང་གཅིག༔ གསེར་སྒོང་སེར་པོ་དེ་དང་གཉིས༔ ཁྲག་སྒོང་དམར་པོ་དེ་དང་གསུམ༔ དུག་སྒོང་ནག་པོ་དེ་དང་བཞི་རུ་བྱུང་༔ དུང་སྒོང་ནང་ནས་མི་དཀར་འཁྲུངས༔ སུམ་ཅུ་རྩ་གསུམ་ལྷ་
ཡུལ་བསྐྱལ༔ ལྷ་ནད་དཀར་པོ་གཏོང་མཁན་ཁྱོད་ཡིན་པས༔ ཁྱོད་ལ་ཡས་དང་གླུད་འབུལ་ལོ༔ ཕྱུགས་ནད་སྣ་དགུ་གཅད་དུ་གསོལ༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ གསེར་སྒོང་ནང་ནས་གཟུགས་བཟང་རྒྱལ་པོ་བྱུང་༔ གླིང་བཞི་མི་ཡི་ཡུལ་ན་ཁྱོད་འདུག་པས༔ མི་ནད་སྣ་དགུ་གཏོང་མཁན་ཁྱོད་ཡིན་པས༔ ཁྱོད་ལ་ཡས་དང་གླུད་འབུལ་ལོ༔ ཕྱུགས་ནད་སྣ་དགུ་གཅད་དུ་གསོལ༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ ཁྲག་སྒོང་ནང་དུ་ནག་མོ་རལ་པ་ཅན༔ བབས་པ་ཕྱུགས་ཀྱི་ནང་དུ་ཆགས༔ ཕྱུགས་ནད་སྣ་དགུ་གཏོང་མཁན་ཁྱོད་ཡིན་པས༔ ཁྱོད་ལ་ཡས་དང་གླུད་འབུལ་ལོ༔ ཕྱུགས་ནད་སྣ་དགུ་གཅད་དུ་གསོལ༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ དུག་སྒོང་ནང་དུ་མི་ལུས་གླང་མགོ་ཅན༔ བྱད་ཁ་སྣ་བརྒྱད་དེ་རུ་བབས༔ ཕྱུགས་ནད་སྣ་དགུའི་བདག་པོར་གྱུར༔ ཕྱུགས་ནད་སྣ་དགུ་གཏོང་མཁན་ཁྱོད་ཡིན་པས༔ ཁྱོད་ལ་ཡས་དང་གླུད་འབུལ་ལོ༔ ཕྱུགས་ནད་སྣ་དགུ་གཅད་དུ་གསོལ༔ ཆག་ཆེ་ཉམ་ང་བཟློག་ཏུ་གསོལ༔ སློབ་དཔོན་ནམ་མཁའི་མདོག་
ཅན་གྱིས༔ ཁྱོད་ལ་ཡུས་དང་ཟས་སྦྱིན་པ༔ བྱད་ཁ་སྣ་བརྒྱད་ན༔ འབྲོང་གཡག་དར་མའི་ཁྱུ༔ གངས་དཀར་སྟེང་ན་ཉལ༔ རི་གཉན་རྩྭ་ལ་ཟ༔ ལུང་གི་ཆུ་ལ་འཐུང་༔ འཚོ་བའི་རྫི་བོ་མེད༔ ཁྱོད་ཀྱི་ཟས་སྐལ་དེ་རྣམས་ཡིན༔ ཟས་སུ་དེ་ཡི་ཤ་ལ་ཟོ༔ སྐོམ་དུ་དེ་ཡི་ཁྲག་ལ་འཐུངས༔ གོས་སུ་དེ་ཡི་པགས་པ་གྱོན༔ སོངས་ཤིག་རྒྱུག་ཅིག་གོད་བདག་མོ༔ གལ་ཏེ་དེ་རུ་མི་འགྲོ་ན༔ ལྷོ་ཁ་ལུང་དྲུག་ན༔ སྟག་དགུ་རི་བཀྲའི་ཁྱུ༔ རི་གཉན་རྩྭ་ལ་ཟ༔ ལུང་གཉན་ཆུ་ལ་འཐུང་༔ འཚོ་བའི་རྫི་བོ་མེད༔ ཁྱོད་ཀྱི་ཟས་སྐལ་དེ་རྣམས་ཡིན༔ ཟས་སུ་དེ་ཡི་ཤ་ལ་ཟོ༔ སྐོམ་དུ་དེ་ཡི་ཁྲག་ལ་འཐུངས ༔ གོས་སུ་དེ་ཡི་པགས་པ་གྱོན༔ སོངས་ཤིག་རྒྱུག་ཅིག་གོད་བདག་མོ༔ གལ་ཏེ་དེ་རུ་མི་འགྲོ་ན༔ སྡིག་པ་འབྲོང་ཙམ་བརྩིགས་པའི་རྨང་ན་ཉལ༔ ཁྱོད་ཀྱི་ཟས་སྐལ་དེ་རྣམས་ཡིན༔ ཟས་སུ་དེ་ཡི་ཤ་ལ་ཟོ༔ སྐོམ་དུ་དེ་ཡི་ཁྲག་ལ་འཐུངས༔ གོས་སུ་དེ་ཡི་པགས་པ་གྱོན༔ སོངས་ཤིག་རྒྱུག་ཅིག་གོད་བདག་མོ༔ ཕས་ཀྱང་དེ་ལ་བཀལ༔ མས་ཀྱང་དེ་ལ་བཀལ༔ ཕ་ཟས་དེ་ལ་གྱིས༔ མ་ཟས་དེ་ལ་མཛོད༔
ཐལ་ཟན་ཐལ་སྐྱོ་འདི་ཡང་གསོལ༔ ཤ་ཟད་རུས་པ་དང་༔ མར་ཟད་སྐོགས་པ་དང་༔ གླུད་གཟུགས་ཁྲ་བོ་རྣམས༔ དེ་རིང་ཁྱོད་ལ་རྫོངས་སུ་འདེབས༔ ཁྱོད་ཀྱི་ཟ་སྐལ་འདི་ན་མེད༔ བྱང་ཁམས་སྣ་བརྒྱད་ཡུལ་དུ་སོང་༔ ཞེས་གྱེར་རོ༔ ཁྲོ་བོའི་ང་རྒྱལ་གྱིས༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འབར་བའི་སྐུ༔ ནད་ཡམས་གོད་ཀྱི་བདག་མོ་རྣམས༔ གླུད་ཡས་བྱིན་པ་འདི་ཁྱེར་ལ༔ རང་རང་སོ་སོའི་གནས་སུ་དེངས༔ བཀའ་ལས་འདའ་ན་རླག་པར་བྱེད༔ དེ་བས་མྱུར་དུ་ཕྱིར་དེངས་ཤིག༔ གཏོར་མ་དང་ཡས་རྣམས་བྱང་ཕྱོགས་སམ་ནད་ཕྱོགས་སུ་དྲག་རོལ་དང་བཅས་ཏེ་འཕང་ངོ་༔ ཡི་དམ་མམ་ཆོས་སྐྱོང་དྲག་པོ་བསྐུལ་ཞིང་ཟོར་བརྡེག༔ ཟོར་མདའ་རྒྱག༔ དྲག་སྔགས་བཟླ༔ གུལ་ཡུངས་ཀྱིས་བྲབ་བདུག་བྱ༔ ཕྱུགས་ར་ལ་ཁྲུས་ཆུ་གཏོར༔ རིན་ཆེན་གླེགས་བམ་ལ་དར་སྣ་བཏགས་ལ་རུ་གྲོང་བའི་མཐའ་ནས་བསྐོར་བཀྲ་ཤིས་བརྗོད་བསྔོ་སྨོན་གདབ༔ ལན་གསུམ་བསྐྱར་ན་ཆུ་བཅད་པ་ལྟར་འགྲོ་གསུངས༔ ཕྱུགས་ནད་གཅོད་པའི་སྒོ་ཟབ་པོ༔ ཨྠྀི༔ ལས་རབ་རྩལ་གྱིས་ཡི་གེར་བཀོད་པ་མངྒ་ལཾ༔
ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ཐུགས་རྟེན་གནམ་ལྕགས་རྡོ་རྗེའི་ལོ་རྒྱུས་ངོ་མཚར་རྣ་བའི་རྒྱན་གྱུར།
࿅༔ ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་ཐོག་འབེབས་ཀྱི་ཐུགས་རྟེན་གནམ་ལྕགས་རྡོ་རྗེའི་ལོ་རྒྱུས་ངོ་མཚར་རྣ་བའི་རྒྱན་གྱུར་བཞུགས་སོ༔ གསང་བདག་པདྨ་འབྱུང་གནས་ལ༔ གུས་པ་ཆེན་པོས་ཕྱག་འཚལ་ནས༔ ཐུགས་རྟེན་གནམ་ལྕགས་རྡོ་རྗེ་ཡི༔ ལོ་རྒྱུས་རིམ་པ་འདི་ལྟ་སྟེ༔ རྒྱུ་ནི་དྲང་སྲོང་དཀོན་པ་སྐྱེས༔ མྱ་ངན་འདས་པའི་གདུང་རུས་ཏེ༔ རི་རབ་རི་ཡི་རྩེ་མོ་རུ༔ དམ་ཅན་རྡོ་རྗེ་ལེགས་པས་བརྡུངས༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ བོད་ཡུལ་ལྷ་སྲིན་དམ་བཏགས་ཚེ༔ གངས་དཀར་གནམ་སྨན་ཐོ་འཚམས་ཏེ༔ གནམ་ལྕགས་ཐོག་ཆེན་ཕབ་པ་ལས༔ ཕྱག་མཛུབ་ལ་དཀྲིས་སླར་འཕངས་པས༔ མོ་བྲེད་དཔལ་ཐང་མཚོར་བྲོས་པས༔ ཕྱག་མཚན་གནམ་ལྕགས་རྡོ་རྗེ་འདིས༔ མཚོ་བསྐོལ་ཤ་རུས་སོ་སོར་ཕྲལ༔ མཚོ་ཁར་བྱུང་ཚེ་མིག་ཡ་བཅར༔ སྤྱི་བོར་བཞག་སྟེ་དམ་ལ་བཏགས༔ གསང་མཚན་གངས་དཀར་ཤ་མེད་མ༔ རྡོ་རྗེ་སྤྱན་གཅིག་མཚན་དུ་གསོལ༔ བོད་སྐྱོང་བསྟན་མའི་གཙོ་མོར་བསྐོས༔ སླར་ཡང་བསམ་ཡས་ས་བཏུལ་ཚེ༔ རྡོ་རྗེའི་འགྲོས་མཛད་བར་སྣང་གར༔ ཕྱག་མཚན་
གདེངས་ཤིང་ལྷ་སྲིན་བསྡུས༔ ས་བཏུལ་བསམ་ཡས་གཙུག་ལག་འབྱོངས༔ དེ་ནས་མི་འཇིག་གཏེར་དུ་སྦས༔ རཏྣ་གླིང་པས་གཏད་རྒྱ་བཀྲོལ༔ ཁོ་བོ་རིག་རྩལ་ཐོགས་མེད་ལ༔ གནས་ཆེན་དཔལ་གྱི་མཆིམས་ཕུ་རུ༔ བཀའ་བབ་ཚུལ་དུ་བྱུང་བ་སྟེ༔ འདི་ཡི་ཡོན་ཏན་བསམ་མི་ཁྱབ༔ སྟེང་གདོན་ལྷ་དང་དྲང་སྲོང་དང་༔ བར་གདོན་བཙན་བདུད་རྒྱལ་ཐེའུ་འགོང་༔ འོག་གདོན་ཀླུ་གཉན་ས་བདག་སྲིན༔ འབྱུང་པོའི་རིགས་སུ་གང་གྱུར་པ༔ བསྲུང་དང་བསད་བཟློག་བསྐྲད་གཟིར་ནུས༔ གནམ་ལྕགས་ལྕེ་དམར་འབབ་པ་སོགས༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་པོ༔ འདི་ཡོད་ཕྱོགས་སུ་ཉེ་མི་ནུས༔ ཁོ་བོ་ལས་རབ་རྩལ་གྱིས་ཀྱང་༔ གཙུག་ལག་ས་བཏུལ་རི་འགྲིམ་ཚེ༔ སྡེ་བརྒྱད་འབྱུང་པོ་མི་མ་ཡིན༔ ཕྱག་མཚན་འདིས་གཟིར་དམ་ལ་བཞག༔ ངོ་མཚར་ཡ་མཚན་དེ་ལྟར་ཡིན༔ སྨྱོན་པ་འདུལ་དང་སྲིའུ་གསོ༔ སེར་བ་བཟློག་སོགས་ལས་ཕྲན་གང་༔ འདི་ཡིས་གྲུབ་པར་ཉམས་སུ་མྱོང་༔ དེ་ཕྱིར་འདི་ཉིད་ཤིན་ཏུ་གཉན༔ དུས་ངན་སྐལ་མེད་ལོག་ལྟའི་འགྲོར༔ རབ་ཏུ་གསང་
བ་ཤིན་ཏུ་གཅེས༔ རྟེན་འདི་བཞུགས་པའི་ས་ཕྱོགས་སུ༔ བཀྲ་ཤིས་དགེ་ལེགས་འཕེལ་བར་འགྱུར༔ དེ་ཕྱིར་དད་ལྡན་བསྙེན་བཀུར་འབུངས༔ གསང་བདག་ཐུགས་རྟེན་གནམ་ལྕགས་ཀྱི༔ རྡོ་རྗེའི་ལོ་རྒྱུས་ངོ་མཚར་འདི༔ དཔའ་བོ་ལས་རབ་རྩལ་གྱིས་བཀོད༔ དགེ་བས་རེ་འདོད་སྐོང་གྱུར་ཅིག༔ སརྦ་མངྒ་ལཾ༔
གསང་པའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ལས་བྱང་བྱིན་རླབས་རྡོ་རྗེའི་རྫོང་ཆེན།
࿅༔ གསང་པའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ལས་བྱང་བྱིན་རླབས་རྡོ་རྗེའི་རྫོང་ཆེན་བཞུགས་སོ༔ ཐུགས་རྗེའི་དབང་གིས་འགྲོ་དོན་མཛད༔ བླ་མ་རྣམས་ལ་སྐྱབས་སུ་མཆི༔ མི་འབྲལ་རྩེ་གཅིག་བྱིན་བརླབས་པའི༔ ཡི་དམ་ལྷ་ལ་སྐྱབས་སུ་མཆི༔ ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར༔ མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ ལན་གསུམ་བྱ༔ སྔོན་ནས་བསགས་པའི་སྡིག་པ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ སྭ་བྷཱ་ཝས་སྦྱངས་ཨཱོཾ་ཨཱཿཧཱུྃ༔ གསུམ་ༀ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཧཱུྃ༔ ༀ་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ༔ བདག་མདུན་ལྷན་ཅིག་ཏུ་དམིགས་ཏེ༔ སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་པདྨ་ཉི་མ་ཡི༔ སྟེང་དུ་རང་སེམས་ཧཱུྃ་ཡིག་མཐིང་ག་ལས༔ ཁྲོ་བོའི་རྒྱལ་པོ་གསང་བདག་གཏུམ་པོ་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར་ཞིང་གདེངས༔
ཕྱག་གཡོན་སྡིགས་མཛུབ་ཀྱིས་ནི་དྲིལ་བུ་འཛིན༔ སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཅན༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་སྤྲས༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་དོར་ཐབས་བཞུགས༔ སྐུ་ལ་གཟི་བྱིན་ནུས་པའི་མེ་དཔུང་འབར༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འོད་འཕྲོས་རང་འདྲའི་ཡེ་ཤེས་སེམས་ད པའི་ཚོགས༔ དམ་ཚིག་རྟེན་ལ་བཛྲ་ས་མ་ཛཿ སྤྱན་འདྲེན་ནི༔ ཆོས་དབྱིངས་རྣམ་དག་དུར་ཁྲོད་གཞལ་ཡས་ནས༔ སྐྱེ་མེད་དབྱིངས་ལས་འགག་མེད་སྐུར་སྣང་བ༔ སངས་རྒྱས་ཐུགས་མཆོག་དཔལ་ལྡན་རྡོ་རྗེ་འཆང་༔ འགྲོ་བ་ཐུགས་རྗེས་སྦྱང་ཕྱིར་སྤྱན་འདྲེན་གཤེགས༔ བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ་དམ་ཡེ་དབྱེར་མེད་གྱུར༔ ཡེ་ཤེས་ཁྲོ་རྒྱལ་མཆོག་ལ་ཕྱག་འཚལ་ལོ༔ འབྱུང་པོ་འདུལ་མཛད་གསང་བའི་བདག་པོ་ལ༔ ཉེར་སྤྱོད་རྣམ་ལྔ་ཕྱི་ཡི་མཆོད་པ་འབུལ༔ འདོད་ཡོན་རྣམ་ལྔ་ནང་གི་མཆོད་པ་འབུལ༔ སྨན་གཏོར་རཀྟ་གསང་བའི་མཆོད་པ་འབུལ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་
འབུལ༔ དགྱེས་པར་བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ བཛྲ་པཱ་ཎི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ༔ པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༔ གསང་བདག་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་དཀྱིལ་སྟེང་དུ་ཧཱུྃ་མཐིང་མཐར༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་འཕྲོ་འདུ་ཡིས༔ རྒྱལ་བ་ཀུན་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ བྱིན་རླབས་ཚུར་འདུས་ནུས་སྟོབས་གཟི་བརྗིད་འབར༔ ༀ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ རྩ་བསྙེན་ནོ༔ ཡང་བསྙེན་པ་འདི་བཞིན་ནོ༔ ༀ་ཨཱཿཧཱུྃ་བཛྲ་པཱ་ཎི་ནི་ལམ་བྷ་ར་དྷ་ར་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཅེས་སོ༔ བདག་མདུན་གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་ལས་མེ་དཔུང་ཁྲོ་ཆུང་མཚོན་ཆའི་ཆར༔ ཚ་ཞིང་རྩུབ་ལ་དྲག་ཅིང་མྱུར་བ་འཕྲོས༔ བགེགས་ཚོགས་བསད་བཅད་བསྲེགས་སྦྱངས་སྟོང་པར་གྱུར༔ ༀ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ འདི་དྲག་སྔགས་ཀྱི་མཐར་ཐུག་ཡིན་ནོ༔ ཐུན་མཐར་
དབྱངས་གསལ་ཡེ་དྷར་རྣམས་བརྗོད༔ མཆོད་བསྟོད་སྔར་བཞིན་བྱའོ༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ འོད་དཔག་མེད་མགོན་འཕགས་མཆོག་སྤྱན་རས་གཟིགས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔ བདག་ཅག་རྣམས་ལ་དབང་བསྐུར་བྱིན་གྱིས་རློབས༔ སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་སོལ༔ མཆོག་ཐུན་ཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོལ༔ ཡི་དམ་ལྷ་དང་སྐལ་བ་མཉམ་གྱུར་ཅིག༔ རྩ་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དབང་ལེན་ཡིག་བརྒྱ་བཟླ༔ གསང་སྔགས་ཆོ་གའི་ཉམས་ཆག་འགལ་འཁྲུལ་རྣམས༔ མཐོལ་བཤགས་བཟོད་པར་གསོལ་ལོ་ཚངས་པར་མཛོད༔ ལྷ་སྔགས་ཏིང་འཛིན་དམིགས་པའི་འཕྲོ་འདུ་རྣམས༔ རྫོགས་རིམ་སྤྲོས་བྲལ་དམིགས་མེད་ངང་དུ་ཐིམ༔ དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན༔ ཕྱག་ན་རྡོ་རྗེའི་གོ་འཕང་ཐོབ་པར་ཤོག༔ བླ་མ་ཡི་དམ་མཁའ་འགྲོའི་ཐུགས་རྗེ་ཡིས༔ བདེ་སྐྱིད་དཔལ་ལ་སྤྱོད་པའི་བཀྲ་ཤིས་སྩོལ༔ གཞན་ཡང་བཀྲ་ཤིས་པའི་ཚིགས་བཅད་མང་དུ་བྱའོ༔ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ལས་བྱང་བྱིན་རླབས་རྡོ་རྗེའི་རྫོང་ཆེན་ཞེས་བྱ་བ་རང་ཉིད་དང་༔
གཞན་དག་ལའང་ཕན་པར་བྱ་ཕྱིར༔ རྗེ་བླ་མ་དམ་པ་སྐལ་བཟང་པདྨ་དབང་ཕྱུག་གིས་དག་སྣང་དུ་བདག་རང་ལའང་དབང་དུས་དང་སྒྲུབ་དུས་དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཀྱི་མཚན་མ་བྱུང་བ་ལ་བརྟེན་གནས་ཆེན་གཞོ་སྟོད་ཏི་སྒྲོར་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔
གཟའ་སྲུང་ཉི་མ་མདུང་གང་གི་ངག་ཁྲིད་རྩ་བའི་དོན་གསལ།
༄༅། །གཟའ་སྲུང་ཉི་མ་མདུང་གང་གི་ངག་ཁྲིད་རྩ་བའི་དོན་གསལ་བཞུགས་སོ། །བླ་མ་དང་བདུད་འདུལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཡང་རྗེ་བཙུན་གཡའ་བཟང་པ་ལ་རཱ་ཧུ་ལས་དངོས་སུ་ཕུལ་བའི་གདམས་པ་ཉི་མ་མདུང་གང་ཞེས་རླུང་ལྟར་གྲགས་པ་དེ་ལག་ཏུ་ལེན་པའི་རིམ་པ་ནི་ཐོག་མར་ཟླ་དེའི་ཉེར་དགུ་ནས་བརྩམས་ཏེ་ཕྱི་མའི་ཉེར་དགུའི་བར་ཉི་མ་མདུང་གང་ལ་སླེབས་ཀྱང་། རིན་པོ་ཆེའི་སྣོད་དུ་དཀར་གཏོར་གཙང་མ་བཤམས། རང་ཉིད་ཁ་ནུབ་ཏུ་ཕྱོགས་ཙོག་པུར་འདུག་ཅིང་། འདི་ལྟར་འཇུག་པ། ན་མོ། བླ་མ་དཀོན་མཆོག་རྒྱལ་བ་སྲས་བཅས་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །རང་གཞན་སེམས་ཅན་སྟེང་གདོན་འཇིགས་པ་ལས། །གཏན་དུ་ཐར་ཕྱིར་སྒོམ་བཟླས་ཟབ་མོར་འཇུག །གསུམ། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རི་རབ་བང་རིམ་བཞིའི། །སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་གདན། །རཾ་ལས་ཉི་མའི་དཀྱིལ་འཁོར་འབར་བའི་དབུས། །རང་ཉིད་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །དབུ་སྐྲ་སྨ་ར་དམར་སེར་གྱེན་དུ་བརྫེས། །དམར་ཟླུམ་སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར། །ཕྱག་
གཡོན་སྦྲུལ་ཞགས་གདེངས་པའི་སྟབས་སུ་འཛིན། །དཔའ་བརྗིད་ཉམས་ལྡན་སྐུ་སྨད་སྟག་ཤམ་གསོལ། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་བགྲད། །སྐུ་དང་ཡན་ལག་ཉིང་ལག་སྦྲུལ་གྱིས་བརྒྱན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པ་དང་། །འོད་འཕྲོས་རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ། །ཧཱུྃ། འོག་མིན་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཕྱག་ན་རྡོ་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུར་སྤྲུལ་པ། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ་དམ་ཡེ་དབྱེར་མེད་བཞུགས། །རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདེ་གཤེགས་ཀུན་གྱི་ཐུགས་ཀྱི་རྡོ་རྗེ་དངོས། །མཐུ་སྟོབས་བྱིན་རླབས་དཔལ་དུ་འབར་བའི་གར། །མཐོང་ཐོས་དྲན་པའི་འཇིགས་དང་བྲལ་བ་སྦྱིན། །གསང་བདག་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་
ཀར་ཉི་སྟེང་ཧཱུྃ་མཐིང་སྔགས་ཕྲེང་ལས། །འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །སེམས་ཅན་ཀུན་གྱི་ནད་གདོན་བར་ཆད་བསལ། །ལྷ་སྔགས་ཏིང་འཛིན་རོལ་པ་ཆེན་པོའི་ངང་། །ཏདྱ་ཐཱ། ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛ་ས་མ་ཡ་ཏི་སྭཱ་ཧཱ། ཅི་ནུས་བཟླ། སྤྲོ་ན་མཆོད་བསྟོད་བྱ། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་མདུན། །གཟའ་བདུད་མགོ་དགུ་བོང་ཚད་མཐེབ་ཚིགས་ཙམ། །སྟེང་ཞལ་བྱ་རོག་དབུ་དང་བཅུ་ཡོད་པ། །སྐུ་མདོག་དུད་ཁ་ལྟེ་བ་མན་ཆད་སྦྲུལ། །སྤྱན་སྟོང་གཏམས་ཤིང་རིན་ཆེན་སྣ་ཚོགས་བརྒྱན། །ཕྱག་བཞི་དང་པོས་གུས་འདུད་ཐལ་མོ་སྦྱར། །གཡས་ཀྱི་འོག་མས་སྦྲུལ་གྱི་ཞགས་པ་དང་། །གཡོན་འོག་མདའ་ལྔ་རྭ་ཡི་གཞུ་འཛིན་པ། །ཤིན་ཏུ་གདོང་སྨད་དུལ་བའི་རྣམ་པ་ཅན། །བདག་གིས་ཅི་བཅོལ་བཀའ་ཉན་བྱེད་པར་གྱུར། །ༀ་ཉི་མ་ནན༔ ཟླ་བ་ནན༔ ཀླད་པ་ནན༔ སྙིང་མགོ་ནན༔ བཞེ་རྩེ་ལྟག་ཁུང་ནན༔ ཨེ་རྩ་ཏྲ་མ་ཏྲ་བཟློག༔ ཨེ་ནཱ་ག་ཤིག༔ ནཱ་ག་སོད༔ ནཱ་ག་བཟློག༔ ནཱ་ག་ཀྲོ་ཏྲའི་མགོ་ལ་ནན༔ ཞེས་བརྒྱ་རྩ་བརྒྱད་བཟླ། ཡང་ལུགས་གཅིག་ལ་
སྔགས་ལྔ་བཅུ་བཟླ་གོང་གི་གཟའ་དཀར་པོ་སོང་བར་བསམ། ལན་ཉི་ཤུ་བཟླ་མཇུག་ཁོག་པར་ཐིམ། ཐང་རིལ་སོང་བར་བསམ། ལན་ཉེར་ལྔ་བཟླས། མགོ་རྣམས་རྩ་བའི་མགོ་ལ་ཐིམ། སྦྲུལ་མཇུག་ལྷག་མེད་སོང་བར་ཐིམ། ཁོང་པས་རྐང་པ་གཉིས་བརྐྱང་བར་བསམ། ལན་བཅུ་ཙམ་བཟླ། ལག་པ་འོག་མ་གཉིས་ཀྱི་ཕྱག་མཚན་རྣམས་དང་ཡི་དམ་དུ་གསལ་བ་ལ་ཕུལ་བཀའ་ཉན་གསུང་སྒྲུབ། ལག་པ་འོག་མ་གཉིས་རྩ་ཕྱག་ལ་ཐིམ། ལུས་ཀྱི་མིག་རྣམས་རིན་པོ་ཆེའི་རྒྱན་དུ་གྱུར་པར་བསམ། དེ་ལྟར་སྔགས་བརྒྱ་རྩ་བརྒྱད་ཀྱི་མགོ་ནས་དམིགས་པ་དེ་རྣམས་རིམ་པར་བྱེད་པ་བཞིན། ཐ་ན་དམིགས་པ་མི་ཤེས་ཀྱང་སྔགས་བརྒྱ་རྩ་བརྒྱད་གསལ་ལ་དག་པར་བཟླས་ཀྱང་ཆོག་པའི་ཕྱག་ལེན་ཀྱང་སྣང་། གང་ལྟར་ཀྱང་གཏོར་མ་བསྔོ་བ་ནི། ཨ་མྲྀ་ཏ་དང་སྭ་བྷཱ་ཝས་སྦྱང་། ལྷ་རྫས་འདོད་ཡོན་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་བརླབས། ༀ་ཀྱེ་ཏ་ཀྱེ་ཏ་རཱ་ཧུ་ལ་བི་ཛ༔ ༀ་ཨཱཿཧཱུྃ༔ ཨེ་དཾ་བྷ་ལིང་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ལན་གསུམ་བསྔོའོ། །ༀ་ནི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛ་ས་མ་ཡ་ཏི་ཨ་ཛ་མ་ནེ་ཨེ་ཏྲ་ཙེ་ཡེ་སྭཱ་ཧཱ༔ ༀ་བཛྲ་པུཥྤེ་སོགས། ཤབྟ་ཨ་ཧཱུྃ༔ བསྟོད་པ་ནི། ཧཱུྃ། གསང་བདག་ཁྲོ་རྒྱལ་དབང་པོའི་བཀའ་སྡོད་ཅིང་། །རྡོ་རྗེའི་དམ་ལ་མི་འདའ་གཡར་དམ་ཅན། །རྣམ་པར་སྣང་མཛད་སྤྲུལ་པའི་རོལ་གར་ཅན། །སྲུང་མ་རཱ་ཧུ་ལ་ཁྱོད་དང་བས་བསྟོད། །༔
ཕྲིན་ལས་བཅོལ་བ་ནི། བདག་དང་སེམས་ཅན་ཐམས་ཅད་གཟའ་གཟེར་ཀི་ཀང་ལ་སོགས་པའི་གནོད་པ་ཕོག་ཐུག་ཐམས་ཅད་ཉེ་བར་ཞི་བར་གྱིས་ཤིག ། རཱ་ཧུ་ལ་ས་པཱ་རི་ཝཱ་ར་གཙྪ། སེ་གོལ་གཏོགས་ཕྱིའི་རྒྱ་མཚོའི་འགྲམ་དུ་སོང་བར་བསམ། རང་ཉིད་ལྷ་སྐུ་མཐའ་ནས་རིམ་གྱིས་བསྡུས༔ ཇེ་ཕྲ་ཇེ་ཕྲར་རང་ཡལ་རང་དག་གྱུར༔ དམིགས་བསམ་སྤྲོ་བསྡུ་ཉེ་བར་ཞི་བ་ཡི༔ སྟོང་ཆེན་ཐིག་ལེ་ཉག་གཅིག་ཀློང་དུ་བརྡལ༔ ཨ་ཨ༔ ཞེས་ཡུན་རིང་དུ་སྟོང་ཉིད་ཀྱིས་རྒྱས་བཏབ། ཕན་ཡོན་དགོས་ཆེད་ནི། སྐྱེ་བ་ལྔ་བརྒྱའི་བར་དུ་གཟའི་གནོད་པ་མི་སྲིད། ཁ་ཅིག་ལས་སྐྱེ་བ་འདི་ནས་བཟུང་སྐྱེ་བ་འབུམ་ཚེས་ཀྱི་བར་དུ་སྟེང་གདོན་གཟའི་གནོད་པ་མི་འབྱུང་ངོ་། །ཞེས་རཱ་ཧུ་ལ་ཉིད་ཀྱིས་དངོས་སུ་བཤད་དོ། །ཞེས་རྩ་བ་ལས་བྱུང་ངོ་། །གཟའ་ནད་མ་བྱུང་བ་རྣམས་ལ་ཕྱིས་མི་འབྱུང་ཞིང་། ནད་ཀྱིས་ཐེབས་པ་རྣམས་མྱུར་དུ་ཕན་པའི་གསང་སྔགས་ཟབ་མོ་རྩོད་མེད་ཡོངས་གྲགས་སུ་གྱུར་པའི་ཚུལ་འདིའི་ངག་ཁྲིད་ནི་དད་དང་ཚུལ་ཁྲིམས་དམ་ཚིག་དང་ལྡན་པ་དགེ་སློང་བསྟན་འཕེལ་གྱི་གསུང་ངོར་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག། །།
དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བ།
༄༅། །དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བའོ། །
རང་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དྲེགས་པ་ཉི་ཤུ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ དྲེགས་པ་འདུལ་བྱེད་བཀའ་ཉན་པ༔ སྲིད་གསུམ་མངའ་བདག་མཐུ་རྩལ་ཅན༔ མ་ཧཱ་དེ་ཝ་ལ་སོགས་པའི༔ དྲེགས་པ་ཉི་ཤུ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དགྲ་བགེགས་བམ་བརྩེགས་ཁྲི་ལ་བཞུགས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་རུས༔ ཕྱི་ནང་གསང་སོགས་
མཆོད་པ་འབུལ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༀ་བཛྲ་ཙཎྜ་སརྦ་དུཥྚཾ་ཧཱུྃ་ཧཱུྃ་྄ཕཊ༔ ཡ་མ་ནཱ་ག་དེ་ཝ་རཱ་ཧུ་ལ་ཡཀྴ་རཀྴ་དྷ་ཤ་གྷྲི་ཝ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ གསུམ། ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ དབང་ཕྱུག་ཆེན་པོ་ལ་སོགས་པ༔ དྲེགས་པ་ཉི་ཤུ་འཁོར་དང་བཅས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ དགྱེས་པར་བྱ་བའི་མཆོད་པ་ནི༔ དགྲ་
བགེགས་བསྒྲལ་བའི་བྷནྡྷ་རུ༔ འབྲུ་ནག་བཤོས་བུ་ཟུར་གསུམ་པ༔ དར་དག་ཅོད་པན་མང་པོས་བརྒྱན༔ དགྲ་བགེགས་རྣམས་ཀྱི་དོན་སྙིང་དང་༔ ཤ་རུས་རི་ལྟར་སྤུངས་ནས་ཀྱང་༔ ཤ་ཁྲག་རྒྱ་མཚོ་བསྐྱིལ་བ་ཡི༔ དམ་རྫས་གཏོར་ཆེན་བཤམས་པ་ཡང་༔ འབུལ་གྱིས་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྔམ་ཞིང་འཇིགས་པའི་ཆ་ལུགས་ཀྱིས༔ གསོལ་ཅིག་ལྷག་མ་མེད་པར་མཛོད༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དྲེགས་པ་སྡེ་གསུམ་དུས་ལ་བབ༔ གཟའ་བདུད་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་ལེགས་པའི་དུས་ལ་བབ༔ བདུད་ནག་རང་རྒྱུག་དུས་ལ་བབ༔ མགར་བ་བྱ་ཞོན་དུས་ལ་བབ༔ མོན་པ་སྒོ་རྡུང་དུས་ལ་བབ༔ ཤན་དམར་ཀུ་འདེབས་དུས་ལ་བབ༔ མོན་པ་རླུང་ནག་དུས་ལ་བབ༔ མ་མོ་ཤ་མེད་དུས་ལ་བབ༔ མོན་པ་ཁྲམ་རྒྱུག་དུས་ལ་བབ༔ གནོད་སྦྱིན་དཀོར་བདག་དུས་ལ་བབ༔ ཨ་ཙར་ནག་པོའི་དུས་ལ་བབ༔ སེང་སྟག་སྤྱང་གསུམ་དུས་ལ་བབ༔ ཐེའུ་རང་ནོར་སྙེག་དུས་ལ་བབ༔ དུག་གི་མདེའུ་ཐུང་དུས་ལ་བབ༔
ས་སྲིན་ཕོ་མོའི་དུས་ལ་བབ༔ ཀླུ་བདུད་ནག་པོའི་དུས་ལ་བབ༔ གནམ་ས་གོ་བཟློག་དུས་ལ་བབ༔ ལྐུགས་བྱེད་ཆེན་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས༔ ལྷ་སྲིན་སྡེ་བརྒྱད་མ་ལུས་ཀུན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟེན་པའི་ཚེ་ན་རྒྱང་མ་རིང་༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་རྟུལ༔ མཆོད་པའི་ཚེ་ན་ཕྲག་མ་དོག༔ རྦད་པའི་ཚེ་ན་མཐུ་མ་ཆུང་༔ སྲོག་ལས་དུས་སུ་འདི་སྦྱར༔ ལས་སུ་དགྲ་བོའི་སྲོག་རྩ་ཆོད༔ ཟས་སུ་དགྲ་བོའི་ཤ་ལ་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུངས༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཆོད༔ བསྐུལ་བ་ནི༔ ཧཱུྃ༔ དྲེགས་པ་འདུལ་བྱེད་བཀའ་ཉན་པ༔ སྲིད་གསུམ་མངའ་བདག་མཐུ་རྩལ་ཅན༔ མ་ཧཱ་དེ་ཝ་ལ་སོགས་པ༔ དྲེགས་པ་ཉི་ཤུ་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ཕྲིན་ལས་མྱུར་དུ་སྒྲུབས༔ དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཐོངས༔ དབང་ཕྱུག་ཆེན་
པོའི་དུས་ལ་བབ༔ དྲེགས་པ་སྡེ་གསུམ་དུས་ལ་བབ༔ གཟའ་བདུད་ཆེན་པོའི་དུས་ལ་བབ༔ རྡོ་རྗེ་ལེགས་པའི་དུས་ལ་བབ༔ བདུད་ནག་རང་རྒྱུག་དུས་ལ་བབ༔ མགར་བ་བྱ་ཞོན་དུས་ལ་བབ༔ མོན་པ་སྒོ་རྡུང་དུས་ལ་བབ༔ ཤན་པ་ཀུ་འདེབས་དུས་ལ་བབ༔ མོན་པ་རླུང་འཚུབ་དུས་ལ་བབ༔ མ་མོ་ཤ་མེད་དུས་ལ་བབ༔ མོན་པ་ཁྲམ་རྒྱུག་དུས་ལ་བབ༔ གནོད་སྦྱིན་དཀོར་བདག་དུས་ལ་བབ༔ ཨ་ཙར་ནག་པོའི་དུས་ལ་བབ༔ སེང་སྟག་སྤྱང་གསུམ་དུས་ལ་བབ༔ ཐེའུ་རང་ནོར་སྙེག་དུས་ལ་བབ༔ དུག་གི་མདེའུ་ཐུང་དུས་ལ་བབ༔ ས་སྲིན་ཕོ་མོའི་དུས་ལ་བབ༔ ཀླུ་བདུད་ནག་པོའི་དུས་ལ་བབ༔ གནམ་ས་གོ་ལྡོག་དུས་ལ་བབ༔ ལྐུགས་བྱེད་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཡང་སྤྲུལ་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡཱ༔ དམ་ཉམས་དགྲ་བོའི་ཁང་ཁྱིམ་དུ༔ སྒྲ་འོད་སྡིགས་ཆོམ་ལྟས་ངན་ཐོངས ༔ ཝ་མོ་རྒྱུག་པའི་ལྟས་ངན་ཐོངས༔ འུག་པ་རྒོད་པའི་ལྟས་ངན་ཐོངས ༔ སྒོ་ཁྱི་ངུ་བའི་ལྟས་ངན་ཐོངས ༔ སྤྲེའུ་མེ་
འབུད་ལྟས་ངན་ཐོངས ༔ སྦྲུལ་ནག་འཁྱིལ་བའི་ལྟས་ངན་ཐོངས ༔ སྦལ་མཁར་བརྩེགས་པའི་ལྟས་ངན་ཐོངས ༔ ཙང་ཕག་བྲོ་རྡུང་ལྟས་ངན་ཐོངས ༔ འདབ་ཆགས་བྱ་ཡི་ལྟས་ངན་ཐོངས ༔ གཅན་ཟན་རྒྱུག་པའི་ལྟས་ངན་ཐོངས ༔ རི་དྭགས་འཛིང་བའི་ལྟས་ངན་ཐོངས ༔ མི་ནག་གཡབ་པའི་ལྟས་ངན་ཐོངས ༔ རླུང་ནག་འཚུབ་པའི་ལྟས་ངན་ཐོངས ༔ ལྟས་ངན་སྣ་ཚོགས་དགྲ་ལ་ཡ༔ དྲེགས་པའི་དམག་ཚོགས་དགྲ་ལ་བྷྱོ༔ དམ་ཉམས་དགྲ་ལ་རྟགས་ཕྱུངས་ཤིག༔ ཁྲག་ནད་རྒྱུ་གཟེར་ཐོབ་ལ་ཤོག༔ སྨྱོ་འབོག་ནད་ཀྱིས་སོད་ལ་ཤོག༔ མདའ་གྲི་མདུང་གྲིར་སོད་ལ་ཤོག༔ ལོ་དང་ཟླ་བར་མ་བཞག་ཅིག༔ ཞག་དང་ཟ་མར་སོད་ལ་ཤོག༔ ཅེས་དྲག་ཏུ་བསྐུལ་ལོ༔
ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས།
༄༅། །ཕུར་པ་ཡང་གསང་བླ་མེད་ཀྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ། །རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་། །རྡོ་རྗེ་ཆོས་དང་ལས་ཀྱི་དབང་མོ་ཆེ། །པྲ་ཆེན་ཧསྟི་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བཀའ་བབས་མཚོ་རྒྱལ་ལོ་ཆེན་བཻ་རོ་དང་། །ལང་གྲོ་ལོ་ཙཱ་གཏེར་ཆེན་རཏྣ་གླིང་། །ཚེ་དབང་གྲགས་དང་ངག་དབང་མཚན་ཅན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ངག་དབང་མ་ཎི་ནོར་བུ་ཡོངས་གྲགས་དང་། །དབང་ཆེན་ལྷུན་གྲུབ་སངས་རྒྱས་ཕུན་ཚོགས་ཞབས། །ཀརྨ་དགེ་ལེགས་ཆགས་མེད་རྫོགས་ཆེན་པར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ནམ་མཁའི་མཚན་ལྡན་པདྨ་རྣམ་པར་རྒྱལ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཞད་པའི་སྡེ། །སྟོབས་ལྡན་མཆོག་གྲུབ་དཔའ་བོ་ལས་རབ་རྩལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཐིང་ནག་ཨེ་ཁྲམ་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་ཁྲ་ཕྱག་དང་། །སྲས་དང་ཕུར་སྐྱོང་
སྲུང་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེང་ནས་གདོད་མའི་གཞི་ལ་མ་གྲོལ་བར། །ཡོངས་འཛིན་དགེ་བའི་བཤེས་གཉེན་རྩེ་ག ཅིག་ཏུ། །བསྟེན་ནས་རྡོ་རྗེ་གཞོན་ནུའི་ཉམས་ལེན་ལ། །འབད་ཅིང་ཁྲག་འཐུང་རྒྱལ་པོ་མྱུར་འགྲུབ་ཤོག །རིག་མཆོག་འབུམ་སྡེའི་བཅུད་ཕྱུངས་གདམས་པའི་ཕུལ། །རྒྱལ་དབང་པད་འབྱུང་ཡབ་ཡུམ་ཐུགས་ཀྱི་བཅུད། །དགོངས་པ་འཁྲུལ་མེད་ཇི་བཞིན་ལེགས་རྟོགས་ནས། །ཚུལ་བཞིན་བསྒོམས་པས་མྱོང་བ་མཐར་ཕྱིན་ཤོག །དང་པོ་སྨིན་བྱེད་དབང་གིས་རྒྱུད་སྨིན་ཅིང་། །བར་དུ་བསྙེན་སྒྲུབ་ལས་སྦྱོར་ནང་བྱན་ཆུད། །ཐ་མ་མཆོག་ཐུན་ལས་བཞིར་དབང་འབྱོར་བའི། །ཕྲིན་ལས་ཕུར་པའི་རིག་འཛིན་མཆོག་གྲུབ་ཤོག །ཆོས་དབྱིངས་རྣམ་པར་དག་པའི་ཧོམ་ཁུང་དུ། །རང་རིག་ཁྱབ་བརྡལ་ཡེ་ཤེས་ཕུར་བུ་མཆོག །ཐེབས་པས་གཟུང་འཛིན་འཁྲུལ་དགྲ་དབྱིངས་སུ་བསྒྲལ། །གཉིས་མེད་ཀློང་ཡངས་ཆེན་པོར་རྫོགས་པར་ཤོག །དེ་ཡི་རང་གདངས་འགག་མེད་སྙིང་རྗེའི་རྩལ། །རྡོ་རྗེ་ཁྲོས་པས་ཞེ་སྡང་
གཅོད་བྱེད་པའི། །ཤེས་རབ་དབྱིངས་ཀྱི་མཁའ་ལས་ཁྲོ་བོའི་སྤྲིན། །ཕྱོགས་བཅུར་སྤྲོ་བས་འགྲོ་བའི་དོན་བྱེད་ཤོག །ལོག་རྟོག་མནར་བའི་ཞིང་བཅུ་ཚང་བའི་དགྲར། །བརྩེ་བས་དག་ཞིང་མགྲོན་དུ་འབོད་བྱའི་ཕྱིར། །གསལ་བ་གསུམ་ལྡན་ཚེ་ཁྲུས་དགོངས་གནད་ཀྱིས། །རྣམ་ཤེས་མཁར་བསྟིམ་རྒྱལ་སྲས་སྐུ་འགྲུབ་ཤོག །བསྒྲལ་བྱ་སྒྲོལ་བྱེད་ངོ་བོར་ཡོངས་དག་ནས། །བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག་པ་ཉིད། །ཇི་བཞིན་རྟོགས་པའི་གདེང་ཚད་བརྟན་པོ་ཡིས། །སྲིད་པ་ཕུར་བུས་འགྲོ་དོན་འགྲུབ་གྱུར་ཅིག །ལུས་ནི་སྲ་བརྟན་རྡོ་རྗེའི་ཆོས་བདུན་ལྡན། །ངག་གི་སྙིང་པོ་གྲག་སྟོང་ཀཱི་ལ་ཡ། །སེམས་ཉིད་ཡེ་དབྱིངས་མཐའ་བྲལ་དེ་བཞིན་ཉིད། །གདོད་མའི་གཞི་ལ་རང་སར་གྲོལ་གྱུར་ཅིག །དཔལ་རྡོ་རྗེ་ཕུར་པའི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ཉིད་ནི་མོས་ལྡན་ངག་དབང་མཆོག་ལྡན་གྱིིས་བསྐུལ་བ་ལ། སྔར་བརྩམས་པ་ཡོད་ནའང་སླར་ཡང་ལེགས་ཆར་བསམ་ནས་སྔགས་འཆང་དྲག་པོ་རྡོ་རྗེ་སྟོབས་མཆོག་རྩལ་གྱིས་སྦྱར་བའོ། །མངྒ་ལཾ། དགེའོ།། །།
ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བལྟས་མཆོག་ཏུ་བཀོད་པ་སྙིང་པོའི་བཅུད་དྲིལ་དོན་གྱི་ཕྲིན་ལས།
࿅༔ ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་བལྟས་མཆོག་ཏུ་བཀོད་པ་སྙིང་པོའི་བཅུད་དྲིལ་དོན་གྱི་ཕྲིན་ལས་ཞེས་བྱ་བ་བཞུགས་སོ། །
࿅༔བླ་མ་དང་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཡང་གསང་བླ་མེད་གསང་སྒྲུབ་ཁྱེར་བདེར་བཀོད་པ་ནི༔ གསང་སྒྲུབ་བསྐྱེད་རྫོགས་སེམས་ལ་ལོངས་སྤྱོད་ཕྱིར་སྤྲོས་པ་མང་པོ་མི་འཚལ་ཞིང་། དཀྱིལ་འཁོར་ཡང་འབྲུ་ཚོམ་དང་འབྱོར་ན་ལྷ་ཕུར་ཚང་བའོ༔ ཡང་ན་གཙོ་ཕུར་གཅིག་ལ་བརྟེན་ན་རུང་༔ གཏོར་མ་མཆོད་པ་སོགས་ཀྱང་བཤམས༔ སྟན་བདེ་བར་འདུག་ནས༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔
གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ ༀ་སུཾ་བྷ་ནི་སོགས་མཚམས་གཅོད་ནི༔ ཧཱུྃ༔ ང་ནི་རང་བྱུང་ཁྲོ་རྒྱལ་ཆེན་པོ་སྟེ༔ སྐུ་གསུང་ཐུགས་ལས་འོད་ཟེར་རབ་འཕྲོས་ཤིང་༔ སྟེང་འོག་ཕྱོགས་མཚམས་མཚོན་ཆའི་གུར་ཆེན་འབར༔ སུས་ཀྱང་འདའ་བའི་སྐབས་མེད་རབ་ཏུ་གཏམས༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་ཆེན་ཏེ༔ རྡོ་རྗེ་འབར་བས་མ་ལུས་འཇོམས་པར་བྱེད༔ སྟེང་འོག་ཕྱོགས་མཚམས་འཁོར་ལོའི་གུར་ཆེན་ཏེ༔ འཁོར་ལོ་འབར་བས་མ་ལུས་གཅོད་པར་བྱེད༔ སྟེང་འོག་ཕྱོགས་མཚམས་རལ་གྲི་འབར་བས་གཏམས༔ རལ་གྲི་འབར་བས་ཐམས་ཅད་གཏུབ་པར་བྱེད༔ སྟེང་འོག་ཕྱོགས་མཚམས་དབྱུག་ཏོ་འབར་བས་གཏམས༔ དབྱུག་ཏོ་འབར་བས་མ་ལུས་རྡུང་བར་བྱེད༔ སྟེང་འོག་ཕྱོགས་
མཚམས་རྒྱ་གྲམ་འབར་བས་གཏམས༔ རྒྱ་གྲམ་འབར་བས་ཐམས་ཅད་སྲུང་བར་བྱེད༔ ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ༔ ༀ་བཛྲ་ཙཀྲ་ཙཀྲ་ཧཱུྃ་ཕཊ༔ ༀ་བཛྲ་ཁ་ལ་ཤ་རཱུ་པ་ཤ་ཧཱུྃ་ཕཊ༔ ༀ་ཀརྨ་ས་ཏ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ ༀ་བཛྲ་ནན་ནན་ཙནྡྷ་རོ་ཁ་ན་ཁརྒ་ཧཱུྃ་ཕཊ༔ ཁྲོ་བཅུའི་མཚམས་གཅོད་ནི༔ ཧཱུྃ༔ ཁྲོ་ཆེན་འབར་བ་མེ་ཡི་ཐོག་སེར་འབེབས༔ སྟེང་འོག་ཕྱོགས་མཚམས་གར་དགུའི་ཚུལ་གྱིས་སྲུང་༔ ཀུན་ཀྱང་ཕྱོགས་བཅུར་ཕུར་པ་འདྲིལ་ཞིང་འདེབས༔ སྲུང་དང་མཚམས་ཀྱི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧཱུྃ་བཛྲ་མ་ཧཱ་ཀྲོ་ཏ་བི་ཤྭ་ཙཀྲ་མ་དྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་བྱེད་པའི་ཕྱིར༔ རྣམ་དག་གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ༔ རང་གསལ་མ་འགགས་ཆོས་དབྱིངས་སྒོ་དབྱེའོ༔ བྷྲཱུཾཾ་མཎྜ་ལ་པྲ་
བེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ རང་བྱུང་ཡེ་ཤེས་ངང་དུ་མཇལ་ཕྱག་འཚལ༔ ཧེ་རུ་ཀ་ས་མ་ཡཱ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ དམ་བཅའ་ནི༔ ཧཱུྃ༔ དམ་ཚིག་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་ངང་༔ བདག་དང་དབྱེར་མེད་གཅིག་ཏུ་མ་གྲུབ་བར༔ སྐྱེ་བ་ཇི་སྲིད་བར་དུ་མི་གཏོང་ངོ་༔ ཀརྨ་ཧེ་རུ་ཀ་ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ བྱིན་དབབ་པ་ནི༔ སྤོས་དང་རོལ་མོ་གཡབ་དར་བཅས༔ ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པའི་ལྷ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་མ་ལུས་རྣམས༔ ཐུགས་རྗེ་ཆེན་པོའི་ཕྲིན་བཀོལ་མི་མཛད་ཅིང་༔ དུས་ལས་མི་འདའ་ཐུགས་རྗེའི་དམ་ཚིག་ཅན༔ ཐུགས་རྗེ་ཆེན་པོའི་ཕྲིན་ལས་རླབས་པོ་ཆེ༔ བླ་མེད་སྒྲུབ་པའི་ད་ལ་ཆེན་པོ་འདིར༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་
ཅིག་ཕོབ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝན༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཧཱུྃ༔ རྡོ་རྗེ་ཕུར་པ་གསང་བའི་དབྱིངས་ཉིད་ནས༔ དབང་བསྐུར་བྱིན་ཆེན་དབབ་པའི་དུས་ལ་བབ༔ སྔོན་གྱི་ཐུགས་དམ་བཅོམ་ལྡན་རྡོ་རྗེའི་བདག༔ རྡོ་རྗེའི་དབང་བསྐུར་དམ་ཚིག་བླ་ན་མེད༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པའི་ལྷ༔ རྒྱལ་བ་མ་ལུས་རྣམས་ཀྱིས་བྱིན་གྱིས་རློབས༔ གུ་རུ་དྷེ་ཝཱ་ཌཱཀྐི་ནི་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཧཱུྃ༔ ས་མ་ཡ་ཛ༔ མཆོད་པ་བྱིན་བརླབ་ནི༔ ཧཱུྃ༔ བླ་མེད་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་རྣམས༔ བདེ་གཤེགས་རྒྱལ་བ་མ་ལུས་མཆོད་པའི་རྫས༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་གནས་གྱུར་ཅིག༔ ༀ་ཨཱཿཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ལན་བདུན༔ ༀ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གྷུ་ཧྱེ་ཤྲཱི་ས་མ་ཡ་ཧཱུྃ༔ བདུན༔ ༀ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ བདུན༔ ༀ་བྷོ་དྷི་ཙིཏྟ་གྷ་ན་གུ་ཧྱེ་ཏ་ན་སརྦ་པཱུ་ཙ་ཧོ༔ བཛྲ་པུཥྤེ་ནས་
ཤབྟ་ༀ་ཨཱཿཧཱུྃ༔ བཤགས་པ་བྱ་བ་ནི༔ ཧཱུྃ༔ ལྷ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོ་དགོངས༔ བདག་ནི་མ་རིག་རྨོངས་ཤིང་གཏི་མུག་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་སོགས༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ལྷ་བསྐྱེད་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དལ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དཀྱིལ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ རང་སྣང་ལས་གྲུབ་གཞལ་ཡས་དབུས༔ པདྨ་ཉི་ཟླ་བདུད་བཞིའི་སྟེང་༔ རང་བྱུང་ཆོས་དབྱིངས་ཡེ་ཤེས་རྩལ༔ རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ནག༔ ཕྲ་ཐབས་བབས་པའི་འཕྲོ་འདུ་ཡི༔ འོད་ཀྱིས་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་བསྡུས་ནས་ཧཱུྃ་ལ་ཐིམ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་
བཅུར་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེངས༔ གཡོན་གཉིས་མེ་དཔུང་ཁ་ཊྭཾ་འཛིན༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཐུགས་ཀར་ཉི་དཀྱིལ་སོར་བཞིའི་སྟེང་༔ གསེར་རྡོར་ཚོན་གང་ལྟེ་བར་ཧཱུྃ༔ རྩ་སྔགས་ཡིག་འབྲུ་བཅུ་གསུམ་བསྐོར༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ཨུཏྤལ་གཙོ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ གཟིག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ བདག་ཉིད་རྡོ་རྗེ་གཞོན་ནུ་ཡི༔ དཔྲལ་བར་ཧཱུྃ་ཀར་སྒྲ་འབྱིན་སྔོ༔ དཔུང་གཡས་རྣམ་རྒྱལ་སྙེ་མ་དཀར༔ དཔུང་གཡོན་དབྱུག་སྔོན་སྡེར་མོ་མཐིང་༔ མགྲིན་པར་རྟ་མགྲིན་གཏུམ་མོ་དམར༔ ཐུགས་ཀར་གཤིན་རྗེ་དུར་ཁྲོད་སྔོ༔ ལྟེ་གོང་བདུད་རྩི་རླུང་འབྱིན་སེར༔ ལྟེ་བར་མི་གཡོ་གཏུན་ཁུང་ལྗང་༔ བརླ་གཡས་འདོད་རྒྱལ་མདའ་སྙེམས་དམར༔ ༔ བརླ་
གཡོན་ཁམས་གསུམ་གསོད་བྱེད་སེར༔ གསང་གནས་སྟོབས་ཆེན་སྐྱོབ་བྱེད་སྔོ༔ སྐུ་མདོག་ཕྱག་མཚན་ཡོངས་སུ་རྫོགས༔ དེ་ལྟར་གཙོ་འཁོར་རང་གདངས་ལས༔ སྲས་དང་ཁྲ་ཐབས་སྒོ་བ་དང་༔ ཕུར་སྲུང་དམ་ཅན་ལས་བྱེད་རྣམས༔ རང་མདངས་སྒྱུ་འཕྲུལ་རོལ་པར་གསལ༔ ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ༀ༔ མགྲིན་པར་ཨཱཿདང་ཐུགས་ཀར་ཧཱུྃ༔ སྙིང་པོ་དེ་དག་བརྗོད་པ་ཡིས༔ གཙོ་དང་འཁོར་དུ་བཅས་པ་ལ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་༔ དབང་རྟགས་དོན་གྲུབ་དབུར་བརྒྱན་གྱུར༔ ༀ་ཨཱཿཧཱུྃ༔ བདུན་བརྗོད༔ ལྷ་ཚོགས་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་འོག་མིན་ཞིང་ཁམས་དང་༔ སྟེང་འོག་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས༔ བསྐྱེད་པ་རྣམས་དང་གཉིས་མེད་བསྟིམ༔ ཡེ་ཤེས་པ་སྤྱན་འདྲེན་པ་ནི༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡཱ་ཨ་ཝེ་ཤ་ཡ་ཨ་ཨ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་
རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་ཚོགས་རྣམས་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་མ་ལུས་འཁོར་བཅས་གཤེགས་ནས་ཀྱང་༔ དམ་ཚིག་དང་ནི་ཡེ་ཤེས་དབྱེར་མེད་པར༔ འོ་མ་དང་ནི་ཆུ་བཞག་ཇི་བཞིན་དུ༔ གཉིས་མེད་བརྟན་པ་ཆེན་པོར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བ་དང་༔ ང་རྒྱལ་ཞེན་པ་གཞོམ་པའི་ཕྱིར༔ རྡོ་རྗེ་སྲིན་པོའི་ཚོགས་བཅས་ལ༔ རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ འབར་བའི་ད་ལ་རྡོ་རྗེ་ཕུར་པའི་ལྷ༔ དངོས་གྲུབ་སྩོལ་ཕྱིར་ཕྱི་ནང་གསང་བ་ཡི༔ གུས་པས་མཆོད་པའི་སྤྲིན་ཚོགས་འབུལ་བ་ནི༔ མེ་ཏོག་བདུག་སྤོས་
མར་མེ་དྲི་ཞལ་ཟས༔ སིལ་སྙན་ལ་སོགས་མཆོད་སྤྲིན་རྒྱ་མཚོ་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་དཔག་མེད་དང་༔ ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་སེམས༔ བླ་མེད་གསང་བ་མཆོག་གི་ཕྱག་རྒྱར་བཅས༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་དང་༔ གྲུབ་པའི་རིག་འཛིན་མཁའ་འགྲོ་དམ་ཅན་ལ༔ རྣལ་འབྱོར་བདག་ཅག་གུས་པས་འབུལ་ལགས་ན༔ དགྱེས་པར་དགོངས་ཏེ་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བཛྲ་པུཥྤེ་དྷུ་པེ་ནས་ཤབྟ་པཱུ་ཙ་ཧོ༔ མ་ཧཱ་སརྦ་པཉྩ་པཱུ་ཙ་ཧོ༔ སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ས་མ་ཡཱ་པཱུ་ཙ་ཧོ༔ བཛྲ་ར་ཧོ་ཧཾ ༔ ར་ག་ཡ་མི་གྷུ་ཧྱ་ས་མ་ཡ་སྟཾ༔ སྨན་མཆོད་འབུལ་བ་ནི༔ སྐུ་གསུམ་བཀའ་བརྒྱུད་རྒྱ་བོད་རིག་འཛིན་དང་༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མཐིང་ནག་གྲུ་གསུམ་འབར་བའི་ད་ལ་ནས༔ དཔལ་ཆེན་མངོན་རྫོགས་རྡོ་རྗེེ་གཞོན་ནུ་དང་༔ གསང་བའི་ཡུམ་མཆོག་
འཁོར་ལོ་རྒྱས་འདེབས་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ མཐིང་ནག་འབར་བ་འཁོར་ལོའི་རྩིབས་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་ཀཱི་ལ་རིགས་བཞི་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ནས༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ཁྲ་ཐབས་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བ རྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ གཞལ་ཡས་ཆེན་པོ་མཉམ་པའི་སྒོ་བཞི་ནས༔ ཕོ་བྲང་སྲུང་བའི་སྒོ་མ་བཞི་རྣམས་ལ༔ རྣམ་དག་དམ་རྫས་བདུད་རྩིའི་མཉེས་མཆོད་འབུལ༔ ཐུགས་རྗེས་བ རྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ དཀྱིལ་འཁོར་སྐྱོང་བའི་མུ་རན་འཁོར་ཡུག་ཏུ༔ ཤྭ་ན་ས་བདག་བདག་ཉིད་རེ་མ་ཏི༔ བསེ་ལྕགས་དུང་གསུམ་སྐྱེས་བུ་འཁོར་རྣམས་དང་༔ ཕུར་པའི་སྲུང་མར་ཞལ་བཞེས་ཐམས་ཅད་ལ༔ རྣམ་དག་དམ་རྫས་བདུད་རྩིའི་
མཉེས་མཆོད་འབུལ༔ ཐུགས་རྗེས་བ རྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ རྒྱལ་བ་མཆོད་ནས་དངོས་གྲུབ་བླང་བ་ནི༔ གཡོན་པས་མཚན་འཛིན་རྡོ་རྗེ་ཐལ་མོ་ལས༔ མཐེ་བོང་དང་ནི་སྲིན་ལག་རྩེ་སྦྱར་ནས༔ བྲིས་པ་བཞིན་དུ་ཟླ་དཀྱིལ་ཐིག་ལེ་བཀོད༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པད་མོ་ལ༔ རྡོ་རྗེ་ཅན་གྱི་གསལ་བར་ཧཱུྃ་བསྒོམས་ཏེ༔ ཟོས་ནས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ གཏོར་མ་འབུལ་བ་ནི༔ ཧཱུྃ ༔ ཁམས་གསུམ་རྣམ་དག་བྷན་དྷའི་དཀྱིལ་འཁོར་དུ༔ སྣང་སྲིད་ཐམས་ཅད་གཏོར་མའི་ཕུང་པོར་གསལ༔ འདོད་ཡོན་སྣ་ཚོགས་ལྷ་མོས་རབ་བརྒྱན་ཏེ༔ དམ་རྫས་བྷ་ལིང་རྒྱན་གྱི་མཆོད་པ་འབུལ༔ གཙོ་དང་འཁོར་བཅས་རྡོ་རྗེ་ཕུར་པའི་ལྷ༔ ཤྭ་ན་ས་བདག་བདག་ཉིད་སྐྱེས་བུ་སོགས༔ མཐུ་དང་རྫུ་འཕྲུལ་འབྱུང་བའི་དུས་ལ་བབ༔ བྷ་ལིང་རྒྱན་གྱི་གཏོར་མ་བཞེས་སུ་གསོལ༔ མ་ཧཱ་བྷ་ལིང་ཏ་ལ་ཁ་རཾ་ཁཱ་ཧི༔ རཀྟ་ཚར་གསུམ་གྱི་མཆོད་པ་ནི༔ སྲས་མཆོག་གི་ཕུར་པ་ལག་ཏུ་བླངས་ཤིང་འདྲིལ་བས༔ དགྲ་བགེགས་གང་ཡིན་དེའི་རྣམ་ཤེས་བླ་དང་བཅས་པ་དེ་ཕུར་བུའི་རྩེ་ལ་ཧྲིལ་གྱིས་
འདུས་པར་བསམ་མོ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་ཅིང་འདྲིལ་བས་ཁྲག་གི་གྲོད་པ་ཞིག་ཏུ་གྱུར་པ་དེར་ཕུར་པ་བཏབ་པས་སྟོང་གསུམ་ཐམས་ཅད་ཁྲག་གི་མེར་གྱིས་གང་སྟེ་འཁོར་བའི་གནས་སྟོངས་པར་བསམ་མོ༔ དང་པོ་བཀའ་ཉན་པའི་ཕྱིར་རཀྟ་ཚར་གཅིག་གི་མཆོད་པ་འབུལ༔ གཉིས་པ་དགྲ་བགེགས་མྱུར་དུ་བ སྒྲལ་བའི་ཕྱིར་ཕྲིན་ལས་བཅོལ༔ གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་ཅིང་དུག་གསུམ་རྩད་ནས་གཅོད་པའི་ཕྱིར་འབུལ་ལོ༔ ཧཱུྃ ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དངོས་གྲུབ་བར་གཅོད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རྟོགས་ཤིག་སྲོག་དང་བྲལ་བར་གྱིས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྔོན་ཆད་ཚུལ་བཞིན་དམ་བཅས་པའི༔ མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ལྷ་འམ་འོན་ཏེ་བདུད་ཀྱང་རུང་༔ ང་ལ་བར་ཆད་བྱེད་པ་རྣམས༔ མཐུ་དང་རྫུ་འཕྲུལ་
མེད་པར་གྱིས༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་པར་འགྱུར༔ ཐལ་བ་རྡུལ་བཞིན་བརླག་པར་མཛོད༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཁ་ཐཾ་ཁ་ཐཾ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ འདོད་པའི་དོན་ལ་གསོལ་བ་གདབ་པ་ནི༔ ཧཱུྃ༔ སྲིད་པ་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བཾ་ཧོ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷིི་ཕ་ལ་ཧཱུྃ་ཨཱཿ བསྒྲལ་མཆོད་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཤྭ་ན་ས་བདག་བདག་ཉིད་སོགས༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ བདག་ནི་རིག་འཛིན་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་
འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་ཡི༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་ཞིག་གིས་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ མ་ཏྲཾ་རཱུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ ཏི་ཧཱུྃ་ཨེ་སྥ་ར་ན་ཕཊ༔ སྦྱོར་མཆོད་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ ཡེ་ཤེས་རོལ་པའི་གསང་བ་རུ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ འཁོར་ལོ་ལྔ་ཡི་དཀྱིལ་འཁོར་དུ༔ བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གསལ༔ བདེ་ཆེན་མཆོད་པ་ཆེན་པོ་བཞེས༔ པདྨོ་ཡོ་གི་ནི༔ མུ་ཏྲ་པྲ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཀུནྡྷ་ལི་ཨེན་ཛ་ལི་ཧོ༔ བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཐམས་ཅད་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་རྣམ་དག་ཤེས་རབ་གསལ་བའི་དོན༔ འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད༔ ས་བཅུའི་མངའ་བདག་ཞིང་བཅུ་
ཚར་གཅོད་དཔལ༔ ཁྲོ་རྒྱལ་ཆེན་པོ་བཅུ་ལ་ཕྱག་འཚལ་བསྟོད༔ ཕ་རོལ་ཕྱིན་བཅུའི་རང་བཞིན་ཤེས་རབ་དངོས༔ ཁྲོ་མོ་ཆེན་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་ཉི་ཤུ་གནས་སུ་སྒྲོལ་མཛད་པ༔ ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཤུགས་ཀྱིས་གནོད་གདུག་ཐམས་ཅད་སྒྲོལ༔ སྲས་མཆོག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཕྱི་ནང་བར་ཆད་སྲུང་བའི་ལས་ལ་བརྩོན༔ དྲག་མོ་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྤྱན་སྔར་ཁས་བླངས་དབང་མོ་ཆེ༔ ཕུར་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྤྲོ་ན་འཛབ་བསྙེན་གྱིི་གོང་དུ༔ ༈ རིག་འཛིན་བསྐུལ་བྱང་ནི༔ ཧཱུྃ༔ ཀུན་བཟང་རྡོར་འཆང་རྡོ་རྗེ་ཆོས༔ ལས་ཀྱི་དབང་མོ་པྲ་ཧ སྟི༔ རྡོ་རྗེ་ཕུར་པའི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག༔ ཐོབ་ཞིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སློབ་དཔོན་པདྨ་འབྱུང་གནས་དང་༔ བི་མ་ལ་དང་བྷ་སུ་དྷར༔ རྡོ་རྗེ་ཕུར་པའིི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག ༔ ཐོབ་ཅིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཚོ་རྒྱལ་བཻ་རོ་དཀོན་མཆོག་འབྱུང་༔ རཏྣ་གླིང་དང་ཚེ་དབང་གྲགས༔ རྡོ་རྗེ་ཕུར་པའི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་
དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག༔ ཐོབ་ཅིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ངག་དབང་གྲགས་དང་ནོར་བུའི་མཚན༔ ནོར་བུ་ཡོངས་གྲགས་དབང་ཆེན་རྩལ༔ རྡོ་རྗེ་ཕུར་པའི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག༔ ཐོབ་ཅིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སངས་རྒྱས་ཕུན་ཚོགས་དགེ་ལེགས་མཚན༔ ཆགས་མེད་རྫོགས་ཆེན་ནམ་མཁའ་འོད༔ རྡོ་རྗེ་ཕུར་པའི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག༔ ཐོབ་ཅིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ པདྨ་རྣམ་རྒྱལ་བཞད་པའི་སྡེ༔ སྟོབས་ལྡན་མཆོག་གྲུབ་ལས་རབ་
རྩལ༔ རྡོ་རྗེ་ཕུར་པའི་རིག་འཛིན་རྣམས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ལ༔ ཀཱི་ལ་ཡ་ཡི་རྩལ་ཕྱུངས་ཤིག༔ ཐོབ་ཅིག་དགྲ་དང་བགེགས་ལ་ཐོབས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྣང་སྲིད་སྣང་གྲགས་རྟོག་ཚོགས་ཀུན༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས༔ ཐབས་མཆོག་མ་ཧཱའི་དཀྱིལ་འཁོར་དུ༔ ཕུར་པའི་ལྷ་ཚོགས་གཟི་བྱིན་བསྐྱེད༔ དངོས་གྲུབ་སྩོལ་ཅིག་ཀཱི་ལ་ཡ༔ རང་ལུས་ཕུང་ཁམས་རྡོ་རྗེའི་ཞིང་༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྫོགས༔ ཤེས་རབ་ཨ་ནུའི་དཀྱིལ་འཁོར་དུ༔ ཕུར་པའི་ལྷ་ཚོགས་གཟི་བྱིན་བསྐྱེད༔ དངོས་གྲུབ་སྩོལ་ཅིག་ཀཱི་ལ་ཡ༔ ཀ་དག་ལྷུན་གྲུབ་ཟུང་འཇུག་ངང་༔ སེམས་ཉིད་རྡོ་རྗེ་གཞོན་ནུའི་ལྷ༔ གཉིས་མེད་ཨ་ཏིའི་དཀྱིལ་འཁོར་དུ༔ ཕུར་པའི་ལྷ་ཚོགས་གཟི་བྱིན་བསྐྱེད༔ དངོས་གྲུབ་སྩོལ་ཅིག་ཀཱི་ལ་ཡ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ ལྷ་དང་མཁའ་འགྲོ་སྤྲིན་བཞིན་འཐིབས༔ ཕུར་སྲུང་དམ་ཅན་བྲན་བཞིན་འདུ༔ ཕྲིན་ལས་རྣམ་བཞི་གློག་ལྟར་མྱུར༔ སྙིང་པོ་སྔགས་ཀྱི་འཕྲོ་འདུ་ཡི༔ སྤྲོས་པས་ཞིང་ཀུན་མཆོད་པས་
ཁྱབ༔ བསྡུས་པས་བྱིན་རླབས་རྩལ་ཆེན་རྫོགས༔ དྲག་སྔགས་མེ་དཔུང་ཁྲོ་མཚོན་གྱིས༔ སྣང་སྲིད་བདུད་བགེགས་ཀུན་བཅོམ་ནས༔ གསང་སྔགས་རྡོ་རྗེའི་སྒྲ་དབྱངས་ཀྱིས༔ འཁོར་འདས་སྣོད་བཅུད་ཀུན་ཀྱང་གང་༔ ཞེས་ཕུར་པའི་གསང་སྒྲུབ་བཀོད་པའི་སྐབས་སུ་རིག་པ་འཛིན་པ་ལས་རབ་རྩལ་གྱིས་སྦྱར་བའོ་དགེའོ༔ འཛབ་བསྐུལ་བ་ནི༔ ཧཱུྃ༔ ཐུགས་དམ་ཆེན་པོའི་ད་ལ་འདིར༔ གསང་བའི་ཡེ་ཤེས་སྒོ་ཕྱེ་སྟེ༔ དངོས་གྲུབ་ཆེན་པོ་འབྱུང་བའི་ཕྱིར༔ བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ བསྙེན་པ་བྱ་བ་ནི༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གཙོ་བོའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ གཙོ་བོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐུགས་རྗེའི་བྱིན་རླབས་ཐམས་ཅད་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་ཚུལ་དུ༔ རང་གི་གནས་གསུམ་དུ་
བར་མ་ཆད་པར་ཐིམ་པས༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ནུས་པ་ཐམས་ཅད་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་ངོ་བོར་སིབ་སིབ་བདག་ལ་ཐིམ་པར་བསྒོམ་ཞིང་བཟླས་པས༔ རང་དང་གོ་ཆའི་ལྷ་ཐམས་ཅད་མདོར་ན་རྩ་གནས་སུ་ལྷ་ཐམས་ཅད་ཐབས་ཤེས་ཡབ་ཡུམ་གྱི་རྣམ་པར་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་གནས་པ་ཐམས་ཅད༔ ཀཱི་ལ་ཡའི་སྔགས་སྒྲ་བུང་བ་ཚང་ཞིག་པ་ལྟར་དི་རི་རི་བཟླས་པར་དམིགས་ལ༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་དུ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ དེ་ནས་སྒྲུབ་པ་ལས་སྦྱོར་ཕྲིན་ལས་གཅིག་ཏུ་དྲིལ་བའི་བཟླས་པ་ནི༔ བདག་བསྐྱེད་དང་དཀྱིལ་འཁོར་གྱི་བསྐྱེད་པ་གོང་ལྟ་བུ་ལ༔ ཕུར་པ་དཔལ་ཆེན་པོར་གསལ་བའི་དམིགས་པ་ཡང་ཡང་བརྟན་པར་བྱའོ༔ བདག་ལྷར་གསལ་བའི་ཞལ་ནས་སྔགས་ཀྱི་ཕྲེང་བ་གཙོ་བོའི་ཞལ་དུ་འཕྲོས༔ གཙོ་བོའི་འཁོར་ལོ་བཞི་ལ་བརྒྱུད༔ རྩ་གནས་ཀྱི་ལྷ་ཐམས་ཅད་སྔགས་ཀྱི་རང་སྒྲ་སྒྲོགས་པས་རྒྱུད་བསྐུལ་ཏེ༔ ལྷའི་ལྟེ་བ་ནས་རང་གི་ལྟེ་བར་འཁོར་བའི་ཚུལ་གྱིས༔ རང་གི་འཁོར་ལོ་བཞི་ལ་ཡང་གོང་ལྟར་བརྒྱུད༔ སྔགས་ཀྱི་
འོད་ཟེར་སྒྲ་དང་བཅས་པས་བསྐུལ་ཏེ༔ སླར་ཡང་རང་གི་ཞལ་ནས་ཐོན༔ ལྷའི་ཞལ་དུ་ཞུགས་པ་མགལ་མེའི་འཁོར་ལོ་ཁོར་ཡུག་ཏུ་གསལ་བ་ལས༔ འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས་པས༔ ཕྲིན་ལས་རྣམ་བཞི་རྒྱུན་དུ་སྒྲུབ་པ་ལ་དམིགས་པའམ༔ གནས་སྐབས་རེ་རེ་སྒྲུབ་པ་ནི་ཞི་བ་ལ་དཀར་པོ་རྒྱས་པ་ལ་སེར་པོ༔ དབང་ལ་དམར་པོ༔ དྲག་པོ་ལ་ལྗང་ནག་སོགས་སོ་སོའི་འཕྲོ་འདུ་གནས་སྐབས་དང་བསྟུན་ནས༔ གཞི་སྙིང་གཅིག་ཏུ་དྲིལ་བ་ཁྲོ་འདུས་ཀྱི་དྲག་སྔགས་བཟླ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ༔ མ་ར་ས་ན་པྲ་མར་ཏ་ན་ཡེ༔ སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཅེས་དག་ཅིང་སྔགས་འདི་ནི་ཤུབ་བུར་བཟླ་བར་བྱའོ༔ དེ་ནས་ལས་སྦྱོར་བསྙེན་པ་ཉེ་བར་བསྒྲུབ་པ་ནི༔ བདག་དཔལ་ཆེན་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས༔ གོང་གི་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་༔ འོད་ཟེར་ཕྲིན་ལས་བཞིའི་འཕྲོ་འདུ་གོང་ལྟར་གསལ་ཞིང་༔ གཞི་སྙིང་གཅིག་ཏུ་དྲིལ་བ་བཟླ༔ བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དུ་སྒྲུབ་པ་སྤུ་གྲི་ཡིན་ཅིང་༔ དྷ་དྷི་རྣམ་གསུམ་གཅིག་ཏུ་དྲིལ་བའི་དྲག་སྔགས་འདི་འགབ་ཡོད་པས་ཆོག་ཤུབ་བུར་བཟླས་པ་ཤིན་ཏུ་རྣོ་སྟེ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་
འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བར་རྡོ་རྗེས་མཚན་པ་མེ་འབར་བར་བསམ་ལ་སྔགས་བཟླས་པས་འོད་ཟེར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་ཐིམ༔ ཐུགས་དམ་དྲག་ཏུ་བསྐུལ༔ ཚུར་འདུས་རྡོ་རྗེ་གསུམ་གྱི་སྲོག་ཐོབ་པར་བསམ༔ ཡང་བདག་གི་ཐུགས་ཀའི་འོད་ཟེར་གྱིས་ཕོ་ཉ་ཟ་གསོད་དམ་ཅན་རྣམས་ཀྱི་སྙིང་ནང་དུ་འཁོར་ལོ་དེ་ཉིད་གནམ་ལྕགས་ཀྱི་ཐོག་ལྟར་འབར་ཞིང་དྲག་ཏུ་བསྐུལ་བས་དམ་ཅན་རྣམས་རང་དབང་མེད་པར་ལས་བྱེད་པར་བསྒོམ༔ ཁྱད་པར་དུ་ཕུར་པའི་ཆར་རྒྱུན་མ་ཆད་པ་འཕྲོས༔ བསྒྲལ་བྱའི་སྤྱི་གཙུག་ཏུ་བཏབ་པ༔ རྐང་མཐིལ་དུ་བྱུང་ནས་ལུས་བསྒྲལ༔ སྙིང་ཁར་ཐོག་ལྟར་བརྒྱབ་པས་སྲོག་རྩ་ཐལ་བར་བཏང་༔ སེམས་ཀྱི་བག་ཆགས་བསྒྲལ༔ སྒོ་གསུམ་བྱེ་རི་ཉིལ་བའམ༔ གཞོབ་བརྫིས་པ་ལྟར་དངོས་མེད་རྗེས་མེད་དུ་བརླགས་པར་བསམ་ལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿ མ་རག་མོ་ཡག་མོ༔ ཀ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་
ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་རྩིག་རྩིག༔ འུར་འུར་ཤིག་ཤིག༔ འགུལ་འགུལ་མྱག་མྱག་སོད་སོད༔ དྷ་དྷི་མ་མ༔ ཀརྨ་ཤི་ཏྲཾ་ཀ་ར་ཡེ༔ མ་ར་ས་ནི༔ པྲ་མར་ཏ་ན་ཡེ་ཧཱུྃ་ཕཊ༔ དབྱངས་གསལ་དང་ཡིག་བརྒྱ་ཡེ་དྷར་བཟླ་ཞིང་༔ ཐུན་མཚམས་སུ་མཆོད་བསྟོད་ནི༔ སྨན་རཀ་སྦྲེང་ཞིང་རོལ་མོ་དང་བཅས༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ འཛབ་དགོངས་གྲངས་ཐེམ་སྨན་རཀ་གཏོར་ཚོགས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ རང་སེམས་དཔང་བཙུགས་བཀའ་བཞིན་བསྒྲུབས་ལགས་ན༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ དངོས་སྒྲུབ་བསྐུལ་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ ལྷག་པའི་ལྷ་ཁྱེད་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཐུགས་མཆོག་དཔལ་གྱི་
བེའུ་ནས༔ ཡེ་ཤེས་གསལ་བའི་ཉི་མ་ཤར༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧོ༔ བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ སྐབས་འདིར་ཚོགས་དང་སྲུང་མའི་མཆོད་པ་སོགས་སྤྲོས་ཀྱང་ཆོག༔ སྨོན་ལམ་དང་༔ བསྔོ་བ་ནི༔ དགེ་བ་འདི་ཡིས་མྱུར་དུ་བདག༔ རྡོ་རྗེ་གཞོན་ནུ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བཟོད་གསོལ་ནི༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དགོངས་སུ་གསོལ༔ སྦྱོར་སྒྲོལ་མཆོད་སྔགས་ཏིང་འཛིན་ཚད་མ་ཕྱིན༔ བཀའ་བཞིན་མ་བསྲུངས་དམ་ཚིག་ཉམས་ཆག་གྱུར༔ ཉེས་བྱས་མི་དགེའི་ལས་རྣམས་བཟོད་པར་གསོལ༔ སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨཱ་ལི་ཀཱ་ལི་དང་ཡིག་བརྒྱ་བརྗོད༔ ཉེར་བསྡུ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འོད་ཞུ་གཞལ་ཡས་ཁང་ལ་ཐིམ༔ གཞལ་ཡས་འཁོར་དང་འཁོར་རྣམས་གཙོ་བོར་ཐིམ༔ དེ་ཡང་རིམ་བསྡུས་ས་བོན་སྔགས་ཕྲེང་ཐིམ༔ ཧཱུྃ་ཡིག་གྱེན་རྫོགས་མི་དམིགས་ངང་ལ་བཞག༔ སྤྱོད་ལམ་ལ་འཇུག་པ་ནི༔ ཕཊ་ཕཊ་ཕཊ༔ བདག་ཉིད་རྡོ་རྗེ་གཞོན་
ནུ་ཡབ་ཡུམ་གྱི༔ སྐུར་གྱུར་གནས་གསུམ་ༀ་ཨཱཿཧཱུྃ་གསུམ་གསལ༔ ༀ་བཛྲ་ཀཱ་ཝཱ་ཙི་ཧཱུྃ༔ ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་གྱུར༔ ༀ་བཛྲ་ཙཀྲ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མཚོན་ཆ་ལྔ་དང་མེ་དཔུང་ཀློང་བཞུགས་པས༔ བར་ཆད་གང་གིས་ཐོ་འཚམ་མི་ནུས་གྱུར༔ བཀྲ་ཤིས་ནི༔ ཧཱུྃ༔ བརྒྱུད་པ་དྲུག་ལྡན་བྱིན་རླབས་ནུས་པའི་གཏེར༔ རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཐབས་མཆོག་དབང་བཞིའི་འབྲས་བུ་རྡོ་རྗེའི་སྐུ༔ དཔལ་ཆེན་ཕུར་པའི་ལྷ་ཚོགས་བཀྲ་ཤིས་ཤོག༔ བསྟན་པ་སྲུང་ཞིང་བསྟན་འཛིན་བུ་བཞིན་སྐྱོང་༔ ཕུར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ ཕྲིན་ལས་རབ་འབྱམས་མཐར་ཕྱིན་བཀྲ་ཤིས་ཤོག༔ དེ་ལྟར་སྤྲུལ་པའི་གཏེར་སྟོན་ཆེན་པོ་རཏྣ་གླིང་པས་གཏེར་ནས་སྤྱན་དྲངས་པའི་ཡང་གསང་སྤུ་གྲིའི་གསང་སྒྲུབ་བལྟས་ཆོག་ཏུ་བཀོད་པ་སྙིང་པོའི་བཅུད་དྲིལ་དོན་གྱི་ཕྲིན་ལས་ཞེས་བྱ་བ༔ ལྷག་པའི་ལྷ་འདི་ཉིད་ཀྱིས་རྗེས་སུ་བཟུང་ཞིང་གྲུབ་པའི་མཚན་མ་ཅུང་ཟད་བརྙེས་པ་༧ དཔའ་བོ་ལས་རབ་རྩལ་གྱིས་ལེགས་པར་སྦྱར་བ་འདི་རང་གཞན་ཉམས་སུ་ལེན་པ་ཐམས་ཅད་དཔལ་ཆེན་མངོན་རྫོགས་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཅིག༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ དགེའོ༔ བཀྲ་ཤིས༔ མངྒ་ལཾ༔
རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་བརྒྱུད་འདེབས།
༄༅། །རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་བརྒྱུད་འདེབས་བཞུགས་སོ། །ཀུན་བཟང་ཡབ་ཡུམ་དཔལ་ལྡན་རྡོ་རྗེ་སེམས། །པདྨ་འབྱུང་གནས་པྲ་ཆེན་ཧསྟི་དང་། །ཡེ་ཤེས་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་སོགས། །གྲུབ་བརྙེས་བླ་མ་རྣམས་ལ་གསོལ་བ་འདེབས། །རཏྣ་གླིང་དང་དཔའ་བོ་ལས་རབ་སོགས། །བརྒྱུད་གསུམ་བླ་མའི་སྨིན་གྲོལ་གདམས་པའི་མཛོད། །འགྲོ་ལ་སྤེལ་མཛད་ཨོ་རྒྱན་འགྲོ་འདུལ་མཚན། །དྲིན་ཐོབ་ཡོངས་འཛིན་རྣམས་ལ་གསོལ་བ་འདེབས། །ཐ་མལ་འཁྲུལ་ཡིད་གཟུང་འཛིན་བརྟན་གཡོའི་སེམས། །སྲིད་པ་རྡོ་རྗེ་ཕུར་བུའི་རིམ་གཉིས་ཀྱི། །གསེར་འགྱུར་རྩིས་ཐེབས་མ་དག་བདེན་ཞེན་འགགས། །དཔལ་ཆེན་གསང་གསུམ་འགྲུབ་པའི་དཔལ་ཐོབ་ཤོག །ཅེས་པའང་སློབ་བུ་ཨཱ་ཡུ་ན་ཐའི་ངོར། པདྨའི་མིང་གིས་བྲིས་པ་ཀུན་ཏུ་དགེ་བར་གྱུར་ཅིག། དགེའོ།། །
རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ།
࿅༔ རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བཞུགས་སོ༔
རང་རིག་དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ འཁྲུལ་སྣང་བག་ཆགས་དབྱིངས་སུ་དག་པའི་ཐབས༔ བཀའ་རྟགས་འགྱུར་མེད་ཐུགས་ཀྱི་བརྡ་ཡིག་འདི༔ ལས་ཅན་དོན་དུ་ཉམས་ལེན་བཅུད་དུ་འདྲིལ༔ ས་མ་ཡ༔ སྐྱབས་སེམས་ནི༔ ཧཱུྃ༔ བླ་མ་དཔལ་ཆེན་ཧེ་རུ་ཀར༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ རང་གཞན་འཁྲུལ་སྣང་རྒྱུན་གཅོད་ཕྱིར༔ རྡོ་རྗེ་གཞོན་ནུ་བསྒྲུབ་པར་བགྱི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ བགེགས་ཚོགས་གཟིར་ཞིང་ཕྱིར་བསྐྲད་དོ༔ མཚོན་ཆ་ལྔ་ཡི་གུར་ཁང་དང་༔ མེ་དཔུང་ཁྲོ་བཅུའི་སྲུང་འཁོར་གཏམས༔ གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ བྷྲཱུཾ་བཛྲ་རཀྵ་ཧཱུྃ༔ ཧཱུྃ༔
རང་གསལ་མ་འགགས་བརྡ་སྒོ་དབྱེ༔ རང་བྱུང་ཡེ་ཤེས་མཇལ་ཕྱག་འཚལ༔ དཔལ་ཆེན་མངོན་དུ་མ་གྱུར་བར༔ ནམ་ཡང་མི་གཏོང་དམ་བཅའ་འོ༔ ཧཱུྃ༔ མཁའ་མཉམ་རྡོ་རྗེ་ཕུར་པའི་ཞིང་༔ ཐུགས་རྗེས་འདིར་གཤེགས་བྱིན་ཆེན་ཕོབ༔ ཕྱི་ནང་གསང་བའི་མཆོད་པའི་རྫས༔ ཀུན་བཟང་མཆོད་སྤྲིན་རོལ་པར་གྱུར༔ ༀ་ཨཱཿཧཱུྃ༔ ལྷ་དང་མཁའ་འགྲོ་དམ་ཅན་དགོངས༔ བདག་ཅག་ཉེས་བྱས་མཐོལ་བཤགས་བཞེས༔ ས་མ་ཡ་ཤུདྡྷེ་ཨཱཿ ཧཱུྃ༔ སྤྲོས་བྲལ་རྣམ་དག་ནམ་མཁའི་ངང་༔ སྙིང་རྗེ་ཆེན་པོའི་དམ་ཚིག་གིས༔
འགྲོ་དོན་མཛད་ཕྱིར་རང་རིག་ངང་༔ དེ་ལས་འབྱུང་བ་རིམ་བརྩེགས་དང་༔ རི་རབ་བསྐལ་པའི་མེ་དཔུང་འབར༔ དེ་སྟེང་དྲག་པོའི་ཕོ་བྲང་ནི༔ མཚན་ཉིད་ཡོངས་སུ་རྫོགས་པ་ལ༔ ཕྱི་རོལ་དུར་ཁྲོད་པདྨ་དང་༔ རྡོ་རྗེ་མེ་དཔུང་བྲག་ཆེན་གཏམས༔ ཕོ་བྲང་ཨེ་ཡི་གཞལ་ཡས་དབུས༔ རཱུ་ཏྲ་པདྨ་ཉི་ཟླའི་སྟེང་༔ རང་བྱུང་རྒྱུ་ཡི་ས་བོན་བབས༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ བདག་ཉིད་མ་བཅོས་རྫོགས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་དོར་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊྭཾ་འཛིན༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ དུར་ཁྲོད་རབ་འཇིགས་ཆས་རྣམས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཐུགས་ཀར་ཡེ་ཤེས་
སེམས་དཔའ་མཐིང་༔ གསང་བའི་སྔགས་དང་བཅས་པའོ༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ཨུཏྤལ་གཙོ་ལ་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ གཟིག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ དཔལ་ཆེན་ཡབ་ཡུམ་བྱང་སེམས་ཧཱུྃ༔ ཕྱི་རོལ་རྩིབས་བཞིར་སྲས་མཆོག་བཞི༔ དེའི་ཕྱིར་རྩིབས་བཅུ་ཁྲོ་བོ་བཅུ༔ ཡུམ་བཅས་ཟ་གསོད་མགོ་བརྙན་རྫོགས༔ ཕྱི་ཁྱམས་ཕུར་སྲུང་བཅུ་གཉིས་དང་༔ གིང་བཞི་སྒོ་བཞི་སྒོ་མ་བཞི༔ གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད༔ ཧཱུྃ༔ དཔལ་ཆེན་ཐབས་ཤེས་ཕྱག་སོར་བཅུ༔ མཉམ་སྦྱོར་ཧཱུྃ་ལས་འཕྲོ་འདུའི་ནི༔ སྲས་མཆོག་ཕུར་བུ་ལྕགས་ཀྱུ་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ ཁྲོ་ཚོགས་ཆོས་སྐྱོང་ཡོངས་སུ་རྫོགས༔ བདག་དང་སྲས་མཆོག་བ་སྤུའི་གྲངས༔ ཁྲོ་ཆུང་མཚོན་ཐོགས་ཀཱི་ལ་སྒྲོག༔ ཧཱུྃ༔ སངས་རྒྱས་ཡེ་ཤེས་སྐུ་གསུང་ཐུགས༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པའི༔ སྐུ་གསུང་ཐུགས་དབྱིངས་བདག་
སྐྱེད་ཅིག༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་དངོས་གྲུབ་འདིར་སྩོལ་ཅིག༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨེ་མཐིང་དགྲ་བགེགས་གདན་ལ་བཞུགས༔ དཀྱིལ་འཁོར་གསུམ་གྱི་གནས་གསུམ་དུ༔ འབྲུ་གསུམ་འཕྲོ་འདུས་འགྲོ་སྒྲིབ་སྦྱངས༔ རིགས་དྲུག་ས་བོན་འོད་ཞུ་ནས༔ ༀ་ཨཱཿཧཱུྃ་དུ་གྱུར་པ་ཡི༔ ཡེ་ཤེས་ཆེན་པོའི་སྲོག་དབང་བསྐུར༔ བདག་ཉིད་རྩ་བའི་ཐུགས་ཀར་ཐིམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ༔ ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་རྣམས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ སྲིད་པ་རྡོ་རྗེ་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བཟང་པོ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་སུ་
གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡ་ཛ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ༀ་བཛྲ་པུཥྤེ་སོགས་ཤབྟ་པཱུ་ཙ་ཧོ༔ མ་ཧཱ་སརྦ་པཉྩ་པཱུ་ཙ་ཧོ༔ སརྦ་ཏ་ཐཱ་ག་ཏ་གུ་ཧྱེ་ས་མ་ཡ་པཱུ་ཙ་ཧོ༔ བཛྲ་ར་ཧོ་ཧཾ་ར་ག་ཡ་མི་ས་མ་ཡ་སྟྭཾ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ མ་ཧཱ་བྷ་ལིང་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཁ་ཐཾ་ཁ་ཐཾ༔ ཧ་ན་ཧ་ན་ཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ མ་ཏྲཾ་རཱུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ ཏི་ཧཱུྃ་ཨེ་སྥ་ར་ཧཱུྃ་ཕཊ༔ པདྨ་ཡོ་གི་ནི་མུ་ཏྲ་པྲ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོ༔ ཀུན་དྷ་ལི་ཨེ་ཛ་ལི་ཧོ༔ ཧཱུྃ༔ བསྐལ་པའི་མེ་ལྟར་འབར་བའི་གཞལ་ཡས་ནས༔ ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ༔ སྲས་དང་ཁྲོ་བཅུ་ཁྲ་ཐབས་སྒོ་མར་བཅས༔ ཕུར་པའི་སྲུང་མ་དམ་ཅན་བཅུ་དྲུག་སོགས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས༔ ཧཱུྃ༔ ཐུགས་དམ་
ཆེན་པོའི་ད་ལ་ནས༔ གསང་བའི་ཡེ་ཤེས་སྒོ་ཕྱེས་ཏེ༔ དངོས་གྲུབ་ཆེན་པོ་འབྱུང་བའི་ཕྱིར༔ བསྙེན་སྒྲུབ་འཛབ་ཀྱིས་ཐུགས་དམ་བསྐུལ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ བདག་དང་སྲས་མཆོག་གི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག་སྤུ་ཤད་ཙམ་གྱི་མཐར་ཀཱི་ལ་ཡ་འབྲུ་དགུ་ལྗང་དམར་གྱིས་བསྐོར་བ་ལས་འོད་འཕྲོས་བདག་གི་ཤངས་བུག་གཡས་ནས་ཐོན་སྲས་མཆོག་གི་ཤངས་བུག་གཡོན་པར་ཞུགས་ཤིང་འཁོར་ཡང་བདག་གི་ཐུགས་ཀར་འཁོར་བ་སྟེ་མགལ་མེ་བསྐོར་ཚུལ་གྱིས་བཟླ༔ བདག་རྩ་བ་ཕྱོགས་བཅུར་ཁྲོ་བོ་སྲས་མཆོག་ཕུར་པ་སྟེ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་ལྡིར་ཞིང་སྟོང་ཁམས་ཐམས་ཅད་ཁྲོ་བོའི་སྤྲུལ་བས་གང་དེ་རྣམས་ཀྱང་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་དིར་དིར་སྒྲོགས་པར་བསམ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཅེས་བཟླས༔
བསྙེན་སྒྲུབ་ལས་གསུམ་སྤུ་གྲི་ཆིག་ཆོད་དུ་བཟླ་བ་ནི༔ ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐུལ་ཞིང་རྡོ་རྗེའི་སྲོག་ཐོབ་པ་དང་༔ དམ་ཅན་གནད་ལ་དབབ་པ་དགྲ་བགེགས་སྒོ་གསུམ་བསྒྲལ་བའི་ངང་ནས་སྤུ་གྲི་བཟླ་བར་བྱའོ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ་སོགས༔ ༀ་བཛྲ་ཀཱི་ལི་སོགས༔ ཛཿཧཱུྃ་ཨ་མ་རཀྨོ་སོགས༔ ཧཱུྃ༔ ཡེ་ཤེས་ཕུར་བུའི་ལྷ་ཚོགས་གནས་འདིར་སོགས༔ དངོས་གྲུབ་སྩོལ༔ བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཕུར་སྲུང་ཚོགས་བསྐང་བཤགས་པ་བསྒྲལ་བསྟབ་ལྷག་མ་ཆད་བསྟན་བཟོད་གསོལ་མཆོད་བསྟོད་རྟེན་བཞུགས་བར་བྱ༔ རྗེས་ཀྱི་བྱ་བ་ནི༔ ཧོ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས་སུ་གསོལ༔ ཉམས་ཆག་ཉེས་བྱས་མ་ལུས་མཐོལ་ལོ་བཤགས༔ ལྷ་སྔགས་ཏིང་འཛིན་མཆོད་བསྒྲུབས་བསོད་ནམས་མཐུས༔ བདག་སོགས་འགྲོ་ཀུན་དཔལ་ཆེན་སྐུ་ཐོབ་ཤོག༔ ཕྱི་སྣོད་གཞལ་ཡས་འཁོར་རྣམས་གཙོ་ལ་ཐིམ༔ ལྷ་སྔགས་ས་བོན་ལ་ཐིམ་དམིགས་མེད་ངང་༔ སླར་ཡང་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི༔ གནས་གསུམ་ༀ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ སྐུ་ལས་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་གཏམས༔ ཕྱི་རོལ་མཚོན་ཆ་ལྔ་དང་མེ་
དཔུང་གུར༔ བར་གཅོད་གང་གིས་གླགས་མི་རྙེད་པར་གྱུར༔ ༈ ཀ་དག་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་༔ སྐུ་དང་ཞིང་ཁམས་མ་འདྲེས་སྣ་ཚོགས་གསལ༔ འགྲོ་དོན་ཕྲིན་ལས་འགག་མེད་ཐུགས་རྗེའི་རྩལ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་བཀྲ་ཤིས་ཤོག༔ གསང་བ་ཐུགས་ཀྱི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བ་ཉམས་སུ་ལེན་པ་རྣམས་ཀྱིས་དོན་ཡོད་བྱ་བའི་ཕྱིར་དུ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ མངྒ་ལཾ༔
ཕུར་པའི་ཚོགས་མཆོད་མདོར་བསྡུས་འབད་མེད་གཞི་གྲོལ་གྱི་གསུང་།
༄༅། །ཕུར་པའི་ཚོགས་མཆོད་མདོར་བསྡུས་བཞུགས་སོ། །ཧཱུྃ། རང་བྱུང་བྷནྡྷ་སྟོང་གསུམ་ཁྱོན་མཉམ་ནང་། །ཚོགས་ཀྱི་དམ་རྫས་ཐབས་ཤེས་བཟའ་བཏུང་བསྐྱིལ། །མེ་ཆུ་རླུང་གིས་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །འབྲུ་གསུམ་འོད་ཞུ་ཡེ་ཤེས་བདུད་རྩིར་གྱུར། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ཧཱུྃ༔ སྐྱེ་མེད་ཡེ་ཤེས་རྡོ་རྗེ་ཕུར་པའི་ལྷ། །འགག་མེད་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྲས། །སྒོ་བཞི་དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་སོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ། སྲིད་པའི་ལོངས་སྤྱོད་གཟུགས་སྒྲ་དྲི་རོ་རེག །མཆོད་པའི་ལྷ་མོ་གླུ་གར་ཕྱག་རྒྱ་བསྒྱུར། །གུས་འདུད་དད་བརྒྱའི་བློ་ཡིས་འབུལ་ལགས་ན། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཤྲཱི་བཛྲ་ཀུ་མཱ་ར་ས་པཱ་རི་ཝཱ་ར་ག་ན་ཙཀྲ་པཱུ་ཙ་ཁཱ་ཧི། ཧོ། ཐོག་མེད་དུས་ནས་ད་ལྟའི་ལུས་འདིའི་བར། །མི་དགེ་སྡིག་པའི་ལས་ངན་གང་ཅི་བསགས། །སྡོམ་པ་གསུམ་གྱི་ཞིག་རལ་ཉམས་ཆག་སོགས། །ཚོགས་མཆོད་འདི་ཡིས་བཤགས་སོ་དག་གྱུར་ཅིག །ༀ་བཛྲ་ས་ཏྭ་ཧཱུྃ་
ཨཱཿཧཱུྃ། དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས། །ཀུན་བ ཟང་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །དགྲ་གདོན་གྱོད་བྱུར་མི་མཐུན་འགལ་རྐྱེན་ཕྱོགས། །ཐམས་ཅད་ཐུགས་རྗེ་ནུས་པའི་སྟོབས་ཀྱིས་བཟློག །ས་མ་ཡ་བྷྱོ་བྷྱོ་བཟློག་བཟློག །ཧཱུྃ། ཚོགས་ཀྱི་ཐ་མ་བསྒྲལ་རྟེན་བསྟན་དགྲའི་གཟུགས། །ཚེ་ཁྲུས་དགོངས་པའི་གནད་གཟིར་དུག་གསུམ་སྦྱངས། །ཤ་ཁྲག་རུས་པའི་དགའ་སྟོན་ཆེན་པོ་འདི། །དཔལ་ཆེན་དགྱེས་པ་བསྐྱེད་པའི་མཆོད་པ་འབུལ། །མཱཾཾ་ས་རཀྟ་ཀིང་ནི་རི་ཏི་ཁཱ་ཧི། །ཧཱུྃ། དམ་རྫས་བདུད་རྩིའི་འབག་ལྷག་རྒྱ་ཆེན་པོ། །དྲེགས་པ་སྡེ་བརྒྱད་གིང་ལང་འབར་མ་དང་། །རྡོ་རྗེ་ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས། །ཐམས་ཅད་འདིར་འདུས་བཞེས་ལ་ཕྲིན་ལས་སྒྲུབས། །ཨུཥྩི་ཊ་བ་ལིང་ཏ་ཁཱ་ཧི། །འདི་ལྟར་ཚོགས་གཉིས་རྟེན་འབྲེལ་བསླུ་མེད་མཐུས། །བདག་གཞན་འབྲེལ་ཐོགས་ནམ་མཁའི་མཐའ་མཉམ་འགྲོ། །ཡི་དམ་ལྷ་ཡི་གོ་འཕང་མྱུར་ཐོབ་ནས། །ཕྱིར་མི་ལྡོག་པའི་གནས་སུ་འཁོད་པར་ཤོག །ཅེས་པའང་ཨ་དྲིས་ཐུབ་རྣམ་ངོར། འབད་མེད་གཞི་གྲོལ་གྱིས་བྲིས་པ་དགེེ།
རྡོ་རྗེ་ཕུར་པའི་སྲོག་ཕུར་དྭངས་མ།
༄༅། །རྡོ་རྗེ་ཕུར་པའི་སྲོག་ཕུར་དྭངས་མ་བཞུགས་སོ༔ ཧཱུྃ༔ དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད༔ སྐུ་གསུམ་སྙིང་པོར་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱིས་བདེ་གཤེགས་ཀྱི༔ རང་ཞལ་མཇལ་བར་སེམས་བསྐྱེད་དོ༔ ལན་གསུམ༔ ཞིང་རྣམས་བླ་མེད་མཆོད་ཆེན་འཁྲིགས༔ དབང་ཆེན་ཡུམ་ལྔའི་མཁའ་ཀློང་རྫོགས༔ ཁྲག་འཐུང་དཔལ་ཆེན་ཕོ་བྲང་བཀོད༔ མཐིང་ནག་ཨེ་དབུས་པད་ཉིའི་སྟེང་༔ བདུད་ཆེན་བ སྣོལ་བའི་གདན་སྟེང་དུ༔ རང་རིག་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་རབ་ཁྲོས་འཇིགས་ཚུལ་རྫོགས༔ གཡས་ཞལ་དཀར་བཞད་གཡོན་དམར་གཤེ༔ ཕྱག་དྲུག་གཡས་གཉིས་རྡོ་རྗེ་ནི༔ རྩེ་དགུ་རྩེ་ལྔ་གདེངས་པའི་སྟབས༔ གཡོན་གཉིས་མེ་དཔུང་ཁ་ཊྭཾ་ག༔ མཐའ་གཉིས་རྔམ་བརྗིད་ཕུར་བུ་འདྲིལ༔ ཞབས་བཞི་བདུད་བཞིའི་སྙིང་ཁར་བརྫིས༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྐུ་ལ་དཔལ་ཆེན་ཁྲོ་བོ་བཅུ༔ ཡུམ་དང་ཟ་གསོད་ཁྲ་ཐབས་བཅས༔ གོ་ཆ་རྒྱན་གྱི་ལྷ་ཚོགས་རྫོགས༔ དུར་ཁྲོད་ཆས་དང་གར་གྱི་ཉམས༔ དཔལ་གྱི་ཆས་རྫོགས་རང་མདངས་རྩལ༔ སྲས་དང་
ཕུར་སྲུང་སྒོ་མ་བཅས༔ སྣང་སྟོང་ཟུང་འཇུག་མ་འགགས་ངང་༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ ཉི་སྟེང་ཐུགས་སྲོོག་གསེར་རྡོར་མཚན༔ ཡེ་ཤེས་ས་བོན་གསང་སྔགས་འཁོར༔ འཁོར་འདས་བཅུད་བསྡུས་གཟི་བྱིན་འབར༔ སྣང་སྲིད་སྐུ་དང་ཞིང་ཁམས་བཞེངས༔ མ་ཧཱ་ཡོ་གའི་ས་མ་དྷི༔ ཕུང་ཁམས་ལྷ་སྔགས་བདེ་བ་ཆེ༔ ཨ་ནུ་ཡོ་གའི་ས་མ་དྷི༔ རང་རིག་སྐུ་གསུམ་ཡེ་རྫོགས་ངང་༔ ཨ་ཏི་ཡོ་གའི་ས་མ་དྷི༔ མ་དག་ཕུང་ཁམས་ལྷ་ཡི་སྐུ༔ ངག་རླུང་གྲག་སྟོང་གསང་བའི་སྔགས༔ ཨ་ཧཾ་ཟག་མེད་དགོངས་པའི་ཀློང་༔ ཤར་གྲོལ་གསལ་སྟོང་རྫོགས་པ་ཆེ༔ རྣམ་བཞིའི་ཕྲིན་ལས་སྣ་ཚོགས་ངང་༔ བསྒྲལ་འདྲེན་ཐོགས་མེད་རང་ཆས་ཉིད༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིག་ནན་བཾ་ཧཱུྃ་ཕཊ༔ ཅེས་བཟླ༔
རྡོ་རྗེ་གཞོན་ནུའི་རྒྱུན་ཁྱེར་མན་ངག
༈ རྡོ་རྗེ་གཞོན་ནུའི་རྒྱུན་ཁྱེར་མན་ངག་བཞུགས༔ དང་པོའི་སངས་རྒྱས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཨེ་མ༔ ཐོག་མའི་རང་རིག་རྡོ་རྗེ་གཞོན་ནུ་ཆེ༔ འཁྲུལ་འཛིན་ཉོན་མོངས་སྲོག་རྩར་ཐེབས་པ་ཡིས༔ སེམས་བྲལ་ཡེ་ཀློང་དགོངས་པས་འཁོར་འདས་ཁྱབ༔ ང་ནི་དོན་གྱི་རྡོ་རྗེ་གཞོན་ནུ་འོ༔ ༀ་བཛྲ་ཀཱི་
ལི་སོགས༔ རྫས་སྔགས་ཏིང་འཛིན་རྩལ་རྫོགས་ཕུར་བུ་ཡིས༔ ཉེས་སྤྱོད་ཞིང་བཅུའི་སྒོ་གསུམ་ལ་ཐེབས་པས༔ གཟུང་འཛིན་དངོས་སྣང་མཚན་མའི་རཱུ་ཏྲ་འདུལ༔ ང་ནི་མཚོན་བྱ་རྫས་ཀྱི་ཀཱི་ལ་ཡ༔ ༀ་བཛྲ་ཀཱི་ལི་སོགས༔ སྣང་སྟོང་ཟུང་འཇུག་ཐབས་ཤེས་རྡོ་རྗེ་གཞོན༔ སྙིང་རྗེའི་སྟོབས་རྫོགས་མཉམ་སྦྱོར་སྤྲུལ་སྐུར་འབྱིན༔ ང་ནི་འགྲོ་ཀུན་དབུགས་དབྱུང་ཕུར་པའོ༔ ༀ་བཛྲ་ཀཱི་ལི་སོགས༔ དེ་དག་བསྐྱེད་རིམ་གྱིི་རྩ་བའོ༔ སངས་རྒྱས་ཞི་ཁྲོའི་སྤྲོ་བ་བདག་ཉིད་དེ༔ བདག་ཉིད་རྒྱལ་ཀུན་ཕྲིན་ལས་སྙིང་པོ་མཆོག༔ ཡེ་ནས་མ་བཅོས་ལྷུན་གྲུབ་བདེ་བ་ཆེ༔ དོན་ཡོད་གྲུབ་པ་འཁོར་འདས་ཞི་སྐུར་སྦྱངས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཅེས་རྫོགས་རིམ་གྱི་རྩ་བའོ༔ འདི་ཡིས་སྒྲིབ་དག་ཕུང་པོ་གྲོལ་རྟགས་འཆར༔ སྟེང་འོག་གདོན་དང་སྡེ་བརྒྱད་བྱད་ཕུར་བསྲུང་༔ རིག་རྩལ་འགག་མེད་ཁྲག་འཐུང་ལས་རབ་ཀྱིས༔ དཔལ་ཆེན་བྱིན་རླབས་ཐོབ་པའི་རྟགས་སུ་བཀོད༔ དགེའོ༔ བཀྲ་ཤིས་པར་གྱུར་ཅིག༔ སརྦ་མངྒ་ལཾ༔ ༈ སྤྲོས་པའི་དཔལ་ཆེན་ཕོ་ཉ་ཡི༔ གཟུང་འཛིན་རྣམ་རྟོག་སྒོ་གསུམ་ཀུན༔ འགུགས་འཆིང་བསྒྲལ་གཟིར་སྟབས་ཀྱིས་རོལ༔ སེམས་ཉིད་ཡེ་ཤེས་ངོ་བོར་
ཤར༔ སྲིད་གསུམ་བདུད་དགྲའི་མིང་དང་བྲལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་སོགས༔ ཛཿཧཱུྃ་བཾ་ཧོ་ཀ་ཏཾ་ཀ་ཡེ་སོགས༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས༔ ཛཿཧཱུྃ་ཨཱཿ མ་རཀྨོ་ཡཀྨོ་ཀ་ལ་སོགས་སྐབས་དང་བསྟུན་འཛབ་བསྟོད་ནི༔ ༀ་བཛྲ་པུཥྤེ་སོགས་ནས༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་གནས་འདིར་གཤེགས༔ སོགས་ནས་སྐུ་གསུང་ཐུགས་ཡོན་དངོས་གྲུབ་མ་ལུས་སྩོལ༔ བཛྲ་ཀུ་མཱ་ར་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ སྐུ་གསུམ་རང་ལ་ཡེ་ནས་རྫོགས༔ སྐུ་གསུམ་སྣང་བས་དོན་གཉིས་མཛད༔ ལོངས་སྐུ་སྤྲུལ་སྐུ་སྣང་བ་ཉིད༔ བདེ་ཆེན་ཀུན་བཟང་དབྱིངས་སུ་ཐིམ༔ དགེ་བས་ཀུན་ཀྱང་དཔལ་ཕུར་པའི༔ ཕྲིན་ལས་འགྲོ་ཀུན་ཐར་པ་དང་༔ ལྷུན་གྲུབ་དམིགས་མཐའ་བྲལ་བ་ཡི༔ དགོངས་དབྱིངས་ཆེན་པོའི་བཀྲ་ཤིས་ཤོག༔
དོན་དམ་ལྟ་བའི་ཚོགས་མཆོད་རྡོ་རྗེའི་གླུ་དབྱངས།
༄༅། །དོན་དམ་ལྟ་བའི་ཚོགས་མཆོད་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ཆོས་དབྱིངས་སྐྱེ་མེད་ཀ་པཱ་ལར། །ལྷུན་གྲུབ་རིག་པའི་ཚོགས་གཏོར་བཤམས། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ལ། །མཉམ་ཉིད་བདེ་བའི་མཆོད་པ་འབུལ། །སྐུ་གསུམ་རྡོ་རྗེའི་ཕོ་བྲང་ནས། །རང་རིག་བླ་མའི་ཐུགས་དམ་བསྐང་། །གཉིས་སྣང་འཁྲུལ་བའི་བག་ཆགས་ཀུན། །དམིགས་མེད་ཆོས་སྐུའི་ཀློང་དུ་བཤགས། །སེམས་ཉིད་སྒྲིབ་པའི་མ་རིག་བདུད། །སྤྲོས་བྲལ་གཉུག་མའི་དབྱིངས་སུ་བསྒྲལ། །ཀ་དག་ལྷུན་གྲུབ་གསང་ལམ་ནས། །སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ། །ལྷག་གཏོར་བདེ་སྟོང་ཌཱཀྐིས་བཞེས། །རྟོགས་པ་མངོན་གྱུར་ཕྲིན་ལས་མཛོད། །ཅེས་པའང་ནོར་གླིང་དབེན་ཁྲོད་ཅེས་གནས་མཆོག་གུ་རུའི་ལྷ་ཁང་ནས་རིག་འཛིན་ཆེན་པོའི་སྐུ་སྐྱེ་བཞི་པའི་སྤྲུལ་མིང་ནས་གང་དྲན་དུ་ལེགས་པར་བྲིས་པའོ།། བཀྲ་ཤིས། དགེའོ།།
རྡོ་རྗེ་ཕུར་པའི་རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ།
༄༅། །རྡོ་རྗེ་ཕུར་པའི་རྒྱལ་དབྱངས་བདུད་ལས་རྣམ་པར་རྒྱལ་བའི་རྔམ་སྒྲ་བཞུགས་སོ། །ཧཱུྃ། བྱིན་རླབས་འོད་ཕུང་འཇའ་ཟེར་ཀློང་ཡངས་ནས། །ཕུར་པ་གྲུབ་པའི་རིག་འཛིན་གཡས་སུ་རྒྱལ། །རིག་འཛིན་གྲལ་དང་དབུ་འཕང་ཡར་ལ་བསྟོད། །དམ་ཉམས་བན་སྔགས་བོན་པོ་གཡོན་དུ་ཕམ། །བྱད་མའི་གྲལ་དང་མགོ་འཕང་མར་ལ་སྨོད། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིིལ་འཁོར་ནས། །རྡོ་རྗེ་ཕུར་པའི་ལྷ་ཚོགས་གཡས་སུ་རྒྱལ། །ཡི་དམ་གྲལ་དང་དབུ་འཕང་ཡར་ལ་བསྟོད། །གནོད་བྱེད་དགྲ་འདྲེ་བྱུར་གསུམ་གཡོན་དུ་ཕམ། །དགྲ་འདྲེའི་གྲལ་དང་མགོ་འཕང་མར་ལ་སྨོད། །དྲག་རྩལ་ཐོགས་མེད་ཕོ་ཉའི་ད་ལ་ནས། །དམ་ཅན་ཕུར་སྲུང་ལས་མཁན་གཡས་སུ་རྒྱལ། །སྲུང་མའི་གྲལ་དང་དབུ་འཕང་ཡར་ལ་བསྟོད། །ཕ་རོལ་རྦད་འདྲེ་རྦོད་གཏོང་གཡོན་དུ་ཕམ། །རྦད་འདྲེའི་གྲལ་དང་མགོ་འཕང་མར་ལ་སྨོད། །ལྷ་སྔགས་ཏིང་འཛིན་རོལ་པའི་ཕོ་བྲང་ནས། །སྔགས་འཆང་བདག་དང་ཡོན་བདག་གཡས་སུ་རྒྱལ། །བདག་ཅག་གྲལ་དང་དབུ་འཕང་ཡར་ལ་བསྟོད། །
སྡང་བའི་དགྲ་བོའི་སྡེ་ཚོགས་གཡོན་དུ་ཕམ། །དགྲ་བོའི་གྲལ་དང་མགོ་འཕང་མར་ལ་སྨོད། །ཅེས་བརྗོད་ཅིང་ཐམས་ཅད་ཀྱིས་མེ་ཏོག་འཐོར་ཞིང་བདུད་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་དགའ་སྟོན་རྒྱ་ཆེན་པོ་བྱའོ། །སརྦ་མངྒ་ལཾ།། །།
སྙན་བརྒྱུད་འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་ལུང་བྱང་རལ་གྲིའི་རྒྱ་ཅན།
࿅༔ སྙན་བརྒྱུད་འཇམ་དཔལ་སྨྲ་སེང་གི་ལོ་རྒྱུས་ལུང་བྱང་རལ་གྲིའི་རྒྱ་ཅན་བཞུགས་སོ༔ འཇམ་དཔལ་པད་འབྱུང་ཡབ་ཡུམ་སྐུ་ལ་འདུད༔ རྒྱ་འདྲེ་འགོང་པོའི་བར་ཆད་བཟློག་པའི་ཕྱིར༔ ཁོ་བོ་རིག་རྩལ་དཔའ་བོ་ལས་རབ་ཀྱིས༔ ཨོ་རྒྱན་ཆེན་པོར་གསོལ་འདེབས་བརྩོན་པའི་དུས༔ གནམ་ལོ་མེ་འབྲུག་དགུན་འབྲིང་ཉེར་ལྔའི་ནུབ༔ འཇམ་དཔལ་མཚན་བརྗོད་གླེགས་བམ་དཀྱུས་མཐོ་གང་༔ ཞེང་ལ་སོར་བཞི་ཡོད་པ་ལོན་པ་རྨིས༔ དེ་ལས་འཕྲོས་པའི་ཐེག་པ་འགའ་རེ་དང་༔ ལུང་བྱང་དག་ཀྱང་རྨི་ལམ་ཚུལ་དུ་བྱུང་༔ ནངས་པར་པད་འབྱུང་འཇམ་དཔལ་སྨྲ་སེང་ལ༔ གསོལ་བ་བཏབ་ཅིང་རྩ་བསྙེན་དམ་བཅའ་བཟུང་༔ འདི་དག་འཇམ་དཔལ་ཆོས་འདིའི་ལོ་རྒྱུས་ཡིན༔ སྐྱེ་ཞིང་སྐྱེ་བའི་ཚེ་རབས་ཐམས་ཅད་དུ༔ པད་འབྱུང་འཇམ་དཔལ་ཟུང་འཇུག་རྗེས་བཟུང་ནས༔ འཁོར་འདས་ཆོས་ཀུན་མ་འདྲེས་ཇི་བཞིན་དུ༔ ཤེས་ཤིང་ཁྱད་པར་ཐམས་ཅད་མཁྱེན་པའི་ལམ༔ ལྟ་སྒོམ་སྤྱོད་འབྲས་ནོར་མེད་རྟོགས་པར་ཤོག༔ མི་འགྱུར་ཐིག་ལེ་གསང་བའི་ལུང་བྱང་ནི༔ ཚེ་རབས་ཀུན་ཏུ་འཇམ་དཔལ་
པད་འབྱུང་གིས༔ བྱིན་གྱིས་བརླབས་ཤིང་འབྲལ་མེད་བཟུང་བའི་བུ༔ དཀྱིལ་འཁོར་གཙོ་བོ་རང་མདངས་ལས་རབ་རྩལ༔ འཁོར་འདས་ཆོས་ཀུན་རྨི་ལམ་སྒྱུ་མར་མཐོང་༔ མི་ཆོས་རྩོལ་བ་མ་སྤངས་ཤུགས་ཀྱིས་མེད༔ མ་བཅོས་རང་གར་རེ་དོགས་ཐེ་ཚོམ་ཆུང་༔ ཚུལ་འཆོས་བྲལ་ཞིང་སྤྱོད་ལམ་གཟབ་སྙམ་མེད༔ གསར་འགྲོགས་མེད་ཅིང་གླེན་པའི་ངང་ཚུལ་ལྡན༔ བྱ་བྱེད་ལས་བྲེལ་འཇམ་རྩུབ་ངེས་པ་མེད༔ སྲུང་མས་ཉན་ཅིང་ནུས་མཐུ་ཐོད་རྒལ་འབྱུང་༔ མཐོང་དང་མི་མཐོང་ཆེ་བའི་ཡོན་ཏན་ལྡན༔ རྫོགས་ཆེན་དོན་ལ་འཕྱུག་མེད་ངེས་ཤེས་ཅན༔ བདུད་སྤྲུལ་བསམ་ནག་སྔགས་པས་མི་ཐུབ་ཅིང་༔ བདུད་འགོང་གནོན་པའི་སྐྱེས་བུ་ལུས་སྟོབས་ཅན༔ སེམས་ཅན་བསོད་ནམས་དམན་པས་བར་ཆད་འབྱུང་༔ དེ་དུས་སྙིང་གི་ལུང་བྱང་འདི་བཞིན་མཛོད༔ དབེན་པའི་རི་འགྲིམ་སྙིང་པོའི་དམ་བཅའ་ཟུངས༔ དམ་ཉམས་གྲིབ་འཛེམ་མཐོང་གྲོལ་མྱོང་གྲོལ་གྱིས༔ སེམས་ཅན་འགྲོ་དོན་ཁྱད་ཆོས་ཟབ་མོ་ཡིས༔ རྒྱ་ཆེ་རྒྱུན་མི་ཆད་པར་འབད་པར་ཐོན༔ མ་དག་སྐྱེ་བོ་ལོག་
པའི་བློ་མིག་ཅན༔ ཁྱེད་ལ་བདུད་དང་གླེན་ཟོག་བྱས་པར་མཐོང་༔ ལས་ཅན་རྣམས་ལ་སྙིང་པོའི་དེ་ཉིད་སྟོན༔ སྐལ་མེད་རྣམས་ལ་དགེ་བའི་སྨོན་ལམ་ཐོབ༔ མ་དག་འགྲོ་ལ་འབྲེལ་བ་ཅི་ཐོགས་གྱིིས༔ འབྲེལ་བ་ཐོགས་ཚད་དགེ་བའི་ས་བོན་ཐེབས༔ ༈ ཨེ་མ་ཧོ༔ རིག་རྩལ་སྤྲུལ་སྐུར་བར་ཆད་མ་བྱུང་ན༔ བོད་ཡུལ་སངས་རྒྱས་བསྟན་པ་སྤྱི་ལ་ཕན༔ ཐུབ་བསྟན་མི་ལོ་དྲུག་ཅུར་ཕྱིར་ནུར་སྲིང་༔ སངས་རྒྱན་བསྟན་ལ་སྨོན་ལམ་ལོག་བཏབ་རྣམས༔ དོན་མེད་ན་འང་ལས་རབ་རྩལ་ལ་སྡང་༔ སྙིགས་མའི་མཐར་སླེབས་རྟགས་ཙམ་འཛིན་པའི་དུས༔ ལྟ་བ་ལོག་པས་གྲུབ་པ་ཐོབ་པ་ཉུང་༔ པད་འབྱུང་འཇམ་དཔལ་དབྱེར་མེད་སྒྲུབ་པའི་ཐབས༔ ཉམས་སུ་སུས་བླངས་ཚུལ་བཞིན་སུས་བསྒྲུབས་པ༔ འཁོར་འདས་ཆོས་ལ་བློ་གྲོས་མཁྱེན་པ་རྒྱས༔ དགེ་བར་འགྱུར་དང་མི་འགྱུར་དབྱེ་བ་ཤེས༔ ཁྱད་པར་གོལ་ཤོར་ཕྱོགས་འཛིན་མུན་པ་སེལ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་བཅུད༔ ཟབ་དོན་རྫོགས་ཆེན་དགོངས་པ་མངོན་དུ་གྱུར༔ མཐར་ཐུག་སངས་རྒྱས་
འབྲས་བུ་འདི་ལ་རག༔ དེ་ཡི་ཕྱིར་ན་རབ་ཏུ་གཅེས་པར་ཆོངས༔ དགེའོ༔ ཛ་ཡནྟུ༔
འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བྱིན་རླབས་སྤྲིན་འཐིབས།
࿅༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་བྱིན་རླབས་སྤྲིན་འཐིབས་བཞུགས་སོ༔
བླ་མ་འཇམ་མགོན་ཡབ་ཡུམ་སྐུ་ལ་འདུད༔ ལྷ་ཆོས་མི་ཆོས་རིག་གནས་སྣ་ཚོགས་པ༔ ཁྱད་པར་མཐའ་བྲལ་ལྟ་བའི་དོན་རྟོགས་པའི༔ སྒྲུབ་ཐབས་ཟབ་མོ་འདི་ཉིད་ཉམས་སུ་ལོངས༔ ས་མ་ཡཱ༔ དབེན་ཞིང་ཡིད་འོང་གཙང་ལྡན་ས་ཕྱོགས་སུ༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཡོ་བྱད་བཤམས༔ ཚོགས་བསགས་སྒྲིབ་སྦྱང་དགེ་བའི་ལས་ལ་འབད༔ དེ་ནས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧཱུྃ༔ འཇམ་མགོན་བླ་མ་དཀོན་མཆོག་ཡོངས་རྫོགས་ལ༔ བདག་སོགས་འགྲོ་ཀུན་སྙིང་ནས་སྐྱབས་སུ་མཆི༔ རང་གཞན་སེམས་ཅན་སྒྲིབ་གཉིས་མུན་བསལ་ནས༔ ཀུན་མཁྱེན་གོ་འཕང་ཐོབ་པར་སེམས་བསྐྱེད་དོ༔ གསུམ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ་གིས་
མ་དག་འབག་རྩོག་སྦྱངས༔ ༀ་ཨཱཿཧཱུྃ་གིས་མཆོད་སྤྲིན་འདོད་དགུར་འཁྲིགས༔ གང་ལ་ཅི་འདོད་ཀུན་བཟང་རོལ་བ་ཆེ༔ ཇི་སྲིད་ནམ་མཁའ་མ་ཟད་བར་གནས་གྱུར༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ གསུམ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རྒྱ་ཆེར་སྤེལ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ སྟོང་ཉིད་རྣམ་དག་དེ་བཞིན་ཉིད་ཀྱི་ངང་༔ དེ་ཉིད་མ་རྟོགས་འགྲོ་ལ་སྙིང་རྗེའི་རྩལ༔ རྡོ་རྗེ་མེ་དཔུང་སྲུང་གུར་ཁྱོན་ཡངས་དབུས༔ རྒྱལ་བའི་ཕོ་བྲང་ལྟ་ན་སྡུག་པའི་ནང་༔ པདྨ་འབུམ་ལྡན་ཟླ་བའི་དཀྱིལ་འཁོར་དང་༔ གདོང་ལྔའི་དབང་པོ་དབང་སྔོན་མདོག་ལྡན་སྟེང་༔ རང་རིག་
དྷཱིཿཡིག་དམར་པོ་འོད་ཕུང་འབར༔ འོད་འཕྲོས་རྒྱལ་བ་རྣམས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་ཚུར་འདུས་ཡོངས་སུ་གྱུར༔ སྐད་ཅིག་བདག་ཉིད་འཇམ་དཔལ་སྨྲ་སེང་ནི༔ བྱུ་རུའི་སྡོང་པོ་ལྟར་དམར་བཀྲག་མདངས་འབར༔ གཞོན་ནུ་ལང་ཚོ་དར་བབ་ཞི་འཛུམ་ལྡན༔ མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས༔ མཚན་གྱི་མེ་ཏོག་དཔེ་བྱད་འབྲས་བུས་བརྒྱན༔ ཕྱག་གཡས་ཤེས་རབ་རལ་གྲི་གདེངས་ངོམ་ཚུལ༔ ཕྱག་གཡོན་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ཡིས༔ ཡུ་བ་བཟུང་ཞིང་སྙན་ཐད་པདྨ་རྒྱས༔ དེ་སྟེང་ཆོས་ཀུན་རང་བཞིན་གླེགས་བམ་བཞུགས༔ སྐུ་ལ་དར་དང་རིན་ཆེན་སྣ་ཚོགས་གསོལ༔ ལོངས་སྤྱོད་རྫོགས་པའི་རྒྱན་རྣམས་ཡོངས་སུ་རྫོགས༔ འགྱིང་བའི་ཉམས་ལྡན་ཞབས་གཉིས་རྡོར་སྐྱིལ་བཞུགས༔ རང་མདངས་ཡེ་ཤེས་འོད་ཕུང་ཀུན་ནས་དཀྲིགས༔ ཐུགས་ཀར་བྷྲུཾ་ལས་པད་དམར་འདབ་བཞི་ཡི༔ ལྟེ་བར་རལ་གྲི་སོ་གཉིས་སོར་བཞི་པ༔ གནམ་སྔོན་མདོག་འདྲའི་དབུས་སུ་དྷཱིཿདམར་པོ༔ གསང་སྔགས་རྒྱལ་པོ་རྩ་བའི་སྔགས་ཀྱིས་བསྐོར༔
བདག་ཉིད་འཇམ་དཔལ་མདུན་དུ་པད་ཉིའི་སྟེང་༔ ཧྲཱིཿམཐིང་དོན་གཉིས་བྱས་ཤིང་ཡོངས་གྱུར་པས༔ དབྱངས་ཅན་སྔོན་མོ་བཞེངས་བཞུགས་ལོངས་སྤྱོད་རྫོགས༔ མཛེས་འཛུམ་ཡིད་འོང་རལ་གྲི་པོ་ཏི་འཛིན༔ ཐུགས་ཀར་བྷྲུཾ་ལས་པད་དམར་འདབ་བཞིའི་སྟེང་༔ རལ་གྲི་པོད་གཉིས་ཧྲཱིཿམཐིང་སྔགས་ཀྱིས་བསྐོར༔ དེ་ལྟར་སྣང་སྟོང་ཟུང་འཇུག་ཡབ་ཡུམ་གཉིས༔ འཇམ་དཔལ་པད་འབྱུང་དབྱེར་མེད་ངོ་བོར་གསལ༔ ཐུགས་ཀའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ མ་ལུས་སེམས་ཅན་སོགས་ནས༔ བླ་མ་འཇམ་མགོན་ཡབ་ཡུམ་གཤེགས་སུ་གསོལ༔ འོག་མིན་ཡོན་ཏན་བརྩེགས་པའི་ཞིང་ཁམས་ནས༔ སྲས་བཅས་རྒྱལ་ཀུན་མཁྱེན་བརྩེའི་ངོ་བོ་དང་༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ རྗེ་བཙུན་འཇམ་དཔལ་སྨྲ་བའི་སེང་གེ་དང་༔ ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་ཡུམ༔ བདག་རྒྱུད་བྱིན་གྱིས་བརློབ་ཕྱིར་གཤེགས་སུ་གསོལ༔ ༀ་གུ་རུ་ཧྲཱིཿདྷཱིཿབཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་སེམས་
དཔའ་སྣང་སྟོང་སྒྱུ་མའི་སྐུར༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་གསུམ་གྱི་དངོས༔ ཆུ་ལ་ཆུ་བཞག་ཇི་བཞིན་དབྱེར་མེད་པར༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་གུ་རུ་ཧྲཱིཿདྷཱིཿབཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་གསུམ་རོལ་གར་སྒྱུར་མཛད་པདྨ་འབྱུང་༔ ས་བཅུའི་མགོན་པོ་འཇམ་དཔལ་ཡབ་དང་ཡུམ༔ དོན་དམ་གཉིས་སུ་མེད་པའི་སྐུ་མཆོག་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ༀ་གུ་རུ་ཧྲཱིཿདྷཱིཿན་མོ་པཱུཙྪ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས༔ བྱུང་བའི་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ སྲིད་དང་ཞི་བའི་དཔལ་འབྱོར་ཇི་སྙེད་དང་༔ བླ་མེད་མཆོད་སྤྲིན་དཔག་ཡས་རྒྱ་ཆེན་པོ༔ དངོས་སམ་ཏིང་འཛིན་ཡིད་ཀྱིས་རྣམ་སྤྲུལ་ནས༔ བླ་མ་འཇམ་མགོན་ཡབ་ཡུམ་སྲས་བཅས་མཆོད༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་གྱུར་ཅིག༔ ༀ་གུ་རུ་མཉྫུ་ཤྲཱི་ཧྲཱིཿདྷཱིཿསརྦ་པཱུཙྪ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཧཱུྃ༔ བསྟོད་པ་ནི༔ འཇམ་དཔལ་དཔལ་དང་ལྡན་པའི་
མཆོག༔ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད༔ ཡང་དག་མཐར་གྱུར་ཁྱོད་ལ་འདུད༔ སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད༔ སངས་རྒྱས་ཆགས་པ་ཁྱོད་ལ་འདུད༔ སངས་རྒྱས་འདོད་ལ་ཕྱག་འཚལ་འདུད༔ སངས་རྒྱས་དགྱེས་པ་ཁྱོད་ལ་འདུད༔ སངས་རྒྱས་རོལ་ལ་ཕྱག་འཚལ་འདུད༔ སངས་རྒྱས་འཛུམ་པ་ཁྱོད་ལ་འདུད༔ སངས་རྒྱས་བཞད་ལ་ཕྱག་འཚལ་འདུད༔ སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད༔ སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད༔ མེད་པ་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་འབྱུང་བ་ཁྱོད་ལ་འདུད༔ ནམ་མཁའ་ལས་བྱུང་ཁྱོད་ལ་འདུད༔ ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད༔ སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད༔ སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ བསྡུ་ན༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ན་ཡ་ཏེ་ནཱ་མ༔ ཡེ་ཤེས་སྐུ་
ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ དེ་ལྟར་བསྟོད་ནས་གསང་སྒྲུབ་བཟླས་པའི་སྔགས༔ འཕྲོ་འདུས་དམིགས་པའི་འཁྲུལ་འཁོར་མ་ཡེངས་ངང་༔ གསལ་དག་སྒྲོས་ཐོན་ཟུར་མ་ཉམས་པར་བཟླ༔ ༀ་ཧྲཱིཿདྷཱིཿམ་མེ་དྷཱིཿཔཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ མི་ཚིག་བར་མ་ཆོད་པ་ཤིན་ཏུ་གལ༔ མངོན་སུམ་ཤེས་རབ་སྤོབས་པ་མེ་ལྟར་འབར༔ འཇམ་དཔལ་སྒྲུབ་ཐབས་རྣམ་པ་གྲངས་མང་ཡང་༔ རྣོ་མྱུར་ཐོགས་མེད་གསང་སྒྲུབ་འདི་ཁོ་ན༔ ས་མ་ཡཱ༔ གསང་རྒྱ༔ བསྡུ་རིམ་ནི༔ མདུན་གྱི་ལྷ་མོ་དབྱངས་ཅན་ལུ་གུ་རྒྱུད༔ འོད་ཞུ་འོད་མཐིང་རྣམ་པར་གྱུར་པ་ནི༔ བདག་བསྐྱེད་ལྷ་ཡི་མགྲིན་པར་དབྱེར་མེད་ཐིམ༔ སྣང་སྟོང་འོད་ཞུ་གཙོ་བོ་བདག་ལ་ཐིམ༔ ལྷ་སྐུ་རིམ་བསྡུས་ཐུགས་སྲོག་ཡི་གེར་ཐིམ༔ དེ་ཡང་རང་སྒྲ་དང་བཅས་དམིགས་མེད་ཡལ༔ འཁོར་འདས་གཉིས་བསྡུས་ཆོས་རྣམས་ཐམས་ཅད་ཀུན༔ སྐྱེ་འགག་གནས་གསུམ་བྲལ་བའི་ངང་དུ་བཞག༔ བསྔོ་སྨོན་ནི༔ བདག་གིས་འཇམ་དཔལ་ཡབ་ཡུམ་བསྒྲུབས་པ་ཡི༔ དགེ་བ་འདིས་མཚོན་བདག་གཞན་དགེ་བའི་ཚོགས༔ གཅིག་བསྡུས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་
པའི་མཐུས༔ མཁའ་ཁྱ བ་འགྲོ་བའི་སྒྲིབ་བཞི་ཡོངས་བྱང་ནས༔ ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཤོག༔ ཤིས་བརྗོད་ནི༔ བླ་མ་ཡི་དམ་མཁའ་འགྲོའི་བཀྲ་ཤིས་ཤོག༔ སངས་རྒྱས་ཆོས་དང་དགེ་འདུན་བཀྲ་ཤིས་ཤོག༔ ཉིན་ཡང་བཀྲ་ཤིས་མཚན་ཡང་བཀྲ་ཤིས་ཤོག༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་འབྱུང་གྱུར་ཅིག༔ ཨེ་མ༔ འཇམ་དཔལ་སྨྲ་སེང་ཡབ་ཡུམ་སྒྲུབ་པའི་ཐབས༔ འཇམ་དཔལ་དངོས་ཀྱིས་འཇམ་དཔལ་བཤེས་གཉེན་ལ༔ གནང་ཞིང་དེ་ཡིས་ཨོ་རྒྱན་ཆེན་པོར་ཕུལ༔ ཉེ་བརྒྱུད་བྱིན་རླབས་སྤྲིན་ལྟར་འཐིབས་པའི་ཆོས༔ འདི་བསྒྲུབས་མ་བསླབས་ཆོས་རྣམས་རང་རྡོལ་ཤེས༔ ཐེག་པའི་གོ་རིམ་སྒོམ་པའི་གནད་དོན་ཤེས༔ རིག་གནས་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས༔ འཆད་རྩོད་རྩོམ་པའི་བློ་གྲོས་སྤོབས་པ་འབྱུང་༔ མགུར་མ་ཚིགས་བཅད་བསྟན་བཅོས་བཤད་སྙིང་འདོད༔ གང་སྨྲས་ཚིག་ལ་དོན་འབྱེད་གཙང་ཞིང་དག༔ ལྷ་ཆོས་མི་ཆོས་ཀུན་ལ་མཁས་པར་གྱུར༔ མཁས་པའི་གྲགས་པས་གཞན་སྣང་ཟིལ་གྱིས་གནོན༔ རང་སྣང་རྒྱས་ཐེབས་དོན་གཉིས་འགྲུབ་པར་འགྱུར༔ དེ་ཕྱིར་ཟབ་མྱུར་གསང་བའི་མན་ངག་འདི༔ ལས་ཅན་རྣམས་ཀྱིས་ཉམས་ལོངས་རྟགས་མཐོང་སྒྲུབས༔ དེ་ཡིས་སངས་རྒྱས་བསྟན་པའི་བྱ་བ་དང་༔ འགྲོ་བའི་ལམ་སྣ་ཐར་པར་སྦྱོར་བར་བྱེད༔ ཚུལ་འདི་པད་འབྱུང་བློ་ལྡན་མཆོག་སྲེད་ཀྱི༔ ཐུགས་རྗེའི་ཟེར་གྱིས་བག་ཙམ་རེག་པ་ཡི༔ དཔའ་བོ་ལས་རབ་བདག་གིས་ཡི་གེར་བཀོད༔ དགེ་བས་བསྟན་འགྲོའི་དོན་ཆེན་འབྱུང་བར་ཤོག༔ ས་མ་ཡཱ༔
ཟབ་རྒྱ་རྒྱ་རྒྱ༔ ཨྠྀི༔ དགེའོ༔ བཀྲ་ཤིས༔
འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཀྱི་བུ་ཡིག་ཟབ་བཅུད་ཀུན་འདུས།
࿅༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཀྱི་བུ་ཡིག་ཟབ་བཅུད་ཀུན་འདུས་བཞུགས་སོ༔ བླ་མ་འཇམ་མགོན་ཡབ་ཡུམ་སྐུ་ལ་འདུད༔ འདི་ཉིད་སྒྲུབ་པའི་སྐྱེས་བུ་དེ་ཉིད་ནི༔ ཐོག་མར་དབང་ཐོབ་དམ་ཚིག་ལྡན་པ་དང་༔ གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱང་འབད༔ སྐུ་ཡི་སྒྲུབ་རྟེན་བྲིས་འབུར་གང་ཡང་རུང་༔ ཆ་ཚད་ལྡན་ཞིང་རབ་ཏུ་གནས་པར་བྱ༔ གསུང་རྟེན་མཚན་བརྗོད་སྒྲུབ་ཐབས་དང་བཅས་པ༔ དཀྱུས་སུ་མཐོ་གང་ཞེང་དུ་སོར་བཞི་པ༔ རབ་འབྲིང་ཐ་མའི་སྣག་ཚས་འབྲི་བར་བྱ༔ ཐུགས་རྟེན་རལ་གྲི་སོ་གཉིས་སོར་བཅུ་གཉིས༔ རང་བྱུང་རྒྱུ་ལས་བྱས་པ་དགོས་པ་ཡིན༔ མ་རྙེད་དམེ་བཤན་དག་གིས་མ་གོས་པའི༔ གནམ་ལྕགས་སོ་མར་མགར་བས་རུང་བ་ཡིན༔ ཡོན་ཏན་རིན་ཆེན་བུམ་པའི་ནང་དུ་ནི༔ ཤེས་རབ་རྫས་སྒྲུབ་རིལ་བུ་ས་བོན་ཅན༔ མ་འབྱོར་གཙང་པོ་རྒྱུན་བབས་སྐར་ཆུ་ལ༔ དྲི་བཟང་དང་ནི་བ་དམར་འོ་མ་དང་༔ བུམ་རྫས་ཀྱིས་གཏམས་རྒྱན་ལྡན་གཟུངས་རྡོར་བཏགས༔ ཕྲིན་ལས་རྟེན་དུ་འབྲུ་དཀར་སྣ་ཚོགས་ཕྱེ༔ དཀར་གསུམ་མངར་གསུམ་གྱིས་སྦྲུས་ཟན་ལ་ནི༔ གཙང་ལྡན་སྣོད་དུ་རི་རབ་བང་རིམ་གསུམ༔ དེ་སྟེང་དཔལ་གཏོར་བརྗིད་ལྡན་པད་འདབ་དང་༔ དམར་པོ་བསྒྱུར་དང་རྒྱན་དང་དར་གདུགས་ཕུབ༔ ཙཀ་ལི་གསེར་གྱི་རྒྱབ་ཡིག་རྩ་བསྙེན་ཅན༔ གནས་ཆེན་ས་སྣར་སྟེགས་བུ་ལེགས་པར་བཟོ༔ རབ་ནི་རྡུལ་ཚོན་འབྲིང་ནི་རས་བྲིས་ཀྱི༔ སྒོ་རྫོགས་དབུས་སུ་པད་དམར་འདབ་བཞི་བྱ༔ མ་གྲུབ་སྟེགས་བུ་ཁེབས་ལྡན་སྟེང་དུ་ནི༔ འབྲུ་ལ་དམར་པོར་བསྒྱུར་བས་ལྔ་ཚོམ་བཀོད༔ དབུས་སུ་སྐུ་རྟེན་གཡས་སུ་ཐུགས་ཀྱི་རྟེན༔ གཡོན་དུ་གསུང་རྟེན་རྒྱབ་ཏུ་ཡོན་ཏན་རྟེན༔ མདུན་དུ་ཕྲིིན་ལས་རྟེན་བཤམས་དེ་དག་ལ༔ རྒྱལ་བ་ཀུན་གྱི་བྱིན་རླབས་
དངོས་གྲུབ་དང་༔ ཁྱད་པར་བླ་མ་སྨྲ་སེང་ཡབ་ཡུམ་གྱི༔ བྱིན་རླབས་བསྐྱེད་བསྟིམ་ཡང་ཡང་ནན་དུ་བྱ༔ ཚུལ་བཞིན་སྒྲུབ་ཅིང་རྟགས་མཐོང་ཐོ་རངས་དུས༔ དབང་བླངས་རང་གི་གནས་གསུམ་དག་ཏུ་གཏུགས༔ མཆོག་ཐུན་ཕུང་པོ་དངོས་གྲུབ་ཀུན་ཐོབ་བསམ༔ བུམ་རྫས་དང་ནི་གཏོར་མ་རང་གིས་བཟའ༔ རྫས་རྣམས་མ་སྨིན་མ་དག་འགྲོ་ལ་སྡོམ༔ ས་མ་ཡཱ༔ ཟབ་རྒྱ༔ དེ་ནས་དམིགས་པའི་འཁྲུལ་འཁོར་འདི་ལྟར་བྱ༔ ༀ༔ བདག་མདུན་འཇམ་དཔལ་སྨྲ་སེང་ཡབ་ཡུམ་གྱི༔ སྐུ་དང་ཕྱག་མཚན་ས་བོན་སྔགས་ཕྲེང་ལས༔ འོད་ཟེར་ལྔ་ལྡན་འཁོར་འདས་སྣོད་བཅུད་ཁྱབ༔ འཕགས་པ་མཆོད་ཅིང་སེམས་ཅན་ལས་སྒྲིབ་སྦྱངས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་རྣམས༔ སྐུ་ཡི་རྣམ་པར་ཆེ་ཆུང་གྲངས་མེད་པར༔ ཆར་ལྟར་བབས་ཤིང་རང་གི་སྤྱི་བོར་ཐིམ༔ རྒྱ་བོད་མཁས་གྲུབ་མ་ལུས་ཐམས་ཅད་ཀྱི༔ ཐོས་བསམ་སྒོམ་གསུམ་ཤེས་རབ་སྤོབས་པ་ཀུན༔ དབྱངས་གསལ་དང་ནི་རྩ་བསྙེན་རང་བཞིན་དུ༔ འོད་དམར་ལམ་ལམ་བདག་གི་མགྲིན་པར་ཐིམ༔ ཉི་ཟླ་ནོར་བུ་འབྱུང་བཞི་རྩི་སྨན་བཅུད༔ ལྔ་ལྡན་འོད་ཟེར་འཇའ་ཐིག་ཟེར་མདངས་འཁྲིགས༔ ཐིབ་ཐིབ་མེར་མེར་རང་གི་སྙིང་
ཁར་ཐིམ༔ དངོས་གྲུབ་ཀུན་ཐོབ་ཚེ་དང་བསོད་ནམས་རྒྱས༔ གཞོན་ནུའི་སྐུར་གྱུར་ཤེས་བྱ་ཐམས་ཅད་ལ༔ ཐོགས་མེད་བློ་གྲོས་སྤོབས་པ་མངོན་གྱུར་བསམ༔ ༀ་ཧྲཱིཿདྷཱིཿམ་མེ་དྷཱིཿཔཾ་མཉྫུ་ཤྲི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ གསང་སྔགས་རྒྱལ་པོ་ཡིག་འབྲུ་ཉེར་གཅིག་པ༔ བཟླས་པའི་སྐྱོན་ལྔ་སྤངས་ནས་བསྙེན་པར་བྱ༔ སྔགས་ནུས་འཇོམས་པའི་ཟས་དང་སྤྱོད་ལམ་སྤངས༔ ས་མ་ཡཱ༔ དང་པོ་དུས་ཀྱི་བསྙེན་ཚད་བསྟན་པ་ནི༔ གང་ཟག་དབང་པོ་རབ་ཏུ་གྱུར་པ་ཡིས༔ ཉིན་གཅིག་དག་གིས་འགྲུབ་པར་གདོན་མི་ཟ༔ འབྲིང་གིས་ཉི་མ་གཉིས་ཀྱིས་ངེས་པར་འགྲུབ༔ ཇི་ལྟར་གང་ཟག་ཐ་མར་གྱུར་ནའང་༔ ཉི་མ་གསུམ་གྱིས་འགྲུབ་འགྱུར་ཐེ་ཚོམ་མེད༔ གཉིས་པ་གྲངས་ཀྱི་བསྙེན་པ་བསྟན་པ་ནི༔ བཟའ་བཏུང་མ་སྤྱད་སྔ་བར་བརྒྱ་རྩ་བཟླ༔ ཉི་མ་དེ་ནས་བཟུང་སྟེ་ཤྭ་ལོ་ཀ༔ བརྒྱ་རེ་བློ་ལ་ཟིན་པར་གྱུར་པ་ཡི༔ རྩ་སྔགས་སྟོང་ཕྲག་བཟླས་པ་བྱས་པ་ཡིས༔ སྐད་རིགས་སྣ་ཚོགས་པ་ལ་མཁས་ཤིང་ཤེས༔ ཁྲི་ཕྲག་གཅིག་ཏུ་བསྙེན་ན་སྐྱེས་བུ་ཡི༔ ཤེས་རབ་སྤོབས་པ་འཕགས་མཆོག་འཇམ་དཔལ་དབྱངས༔ སྨྲ་སེང་ཡབ་ཡུམ་དག་དང་མཉམ་པར་འགྱུར༔ འབུམ་ཐེར་ལ་སོགས་མང་དུ་བསྙེན་པ་ན༔ ས་ཐོབ་མཆོག་གི་གོ་འཕང་འགྲུབ་པར་ངེས༔ གསུམ་པ་རྟགས་ནི་རབ་དངོས་འབྲིང་ཉམས་དང་༔ ཐ་མ་རྨི་ལམ་དུ་ནི་འབྱུང་བར་འགྱུར༔ འཇམ་དཔལ་ཡབ་ཡུམ་ཞལ་མཐོང་གསུང་ཐོས་དང་༔ དབང་བསྐུར་བྱིན་རླབས་གདམས་པ་འབོག་པ་ཡོང་༔ ཉི་ཟླ་ཤར་དང་འོད་ཕུང་འཆར་བ་དང་༔ ཤེལ་རྡོ་རལ་གྲི་མེ་ལོང་རྙེད་པ་རྨི༔ རོལ་མོ་རྙེད་དང་འབུད་རྡུང་སྐད་བཟང་
གྲགས༔ ཡི་གེ་རྙེད་དང་ཟ་དང་སྣག་ཚ་འཐུང་༔ གཞན་ཡང་སྡིག་སྒྲིབ་དག་པའི་མཚན་མ་དང་༔ དངོས་གྲུབ་ཐོབ་རྟགས་སྣ་ཚོགས་སྤྱི་ལྟར་ཡོང་༔ ལུས་ཀྱི་ན་བརྗེ་རྒན་པོ་གཞོན་ནུར་འགྱུར༔ ཚེ་ལ་དབང་བའི་རིག་པ་འཛིན་འགྲུབ་འགྱུར༔ སྔོན་ཆད་མ་ཤེས་ཚིག་དོན་ཤེས་པར་འགྱུར༔ ཉམས་སྤྲོ་རྟོགས་པ་མངོན་གྱུར་བྱིན་རླབས་འབར༔ མཐོང་ཐོས་དྲན་རེག་འགྲོ་ལ་ཕན་ཐོགས་ནུས༔ གང་སྨྲ་ཆོས་དང་གང་བྱས་དགེ་བར་འགྱུར༔ ས་མ་ཡཱ༔ ཨྠྀི༔ འཇམ་དཔལ་སྒྲུབ་པའི་ཡིག་ཆུང་ཟབ་མོ་འདི༔ གཅེས་གནད་གུད་ཕྱུང་ལས་རབ་རྩལ་གྱིས་བཀོད༔ དགེ་བས་འགྲོ་ཀུན་སྒྲིབ་མུན་ཀུན་བསལ་ནས༔ འཇམ་དཔལ་བླ་མའི་གོ་འཕང་མྱུར་ཐོབ་ཤོག༔ ཟབ་རྒྱ་རྒྱ་རྒྱ༔ གུ་ཧྱ༔ སརྦ་མངྒ་ལཾ༔
འཇམ་དཔལ་སྨྲ་སེང་གི་རིལ་སྒྲུབ་ཡིག་ཆུང་།
࿅༔ འཇམ་དཔལ་སྨྲ་སེང་གི་རིལ་སྒྲུབ་ཡིག་ཆུང་བཞུགས༔ བླ་མ་དཀོན་མཆོག་འཕགས་པ་འཇམ་དཔལ་ལ༔ གུས་པས་སྐྱབས་མཆི་བྱང་ཆུབ་སེམས་བསྐྱེད་དོ༔ དལ་དབུས་བུམ་པ་གཞལ་མེད་ཁང་བཟང་དབུས༔ སེང་སྔོན་པདྨ་འབུམ་ལྡན་ཉི་མའི་སྟེང་༔ རིལ་བུ་རེ་བཞིན་རལ་གྲི་དྷཱིཿདམར་མཚན༔ འོད་ཕུང་དམར་པོའི་འཕྲོ་འདུས་དོན་གཉིས་བྱས༔ ཚུར་འདུས་རིལ་བུ་འཇམ་དཔལ་སྨྲ་སེང་དམར༔ ལོངས་སྤྱོད་རྒྱན་རྫོགས་རལ་གྲི་པོ་ཏི་འཛིན༔ ཐུགས་ཀར་བྷྲུཾ་ལས་འཁོར་ལོ་རྩིབས་བཞི་དམར༔ དེ་སྟེང་རལ་གྲི་དྷཱིཿས་མཚན་སྔགས་ཀྱིས་བསྐོར༔ དྷཱིཿམདུན་རི ལ་བུ་རེ་བཞིན་ཧྲཱིཿསྔོན་ལས༔ དབྱངས་ཅན་སྔོན་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ རིན་ཆེན་རྒྱན་རྫོགས་རལ་གྲི་པོ་ཏི་བསྣམས༔ ཐུགས་ཀར་རལ་གྲི་སོར་བཞི་ཧྲཱིཿདམར་མཚན༔ ཡབ་ཡུམ་གནས་གསུམ་སྔགས་ཀྱི་འཁོར་ལོ་ལས༔ འོད་འཕྲོས་རང་བཞིན་དག་པའི་གནས་མཆོག་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནན་གྱིས་བསྟིམ༔ རྒྱལ་བ་སྲས་བཅས་པཎ་གྲུབ་བློ་ཡུལ་གྱི༔ ཤེས་རབ་བློ་ལྡན་
མཐོང་ཐོས་མ་ལུས་ཀུན༔ དངོས་བྱོན་རང་གི་བློ་མུན་ཀུན་བསལ་ནས༔ ཤེས་རབ་སྤོབས་པའི་བློ་གྲོས་སྣང་བ་ནི༔ རབ་རྒྱས་འཆད་རྩོད་རྩོམ་པའི་མཆོག་ཐོབ་བསམ༔ ༀ་ཧྲཱིཿདྷཱིཿམ་མེ་དྷཱི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝར་དྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱཿ འཇམ་མགོན་ཡབ་ཡུམ་སངས་རྒྱས་བྱང་སེམས་དང་༔ པཎ་གྲུབ་འཕགས་པའི་ཚོགས་ཀུན་འོད་ཞུ་ནས༔ དབྱེར་མེད་ཐིམ་བསམ་འགུགས་བསྟིམ་ནན་དུ་བྱ༔ ས་མ་ཡཱཿ ཨྠྀི༔ ཞེས་པ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་བྲིས་སོ༔ མངྒ་ལཾ༔ དགེའོ༔ བཀྲ་ཤིས༔
འཇམ་དཔལ་སྨྲ་སེང་གི་རྒྱུན་ཁྱེར་ཟབ་མོ།
࿅༔ འཇམ་དཔལ་སྨྲ་སེང་གི་རྒྱུན་ཁྱེར་ཟབ་མོ་བཞུགས༔ བླ་མ་འཇམ་མགོན་དཀོན་མཆོག་རྣམ་གསུམ་ལ༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ བདག་གིས་ཁམས་གསུམ་རྨོངས་སྒྲིབ་རབ་བསལ་ནས༔ བློ་གྲོས་རྒྱས་ཕྱིར་འཇམ་མགོན་བསྒྲུབ་པར་བགྱི༔ མཆོད་པའི་མ་དག་ཉེས་ཚོགས་རཾ་ཡཾ་ཁཾ༔ མཆོད་ཚོགས་འདོད་དགུའི་ཕུང་པོར་ༀ་ཨཱཿཧཱུྃ༔ འདིར་བསྐྱེད་ཆོག་ལ་འཇུག༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་དང་༔ འོག་མིན་ཡོན་ཏན་བརྩེགས་པའི་ཞིང་ཁམས་དང་༔ རྒྱ་ནག་རི་བོ་རྩེ་ལྔའི་གནས་མཆོག་ནས༔ འགྲོ་བའི་མགོན་པོ་འཇམ་དཔལ་ཡབ་དང་ཡུམ༔ བདག་རྒྱུད་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ༀ་ཧྲཱིཿདྷཱིཿམ་མེ་དྷཱི་པཾ་མཉྫུ་ཤྲཱི་མུཾ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ སརྦ་པདྨ་ཀཱ་མ་ལ་ཡེ་སྟྭཾ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་ཀྱིས༔ འཇམ་དབྱངས་དབྱངས་ཅན་ལྷག་པའི་ལྷ་མཆོག་མཆོད༔ བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་
རྫོགས་གྱུར་ཅིག༔ བཛྲ་པུཥྤེ་སོགས་ཤབྟ་པྲ་ཏིཙྪ་ཨ་ཧཱུྃ༔ མ་ཧཱ་པཉྩ་རཀྟ་བ་ལིངྟ་ཁཱ་ཧི༔ གདལ་ཁྱབ་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་རྒྱས༔ བློ་རྨོངས་དམན་པའི་དྲི་ཚོགས་སེལ་མཛད་པའི༔ མཁྱེན་རབ་འཇམ་མགོན་བླ་མ་ཡབ་ཡུམ་ལ༔ བདག་བློ་རྩེ་གཅིག་གུས་པས་ཕྱག་འཚལ་འདུད༔ དམིགས་པ་ངར་དང་ལྡན་པས་འཛབ་བཟླའོ༔ རྗེས་སྤྱི་ལྟར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ཞེས་པ་ཕྲིན་ལས་བསྟན་དར་གྱིས་སོ༔ དགེའོ༔ བཀྲ་ཤིས༔
དབྱངས་ཅན་ལྷ་མོའི་ཤེས་རབ་བློ་འཕེལ་གྱི་རིལ་བུ་སྒྲུབ་ཐབས།
࿅༔ དབྱངས་ཅན་ལྷ་མོའི་ཤེས་རབ་བློ་འཕེལ་གྱི་རིལ་བུ་སྒྲུབ་ཐབས་བཞུགས་སོ༔ རྗེ་བཙུན་འཇམ་དབྱངས་བླ་མར་འདུད༔ དགེ་བའི་བཤེས་གཉེན་དམ་པ་ཡིས༔ ཆོས་ཀྱི་གསུང་དབྱངས་འཆད་རྩོད་རྩོམ༔ འཇིག་རྟེན་འབེལ་གཏམ་དག་དང་ནི༔ ཡར་ཞུ་མར་གནང་བཀའ་བསྒོ་བར༔ མཁོ་བྱེད་ཕྱི་ནང་ཐུན་མོང་བར༔ དབྱངས་ཅན་རྫས་སྔགས་སྦྱོར་བ་ནི༔ ཨ་རུ་སྐྱུ་རུ་པི་པི་ལིང་༔ ཤིང་མངར་སྒྲོན་ཤིང་དུག་མོ་ཉུང་༔ སྤང་རྒྱན་དཀར་པོ་གོ་སྙེད་དང་༔ ཀ་ར་སྦྲང་ཀར་རིལ་བུ་ནི༔ ཆེ་ཆུང་སྲན་མ་འཕོས་ཙམ་བྱ༔ སྣོད་གཙང་བཞག་ཅིང་གཞན་ལ་གསང་༔ དབྱིངས་ནས་དབྱངས་ཅན་སྤྱན་དྲངས་བསྟིམ༔ ༀ་ཙཎྜ་གོ་མི་སལ་སལ་ཕྱེ་ཕྱེ་སྭཱ་ཧཱ༔ ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས༔ སྐབས་བསྟུན་རིལ་བུ་བྱིན་བརླབས་ནས༔ ཐོ་རངས་རྩ་སྟོང་དུས་སུ་བསྟེན༔ རྗེས་བསྡུ་རང་གི་བསྟེན་དུས་ཀྱི༔ ཐོག་མར་རང་རང་ཕུར་བུ་བསྟུན༔ ཟླ་བ་ལོ་འབྲེལ་གལ་དང་བསྟུན༔ བློ་ནི་འཇམ་པའི་དབྱངས་དང་མཉམ༔ སྐུ་ནི་ཁུ་བྱུག་གཞོན་ནུར་མཚུངས༔ སྟོབས་ནི་གླང་ཆེན་དག་དང་འདྲ༔ ངག་སྙན་ལྕེ་བདེ་བཟླས་བརྗོད་འཕེལ༔ ལོ་ནི་བརྒྱ་ཐུབ་བཅུད་ལེན་འགྲུབ༔ ཁྱད་འཕགས་རྫས་མཆོག་ཡ་མཚན་ཅན༔ མཆོག་སྤྲུལ་བསྟན་པའི་ཉི་མ་ཡི༔ གསུང་གི་ནན་གྱིས་བསྐུལ་བར་བརྟེན༔ དཔའ་བོ་ལས་རབ་བདག་གིས་བཀོད༔ དགེ་བས་འགྲོ་བ་ཐམས་ཅན་ཀུན༔ ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག༔ དགེའོ༔
ཐུགས་གསང་སུམ་སྦྲགས་ཀྱི་གསོལ་འདེབས།
࿅༔ ཐུགས་གསང་སུམ་སྦྲགས་ཀྱི་གསོལ་འདེབས་བཞུགས་སོ༔ ཀུན་བཟང་རྡོར་འཆང་རྡོར་སེམས་དགའ་རབ་ཞབས༔ ཤྲཱི་སེང་འཇམ་དཔལ་བཤེས་གཉེན་ཧཱུྃ་ཀ་ར༔ པད་འབྱུང་མཚོ་རྒྱལ་བཻ་རོ་ཁྲི་སྲོང་རྗེ༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འགྲུབ་ཅིང་༔ སྲིད་ཞིའི་དཔལ་ཡོན་མ་ལུས་དབང་འདུས་ཏེ༔ གདུལ་དཀའི་འགྲོ་ཀུན་དབང་བསྡུས་བྲན་བཀོལ་ནས༔ སྣང་སྲིད་ཀུན་བཟང་ཀློང་དུ་འུབས་ཆུབ་ཤོག༔ དཔའ་བོ་ལས་རབ་རྩལ་གྱིས་སོ།། །།
ཐུགས་གསང་སུམ་སྦྲགས་ཀྱི་ལས་རིམ་དང་འགེབ་ཁྲིགས་སུ་བཀོད་པ་བཀླགས་པས་དོན་འགྲུབ།
࿅༔ ཐུགས་གསང་སུམ་སྦྲགས་ཀྱི་ལས་རིམ་དང་འགེབ་ཁྲིགས་སུ་བཀོད་པ་བཀླགས་པས་དོན་འགྲུབ་ཅེས་བྱ་བ་བཞུགས་སོ༔
རྒྱལ་ཀུན་གསང་གསུམ་རྡོ་རྗེ་འདུས་མ་བྱས༔ ཡེ་ཤེས་དབྱིངས་ལས་ལྷ་གསུམ་ཁྲོས་པའི་གར༔ ལྔ་བདོའི་མགོན་དུ་དཔའ་བོ་ལས་རབ་རྩལ༔ མི་ཤིགས་སྙིང་གི་ཐིག་ལེར་རྟག་བརྟན་གསོལ༔ མ་རུངས་དྲེགས་པའི་མཐུ་ནུས་ཚེ་དཔལ་གྱིས༔ རབ་དཀར་བསྟན་འགྲོར་གདུང་བས་ཉམས་པ་ལས༔ རེག་འཇམ་ཀརྦུ་ར་ཡི་ཆུ་རྒྱུན་ཆེའི༔ ལས་རིམ་བཀླགས་པས་དོན་འགྲུབ་འདི་ན་སྤེལ༔ དེ་ཡང་ལུང་མཐུན་གྱི་གནས་སམ༔ ཇི་ལྟར་འཚམས་པའི་དཀྱིལ་འཁོར་གྱི་དབུས་སྒྲུབ་རྟེན་ཕུར་པའམ་བླ་རྡོ་རྫས་ལྡན་བཞག༔ གཞན་ཡང་སྐུ་གསུང་ཐུགས་རྟེན་སྤྱན་གཟིགས་རྣམས་རྒྱས་པར་སྤེལ་ལོ༔ ཕྱི་ནང་གི་མཆོད་ཚོགས་སོགས་ཕུན་སུམ་ཚོགས་པའི་ཡན་ལག་མཁོ་བའི་ཡོ་བྱད་ཚགས་སུ་འདུ་བྱས་ལ༔ རྣལ་འབྱོར་པ་བདེ་བའི་གདན་
ལ་འཁོད་ཅིང་སྔོན་འགྲོ་དངོས་གཞི་རྗེས་ཏེ་རིམ་པ་གསུམ་གྱི་ཁྲིགས་བསྟན་ལས༔ དང་པོ་ནི༔ བགེགས་བསྐྲད་མཚམས་གཅོད་སྐྱབས་འགྲོ་སེམས་བསྐྱེད་དང་༔ མཆོད་བརླབ་བྱིན་འབེབས་སྔོན་འགྲོའི་ལས་ཁྲིགས་དྲུག༔ དེ་ལས་དང་པོ་བགེགས་བསྐྲད་པ་ནི༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་བྱིན་རླབས་ཀྱིས༔ ཡེ་ཤེས་ཁྲོ་བོ་མང་པོ་ཐོག་ལྟར་འབེབས༔ བགེགས་ཚོགས་ལོག་འདྲེན་ཐལ་བ་རྡུལ་དུ་རློགས༔ དམ་མེད་འབྱུང་པོའི་ཚོགས་རྣམས་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་སརྦ་ཨུ་ཙ་ཏ་ཡ་ཕཊ༔ མཚམས་གཅོད་པ་ནི༔ ཧཱུྃ༔ རྡོ་རྗེ་འབར་བའི་ཕོ་བྲང་སྲ་ཞིང་བརྟན༔ ཁྲོ་ཆུང་མཚོན་ཐོགས་བར་མཚམས་མེད་པར་གཏམས༔ ཕྱི་
རོལ་བསྐལ་པའི་མེ་དཔུང་འཁྲུགས་ཤིང་འཁྱིལ༔ བདུད་དང་བར་ཆད་མ་ལུས་མཚམས་ཆོད་ཅིག༔ ༀ་བཛྲ་ཡཀྴ་ཀྲོ་ཏ་ཛྭ་ལ་རཾ་རཀྵ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ སྐྱབས་ཀྱི་དམ་པ་བླ་མ་དཀོན་མཆོག་ལ༔ བདག་དང་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ དུག་ལྔའི་དབང་གྱུར་མ་རིག་འགྲོ་བ་དྲུག༔ རྣམ་མཁྱེན་གོ་འཕང་མཆོག་ལ་འགོད་པའི་ཕྱིར༔ ལྷ་སྔགས་ཏིང་འཛིན་ཟབ་མོའི་ཕྲིན་ལས་ཀྱིས༔ གང་འདུལ་ཐབས་ཀྱིས་འདུལ་བར་དམ་བཅའ་འོ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རཾ་ཡཾ་ཁཾ་གིས་མ་དག་དྲི་མ་སྦྱངས༔ དག་པའི་ངང་དུ་མ་གྱུར་གང་ཡང་མེད༔ ༀ་ཨཱཿཧཱུྃ་གིས་མཆོད་རྫས་སྣང་སྲིད་གང་༔ འདོད་ཡོན་ལྷ་མོས་ཕྱི་ནང་མཆོད་སྤྲིན་སྟོབ༔ ༀ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿ ལན་གསུམ༔ བྱིན་དབབ་པ་ནི༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཚིག་ཅན༔ སྔོན་གྱི་ཐུགས་དམ་ཀློང་ནས་སྐུར་བཞེངས་ནས༔ བྱིན་ཆེན་དབབ་ཅིང་དབང་མཆོག་བསྐུར་དུ་གསོལ༔ གུ་
རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཧྲིང་ཧྲིང་ཨ་ཝེ་ཤ་ཡ་ཨཱཿ ལས་རིམ་གཉིས་པ་དངོས་གཞི་ནི༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་༔ མཆོད་བསྟོད་ཛབ་བཟླས་དངོས་གྲུབ་ལས་རིམ་བརྒྱད༔ དེ་ལས་དང་པོ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ བརྗོད་དུ་མེད་པའི་སྟོང་ཉིད་ཆེན་པོའི་ངང་༔ མཁའ་ཁྱབ་འགྲོ་ལ་བཟོད་མེད་སྙིང་རྗེའི་མདངས༔ ལོག་འདྲེན་གཡུལ་ལས་རྒྱལ་བའི་སྲུང་གུར་དབུས༔ དབང་ཆེན་ཟིལ་གནོན་ཕོ་བྲང་འོད་དམར་ཀློང་༔ སྐད་ཅིག་དྲན་རྫོགས་བདག་ཉིད་ཧེ་རུ་ཀ༔ ཁྲོ་བོའི་རྒྱལ་པོ་འཇམ་དཔལ་གཤིན་རྗེ་གཤེད༔ སྐུ་མདོག་དམར་ནག་དུར་ཁྲོད་ཆས་བརྒྱད་བཅས༔ ཕྱག་གཡས་རལ་གྲི་གཡོན་པས་སྡིགས་མཛུབ་རྩེར༔ ཡེ་ཤེས་མེ་ཡི་འཁོར་ལོ་ཚྭ་ཚྭ་འཕྲོ༔ ཞབས་གཉིས་རབ་བགྲད་དྲེགས་པ་མ་ལུས་མནན༔ ཆེ་བཙན་ཟླ་བྲལ་སྐུ་ལས་མེ་དཔུང་འབར༔ དེ་ཡི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ གསུང་གི་དབང་ཕྱུག་གུ་རུ་པདྨ་ནི༔ དཀར་དམར་མདངས་ལྡན་ཕྱག་གཡས་རྡོ་རྗེ་འཕྱར༔ གཡོན་པས་བུམ་ཐོད་བདུད་རྩིས་གང་བ་བསྣམས༔ པད་ཞྭ་ཕོད་ཀ་ཆོས་གོས་ཟབ་བེར་གསོལ༔ བག་དྲོ་ལྷུན་
ཆགས་སྣང་སྲིད་ཟིལ་གྱིས་གནོན༔ རོལ་པའི་འདུག་སྟངས་འགྱིང་བག་ལྡན་པ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་ལས་སྤྲུལ་ཡང་དག་ཐུགས་རྡོ་རྗེ༔ སྐུ་མདོག་མཐིང་ནག་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཉིས་ཐུགས་ཀར་ཕུར་པ་འདྲིལ་ཐབས་ཚུལ༔ ཞབས་གཉིས་རབ་བགྲད་དུར་ཁྲོད་ཆས་དང་ལྡན༔ ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ནག༔ གནས་གསུམ་འོད་ཀྱིས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་སྐུ་ཡི་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེ་གཤེགས་སུ་གསོལ༔ སངས་རྒྱས་ཀུན་གྱི་གསུང་གི་དཀྱིལ་འཁོར་ནས༔ གུ་རུ་པདྨ་འབྱུང་གནས་གཤེགས་སུ་གསོལ༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུགས་ཀྱི་རྡོ་རྗེ་ཡང་དག་གཤེགས་སུ་གསོལ༔ རང་བཞིན་རྣམ་པར་དག་པའི་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་བསྐྱེད་དམ་དུ་བཅས་པ་ལྟར༔ བསྐུལ་ཞིང་གསོལ་བ་འདེབས་པའི་གནས་འདི་རུ༔ རྫུ་འཕྲུལ་གློག་ལྟར་མྱུར་བའི་ཤུགས་ཀྱིས་
བྱོན༔ བྱིན་གྱིས་བརླབ་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ༀ་ཨཱཿཧཱུྃ་བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་དྷེ་ཝ་བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་ཆེན་ཟིལ་གནོན་ཕོ་བྲང་ཆེན་པོ་འདིར༔ ཉི་ཟླ་པདྨ་འོད་འབར་བརྩེགས་པའི་ཁྲིར༔ སྐུ་གསུམ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་བཛྲ་སྟྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དམ་ཚིག་སྐུ་དང་ཡེ་ཤེས་གཉིས་སུ་མེད༔ བར་ཆད་ཀུན་བསལ་དངོས་གྲུབ་མ་ལུས་སྩོལ༔ ཚེ་རབས་བསྐལ་པ་མང་པོར་བསྙེན་པའི་ལྷ༔ དུས་འདིར་མངོན་སུམ་མཇལ་ལ་གུས་ཕྱག་འཚལ༔ གུ་རུ་དྷེ་ཝ་ཌཱཀྐི་ན་མོ་པཱུཙྪ་ཧོ༔ མཆོད་པ་ནི༔ ཧཱུྃ༔ རི་རབ་ལྷུན་པོ་གསེར་རི་རོལ་མཚོ་དང་༔ གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་བཅས༔ ཉི་མ་ཟླ་བ་ལྷ་མིའི་དཔལ་འབྱོར་ཚོགས༔ སྟོང་གསུམ་ཡོངས་སུ་བཀོད་པའི་མཎྜལ་འདི༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ༀ་མཎྜལ་པཱུཙྪ་ཨཱཿཧཱུྃ༔ ཧཱུྃ༔ ཆུ་སྐྱེས་ཐང་སྐྱེས་འདབ་ལྡན་སྣ་ཚོགས་
མདངས༔ རང་བྱུང་ལྷན་ཅིག་སྐྱེས་སྦྱར་སྤོས་ཀྱི་སྤྲིན༔ འབྲུ་མར་རྩི་མར་སྣང་གསལ་ཉི་ཟླའི་འོད༔ འབབ་ཆུ་སྣ་ཚོགས་འོ་མ་གུར་གུམ་ཆབ༔ རོ་དྲུག་ནུས་པ་ལྡན་པའི་བཟའ་བཅའ་དང་༔ སྙན་དབྱངས་འགྱུར་ཁུག་རྔམ་བརྗིད་རོལ་མོའི་ཚོགས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བཛྲ་པུཥྤེ་སོགས་ཤབྟ་ཨཱཿཧཱུྃ༔ ཡིད་འོང་མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ བཟང་པོའི་དྲི་དང་ཞིམ་བཅུད་ལྡན་པའི་རོ༔ འཇམ་མཉེན་རེག་བྱ་ཡིད་རབ་ཚིམ་བྱེད་ཆོས༔ དངོས་སམ་ཏིང་འཛིན་ཡིད་ཀྱིས་སྤྲུལ་བྱས་ནས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་
ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བཛྲ་རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤར་ཤེ་པཱུཙྪ་ཨཱཿཧཱུྃ༔ ཐུབ་དབང་མཆོག་གི་རྟེན་འབྲེལ་རྫས་བརྒྱད་དང་༔ ལྷ་ཡི་དབང་པོའི་བཀྲ་ཤིས་རྟགས་བརྒྱད་དང་༔ མི་དབང་ལ་འོས་རིན་ཆེན་རྣམ་པ་བདུན༔ སྲིད་དང་ཞི་བའི་རིན་ཆེན་སྣ་ཚོགས་ཀུན༔ ནམ་མཁའ་ཁྱབ་པ་ཙམ་དུ་རབ་བཀང་ནས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ༀ་རཏྣ་སརྦ་མངྒ་ལ་པཱུཙྪ་ཨཱཿཧཱུྃ༔ ཧཱུྃ༔ ཛ་གད་དཔའ་བོ་མཆོག་གི་བདུད་རྩི་དང་༔ ཤ་ལྔ་བདུད་རྩི་ལྔ་ལྡན་དམ་ཚིག་རྫས༔ ཉོན་མོངས་འཁོར་བ་ཡོངས་སྒྲོལ་ཁྲག་ཆེན་པོ༔ རྨད་བྱུང་གཏོར་ཆེན་མཆོད་པའི་ལྷ་མོར་འཕྲོས༔ ཏ་ན་ག་ན་ཐབས་ཀྱི་མཆོད་པ་བཅས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བཛྲ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ག་ན་ཙཀྲ་པཱུ་ཙ་ཨཱཿཧཱུྃ༔ མྱོང་གྲོལ་བདུད་རྩིའི་མཆོད་པ་མཚན་དོན་སྦྱར་ཏེ་འབུལ་བ་ནི༔ ༀ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་
རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལང་གྲོ་དཀོན་མཆོག་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དཔའ་བོ་ལས་རབ་རྩལ་གྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཡེ་ཤེས་རང་བཞིན་རབ་ཏུ་ཁྲོས་པའི་ཞལ༔ ཐུགས་རྗེ་ཆེན་པོའི་ངང་ལས་གཡོ་བ་མེད༔ ཆགས་པའི་མདངས་ལྡན་ཁམས་གསུམ་དབང་དུ་སྡུད༔ འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ མཚོ་དབུས་པདྨའི་སྙིང་པོ་རྡོ་རྗེའི་སྐུ༔ མཚན་དང་དཔེ་བྱད་ཡོངས་རྫོགས་བཀྲ་ཤིས་ཤིང་༔ ཕྱོགས་ཀུན་ཁྱབ་པར་སྤྲུལ་བའི་འོད་ཟེར་འགྱེད༔ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོད༔ མི་ཤིགས་ཐིག་ལེ་ཆེན་པོ་གདོད་མའི་གཞི༔ ཀུན་རྟོག་མཚན་མའི་དྲི་བྲལ་རིག་པའི་ཀློང་༔ འཁོར་བའི་ཆོས་རྣམས་ཡེ་ཤེས་ཀློང་དུ་སྡུད༔ ཡང་དག་སྙིང་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་བཅས༔ སྐུ་དང་ཕྱག་མཚན་མ་འདྲེས་ཡོངས་སུ་རྫོགས༔ གང་འདུལ་
ཐབས་ཀྱིས་མཛད་པ་བསམ་མི་ཁྱབ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ སྔགས་དམིགས་ནི༔ ཐུགས་གསང་ཧཱུྃ་མཐིང་འོད་ཟེར་ཕྱོགས་བཅུར་འགྱེད༔ ཁམས་གསུམ་འཁོར་འདས་སྒོ་གསུམ་ཚེ་བསོད་སྟོབས༔ དམིགས་བྱའི་སྲོག་ཡིག་འདར་གཡོས་ལུས་ངག་ཡིད༔ དེ་དག་དབང་བསྡུས་བདག་ཐིམ་གཟི་བརྗིད་འབར༔ ༀ་ཨཱཿཡ་མནྟ་ཀ་ཧཱུྃ་ཕཊ༔ ཛྙཱ་ན་ལོ་ཀ་སརྦ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ་གུ་རུ་པདྨ་ཛྙཱ་ན་ལོ་ཀ་སརྦ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐྱེ་འགྲོ་ལྷ་དང་ལྷ་མོར་ཡོངས་སུ་ཤར༔ ཧཱུྃ༔ ལས་སྤྲོས་པའི་མཆོད་སྤྲིན་བསྟབས་པ་ཡིས༔ དགྱེས་ཚིམ་རང་དབང་མེད་པར་གླུ་གར་བཅས༔ བདག་ཐིམ་དབྱེར་མེད་རོལ་བའི་ངང་དུ་བཟླ༔ ༀ་ཨཱཿཡ་མནྟ་ཀ་ཧཱུྃ་ཕཊ༔ ཛྙཱ་ན་ལོ་ཀ་སརྦ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ་གུ་རུ་པདྨ་ཛྙཱ་ན་ལོ་ཀ་སརྦ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁྱད་པར་གྱི་སྔགས་ནི༔ ཕུར་བུའི་ཁོང་གསེང་འོད་
དམར་སྦུ་གུའི་རྩེ༔ ཕ་རོལ་སྙིང་གར་བཏབ་པས་སྲོག་གཡོས་འདར༔ འཕར་ཞིང་སྒོ་གསུམ་ཚེ་བསོད་སྦུ་གུ་ཡིས༔ ཆུ་དྲངས་བཞིན་དུ་འོད་བཀྲག་མེར་གྱིས་བསྡུས༔ བདག་ཐུགས་ལ་ཐིམ་ཕ་རོལ་མདངས་ཉམས་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་བ་ཞི་ཁྲོའི་སྐུ་གསུང་ཐུགས་ཀྱི་བྱིན་འབེབས་ཀྱི་སྔགས་དམིགས་ནི༔ ཕུར་འོད་སྦུ་གུ་ཞི་ཁྲོའི་ཐུགས་ཀར་རེག༔ ས་བོན་ལ་ཐུག་མཁྱེན་བརྩེ་ནུས་མཐུ་རྣམས༔ འོད་ལྔའི་རྣམ་པར་གཅིག་ལས་གཉིས་མཆེད་ཚུལ༔ བདག་ཐིམ་དབྱེར་མེད་ཀ་དག་དགོངས་པའི་ངང་༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞན་ཡང་དམིགས་གནད་ཟབ་ཁྲིད་སྤྱི་སྒེར་གྱི་མན་ངག་རྣམས་ཞིབ་ཏུ་ཡང་གསང་སྙིང་པོར་གསལ་བ་ལྟར་བྱའོ༔ ཐུན་མཚམས་རྣམས་སུ་མཆོད་ཅིང་བསྟོད་པ་སྤྲོ་ན་རྒྱས་པ་བྱ་ལ་བསྡུ་ན༔ ༀ་བཛྲ་པུཥྤེ་སོགས༔ ཤབྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ བྱིན་རླབས་གཟི་འབར་བརྒྱུད་གསུམ་བླ་མའི་ཚོགས༔ དངོས་གྲུབ་མཆོག་སྩོལ་ཞི་ཁྲོ་ཡི་དམ་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་དམ་ཅན་ཏེ༔ ཡེ་རྫོགས་རྩ་བ་གསུམ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ལ༔ དངོས་གྲུབ་བླང་བ་ནི༔ ཧཱུྃ༔ སྐུ་གསུམ་རྒྱལ་བ་རིག་འཛིན་འདུས་པའི་ཚོགས༔ ཐུགས་
དམ་རྒྱུད་བསྐུལ་རིག་འཛིན་བདག་ཅག་ལ༔ དབང་བསྐུར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ འགྱུར་མེད་སྐུ་ཡིས་ལུས་ལ་གཟི་བྱིན་བསྐྱེད༔ འགག་མེད་གསུང་གིས་ངག་ལ་ནུས་པ་སྤོར༔ འཁྲུལ་མེད་ཐུགས་ཀྱིས་ཡིད་ལ་ཉམས་རྟོགས་སྤེལ༔ འཆི་མེད་ཚེ་དང་འཛད་མེད་ཡིད་བཞིན་ནོར༔ ཀུན་ལ་དབང་བསྒྱུར་འཁོར་འབངས་སྟོབས་འབྱོར་བསྐྱེད༔ ཐོགས་མེད་མཐུ་ཡིས་འདོད་དགུ་ལྷུན་གྲུབ་ཅིང་༔ བླ་མེད་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ཨཱཿ ཞེས་དངོས་གྲུབ་ཡིད་ལེན་སོགས་བྱའོ༔ ཚོགས་བསྐང་གི་ཚེ་ཆོ་ག་དཀྱུས་ལྟར་ལ་ཐུན་གཞན་ཚོགས་བསྐང་མི་འབྱོར་ན་མགོ་ནས་འབྱུང་བ་ལྟར་གཏོར་འབུལ་ཐུན་མཐར་བྱེད་ཅིང་ཉེར་བསྡུའོ༔ ལས་རིམ་གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་བརླབས་མཆོད་དང་བསྐང་བ་བཤགས་པ་དང་༔ བསྒྲལ་བ་ལྷག་མ་གཏོར་འབུལ་ཆད་བསྟན་དང་༔ རྟ་བྲོ་གཤེགས་བསྡུ་བསྔོོ་སྨོན་ཤིས་བརྗོད་བཅས༔ ལས་རིམ་བཅུ་བཞི་ཁྲིགས་སུ་ཚང་བར་བཏབ༔ དེ་ལས་དང་པོ་ཚོགས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཞལ་ཟས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ནི༔ ཤ་ལྔ་བདུད་རྩི་ལྔ་ཡི་ངོ་བོ་ཉིད༔ བདེ་གཤེགས་བྱིན་རླབས་འབྲུ་གསུམ་ཞུ་
བའི་བཅུད༔ མང་དུ་སྤེལ་ཞིང་འདོད་དགུའི་རང་བཞིན་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ་འདོན་ཞིང་༔ ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ འཇམ་དཔལ་པད་འབྱུང་ཡང་དག་ཧེ་རུ་ཀ༔ རྩ་གསུམ་དཀོན་མཆོག་སྲས་དང་བཅས་པ་ལ༔ བླ་མེད་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ ཚེ་དཔལ་ཏིང་འཛིན་རྒྱས་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི་ག་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བསྐང་བ་ནི༔ ཧཱུྃ༔ མ་བཅོས་ཆོས་དབྱིངས་འགྱུར་བ་མེད༔ ཡེ་ཤེས་རྡོ་རྗེ་ལྟ་བུའི་སྐུ༔ དཔལ་ལྡན་དང་པོའི་སངས་རྒྱས་ཉིད༔ ཆོས་སྐུ་ཡང་དག་ཐུགས་དམ་བསྐང་༔ ལྷུན་གྲུབ་ཡེ་ནས་རྫོགས་པའི་མདངས༔ ཞི་དང་ཁྲོ་བོ་ཅིར་ཡང་སྣང་༔ གསང་ཆེན་དཀྱིལ་འཁོར་ཀུན་གྱི་གཙོ༔ ལོངས་སྐུ་འཇམ་དཔལ་ཐུགས་དམ་བསྐང་༔ དུས་གསུམ་བྱོན་པའི་རིག་འཛིན་གྱི༔ བྱིན་རླབས་ཡོངས་འདུས་འོད་ཀྱི་ལུས༔ གྲུབ་པ་མཆོག་བརྙེས་ཧེ་རུ་ཀ༔ སྤྲུལ་སྐུ་པད་འབྱུང་ཐུགས་དམ་བསྐང་༔ ཡི་དམ་ལྷ་དང་སྐལ་བ་མཉམ༔ སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན༔ ཏིང་འཛིན་རྩལ་འབྱོངས་སྒྱུ་མའི་གར༔ ལས་ཅན་རྗེ་འབངས་ཐུགས་
དམ་བསྐང་༔ སྣོད་བཅུད་དག་པ་ལྷ་ཡི་ཞིང་༔ རང་ལུས་གསང་བ་རྡོ་རྗེ་གསུམ༔ ཀློང་ཡངས་ཆེན་པོའི་དགོངས་པ་མནལ༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་ངང་༔ ཕྲིན་ལས་རྣམ་བཞིའི་ཚུལ་དུ་སྣང་༔ མཆོག་ཐུན་དངོས་གྲུབ་མ་ལུས་འབྱུང་༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་རང་གདངས་ཆོ་འཕྲུལ་ལས༔ ཡེ་ཤེས་འཇིག་རྟེན་སྐུར་བཞེངས་པ༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ ཧཱུྃ༔ རྨད་བྱུང་རོལ་པའི་དཀྱིལ་འཁོར་འདིར༔ ལྷུན་འབྱམས་གསང་བའི་ལྷ་ཚོགས་རྣམས༔ ཀུན་བཟང་མཆོད་པའི་སྤྲིན་སྤྲོས་ནས༔ བདེ་བ་ཆེན་པོར་ཐུགས་དམ་བསྐང་༔ ཐོག་མའི་མ་རིག་སྒྲིབ་པ་དང་༔ མ་དག་སྒོ་གསུམ་རིམ་སྦྱོང་ཕྱིར༔ བཅས་མཚམས་གནང་བཀག་ལྟར་སྣང་བའི༔ ཉམས་ཆག་ཉེས་ལྟུང་མཐོལ་ལོ་བཤགས༔ ཕྱིན་ཆད་སྒྲིབ་པར་མ་གྱུར་ཅིག༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔
ཅེས་བཤགས་ཚིག་ཡིག་བརྒྱ་བརྗོད༔ བཤགས་པ་ནི༔ ཧཱུྃ༔ སྟོབས་ཀྱིས་འགུགས་དང་བྱིན་གྱིས་ཟིལ་གནོན་ཅིང་༔ མྱང་འདས་སྙིང་རྗེར་སྡུད་མཛད་ལྷ་ཚོགས་ཀྱིས༔ ཚོགས་ཀྱི་མཆོད་པ་དམ་པ་བཞེས་ནས་ཀྱང་༔ རྣལ་འབྱོར་བདག་ཅག་ཉམས་ཆག་སོར་ཆུད་ནས༔ ཚངས་པ་མཆོག་གི་གནང་བ་བསྩལ་དུ་གསོལ༔ སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ཚོགས་ཐ་མ་བསྒྲལ་བ་ནི༔ ཧཱུྃ༔ གསོད་བྱེད་ཁྲོས་པ་ཡ་མནྟ་ཀ་ཡི༔ འབར་ཞིང་ཁྲོས་པས་རྡོ་རྗེ་ཕུར་བུ་འདྲིལ༔ དུག་གསུམ་ལོག་རྟོག་མ་རིག་དགྲ་བགེགས་ཀྱི༔ ལུས་ངག་ཡིད་གསུམ་ཐལ་བ་རྡུལ་དུ་རློགས༔ ནྲི་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ བསྟབ་པ་ནི༔ ཧཱུྃ༔ ཤ་ཁྲག་རུས་པའི་རང་བཞིན་ཚོགས་ཆེན་པོ༔ དཔལ་ཆེན་ལྷ་ཚོགས་འཁོར་དང་བཅས་ལ་འབུལ༔ རྣམ་རྟོག་མ་རིག་དུག་གསུམ་ཐམས་ཅད་ཀུན༔ རང་གྲོལ་དག་པ་ཆེན་པོར་བཞེས་སུ་གསོལ༔ ནྲི་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཁཱ་ཧི་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ བཟའ་བ་རི་རབ་བཏུང་བ་རྒྱ་མཚོ་བསྐྱིལ༔ དཔལ་གྱི་ཕམ་ཕབ་ལྷག་མའི་མཆོད་པ་འདི༔ གནས་ཡུལ་དུར་ཁྲོད་སྐྱོང་བའི་མ་ཚོགས་དང་༔ གིང་དང་ལངྐ་འབར་མའི་ཚོགས་
ལ་བསྔོ༔ དགྱེས་པར་བཞེས་ནས་བཅོལ་བའི་ཕྲིན་ལས་མཛོད༔ སྤོད་ལྡན་བཟའ་བཏུང་གཏོར་མ་བྱིན་བརླབས་ནས༔ ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ ཀུན་གྱི་སྤྱི་གཟུགས་འཇམ་དཔལ་གཤིན་རྗེ་གཤེད༔ དབང་ཆེན་རྔམ་ཁྲོས་འབར་བའི་ཀློང་ནས་བཞེངས༔ ཡ་མནྟ་ཀའི་ཐུགས་དམ་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བའི་མཆོད་གཏོར་བཞེས༔ དབང་ཆེན་སྟོབས་ལྡན་དབང་བསྡུས་བྲན་དུ་ཁོལ༔ འཁོར་འདས་ལམ་གསུམ་ཚེ་དཔལ་གནས་ནས་ཁུག༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དེང་འདིར་སྩོལ༔ བླ་མ་རིག་འཛིན་བྱིན་རླབས་འདུས་པའི་གཙོ༔ རང་བྱུང་ལྷུན་གྲུབ་ཨོ་རྒྱན་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་ཐུགས་རྗེའི་ཀློང་ནས་བཞེངས༔ མ་ཧཱ་གུ་རུའི་ཐུགས་དམ་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བའི་མཆོད་གཏོར་བཞེས༔ དབང་ཆེན་སྟོབས་ལྡན་དབང་བསྡུས་བྲན་དུ་ཁོལ༔ འཁོར་འདས་ལམ་གསུམ་ཚེ་དཔལ་གནས་ནས་ཁུག༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དེང་འདིར་སྩོལ༔ མི་འགྱུར་གསང་བ་ཐུགས་ཀྱི་རྡོ་
རྗེ་ནི༔ དཔལ་ཆེན་ཁྲོ་མཆོག་ཡང་དག་དེ་བཞིན་ཉིད༔ འཁོར་བ་མྱང་འདས་དབྱིངས་སྒྲོལ་ཀློང་ནས་བཞེངས༔ ཧེ་རུ་ཀ་དཔལ་ཐུགས་དམ་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བའི་མཆོད་གཏོར་བཞེས༔ དབང་ཆེན་སྟོབས་ལྡན་དབང་བསྡུས་བྲན་དུ་ཁོལ༔ འཁོར་འདས་ལམ་གསུམ་ཚེ་དཔལ་གནས་ནས་ཁུག༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དེང་འདིར་སྩོལ༔ བྱིན་རླབས་ཀློང་ནས་རྩ་བརྒྱུད་བླ་མ་བཞེངས༔ དངོས་གྲུབ་ཀློང་ནས་ཡི་དམ་ཞི་ཁྲོ་བཞེངས༔ ཕྲིན་ལས་ཀློང་ནས་མཁའ་འགྲོ་དམ་ཅན་བཞེངས༔ རྒྱལ་བ་རབ་འབྱམས་ཐུགས་དམ་དུས་ལ་བབ༔ དམ་རྫས་བདུད་རྩི་འབར་བའི་མཆོད་གཏོར་བཞེས༔ དབང་ཆེན་སྟོབས་ལྡན་དབང་བསྡུས་བྲན་དུ་ཁོལ༔ འཁོར་འདས་ལམ་གསུམ་ཚེ་དཔལ་གནས་ནས་ཁུག༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དེང་འདིར་སྩོལ༔ ལུས་ཅན་སེམས་ཅན་རང་དབང་མེད་པར་སྐྱོད༔ གཞོན་ནུར་མཁོ་དགུའི་ལོངས་སྤྱོད་དཔལ་གྱིས་སྒུལ༔ ལྷ་ཀླུ་མི་ཡི་སྟོབས་འབྱོར་འོད་ཀྱིས་དྲོངས༔ སྐུ་དང་ཞིང་ཁམས་ཡོན་ཏན་བྱིན་དུ་ཕོབ༔
ཐམས་ཅད་མྱུར་དུ་དབང་སྡུས་བདག་ལ་སྩོལ༔ དྲེགས་ལྡན་དཔའ་བཀོང་ཤགས་ཕྲོགས་ཟིལ་གྱིས་གནོན༔ འདྲེ་བདུད་བར་ཆད་བདེན་པའི་ཤུགས་ཀྱིས་ཆོམས༔ འཁྲུལ་སྣང་བག་ཆགས་ཆོས་ཉིད་དབྱིངས་སུ་སྦྱོར༔ སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ས་མ་ཛཿཛ༔ གཏོར་མ་འབུལ་ལོ༔ ཆད་ཐོ་ནི༔ ཧཱུྃ་བྷྱོ༔ དཔལ་འབར་མ་ཧཱ་ཀཱ་ལ་ལྕམ་དྲལ་དང་༔ དྲེགས་པའི་སྡེ་དཔོན་སྣང་སྲིད་ལྷ་འདྲེའི་ཚོགས༔ བཀའ་ཡི་ཆད་ཐོའི་གཏོར་མ་འདི་བཞེས་ལ༔ རྒྱལ་བ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་བཞིན༔ འགོང་པོ་དམ་སྲི་མཐའ་ཡི་དམག་དཔུང་ཟློག༔ རྣམ་བཞིའི་ཕྲིན་ལས་མྱུར་དུའགྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ བསྟན་མ་སྐྱོང་བ་ནི༔ བྷྱོ༔ བདུད་མོ་བཞི་དང་གནོད་སྦྱིན་ཆེན་མོ་བཞི༔ སྨན་བཙུན་བཞི་སོགས་འཁོར་དང་གཡོག་ཏུ་བཅས༔ ཚུར་གཤེགས་དམ་རྫས་བདུད་རྩིའི་བཤལ་ཆུ་ལོངས༔ བོད་ཁམས་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ༔ གསང་ཆེན་ཆོས་ཀྱི་ཕྲིན་ལས་རྒྱས་པར་མཛོད༔ རྟ་བྲོ་ནི༔ ཧཱུྃ༔ དམ་སྲི་སྒབ་འདྲེ་སྒྲུབ་པའི་བར་ཆད་རྣམས༔ སྟོང་གསུམ་རི་རབ་
གླིང་བཞིའི་འོག་ཏུ་མནན༔ གླུ་གར་བྲོས་གཟིར་རྡོ་རྗེའི་རྒྱ་ཡིས་བཏབ༔ བསྐལ་པ་མ་སྟོང་བར་དུ་མ་ལྡང་ཞིག༔ ༀ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ དམ་སྲི་སྟྭཾ་བྷ་ཡ་ནན་ནན༔ གཤེགས་བསྡུ་ནི༔ ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་འཁོར་ལོའི་ལྷ༔ རང་བཞིན་རྣམ་དག་ཞིང་དུ་བཛྲ་མུ༔ བསྐྱེད་ཅིང་སྤྲོ་བསྡུ་འགྱུར་བའི་འཕྲུལ་འཁོར་རྣམས༔ སྟོང་ཆེན་ཀུན་ཏུ་བཟང་མོའི་མཁའ་ལ་ནུབ༔ ཨ་ཨ་ཨཱཿ བསྔོ་སྨོན་ནི༔ ཧཱུྃ༔ བླ་མ་ཡི་དམ་མཆོད་བསྒྲུབས་བསྙེན་པའི་མཐུས༔ འགྲོ་ཀུན་ཐར་པའི་ལམ་དུ་དབང་བསྡུས་ནས༔ ཁམས་གསུམ་རྟེན་དང་བརྟེན་པ་གཏན་སྤངས་ཏེ༔ སྟོབས་བཅུ་རྫོགས་པའི་དཔའ་བོ་མཆོག་འགྲུབ་ཤོག༔ བཀྲ་ཤིས་ནི༔ ཧཱུྃ༔ སྐུ་ཡི་རྡོ་རྗེ་སེམས་དཔའ་སུམ་སྦྲགས་ལྷ༔ གསུང་གི་རྡོ་རྗེ་བྱིན་རླབས་ནུས་པའི་སྔགས༔ ཐུགས་ཀྱི་རྡོ་རྗེ་ཏིང་འཛིན་འཕྲོ་འདུའི་རྩལ༔ འགྱུར་མེད་རྡོ་རྗེ་གསུམ་གྱི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་པའི་ཚིག་མང་དུ་བརྗོད་ཅིང་མེ་ཏོག་གི་ཆར་དབབ༔ རྡོ་རྗེའི་གླུ་བླངས་ཉམས་བསྐྱངས་པ་སོགས་དཔའ་གདེང་ཁོང་ནས་འབར་བའི་གཏད་མེད་རོལ་པ་ཆེན་པོའི་བརྟུལ་ཞུགས་ཡང་དག་པ་དང་ལྡན་པའི་ངང་ནས་ཕུན་སུམ་ཚོགས་པའི་མཐའ་བརྒྱན་རྒྱས་པར་བྱའོ༔ སྨྲས་པ༔ མ་རུངས་ལྔ་
བདོའི་ཉེས་པ་མུན་པའི་ཚོགས༔ ཟ་བྱེད་ཐུགས་སྒྲུབ་སྔོན་མེད་རྟ་ལྗང་ཅན༔ གདུལ་བྱའི་གླིང་དུ་འཁྲུངས་པའི་ཤ་བྷ་ཆེ༔ རིག་འཛིན་དམ་པ་ཁྱོད་ཡིན་གཞན་དུ་སུ༔ བཀའ་དྲིན་དྲན་ནས་སངས་རྒྱས་ཀུན་ལས་ཀྱང་༔ དུས་འདིར་སྨན་པའི་མཆོག་སྩོལ་ལྷག་པ་ཙམ༔ བྱང་ཆུབ་བར་དུ་སྙིང་ནས་ཅིའི་མི་འདུན༔ གང་དེའི་སྔོན་སྨོན་རི་ལས་འབྱོན་པ་ཡི༔ ཆོས་ཟབ་ཐུགས་སྒྲུབ་བདུན་སྙིང་སུམ་སྦྲག་གི༔ ལས་རིམ་ཟབ་མོ་བཀླག་བདེར་བཀོད་འདི་ཡང་༔ རིག་འཛིན་མཆོག་གི་བཀའ་གསང་རྡོ་རྗེ་ཡི༔ སྤྱི་བོར་ཅོད་པན་ཕེབས་དང་རང་ཉིད་ཀྱིས༔ གནས་མཆོག་ལྷ་ས་བསམ་ཡས་གཡའ་མ་ལུང་༔ མཆིམས་ཕུ་ཀོ་ས་ལ་སོགས་གནས་མཆོག་དབེན༔ རང་གི་བསྟི་གནས་སོགས་སུ་དེས་ཆོག་མེད༔ སྒྲུབ་རྟགས་མངོན་གྱུར་ལན་གྲངས་དུ་མ་ཐོན༔ ངེས་ཤེས་དཔའ་གདེང་བརྟན་པོ་གོང་ནས་སྩལ༔ དེའི་ཚེ་རང་ལ་ཉེར་མཁོ་ཆེར་བྱུང་ནས༔ ལས་རིམ་རང་གཞུང་གསལ་བར་ཁྲིགས་སུ་བཏབ༔ དངོས་གྲུབ་བསྐུལ་དང་ཐུན་མཚམས་བསྟོད་བསྐུལ་དང་༔ ཐུགས་སྒྲུབ་ཁྱད་འཕགས་གནམ་ལྕགས་མེ་འཁོར་ལས༔ བག་ཆགས་ཞེན་ཆེའི་སྐྱེ་གནས་བླངས་པ་ཡི༔ དབུ་རྒྱན་ཁོ་བོ་ཐུགས་མཆོག་རྡོ་རྗེ་ཡིས༔ འདོན་བདེར་བཀོད་པའི་དགེ་བས་དྲི་མེད་བསྟན༔ དེར་འཛིན་སྐྱེས་བུ་བསྟན་པའི་སྦྱིན་བདག་བཅས༔ དབུ་འཕང་དགུང་རེག་བསྟན་པ་ཕྱོགས་བཅུར་རྒྱས༔ གཟི་བྱིན་རྟ་བདུན་དཔལ་ལ་སྙེགས་མཐོ་ཞིང་༔ ཡངས་པའི་རྒྱལ་ཁམས་བདེ་སྐྱིད་ཕུན་ཚོགས་ལྡན༔ ནད་མུག་མཚོན་འཁྲུགས་བསྟན་པའི་བར་ཆད་ཞི༔ ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྱོད༔ མཐར་ཐུག་སྐུ་བཞིའི་ཡེ་ཤེས་མངོན་གྱུར་ཅིག༔ དགེའོ༔ བཀྲ་ཤིས༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་ཐུགས་གསང་སུམ་སྦྲེལ་ཡང་གསང་སྙིང་ནོར།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ ཐུགས་གསང་སུམ་སྦྲེལ་ཡང་གསང་སྙིང་ནོར་བཞུགས༔ འཇམ་དཔལ་པད་འབྱུང་ཡང་དག་དཔལ་ལ་འདུད༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས༔ མ་འོངས་སེམས་ཅན་འགྲོ་བ་འདུལ་དཀའ་བས༔ དབང་དུ་སྡུད་པའི་གདམས་པ་མང་བསྟན་ཀྱང་༔ ཐུགས་སྒྲུབ་སུམ་སྦྲེལ་དྲེགས་པ་འདུལ་ཐབས་དང་༔ རྒྱལ་བ་ཞི་ཁྲོའི་སྐུ་གསུམ་བྱིན་འབེབས་རྣམས༔ གསང་བ་ལས་ཀྱང་ཡང་གསང་ཆེས་གསང་བ༔ སྔོན་ཆད་འདི་འདྲ་གཞན་དུ་མ་བསྟན་པས༔ མ་འོངས་དུག་ལྔ་ནད་རྒྱས་གཅིག་ཁྱད་གསོད༔ དེ་འདྲའི་དུས་ན་གཉེན་པོ་འདི་མེད་ན༔ རྗེ་འབངས་རིག་འཛིན་མཆོག་གི་སྤྲུལ་སྐུ་ཡིས༔ འདུལ་བར་དཀའ་བས་སྙིང་ལ་དམ་དུ་ཆོངས༔ ས་མ་ཡ༔ བདག་མདུན་སྦྲེལ་མའི་སྤྲོས་བཅས་སྒྲུབ་པ་ལ༔ དཀྱིལ་འཁོར་དབུས་སུ་ཕུར་པ་སྐུ་རྟེན་སོགས༔ སྨན་གཏོར་རཀྟ་མཆོད་རྫས་རྒྱན་ལྡན་བཤམས༔ སྤྲོས་མེད་ཉམས་ལེན་བདག་བསྐྱེད་སྒྲུབ་པ་ལ༔ བཤམས་བཀོད་མི་དགོས་གོང་ལྟར་ཉམས་ལེན་ཀྱང་༔ ལྷ་སྒོམ་རིམ་པ་ལས་རིམ་ཉིད་དུ་ཤེས༔ བཟླས་པ་སྔགས་ཀྱི་དམིགས་པའི་ཞལ་ཁྲིད་ནི༔ ལྷ་གསུམ་སྦྲགས་པའི་ཡང་དག་དཔལ་ཆེན་པོའི༔ ཐུགས་ཀར་པད་ཉིའི་སྟེང་ན་ཧཱུྃ་མཐིང་ནག༔ འོད་ཟེར་སྟེང་འོག་ཕྱོགས་མཚམས་ཀུན་འཕྲོས་པས༔ ཁམས་གསུམ་འཁོར་འདས་མ་ལུས་དབང་བསྡུས་ནས༔ འགྲོ་བ་དམིགས་པའི་ཡུལ་དུ་གྱུར་པ་ཡི༔ སྙིང་དབུས་ནྲི་སོགས་ས་བོན་ལ་ཕོག་པས༔ ཅུང་ཟད་གཡོ་བའི་ངང་ནས་ཚེ་བསོད་རྣམས༔ ལུས་ངག་ཡིད་གསུམ་མ་ལུས་དབང་དུ་བསྡུས༔ རང་ཉིད་བསྟིམ་པས་གཟི་འོད་འབར་བར་བསམ༔ དམིགས་པའི་ངང་ནས་འདི་ལྟར་བསྙེན་པར་བྱ༔ ༀ་ཨཱཿཡ་མནྟ་ཀ་ཧཱུྃ་ཕཊ༔
ཆྒཻ་མོ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ཧཱུྃ་ཧཱུྃ༔ དམིགས་པ་རབ་འབད་བྱ༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོ་ཡིས༔ རྒྱུན་ལྡན་མ་ཡེངས་འདི་ཉིད་རབ་འབད་པས༔ དམིགས་ཡུལ་འགྲོ་བ་དང་བཅས་དབང་དུ་གྱུར༔ བཅུད་ཀྱི་འགྲོ་བ་མ་ལུས་ཐམས་ཅད་ཀུན༔ རང་གི་ལྷག་པའི་ལྷ་རུ་མོས་བྱས་ཏེ༔ འོད་ཟེར་སྤྲོ་བསྡུ་དབྱེར་མེད་ཡང་ཡང་བྱ༔ དམིགས་ཡུལ་འགྲོ་གང་བཅས་པ་དབང་དུ་འགྱུར༔ གལ་ཏེ་འདི་ཡིས་མྱུར་བར་མ་ཁུག་ན༔ ཡང་གསང་དམིགས་པ་འདི་ལ་གཏད་བྱས་ནས༔ འཕགས་ཚོགས་ཞི་ཁྲོའི་ཚོགས་ཀྱང་དབང་འགྱུར་བས༔ རང་གི་སྲོག་ལས་འདི་ཉིད་གཅེས་པར་ཟུངས༔ ས་མ་ཡ༔ ཡང་དག་ཕུར་པའི་འོད་ཀྱི་སྦུ་གུ་ཅན༔ འོད་ཟེར་དམིགས་ཡུལ་སྙིང་དབུས་ལ་ཟུག་པའི༔ སྦུ་གུའི་སྦྱོར་བས་ཆུ་ཉིད་དྲངས་པ་ལྟར༔ ཕ་རོལ་རྣམ་ཤེས་རྟེན་གྱི་ས་བོན་ཉིད༔ རབ་ཏུ་གཡོ་ཞིང་འདར་ལ་འཕར་སྙམ་བྱེད༔ ཚེ་དང་བསོད་ནམས་དབང་ཐང་ལུས་ངག་ཡིད༔ འུབས་ཀྱིས་བསྡུས་ནས་སྙིང་གི་དབུས་སུ་ཐིམ༔ ཕ་རོལ་མདངས་ཉམས་ཧམ་སྐྱར་སོང་བར་བསམ༔ གསང་བའི་སྙིང་པོ་ཧཱུྃ་རིང་དྲག་ཏུ་འབད༔ རྗེས་ནི་མི་རྟོག་ཐིག་ལེ་ཆེན་པོའི་ངང་༔ རྒྱལ་བ་ཞི་ཁྲོའི་ཚོགས་རྣམས་བྱིན་འབེབས་ནི༔ འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་འམ༔ ཡང་ན་འོད་ཀྱི་སྦུ་གུ་ཇི་བཞིན་དུ༔ རང་རང་ཐུགས་ཀྱི་ས་བོན་ལ་བཀུག་སྟེ༔ མཁྱེན་བརྩེ་ནུས་མཐུ་མ་ལུས་ཐམས་ཅད་པ༔ འོད་ཟེར་རྣམ་ལྔ་མར་མེ་གཅིག་མཆེད་ཚུལ༔ རང་ཉིད་ལ་བསྟིམ་དབྱེར་མེད་བརྡལ་བ་ཆེ༔ མ་བཅོས་དབྱེར་མེད་མཉམ་བཞག་ཆེན་པོར་བཞག༔ ཐུགས་སྒྲུབ་སུམ་སྦྲེལ་ཡང་གསང་སྙིང་པོ་འདི༔ སྔོན་ཆད་རྗེ་འབངས་སུ་ལའང་མ་བསྟན་པས༔ གདུལ་དཀའི་དྲེགས་པ་འདུལ་
ཕྱིར་འདི་ཁོ་ན༔ ས་མ་ཡཱ༔ ཡང་གཅིག་དམིགས་པའི་ཟབ་གནད་བསྟན་པ་ནི༔ སྟེང་གི་ནམ་མཁར་བླ་མ་རིག་འཛིན་དང་༔ བར་དུ་ཡི་དམ་དཔའ་བོ་རྣལ་འབྱོར་མ༔ འོག་ཏུ་མ་མགོན་ཆོས་སྐྱོང་སྡེ་ཚོགས་བཅས༔ ལྷ་མིའི་ཁྲོམ་ལྟར་ཚོགས་ནས་བདག་ཉིད་ཀྱི༔ མཐུ་དཔུང་མཛད་ཅིང་སྔགས་ཀྱི་རང་སྒྲ་སྒྲོགས༔ སྔགས་ཐེམས་འཇུག་པའི་ཞལ་ཤེས་གསང་བ་ནི༔ སྒོས་ཀྱི་སྒྲུབ་ན་དམིགས་བྱའི་མིང་ཐེམ་བཅུག༔ སྤྱི་སྒྲུབ་བྱེད་ན་ཛྙཱ་ན་ལོ་ཀ་སརྦ༔ ཡང་ན་ལྷ་འདྲེ་མི་གསུམ་གྱི༔ ཞེས་པའི་མིང་ཐེམ་ཆྒཻ་མོའི་མཚམས་སུ་སྦྱར༔ རྒྱལ་བ་རྣམས་ཀྱི་གསང་གསུམ་འབྲུ་གསུམ་དང་༔ འཇིག་རྟེན་ལྷ་ལ་ཨཱཿདཀར་འདྲེར་ཏྲི་ནག༔ མི་ལ་ནྲི་ཡིག་ལྗང་ཁུ་སྲོག་ཡིག་གནད༔ སྒྲུབ་ཚད་དབང་བསྡུས་ཟིལ་གྱིས་གནོན་པ་ཡིས༔ རྟགས་མཚན་མ་གསལ་བར་དུ་ནན་གྱིས་བསྒྲུབ༔ ས་མ་ཡཱ༔ མཐུ་དཔུང་བསྐྱེད་ཕྱིར་བསང་དང་གསེར་སྐྱེམས་དང་༔ རྩ་གསུམ་ཚོགས་གཏོར་སྲུང་མའི་བསྐང་གསོལ་དང་༔ ཞི་བའི་སྦྱིན་སྲེག་དགེ་འདུན་བཀུར་སྟི་དང་༔ རྒྱལ་བའི་གསུང་སྒྲོགས་དགེ་རྩ་ཅི་ནུས་དང་༔ དམ་སྲི་མནན་པ་ཡང་དང་ཡང་དུ་བྱ༔ དེས་ནི་ལས་མྱུར་མཐའ་བཙན་བཀྲ་ཤིས་འབྱུང་༔ ས་མ་ཡཱ༔ བདུད་ཀྱི་རྒྱལ་བློན་མཁན་སློབ་ཚུལ་བཟུང་ནས༔ བསྟན་པ་འཇིག་ཏུ་ཉེ་བའི་དུས་ཙམ་ན༔ སུམ་སྦྲེལ་ཁོ་ནས་བསྟན་པའི་རིམ་གྲོར་བསྒྲུབ༔ སེམས་ལ་དཔའ་བསྒོས་མདུན་མ་གཅིག་དྲིལ་ཏེ༔ རབ་ནི་གནས་ཆེན་བདུན་དང་འབྲིང་དང་ནི ༔ ཐ་མ་གསུམ་དུ་རྟགས་མཐོང་བར་དུ་བསྒྲུབ༔ གཞན་ཡང་གཅིག་པུ་སྒྲུབ་དང་ཚོགས་སྒྲུབ་སོགས༔ རྒྱལ་བསྟན་ཀུན་དང་ཁྱད་པར་ཨོ་རྒྱན་གྱི༔ བསྟན་པའི་དོན་བརྒྱུད་འདི་ལ་འབད་པར་ཐོན༔ བསྟན་དོན་གཙོ་ཆེ་པདྨའི་སྐུ་རྟེན་བཤམས༔ ཕ་རོལ་སྟོབས་འཕྲོག་
དམིགས་པ་གཞུང་ལྟར་བྱ༔ ནུས་སྟོབས་པད་འབྱུང་སྐུ་ལ་ཐིམ་པ་ཡི༔ སྔ་འགྱུར་རྒྱལ་བསྟན་ཡར་ངོའི་ཟླ་ལྟར་དམིགས༔ ཕ་རོལ་སྟོབས་ཉམས་ཧམ་སྐྱ་ཡང་ཡང་བསྒོམ༔ དེ་ནི་མངོན་སྤྱོད་ཀྱིས་ཀྱང་མཆོག་ཏུ་ཤིས༔ ཕ་རོལ་དེ་དག་དད་མོས་ཚད་མེད་ཀྱིས༔ གུས་པས་པད་འབྱུང་བསྟན་དང་བསྟན་འཛིན་ལ༔ ཕྱག་འཚལ་མཆོད་འབུལ་བཀའ་ཉན་བྱེད་པར་བསམ༔ བདག་མདུན་ལྷ་གསུམ་ང་རྒྱལ་ཡང་གསལ་གདབ༔ རིས་ཆུང་རང་དོན་ཙམ་དང་གཞན་དོན་ཕྲན༔ དེ་དག་རྣམས་ལ་བསྒྲུབས་ནའང་ཤིན་ཏུ་ཟབ༔ ཨོ་རྒྱན་བསྟན་ལ་དགའ་བ་སུ་ཡིན་ཀྱང་༔ འདི་ཉིད་ཡང་ཡང་བསྐྱར་ཏེ་ནན་ཏུ་བསྙེན༔ གཞུང་དོན་མན་ངག་ཤེས་རབ་རིག་པས་དཔྱད༔ ཐེ་ཚོམ་ཡིད་གཉིས་མེད་པར་ཕུར་ཚུགས་མཛོད༔ ལས་ལྡན་སྐལ་བ་བཟང་པོའི་བུ་མཆོག་རྣམས༔ ཟབ་དོན་འདི་ཉིད་སྤེལ་བ་དོན་ཡོད་མཛོད༔ བསོད་ནམས་ཕན་ཡོན་ཚད་མེད་ནམ་མཁའི་མཐའ༔ དེ་ཕྱིར་ནག་ཕྱོགས་བདུད་ཀྱི་བར་ཆད་ཡང་༔ འཇམ་རྩུབ་སྣ་ཚོགས་བཤོལ་ཐབས་དུ་མ་དང་༔ ལེ་ལོར་ལུས་སམ་སྙོམས་ལས་དབང་དུ་བཏང་༔ རང་ཡང་སེམས་འཁྲུགས་དཔའ་ཆད་དོན་མེད་སྙམ༔ དེ་སོགས་རྐྱེན་དབང་མ་བཏང་བརྟུལ་ཞུགས་སྤྱོད༔ ཆོས་འདིས་བསྟན་དོན་དཔག་མེད་བྱེད་པར་ཤོག༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་ཐུགས་གསང་སུམ་སྦྲགས་ཀྱིི་བླ་སྒྲུབ་གུ་རུ་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་བཀའ་རྒྱ་ཅན།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ ཐུགས་གསང་སུམ་སྦྲགས་ཀྱིི་བླ་སྒྲུབ་གུ་རུ་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་བཀའ་རྒྱ་ཅན་བཞུགས༔
པད་འབྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཟབ་གནད་གུ་རུ་དྲེགས་པ་ཟིལ་གནོན་གྱིས༔ ལྷ་འདྲེ་མི་གསུམ་དབང་སྡུད་ཟིལ་གནོན་པའི༔ མན་ངག་ཟབ་མོ་འདི་སྤྱོད་རྣལ་འབྱོར་པ༔ བརྟུལ་ཞུགས་རྩལ་ལྡན་རིག་པ་ངར་དང་བཅས༔ ཧཱུྃ་ཧྲཱི༔ བདེ་གཤེགས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད༔ གུ་རུ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི༔ དྲེགས་ཤིང་ཁེངས་པས་རབ་མྱོས་འགྲོ་བ་ཀུན༔ ཉེས་སྐྱོན་དེ་བཞིར་བརྩེ་བས་རྗེས་འཛིན་བགྱི༔ རཾ་ཡཾ་ཁཾ་གིས་མ་དག་བསྲེགས་གཏོར་བཀྲུས༔ ༀ་ཨཱཿཧཱུྃ་གིས་མཆོད་སྤྲིན་སྣང་སྲིད་ཁེངས༔ སྐད་ཅིག་རང་ཉིད་བླ་མ་པདྨ་འབྱུང་༔ དྲེགས་པ་ཟིལ་གནོན་སྐུ་མདོག་
དཀར་ལ་དམར༔ ཤིན་ཏུ་ཁྲོས་པའི་ཉམས་ཅན་གཟི་བརྗིད་འབར༔ ཕོད་ཀ་ཆོས་གོས་པད་ཞྭ་རྒྱན་ལྡན་གསོལ༔ མེ་དཔུང་འཇའ་ཟེར་འཁྲུགས་པའི་ཀློང་ཡངས་ནས༔ ཞབས་གཡོན་སྔོན་ལ་འདོར་བའི་སྟབས་ཀྱིས་བཞུགས༔ སྟོང་གསུམ་གང་བའི་སྐུ་མཆོག་འཇིགས་ཟིལ་འཁྲུགས༔ སྐུ་གསུམ་ལྷུན་གྲུབ་ཟག་མེད་བདེ་བ་ཆེ༔ དུས་གསུམ་ཀུན་མཁྱེན་འགྲོ་ཀུན་ཐུགས་རྗེས་གཟིགས༔ རྡོ་རྗེ་གདན་བྱོན་ཐུབ་པའི་རྒྱལ་ཚབ་མཛད༔ ཨོ་རྒྱན་ཡུལ་བྱོན་མཁའ་འགྲོའི་ཚོགས་དཔོན་མཛད༔ ཟ་ཧོར་རྒྱལ་འབངས་ཐམས་ཅད་
ཆོས་ལ་བཙུད༔ རི་བོ་ཏ་ལར་ཚེ་དཔག་མེད་མགོན་གྲུབ༔ དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་སྤྱོད་པ་མཛད༔ རིག་འཛིན་བརྒྱད་དང་དབང་བསྐུར་བྱིན་ལེན་མཛད༔ གདུལ་བྱའི་སྣང་ངོར་གུ་རུ་མཚན་བརྒྱད་གྲགས༔ འཕགས་པའི་ཡུལ་དུ་བདུད་དང་མུ་སྟེགས་བཏུལ༔ བོད་ཡུལ་དབུས་བྱོན་ལྷ་སྲིན་དམ་ལ་བཏགས༔ བསམ་ཡས་མཆིམས་ཕུར་གསང་སྔགས་སྒྲོན་མེ་སྦར༔ གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས༔ མདོ་སྔགས་ཉི་མ་བོད་ལ་འཆར་བར་མཛད༔ རིག་འཛིན་གྲུབ་པ་ཐོབ་པས་ས་སྟེང་གང་༔ ས་འོག་ཐམས་ཅད་རིན་ཆེན་གཏེར་གྱིས་བཀང་༔ ལས་འཕྲོ་ཅན་ལ་མ་འོངས་ལུང་དུ་བསྟན༔ སྐལ་བ་ཅན་ལ་སྨོན་ལམ་གཏད་རྒྱས་བཏབ༔ རྔ་ཡབ་གླིང་བྱོན་རྫུ་འཕྲུལ་བཀོད་པ་བསྟན༔ སྲིན་ཚོགས་ཁ་གནོན་ཆོས་ཀྱི་འཁོར་ལོ་བསྐོར༔ ཐུགས་རྗེས་སྤྱིར་ན་མཁའ་ཁྱབ་འགྲོ་ལ་གཟིགས༔ སྒོས་སུ་སྤྲེལ་ཚ་བོད་ལ་བརྩེ་བས་གཟིགས༔ དད་པ་ཅན་ལ་དངོས་སུ་ཞལ་ཡང་སྟོན༔ མོས་གུས་ཅན་ལ་སྐད་ཅིག་འདུ་འབྲལ་མེད༔ གསོལ་བ་འདེབས་ལ་དངོས་གྲུབ་
གང་འདོད་འབྱུང་༔ རྡོ་རྗེ་འཆང་དང་ཡོན་ཏན་དགོངས་པ་མཉམ༔ ཡོན་ཏན་ཡོངས་རྫོགས་ཡིད་བཞིན་དབང་གི་རྒྱལ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ པདྨ་འབྱུང་གནས་གསུང་ལ་ཕྱག་འཚལ་བསྟོད༔ པདྨ་འབྱུང་གནས་ཐུགས་ལ་ཕྱག་འཚལ་བསྟོད༔ བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ༔ འབྲལ་མེད་རྗེས་བཟུང་བྱིན་གྱིས་བརླབ་ཏུ་གསོལ༔ སྙིགས་དུས་སྐྱེ་བོ་ལས་ངན་དབང་གིས་ནི༔ བདུད་ཀྱི་བྱིན་རླབས་སྙིང་ལ་ཞུགས་པ་ཡིས༔ གཉིས་ཕུང་ཆགས་སྡང་སྤེལ་བའི་ཉམ་ཐག་རྣམས༔ ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ མཆོད་བསྟོད་དངོས་གྲུབ་ལེན་མཐར་བསྡུ་རིམ་ནི༔ ཧཱུྃ༔ དམིགས་མཚན་སྤྲོ་བསྡུ་སྟོང་ཆེན་ངང་དུ་ཞི༔ དགེ་བས་སེམས་ཅན་རྣམ་མཁྱེན་ལམ་དུ་བསྡུ༔ བདག་གཞན་སྲིད་ཞིའི་མཐའ་དང་བྲལ་བ་ཡི༔ འགྱུར་མེད་རྡོ་རྗེ་གསུམ་ལྡན་བཀྲ་ཤིས་ཤོག༔ ཐུབ་བསྟན་རྟགས་འཛིན་དུས་ལ་བབ་པ་ན༔ ལྷས་སྦྱིན་སྨོན་ལམ་ལོག་པའི་སྡེ་དགོན་དར༔ དེ་ཕྱིར་པདྨའི་རྗེས་འཇུག་སྐྱེ་བོ་རྣམས༔ ཡང་ཡང་བསྐྱར་ཞིང་ཐུགས་སྒྲུབ་ཉམས་ལེན་འབུངས༔ འདི་མིན་གཞན་གྱིས་ནུས་པ་ཐོན་པ་དཀའ༔ སྐྱེ་འགྲོ་རིགས་ཅན་འདུལ་བའི་གཉེན་པོར་ཤོག༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ མངྒ་ལཾ༔ ཞེས་པའང་དག་སྣང་བཀའ་བབ་དཔའ་བོ་ལས་རབ་རྩལ་གྱིས་སོ༔ དགེའོ༔ དགེའོ༔ དགེའོ༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་ཐུགས་སྒྲུབ་སུམ་སྦྲགས་ཀྱི་གབ་ཡིག་ཙཀྲ།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ ཐུགས་སྒྲུབ་སུམ་སྦྲགས་ཀྱི་གབ་ཡིག་ཙཀྲ་བཞུགས་སོ༔ འཇམ་དཔལ་པད་འབྱུང་ཡང་དག་དཔལ་ལ་འདུད༔ ཐུགས་སྒྲུབ་སྲོག་གི་མཐར་ཐུག་གསང་བའི་གནད༔ སྲོག་འཁོར་ཙཀྲ་འབྲི་བའི་རིམ་པ་ནི༔ ཡར་ངོའི་བཀྲ་ཤིས་ཉི་མ་འགྲུབ་སྦྱོར་ཉི་ཁྱིམ་ལ༔ རྒྱ་ཤོག་ངོས་ལ་མཚལ་ཞུན་དག་གིས་བྲི༔ བྲིས་བསུབ་ལྷག་ཆད་སྤང་ལ་རབ་ཏུ་གཟབ༔ མུ་ཁྱུད་རྩིབས་སོགས་རིམ་པ་བཞིན་དུ་འགོད༔ དབུས་ཀྱི་ལྟེ་བར་ཕྱག་མཚན་ཕུར་པ་བྲི༔ རྒྱ་མདུད་གོང་མར་ༀ་དང་འཆང་བཟུང་ཨཱཿ རྒྱ་མདུད་འོག་མ་དག་ལ་ཧཱུྃ་ཡིག་འགོད༔ དབལ་ལ་ཨ་ནྲི་ཏྲི་ཛཿཞེས་བྲི༔ ཕུར་པའི་མཐའ་ནས་བརྩམས་ཏེ༔ ༀ་ཨཱཿཡ་མནྟ་ཀ་ཧཱུྃ་ཕཊ༔ ཆྒཻ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་པུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ་གུ་རུ་པདྨ་ཆྒཻ་ཀཱ་ཡ་ཝཱཀྐ་སོགས་བྲི་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཇམ་དཔལ་གཤིན་རྗེ་གཤེད་གུ་རུ་པདྨ་འབྱུང་གནས་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱིབྱིན་རླབསཀྱི་རིག་འཛིན་སྒྲུབ་པ་པོ་བདག་ལ་འཁོར་འདས་ཀྱི་དཔལ་དང་ཡོན་ཏན་ཐམས་ཅད་དང་༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཕུན་སུམ་ཚོགས་པ་རྣམས་དང་འཇིག་རྟེན་གྱི་ཁམས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བའི་དངོས་གྲུབ་མ་ལུས་
པ་བསྩལ་དུ་གསོལ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧཱུྃ་ཡིག་བརྒྱ་དང་རྩ་བརྒྱད་འགོད༔ ཡང་ན་ཉི་ཤུ་རྩ་གཅིག་འགོད༔ འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་བློན་འབངས་འཁོར་བན་བོན་སྔགས་པ་ཆེ་བཙན་གྲགས་པ་ཅན་རྣམས་ཀྱི་སྒོ་གསུམ་དཔལ་འབྱོར་དང་བཅས་པ་ཐམས་ཅད་མྱུར་དུ་སྡུས་ཤིག༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཞན་ཡང་གང་འདོད་ཀྱི་འདོད་གསོལ་བྲི༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ རྩིབས་དང་པོ་ལ་ༀ་ཨཱཿཡ་མནྟ་ཀ་ཤར་ཕྱོགས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཀཱ་ཡ་ཝཱཀྐ་སོགས་རྩ་སྔགས་ཡོངས་རྫོགས་བྲི༔ དེ་བཞིན་དུ་རྩིབས་གཉིས་པ་ལ༔ ལྷོ་ཕྱོགས་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་སོགས་རྩིབས་གསུམ་པ་ནུབ་དང་བཞི་པ་ལ་བྱང་ཕྱོགས་ཞེས་གོང་དང་འགྲེས༔ རྩིབས་མཆན་ལ༔ ཧ་རི་ནི་ས་རི་ནྲི་རུ་རེ་བ་སྙིང་ལ་པ་རེ་ཧཱུྃ་ཛཿ དེའི་ཕྱི་རིམ་མུཁྱུད་ལ༔ ཐུགས་སྒྲུབ་སུམ་སྦྲེལ་གྱི་སྔགས་དང་༔ ༀ་མུ་ལེ་ལྷོད་ལྷོད་སྡུས་སྡུས་ཧ་རི་ནི་ས་ཧཱུྃ་ཕཊ༔ ༀ་ཏྲི་དུ་ཏྲི་དུ་མ་དུ་མ་དུ་ཆུམ་ཆུམ་སརྦ་ཧ་རི་ནི་ས་ཧཱུྃ་ཕཊ༔ ༀ་སྤུར་སྤུར་སྤུར་ཡེ་སྤུར་ཡེ་ན་འོང་ན་འོང་ཧ་རི་ནི་ས་ཧཱུྃ་ཕཊ༔ ཙག་ཤུ་ཙེ་ལྡན་གུམ་ཨེ་ནྲི་ཡ་མ་དུ་ཏྲི་ཛཿ ༀ་ཤ་ཤ་སྦྲང་ཙི་ཏྲི་ཙི་ཏྲི་ཏྲང་ཤེ་མོ་ཤོག་ཙག་ཙག་གཡའ་གཡའ་ཙག་ཙག་མེ་འབར་ལྷང་ཙག་ཙག་ཙིག་ཙིག་དབང་
པོ་སྡུས་ཤིག་སྭཱ་ཧཱ་འཇིག་རྟེན་གྱི་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དཔལ་ཐམས་ཅད་མཆོག་དང་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ཁམས་གསུམ་གྱི་ཚེ་བསོད་དཔལ་འབྱོར་སྟོབས་གཡང་སོགས་ཐམས་ཅད་ཐོགས་པ་མེད་པར་མྱུར་དུ་དབང་དུ་སྡུས་ཤིག༔ ལྷ་འདྲེ་མི་གསུམ་ཐམས་ཅད་སརྦ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཞན་ཡང་འདོད་གསོལ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ༔ མ་ནུ་ཀཱ་ལི་སརྦ་དྷརྨཱ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཉེར་གཅིག་བྲི༔ འདོད་གསོལ་དུ༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྒྱལ་བློན་རྒྱལ་ཕྲན་བཙུན་མོ་བློན་འབངས་དགེ་བཤེས་བན་བོན་སྔགས་པ་སྐྱེས་པ་བུད་མེད་བྱིས་པ་ཐམས་ཅད་དབང་དུ་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གྲུབ་མཐའ་ངན་པས་རང་རྒྱུད་ཁེངས་པའི་སྡེ་དགོན་དྲེགས་པ་ཅན་ཐམས་ཅད་སྔ་འགྱུར་རྙིང་མའམ་ཆྒཻའི་ཆོས་བསྟན་ལ་མོས་ཤིང་འདུད་པར་དབང་དུ་བསྡུས་ནས་བྱང་ཆུབ་ཆེན་པོར་འགོད་པར་གྱུར་ཅིག༔ ཧྲཱིཿཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་གཡུང་དྲུང་དམར་པོ་གཡས་བསྐོར་བཅུ་དྲུག་དང་དགའ་བ་འཁྱིལ་བ་དཀར་དམར་འདྲེས་པ་
བཅུ་དྲུག་སྤེལ་མར་བྲིས་པའི་མཚམས་མཚམས་སུ་ཛཿབཾ་བཅུ་དྲུག་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ༀ་ཨཱཿཧཱུྃ་ཧ་རི་ནི་ས་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ༔ བྷ་སུ་དྷ་རི་ནི་སྭཱ་ཧཱ༔ པུཤྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ༀ་འགུལ་འགུལ་མ་མ་ཧྲིང་ཧྲིང་མ་མ་ཁ་ཤི་མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་སྡུས་སྡུས་མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ནྲྀ་ཨ་ཀ་ཡ་ཛ༔ ཨ་ཀ་ཡ་ཧྲིང་༔ ལྷ་འདྲེ་མི་གསུམ་གྱི་སྒོ་གསུམ་དཔལ་འབྱོར་དང་བཅས་པ་ཐམས་ཅད་དབང་དུ་སྡུས་ཤིག༔ འཇིག་རྟེན་ཁམས་གྱི་གསེར་དངུལ་རིན་ཆེན་འབྲུ་སྨན་དར་ཟབ་རྐང་འགྲོ་སོགས་མཁོ་དགུའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་༔ ཆོས་དང་སྲིད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་མཐའ་དག་མྱུར་དུ་བསྡུས་ནས་རིག་འཛིན་སྒྲུབ་པ་པོ་བདག་ལ་དངོས་གྲུབ་བསྩལ་དུ་གསོལ༔ གཞན་ཡང་འདོད་གསོལ་ཅི་རིགས་པར་བྱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དབྱངས་གསལ་བྱེད་རྟེན་འབྲེལ་སྙིང་པོ་རྣམས་བྲི༔ འདོད་གསོལ་དུ༔ འཁོར་འདས་ཀྱི་སྲོག་བཅུད་དང་འབྱུང་བ་ལྔའི་དྭངས་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ནུས་པ་རྣམས་དེང་གི་རྟེན་འབྲེལ་དབང་གི་འཁོར་ལོ་
འདིའི་བྱིན་རླབས་བདེན་པའི་སྟོབས་ཀྱིས་དབང་དུ་བསྡུས་ནས་བདག་ལ་བསྩལ་ཏེ་འདི་ཉིད་དུ་གནས་སྐབས་དང་མཐར་ཐུག་གི་བཀྲ་ཤིས་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པར་གྱུར་ཅིག༔ ༀ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྜ་ལ་མནྡྷ་ལ་མ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་ནོར་བུ་རིམ་པར་འགོད༔ དེའི་ཕྱི་རོལ་འོད་དམར་ཟེར་གྱི་ལྕགས་ཀྱུ་བྲི༔ ཙཀྲར་ཁྲུས་བྱས་བགེགས་བསྐྲད་ལྷར་བསྐྱེད་ཅིང་༔ རྩ་གསུམ་བྱིན་རླབས་འཁོར་འདས་བཅུད་སྟོབས་རྣམས༔ ཡང་ཡང་འགུགས་བསྟིམ་དམིགས་པ་གནད་དུ་གཟིར༔ ཙཀྲའི་སྔགས་རྣམས་བརྒྱ་དང་རྩ་བརྒྱད་བཟླ༔ ལྷ་ཚོགས་འོད་ཞུ་ཡིག་འབྲུའི་རྣམ་པར་བསམ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་ཏུ་གནས༔ དམ་ཚིག་སེལ་མེད་བདུད་རྩི་ཨ་མྲྀ་ཏ༔ སིན་དྷུར་ལི་ཁྲི་རྒྱ་སྐག་ཙནྡན་དམར༔ མེ་ཏོག་ཧ་ལོ་ནག་མཚུར་ཅོང་ཞི་དང་༔ བྲག་ཞུན་རིན་ཆེན་ལྔ་དང་འབྲུ་སྨན་དང་༔ ཁ་དྲག་བཙན་ཕྱུག་འཕན་དར་ཟག་རྫས་བཏབ༔ དགེ་འདུན་འདུ་ཁང་མི་མང་འདུས་པའི་ས༔ ལྟད་མོ་བལྟས་མོ་བཀྲ་ཤིས་གཉེན་སྦྱོར་དང་༔ ཚོང་འདུས་གནས་གཞིའི་ཕོ་བྲང་ས་སྣ་བཏབ༔ བླ་མ་ཡི་དམ་བླ་རྡོ་མུ་མེན་དང་༔ མཁའ་འགྲོ་འགྲོན་བུ་ལྷ་ཡི་བླ་རྡོ་ཤེལ༔ མི་གཡུ་ལྷ་འདྲེའི་བླ་རྡོ་རྡོ་ཕ་བོང་༔ དར་དམར་ཁུག་གཅུད་ཙཀྲའི་འོག་ཏུ་བཅུག༔ ཙཀྲ་དར་དམར་གྱིས་དྲིལ་སྲད་བུས་བཅིངས༔ ཟངས་དམར་གབ་རྩེར་བཅུག་ལ་མཆན་འོག་འཆང་༔ སྒྲུབ་དུས་དབང་གི་མཌྜལ་དབུས་སུ་འགོད༔ ཐུགས་སྒྲུབ་སུམ་སྦྲགས་ལྷར་གསལ་མཆོད་བསྟོད་བསྙེན༔ འཁོར་འདས་དྭངས་བཅུད་འགུགས་བསྟིམ་དམིགས་པ་བྱ༔ ལོ་
དུས་བཞིན་དུ་བྱིན་རླབས་རབ་གནས་བསྐྱར༔ ལྷ་སྔགས་རྫས་ཀྱིས་བསྒྲུབས་པའི་ནོར་བུ་སྟེ༔ སྐྱེ་འགྲོ་གཞན་གྱིས་མཐོང་ཐོས་མེད་པར་གསང་༔ དགོས་འདོད་ཅི་བསམ་དངོས་གྲུབ་ཐོགས་མེད་འབྱུང་༔ འཁོར་འདས་ཀུན་གྱི་སྲོག་རྩ་སྡུད་པའི་གནད༔ བེམ་པོའི་ས་དང་རྡོ་ཡང་འཕར་ནུས་ན༔ རྣམ་པར་ཤེས་པའི་ལུས་ཅན་སྨོས་ཅི་དགོས༔ འདི་ཉིད་སུས་འཆང་མཆོག་ཐུན་དངོས་གྲུབ་དང་༔ བཀྲ་ཤིས་ཡོན་ཏན་མཐུ་སྟོབས་དཔག་མེད་འབྱུང་༔ ཐུགས་སྒྲུབ་སུམ་སྦྲགས་གསང་བའི་གནད་ཡིག་འདི༔ དམ་ལྡན་རྩེ་གཅིག་སྒྲུབ་པའི་སྲོག་ཁོ་ན༔ དེ་ཕྱིར་རབ་ཏུ་གསང་ཞིང་སྦ་བར་བྱ༔ ས་མ་ཡ༔ གུ་ཧྱ༔ བརྡ་ཐིམ༔
བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་དགྲ་ཕུང་ནག་པོ་བརྒྱུད་པའི་གསོལ་འདེབས།
࿅༔ བཅོམ་ལྡན་འདས་འཇམ་དཔལ་ཁྲོས་པའི་དགྲ་ཕུང་ནག་པོ་བརྒྱུད་པའི་གསོལ་འདེབས་བཞུགས་སོ༔ ༀ་ཨཱཿཧཱུྃ༔ ཀུན་བཟང་རྡོར་འཆང་འཇམ་དཔལ་གསང་བའི་བདག༔ འཇམ་དཔལ་བཤེས་གཉེན་པདྨ་འབྱུང་གནས་དང་༔ མཚོ་རྒྱལ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ༔ བཻ་རོ་ལང་གྲོ་དཔའ་བོ་ལས་རབ་རྩལ༔ ཟིལ་གནོན་རྡོ་རྗེ་ཨོ་རྒྱན་འཇིགས་མེད་དང་༔ ཀུན་བཟང་ཐེག་མཆོག་རྩ་བརྒྱུད་བླ་མ་དང་༔ གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ གདོད་མའི་སངས་རྒྱས་རང་རིག་གཤིན་རྗེ་གཤེད༔ ཡེངས་འཁྲུལ་མེད་པའི་ཡེ་ཤེས་མངོན་གྱུར་པའི༔ བདག་འཛིན་རཱུ་ཏྲ་སྒྲོལ་བར་བྱིན་གྱིས་རློབས༔ ལྷ་སྔགས་ཏིང་འཛིན་ཡེ་ཤེས་རོལ་
པ་ཡི༔ མངོན་སྤྱོད་ཕྲིན་ལས་འགོག་མེད་འཆར་བ་ཡིས༔ བསྟན་དགྲ་ནུས་པས་སྒྲོལ་བར་བྱིན་གྱིས་རློབས༔ མ་རིག་ལས་ངན་ཞིང་བཅུ་ཚང་བའི་དགྲ༔ སྙིང་རྗེས་བསྒྲལ་ནས་དག་ཞིང་མགྲོན་དུ་འབོད༔ རླབས་ཆེན་སྔགས་སྤྱོད་ནུས་པར་བྱིན་གྱིས་རློབས༔ རྣམ་ཀུན་དམན་པའི་སྒོ་གསུམ་ཡོངས་སྤངས་ནས༔ ལྷ་སྔགས་ཏིང་འཛིན་བདེ་ཆེན་རོལ་པ་ཡི༔ གསང་གསུམ་ཡེ་ཤེས་རོལ་པར་བྱིན་གྱིས་རློབས༔ ཇི་སྲིད་ནམ་མཁའི་མཐའ་དང་སེམས་ཅན་མཐའ༔ འཛད་མེད་དེ་བཞིན་བདག་དང་འཇམ་དཔལ་མཐུས༔ འགྲོ་བ་འདྲེན་པའི་མྱུར་ལམ་མཆོག་ཏུ་ཤོག༔ ཅེས་པ་འདི་ཡང་བསོད་ནམས་ཆོས་བཟང་གིས་བསྐུལ་བར་བརྟེན༔ དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔
གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་རིམ་བཀླག་ཆོག་ཏུ་བཀོད་པ་ཁྲག་འཐུང་དགྱེས་པའི་དགའ་སྟོན།
࿅༔ གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་རིམ་བཀླག་ཆོག་ཏུ་བཀོད་པ་ཁྲག་འཐུང་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ༔
འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ དེ་ཡང་ངན་སྔགས་ཀུན་གྱི་ཟབ་བཏུས༔ འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་མེའི་སྤུ་གྲི་ཉམས་སུ་ལེན་པའི་རྣལ་འབྱོར་པས༔ དྲག་པོའི་གནས་སུ་མཎྜལ་གྲུ་གསུམ་ནག་པོ་དུག་ཁྲག་དང་རོ་སོལ་གྱིས་བྱུགས་པའི་དབུས༔ འབྲུ་ནག་གི་ཚོམ་བུ་བཀོད་པའི་ཁར༔ དཔལ་གཏོར་ཁྲག་གིས་བརྒྱན་པར་སྐུ་དང་དར་གདུགས་བཅས་བཤམས༔ མཆོད་རྫས་སོགས་ཡོ་བྱད་རྣམས་བསགས༔ བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་དཔའ་བོ་གཤིན་རྗེ་གཤེད༔ གདུག་པ་ཅན་རྣམས་ཀུན་གྱི་བདུད༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ གསང་བའི་གནས་འདིར་མ་འདུག་ཅིག༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ ཡེ་ཤེས་རྡོ་རྗེ་འབར་
བ་ཡིས༔ མགོ་བོ་ཚལ་པ་བརྒྱ་རུ་ཁོས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ སྲུང་འཁོར་ནི༔ ཧཱུྃ༔ གཤིན་རྗེ་རོལ་པའི་དཀྱིལ་འཁོར་འདི༔ ཕྱི་རོལ་གནམ་ལྕགས་ངར་མ་ཡི༔ འཁོར་ལོ་རྩིབས་སྟོང་འབར་བའི་གུར༔ གཡས་གཡོན་འཁོར་ཞིང་རྩིབས་རྣམས་འཐབས༔ བསྐལ་པའི་མེ་དཔུང་འབར་བ་ནི༔ སྟེང་འོག་ཕྱོགས་བཅུར་འཁྲུགས་ཤིང་འཁྱིལ༔ དངོས་འཛིན་བགེགས་ཚོགས་མ་ལུས་གཞོམ༔ འཇམ་དཔལ་ཁྲོས་པ་བདག་ཉིད་ཀྱིས༔ བཀའ་བསྒོས་མཚམས་བཅད་ཚུན་ཆད་དུ༔
སུ་ཡང་འདའ་བར་མ་བྱེད་ཅིག༔ ༀ་ཨཱཿཧཱུྃ་བྷྲུཾ་བཛྲ་རཀྵ་ཧཱུྃ༔ སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ ཡེ་ཤེས་རྣོན་པོའི་མཚོན་ཆ་གདེངས་པ་ཡིས༔ མ་རིག་ཉོན་མོངས་རྩད་ནས་གཅོད་མཛད་པ༔ མཆོག་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡབ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ༔ བདུད་དང་དམ་སྲི་བྱད་མ་མུ་སྟེགས་ཚོགས༔ ང་བདག་གཟུང་འཛིན་རཱུ་ཏྲ་མ་ལུས་པ༔ ཚར་གཅོད་རྗེས་འཛིན་ཐུགས་རྗེས་འདུལ་བའི་ཕྱིར༔ འཇམ་དཔལ་དཔའ་བོའི་ང་རྒྱལ་བསྒོམ་པར་བྱ༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ དུང་ཆེན་བྷནྡྷའི་སྣོད་མཆོག་ཏུ༔ གདུག་པ་ཅན་རྣམས་བསྒྲལ་བ་ཡི༔ དུར་ཁྲོད་དྲག་པོའི་རྫས་ཀྱིས་བཀང་༔ རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ༔ བླ་མེད་མཆོག་གི་མཆོད་པའི་སྤྲིན༔ སྨན་རཀ་གཏོར་ཚོགས་འདོད་ཡོན་སྤྲིན༔ གནམ་ས་བར་སྣང་གང་བར་སྤེལ༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བྱིན་འབེབས་ནི༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཚིག་ཅན༔ སྔོན་གྱི་ཐུགས་དམ་ཀློང་ནས་སྐུར་བཞེངས་ནས༔ བྱིན་ཆེན་དབབ་ཅིང་དབང་
མཆོག་བསྐུར་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཧྲིང་ཧྲིང་ཨ་ཝེ་ཤ་ཡ་ཨ༔ ལྷ་བསྐྱེད་པ་ནི༔ བདག་དང་མདུན་བསྐྱེད་དུས་གཅིག་ཏུ༔ གཤེད་ཆེན་མེའི་སྤུ་གྲི་རབ་ཏུ་ཁྲོས་པ་དེ་ལ་འཁོར་ཉི་མ་ལས་འོད་ཟེར་གྱི་ཚུལ་དུ༔ ཕྱོགས་བཅུ་དུས་གསུམ་གྱི་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་གཤིན་རྗེའི་གཤེད༔ བྱེ་བ་དུང་ཕྱུར་ཕོ་མོ་མ་ནིང་གི་ཆ་འཛིན་པ་ཐམས་ཅད་སྐུ་མདོག་ཕྱག་མཚན་ཟ་གསོད་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྒྱན་ཆ་ལུགས་ཀྱང་གཙོ་བོ་དང་མཐུན་པའོ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས༔ སྟེང་དུ་གསེར་དང་འོག་ཏུ་གནམ་ལྕགས་ཀྱི༔ འཁོར་ལོ་རྩིབས་སྟོང་ཁ་སྦྱོར་གུར་ཁང་དབུས༔ བདག་དང་བསྲུང་བྱ་འཇམ་དཔལ་ཁྲོ་བོའི་རྒྱལ༔ སྐུ་མདོག་དམར་པོ་དུས་མཐའི་མེ་འོད་བཞིན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྱིལ༔ མཆེ་བ་ཟངས་ཡག་ལྗགས་དམར་གློག་སྟོང་འཁྱུག༔ སྣ་ཚོགས་མཚོན་ཆ་ཐོགས་ཤིང་གསོད་ལ་རྔམ༔ ཞབས་གཉིས་དོར་སྟབས་བདུད་དང་བྱད་མ་བརྫིས༔ གར་དང་དུར་ཁྲོད་ཆས་ལྡན་མེ་དཔུང་འབར༔ གནམ་ལྕགས་ཞུན་ཐིགས་ཁྲོ་ཆུང་ཚྭ་ཚྭ་འཁྲུགས༔ སྤྱི་བོར་ཁྱུང་ཕོ་སྨུག་ནག་ལྡིང་བ་ཡིས༔ ཀླུ་དང་ས་བདག་སྙིང་རྩ་ཁོང་
ནས་འབྱིན༔ ནུ་མ་གཡས་གཡོན་དུང་སེང་མང་པོ་འཕྱོ༔ ལྕགས་རལ་སྤྲུགས་ཤིང་གནོད་བྱེད་ཧབ་ཧབ་ཟ༔ སོག་པ་ཕན་ཚུན་སྟག་ཆེན་ངར་མ་རྒྱུག༔ གང་ལ་དམིགས་པ་ཧུར་ཐུམ་ཆོལ་བར་གཏོང་༔ མཁལ་སྐེད་སྦྲུལ་ནག་ཁ་རླངས་དུད་སྤྲིན་འཐིབས༔ དགྲ་ལ་འགྱེད་ཅིང་མྱོས་རེངས་རྨུགས་པར་བྱེད༔ བདག་ཉིད་སངས་རྒྱས་སྟོང་རྩ་སྒྲུབ་སྡེ་དགུ༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་ངོ་བོར་གསལ༔ སྤྱན་འདྲེན་པ་ནི༔ ཧཱུྃ་ཡ༔ འོག་མིན་ཆོས་དབྱིངས་གཤིན་རྗེ་རོལ་པའི་ཞིང་༔ དུར་ཁྲོད་རབ་ཏུ་རྔམ་པའི་གནས་མཆོག་ནས༔ ཞི་བའི་དབྱིངས་ལས་དྲག་པོ་ཁྲོས་པའི་གར༔ ལྷ་ཡི་ལྷ་མཆོག་འཇམ་དཔལ་གཤིན་རྗེ་གཤེད༔ མཐུ་སྟོབས་མེ་དཔུང་འབར་ཞིང་གཤེགས་སུ་གསོལ༔ སྲིད་གསུམ་ལས་ཀྱིས་བསྐོས་པའི་གྲོང་ཁྱེར་ནས༔ དུག་གསུམ་ཁྲོས་པ་ཟ་གསོད་ཚུལ་སྟོན་པ༔ སྙིང་རྗེ་མེད་པ་ལས་ཀྱི་གཤིན་རྗེའི་ཚོགས༔ འགུགས་གསོད་སྒྲོལ་བའི་ལས་ལ་མྱུར་དུ་བྱོན༔ གཤིན་རྗེ་ཀུན་དང་དབྱེར་མེད་སྦྱོར་བའི་ཡུམ༔ འཆི་བདག་ལས་བྱེད་ཕྲ་མེན་ཕོ་ཉའི་ཚོགས༔ དགྲ་བགེགས་
བསྒྲལ་ཕྱིར་མྱུར་དུ་གཤེགས་སུ་གསོལ༔ བར་སྣང་ཡངས་པའི་དཀྱིལ་འཁོར་ཆེན་པོ་ནས༔ དྲག་གཏུམ་མི་བཟད་ཐོག་དང་མེ་དཔུང་འཕྲོ༔ གཟའ་གདོང་དྲེགས་བྱེད་ལས་མཁན་གཤེགས་སུ་གསོལ༔ འཇམ་དཔལ་ཁྲོས་པའི་ལྷ་ཚོགས་གཤེགས་ཙ་ན༔ དུག་སྤྲིན་མུན་པ་ནག་པོ་ཐིབས་སེ་ཐིབ༔ འཇིགས་རུང་ཁྲོ་བོའི་དམག་ཚོགས་ཡ་ལ་ལ༔ སྤུ་གྲི་དྲག་སྔགས་འབྲུག་སྟོང་འུ་རུ་རུ༔ འཇིགས་བྱེད་ལྗགས་ལས་གློག་དམར་ཀེམས་སེ་ཀེམ༔ གནམ་ལྕགས་དྲག་པོའི་སེར་ཆེན་ཤ་ར་ར༔ སྣ་ཚོགས་མཚོན་ཆའི་ཐོག་འབེབས་ཆེམས་སེ་ཆེམ༔ ཟ་བྱེད་གསོད་བྱེད་ཚོགས་རྣམས་ཁྱུགས་སེ་ཁྱུག༔ དམ་ཉམས་དགྲ་བགེགས་སྒྲོལ་ཕྱིར་གཤེགས་སུ་གསོལ༔ བྱད་མ་རྦོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ༔ བདུད་དང་ལོག་འདྲེན་འདུལ་ཕྱིར་གཤེགས་སུ་གསོལ༔ དུས་འཁྲུགས་མཚོན་ཁ་བཟློག་ཕྱིར་གཤེགས་སུ་གསོལ༔ དབང་དྲག་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ བཛྲ་ཀྲོ་ཏ་ཡ་མ་རཱ་ཛ་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛ༔ བཞུགས་གསོལ་ནི༔ ཧཱུྃ༔
གནམ་ལྕགས་ཁྲོ་ཆུ་ཁོལ་མའི་དབུས༔ ཟ་གསོད་མ་གཤིན་འཁྲུགས་པའི་ཀློང་༔ མེ་རླུང་འཐབ་པའི་དཀྱིལ་འཁོར་འདིར༔ གཤིན་རྗེའི་ལྷ་ཚོགས་བཞུགས་སུ་གསོལ༔ འགུགས་འདྲེན་སྒྲོལ་བའི་ལས་མཛོད་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཨ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཁྲག་འཐུང་རྔམ་པའི་ཞལ་ནང་དུ༔ འཁོར་བའི་དུག་ལྔ་ལྷག་མེད་སྟོབ༔ དབྱིངས་སུ་རོལ་ཅིང་དབྱིངས་སུ་སྡུད༔ འཇམ་དཔལ་ཁྱེད་ལ་ཕྱག་འཚལ་ལོ༔ ན་མོ་ཨ་ལ་ལ་ཏེ་པཱུ་ཙ་ཧོ༔ མཆོད་པ་ནི༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ སྙིང་ཁྲག་དམར་པོའི་ཡོན་ཆབ་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་ཨརྒྷཾ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ དབང་པོ་ལྔ་ཡི་མེ་ཏོག་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་པུཥྤེ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་
བསྒྲལ་བ་ཡི༔ ཚིལ་ཆེན་བདུག་སྤོས་དུད་སྤྲིན་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་དྷུ་པེ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ ཞུན་ཆེན་སྣང་གསལ་མར་མེ་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ ཁྲག་མཁྲིས་སྦྱར་བའི་དྲི་ཆབ་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་གནྡྷེ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ ཤ་རུས་དོན་སྙིང་ཞལ་ཟས་འདི༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་ནཻ་ཝི་ཏེ་ཧཱུྃ༔ ཧཱུྃ༔ དུག་གསུམ་ལས་ཀྱིས་མནར་བ་ཡི༔ དགྲ་བགེགས་རྣམས་ནི་བསྒྲལ་བ་ཡི༔ རྐང་གླིང་ཐོད་པའི་རྔ་སྒྲ་འདི༔ གཤིན་རྗེའི་
གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དགྲ་བགེགས་མྱུར་དུ་སྒྲོལ༔ ༀ་བཛྲ་ཤབྟ་ཧཱུྃ༔ ཧཱུྃ༔ བྷནྡྷ་ཡེ་ཤེས་སྣོད་མཆོག་ཏུ༔ དུ་མ་རོ་གཅིག་བདུད་རྩིས་བཀང་༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ འཇམ་དཔལ་གྲུབ་པའི་རྒྱ་བོད་རིག་འཛིན་དང་༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་འདུས་པའི་བདག༔ ཡང་ཟློག་དམར་པོ་མེ་ཡི་སྤུ་གྲི་སོགས༔ བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ཆོས་འབྱུང་གྲུ་གསུམ་མཁའ་དབྱིངས་སུ༔ བདུད་དང་སྲིན་པོའི་སྙིང་ཁྲག་བསྐྱིལ༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཁྲོ་ལྕགས་དྲག་པོའི་སྣོད་ནང་དུ༔ རཱུ་ཏྲའི་སྙིང་གི་གཏོར་ཆེན་བཤམས༔ གཤིན་རྗེའི་གཤེད་པོའི་ཚོགས་ལ་འབུལ༔ བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་མ་ཧཱ་བ་
ལིངྟ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ འཇམ་དཔལ་ཡེ་ཤེས་ལུས་ཅན་རྡོ་རྗེའི་སྐུ༔ གང་འདུལ་ཚུལ་གྱིས་གདུག་པ་འདུལ་བའི་ལྷ༔ དམར་ནག་རྔམ་ཁྲོས་འཇིགས་སུ་རུང་བའི་ཞལ༔ ཁྲོ་རྒྱལ་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ མཐུ་སྟོབས་རང་བཞིན་དྲང་སྲོང་དམོད་པའི་གསུང་༔ མ་རུངས་གནོད་བྱེད་བྱད་མའི་གཤེད་དུ་འབེབས༔ དྲག་སྔགས་རྣོ་དབལ་ལྡན་པའི་སྤུ་གྲིའི་སྒྲ༔ ཁྲོ་རྒྱལ་འབར་བའི་གསུང་ལ་ཕྱག་འཚལ་བསྟོད༔ སྤྲོ་བསྡུའི་མཚན་མ་ཡོངས་སུ་ཞི་བའི་ཐུགས༔ འགྲོ་བ་འདུལ་ཕྱིར་ཕྲིན་ལས་རྣམ་པ་བཞིའི༔ རྣམ་པར་འཕྲུལ་བའི་མཛད་པ་སྣ་ཚོགས་སྟོན༔ ཁྲོ་ཆེན་འབར་བའི་ཐུགས་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་གཡོ་བའི་ཚུལ་དུ་སྟོན་པའི་ཚུལ༔ ཚེ་དང་སྲོག་ལ་དབང་བསྒྱུར་དྲག་རྩལ་ཅན༔ སྣང་སྲིད་འཇིགས་བྱེད་ཡི་དྭགས་ཡོངས་ཀྱི་གཙོ༔ ལས་ཀྱི་གཤེད་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ སྲིན་མོ་མི་བཟད་འབར་བའི་ཚོགས་སུ་སྤྲུལ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཉམས་པའི་དགྲ་ལ་དལ་ཡམས་
བཀའ་ཆད་འབེབས༔ མ་བདུད་གཤེད་ཡུམ་ཚོགས་ལ་ཕྱག་འཚལ་བསྟོད༔ མཐོང་བས་མི་བཟོད་དུག་ཅན་མིག་སྟོང་བ༔ འབྱུང་བ་འཁྲུགས་པའི་སྒྲ་འབྱིན་ཐོག་སེར་འབེབས༔ ནམ་མཁའི་ཁམས་ལ་དབང་བཙན་གསོད་བྱེད་གཙོ༔ ལས་བྱེད་རཱ་ཧུ་ལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྔོན་ཚེ་སྐུ་གསུམ་རྒྱལ་བའི་བཀའ་བཞིན་དུ༔ ཡེ་ཤེས་ལས་གྲུབ་མ་གཤིན་དྲེགས་པའི་ཚོགས༔ དམ་ཚིག་དབང་གིས་གཏོར་མ་འདི་བཞེས་ལ༔ ཐུགས་དམ་དབང་གིས་རྣལ་འབྱོར་བདག་ཅག་སྲུངས ༔ སྔོན་ལས་འཕྲལ་རྐྱེན་བར་ཆད་ཐམས་ཅད་ཟློགས༔ བདུད་དང་ལོག་འདྲེན་བྱད་མ་དམ་སྲི་ཐུལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་ཅིང་ཕྲིན་ལས་བཅོལ་ལོ༔ སྔགས་ཀྱིས་བསྙེན་པ་ནི༔ རང་ཉིད་གཤིན་རྗེ་གསལ་བའི་ཐུགས་ཀར་བླ་མའི་ངོ་བོར་འཇམ་དཔལ་ཞི་སྐུ་གསེར་མདོག་ཏུ་གསལ་བའི་ཐུགས་ཀར་ཉི་ཟླའི་སྟེང་དུ་ལྟེ་བར་ཧཱུྃ་མཐིང་ག་དེའི་ཧ་ཁོག་གི་ནང་ཡ་དམར་པོ་བསྒོམ༔ ཐ་མར་གསང་སྔགས་འབྲུ་བདུན་མར་མེའི་འོད་ཀྱི་ཕྲེང་བ་ལྟ་བུ་ལས་འཕྲོ་འདུས་འོད་ཀྱིས་རྒྱལ་བ་མཆོད་
འགྲོ་སྒྲིབ་སྦྱངས་ཐམས་ཅད་འཇམ་དཔལ་གྱི་གོ་འཕང་ལ་བཀོད་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཐུ་བྱིན་སྐུ་ཡིག་ཕྱག་མཚན་གྱི་རྣམ་པར་རང་ལ་ཐིམ་པས་མཐུ་སྟོབས་གཟི་བྱིན་དང་ལྡན་པར་བསམ་ལ༔ ༀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ ༈ བདག་མདུན་འཇམ་དཔལ་སྐུ་ལས་རང་འདྲ་བའི༔ ཁྲོ་ཆེན་རི་རབ་ཚད་མཉམ་སེར་ལྟར་བབས༔ སྟོང་གསུམ་ཁྱབ་པ་ཙམ་དུ་རབ་ཏུ་གང་༔ མཐུ་སྟོབས་གཟི་བརྗིད་ཉི་མ་འབུམ་ལྟར་འབར༔ འབྱུང་བ་བཞི་དང་ནད་མཚོན་དུག་ཐུན་ཆར༔ གསེར་ཟངས་གནམ་ལྕགས་འབར་བའི་འཁོར་ལོ་དང་༔ གནམ་ས་ཉི་མ་ཟླ་བ་ཆ་ལང་བརྡབ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་དང་༔ ནད་གདོན་བར་ཆད་རྩོམ་པའི་འབྱུང་པོ་དང་༔ ཕྱི་ནང་བན་བོན་བྱད་མ་ལྷ་སྲུང་བཅས༔ དབང་མེད་འགུགས་འཆིང་བསད་གཏུབས་ཤ་ཁྲག་རོལ༔ དཔུང་བཅོམ་གཡུལ་བཟློག་བསྐྲད་གཟེར་བསྲེགས་གཏོར་བཀྲུས༔ དམིགས་མེད་ནམ་མཁའ་ལྟ་བུའི་ངང་དུ་སྦྱངས༔ ཁྲོ་ཚོགས་རྔམ་པའི་སྔགས་སྒྲ་འུ་རུ་རུ༔ སྣང་སྲིད་ཟིལ་གནོན་དྲག་
པོའི་ངར་གྱིས་བཟླ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ཞེས་བཟླའོ༔ དམིགས་གནད་ཞིབ་པར་སྒྲུབ་ཐབས་ལྟར་དང་༔ དམིགས་བསལ་མིང་སྔགས་ཐེམ་འབྱིན་འཇུག་འཕྲུལ་ཤེས་པར་བྱའོ༔ ཚོགས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཤ་ཁྲག་འབྲུ་བཅུད་ལོངས་སྤྱོད་རྣམས༔ ཟག་མེད་བདུད་རྩིའི་རང་བཞིན་ལ༔ འདོད་དགུ་གང་འདོད་འབྱུང་བ་ཡི༔ མཆོད་རྫས་རོལ་བ་ཆེན་པོར་གྱུར༔ ༀ་ཨཱཿཧཱུྃ་ག་ན་ཙཀྲ་པཱུ་ཙ་ས་མ་ཡ་ཧཱུྃ་སྭཱ་ཧཱ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཡེ་ཤེས་བདག་ཉིད་འཇམ་དཔལ་དཔའ་བོ་ལ༔ མ་གཤིན་དམ་ཅན་བྱེ་བའི་འཁོར་གྱིས་བསྐོར༔ གསང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་
གསོལ༔ བཛྲ་ས་མ་ཡ་ཛ༔ ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བསད་པའི་ཤ་ཁྲག་མྱོས་བྱེད་ཆང་༔ འབྲུ་བཅུད་ཞལ་ཟས་རོ་བརྒྱ་ལྡན༔ དབང་དང་དྲག་པོའི་ཞལ་ཟས་ཀྱིས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་མཆོད༔ བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་བཛྲ་ཀྲོ་ཏ་ཡ་མ་རཱ་ཛ་མ་ཧཱ་ག་ན་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ༈ ཐུགས་དམ་བསྐང་བའི་རིམ་པ་ནི༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རོལ་བར་དམིགས་ཤིང་༔ སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ མཆོག་གསུམ་བསྟན་པར་མི་ཕྱེད་དད་ལྡན་ཞིང་༔ གསང་སྔགས་སྙིང་པོར་གྲུབ་པའི་རྡོ་རྗེའི་མཆེད༔ དམ་བསྐང་དངོས་གྲུབ་ཉེ་བར་བསྒྲུབ་པའི་ཕྱིར༔ བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས༔ ཀུན་བཟང་མཆོད་པའི་སྤྲིན་གྱིས་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་སྦྱོང་དགྱེས་སྐོང་དངོས་གྲུབ་སྩོལ༔ ཀུན་བཟང་རྡོ་རྗེ་འཆང་དབང་གསང་བའི་བདག༔ མཉྫུ་མི་ཏྲ་པདྨ་སཾ་བྷ་ཝ༔ བྷ་སུ་དྷ་ར་ཛྙཱ་ན་བུདྡྷ་སོགས་༔ དུས་གསུམ་ཀུན་ཏུ་གཤེགས་ཤིང་བཞུགས་པ་ཡི༔ དངོས་བརྒྱུད་འཇམ་དཔལ་གྲུབ་པའི་རིག་འཛིན་རྣམས༔ དད་
དང་དམ་ཚིག་མོས་གུས་དཔང་བཙུགས་ནས༔ ཐུགས་དམ་གནད་ནས་བསྐུལ་ཞིང་གསོལ་བ་འདེབས༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་རོལ་པ་ཡི༔ རབ་འབྱམས་མཆོད་པའི་སྤྲིན་གྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ འགྲོ་ཀུན་སྒྲིབ་གཉིས་བག་ཆགས་བྱང་གྱུར་ཅིག༔ རྩུབ་འགྱུར་འཇིགས་སུ་རུང་བའི་དུར་ཁྲོད་ཞིང་༔ དུར་རི་ལྗོན་པ་མེ་ཆུ་རླུང་དང་སྤྲིན༔ ལྷ་ཆེན་རྫས་དང་མཆོད་རྟེན་གྲུབ་པ་དང་༔ ཀཽ་སེང་མ་མོ་ལྷ་ཀླུ་ཕྱོགས་ཞིང་སྐྱོང་༔ བྱ་གཅན་བམ་རོ་ཀེང་རུས་རོ་ལངས་འཁྲབ༔ གསང་སྔགས་ཞིང་རྒྱན་དུར་ཁྲོད་བཀོད་པ་ཡི༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་
དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ སྲུང་བྱེད་ཏིང་འཛིན་མེ་དཔུང་འབར་བའི་གུར༔ རྡོ་རྗེའི་དམྱལ་མེས་དགུ་འགྱུར་ཚ་ཞིང་བསྲེག༔ དེ་དབུས་འཁོར་ལོ་འབར་བའི་ཕོ་བྲང་དབུས༔ འཇོམས་བྱེད་ཏིང་འཛིན་གཙོ་མཆོག་གསལ་བསྒོམས་པའི༔ ཉི་མའི་སྙིང་པོར་འོད་ཟེར་ཚོགས་འཕྲོ་བཞིན༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་གཤེད་ཆེན་ཚོགས༔ ཕོ་མོ་མ་ནིང་སྤྲུལ་པ་ཡང་སྤྲུལ་རྫོགས༔ དྲག་སྔགས་དམོད་པ་ཀུན་འདུས་སྤུ་གྲིའི་སྒྲ༔ བསྙེན་སྒྲུབ་ལས་གསུམ་འབོད་རྦད་བསད་པ་དང་༔ བསྲུང་བཟློག་ཅིག་ཅར་རྫོགས་པའི་ཁྱད་པར་ཅན༔ བཟླས་བརྩོན་སྣ་ཚོགས་ཏིང་འཛིན་འཕྲོ་འདུ་ཡིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་
བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ གྲུ་གསུམ་དམར་ནག་པད་ཉི་བམ་ཆེན་གདན༔ བྱུག་རྫས་ཐལ་ཆེན་རཀྟ་ཞག་དང་ནི༔ གོས་གསུམ་མི་ལྤགས་གླང་ཆེན་སྟག་ལྤགས་དང་༔ སྦྲུལ་དང་མགོ་ཕྲེང་རཏྣ་རུས་པས་བ རྒྱན༔ དབང་དྲག་ཆེ་བཙན་མཆོག་གི་ཆ་བྱད་ཀྱིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བླ་སྲོག་འགུགས་པའི་ཕོ་ཉས་ས་གསུམ་ཁྱབ༔ བཤའ་གཏུབས་གདུག་པའི་ལས་ཀྱིས་ཉིན་
མཚན་འབྱམས༔ གསོད་བྱེད་ལས་ལ་དགའ་བའི་བཤན་པ་ཡིས༔ དགྲ་བོའི་ཡུལ་བཤིག་གྲོང་བཅོམ་ཕོ་མོ་བསད༔ ནོར་བརླག་ལྷ་སྲུང་ཕྲལ་ཞིང་གཤེད་དུ་ཕབ༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་སྣ་ཚོགས་ཀྱིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བོ་ཡི༔ དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་༔ ཞུན་ཆེན་མར་མེ་ཤ་རུས་བཟའ་བ་དང་༔ ཁྲག་མཁྲིས་བྱུག་པ་རྐང་གླིང་ཐོད་པའི་སྒྲ༔ ཞིང་ལྤགས་བླ་བྲེ་རྒྱུ་རློན་ལྡ་ལྡི་བྱས༔ བྷནྡྷའི་སྣོད་དུ་དུར་ཁྲོད་རྫས་ཀྱིས་བཀང་༔
དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དམ་རྫས་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ༔ རྩ་བརྒྱད་ཡན་ལག་སྟོང་དང་སྦྱར་བའི་སྨན༔ བྲམ་ཟེ་ཁྱི་ཕག་འཁོར་འདས་མཉམ་སྦྱོར་བརྡ༔ ཉོན་མོངས་དུག་སེལ་འཆི་མེད་སྨན་གྱི་མཆོག༔ ལྷ་ཀླུ་སྡེ་བརྒྱད་མི་བསྲུན་དྲེགས་པ་དང་༔ རཱུ་ཏྲ་མཐུ་ཆེན་མ་ལུས་བསྒྲལ་བ་ཡི༔ སྙི ང་ཁྲག་ལྦུ་ཕྲེང་རྦ་རླབས་སྤྲིས་མ་ཆགས༔ ཁྲག་འཐུང་ལྷ་ཚོགས་དགྱེས་པའི་དམ་ཚིག་རྫས༔ འབྲུ་བཅུད་རོ་ལྡན་གཏོར་ཆེན་ལྷུན་པོར་སྤུངས༔ དམར་ཆེན་རྒྱན་ལྡན་ཁ་རྩུབ་ཚ་བའི་རོ༔ མྱོས་བྱེད་ཆང་དང་ཧ་ལ་སྣ་ཚོགས་སྦྱར༔ བླ་མེད་
གསང་བའི་མཆོད་ཆེན་རོལ་པ་ཡིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འགུགས་བྱེད་ལྕགས་ཀྱུ་འཆིང་བྱེད་ཞགས་པ་དང་༔ སྡོམ་བྱེད་ལྕགས་སྒྲོག་མྱོས་བྱེད་དྲིལ་བུ་དང་༔ འདེབས་བྱེད་ཕུར་པ་གཅོད་བྱེད་རལ་གྲི་དང་༔ ཆུ་གྲི་སྤུ་གྲི་གྲི་གུག་རྡོ་རྗེའི་མཚོན༔ འབིགས་བྱེད་མདུང་དང་རྩེ་གསུམ་མདའ་གཞུ་དང་༔ གཏུབ་བྱེད་སྟར་མོ་འཁོར་ལོ་འབར་བ་དང་༔ རྡུང་བྱེད་ཐོ་བ་རྡོ་རྗེ་བེ་ཅོན་དང་༔ ཐོད་དབྱུག་གཏུན་ཆེན་སྣ་ཚོགས་མཚོན་ཆ་དང་༔ རྡོ་རྗེའི་གོ་ཁྲབ་སྲ་ཞིང་བརྟན་པ་ཡིས༔ དུས་གསུམ་སངས་རྒྱས་ཀུན་གྱི་
སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ རྩལ་མཐུས་ཟ་བའི་ཤ་ཟན་བྱ་ཡི་རིགས༔ ཞེ་སྡང་དཔའ་རྩལ་ཤུགས་ལྡན་གཅན་ཁྲག་འཐུང་༔ འབྲོང་ཆེན་ངར་མ་གནམ་ལྕགས་རྭ་རྣོན་ལྡན༔ སྦྲུལ་དང་ཆུ་སྲིན་གནམ་ལྕགས་སྡིག་པ་དང་༔ གློག་འཁྱུག་སྒྲ་འབྱིན་ཐོག་ཆེན་འབེབས་བྱེད་འབྲུག༔ ཕོ་ཉ་ཨ་ཙར་མོན་པ་གར་བྱེད་པ༔ སྣ་ཚོགས་གཟུགས་ཅན་མཆེ་གཤོག་ཁྲ་ཐབས་འགྱེད༔ རྔམ་བརྗིད་སྐྱི་གཟེངས་རྣམ་པ་དུ་མ་ཡིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་
འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ ལྕགས་སོགས་དྲག་པོའི་སྣོད་ཆེན་ཟབས་ཡངས་པར༔ ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ་བའི་རྟགས༔ རི་རབ་བང་རིམ་གསུམ་དང་ལྡན་པ་ལ༔ དྲག་པོའི་མཚོན་བྱེད་དུར་སོལ་ནག་པོས་བྱུག༔ ཆོས་འབྱུང་ཟུར་དྲུག་རྟོག་མེད་བམ་རོའི་སྟེང་༔ འཇམ་དཔལ་སྐུ་དང་དབྱེར་མེད་དཔལ་གཏོར་ཞལ༔ མཆེ་གཤོག་ཕོ་ཉ་སྐུ་དང་དར་གདུགས་བཅས༔ ཡེ་ཤེས་ལས་གྲུབ་སྐུ་གསུང་ཐུགས་ཡོན་ཕྲིན༔ གཤེད་ཆེན་རང་བཞིན་ཐུན་ཀོང་རྡོར་ཕུར་བཅས༔ འཇིག་རྟེན་མ་གཤིན་བྱེ་བ་དུང་ཕྱུར་རྟེན༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་༔ ཐུན་རྫས་མང་ལྡན་ཁྲམ་དང་ཁྲག་ཀོང་སོགས༔ ཐུན་ཟོར་རྩང་དང་མཚོན་ཆས་
བརྒྱན་པ་ལ༔ ལྷ་སྔགས་ཕོ་ཉའི་འཕྲོ་འདུས་བསྒྲུབས་པའི་ཟོར༔ སྣང་སྲིད་ཅིག་ཅར་རླག་བྱེད་ངར་ལྡན་འདིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་མཁན་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ སྔགས་ནག་རྡོ་རྗེའི་དམ་ལྡན་སྨིན་གྲོལ་མྱོང་༔ འཇམ་དཔལ་ལྷ་སྔགས་ཏིང་འཛིན་དཔའ་གདེང་ལྡན༔ སྙིང་རྗེའི་ཀུན་སློང་དྲག་པོའི་བརྟུལ་ཞུགས་བཟུང་༔ རལ་ནག་བསྙིགས་ཤིིང་ཞྭ་ནག་རྡོ་རྗེས་བརྒྱན༔ ཕོད་ཁ་གང་བ་གཟའ་ཞལ་སྤྲས་པས་བཀླུབས༔ རཀྴའི་ག་ཤ་དུག་ཁྲག་ཐུན་དུ་བཅངས༔ གསལ་གསུམ་བསྙིལ་བ་མེད་པའི་ང་རྒྱལ་གྱིས༔ དཔའ་བོའི་སྟངས་སྟབས་རྡོ་རྗེའི་
འགྲོས་སུ་བསྒྱུར༔ རྐང་ཆེན་གཟར་བུས་རཀྟ་ཕྱོགས་སུ་འཐོར༔ དར་ནག་གཡབ་ཅིང་སྲིན་པོའི་ངར་སྐད་ཀྱིས༔ མི་མངོན་དབྱིངས་ནས་རྒྱལ་བའི་ཐུགས་དམ་བསྐུལ༔ དམ་ཅན་དྲེགས་པ་དམ་བསྒྲག་ལས་ལ་འགྱེད༔ འགུགས་འདྲེན་བསྒྲལ་སྟོབ་མནན་སྲེག་ཐུན་ཟོར་གྱིས༔ ཕྲིན་ལས་མངོན་སྤྱོད་ཐོགས་མེད་བསྒྲུབས་པ་ཡིས༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ འགྲོ་བའི་དོན་དུ་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་འབར་བའི་སྐུ༔ ཡབ་གཅིག་གཤིན་རྗེའི་གཤེད་ཀྱི་ཐུགས་དམ་བསྐང་༔ འཁོར་གྱི་མ་གཤིན་རྒྱ་མཚོའི་ཐུགས་དམ་བསྐང་༔ དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ལས་བྱེད་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་ལ་དམ་ཉམས་དགྲ་བགེགས་སྒྲོལ༔ མངོན་སྤྱོད་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཚོགས་བཤགས་འབུལ་བ་ནི༔ ཧཱུྃ༔ ཐོག་མེད་དུས་ནས་ད་ལྟའི་བར༔ ཉམས་ཆག་སྡིག་སྒྲིབ་འགལ་འཁྲུལ་རིགས༔ བྱས་དང་བྱེད་བཞིན་བྱེད་འགྱུར་གང་༔
འཇམ་དཔལ་ཁྲོས་པའི་སྤྱན་སྔ་རུ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ ཚངས་པ་དམ་པའི་དངོས་གྲུབ་སྩོལ༔ ཡེ་ཤེས་ཀློང་དུ་བཟོད་པར་བཞེས༔ སརྦ་ས་མ་ཡ་ཤུདྡྷེ་ཨ༔ བཤགས་པ་ནི༔ ཧཱུྃ༔ གཙུག་ཏོར་འཁོར་ལོས་སྒྱུར་མཛད་བདག་ཉིད་ཆེ༔ ཕྱག་རྒྱ་ཟིལ་གནོན་འཇིགས་བྱེད་འབར་བ་དང་༔ དུག་གདོང་འཆར་ཀ་ཀིང་ཀང་དམར་ནག་སོགས༔ འཇོམས་བྱེད་འཇམ་དཔལ་ཡེ་ཤེས་ལྷག་པའི་ལྷ༔ ཐམས་ཅད་མ་ལུས་རྫོགས་པའི་ངོ་བོ་ཉིད༔ ཡ་མ་ར་ཙ་རལ་པ་ཚལ་དགུ་དང་༔ བྷེ་ཝ་ས་ཏྭ་ཟ་བ་ལྗང་སྔོན་དང་༔ ཏེལ་པ་ཕྱ་སངས་གླང་མགོ་ཏི་པ་ཙ༔ འཇིག་རྟེན་ལས་གྲུབ་མ་གཤིན་རྡུལ་གྱི་གྲངས༔ ཐམས་ཅད་མ་ལུས་སྤྲོ་བྱེད་རྩ་བའི་ལྷ༔ ཁྲོ་མཆོག་སྤྱི་དཔལ་བདག་ཉིད་དགོངས་སུ་གསོལ༔ ཐོས་བསམ་དམན་དང་རྣམ་གཡེང་ཉོན་མོངས་ཆེ༔ མ་རིག་བདག་ཅག་ཉེས་པའི་དབང་གྱུར་ཏེ༔ སོ་ཐར་སེམས་བསྐྱེད་སྔགས་ཀྱི་དམ་ཚིག་འགལ༔ གནོང་འགྱོད་གདུང་ཤུགས་དྲག་པོས་མཐོལ་ལོ་བཤགས༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཐོག་མར་བདག་
ཉིད་ངར་འཛིན་རུ་ཏྲ་བསྒྲལ༔ བར་དུ་བསྟན་འགྲོར་གནོད་བྱེད་ནུས་པས་བསྒྲལ༔ ཐ་མལ་གནས་ངན་ཞིང་བཅུ་སྙིང་རྗེས་བསྒྲལ༔ ཚེ་ཁྲུས་དགོངས་གནད་བསྒྲལ་འདྲེན་ས་མ་ཏི༔ སྐད་ཅིག་གཡོ་མེད་རྩལ་གྱིས་རཱུ་ཏྲ་བསྒྲལ༔ ཤ་ཁྲག་ཚོགས་སུ་སྤར་བའི་དགའ་སྟོན་གྱིས༔ ལྷ་ཚོགས་དགྱེས་སྐོང་རོལ་བ་ལ་སོགས་པའི༔ ཏ་ན་སྒྲོལ་བའི་དམ་ཚིག་གལ་འགག་ལས༔ ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ལོ་བཤགས༔ མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཐ་མ་བསྒྲལ་མཆོད་ནི༔ ཧཱུྃ༔ ཟ་གསོད་འཁྲུགས་པའི་གནམ་ལྕགས་ཧོམ་ཁུང་དུ༔ དུག་གསུམ་ཆ་འཛིན་ཞིང་བཅུ་ཚང་བའི་དགྲའི༔ སྒོ་གསུམ་རྟེན་དང་བཅས་པ་ཁུག་ཅིག་ཛཿ སྒྲོལ་བྱེད་གཤེད་ཆེན་ཁྲོས་པའི་ཀཱི་ལ་ཡས༔ ལོག་འདྲེན་དགྲ་བགེགས་ལུས་སྲོག་རྟེན་ལ་བཏབ༔ དགྲ་བགེགས་མ་ལུས་ཐལ་བའི་རྡུལ་དུརློགས༔ བསྟབ་པ་ནི༔ དཔལ་ཆེན་འཁོར་དང་བཅས་པའི་ཞལ་དུ་སྟོབས༔ བསྒྲལ་བའི་ཚོགས་ཆེན་མཆོད་པ་བཞེས་སུ་གསོལ༔ ནྲི་ཏྲི་མཱ་ར་ཡ་མཱཾ་ས་ཙིཏྟ་རཀྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་
རི་ཏི་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་མངའ་གསོལ་བྱ་བ་ནི༔ ཧཱུྃ༔ མངོན་སུམ་ཡེ་ཤེས་སྟོན་དང་བྱིན་རླབས་འབེབས༔ འཇམ་དཔལ་བླ་མའི་མཆོག་ཏུ་མངའ་གསོལ་ལོ༔ སྐྱེ་འཆིའི་སྒྲིབ་སྦྱོང་དོན་གྱི་ཡེ་ཤེས་སེམས༔ འཇམ་དཔལ་ཡི་དམ་མཆོག་ཏུ་མངའ་གསོལ་ལོ༔ ཕུང་ཁམས་སྐྱེ་མཆེད་ལྷ་དང་ལྷ་མོའི་ཞིང་༔ འཇམ་དཔལ་དཔའ་བོ་དཔའ་མོར་མངའ་གསོལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཛད༔ འཇམ་དཔལ་མ་མགོན་སྲུང་མར་མངའ་གསོལ་ལོ༔ རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཤིན་རྗེའི་གཤེད༔ རྫོགས་པའི་སངས་རྒྱས་ཉིད་དུ་མངའ་གསོལ་ལོ༔ འཇམ་དཔལ་གསུང་དབྱངས་ཟབ་དོན་ཐེག་དགུ་དངོས༔ ལུང་རྟོགས་དམ་པའི་ཆོས་སུ་མངའ་གསོལ་ལོ༔ འཇམ་དཔལ་སྣ་ཚོགས་སྒྱུ་འཕྲུལ་འགྲོ་བ་འདྲེན༔ ཐེག་གསུམ་དགེ་འདུན་དམ་པར་མངའ་གསོལ་ལོ༔ མ་རིག་ཀུན་གྱི་རྩ་བ་བདག་བསྒྲལ་བའི༔ རང་རིག་འཇམ་དཔལ་ཆོས་སྐུར་མངའ་གསོལ་ལོ༔ མ་སྤྲོོས་ནའང་ཞི་དང་ཁྲོ་བོའི་གར༔ ལྷུན་གྲུབ་འཇམ་དཔལ་ལོངས་སྐུར་མངའ་གསོལ་ལོ༔
རིགས་དྲུག་ཞིང་དུ་གང་འདུལ་དེར་སྣང་སྟོན༔ ཐུགས་རྗེའི་སྤྲུལ་སྐུར་འཇམ་དཔལ་མངའ་གསོལ་ལོ༔ ཡེ་ཤེས་དབྱིངས་ལས་གཡོ་བ་མི་མངའ་ཡང་༔ ལེགས་ཉེས་སྟངས་འཛིན་སྤྲུལ་པར་མངའ་གསོལ་ལོ༔ འཇིགས་རུང་རབ་གཟིངས་དྲག་པོའི་ཟོར་ཆེན་འདི༔ འཇམ་དཔལ་སྤྲུལ་པའི་མདོངས་སུ་མངའ་གསོལ་ལོ༔ ཡེ་ཤེས་ལྷ་དང་གཉིས་མེད་བཞུགས་པའི་ཕྱིར༔ གཤེད་ཆེན་རྟེན་པའི་མདོངས་སུ་མངའ་གསོལ་ལོ༔ རྔམ་བརྗིད་དྲག་མཆོད་དཔག་མེད་འཕྲོ་བའི་ཕྱིར༔ དམ་ཚིག་བསྐང་བའི་མདོངས་སུ་མངའ་གསོལ་ལོ༔ བསྙེན་སྒྲུབ་ལས་གསུམ་སྤྲོ་བསྡུ་བསྒྱུར་བའི་ཕྱིར༔ སྲོག་ཏིག་གསང་བའི་རྫས་སུ་མངའ་གསོལ་ལོ༔ བོད་ཁམས་ཕུང་བྱེད་མཐའ་དམག་བཟློག་པའི་ཕྱིར༔ ལས་བྱེད་དྲེགས་པའི་དམག་ཏུ་མངའ་གསོལ་ལོ༔ རྒྱ་འདྲེ་དམ་སྲི་ལོག་འདྲེན་སྒྲོལ་བའི་ཕྱིར༔ སྣ་ཚོགས་མཚོན་ཆའི་ཆར་དུ་མངའ་གསོལ་ལོ༔ དགྲ་གདོན་བྱད་མ་ཐན་ལྟས་བཟློག་པའི་ཕྱིར༔ དམར་ཆེན་དྲག་པོའི་ཟོར་དུ་མངའ་གསོལ་ལོ༔ བདུད་རྩིས་མངའ་གསོལ་
བཀའ་དང་བསྟན་པ་སྲུངས༔ རཀྟས་མངའ་གསོལ་ཞིང་བཅུའི་སྙིང་ཁྲག་གསོལ༔ གཏོར་མས་མངའ་གསོལ་ལས་བཞིའི་ཕྲིན་ལས་མཛོད༔ ཚོགས་ཀྱིས་མངའ་གསོལ་འདོད་དགུའི་དངོས་གྲུབ་སྩོལ༔ བསྐྱེད་རིམ་མངའ་གསོལ་སྐུ་དང་ཞིང་ཁམས་བསྐྱེད༔ དྲག་སྔགས་མངའ་གསོལ་མཐུ་དང་ནུས་པ་སྤོར༔ ཏིང་འཛིན་མངའ་གསོལ་གཉིས་འཛིན་ཆོས་དབྱིངས་སྒྲོལ༔ མངའ་གསོལ་བྱས་སོ་འཁོར་བའི་བག་ཆགས་ཐུལ༔ མངའ་གསོལ་བྱས་སོ་བསྟན་པའི་རཱུ་ཏྲ་སྒྲོལ༔ མངའ་གསོལ་བྱས་སོ་མཐའ་དམག་དུས་འཁྲུགས་བཟློག༔ མངའ་གསོལ་བྱས་སོ་དགྲ་བགེགས་བར་ཆད་ཐུལ༔ མངའ་གསོལ་བྱས་སོ་མཐུ་རྩལ་དམག་དཔུང་སྐྱེད༔ མངའ་གསོལ་བྱས་སོ་རྣམ་བཞིའི་ཕྲིན་ལས་མཛོད༔ ཟོར་དང་ཐུན་གྱི་ཕྲིན་ལས་འགྲུབ་པར་མཛོད༔ ལྷག་མ་ནི༔ བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དཀྱིལ་འཁོར་ཀུན་གྱི་མཐའ་ལ་གནས༔ རྣམ་འབྱོར་ཡོངས་ཀྱི་དྲོད་ཚད་ཉུལ༔ ལེགས་ཉེས་དམ་ཚིག་རྗེས་གཅོད་མ༔ ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་འགྲུབ་
པར་མཛོད༔ ཨུཥྩི་ཊ་བ་ལིངྟ་ཁཱ་ཧི་ཁཱ་ཧི༔ ཐུན་གཏོར་ཤ་ཁྲག་གིས་བརྒྱན་པར་རཀྟ་བྲན་ལ༔ འགུགས་བསྟིམ་བྱ་ཞིང་སྨན་གྱིས་བྲན་ནས་བསྐུལ་བ་ནི༔ བྷྱོ༔ སྙིགས་མ་ལྔ་ཡི་ཐ་མ་ལ༔ སེམས་ཅན་རྣམས་ཀྱིས་ལས་ངན་སྤྱོད༔ རཱུ་ཏྲ་མེ་ལྟར་འབར་བའི་ཚེ༔ རིག་འཛིན་ཀུན་གྱི་དངོས་གྲུབ་ཡལ༔ ཡེ་ཤེས་ལྷ་རྣམས་བྱིན་རླབས་ཉམས༔ འཇིག་རྟེན་ལྷ་རྣམས་དམ་བཅའ་གཏོང་༔ སྒྲུབ་པའི་འབྲས་བུ་བྲལ་བའི་ཚེ༔ བཅོམ་ལྡན་འཇམ་དཔལ་ལྷག་པའི་ལྷ༔ དུས་གསུམ་རྟག་པར་ཁྱོད་ལ་འདུད༔ སངས་རྒྱས་གཞན་ལས་ཁྱད་པར་གྱི༔ གང་གི་ཐུགས་བསྐྱེད་ཟབ་མོ་དེ༔ དེ་རིང་བདག་གིས་གནད་ནས་བསྐུལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡཱ༔ བྷྱོཿ ལུས་ཅན་དང་ནི་སེམས་ཅན་རྣམས༔ ཞི་བར་སྦྱོར་མཛད་འཇམ་དཔལ་དབྱངས༔ སྲོག་ལ་བརྟེན་པའི་ཁམས་གསུམ་པོ༔ གསོད་པར་བྱེད་པའི་གཤིན་རྗེའི་གཤེད༔ ཕྱི་ནང་བན་བོན་མུ་སྟེགས་མཁན༔ སྔགས་བདག་སྲུང་མ་རང་གཤེད་འབེབས༔ མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ༔
མཐུ་དང་ནུས་པ་ཀུན་གྱི་བདག༔ མ་བསྐུལ་བར་ཡང་བསྟན་པའི་དགྲའི༔ སྙིང་ལ་རྔམ་པའི་དྲག་རྩལ་ཅན༔ བསྐུལ་ཞིང་རྦད་པའི་ལས་བརྩམས་ཚེ༔ སངས་རྒྱས་བསོད་ནམས་སྐུ་འཇིག་ཅིང་༔ ཚངས་དབང་འཆི་བདག་ཞགས་པ་འདེབས༔ སྐྱེ་འགྲོ་གཞན་ལ་སྨོས་ཅི་དགོས༔ དེ་ཕྱིར་འཇིགས་བྱེད་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་གཤིན་རྗེའི་གཤེད༔ སྙིང་རྗེ་བྲལ་བའི་གཟུགས་ཀྱིས་ནི༔ ཐོགས་པ་མེད་པའི་ཕྲིན་ལས་ཀྱིས༔ སྣང་སྲིད་གང་བར་རབ་སྤྲོས་ཏེ༔ དགྲ་བགེགས་བྱད་མ་ལོག་འདྲེན་རྣམས༔ འཛིན་འཆིང་བརྡེག་ཕུར་བསྡམས་ནས་སུ༔ བླ་སྲོག་རྣམ་ཤེས་གནས་ནས་ཁུག༔ གསོད་གཏུབས་གཟིར་བའི་ལས་མཛོད་ལ༔ དྲག་པོའི་ཤུགས་ཀྱིས་མྱུར་དུ་སྒྲོལ༔ གཅན་སྤྱང་ཤ་ལ་རུབ་པ་བཞིན༔ ལྷག་མ་ཙམ་ཡང་མེད་པར་རོལ༔ དགྲ་དཔུང་ཤིག་ལ་བགེགས་དཔུང་ཆོམ༔ བྱད་མ་རང་གཤེད་རང་ལ་ཕོབ༔ གྱོད་བྱུར་མི་ཁ་ཐན་ལྟས་ཟློགས༔ དམ་སྲི་སྒབ་འདྲེ་འབྱུང་པོ་ཐུལ༔ ནད་རིམས་རྐྱེན་ངན་བར་ཆད་སྒྱུར༔ ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ གཤིན་རྗེའི་དམག་
ཚོགས་ལས་ལ་བྷྱོ༔ མངོན་སྤྱོད་ལས་ལ་བང་མ་བུལ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཐུན་གཏོར་དགྲ་བགེགས་ཕྱོགས་སུ་འཕེན༔ གནོད་བྱེད་རྡུལ་དུ་བརླག་པར་བསྒོམ ༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་ཚེ་ཁྲག་འཐུང་དཔལ་ཆེན་འཇམ་དཔལ་བཀའ༔ བར་དུ་རིག་འཛིན་རྩ་བརྒྱུད་བླ་མའི་ལུང་༔ ད་ལྟ་སྔགས་འཆང་རྣལ་འབྱོར་བདག་གི་མཆེད༔ མི་འདའ་རྡོ་རྗེའི་དམ་ལ་གནས་པ་ཡི༔ ཕྱི་ནང་བཀའ་སྡོད་དམ་ཅན་ཆོས་སྐྱོང་རྣམས༔ དམ་ཚིག་བཀའ་ཡི་ཆད་ཐོའི་གཏོར་མ་ལོངས༔ མཐའ་དམག་འཁྲུག་རྩོད་དུས་ཀྱི་ཡོ་ལང་ཟློག༔ ནད་གདོན་བགེགས་དང་བར་ཆད་ཐམས་ཅད་སོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་བཙུན་སྡེ་བཞི་འཁོར་དང་བཅས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ རྟ་བྲོ་ནི༔ ཧཱུྃ༔ ལས་ཀྱིས་མནར་བའི་དམ་སྲི་རྣམས༔ རི་རབ་འབར་བའི་འོག་ཏུ་མནན༔ འཆི་བདག་གཤིན་རྗེའི་ཁ་རུ་བཅུག༔ ཁྲོ་བོ་ཁྲོ་
མོའི་བྲོ་ཡིས་བརྡུངས༔ རྡོ་རྗེ་འབར་བའི་རྒྱ་ཡིས་བཏབ༔ བསྐལ་པ་ཆེན་པོ་མ་སྟོངས་པར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ༀ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ གཤེགས་གསོལ་ནི༔ ཧཱུྃ༔ གཤེད་ཆེན་ཡེ་ཤེས་ལྷག་པའི་ལྷ༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་བརྩམས༔ རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བསྡུ་རིམ་ནི༔ ཧཱུྃ༔ སྲུང་བའི་གུར་ཁང་གཞལ་ཡས་ལྷ་ལ་ཐིམ༔ གཙོ་འཁོར་རིམ་ཡལ་འཇའ་ཚོན་དེངས་པ་བཞིན༔ རང་རིག་མ་བཅོས་ཆེན་པོའི་ཀློང་ཡངས་སུ༔ ཀུན་བཟང་རོལ་པ་ཆེན་པོའི་ངང་དུ་བཞག༔ བསྔོ་སྨོན་ནི༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་བསྙེན་བསྒྲུབས་མཐུས༔ བདུད་དང་བགེགས་ཚོགས་བར་ཆད་ཀུན་བཅོམ་ནས༔ རང་གཞན་དོན་གཉིས་མ་ལུས་མཐར་ཕྱིན་ཏེ༔ འགྲོ་ཀུན་ཡང་དག་སངས་རྒྱས་ཐོབ་པར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ ལྷག་པའི་ལྷ་མཆོག་བྱིན་རླབས་ཡོན་ཏན་གཏེར༔ དངོས་གྲུབ་ཕྲིན་ལས་ཐོགས་པ་མེད་པའི་དཔལ༔ ཞི་དང་ཁྲོ་གར་སྣ་ཚོགས་སྟོན་མཛད་པ༔ བདུད་འཇོམས་གཤིན་རྗེའི་གཤེད་ཀྱི་བཀྲ་
ཤིས་ཤོག༔ གཞན་ཡང་ཤིས་བརྗོད་མང་དུ་བྱའོ༔ དཔལ་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཆེན་པོ་འཇོམས་བྱེད་མེའི་སྤུ་གྲིའི་ལས་རིམ་གྱི་འགེབ་དང་བསྐང་གསོལ་སོགས་ཟུར་འདེབས་མཐའ་དག་འདོན་འགྲིག་བདེ་བར་བཀོད་པ་འདི་ཡང་༔ ༧ རིག་འཛིན་མཆོག་གི་བཀའ་སྤྱི་བོར་ཕེབས་པས་གཞུང་ཚིག་ལ་བསྲེ་བསླད་གཅིག་ཀྱང་མེད་པར་སློབ་འབངས་ཀྱི་ཐ་ཤལ་ཟིལ་གནོན་རྡོ་རྗེ་རྩལ་གྱིས་སྒྲིག་ཆོག་ཏུ་བཀོད་པས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་ཞིང་ཟབ་ཆོས་རིན་པོ་ཆེའི་བསྟན་པ་ཕྱོགས་བརྒྱར་ཁྱབ་ཅིང་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་གབ་ཡིག་སྲུང་བཟློག་ཟབ་མོ།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་གབ་ཡིག་སྲུང་བཟློག་ཟབ་མོ་བཞུགས་སོ༔ འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ གཅིག་ཆོག་སྤུ་གྲིའི་ཡང་གཅེས་སུ༔ བསྙེན་སྒྲུབ་སྲུང་བཟློག་དྲིལ་བའི་གནད༔ ཀླུ་འདུལ་སྡེ་བརྒྱད་ཀུན་གྱི་གཤེད༔ མཁའ་འགྲོ་བྲན་འཁོལ་གདོན་བགེགས་འཇོམས༔ དེ་སོགས་ནུས་པ་བསམ་མི་ཁྱབ༔ སྐབས་གསང་གུད་དུ་སྦས་པའོ༔ ས་མ་ཡཱ༔ ཧཱུྃ༔ བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་དང་ཕྱག་མཚན་ཡོངས་སུ་རྫོགས༔ དཔྲལ་བར་ཡི་གེ་ༀ་དཀར་པོ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ བདེ་གཤེགས་སྐུ་ཡི་བྱིན་རླབས་བསྡུས༔ ཡོངས་སུ་གྱུར་པས་འཇམ་དཔལ་སྐུ༔ གསེར་མདོག་རལ་གྲི་པོ་ཏི་འཛིན༔ ལོངས་སྐུ་གཟི་བརྗིད་འོད་ཕུང་འབར༔ མགྲིན་པར་ཡི་གེ་ཨཱཿདམར་པོ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ བདེ་གཤེགས་གསུང་གི་བྱིན་རླབས་བསྡུས༔
ཡོངས་སུ་གྱུར་པས་སྤྱན་རས་གཟིགས༔ རྟ་མགྲིན་དམར་པོ་རྡོར་དྲིལ་འཛིན༔ དུར་ཁྲོད་ཆས་ལྡན་མེ་དཔུང་འབར༔ ཐུགས་ཀར་ཡི་གེ་ཧཱུྃ་སྔོན་པོ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ བདེ་གཤེགས་ཐུགས་ཀྱི་བྱིན་རླབས་བསྡུས༔ ཡོངས་སུ་གྱུར་པས་གསང་བའི་བདག༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད༔ ཁྲོ་ཆས་མེ་དཔུང་འོད་ཟེར་འབར༔ རྡོ་རྗེ་གསུམ་གྱི་ཡེ་ཤེས་སེམས༔ སྲུང་དང་དངོས་གྲུབ་སྩོལ་བར་མཛད༔ བདག་གི་བསྲུང་བྱར་གྱུར་པ་རྣམས༔ བདག་ཉིད་དཔལ་གྱི་ཕྱོགས་རྣམས་སུ༔ ཀུན་ཀྱང་ཡང་བཟློག་ཁྲོ་བོའི་སྐུ༔ དེ་ལྟར་གསལ་བའི་སྟེང་འོག་བར༔ ཀུན་ཀྱང་བདག་ཉིད་ཡེ་ཤེས་དང་༔ འཇིག་རྟེན་བསྟེན་སྒྲུབ་མཆོད་པའི་ལྷ༔ ཐམས་ཅད་གཤེད་ཆེན་དམར་པོའི་སྐུ༔ ནང་དུ་ཞལ་གཟིགས་སྲུང་སྐྱོབ་མཛད༔ ཕོ་བྲང་གཞོམ་གཞིག་བྲལ་བ་ཡི༔ རྩིབས་སྟོང་འཁོར་ལོ་ཁ་སྦྱོར་གྱི༔ ཕྱི་རོལ་དྷཱིཿ ཡིག་འཕྲོ་འདུ་ལས༔ འཕགས་པ་འཇམ་དཔལ་སྤྲུལ་པ་ཡི༔ དུག་གི་རུས་སྦལ་ནག་པོའི་གུར༔ རྔམ་ཁྲོ་མཆེ་གཙིགས་མེ་དཔུང་འབར༔ དེ་ཡི་ཕྱི་རོལ་ཧྲཱིཿཡིག་ལས༔ སྤྱན་རས་གཟིགས་དབང་སྤྲུལ་པ་ཡི༔ དུང་སེང་ལྕགས་རལ་གསིག་པའི་གུར༔ རྔམ་ཁྲོ་མཆེ་གཙིགས་སྟོབས་དང་ལྡན༔ དེ་ཡི་ཕྱི་རོལ་ཁྲོཾཿ ཡིག་ལས༔ ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡི༔ ཁྱུང་ནག་མེ་གཤོག་རྡེེབ་པའི་གུར༔ རྔམ་
ཁྲོས་ལོག་འདྲེན་འབྱུང་པོའི་གཤེད༔ དེ་ཡི་ཕྱི་རོལ་ཧཱུྃ་ཡིག་ལས༔ དྲེགས་པ་ཕོ་རྒྱུད་སྟོབས་འདུས་པ༔ དཔལ་ལྡན་མགོན་པོ་ནག་པོའི་གུར༔ གྱད་ཆེན་རྡོ་རྗེ་གྲི་ཐོད་རོལ༔ དེ་ཡི་ཕྱི་རོལ་བྷྱོ་ཡིག་ལས༔ དྲེགས་པ་མོ་རྒྱུད་སྟོབས་འདུས་པ༔ རེ་ཏི་དྲེལ་ཞོན་རལ་ཐོད་འཛིན༔ དེ་དག་གསང་བའི་སྔགས་སྒྲ་སྒྲོགས༔ དེ་དག་སྐད་ཅིག་མི་གཡེལ་བར༔ སྲུང་བཟློག་མེལ་ཚེ་བྱ་རར་བརྩོན༔ བར་ཆད་བསྐྲད་གཟིར་བཟློག་པར་མཛད༔ ཕྱི་རོལ་མེ་རླུང་འཐབ་འཁྲུགས་གུར༔ འུར་འུར་ཆེམས་ཆེམ་དྲག་ཏུ་འཁྲུགས༔ ནད་གདོན་བྱད་མ་བསྲེགས་སྦྱངས་གཏོར༔ ལྷ་དང་གཞལ་ཡས་སྲུང་གུར་བཅས༔ འཇིགས་མེད་རྣམ་པར་རྒྱལ་བ་ཡི༔ ང་རྒྱལ་བརྟན་ཞིང་སྔགས་སྒྲ་སྒྲོགས༔ ༀ་ཨེ་ཀ་ཡ་མ༔ ཧྲཱིཿཀ་ཡ་མ༔ དྷཱི་ཀ་ཡ་མ༔ སརྦ་ཙིཏྟ་གཟེར་ཐུམ༔ བྷིག་ནན༔ ཏྲིག་ནན༔ རྦད་ཡ་བདག་ལ་རཀྵ༔ དགྲ་བགེགས་གནོད་བྱེད་སྲོག་ལ་ཧཱུྃ་ཕཊཿབཟློག་ཡ༔ མི་ཚིག་མ་འདྲེས་ཐུན་བཅད་བཟླས༔ མཐུ་དང་ནུས་པ་བསམ་མི་ཁྱབ༔ འདི་ལ་ཤིན་ཏུ་བརྩོན་པས་ན༔ སངས་རྒྱས་སྟོང་གི་ནུས་པ་ཐོབ༔ གསང་བདག་ཕྱག་ན་རྡོ་རྗེར་མཚུངས༔ ནག་པོ་ཀླུ་རྣམས་དམྱལ་
ཐག་གཅོད༔ སྡེ་བརྒྱད་འབྱུང་པོ་ཀུན་གྱི་གཤེད༔ གདོན་བགེགས་དམ་སྲི་འབོག་ཅིང་བརྒྱལ༔ མཛེ་ནད་ཡམས་རིམས་གག་ལྷོག་འཇོམས༔ མཁའ་འགྲོ་བྲན་འཁོར་ལས་ལ་བསྟན༔ དཔག་ཚད་རྒྱང་གྲགས་ཚུན་ཆད་དུ༔ སྔགས་ནག་རྦད་འདྲེ་ཉེ་མི་ནུས༔ རྡོ་རྗེའི་བྲག་ལ་བཏབ་ཀྱང་འགས༔ སྟོབས་ཆེན་སུ་དང་གང་ཡང་རུང་༔ སྟོབས་འཕྲོག་ནུས་མཐུ་གཞོམ་པར་བྱེད༔ རྒྱུན་ཁྱེར་བརྒྱ་རྩ་མ་ཆག་ན༔ དགྲ་འདྲེ་བྱུར་གསུམ་ཁ་འཆིང་ངོ་༔ གཉེན་ལྷོག་དང་ནི་ནད་གདོན་རིགས༔ དུས་ནི་བཅོས་བསྡུས་རྣམས་ལ་སྔགས༔ སྙིགས་མའི་བཏབ་སྔགས་སྔགས་ཆུ་གང་ཐོབ་པ༔ ཡུན་དུ་བསྟེན་ན་ངེས་པར་འཚོ༔ རང་སྲུང་རྡོ་རྗེའི་གོ་ཆ་མཆོག༔ ཕ་རོལ་རྒོལ་འཇོམས་གནམ་ལྕགས་ཐོག༔ གཤིན་རྗེའི་དྲག་སྔགས་གཅིག་ཆོག་གི༔ དཔུང་བསྐྱེད་ཡན་ལག་གཅེས་པའི་གནད༔ ཟབ་ཁྱད་གཤིན་རྗེའི་ཡང་ཞུན་བཅུད༔ དྲིལ་སྒྲུབ་གནད་ཡིག་གབ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ རྨི་ལམ་དུ་ཉི་སྤྲུལ་རྡོ་རྗེ་འཛིན་པ་ལྷོ་དཔལ་ལྡན་ན་བཞུགས་པས་བདག་ལ་སྐྱེས་སུ་ཤོག་བུ་དང་མཚལ་ལི་ཁྲི་བཅས་གནང་འབྱོར་ཕེབས་ཤིང་བརྡས་བསྐུལ་བ་འཁྲུལ་སྣང་ལ་ཤར་བར་བརྟེན་ནས་དྲག་པོ་སྔགས་ཀྱི་རིག་པ་འཛིན་པ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེའོ༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ཁྲོ་འདུས་དྲག་སྔགས་དམོད་པ།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ཁྲོ་འདུས་དྲག་སྔགས་དམོད་པ་བཞུགས་སོ༔
འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ ཡང་བཟློག་སྤུ་གྲིའི་དྲག་སྔགས་ནི༔ ཆིག་ཆོག་གནམ་ལྕགས་མེ་ལོང་མཚོན༔ འདི་འདྲ་སྲིད་པ་གསུམ་ན་དཀོན༔ འོན་ཀྱང་ཁྲོ་འདུས་དྲག་སྔགས་འདི༔ གཤིན་རྗེ་ཡོངས་རྫོགས་དམོད་པའི་དབལ༔ རྣོ་མྱུར་རྩལ་ལྡན་མཐུ་ནུས་ཆེ༔ ལན་གཅིག་བཟླས་པས་དགྲ་བགེགས་བྱད༔ མདོར་ན་བར་ཆད་ཐམས་ཅད་འཇོམས༔ བསད་བཟློག་སྦྲེལ་བའི་ངན་སྔགས་དྲིལ༔ ཞེས་སྦས་རྒྱ་ས་མ་ཡཱཿ དེ་ནས་བཟླས་པ་བྱ་བའི་ཚེ༔ རང་ཉིད་གཤིན་རྗེ་འདུས་པའི་སྐུ༔ ཡ་སོ་ཧཱུྃ་ལས་ཁྲོ་བོ་བཅུ༔ མ་སོ་ཧྲཱིཿལས་ཁྲོ་མོ་བཅུ༔ དྷཱིཿལས་ལྕེ་ནི་གནམ་ལྕགས་ཀྱི༔ སྤུ་གྲི་ཤིན་ཏུ་ངར་ལྡན་པ༔ རྡོ་རྗེ་རྩེ་ལྔ་ཉལ་སྟབས་ལ༔ ༀ་ཨཱཿཧཱུྃ་གིས་མཚན་པར་བསམ༔
བདག་མདུན་སྤྲུལ་དང་ཡང་སྤྲུལ་བཅས༔ དྲག་སྔགས་འབྲུག་སྟོང་དུས་གཅིག་འུར༔ དྲག་རྩུབ་བསད་བཟློག་འཕྲུལ་འཁོར་གྱིས༔ གང་དམིགས་མཐའ་བརླགས་རྗེས་མེད་བསམ༔ ཁ་རུ་གྲི་ཤ་ཧ་ལ་མུར༔ ཞེ་སྡང་དྲག་ཤུལ་ངར་གྱིས་ནི༔ གནམ་ལྕགས་ཐོག་སེར་འཁྲུགས་པ་ལྟར༔ ༀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ ༀ་ཧྲཱིཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ༔ ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཻ་ཻ་ཻ༔ ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ༔ ཡ་མ་ཡེ༔ ཀ་ལ་རཱུ་པ་ཀ་པ་ཡེ༔ ཧྲཱིཥྚི་ཨ་པ་ཡེ༔ ཨ་ཨ་ནེ་ཨ་ནེ༔ ཨུ་ཨུ་ནེ་ཨུ་ནེ༔ དུ་དུ་ནེ་དུ་ནེ༔ ཨ་ཨི་ཨུ་ཨཻ་ཨཽ་ཨཿ ར་རི༔ ལ་ལཱི༔ དུ་དུ་
ཡེ༔ བྱ་ཙ་ཡེ༔ སེངྷ་ཡེ༔ ཧྲཱི་ད་ཡེ༔ བྷི་ཏ་ཡེ༔ ཙིཏྟ་ཡེ༔ ཧ་ལ་ཡེ༔ མུ་ཀ་ཡེ༔ ཨུ་ཨུ་ནེ་ཨུ་ཨུ་ནེ༔ བྱི་ཀྲི་ཏ༔ ཨ་ཨ་ན་ན༔ ཡཱ་མ་རཱ་ཛཿ ཡ་མ་རཀྴ༔ ཡ་མ་རཀ་ཨ༔ ཡ་མ་རཀྵ་རཀྵ༔ པེ་ཏ་ལི༔ ཀྲོ་ཏི་ཤྭ་རི༔ མ་མ་ཨེ་ཀ་ཙ་ཏི༔ དེ་མ་ཁ་ལ་བཾ་རིལ༔ རུ་ལུ་རུ་ལུ༔ ཤྲཱི་བཛྲ་ཀྲོ་དྷ༔ ཡ་མ་ཀརྨཱ་རོ་ཤ་ན་ཏྲི་ཏ་ཙནྡྷ་རཀྴ་མོན་ཏ༔ ཨ་ཀྲོ་རཱ་ཛ་དུར་ན༔ ཕེ་ལཾ་ཧཱུྃ་ཕཊ༔ ༀ་ཨཱ་ཨུཥྞི་ཥ༔ བཛྲ་ཙཀྲ་ཝིརྟི་དྲུཾ༔ སརྦ་ལོ་ཀི་བྷྲུཾ་བྷྲུཾ༔ དྲུཾ་དྲུཾ༔ ལོ་ཀེ་ཀོ་ཏ་ར༔ ཡནྟྲ་མནྟྲ་ཏནྟྲ༔ བི་ཤ་ཙུར་ན༔ པྲ་ཡེ་ག༔ ཡེ་ན་གེ་ན༔ མ་མ་ཏྲི་གར་ཏི༔ ཏན་ཙ་ཏ་ན་སརྦ་ལོ་ཀི༔ ཚིནྡྷ་ཚིནྡྷ༔ བྷིནྡྷ་བྷིནྡྷ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷི་དན་ས་ཡ་བི་དན་ས་ཡ༔ ས་ཏྲ་ས་ཏྲ༔ པྲ་ཏ་པྲ་ཏ༔ བྷི་ཙུར་ན་བྷི་ཙུར་ན༔ ༀ་ཨཱཿཨུཥྞི་ཥ༔ བཛྲ་ཙཀྲ་ཝིརྟི་བྷྲུཾ༔ སརྦ་ལོ་ཀི་སྭཱ་ཧཱ༔ ༀ་ཨཱཿཨུཥྞི་ཥ༔ སརྦ་ཙིཏྟ་རོ་མྱག་ཁ་ཐཾ༔ སྲོག་གཟིར་རྦད་ནན༔ འདྲིད་ཕྱུངས་ཧྲཱིཿཤག་རྦད༔ ༀ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡཀྵེ་ཡཱ༔ ཡཀྵེ་ཡཙྪ༔ ནི་ར་མཱ་ཡ་ཧཱུྃ་ཕཊ༔ ༀ་མཉྫུ་ཤྲཱི་ཡ་མནྟ་ཀ༔ ཀཱ་ལ་རཱུ་པ་ཧཱུྃ་ཡ་བྷྱོ་བཟློག༔ གནོད་
བྱེད་དགྲ་བགེགས་ཙིཏྟ་མཱ་ར་ཡ་ཧཱུྃ་ཕཊ༔ ༀ་ཡ་མནྟ་ཀ་ཡ་མ་བྷཻ་རུ༔ ཀཱ་ལ་རཱུ་པ༔ ཡ་མ་ར་ཙ༔ ས་མ་ཡ༔ གནོད་བྱེད་གདུག་པ་ཅན་གྱི་སྙིང་ལ་རྦད་རྦད་སྲོག་ལ་རྦུད་རྦུད༔ ཤ་ལ་ཧབ་ཧབ༔ ཁྲག་ལ་ཧུབ་ཧུབ༔ རུས་པ་ལ་མྱོག་མྱོག༔ མི་མཐུན་ལོག་འདྲེན་བར་ཆད་ཐམས་ཅད་ཟློག་ཅིག༔ ༀ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་རུ་དུ་ན་བྷྱོ༔ རཀ་མོ་རཀྴ༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛཿ ཀི་ལཱ་ཡ་བྷྱོ༔ སྙིང་ཁ་རག་དུན་ཏེ་རྦད༔ ཨ་མུ་ཀའི་སྲོག་ལ་རྦད༔ དབུགས་ལ་རྔུབ༔ ཤ་ལ་ཆོམ༔ ཁྲག་ལ་ཧབ༔ ཤ་རུས་ཁྲག་རྩ་ལ་གནུར་གནུར་ཡ་མ་ཙ་དུ་ཏྲི་ས་ན་ཡ་སོད་བཟློག་བྷྱོ༔ ཨེ་ཀ་ཡ་མ་དུ་རུ་ཙཀྲས་བཟློག༔ ཧེ་ཀ་ཡ་མ་དུ་རུ་ཙཀྲས་བཟློག༔ གྷྲི་ཀ་ཡ་མ་དུ་རུ་ཙཀྲས་བཟློག༔ སརྦ་ཙིཏྟ་གཟེར་ཐུམ༔ བིག་ནན༔ ཏྲིག་ནན༔ རྦད་ཡ་བཟློག་ཡ༔ སང་གྷྲི་ཝོ་རི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་བཟློག༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་རྒྱུད་སྙིང་ལ་མཱ་ར་ཡ༔ དབུགས་རྒྱུད་སྲོག་ལ་མཱ་ར་ཡ༔ ཁྲག་རྒྱུད་རྩ་ལ་མཱ་ར་ཡ༔ ཧཱུྃ་
ཕཊ་བཟློག་ཡ༔ ཨྱེེ་མྱག་རྔུབ་རྨུགས་ཤ་ལ་དུན༔ ཨ་མུ་ཀ་ཤ་ཏྲུན་ཏྲིག་ནན༔ རྦད་ནན༔ ཙིཏྟ་ཐུམ་རིལ་རྦད༔ དགྲ་བགེགས་བྱད་མའི་སྲོག་ནྲི་ཏྲི་ཧུར་ཐུམ་ཛཿ ཁཾ་ཤག་རོ་མྱག་མུག་ཏི་རྦད༔ མཱ་ར་ཡ་རྦད༔ ཤ་རི་བྷྱོ༔ མ་རི་བྷྱོ༔ ཁྲག་མ་མ་བྷྱོ༔ ཙི་སྙིང་བྷྱོ༔ སྙིང་བྷྱོ༔ མ་ཏི་ཐོད་ཁྲག་ཛཿ ཁྲག་ཏི་སྙིང་ལ་ཡ༔ ནྲི་ཏྲི་ཆོད༔ མུ་ལོ་ཆོད༔ ཤ་ལོ་ཆོད༔ ཤ་ལ་ཀྱིང་ཀྱིང་བྷྱོ༔ ཨ་ཏི་པྲ་མ་ན་ཡ༔ ཤ་རི་བྷྱོ༔ ཤ་པའོ༔ མ་མ་ཏྲག་རཀྴ་ཁ་མུན་ཏྲ༔ སྙིང་ཁ་དུན་རག་དུན་བྷྱོ་བཟློག༔ མ་རི་བྷྱོ༔ ཧེ་མ་མ་བྷྱོ་བཟློག༔ ཁྲག་མ་མ་བྷྱོ་བཟློག༔ མ་ཧཱ་ནི་བྷྱོ་བཟློག༔ ཙི་རི་སྙིང་བྷྱོ༔ སྲོག་ལ་ཤཱནྟིང་བྷྱོ་བཟློག༔ སྙིང་བྷྱོ་ནི་ཤ་ཀུ་རུ་ཐུན་བྷྱོ་བཟློག༔ ནི་ས་ར་ན་བཟློག་བཟློག༔ དགྲ་བགེགས་དམག་དཔུང་མཱ་ར་ཡ་བྷྱོ་བཟློག༔ ༈ ཨེ་ཀ་དུ་ན་བཟློག༔ མ་ཧཱ་དུ་ན་བཟློག༔ ས་ག་དུ་ན་བཟློག༔ ར་ཙ་དུ་ན་བཟློག༔ སུམ་ཏྲི་རཀྴ་དུ་ན་བཟློག༔ མ་ཧཱ་རཀྴ་དུ་ན་བཟློག༔ ༀ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫུ༔ ཡ་མ་ར་ཙ་བཟློག༔ ༀ་ཏྲི་བསྒྱུར་ཐི་ཁྲོལ༔ བྷ་ལ་ཡ་ཙི་བཟློག༔ ༀ་བཛྲ་གྷ་ལིང་ཀ་བཟློག༔ དགྲ་བགེགས་བྱད་མ་ལ་
བྷྱོ༔ ཡ་མ་རཱུ་ཏྲ་ཤ་ད་ར་ས༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ རྩ་ལ་རྒྱུགས་རྒྱུགས༔ སྙིང་ལ་མྱོག་མྱོག༔ མཱ་ར་ཡ་རྦད༔ ༀ་བཛྲ་ཙནྚ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་པུ་ཏྲི་ཛཿ རཀྴ་ཛཿཛཿ དུ་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་མི་ཁ་ཐན་ལྟས་གྱོད་བྱུར་སྲི་ངན་གོད་འདྲེ་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་མི་ཁ་ཐན་ལྟས་གྱོད་བྱུར་སྲི་ངན་གོད་འདྲེ་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་བཟློག་བཟློག༔ ཋ་ནན༔ ཨེ་ས་བྷྱོ་བཟློག༔ ཨ་ཀ་ས་མ་དུ་ཏྲི་རྦད༔ ༀ་ཀ་ལ་རཱུ་པ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཛ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུཾ་དུཾ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲམ་ཁྲམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ༈ ༀ་ཡ་མནྟ་ཀ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་
ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སརྦ་ནྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད༔ ཀཱི་ལི་ཀཱི་ལ་ཡ༔ དགྲ་བོ་ནྲི་རྦད་ནྲི་རྦད་བྷྱོ༔ ཏྲག་རཀྴ་དྷ་ར་ནྲི་རྦད་བྷྱོ༔ ཁ་ལ་ཛ་ཐུན་ནྲི་རྦད་བྷྱོ༔ ནཱ་ག་ཤུརྩེ་ནྲི་རྦད་བྷྱོ༔ ཤན་ཏྲི་པར་ནྲི་རྦད་ཏྲི་བྷྱོ༔ མ་ནི་རཀྴ་ནྲི་རྦད་བྷྱོ༔ རཀྴ་ཁ་ཐུན་ནྲི་རྦད་བྷྱོ༔ ཁ་ཐུན་ཚལ་པ་ནྲི་རྦད་བྷྱོ༔ ཧྲི་ཏྲི་ཛ་ནྲི་རྦད་ཏྲི་བྷྱོ༔ ཕོ་རྒྱུད་དྲེགས་པའི་ཆད་པ་དགྲ་ལ་བྷྱོ༔ ཛ་ཐུན་ཁ་ལ་རཀྴ་ཡ༔ དུ་ར་ཡཀྴ་སྙིང་ལ་རྦད༔ ཁལ་ཚེ་ནཱ་ག་སྲོག་ལ་ཡ༔ ཁ་རག་ཡཀྴ་རྦད་སུ་ཡ༔ མ་མ་རཀྴ་ཁྲག་ལ་ཡ༔ ཧ་རི་ཁ་རི་ལས་ལ་ཡ༔ ཤུ་པོ་ཡཀྴ་དབུགས་ལ་ཡ༔ ཁྲམ་བྷྱོ་ཏམ་བྷྱོ་ལས་ལ་ཡ༔ མ་རྒྱུད་མཁའ་འགྲོའི་ཆད་པ་དགྲ་ལ་བྷྱོ༔ ཏྲིག་ཐུན་ཁལ་ཚེ་ཡཀྴ་རྦད༔ མ་ནི་ཛ་ཐུན་ཁ་ལ་རྦད༔ ཛ་ནི་རཀྴ་སྙིང་ལ་རྦད༔ བྷི་ར་ཛ་ནི་གཟུགས་ལ་རྦད༔ སྙིང་ཁྲག་ཛ་ཡ་སྲོག་ལ་རྦད༔ ཨ་ཀ་ཡ་སྲོག་ལ་རྦད༔ མ་ར་ཨངྐུ་སྙིང་ལ་རྦད༔ མ་ནི་རཀྴ་སྲོག་ལ་རྦད༔ ཀླུ་གཉན་དྲེགས་པའི་ཆད་པ་དགྲ་ལ་བྷྱོ༔ ཐུན་བྷྱོ་དགྲ་ལ་བྷྱོ༔ བྱད་བྷྱོ་དགྲ་ལ་བྷྱོ༔ ཟོར་བྷྱོ་དགྲ་ལ་བྷྱོ༔ ཕོ་རྒྱུད་བྷྱོ་དགྲ་ལ་བྷྱོ༔ མོ་རྒྱུད་བྷྱོ་
དགྲ་ལ་བྷྱོ༔ མིང་པོ་བྷྱོ་དགྲ་ལ་བྷྱོ༔ སྲིང་མོ་བྷྱོ་དགྲ་ལ་བྷྱོ༔ སྔགས་བྷྱོ་དགྲ་ལ་བྷྱོ༔ བདུད་བྷྱོ་དགྲ་ལ་བྷྱོ༔ བཙན་བྷྱོ་དགྲ་ལ་བྷྱོ༔ རྒྱལ་པོ་བྷྱོ་དགྲ་ལ་བྷྱོ༔ མ་མོ་བྷྱོ་དགྲ་ལ་བྷྱོ༔ དྲི་ཟ་བྷྱོ་དགྲ་ལ་བྷྱོ༔ གནོད་སྦྱིན་བྷྱོ་དགྲ་ལ་བྷྱོ༔ ནཱ་ག་བྷྱོ་དགྲ་ལ་བྷྱོ༔ གཤིན་རྗེ་བྷྱོ་དགྲ་ལ་བྷྱོ༔ མུ་སྟེགས་བྷྱོ་དགྲ་ལ་བྷྱོ༔ གཟའ་བྷྱོ་དགྲ་ལ་བྷྱོ༔ དམུ་བྷྱོ་དགྲ་ལ་བྷྱོ༔ བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ བྱད་མ་དགྲ་བོའི་སྟེང་དུ་བྷྱོ༔ བྱད་མ་དགྲ་བོ་ཁ་ཐམ༔ བྱད་མ་དགྲ་བོའི་ཀ་ཡ་ནན༔ བྱད་མ་དགྲ་བོའི་ཝཱཀྐ་ནན༔ བྱད་མ་དགྲ་བོའི་ཙིཏྟ་ནན༔ བྱད་མ་དགྲ་བོ་གཟེར་ཐུམ་ནན༔ དྲག་སྔགས་དམོད་པའི་རྣོ་དབལ་འདི༔ བཟླས་པ་ཇི་ལྟར་བརྩོན་པ་བཞིན༔ མཐུ་དང་ནུས་པ་བསམ་མི་ཁྱབ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ སྤུ་གྲིའམ་ནི་དྲག་སྔགས་འདི༔ ཐུན་ཟོར་མཚོན་ཆ་སྣ་ཚོགས་ལ༔ བཟླས་ཤིང་གང་གནོད་ཕྱོགས་སུ་གཟིར༔ མི་མཐུན་དཔུང་ནི་ངེས་པར་བཟློག༔ སྣང་སྲིད་གཡོ་འཁྲུགས་ཆེན་པོ་འཇོམས༔ དགྲ་བགེགས་ཙམ་ལ་སྨྲོས་ཅི་དགོས༔ གང་གནོད་དམིགས་ཐེམས་གཞུག་པར་གཅེས༔ དེ་བཞིན་དམིགས་པའི་འཕྲུལ་འཁོར་གཟབ༔ དཔུང་བསྐྱེད་གསང་བའི་མནྟྲའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ བརྡ་ཐིམ༔ བཀྲ་ཤིས་ཤོག༔
འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཟོར་སྒྲུབ་གབ་པ་ཐུན་མོང་དུ་ཕྱུང་བ་ཁྲོ་ཆུ་ཁོལ་མ།
࿅༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཟོར་སྒྲུབ་གབ་པ་ཐུན་མོང་དུ་ཕྱུང་བ་ཁྲོ་ཆུ་ཁོལ་མ་བཞུགས་སོ༔ ཧཱུྃ་བྷྱོ༔ བདག་ཉིད་ཡང་བཟློག་ཁྲོ་བོའི་རྒྱལ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནི༔ ཐུན་ཐག་ལ་བརྒྱུད་མདུན་དུ་འཕྲོས༔ མདུན་གྱི་རྟེན་གཞིའི་དཀྱིལ་འཁོར་དུ༔ ཕྱི་ལྟར་དྲག་རྩུབ་འཇིགས་སུ་རུང་༔ ནང་དུ་རཱུ་ཏྲའི་ཁྲག་མཚོ་འཁྱིལ༔ གསང་བ་དུག་གསུམ་ཨེ་ཡི་ཀློང་༔ དཔལ་གཏོར་ཡང་བཟློག་ཁྲོ་བོའི་རྒྱལ༔ རྡོར་ཕུར་གཙོ་བོ་རང་འདྲ་བའི༔ སྤྲུལ་པའི་ཁྲོ་བོའི་དམག་ཚོགས་གཏིབས༔ གཏོར་ཟོར་ཡེ་ཤེས་གཤིན་རྗེའི་སྡེ༔ ཀོང་ཟོར་འཇིག་རྟེན་ཕོ་རྒྱུད་ཀྱི༔ གཤིན་རྗེ་བྱེ་བ་དུང་ཕྱུར་དམག༔ ཁྲག་ཀོང་མོ་གཤེད་གྲངས་མེད་གསལ༔ ཟོར་གྱི་རྩ་བ་རྭ་ཡི་ཟོར༔ ཐུན་སྣོད་ཨེ་ཡི་བཙོན་ཁང་ནང་༔ ལས་གཤིན་ཕོ་ཉའི་དམག་ཚོགས་གཏིབས༔ དུག་ཁྲག་མཚོན་ཆའི་སེར་ཆེན་འབེབས༔ རྩ་བ་དུག་སྦྲུལ་ཆུན་པོ་ཉིལ༔ སྐེད་པར་གཟའ་རྒོད་སྡང་མིག་བསྒྲད༔ རྩེ་མོ་ཡེ་ཤེས་མེ་ལྕེ་འབར༔ དམིགས་བྱའི་དགྲ་བགེགས་ཐལ་བར་བརླག༔ རྡོ་ཕྱེ་གནོད་སྦྱིན་བུ་མོ་འབུམ༔ ཁྲམ་རྣམས་གཤིན་རྗེའི་
ཁྲམ་ཐོགས་དང་༔ ཡུངས་ཀར་ཁྲོ་བོའི་དམག་ཚོགས་དང་༔ རྩང་རྣམས་ཤན་པ་གྲི་ཐོགས་འབུམ༔ ཟོར་ཆས་སྣ་ཚོགས་མཚོན་དང་ཟོར༔ དུག་སྤྲིན་ནད་རླངས་མེ་འོད་འཕྲོས༔ ནུས་མཐུ་ཐོགས་མེད་ལྡན་པར་བསམ༔ ཟོར་ཆས་ལྷ་ཚོགས་དེ་དག་ཀྱང་༔ རྔམ་ཁྲོས་དྲག་སྔགས་འུར་འུར་སྒྲོགས༔ སྤྲུལ་པ་ནད་མཚོན་ཐོགས་པ་འཕྲོས༔ དགྲ་བགེགས་བྱད་མ་གང་དང་གང་༔ བསད་བཅད་རོལ་ཅིང་ལྷག་མེད་བཏང་༔ དཔུང་བཅོམ་གཡུལ་བཟློག་བསྐྲད་གཟིར་དམིགས༔ ཁྲོ་བོའི་དམག་ཚོགས་དེ་རྣམས་དང་༔ སྤྲུལ་པ་བྱ་གཅན་ཤ་གཟན་རིགས༔ དུག་སྦྲུལ་རུས་སྦལ་སྡིག་པའི་ཚོགས༔ ཀུན་གྱིས་ཧབ་ཟོས་ཧུབ་ཀྱིས་འཐུང་༔ མྱག་མྱག་ཁྲུམ་ཁྲུམ་མུར་ནས་ཀྱང་༔ ལྷག་མ་ཙམ་ཡང་མེད་པར་བསམ༔ རྣལ་འབྱོར་ལྷ་ཡི་ང་རྒྱལ་ངང་༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་
ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཛ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲམ་ཁྲམ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ དམིགས་པའི་ཏིང་འཛིན་གཟིར་ནས་སུ༔ སྤུ་གྲི་ཤམ་བཅས་ཐུན་བཅད་བསྒྲུབ༔ དངོས་ཉམས་རྨི་ལམ་རྟགས་མཐོང་ནས༔ དགྲ་བགེགས་སྟེང་དུ་ཟོར་དུ་འཕེན༔ གནོད་བྱེད་རྡུལ་དུ་བརླག་པར་བསྒོམ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ འདི་ཡིས་མི་བཟློག་གང་ཡང་མེད༔ རྡོ་རྗེ་འཛིན་གྱི་མཐུ་ཡང་འཇིག༔ འཇིག་རྟེན་གཞན་ལ་སྨོས་ཅི་དགོས༔ ཟོར་སྒྲུབ་གབ་ཕྱུང་ཨྠྉ་རྒྱ༔ ས་མ་ཡཱ༔
གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་རིམ་པ་དབང་གི་གབ་ཡིག
࿅༔ གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་རིམ་པ་དབང་གི་གབ་ཡིག་བཞུགས་སོ༔ འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ བྱིན་བརླབ་དབང་གི་རིམ་པ་ནི༔ རྫས་དང་ཡོ་བྱད་སྟ་གོན་བྱ༔ གཞུང་བསྲང་བསྒྲུབ་ཅིང་ཚོགས་ཀྱིས་མཆོད༔ ནམ་གྱི་སྲོད་ལ་བབ་པའི་དུས༔ སློབ་མས་གོ་མཚོན་མཎྜལ་འབུལ༔ ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་སྤྲོས༔ དབང་དོན་གསོལ་བ་འདེབས་པ་ནི༔ ཀྱེ་ཧོཿ ཁྲོ་ཆེན་འཇམ་དཔལ་དཔའ་བོའི་སྐུ༔ བརྩེ་བས་བདག་ལ་ཉེ་བར་གཟིགས༔ བདུད་འཇོམས་ཆེན་པོའི་སྲོག་གི་དབང་༔ དམ་ཚིག་རིམ་པ་བསྟན་དུ་གསོལ༔ ལན་གསུམ༔ ཁྱོད་ཀྱིས་མཆོག་ཏུ་བསྙེན་ནུས་སམ༔ མངོན་སྤྱོད་ལས་ལ་སྤྲོ་འམ་ཅི༔ དེ་ལྟར་ཡིན་ན་བདག་གིས་སྦྱིན༔ གསང་བའི་དམ་ཚིག་བཤད་པར་བྱ༔ ཞེས་གནང་བ་སྦྱིན༔ སྐྱབས་སེམས་འབོག༔ དམ་བསྲེ་བ་ནི༔ ཧཱུྃ༔ འདི་ནི་རྡོ་རྗེའི་མནའ་ཆུ་སྟེ༔ ཚུལ་བཞིན་བསྲུངས་ན་དངོས་གྲུབ་ཐོབ༔ ཉམས་ན་དམྱལ་བར་ཚིག་ཏ་རེ༔ དམ་ཚིག་ཡང་དག་ཉིད་དུ་སྲུངས ༔ བཛྲ་ས་མ་ཡ་ན་ར་སྐན༔ ཨི་དན་ཏེ་ས་མ་ཡ་ཧཱུྃ༔ ཞེས་དམ་ཚིག་བསྒྲག་ཡེ་ཤེས་དབབ༔ གཏོར་མ་ལྷར་གསལ་སྤྱི་བོར་བཞག༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྐུ༔ དེ་རིང་ཁྱོད་ཀྱི་ལུས་ལ་ཞུགས༔ འཇམ་དཔལ་ཁྲོ་ཆེན་འབར་བའི་དཔལ༔ གང་གི་སྐུ་ཡི་བྱིན་རླབས་ཀྱིས༔ ཁྱོད་ཀྱི་ལུས་ལ་བྱིན་གྱིས་རློབས༔ དབང་ཆེན་དམ་པ་ཐོབ་པར་ཤོག༔ ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ མགྲིན་པར་བཞག༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསུང་༔ དེ་རིང་ཁྱོད་ཀྱི་ངག་ལ་ཞུགས༔ འཇམ་དཔལ་ཁྲོ་
ཆེན་འབར་བའི་དཔལ༔ གང་གི་གསུང་གི་བྱིན་རླབས་ཀྱིས༔ ཁྱོད་ཀྱི་ངག་ལ་བྱིན་གྱིས་རློབས༔ དབང་ཆེན་དམ་པ་ཐོབ་པར་ཤོག༔ ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྙིང་ཁར་བཞག༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས༔ དེ་རིང་ཁྱོད་ཀྱི་ཡིད་ལ་ཞུགས༔ འཇམ་དཔལ་ཁྲོ་ཆེན་འབར་བའི་དཔལ༔ གང་གི་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཁྱོད་ཀྱི་ཡིད་ལ་བྱིན་གྱིས་རློབས༔ དབང་ཆེན་དམ་པ་ཐོབ་པར་ཤོག༔ ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་རཀ་གཏོར་མ་གཏད་ལ༔ ཧཱུྃ༔ ཁྲོ་མཆོག་འཇམ་དཔལ་མཆོད་པའི་རྫས༔ བསྐུལ་ཞིང་དངོས་གྲུབ་འབྱུང་བའི་རྫས༔ ཡོན་ཏན་ཡེ་ཤེས་བྱིན་རླབས་ནི༔ དམ་ལྡན་སློབ་མ་ཁྱེད་ལ་སྦྱིན༔ དབང་ཆེན་དམ་པ་ཐོབ་པར་ཤོག༔ ༀ་བཛྲ་ཀྲོ་ཏ་ཡ་༔ མནྟ་ཀ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་གཏད་ལ༔ ཧཱུྃ༔ དེང་ནས་ཁྱེད་ནི་འཇམ་དཔལ་དངོས༔ གཅོད་པར་བྱེད་པའི་རལ་གྲི་དང་༔ འཇོམས་བྱེད་རྡོ་རྗེ་འབར་བ་ཆེ༔ འདེབས་པར་བྱེད་པའི་ཕུར་བུ་དང་༔ མཚོན་ཆ་འབར་བའི་འཁོར་ལོ་འདི༔ ཕྲིན་ལས་ཐོགས་པ་མེད་པའི་ཕྱིར༔ ཁྲོ་རྒྱལ་མངོན་གྱུར་ཁྱོད་ལ་སྦྱིན༔ དབང་ཆེན་དམ་པ་ཐོབ་པར་ཤོག༔ ༀ་བཛྲ་ཀྲོ་ཏ་ཡ་
མནྟ་ཀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ལིངྒ་འགུགས་བསྟིམ་བཅིངས་སྒྲོལ་སོགས་བསྒྲལ་དབང་བསྐུར༔ ཤིས་པ་བརྗོད་མེ་ཏོག་འཐོར༔ ཁས་བླངས་ཡོན་འབུལ་དམ་ཚིག་བསྒྲག༔ སྲོག་དབང་གནད་ཡིག་གསང་བའི་རྒྱ༔ ཁ་ཐཾ༔ གུ་ཧྱ༔
འཇམ་དཔལ་གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ནག་པོའི་བསད་ལས་ཐུན་བསྐུལ་བཀླག་བདེར་བཀོད་པ་དུག་རིི་རེག་འཇོམས།
࿅༔ འཇམ་དཔལ་གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ནག་པོའི་བསད་ལས་ཐུན་བསྐུལ་བཀླག་བདེར་བཀོད་པ་དུག་རིི་རེག་འཇོམས་བཞུགས་སོ༔
རྒྱལ་ཀུན་སྐུ་ཡི་རྡོ་རྗེ་འཇམ་དཔལ་དབྱངས༔ རབ་ཁྲོས་མི་བཟད་དུས་དགྲའི་དབང་པོ་དང་༔ དབྱེར་མེད་དྲིན་ཅན་དཔའ་བོ་ལས་རབ་རྩལ༔ རྣམ་མཁྱེན་བར་དུ་ཞབས་སེན་སྤྱི་བོར་འགོད༔ གཞོམ་མེད་རྡོ་རྗེའི་མཚོན་ཆེན་བདེ་ཆེན་གདེངས༔ ལྷ་སྔགས་དུས་ཀྱི་ཞུགས་ཆེན་འབུམ་ལྷག་གཟིས༔ ཞལ་རུངས་ནག་པོའི་དཔུང་བསྐྱེད་ཞིང་བཅུའི་དགྲར༔ རེག་ཟ་བསད་ལས་ཐུན་བསྐུལ་འདི་བར་སྤེལ༔ དེ་ཡང་འཇམ་དཔལ་ཁྲོས་པ་ཡང་བཟློག་སྤུ་གྲི་དམར་པོ་འདི་ཉིད་ཀྱི་རྣལ་འབྱོར་པས༔ བསྟན་དང་བླ་མའི་སྐུ་དགྲ་གཙོས་པའི་ཞིང་བཅུ་ཚང་བ་མཐར་མངོན་སྤྱོད་ཀྱི་སྦྱོར་བས་བསྒྲལ་ཅིང་གནས་ངན་ལས་དབུགས་དབྱུང་བར་འདོད་པས༔ ཐོག་མར་མར་ངོའི་དྲག་ཐེབས་བདུད་རྩི་ལ༔ ལས་སྦྱོར་དམིགས་བསལ་གྱི་སྐབས་ཡིན་ན་བྲུབ་
ཁུང་དང་ལིངྒ་སྒོས་ཆོས་དང་ལྡན་པ་དང་༔ སྤྱིར་བཏང་གཏོར་བཟློག་རྐྱང་པ་སོགས་ལ་འབྱོར་ན་འཁོར་ལིང་དང་༔ ཡང་ན་བག་ཟན་གྱི་ཉ་བོ་གཟུགས་དབྱིབས་དོད་པ་ཧོམ་དུ་བཅུག༔ བྲུབ་ཁུང་གི་གཡས་སུ་བྱ་རོག་དང་གཡོན་དུ་འུག་སྒྲོ་བཙུགས༔ ཐོད་ངན་གནམ་ལྕགས་ཀྱི་སྣོད་དུ་གཡས་སུ་ཡུངས་དཀར་ནག༔ རྡོ་ཟངས་ལྕགས་ཕྱེ་སོགས་ཐུན་རྫས༔ གཡོན་དུ་མཛེ་དམེ་ནད་ནལ་སོགས་ཁྲག་སྣ་དུག་སྣ་དང་སྦྱར་བར་ཤི་སྐྲའི་སྒྲོན་ཐུན་ཅན༔ གུལ་སོགས་དབྱེ་རྫས༔ ཕུར་པ་དང་མཚོན་ཐུན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཅས་བསྒྲལ་ཆས་ཀྱིས་བསྐོར་བ༔ ཧོམ་གཟར༔ བྱུག་བདུག་བྲབ་རྫས༔ གསེར་སྐྱེམས་ལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚང་བར་བྱས་ལ༔ ཐོག་མར་གསེར་སྐྱེམས༔ རཾ་ཡཾ་ཁཾ༔ གསུམ་གྱིས་བསྲེགས་གཏོར་བཀྲུས༔ འདོད་ཡོན་ཟག་པ་མེད་པའི་བདུད་རྩིར་གྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ་གྱི་
བྱིན་གྱིས་བརླབས་ལ༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་མ་ལུས་པ༔ གསེར་སྐྱེམས་འདི་བཞེས་བདག་གི་དཔུང་གཉེན་མཛོད༔ སྣང་ཞིང་སྲིད་པའི་ལྷ་ཀླུ་འབྱུང་པོ་དང་༔ སྡེ་བརྒྱད་མཐུ་ཆེན་ཡུལ་ལྷ་གཞི་བདག་ཚོགས༔ གསེར་སྐྱེམས་འདི་བཞེས་བདག་གི་དཔུང་གཉེན་མཛོད༔ ཅེས་པས་འབུལ་ལོ༔ ཆོས་སྐྱོང་སྲུང་མ་གནད་ནས་བསྐུལ་བའི་ཕྱིར་གཟུ་དཔང་གསོལ་བ་ནི༔ བྷྱོ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་རྩ་བ་གསུམ༔ མ་ཡོ་མ་ནོར་གཟུ་དང་དཔང་མཛོད་ཅིག༔ འགྲོ་བའི་དོན་མཛད་བཅོམ་ལྡན་ཤཱཀ་ཐུབ་ལ༔ སྡིག་ཅན་ལྷས་སྦྱིན་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ངུར་སྨྲིག་ན་བཟས་བརྒྱན་བྱས་ནས༔ རྫོགས་པའི་སངས་རྒྱས་ཐོབ་པ་དོན་མེད་དམ༔ ནམ་མཁར་གནས་པའི་གཡུ་འབྲུག་སྔོན་མོ་ལ༔ ལྟས་ངན་བུང་བ་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ལྕེ་ལ་གློག་དམར་བརྒྱན་བྱས་ནས༔ སྟོང་གསུམ་འབྲུག་སྒྲས་བཀང་བ་དོན་མེད་དམ༔ མཁའ་ལ་གནས་པའི་བྱ་ཁྱུང་ག་རུ་ལ༔ ལྟས་ངན་སྲིན་བྱ་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ལྕགས་རུས་
དབུ་ལ་བརྒྱན་བྱས་ནས༔ གཤོག་སྒྲོ་སྤུ་གྲིར་གཏམས་པ་དོན་མེད་དམ༔ གངས་ལ་གནས་པའི་སེང་གེ་དཀར་མོ་ལ༔ དུར་ཁྲོད་ཝ་སྤྱང་འཇོལ་མོས་བརྙས་བཙུགས་སོ༔ ཆེ་རྟགས་གཡུ་རལ་སྔོན་མོས་བརྒྱན་བྱས་ནས༔ རྩལ་གསུམ་ལུས་ལ་རྫོགས་པ་དོན་མེད་དམ༔ ཀུན་ལ་དབང་བསྒྱུར་ས་བདག་རྒྱལ་པོ་ལ༔ འབངས་འཁོར་སྐྱེ་བོ་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་མེན་ཏྲཾ་ཐོད་དམར་བརྒྱན་བྱས་ནས༔ རྒྱལ་སྲིད་ཆོས་བཞིན་བསྐྱངས་པ་དོན་མེད་དམ༔ གྲུབ་ཐོབ་སློབ་དཔོན་པདྨ་འབྱུང་གནས་ལ༔ བོད་ཁམས་ལྷ་སྲིན་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་ཐོད་པའི་ཕྲེང་བས་བརྒྱན་བྱས་ནས༔ ལྷ་སྲིན་དམ་ལ་བཏགས་པ་དོན་མེད་དམ༔ དམ་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་ལ༔ དམ་ཉམས་སློབ་མ་ངན་པས་བརྙས་བཙུགས་སོ༔ ཆེ་རྟགས་འཆད་ཅིང་ཀླད་ལ་བསྐོར་བྱས་ནས༔ སྒྲུབ་པའི་རྒྱལ་མཚན་བཙུགས་པ་དོན་མེད་དམ༔ ད་ལྟ་སྒྲུབ་པའི་རྣལ་འབྱོར་སྔགས་འཆང་ལ༔ དམ་ཉམས་དགྲ་བོ་ངན་པས་བརྙས་བཙུགས་སོ༔ ཡི་དམ་རྒྱལ་བ་ཞི་
ཁྲོའི་སྐུར་བསྒོམས་ནས༔ བཟླས་བརྗོད་ཚུལ་བཞིན་བྱས་པ་དོན་མེད་དམ༔ ཧཱུྃ་བྷྱོ༔ གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ མི་ཕྱེད་དད་པས་ཞུགས་པའི་རྣལ་འབྱོར་བདག༔ སྒྲུབ་པའི་སྙིང་པོ་དམ་དུ་བཅས་པ་ལ༔ བར་ཆད་འཚེ་བ་དམ་ཉམས་དགྲ་ཡིས་བྱས༔ ད་ནི་མངོན་སྤྱོད་དྲག་པོའི་ལས་རྩོམ་ན༔ ལྷ་དང་དམ་ཅན་རྒྱ་མཚོ་གྲོགས་ལ་བྱོན༔ བདག་གིས་མ་ཉེས་དམ་ཉམས་དགྲ་ཡིས་ཉེས༔ ཉེས་བྱས་འདི་ལ་ཆད་པའི་ལས་མཛོད་ཅིག༔ ཉེས་མེད་རྣལ་འབྱོར་བདག་གི་གྲོགས་གཡེལ་ན༔ སྔོན་གྱི་ཐ་ཚིག་འགལ་བར་འགྱུར་ཏ་རེ༔ ཁས་བླངས་གཉན་གྱི་མཐའ་ལས་མ་གཏོང་བར༔ དོ་ནུབ་གཟུ་དཔང་གཉན་པོའི་གྲོགས་ལ་བྱོན༔ ཁྱོད་ཀྱི་རངས་པའི་སེམས་ཉིད་ད་ལྟ་རང་༔ སྡིག་ཅན་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ དུས་གསུམ་སངས་རྒྱས་རྣམས་ཀྱང་བྱིན་མ་ཆུང་༔ ཆོས་སྐྱོང་སྲུང་མ་རྣམས་ཀྱང་མཐུ་མ་ཆུང་༔ བཀའ་སྲུང་ལས་མཁན་རྣམས་ཀྱང་རྩལ་མ་ཞན༔ སྔགས་འཆང་རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ ཞེས་གསེར་སྐྱེམས་གཏོར༔ མཁྱེན་པར་གསོལ་ཅིང་གནད་ནས་
བསྐུལ་བ་ནི༔ ཧཱུྃ་བྷྱོ༔ གདོད་ནས་མ་སྐྱེས་བྱང་ཆུབ་སེམས་ཉིད་འདི༔ མ་དག་སྐྱེ་བོ་རྣམས་ཀྱིས་མ་རྟོགས་པས༔ སྐྱེས་མཆོག་བདག་གིས་དྲང་ཞིང་དོན་བགྱིད་དུ༔ བདུད་དང་སྲིན་པོས་ཚེ་ལ་བར་གཅོད་ཅིང་༔ བགེགས་དང་འབྱུང་པོས་འདི་ལ་གླགས་ལྟ་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་དོན་རྟོགས་འབྲས་བུ་ཆུད་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུྃ་བྷྱོ༔ ཐོས་བསམ་སྒོམ་གསུམ་ཤེས་རབ་རྣམ་པ་གསུམ༔ ཞི་གནས་ལྷག་མཐོང་མཉམ་ཞིང་འབྲེལ་བ་ཡི༔ ཏིང་འཛིན་དྲོད་མཆོག་སྐྱེ་བའི་རྒྱུ་ཡིན་ཡང་༔ གནོད་བྱེད་བགེགས་ཀྱིས་སྒོམ་དུ་མ་སྟེར་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་དོན་དུ་འབྲས་བུ་ཆུད་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུྃ་བྷྱོ༔ འཇིག་རྟེན་ཁམས་འདིར་འདུས་བྱས་ཟས་དང་ནོར༔ ཨཱ་མཆོད་ཅིང་འགྲོ་དོན་བགྱིད་དགོངས་པས༔ དམ་ཉམས་དགྲ་
བོས་བགྱིད་དུ་མ་སྟེར་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ངེས་པའི་དོན་དུ་འབྲ ས་བུ་ཆུད་མ་གསོན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་མཛོད༔ ཧཱུྃ་བྷྱོ༔ བདག་ནི་ཟོལ་མེད་ངེས་པའི་རྣལ་འབྱོར་པ༔ བྱང་ཆུབ་བསྒྲུབ་ཅིང་འགྲོ་བའི་དོན་བགྱིད་པར༔ སེམས་ཀྱིས་ཐག་བཅད་སྐྱེས་མཆོག་བདག་ལྟ་བུས༔ བཤགས་ཀྱང་མི་ཚངས་སྨྲས་ཀྱང་མི་དགོངས་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བཅོལ་ཀྱང་མི་མཛད་བསྐུལ་ཅིང་མི་གསན་ན༔ སྔོན་གྱི་དམ་བཅའ་འགལ་བར་མི་འགྱུར་རམ༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ནས༔ བསྟན་པའི་རུ་ཏྲའི་བར་ཆད་རྣམ་གཉིས་པོ༔ མངོན་སྤྱོད་ཚུལ་གྱིས་མྱུར་སྒྲོལ་ཕྲིན་ལས་མཛོད༔ ཅེས་ཕུད་གཏོར་ཞིང་བསྐུལ་ལོ༔ བྲུབ་ཁུང་བསྐྱེད་པ་ནི༔ རཱུ་ཏྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྣིར་ཛ༔ མདུན་དུ་བྷནྡྷ་གྲུ་གསུམ་འབར་བ༔ ཕྱི་ནག་ལ་རྩུབ་པ༔ ནང་དམར་ལ་
ཚ་བ༔ འཆི་བདག་གཤིན་རྗེའི་བཙོན་དོང་སྡིག་ཅན་གྱི་བཤས་ར་འཇིགས་ཤིང་ཡ་ང་བ༔ ཐར་མེད་མུན་ཁང་ཆེན་པོའི་ནང་དུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་ནྲྀ་སྔོ་ལྗང་དང་ཏྲི་དམར་སེར་མར་མེ་ལྟ་བུ་གནས་པ་དེ་ཡོངས་སུ་གྱུར་པ་ལས་ཉ་བོ་འདི་རྣམས་དགྲ་བགེགས་གང་ཡིན་པ་དེ་དག་དངོས་སུ་གྱུར་ཏེ་མི་སྡུག་པའི་གཟུགས་ཅན་སྔོ་ལ་ཧམ་པ༔ ནག་ལ་རིད་པ་གཅེར་བུ་ཉམ་ཐག་པ༔ འདར་ཁྲི་ལི་ལི༔ སྐྱི་བུན་བུན༔ འགུལ་མི་ནུས་པ་ཞིག་ཏུ་གྱུར་པར་བསམ་ལ༔ ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན་པས༔ ལིང་གའི་མགོ་ངོས་སུ་ལངས་ཏེ་འདུག་ལ་བདེན་པ་བདར་བ་ནི༔ ན་མོ༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་ལྷ་ཡི་ཡང་ལྷར་གྱུར་པ་འཇམ་དཔལ་གཤིན་རྗེའི་གཤེད་ཡང་བཟློག་ཁྲོས་པ་འཁོར་མ་གཤིན་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ་བདེན་པ་དང་༔ གཞན་ཡང་གསང་སྔགས་དང་རིག་སྔགས་དང་༔ གཟུངས་སྔགས་དང་༔ སྙིང་པོ་
དང་༔ ཕྱག་རྒྱ་དང་༔ སྔགས་འཆང་བདག་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་བདེན་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་དགྲ༔ སེམས་ཅན་གྱི་སྤྱི་དགྲ༔ བླ་མའི་སྐུ་དགྲ༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ཕྱུགས་འཁོར་དང་བཅས་པར་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བར་ཆད་ཀྱི་རྐྱེན༔ ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས༔ མགོན་བྱེད་ཀྱི་ལྷའམ༔ ཚེ་དང་དབང་ཐང་ངམ༔ བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར༔ ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག༔ ཅེས་གྲངས་གསོག་པའོ༔ ཡང་ན༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་དང་འཇམ་དཔལ་གཤེད་ཆེན་ཁྲོས་པ་མེའི་སྤུ་གྲིའི་བདེན་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བླ་སྲོག་རྣམ་པར་ཤེས་པ་ཨཱ་ཀ་ཡ་ཛཿ ཨངྐུ་ཤ་ཡ་ཛཿ ཉེར་གཅིག་སོགས་སྐབས་བསྟུན་བྱ༔ འགུགས་སྔགས་ནི༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་
དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ ཅེས་སམ༔ རྣྲི་ཤ་ཀུ་རུ༔ རྣྲི་ཤ་ཀུ་རུ༔ ཁ་སོ་བ་ཏི༔ ཡཾ་རུ་ཏེ༔ ཡཾ་སེན་ཡཾ་སེན་མེན་ཡཾ་སྙིང་ཚལ་པ་བཾ་རིལ་རྦད༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་བླ་རྟེན་ཚེ་རྟེན་སྲོག་རྟེན་དང་བཅས་པ་ཁུག་ཅིག༔ དྲག་སྔགས་གཅིག་པུར་རམ་ཤམ་ཅན་ཁུག་རྟགས་མ་བྱུང་བར་དུ་བཟླས༔ དེ་ནས་ཕོ་ཉ་གཏང་བ་ནི༔ ཛཿ བདག་མདུན་ཐུགས་ལས་རང་འདྲའི་ཕོ་ཉའི་ཚོགས༔ གནམ་ས་བར་སྣང་གང་བར་རབ་ཏུ་ཁྱབ༔ དམ་ཉམས་སྲོག་ཡིག་རྣྲི་ནས་ལྕགས་ཀྱུས་བཟུང་༔ ལས་ཀྱི་རླུང་ནག་འཚུབས་མས་གཡེངས་ཤིང་བསྐྱོད༔ ལས་མཁན་བཤན་པས་ཧབ་སྒྲ་དིར་དིར་དེད༔ མངོན་སུམ་ལིངྒའི་རྟེན་ལ་ཐིམ་པར་གྱུར༔ དགྲ་མནན་ཡིན་ན་བླ་བརྒྱད་བསྐུལ་བ་ནི༔ བསྐུལ་གཏོར་བཤམས༔ ལག་ཏུ་ཡུངས་ཐུན་ཐོགས་ལ༔ རང་ཉིད་ཡི་དམ་
ཏིང་འཛིན་གསལ་ལ༔ ཧཱུྃ་བྷྱོ༔ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ དོ་ནུབ་ནམ་གྱི་སྲོད་དང་གུང་ལ་བབ༔ ད་ལྟ་ནམ་གྱི་གུང་ལ་བབ་དུས་འདིར༔ སེམས་མེད་འབྱུང་བ་ཆུ་ཡང་གཉིད་པ་ཡི༔ དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་གི༔ བླ་ཚེ་འཁྱམས་ནས་ད་ལྟ་ཁྲིད་ལ་ཤོག༔ སྲོད་ལ༔ བྷྱོ༔ ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་འཁྱམས་ཁྲིད་ལ་ཤོག༔ ཐོ་རངས་དུས༔ བྷྱོ༔ ད་ལྟ་ནམ་གྱི་ཐོ་རངས་དུས་ལ་བབ༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས༔ དགྲ་བོ་ལས་ངན་བླ་འཁྱམས་ཁྲིད་ལ་ཤོག༔ ནམ་ལངས་དུས༔ བྷྱོ༔ ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར༔ མི་ཕྱུགས་ཐམས་ཅད་ལས་ལ་འགྲིམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ ཉི་མ་གུང་དུས༔ བྷྱོ༔ ད་ལྟ་ཉི་མ་གུང་ལ་བབ་དུས་འདི༔ དགྲ་རྐུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་ཐོམས་ཤིང་འཁྱམས་པའི་
དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ ཉི་མ་ནུབ་པའི་དུས༔ བྷྱོ༔ ད་ལྟ་ཉི་ནུབ་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བླ་གཤེད་ཕོ་ཉ་བརྒྱད་པོ་བསྐུལ་བ་ནི༔ བྷྱོ༔ བླ་འཁྱམས་ལས་ངན་འཕྱོ་བའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག༔ མགོན་མེད་བྱིའུ་ཕྲུག་རྒྱ་ཁྲས་ཟིན་པ་ལྟར༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན༔ ཕོ་ཉ་གནོད་སྦྱིན་སྲིན་པོའི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོའི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་དགོ་བར་བརྫུ་བ་ན༔ ཕོ་ཉ་ལྕགས་དམ་ནག་པོའི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ལུག་ཏུ་བརྫུ་བ་ན༔ ཕོ་ཉ་ལྕགས་ཀྱི་སྤྱང་མོའིི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔
དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན༔ ཕོ་ཉ་བྱུ་རུའི་ཁྱི་མོའི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕར་བའི་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོང་སྐུར་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོ༔ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱི་གཉེན་པོར་སྐུར་སྤྲུལ་ལ༔ བྲུབ་ཁུང་འཁོར་བའི་བཙོན་དོང་འདིའི་ནང་དུ༔ དམ་ཉམས་ལིང་གའི་རྟེན་ལ་བླ་སྲོག་ཁུག༔ བླ་སྲོག་གསུམ་ལ་དྲག་པོའི་ཕུར་པ་ཐོབ༔ ཕུར་མཚོན་དབལ་གྱིས་ལུས་སེམས་ཕྱེ་མར་ཐོབ༔ དགྲ་བོའི་བླ་སྲོག་སྟེང་དུ་མ་ར་ཡ༔ སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག༔ བླ་འཁྱམས་ལས་ངན་སྟེང་དུ་མ་ར་ཡ༔ ར་དང་ལུག་དང་བོང་བུ་རྣམ་པ་གསུམ༔ བླ་རྟགས་ཡིན་པས་མྱུར་དུ་ཁྲིད་ལ་
ཤོག༔ སོ་དང་སེན་མོ་པགས་པ་རྣམ་པ་གསུམ༔ ཕྱི་རྟགས་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ སྣ་དང་ལྕེ་དང་མིག་དང་རྣམ་པ་གསུམ༔ དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི༔ དོན་སྙིང་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི༔ ནང་ཁྲོལ་ཡིན་པས་ད་ལྟ་ཁྱེར་ལ་ཤོག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་ད་ལྟ་འགྲུབ་པར་མཛོད༔ ཅེས་བསྐུལ་ལ༔ བླ་ཡིད་གསུམ་པོ་སོ་སོར་འགུགས་པའི་སྔགས་བཟླ་བ་ནི༔ དམིགས་གནད་བཅས༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ མཐར་བླ་འགུགས་པའི་སྔགས་ཤམ༔ ཨཱ་ཀ་
ཡ་ཧཱུྃ་ཛཿཛཿ ཚེ་འགུགས་པའི་སྔགས་ཤམ་ནི༔ ཨཱ་ཡུར་ཛྙཱ་ན་ཨ་ཀ་ཡ་ཧཱུྃ་ཛཿཛཿ ཡིད་འགུགས་པའི་སྔགས་ཤམ་ནི༔ ཏྲི་ཡཾ་ནི་ཨཱ་ཀ་ཡ་ཧཱུྃ་ཛཿ གཟུགས་འགུགས་པའི་སྔགས་ཤམ་ནི༔ རཱུ་པ་སྐནྟ་ཨཱ་ཀ་ཡ་ཧཱུྃ་ཛཿཛཿ ཞེས་རྟགས་མ་བྱུང་བར་བཟླ༔ དེ་ནས་བླ་གནས་རྩིས་ལ་བླ་གར་གནས་པར་ཕུར་གདབ་ཐུན་གྱིས་གཟིར་དུས་ཚོད་འཛོམས་པར་བསྒྲལ་བར་བྱའོ༔ དེ་ནས་ལྕགས་ཀྱུ་ཐོགས་ལ་ཁུ་ཚུར་གཡོན་གྱི་མཐེའུ་ཆུང་དང་གཡས་མཛུབ་མོ་སྦྲེལ་ཏེ༔ བྷྱོ༔ སྲོག་ལ་རྔམ་པའི་གཤིན་རྗེ་དང་༔ ཁྲག་ལ་འཐུང་བའི་མ་མོའི་ཚོགས༔ དྲེགས་པ་སྡེ་དང་དཔུང་དང་བཅས༔ འགུགས་བྱེད་ཚོགས་སུ་སྐུར་སྤྲུལ་ནས༔ དམ་ཉམས་དགྲ་བོའི་བླ་ཡིད་སེམས༔ ལྕགས་ཀྱུ་འབར་བས་མྱུར་དུ་ཁུག༔ བཛྲ་ཨངྐུ་ཤ་ཡ་ཛ༔ ཞགས་པ་ཐོགས་ལ་ཁུ་ཚུར་གཉིས་རྒྱབ་སྤྲད་ལ་ཞགས་མིག་ལྟར་བྱས་ནས༔ བྷྱོ༔ སྲོག་ལ་རྔམ་པའི་གཤིན་རྗེ་དང་༔ ཁྲག་ལ་འཐུང་
བའི་མ་མོའི་ཚོགས༔ དྲེགས་པ་སྡེ་དང་དཔུང་དང་བཅས༔ འཆིང་བྱེད་ཚོགས་སུ་སྐུར་སྤྲུལ་ནས༔ དམ་ཉམས་ཡན་ལག་མགོ་ལག་བཅས༔ ཞགས་པ་འབར་བས་དམ་དུ་ཆིངས༔ བཛྲ་པཱ་ཤ་ཧོ༔ ལྕགས་སྒྲོག་ཐོགས་ལ༔ མཐེའུ་ཆུང་དང་མཛུབ་མོ་ཕན་ཚུན་སྦྲེལ་ལ༔ བྷྱོ༔ སྲོག་ལ་རྔམ་པའི་གཤིན་རྗེ་དང་༔ ཁྲག་ལ་འཐུང་བའི་མ་མོའི་ཚོགས༔ དྲེགས་པ་སྡེ་དང་དཔུང་དང་བཅས༔ སྡོམ་བྱེད་ཚོགས་སུ་སྐུར་སྤྲུལ་ནས༔ དམ་ཉམས་སྒོ་གསུམ་ཡན་ལག་རྣམས༔ ལྕགས་སྒྲོག་འབར་བས་རབ་ཏུ་སྡོམས༔ བཛྲ་སྥོ་ཊ་བཾ༔ དྲིལ་བུ་ཐོགས་ཁུ་ཚུར་བཅས་པའི་མཁྲིག་མ་གཉིས་བསྣོལ་བའི་ཕྱག་རྒྱ་བཅས༔ བྷྱོ༔ སྲོག་ལ་རྔམ་པའི་གཤིན་རྗེ་དང་༔ ཁྲག་ལ་འཐུང་བའི་མ་མོའི་ཚོགས༔ དྲེགས་པ་སྡེ་དང་དཔུང་དང་བཅས༔ མྱོས་བྱེད་ཚོགས་སུ་སྐུར་སྤྲུལ་ནས༔ དམ་ཉམས་དབང་པོ་རྣམ་ཤེས་བཅས༔ དྲིལ་བུ་འབར་བས་མྱོས་སུ་ཆུག༔ བཛྲ་གྷནྡྷེ་ཧོ༔ དེ་ནས་ལྷ་དང་དབྱེ་བ་ནི༔ རང་གི་ཐུགས་ཀ་ནས་ཛཿཡིག་སེར་ནག་གཉིས་སྤྲོས་ནས་སྒྲོ་གཉིས་ལ་ཕོག་སྟེ་ཡོངས་སུ་གྱུར་པ་ལས༔ སྟོད་ཁྲོ་བོ་བྱ་རོག་དང་འུག་པའི་མགོ་གཏུམ་རྔམ་མི་བཟད་པ་འཇིགས་སུ་རུང་བ་སྒྲོ་གཤོག་སྤུ་གྲིའི་རང་བཞིན་ཅན༔ སྐུ་སྨད་ཕུར་པའི་དབལ་གཉིས་བྲུབ་ཁུང་གི་དམིགས་བྱའི་སྟེང་དུ་འཕུར་ལྡིང་འཛིངས་སྟབས་སུ་གཤོག་སྒྲ་བརྡབས་པས༔ དགྲ་བོའི་ལྷ་སྲུང་རྣམས་བརྒྱལ་འབོག་སྔངས་ཏེ་མ་བཟོད་ནས་དགྲ་བོ་བྱེའུ་ཕྲུག་ཐང་ལ་བོར་བ་ལྟར་སྐྱབས་བྲལ་
ཉམ་ཐག་ཏུ་གནས་པ་ལ་སླར་ཡང་དེ་ལས་རང་འདྲའི་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་སྟོང་གསུམ་གང་བར་སྤྲོས་པས་ཕ་རོལ་གྱི་སྐྱོབ་བྱེད་ཐམས་ཅད་སྦུར་མ་རླུང་གིས་གཏོར་བའམ༔ བྱ་ཁྱུ་འུར་རྡོས་བདས་པ་ལྟར་བསྐྲད་ནས་སྒྲོ་གསེབ་ནས་དུག་ཁྲག་རྫས་ངན་གྱི་ཆར་དང་༔ དུད་རླངས་ཀྱི་ན་བུན་དྲག་ཏུ་གཏིབས་པས༔ དམིགས་བྱ་རྣམས་དྲན་མེད་དུ་མྱོས་ཤིང་བརྒྱལ་འབོག་རེངས་ཤིང་སྡུག་བསྔལ་ལས་ངན་གྱི་མཚོ་དུས་གཅིག་ཏུ་འབྲུབ་པར་བསམ་ལ༔ ལྷ་དབྱེའི་རྫས་བདུན་ཡོད་ན་ཕྱག་ལེན་ལྟར་རོ༔ གུ་གུལ་རྒོད་མ་ཙམ་གྱིས་བདུག་ལ༔ བྷྱོ༔ མེ་དཔུང་འཁྲུགས་པའི་ད་ལ་ནས༔ ཁྭ་ཁ་ཆེན་མོ་བྱ་རོག་མགོ༔ མཐིང་ནག་ཆེན་མོ་རྫུ་འཕྲུལ་ཅན༔ དཔག་ཚད་བརྒྱད་ཅུ་ཡུད་ཀྱིས་བགྲོད༔ ཉིན་གྱི་ལས་མཛད་མཐུ་མོ་ཆེ༔ གཡས་སུ་བསྐོར་ཞིང་གཡོན་ལས་བྱེད༔ ཤ་ལོག་བྱེད་ཅིང་སྡང་མིག་བལྟ༔ དམ་ཉམས་དགྲ་བོ་ལྷ་དང་ཕྲོལ༔ བྷྱོ༔ རྒྱ་མཚོ་འཁྲུགས་པའི་ད་ལ་ནས༔ ཧུ་ལུ་ཆེན་མོ་འུག་པའི་མགོ༔ སེར་ནག་ཆེན་མོ་རྫུ་འཕྲུལ་ཅན༔ དཔག་ཚད་བརྒྱད་ཅུ་ཡུད་ཀྱིས་བགྲོད༔ མཚན་གྱི་ལས་མཛད་མཐུ་མོ་ཆེ༔
གཡོན་དུ་བསྐོར་ཞིང་གཡས་ལས་བྱེད༔ ཤ་ལོག་བྱེད་ཅིང་སྡང་མིག་བལྟ༔ དམ་ཉམས་དགྲ་བོ་ལྷ་དང་ཕྲོལ༔ དགྲ་བོའི་ལྷ་སྲུང་པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ༔ ཐལ་མོ་རྒྱབ་སྤྲད་པའི་ཕྱག་རྒྱས་བྱ་རོག་དང་འུག་པའི་སྒྲོ་ལིངྒའི་སྟེང་གཡེངས་ཤིང་འབྱེད་ཚུལ་བྱས་ལ༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་སྲུང་དང་རྒྱབ་རྟེན་ཐམས་ཅད་སྐད་ཅིག་རང་དབང་མེད་པར་བྲལ་བར་བྱེད་པའི་སྔགས་ནི༔ ཡུངས་ཀར༔ ཐལ་ཆེན༔ དུག་ཁྲག་རྣམས་ཀྱིས་ལིངྒར་བྲབ་ལ༔ ན་མོ་ཏྲ་ཡ་ཡཱ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་ཙ་ལེ༔ ཤིག་ཤིག་ག་མེ་ཡེ་སྭཱ་ཧཱ༔ ཞེས་བཟླའོ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས་བྲབ་པས་ཕྲལ་བར་ཐེ་ཚོམ་མེད༔ དེ་ནས་བསད་པ་ལ་འཇུག་པ་ནི༔ བདག་མདུན་གྱི་ཐུགས་ཀ་ནས་བྷྲུཾ་འཕྲོས་དམིགས་བྱའི་སྙིང་གི་སྒོར་ཞུགས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་རྣོ་དབལ་གཅོད་པའི་ངར་དང་ལྡན་པ་རླུང་གི་སྤུ་གྲི་རེག་གཅོད་ལྟར་འཁོར་བས་ཤ་རུས་ནང་ཕྲོལ་ཐམས་ཅད་དམར་ཐོ་རོ་རོ་བཏང་བས་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་དུར་ཁྲོད་ཀྱི་རོ་ལ་བྱ་རྒོད་ཀྱིས་རུབ་པ་ལྟར་ཧབ་དི་རི་རི་ཟོས་ཤིང་བསད་པས་ཁོ་ཡི་ལུས་སེམས་ལ་མི་བཟོད་པའི་སྡུག་བསྔལ་དང་གདུག་སེམས་ནུས་པ་ཐམས་ཅད་ཞི་ཞིང་བདེ་སྟོང་རྒྱུད་ལ་སྐྱེས་ནས་གནོད་
མི་ནུས་པར་བསམས་ལ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྴ་རཀྴ་དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ བསད་རྟགས་མ་བྱུང་བར་བཟླ་ཞིང་ཐུན་ལ་སྔགས༔ དེ་ནས་མནན་པ་ལ་འཇུག་པ་ནི༔ བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་གཏུམ་དྲག་ཉམས་བརྒྱར་འབར་བས་དགྲ་བགེགས་དམ་སྲིའི་ལུས་ངག་ཡིད་གསུམ་སྟོབས་རྩལ་ནུས་པ་ཐམས་ཅད་མནན་པའི་ལས་མཛད་པར་གྱུར༔ མདུན་གྱི་ལིངྒ་དགྲ་བགེགས་དམ་སྲི་དངོས་སུ་གསལ་བའི་
གནས་ལྔར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྗི་ཞིང་སྲ་འཐས་རེས་མནན་ཞིང་ཡན་ལག་དང་ཚིགས་བཞི་ཐམས་ཅད་རྡོ་རྗེ་རྒྱ་གྲམ་རེས་གཟིར་བའི་ལུས་སེམས་མི་བཟོད་པའི་སྡུག་བསྔལ་དང་གདུག་སེམས་ནུས་པ་ཐམས་ཅད་ཞི་ཞིང་བདེ་སྟོང་རྒྱུད་ལ་སྐྱེས་ནས་ཉམ་ཐག་པའི་ཚུལ་གྱིས་གཡོ་འགུལ་མི་ནུས་པར་བསམས་ལ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ༀ་ཀིང་ཀང་ཧཱུྃ་ཧྲཱི༔ དགྲ་བོ་སྟམྦྷ་ཡ་ནན༔ རཀྴ་ནན༔ ཧཱུྃ་ཧཱུྃ༔ ལཾ་ལཾ་ཧཱུྃ་ལཾ་ཧཱུྃ་ལཾ་སྟྭ་བྷ་ཡ་ནན་ནན་སྭཱ་ཧཱ༔ མནན་རྟགས་མ་བྱུང་བར་བཟླ་ཞིང་ཐུན་ལ་བསྔགས༔ དེ་ནས་ཐུན་གྱིས་བྲབ་པ་ནི༔ རྡོ་
ཐུན་ཐོགས་ལ༔ བྷྱོ༔ ཞེ་སྡང་འབར་བའི་ད་ལ་ནས༔ ཕོ་གཤེད་དམར་པོ་མེ་རུ་རྩེ༔ ཡུངས་དཀར་ཡུངས་ནག་རྡོ་ཟངས་ལྕགས༔ སྣ་ཚོགས་ཐུན་གྱི་བདག་པོ་སྟེ༔ རྦབ་ལྟར་འདྲིལ་ཞིང་ཐོག་ལྟར་ཕོབ༔ དམ་ཉམས་དགྲ་བོའི་སྟེང་དུ་ཡཱ༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ བསད་སྔགས་ཀྱི་ཤམ་ཅན་བཟླས་ལ་བྲབ་བོ༔ དེ་ནས་སློབ་དཔོན་གྱིས་ཐུན་ཐོགས་ལ༔ བྷྱོ༔ འདོད་ཆགས་འཁྲུགས་པའི་ད་ལ་ནས༔ མོ་གཤེད་དམར་པོ་ནམ་གྲུ་མ༔ དམེ་ཁྲག་མཛེ་ནལ་དུག་གི་ཁྲག༔ སྣ་ཚོགས་ནད་ཀྱི་བདག་མོ་སྟེ༔ སྤྲིན་ལྟར་འཐིབས་ཤིང་སེར་ལྟར་ཕོབ༔ དམ་ཉམས་དགྲ་བོའི་སྟེང་དུ་ཡཱ༔
དུག་ཁྲག་ནད་ཀྱིས་མྱོས་སུ་ཆུག༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ དྲག་སྔགས་བསད་སྔགས་ཀྱི་ཤམ་ཅན་བཟླས་ལ་རློན་ཐུན་བསྲེས་ནས་གཏོར༔ སྤྲོ་ན་དགྲ་མནན་སྐབས་སུ་ཀིང་ཀང་ལྟར་དམོད་པ་ནི༔ ཐུན་རྫས་ལས་ཀྱི་གཤིན་རྗེ་ཕོ་མོ་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་ནད་མཚོན་དུག་རླངས་ཀྱི་དབལ་ཤུགས་རེག་བཟོད་མེད་པའི་ཆར་འབེབས་ཤིང་༔ དམོད་པས་བྲབ་གནམ་ས་ཁོལ་བ་ལྟ་བུས་ཐུན་རྫས་ཐོག་སེར་ལྟར་འཕངས་ནས་ཤ་ཆོམ་ཁྲག་ཆོམ་དུ་བཏང་རྣམ་ཤེས་མར་མེ་འཆི་ལ་ཁ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ༔ ཐལ་རྡེབ་བཅས་ཐུན་གྱིས་བྲབ་ཅིང་༔ ལོ་དང་ཟླ་བ་ལ་དགྲ་དར་བ་ནན༔ སོགས་བརྗོད་ཅིང་༔ མནན་གཏད་སོགས་མན་ངག་ཟུར་དུ་ཤེས་པར་བྱས་ནས༔ འདིར་སྤྱིར་བཏང་ཚེ་ཁྲུས་ཕུར་གདབ་བྱ་བ་ནི༔ གཞུང་རྡོ་རྗེའི་ཚིག་རྩ་ལས་བྱུག་བདུག་བརྡེག་གསུམ་གྱི་དགོངས་པ་འབྱུང་བ ས༔ ཕུར་པ་ལ་གུ་གུལ་དང་ཚིལ་
ཆེན་སྦྱར་བའི་དུད་པས་བདུག་ལ༔ ཧཱུྃ༔ གུ་གུལ་སྦྱར་བའི་རྫས་མཆོག་དམ་པ་འདིས༔ སྡང་བའི་དགྲ་ལ་ཕོག་ན་ལྷ་དང་བྲལ༔ གནོད་པའི་བགེགས་ལ་ཕོག་ན་བརྒྱལ་ཞིང་མྱོས༔ སྲས་མཆོག་ཀཱི་ལ་ཡ་ནི་གཟི་བྱིན་བསྐྱེད༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སུ་རུ་སུ་རུ༔ པྲ་སུ་རུ་པྲ་སུ་རུ༔ ཨ་ཏིཥྛ་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོ་ཙིཏྟ་མྱོག་མཱ་ར་ཡ་ཧཱུྃ་ཕཊ༔ ཡུངས་ཀར་གྱིས་བྲབ༔ ཧཱུྃ༔ ཡུངས་ཀར་རྒྱལ་པོའི་རྫས་མཆོག་དམ་པ་འདིས༔ གསེར་མདངས་གཟི་མདངས་འོད་ཟེར་ཕྱོགས་བཅུར་འཕྲོ༔ དགྲ་དང་བགེགས་ནི་ཐལ་བ་རྡུལ་དུ་རློག༔ སྲས་མཆོག་ཀཱི་ལ་ཡ་ནི་ཐུགས་དམ་བསྐུལ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་གུ་ཏ་ཡ༔ མ་གུ་ཏ་ཡ༔ པྲ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྟ་ཕུར་རྩེར་བྱུགས་ལ༔ ཧཱུྃ༔ རཀྟ་ཁོལ་མའི་རྫས་མཆོག་དམ་པ་འདི༔ སྡང་བའི་དགྲ་ལ་ཕོག་ན་དབང་དུ་སྡུད༔ གནོད་པའི་བགེགས་ལ་ཕོག་ན་ཐལ་བར་རློག༔ སྲས་མཆོག་ཀཱི་ལ་ཡ་ཡི་གཟི་མདངས་བསྐྱེད ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ རཀྟ་ཛྭ་ལ་མཎྜལ༔ རཀྵ་རཀྵ༔ དགྲ་བགེགས་པཱ་ཤཾ་ཀུ་རུ་མཱ་ར་ཡ་
ཧཱུྃ་ཕཊ༔ དེ་ལྟར་རྫས་དུག་སྤྲིན་ལྟར་འཁྲིགས་པའི་གསེབ་ནས་ཁྲོ་ཆུང་སེར་ལྟར་འཕྲོས་དགྲ་བགེགས་ཚར་བཅད་རྣམ་ཤེས་དབང་དུ་བསྡུས་པར་བསམ༔ ཕུར་པ་བྱིན་གྱིས་བརླབ་པ་ནི༔ ཐལ་མོ་སྦྱར་བའི་བར་དུ་ཕུར་པ་བཟུང་སྟེ༔ ཧཱུྃ༔ བདག་ཉིད་འཇམ་དཔལ་ཁྲོས་པ་ཡི༔ ཐབས་ཤེས་ཕྱག་སོར་རྣམ་པ་བཅུ༔ རིགས་ལྔ་ཡབ་ཡུམ་སྦྱོར་བ་ལས༔ ཧཱུྃ་ལས་སྐྱེས་པའི་ཀཱི་ལ་ཡ༔ སྐུ་སྟོད་ཡ་མནྟ་ཀའི་སྐུ༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ དུག་སྲིན་མཚོན་ཆ་མེ་འོད་འཕྲོ༔ ཁྲོ་རྒྱལ་དེ་ལས་འོད་འཕྲོས་པས༔ སངས་རྒྱས་ཀུན་གྱི་ཕྲིན་ལས་སྟོབས༔ རང་འདྲའི་རྣམ་པར་སྤྱན་དྲངས་ནས༔ སྲས་མཆོག་འབར་བ་དེ་ལ་ཐིམ༔ ཁམས་གསུམ་དུས་གཅིག་སྒྲོལ་ནུས་པའི༔ དཔལ་དང་ནུས་པར་ལྡན་གྱུར་ཅིག༔ ཧཱུྃ༔ ཡེ་ཤེས་ཕུར་པའི་འོད་ཟེར་ནི༔ འོད་དམར་ཚ་ལ་མྱུར་བ་ཡིས༔ དགྲ་བགེགས་རྣམ་ཤེས་ལྷ་སྲུང་བཅས༔ དབང་དུ་བསྡུས་ནས་ཚེ་བསོད་ནི༔ ཨ་དཀར་རྣམ་པར་བཙན་གྱིས་ཕྲོགས༔ བདག་ལ་ཐིམ་པས་གཟི་བརྗིད་འབར༔ སླར་ཡང་སྲས་མཆོག་ཁྲོ་བོའི་འོད༔ དམ་ཉམས་གཟས་
པོར་ཕོག་པ་ཡིས༔ བག་ཆགས་ལས་ངན་ཐམས་ཅད་དག༔ བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས་མཆོག་ཐོགས་མེད་ཀཱི་ལ་ཡ༔ མཚན་མ་ཞིང་བཅུ་ཚང་བའི་དགྲར༔ ཕྲིན་ལས་བསྒྲལ་འདྲེན་མངོན་སྤྱོད་ཉིད༔ ཅེས་གསལ་གདབ་པོ༔ གསལ་བ་གསུམ་དང་ལྡན་པས་ཕུར་པ་བསྒྲིལ་ཞིང་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ ཡེ་ཤེས་ཁྲོ་བོ་ཀུན་གྱི་སྲས༔ སྐུ་སྟོད་ཁྲག་འཐུང་ཆེན་པོའི་ཞལ༔ ཧར་ཧར་བཞད་ཅིང་དྲག་ཏུ་ཁྲོ༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ མ་རིག་སྲོག་གི་རྩ་བ་གཅོད༔ སྐེད་པ་ཆངས་ཟུང་ཟུར་བརྒྱད་ལ༔ འོད་ཀྱི་ཟེར་འཕྲོ་ལྷགས་སེ་ལྷག༔ ཡར་གྱི་རྒྱ་མདུད་ཆོས་ཀྱི་དབྱིངས༔ ཞི་བའི་ལྷ་དང་གཉིས་སུ་མེད༔ གཉིས་སུ་མེད་ཅིང་འགྲོ་བ་འདུལ༔ མར་གྱི་རྒྱ་མདུད་དུར་ཁྲོད་གནས༔ དྲག་པོའི་ལྷ་དང་གཉིས་སུ་མེད༔ གཉིས་སུ་མེད་ཅིང་གདུག་པ་འདུལ༔ ཆུ་སྲིན་རྔམ་པའི་ཁ་ནང་ནས༔ སྦྲུལ་དང་དུག་གི་རླངས་པ་འཕྱོ༔ ཧེ་རུ་ཀ་དཔལ་ཡོངས་ཀྱི་གཙོ༔ མ་མོ་མཁའ་འགྲོ་ཀུན་གྱི་ཡབ༔ དྲེགས་ཚོགས་སྡེ་བརྒྱད་ཀུན་གྱི་གཤེད༔ སྔོན་ཚེ་ཇི་ལྟར་དམ་བཅས་བཞིན༔
གསོད་བྱེད་བཛྲ་ཀཱི་ལ་ཡ༔ གཟུང་འཛིན་སྲོག་གི་རྩ་ལ་རྦད༔ མཐུ་ཆེན་རྒྱལ་པོ་ཀཱི་ལ་ཡ༔ འདྲིལ་ཞིང་འདྲིལ་ཞིང་རྔམ་ཞིང་གཟིར༔ དོ་ནུབ་དགྲ་བགེགས་རྡུལ་དུ་རློགས༔ བཏབ་ན་ཐེབས་པར་མཛོད་ཅིག་བཛྲ་ཀཱི་ལ་ཡ༔ འཕངས་ན་ཕྱིར་མ་ལྡོགས་ཤིག་བཛྲ་ཀཱི་ལ་ཡ༔ སྲོག་དབུགས་ལུས་སེམས་ཕྲོལ་ཅིག་བཛྲ་ཀཱི་ལ་ཡ༔ རྣམ་ཤེས་དབྱིངས་སུ་སྤོར་ཅིག་བཛྲ་ཀཱི་ལ་ཡ༔ ཕུང་ཁམས་ཞལ་དུ་སྟོབས་ཤིག་བཛྲ་ཀཱི་ལ་ཡ༔ ཡེ་ཤེས་ལྷ་མཆོག་ཀཱི་ལ་ཡ༔ གུ་གུལ་དུད་པས་མངའ་གསོལ་ལོ༔ དམ་ཉམས་དགྲ་བོ་ལྷ་དང་ཕྲོལ༔ ཡུངས་ཀར་ཐུན་གྱིས་མངའ་གསོལ་ལོ༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ དུག་ཁྲག་ཧ་ལས་མངའ་གསོལ་ལོ༔ དམ་ཉམས་དགྲ་བོ་དབང་དུ་སྡུས༔ དགྲ་བོའི་སྲོག་གི་ནྲི་ཡིག་ལས༔ ཐོབ་ཅིག་བཛྲ་ཀཱི་ལ་ཡ༔ ཆོད་ཅིག་གཏུབས་ཤིག་མཱ་ར་ཡ༔ ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཕུར་བསྐོར་བྱ་ཞིང་གར་པད་ཀྱི་ཕུར་དར་འཕྱང་ཞིང་སྙིང་གར་བཏབ་ནས་རྣམ་ཤེས་སྤར་བ་ནི༔ སྲས་མཆོག་འབར་བའི་ཕུར་རྩེ་ཡིས༔ དགྲ་བགེགས་རྣམ་
ཤེས་ནྲྀ་ཡིག་འཕྲོག༔ ཡེ་ཤེས་ཁྲོ་བོའི་སྐུའི་དབྱིབས་བརྒྱུད༔ བག་ཆགས་ལས་ངན་དབྱིངས་སུ་དག༔ ཡེ་ཤེས་ས་བོན་ཧཱུྃ་དུ་བྱས༔ འོག་མིན་ཡོན་ཏན་བརྩེགས་པ་ཡི༔ འཇམ་དཔལ་དཔའ་བོའི་ཐུགས་ཀར་ཐིམ༔ རྒྱལ་བའི་སྲས་སུ་སངས་རྒྱས་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ དེ་ལྟར་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་བརྟེན་པ་དབྱིངས་སུ་བསྒྲལ་ཏེ་སྐྱེ་སྒོ་བཅད་ནས་གཟུགས་རྟེན་ལ་སླར་མི་ལྡོག་པར་བྱ་ཞིང་༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཉོན་མོངས་བག་ཆགས་ཀྱི་རྟེན་དང་བྲལ་བའི་ཕྱིར་དུ་ཐུན་མཚོན་གྱིས་གདབ་པ་ནི༔ བྷྱོ༔ སྲོག་བདག་ལས་ཀྱི་གཤིན་རྗེ་རྣམས༔ དམ་ཉམས་དགྲ་བགེགས་སྟེང་དུ་བྷྱོ༔ སྣ་ཚོགས་ཐུན་གྱི་སེར་བ་ཕོབ༔ མཚོན་ཆའི་ཚོགས་ཀྱིས་ཚལ་པར་གཏུབས༔ མྱུར་དུ་སྒྲོལ་བའི་དུས་ལ་བབ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་
ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྵ་རཀྵ་དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབས་འཇིབས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཅེས་བཟླས་ཤིང་མཚོན་ཆས་བསྒྲལ་ཞིང་ཐུན་གྱིས་བྲབ་པར་བྱ༔ ཞལ་དུ་བསྟབ་པ་ནི༔ ལིང་རོའི་ཆ་ཤས་ཙམ་བཟློག་པའི་སྐབས་སུ་འབུལ་རྒྱུ་དང་ལྷག་གཏོར་ལ་བསྲེ་རྒྱུར་བཞག༔ དུམ་གཅིག་ཧོམ་གཟར་དུ་བཅུག་ལ༔ ལག་པ་གཉིས་མཁྲིག་མ་སྦྱར༔ སོར་མོ་རྣམས་རྩེ་སྤྲད་པ་ཁ་ཕྱེ་ལ༔ ཧཱུྃ༔ གཤིན་རྗེ་མེ་ཡི་སྤུ་གྲི་དང་༔ མཆེ་གཤོག་རྔམ་པའི་ཁྲ་ཐབས་ཚོགས༔ གནམ་ས་ཙམ་གྱི་ཞལ་གདོངས་ཤིག༔ གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་དམར་ལྟ་བུའི་ལྗགས་རྐྱོོངས་ལ༔ དགྲ་བགེགས་རྩ་ལག་སྡེ་དཔུང་གི༔ ཤ་ཁྲག་དོན་སྙིང་ལྷག་མེད་རོལ༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ རྡུལ་ཕྲན་ཙམ་ཡང་མེད་པར་མཛོད༔ མ་ཧཱ་མཱཾ་ས་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་
ཏི་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིང་ཏ་ལ་ཁ་རཾ་ཁཱ་ཧི༔ ལས་བྱེད་ཕོ་ཉ་རྣམས་ཀྱིས་ལྕགས་ཧམ་དང་བྷནྡྷའི་སྣོད་ཁོར་ཡུག་ཁྱབ་པར་ཐོགས་པའི་ནང་དུ་ཤ་ཁྲག་རུས་གསུམ་དུམ་བུ་རེ་ལ་དགྲ་བགེགས་ཀྱི་གཟུགས་ཕུང་ཆ་ཚང་བ་དཔག་ཏུ་མེད་པ་ལྷ་ཚོགས་རྣམས་ཀྱི་ཞལ་སྤྱི་གཙུག་ཏུ་བཏབ་པར་བསམ་མོ༔ ༈ དེ་ནས་མངའ་གསོལ་བྱ་བ་ནི༔ ཧཱུྃ༔ མངོན་སུམ་ཡེ་ཤེས་སྟོན་དང་བྱིན་རླབས་འབེབས༔ འཇམ་དཔལ་བླ་མའི་མཆོག་ཏུ་མངའ་གསོལ་ལོ༔ སྐྱེ་འཆིའི་སྒྲིབ་སྦྱོང་དོན་གྱི་ཡེ་ཤེས་སེམས༔ འཇམ་དཔལ་ཡི་དམ་མཆོག་ཏུ་མངའ་གསོལ་ལོ༔ ཕུང་ཁམས་སྐྱེ་མཆེད་ལྷ་དང་ལྷ་མོའི་ཞིང་༔ འཇམ་དཔལ་དཔའ་བོ་དཔའ་མོར་མངའ་གསོལ་ལོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མཛད༔ འཇམ་དཔལ་མ་མགོན་སྲུང་མར་མངའ་གསོལ་ལོ༔ རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་གཤིན་རྗེའི་གཤེད༔ རྫོགས་པའི་སངས་རྒྱས་ཉིད་དུ་མངའ་གསོལ་ལོ༔ འཇམ་དཔལ་གསུང་དབྱངས་ཟབ་དོན་ཐེག་དགུ་དངོས༔ ལུང་རྟོགས་དམ་པའི་ཆོས་སུ་མངའ་གསོལ་ལོ༔ འཇམ་དཔལ་སྣ་ཚོགས་སྒྱུ་འཕྲུལ་འགྲོ་བ་འདྲེན༔ ཐེག་གསུམ་དགེ་འདུན་དམ་པར་མངའ་གསོལ་ལོ༔ མ་རིག་ཀུན་གྱི་
རྩ་བ་བདག་བསྒྲལ་བའི༔ རང་རིག་འཇམ་དཔལ་ཆོས་སྐུར་མངའ་གསོལ་ལོ༔ མ་སྤྲོོས་ནའང་ཞི་དང་ཁྲོ་བོའི་གར༔ ལྷུན་གྲུབ་འཇམ་དཔལ་ལོངས་སྐུར་མངའ་གསོལ་ལོ༔ རིགས་དྲུག་ཞིང་དུ་གང་འདུལ་དེར་སྣང་སྟོན༔ ཐུགས་རྗེའི་སྤྲུལ་སྐུ་འཇམ་དཔལ་མངའ་གསོལ་ལོ༔ ཡེ་ཤེས་དབྱིངས་ལས་གཡོ་བ་མི་མངའ་ཡང་༔ ལེགས་ཉེས་སྟངས་འཛིན་སྤྲུལ་པར་མངའ་གསོལ་ལོ༔ འཇིགས་རུང་རབ་གཟིངས་དྲག་པོའི་ཟོར་ཆེན་འདི༔ འཇམ་དཔལ་སྤྲུལ་པའི་མདོངས་སུ་མངའ་གསོལ་ལོ༔ ཡེ་ཤེས་ལྷ་དང་གཉིས་མེད་བཞུགས་པའི་ཕྱིར༔ གཤེད་ཆེན་རྟེན་པའི་མདོངས་སུ་མངའ་གསོལ་ལོ༔ རྔམ་བརྗིད་དྲག་མཆོད་དཔག་མེད་འཕྲོ་བའི་ཕྱིར༔ དམ་ཚིག་བསྐང་བའི་མདོངས་སུ་མངའ་གསོལ་ལོ༔ བསྙེན་སྒྲུབ་ལས་གསུམ་སྤྲོ་བསྡུ་བསྒྱུར་བའི་ཕྱིར༔ སྲོག་ཏིག་གསང་བའི་རྫས་སུ་མངའ་གསོལ་ལོ༔ བོད་ཁམས་ཕུང་བྱེད་མཐའ་དམག་བཟློག་པའི་ཕྱིར༔ ལས་བྱེད་དྲེགས་པའི་དམག་ཏུ་མངའ་གསོལ་ལོ༔ རྒྱ་འདྲེ་དམ་སྲི་ལོག་འདྲེན་སྒྲོལ་བའི་ཕྱིར༔ སྣ་ཚོགས་
མཚོན་ཆའི་ཆར་དུ་མངའ་གསོལ་ལོ༔ དགྲ་བགེགས་བྱད་མ་ཐན་ལྟས་བཟློག་པའི་ཕྱིར༔ དམར་ཆེན་དྲག་པོའི་ཟོར་དུ་མངའ་གསོལ་ལོ༔ བདུད་རྩིས་མངའ་གསོལ་བཀའ་དང་བསྟན་པ་སྲུངས༔ རཀྟས་མངའ་གསོལ་ཞིང་བཅུའི་སྙིང་ཁྲག་གསོལ༔ གཏོར་མས་མངའ་གསོལ་ལས་བཞིའི་ཕྲིན་ལས་མཛོད༔ ཚོགས་ཀྱིས་མངའ་གསོལ་འདོད་རྒུའི་དངོས་གྲུབ་སྩོལ༔ བསྐྱེད་རིམ་མངའ་གསོལ་སྐུ་དང་ཞིང་ཁམས་བསྐྱེད༔ དྲག་སྔགས་མངའ་གསོལ་མཐུ་དང་ནུས་པ་སྤོར༔ ཏིང་འཛིན་མངའ་གསོལ་གཉིས་འཛིན་ཆོས་དབྱིངས་སྒྲོལ༔ མངའ་གསོལ་བྱས་སོ་འཁོར་བའི་བག་ཆགས་ཐུལ༔ མངའ་གསོལ་བྱས་སོ་བསྟན་པའི་རཱུ་ཏྲ་སྒྲོལ༔ མངའ་གསོལ་བྱས་སོ་མཐའ་དམག་དུས་འཁྲུགས་བཟློག༔ མངའ་གསོལ་བྱས་སོ་དགྲ་བགེགས་བར་ཆད་ཐུལ༔ མངའ་གསོལ་བྱས་སོ་མཐུ་རྩལ་དམག་དཔུང་བསྐྱེད༔ མངའ་གསོལ་བྱས་སོ་རྣམ་བཞིའི་ཕྲིན་ལས་མཛོད༔ ཟོར་དང་ཐུན་གྱི་ཕྲིན་ལས་འགྲུབ་པར་མཛོད༔ བཟློག་པ་བཏང་ཞིང་ཐུན་གཏོར་འབུལ༔ གཞན་ཡང་ལས་སྦྱོར་གང་བརྩམས་གཞུང་འདིས་བསྒྲུབ་ཅིང་དེ་དང་དེའི་མན་ངག་དང་
བཅས་མཇུག་འཕྲུལ་ཤེས་པར་བྱའོ༔ སྨྲས་པ༔ མངོན་སྤྱོད་ཟབ་དགུའི་ཁང་སྒྲོམ་གཞུང་གཅིག་ལ༔ མན་ངག་སྒོ་བརྒྱ་ལྡན་ལ་ཞུགས་འདོད་ཀྱིས༔ རིག་པའི་ལྡེེ་མིག་འཕྲུལ་གྱིས་འབྱེད་པ་ཡི༔ ཚུལ་དུ་འདི་སྤྲོས་རང་སྐལ་ལྡན་རྣམས་ཀྱིས༔ སྟོང་ཕྲག་གཅིག་འདུས་དྲག་སྔགས་སྤུ་གྲི་འདི༔ ལག་སོན་གཞན་དུ་ངལ་བ་སྤོངས་མཛོད་ཅིག༔ དེ་ཡང་ཚུལ་འདིའི་ལྷ་སྔགས་བསྒོམ་བཟླས་ཀྱིས༔ རང་རྒྱུད་དྲོད་བཅུག་སྐལ་བཟང་མཆོག་སེམས་ལས༔ ལག་ལེན་ཁྲིགས་སྡེབ་གཡར་ཁྲལ་མེད་མོད་ཀྱང་༔ རིག་འཛིན་དམ་པའི་བརྩེ་བའི་སྤྱན་རས་ཀྱིས༔ འཛུམ་པས་རྟག་བསྐྱངས་དད་ནོར་འབུལ་མཉེས་བསྟེན༔ འདི་ལྟར་བཀླག་བཀོད་སྤྱི་བོར་ཕེབས་པ་ཡི༔ བཀའ་གསུང་གསེར་གྱི་ཅོད་པན་སྩོལ་འཆང་ལ༔ རང་བཞིན་འོལ་ཚོད་ཕོ་ཚུགས་མ་ཡིན་པས༔ རང་སྐལ་ལྡན་རྣམས་དེ་ལྟར་ཐུགས་བཞེས་མཛོད༔ འདི་བསྒྲིགས་འཚུབས་ལྷོངས་དངོས་ཉམས་ཆེར་བྱུང་ཡང་༔ བླ་མའི་ཞལ་བཅུད་སྙིང་ལ་སིམ་པའི་དྲིན༔ འདིར་སྣང་རྟགས་ཡུལ་རྩ་བྲལ་ལམ་ཡངས་ནས༔ རིག་རྩལ་གཡོ་མེད་ཀློང་དུ་འཁྲུངས་ནས་ཀྱང་༔ དངོས་ཉམས་ངང་ལ་ལེགས་པར་ཁྲིགས་སུ་བཏབ༔ རིགས་ཅན་སྤེལ་ལེགས་ཐུགས་དགོངས་བཅོས་བསྒྱུར་གྱི༔ ཕྱི་རབས་སྐལ་ལྡན་བབ་ཅོལ་མི་འཚལ་གནད༔ རིག་གོ་སྔགས་འཆང་རྣམས་ཀྱི་ཐུགས་ལ་ཞོག༔ དགེ་དེས་རྒྱུ་མཐུན་དཀར་མིན་རླུང་ཞགས་ཀྱིས༔ དྲངས་པའི་དགྲ་དཔུང་བག་ཆགས་ལུས་ཀྱི་རྟེན༔ ཡེ་ཤེས་རལ་གྲི་རྣོན་པོས་ལེགས་ཐེབས་ནས༔ གཉིས་ཕུང་ལོག་འཚོའི་དྲྭ་བ་གཅོད་བྱེད་ཅིང་༔ ཚངས་གསུམ་མངོན་གྱུར་བདག་གཞན་དགེ་བ་ཡིས༔ ཚངས་ཆེན་ཞིང་ཀུན་འབར་བའི་རྒྱུར་གྱུར་ཅིག༔ ཅེས་པ་འདི་ཡང་མ་ཚང་ཁ་སྐོང་སྤྱི་ཁོག་ཆེན་མོ་བཀའ་བརྒྱད་དང་རིགས་མཐུན་ནས་བླངས་
ཏེ་འདི་ལྟར་གྱིས་ཞེས་རིགས་འདུས་འཁོར་ལོའི་མགོན་པོ་མཆོག་གི་བཀའ་ཕེབས་པ་ལྟར་སློབ་འབངས་ཀྱི་ཐ་ཤལ་སྔགས་ནག་ཟིལ་གནོན་རྡོ་རྗེ་རྩལ་གྱིས་དྲག་པོ་མངོན་སྤྱོད་ཀྱི་ཟླ་བའི་དམར་ཕྱོགས་དུས་ཚེས་དགེ་བར་བསྒྲིགས་པས་ནོངས་མཆིས་ལྷ་དང་སྲུང་མར་བཤགས་ཤིང་༔ དགེ་བས་མི་མཐུན་དགྲ་དཔུང་གཞོམ་ཞིང་ཟབ་ཆོས་རིན་པོ་ཆེ་འདི་ཉིད་ཀྱི་བསྟན་པ་ཕྱོགས་བཅུར་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག༔ དགེའོ༔
གཤིན་རྗེའི་བྱད་བཟློག
࿅༔ བདག་མདུན་གཉིས་ཆར་ཁྲོ་བོའི་སྐུ་རྒྱན་ཆ་ལུགས་རྫོགས་པ༔ ཕྱག་མཚན་མཚོན་ཆ་སྣ་ཚོགས་རྣོ་དབལ་ལྡན་པ་དཔག་མེད་འཕྲོས་པས༔ བྱད་མ་གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐན་ལྟས་སྲི་རིགས་འགོང་པོ་དམ་སྲི་བདུད་ཚོགས་གྱོད་བྱུར་ཕ་རོལ་རྦོད་གཏོང་མཁན་གྱི་རྦད་འདྲེ་མཐུ་བྱད་རྦོད་གཏོང་བྱས་པ་ཀུན་བྱད་མ་མཁན་ཁོའི་སྟེང་ཕར་ལོག་ནས་དགྲ་བགེགས་བྱད་མ་སོགས་བསད་བཅད་གཏུབས་ནས་རྒྱན་ལྷ་བརྒྱད་ཀྱི་ཡང་སྤྲུལ་གྱི་ཚོགས་ཀྱིས་ཧབ་ཧབ་ཏུ་ཟོས་ནས་བྱད་མ་རང་གཤེད་རང་ལ་བབ་པར་བསམ་ལ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་
ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ སོགས་ནས༔ བྱད་ཕུར་གཏད་ཁྲམ་སརྦ་ཨེ་ས་བྷྱོ་བཟློག༔ རྦད་ནན༔ ནད་གདོན་བར་ཆད་སརྦ་ཨེ་ས་བྷྱོ་བཟློག༔ ཨེ་ས་བྷྱོ་བཟློག༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་འཇམ་དཔལ་ཁྲོ་འདུས་བསྐུལ་ཆེན་དུག་མདའ་ནག་པོ་གསང་བའི་བཀའ་རྒྱ་ཅན།
࿅༔ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་འཇམ་དཔལ་ཁྲོ་འདུས་བསྐུལ་ཆེན་དུག་མདའ་ནག་པོ་གསང་བའི་བཀའ་རྒྱ་ཅན་བཞུགས་སོ༔
འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་དང་༔ རྒྱལ་ཁམས་ཆེན་པོའི་རིམ་གྲོའི་དོན༔ དྲག་ལས་ཁྲོ་འདུས་བསྐུལ་བྱང་བསྟན༔ སྙིགས་མའི་རང་རྟགས་མ་རུངས་པ༔ ནད་ཡམས་ཐན་ལྟས་མ་མོ་འཁྲུགས༔ བན་བོན་བྱད་ཆེན་འདྲེ་ཆེན་སྡང་༔ མཐའ་དམག་དུས་འཁྲུགས་ལ་སོགས་པ༔ མདོར་ན་ཆག་ཆེན་ཡོ་སློང་ཚེ༔ དེ་ཚེ་དྲག་བསྐུལ་འདི་ཉིད་བྱ༔ མི་བྱེད་ཀ་མེད་དུས་མིན་པར༔ ནམ་ཡིན་དུས་སུ་འཆོལ་སྤྱོད་ན༔ རང་ལ་གཉན་པས་འཚོ་ཤེས་བྱ༔ ས་མ་ཡཱ༔ སྔགས་ནག་དྲག་པོའི་ཆས་སུ་ཞུགས༔ གཏོར་མ་དགྲ་བགེགས་འགུགས་གཞུག་བསྟིམ༔ གནོད་བྱེད་ཤ་ཁྲག་ཕུང་པོར་བསམ༔ དམར་སྦྲེང་གསུར་བཏང་དར་ནག་གཡབ༔ སྤྲུལ་པ་སྤྲོ་བསྡུས་དམིགས་པ་བསྐུལ༔ སྲིན་པོ་ཁྲོས་པའི་ངར་སྐད་ཀྱིས༔ བཟློག་པའི་རྟགས་བསྟོད་བསྐུལ་རྗེས་སུ༔ ཧཱུྃ་བྷྱོ༔ བཅོམ་ལྡན་
དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དུས་གསུམ་བདེ་གཤེགས་བྱིན་རླབས་རྫོགས་པའི་སྐུ༔ ཡང་བཟློག་དམར་པོ་མེ་ཡི་སྤུ་གྲི་འབར༔ དགྲ་བགེགས་མ་ལུས་ཕུང་ཞིང་བརླག་པར་མཛད༔ བཟློག་པས་མི་ཟློག་སྔགས་བཟློག་མཁན་གྱི་གཤེད༔ སྟོབས་ཆེན་གཞན་གྱིས་མི་ཐུབ་གཡུལ་ལས་རྒྱལ༔ མཐུ་ཆེན་ལྟ་ལོག་རཱུ་ཏྲ་ཡོངས་ཀྱི་གཤེད༔ ཆེ་མཆོག་ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་སྐུ་ལས་སྤྲུལ་ཞིང་སྐུ་ལ་སྡུད༔ ཁྱེད་ཀྱི་ཐུགས་ལས་སྤྲུལ་ཞིང་
ཐུགས་ལས་སྤྲོ༔ སྲིད་ཞི་དབྱིངས་སུ་རོལ་ཞིང་དབྱིངས་སུ་སྦྱོར༔ རྣམ་འཕྲུལ་ཅིར་ཡང་འཆར་ཞིང་ཅིར་ཡང་བསྒྱུར༔ ལོག་འདྲེན་འདུལ་བའི་ཕྲིན་ལས་དུས་ལ་བབ༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་ཚེ་བདག་ཕོ་ཉར་འགྱེད༔ གཤིན་རྗེ་ཡོངས་ཀྱི་དབང་བཙན་མཐུ་ཆེ་བ༔ འཇམ་དཔལ་མི་འགྱུར་ཡེ་ཤེས་སེམས་དཔའ་མཆོག༔ དཔའ་བོ་མཐིང་ནག་འབར་བའི་ཁྲོ་ཚུལ་རྫོགས༔ གསོད་བྱེད་རལ་གྲི་འཛིན་བྱེད་ལྕགས་ཀྱུ་བསྣམས༔ མེ་རླུང་དུག་སྤྲིན་གནམ་ལྕགས་སེར་ཆེན་འདྲིལ༔ མ་ཧེ་བསྣོལ་བའི་གདན་ལ་འགྱིང་ཞིང་བརྗིད༔ སྤྲུལ་པ་ཁྲོ་ཆུང་ཁྱུང་ཆེན་ཕོ་ཉར་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་
ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་
གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་འཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེ་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་
ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ སོགས༔ ཧཱུྃ་བྷྱོ༔ ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་ཕོ་ཉར་འགྱེད༔ ལས་ཀྱི་གཤིན་རྗེ་དབང་དུ་བྱེད་པའི་ལྷ༔ མི་བཟད་རྔམ་པ་མ་ཧེ་ཁྲོས་པའི་ཞལ༔ ཨུ་མ་ཧུ་སྒྲས་སྐྱི་གཟིངས་གཡོ་བར་བྱེ༔ རྡོ་རྗེ་ཐོད་ཁྲག་རོལ་བའི་ཕྱག་རྒྱ་ཅན༔ བསྐལ་མེ་འཁྲུགས་ཤིང་ཆུ་གླང་གདན་དུ་བརྫིས༔ དུད་ཁའི་མདོག་ལྡན་ཁྲོ་བོའི་ཆས་རྣམས་གསོལ༔ སྤྲུལ་པ་རོ་ལངས་གཤིན་རྗེ་ཕོ་མོ་འཕྲོ༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་
བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་
གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེ་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་
ལིང་ཤ་སོགས༔ ཧཱུྃ་བྷྱོ༔ གསོད་བྱེད་ཁྲོ་ཆུང་དུག་གདོང་ཕོ་ཉར་འགྱེད༔ དུག་གསུམ་ཁྲོས་པ་མི་བཟོད་སྲོག་གི་གཤེད༔ སྙིང་རྗེ་མེད་པར་གཏུམ་ཆེན་འཁྲུགས་པའི་གཟུགས༔ ཧ་ལའི་མདོག་ཅན་སེར་སྤྲིན་ལྟ་བུར་གནག༔ ཕུར་པ་འདྲིལ་ཞིང་སྐུ་སྨད་ཕུར་པའི་དབལ༔ བན་བོན་ཉམས་པ་ལྷ་དང་བཅས་པ་གཟིར༔ རྡོ་རྗེའི་གཤོག་པས་བར་སྣང་ཁམས་ཀུན་ཉུལ༔ དབུ་སྟེང་རིགས་གསུམ་མཆོད་རྟེན་རྒྱན་ཏུ་སྤྲས༔ སྤྲུལ་པ་དུག་གི་སྦལ་སྦྲུལ་སྡོམ་སྡིག་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་
ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་
ཕྱུངས་ནང་དཀྲུགས་འཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེ་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བར་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ སྲིད་པའི་བྱོལ་བཟློག་གཤིན་རྗེ་འཆར་ཀ་འགྱེད༔ ཁམས་གསུམ་ཐམས་ཅད་ལྟོ་བའི་ཀློང་དུ་ཆུབ༔ སྲིད་གསུམ་ཐམས་ཅད་མིད་པའི་ལམ་དུ་འདྲེན༔ དམར་ནག་རྔམ་པ་བལྟར་མི་བཟོད་པའི་སྐུ༔ ཁྲོ་དང་འཁྲུགས་
དང་འཇིགས་པའི་ཟིལ་མདངས་རྒྱས༔ ཕྱག་གཉིས་རི་རབ་ཀླད་ལ་སྐོར་བར་བྱེད༔ སྤྲུལ་པ་བན་ནག་བོན་ནག་མི་ནག་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་སྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔
སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིགས་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་
བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བར་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ དགྲ་བགེགས་འཆོར་མེད་གནོན་བྱེད་ཀིང་ཀང་འགྱེད༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས་པའི་དཔལ༔ དྲེགས་བྱེད་ཡོངས་ཀྱི་གདུག་རྩུབ་རྣོ་ངར་དབལ༔ དམར་ནག་རྒྱན་མེད་ཐོ་བ་ལྕགས་ཀྱུ་འཛིན༔ མེ་འབར་རླུང་འཁྲུགས་དྲག་པོ་ཆེན་པོའི་སྐུ༔ སྤྲུལ་པ་རང་འདྲའི་ཕོ་ཉ་ཕྱོགས་བཅུར་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་
གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་
མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་འཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེ་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་
ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ གཤིན་རྗེའི་དྲང་མཁན་ཆོས་ཀྱི་རྒྱལ་པོ་འགྱེད༔ སེམས་ཅན་ཐམས་ཅད་ཁྲམ་ལ་འདེབས་པར་བྱེད༔ དགེ་སྡིག་ཐམས་ཅད་རྩིས་ལ་འདེབས་པར་བྱེད༔ ལེགས་ཉེས་ནོར་བ་མེད་པར་དྲང་དུ་འགྱེད༔ སྤྱན་བགྲད་ཨམ་གཙིགས་བསྡམས་ཤིང་རལ་པ་གཟེངས༔ སྨུག་ནག་རྔམ་པ་བེར་གསོལ་མགོ་ཕྲེང་འཕྱང་༔ ཁྲམ་ཤིང་མེ་ལོང་སྲིད་པ་རྐོས་ལ་འདེབས༔ སྤྲུལ་པ་མི་སྡུག་མགོ་བརྙན་རྡུལ་ལྟར་འཚུབས༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་
ཀྱུས་ཟུངས་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་
སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ མཐར་བྱེད་སྲིན་པོ་བྷེ་ཝ་ས་ཏ་འགྱེད༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྗེ་བོ་སྟེ༔ དམ་ཅན་གཤིན་རྗེ་ཀུན་གྱི་དམག་དཔོན་པ༔ སེར་ནག་སྐྲ་བརྫེས་ཆུ་གླང་སྔོན་
པོར་བཅིབས༔ གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་སྟོང་བསྐོར༔ དུང་ཆེན་ཁྲག་གིས་བཀང་བ་ཞལ་ལ་རྔུབ༔ ཞིང་ཆེན་མགོ་ཕྲེང་སྦྲུལ་ཆུན་དུག་རླངས་འཐིབ༔ སྤྲུལ་པ་འཆི་བདག་ནག་པོ་ཁྲམ་ཐོགས་འབུམ༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་སྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་
དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་
བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ གདུག་པའི་ལས་མཁན་ཨ་ཝ་གླང་མགོ་འགྱེད༔ དུག་ལྔ་མེ་འབར་དུག་གསུམ་ཆུ་ལྟར་ཁོལ༔ ལས་ཀྱི་ཁྲིམས་གཅོད་ལེགས་ཉེས་བྱ་ར་བྱེད༔ མུན་པའི་མདོག་ཅན་ཐོག་དང་མེ་འོད་འཁྱུགས༔ ཕྱག་གཉིས་ཤལ་མ་རི་ཡི་སྡོང་པོ་འཕྱར༔ སྤྲུལ་པ་ནམ་གྲུ་གཟའ་ཀླུ་རྒྱལ་པོ་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔
ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུང་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་སྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་
བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་འཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་འཕྲོག༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔
ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བར་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ ཀླུ་སྲིན་རྒྱལ་པོ་ཏི་པ་ར་ཙ་འགྱེད༔ ས་མཚམས་ལ་གནས་ས་འོག་ཀུན་གྱི་བདག༔ འབྱུང་པོ་ཡི་དྭགས་མ་ལུས་བྲན་དུ་བཀོལ༔ ཆུ་སྲིན་གདོང་ཅན་སྦྲུལ་མགོའི་གདེངས་ཀ་དགུ༔ སྦྲུལ་ཞགས་ནད་རྐྱལ་འཛིན་ཅིང་སྐུ་སྨད་སྦྲུལ༔ དུག་རིར་དཀུར་རྟེན་དུག་མཚོར་རོ་སྨད་ནུབ༔ དུག་རི་མུན་འཐིབས་ཟ་གསོད་སྲིན་པོ་ཆེ༔ སྤྲུལ་པ་སྦལ་སྦྲུལ་ཀླུ་དང་དགེ་བསྙེན་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རིངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔
འཛིན་བྱེད་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་བསྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབས༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམ་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱི༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔
མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་བསྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ་སོགས༔ ཧཱུྃ་བྷྱོ༔ གཤིན་རྗེའི་སྦྱོར་ཡུམ་ཕྲ་མེན་སེང་གདོང་འགྱེད༔ ཐབས་ཤེས་གཉིས་སུ་མེད་པའི་མཁའ་འགྲོ་མ༔ འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་
སྦྱོར༔ ཁྲོ་མོ་མཐིང་ནག་གྲི་ཐོད་གར་བསྒྱུར་རོལ༔ དུར་ཁྲོད་ཆས་རྫོགས་བདུད་དང་མུ་སྟེགས་མནན༔ མེ་རི་མེ་དཔུང་མེ་ཡི་ཚྭ་ཚྭ་འཕྲོ༔ འཁོར་ནི་དབང་ཕྱུག་ཉེར་བརྒྱད་བསྟན་མར་བཅས༔ སྤྲུལ་པ་སེང་ཁྱུང་ལྕགས་སྤྱང་མགོ་དགུ་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ མངོན་སྤྱོད་དྲག་པོའི་ལས་ལ་གཤེགས་སུ་གསོལ༔ ཐུན་དང་ཟོར་གྱི་དཔུང་བསྐྱེད་དབྱེར་མེད་བཞུགས༔ ཤ་ཁྲག་དམར་གཏོར་དམ་རྫས་བཞེས་སུ་གསོལ༔ ཟ་གསོད་ལས་ལ་རི ངས་པའི་ཚུལ་གྱིས་ནི༔ ཞེ་སྡང་ཁྲོ་གཏུམ་སྲིན་པོའི་སྐུར་བཞེངས་ཤིག༔ ཁྲི་འབུམ་བྱེ་བ་དུང་ཕྱུར་དམག་དཔུང་འགྱེད༔ དགྲ་བགེགས་བླ་སྲོག་འགུགས་པའི་དུས་ལ་བབ༔ དམ་ཉམས་བླ་ཚེ་རྣམ་ཤེས་རྟེན་དང་བཅས༔ འཛིན་བྱེད་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཁྲིད༔ བསྐལ་པའི་མུན་པ་ནག་པོས་མདུན་ནས་བསུས༔ ལས་ཀྱི་རླུང་དམར་དྲག་པོའི་རྟ་ལ་སྐྱོན༔ འཇིགས་བྱེད་མགོ་བརྙན་སྤྲུལ་པས་རྒྱབ་ནས་དེད༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ འཆོར་བ་མེད་པར་བྱད་དུ་དམ་
པར་ཆུག༔ རྒྱབ་རྟེན་དཔུང་གཉེན་བྱེད་པའི་ལྷ་དང་ཕྲོལ༔ དགྲ་བགེགས་བྱད་མ་སྒྲོལ་བའི་དུས་ལ་བབ༔ སྙིང་རྗེ་མེད་པའི་མ་གཤིན་དྲེགས་ཚོགས་ཀྱིས༔ ནད་མཚོན་དུག་གི་ཆར་པ་དྲག་ཏུ་ཕོབ༔ སྒོ་གསུམ་ལྔ་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ སྐྱོབ་པའི་ལྷ་དང་བདུད་བཞི་གཤེད་དུ་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ མཐའ་དམག་བྱད་གདོན་བཟློག་པའི་དུས་ལ་བབ༔ མཐུ་སྟོབས་དམག་དཔུང་གོ་གྱོན་མཚོན་ཐོགས་བྷྱོ༔ བན་བོན་རིག་སྔགས་སྦྱོར་བ་རང་གཤེད་ཕོབ༔ འདྲེ་གདོན་བགེགས་ཀྱི་དཔུང་ཆོམས་སྡེ་དཔུང་ཐུལ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་རྣམས་ཀྱིས༔ སྒོ་གསུམ་གཟུགས་ཕུང་ཚལ་པ་དུམ་བུར་གཏུབས༔ མཐའ་དམག་སྡེ་ཚོགས་དཔུང་དང་བཅས་པ་ཡི༔ མགོ་ཆོད་སྙིང་ཕྱུངས་ནང་དཀྲུགས་ཕུང་དུ་ཆུག༔ དགྲ་བོའི་བུ་རྟ་ཕྱེ་ཞིང་གྲུམ་དུ་ཆུག༔ དགྲ་བོའི་གོ་ཁྲབ་ཤུས་ལ་མཚོན་ཆ་ཕྲོགས༔ དགྲ་བོའི་དམག་དཔོན་སོད་ལ་དམག་མི་གཏོར༔ མཚོན་འཁྲུགས་དུས་ཀྱི་ཡོ་ལང་བཟློག་ཅིག་
སྒྱུར༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྒྱ་འདྲེ་དམ་སྲི་འགོང་པོ་མཱ་ར་ཡ༔ གཟིར་དང་བསྐྲད་དང་བཟློག་པའི་ཕྲིན་ལས་མཛོད༔ དགྲ་གདོན་བྱད་མ་གནོན་པའི་དུས་ལ་བབ༔ ཡེ་ཤེས་འཇིག་རྟེན་གཤེད་ཆེན་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་ངག་ཡིད་གསུམ་སྡེར་བཅས་ཀྱི༔ ཚེ་དཔལ་རླུང་རྟ་མཐུ་སྟོབས་ནུས་པ་ཀུན༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ ལས་གཤིན་ཀླུ་སྲིན་ཡི་དྭགས་ལྟོ་བར་ཚུད༔ ཡེ་ཤེས་ཁྲོ་རྒྱལ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ སྙིང་རྗེ་མེད་པའི་ཕྲ་མེན་མ་ཡི་ཚོགས༔ ནད་མཚོན་སོགས༔ དགྲ་གདོན་བྱད་སོགས༔ ཡེ་ཤེས་འཇིག་རྟེན་མ་ཚོགས་ཁྱེད་རྣམས་ཀྱིས༔ དགྲ་བགེགས་སོགས༔ ཡེ་ཤེས་ཁྲོ་མོ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་སོགས༔ ཧཱུྃ་བྷྱོ༔ ཁམས་གསུམ་མངའ་བདག་ལེགས་ལྡན་དབང་ཕྱུག་འགྱེད༔ སྲིད་པ་ཀུན་གྱི་མེས་པོ་སྟོབས་དང་ལྡན༔ མུ་སྟེགས་ནག་པོ་ངན་སྔགས་ཀུན་གྱི་བདག༔ མཐིང་ནག་གཅེར་བུ་གནམ་ས་ཉི་ཟླ་དང་༔ ཆུ་ཟངས་
འབར་བའི་འཁོར་ལོ་ཆ་ལང་རྡེབ༔ ཆུ་སྦུབ་འགྲེང་ཞིང་མེ་རླུང་ཆོ་འཕྲུལ་སྟོན༔ བདུད་མོ་ཨུ་མ་རོལ་པའི་གྲོགས་དང་བཅས༔ སྣང་སྲིད་ཕོ་རྒྱུད་མོ་རྒྱུད་གཙོ་བོ་སྟེ༔ སྤྲུལ་པ་སྡེ་བརྒྱད་མོན་པ་ཕོ་མོ་འགྱེད༔ དོ་ནུབ་གཤིན་རྗེ་རོལ་པའི་དུར་ཁྲོད་འདིར༔ སོགས་ནས༔ དགྲ་གདོན་བྱད་མ་སོགས་ནས༔ སྙིང་རྗེ་མེད་པའི་གུ་ལང་དྲེགས་པའི་ཚོགས༔ ནད་མཚོན་སོགས་ནས༔ དགྲ་གདོན་སོགས་ནས༔ འཇིག་རྟེན་དྲེགས་པའི་གཙོ་བོ་ཁྱེད་རྣམས་ཀྱིས༔ དགྲ་བགེགས་ལུས་སོགས་ནས༔ ལས་གཤིན་སོགས་ནས༔ སྣང་སྲིད་དྲེགས་པ་ཁྲག་འཐུང་རྟ་བྲོས་གཟིར༔ ལྡང་བ་མེད་པར་གནོན་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཡེ་ཤེས་ཁྲོས་པའི་གཤེད་ཆེན་དབྱིངས་ནས་བཞེངས༔ ལས་ཀྱི་མ་གཤིན་དུང་ཕྱུར་ལས་ལ་བྷྱོ༔ དོ་ནུབ་དམ་ཉམས་དགྲ་བགེགས་དབང་དུ་སྡུས༔ དོ་ནུབ་བྱད་མ་ལྷ་སྲུང་དབང་དུ་སྡུས༔ དོ་ནུབ་མཐའ་འདྲེ་མཐའ་དམག་རྩད་ནས་ཆོད༔ དོ་ནུབ་ཞེ་སྡང་དྲག་རྩལ་ངམ་མ་ཆུང་༔ འཛིན་བྱེད་ཕོ་ཉ་སྤྲུལ་དང་ཡང་སྤྲུལ་བྷྱོ༔ དགྲ་བགེགས་དམ་ཉམས་བླ་འཁྱམས་ཁྲིད་ལ་ཤོག༔ རྒྱབ་རྟེན་དཔུང་
གཉེན་སྐྱབས་དང་ཕྲོལ་ལ་ཤོག༔ འཆོར་མེད་ལས་ཀྱི་ཁྲི་མུན་ནང་དུ་བསྐྱུར༔ ནད་དུག་མཚོན་ཆ་རྣོན་པོའི་དབལ་གྱིས་ཐོབ༔ སྲོག་ཆོད་དབུགས་ལོངས་མགོ་ལུས་ཡན་ལག་གཏུབས༔ སྡེ་ཤིག་གྲོང་གཏོར་ནོར་རྫས་རླུང་ལ་སྐུར༔ འཁོར་ཤིག་ཚང་སྤྲུགས་ལྟས་ངན་ཕུང་ཐབས་སློངས༔ དཔུང་ཆོམས་གཡུལ་བཟློག་ཁ་ཕུང་རྗེས་མེད་ཐོངས༔ མཚན་བཅས་མཚན་མེད་སྲུང་བའི་འཁོར་ལོ་ཤིག༔ ཡེ་ཤེས་འཇིག་རྟེན་ལྷ་སྲུང་གཤེད་དུ་ཕོབ༔ བསྟེན་པའི་སྨན་དང་བདུད་རྩི་དུག་ཏུ་བསྒྱུར༔ མཐུན་པའི་གཉེན་བྱམས་གྲོགས་པོ་དགྲ་རུ་སློངས༔ བན་བོན་ལེའུ་སྲོག་གི་བདུད་དུ་ཕོབ༔ བསགས་པའི་ནོར་རྫས་ཕུང་བྱེད་གཡབ་མོས་གཏོར༔ བཏབ་པའི་ས་ཞིང་སད་དང་སེར་བས་རྡུངས ༔ བརྩིགས་པའི་ས་མཁར་སྐྱ་བོ་རྨང་ནས་སྒྱེལ༔ རིགས་རྒྱུད་མི་མཁར་དམར་པོ་དྲུངས་ནས་ཕྱུངས༔ ཕ་མེས་མི་རབས་རྒྱུད་ཀྱི་དུར་སྲི་སློངས༔ འདུན་གྲོས་བྱ་ཐབས་ཐམས་ཅད་ཉེས་སུ་ཆུག༔ བཀའ་ཆད་དལ་ཡམས་དྲག་པོ་ཐོག་ལྟར་ཕོབ༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་
པར་བཞེས༔ དགྲ་གདོན་བྱད་མ་ཐམས་ཅད་དུས་མཐར་ཐུལ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ དེ་ལྟར་བསྐུལ་ཞིང་ལས་ལ་རྦད༔ བརྩམ་པའི་དྲག་ལས་ཐོགས་མེད་འགྲུབ༔ གཤིན་རྗེ་ཀུན་འདུས་སྤུ་གྲི་ཡི༔ བསྐུལ་བ་ཁྲོ་དཔུང་དམག་འགྱེད་འདི༔ གཅེས་ཕྱིར་རབ་ཏུ་གསང་བར་བྱ༔ སྤེལ་ན་རང་ལ་ཉེས་པ་ཡོད༔ དེ་ཕྱིར་མི་སྤེལ་ཕག་ཏུ་སྦོས༔ སྔགས་དམིགས་ཟོར་སོགས་འཕྲུལ་འཁོར་ལ༔ འདི་མེད་སྒྲུབ་པ་ཡུགས་ས་རྐྱང་༔ དེ་ཕྱིར་རིག་པས་འཕྲུལ་ཤེས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔
འཇམ་དཔལ་གཤིན་རྗེའི་གཤེད་དགྲ་དཔུང་ནག་པོའི་ཟོར་ལས་བཀླག་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་ཐོག་རྒོད།
࿅༔ འཇམ་དཔལ་གཤིན་རྗེའི་གཤེད་དགྲ་དཔུང་ནག་པོའི་ཟོར་ལས་བཀླག་བདེར་བཀོད་པ་བདུད་འཇོམས་རྡོ་རྗེའི་ཐོག་རྒོད་ཅེས་བྱ་བ་བཞུགས་སོ༔
ཁམས་གསུམ་བླ་ཚེ་སྲོག་དབུགས་རྔམ་འགམས་སྡེའི༔ གཤེད་ཆེན་འཇམ་དཔལ་ཐུགས་རྗེ་ཁྲོས་པའི་གར༔ འཁོར་འདས་འཇིགས་བྱེད་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ལས་རབ་རྩལ་དེར་སྙིང་ནས་འདུད༔ འདིར་འཇམ་དཔལ་གཤིན་རྗེའི་གཤེད་དགྲ་དཔུང་ནག་པོ་ཟོར་གྱི་ལས་རིམ་བདུད་འཇོམས་རྡོ་རྗེའི་ཐོག་རྒོད་སྤྲོ་བ་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་ནི༔ དྲག་པོའི་གནས་སོགས་སུ་ཕུང་གསུམ་བདུད་ཀྱི་ཉི་མ་ལ་ཕུང་ས་དགུ་སོགས་ཀྱི་ས་སྣའི་སྟེང་མཁྲེགས་པར་རྡོ་སོལ་དུག་ཁྲག་གིས་ཆག་ཆག་གདབ་ཁ་ཁྱེར་མ་ཏྲཾ་ལྟེ་བར་བཟློག་དཀྱིལ་བྲིས་པའི་དབུས་སུ་ཁྲིའུ་གྲུ་གསུམ་སྲིད་པ་ལུགས་འབྱུང་གི་གཏོར་སྣོད་མཚན་ཉིད་དང་ལྡན་པའམ༔ མ་འབྱོར་ན་སྟེགས་ཀྱི་ཁར་ཕུང་རེ་ནག་པོའི་ཁེབས་ཅན་གྱི་
དབུས་སུ་དུར་རྡོ་ལ་དུག་ཁྲག་གིས་མི་མགོས་མཚན་པ་བྲིས་པ་གསུམ་སྒྲོམ་གྱི་སྟེང་དུ་ལྕགས་སྣོད་དུ་དྲག་པོའི་ས་སྣ་ལྕི་སོགས་སྦྱར་བའི་རི་རབ་བང་རིམ་གསུམ་པར་རོ་སོལ་དུག་ཁྲག་གིས་སྦྱར་བ་བྱུག་ཅིང་ནག་པོར་བསྒྱུར་བའི་སྟེང་དུ་ཆོས་འབྱུང་ཟུར་དྲུག་དེའི་སྟེང་བམ་རོའི་གདན་ལ་འབྲུ་ནག་གི་ཕྱེ་མ་མཚོན་ཆ་སྣ་ཚོགས་དང་གྲི་ལྕགས་ཐོག་ལྕགས་བཅས་བརྡར་ཕྱེ་བསྲེས་པ་དུག་གིས་སྦྲུས་ལ་དཔལ་གཏོར་སྙིང་ལ་ཟུར་གཏོད་པ་ལྟ་བུའི་གྲུ་གསུམ་པར་གཤིན་རྗེ་ཁྲོས་པའི་ཞལ་རས་ཅན་རྔམ་བརྗིད་ཚོན་གྱིས་གསལ་བའི་བརྗིད་ལྡན་དྲག་རྒྱན་མེ་རིས་བརྒྱན་པར་རྩེར་ཤིང་བྱང་ལ་ཁྱུང་ཕོ་སྨུག་ནག་དང་༔ གཏོར་མའི་གཡས་གཡོན་གྱི་ཟུར་གཉིས་སྟག་པའི་བྱང་བུར་རྒྱ་སྟག༔ དུང་སེང་སྦྲུལ་ནག་བཅས་འཇིགས་རྔམ་ཚོན་གྱིས་བསྒྱུར་བ་སོ་སོར་བྲིས་པ་རིམ་བཞིན་ཁ་ཕྱིར་ཕྱོགས་པར་བཙུགས༔ དབུ་ཕྱག་གི་རྩང་དང་མཚེ་ཡུངས་དཔལ་འབར་དང་ཡུངས་ཀར་
ཁོང་བུ་ཐང་ཁྲོམ་གྱི་གོང་བུ་སོགས་གཟུགས་པའི་རྩེར་སྐུ་བརྙན་དང་དར་ནག་གི་གུར་ཕུབ༔ དེ་འོག་བང་རིམ་ལ༔ ཟོར་ཀོང་ཐུན་རྫས་དང་ལྡན་པའི་ནང་དུ་ཤིང་བྱང་ལ་རྡོ་རྗེ་ཉེར་གཅིག་དང་༔ ཕུར་པ་ཉེར་གཅིག་བྲིས་པ་སོ་སོར་བཙུགས་པ་རྣམས་སྤེལ་མར་སྦྲག༔ དེ་འོག་བང་རིམ་ལ༔ གཡས་སུ་ཟོར་ཀོང་ནང་དུ་ཁྲམ་ཤིང་བཙུགས་པ་དབུས་སུ་དམར་གཏོར་གཡོན་དུ་ཁྲག་ཀོང་རྩང་དང་མཚེ་ཡུངས་ཀྱིས་བརྒྱན་པ་སྤེལ་བར་བྱ༔ དེའི་འོག་ཏུ་ཟོར་ཆས་རྒྱས་པར་བསྒྲིག༔ དེའི་ཕྱོགས་བཞིར་གྲུ་བཞི་མཚམས་བཞི་རུ་དར་བཞི་བཙུགས༔ གཞན་ཡང་རི་གསུམ་འདུས་པའི་ས་དང་༔ གཡུལ་བཀྱེ་བའི་ས༔ དུར་ཁྲོད་ཀྱི་ས་ལ་གྲི་ཁྲག་དང་དུག་ཆུས་སྦྲུས་པར་དྲག་པོའི་ཀོང་བུ་ཟུར་གསུམ་དཔངས་སུ་སོར་བཞི་ནང་གྲི་ཁྲག་དང་༔ དུག་སྣ་ཚོགས་དང་མཚལ་གྱིས་བྱུག་པ༔ ཕྱི་དུར་སོལ་གྱིས་བྱུག༔ ལོགས་གསུམ་དུ་ཁྲག་གི་བྷྱོ་བཟློག་རྦད་གསུམ་བྲི༔ ནང་དུ་མཚེ་ཡུངས་དཀར་ནག་ཁྲག་སྣ་དུག་ཐུན་རྡོ་ཕྱེ་སྣ་ཚོགས་བླུག༔ རྩང་དང་མཚེ་ཡུངས་ཐང་ཁྲོམ་གྱི་གོང་བུ་དང་༔ ཕོ་ཤིང་སྟག་པ་དང་ཕོ་ཁྲམ༔ མོ་ཤིང་གླང་དམར་མོ་ཁྲམ་བྲིས་པ་བཙུགས་ཤིང་སྐེད་པར་ཚོན་སྐུད་སྣ་ལྔས་བཅིངས་པ་སྦྱིན་བདག་གི་ལོ་གྲངས་སོགས་ཅི་འབྱོར་བཤམས༔ དུར་ཁྲོད་ཀྱི་རྡོ་ནག་གམ་མི་བསད་རྦབ་རྡོ་གང་རིགས་བྱ་སྒོང་ཙམ་ལྔ་ལ་ཁྲག་གི་བྷྱོ་བཟློག་བྲིས་པ་དར་གྱིས་གཡོགས་པ་གཡས༔ ཚོན་སྐུད་སྣ་ལྔའི་འུར་རྡོ་མི་ལྤགས་ཀྱིས་མཚན་པ་དང་ཡུགས་སའི་སྐྲ་འཇག་ཅན་གཡོན་དུ་འགོད༔ ཟོར་མདའ་སྐྱེར་མདའ་འུག་སྒྲོའམ༔ འུག་སྲིན་ཁྲ་གསུམ་གྱི་སྒྲོ་བསྐྱོན་པའི་མདེའུ་རྩེ་ཁྲག་ཏུ་བྱུགས་པ་ལྔ་གཡས་དང་ཟོར་གཞུ་གཡོན་དུ་བཞག༔ ཁྲག་ཟོར་རབས་ཆད་ཀྱི་ཐོད་པའམ༔ གཡག་རྒོད་ཀྱི་རྭ་གཡས་པར་མི་རྟ་ཁྱི་སོགས་དམེ་ཁྲག་སྣ་ཚོགས་
སྦྱར་བ་རོ་རས་ཀྱིས་བཀབ་པ་བྱང་ཤར་དུ་འགོད༔ དཀྱིལ་འཁོར་གྱི་མཐའ་ཁྲག་གི་མཆོད་ཡོན་དང་ཞབས་བསིལ༔ དབང་པོ་ལྔའི་མེ་ཏོག༔ ཚིལ་ཆེན་གྱི་བདུག་སྤོས༔ ཞུན་ཆེན་གྱི་མར་མེ༔ མཁྲིས་པའི་དྲི་ཆབ༔ ཤ་རུས་ཀྱི་གཤིན་རྗེའི་ཞལ་ཟས་ཟུར་གསུམ་བཅས་བཤམས༔ དེའི་རྒྱབ་སོགས་སྟེགས་མཐོ་བར་གཤིན་རྗེའི་མཆོད་གཏོར་ལྕགས་སྣོད་སོགས་སུ་ཆོས་འབྱུང་ཟུར་དྲུག་བམ་རོའི་སྟེང་དུ་དཔལ་གཏོར་སྙིང་ལ་ཟུར་གཏོད་པ་ལྟ་བུ་ལ་མེ་རི་དྲག་རྒྱན་ཤ་ཛར་དར་གདུགས་ཅན་གྱི་གཡས་གཡོན་དུ་སྨན་རཀ༔ བང་རིམ་དེ་ལས་དམའ་བའམ་སྟབས་གང་བདེར་སྲུང་མ་སྤྱི་སྒེར་གྱི་མཆོད་གཏོར་ཡང་བཤམ་མོ༔ གཞན་ཡང་བཟློག་པའི་མཚམས་རྣམས་སུ་འབུལ་རྒྱུའི་དམར་གཏོར་གྲངས་མང་སོགས༔ འདིར་མཁོ་བའི་ཡོ་བྱད་མ་ཚང་མེད་འབྱོར་བསགས༔ གཉིས་པ་དངོས་གཞི་ནི༔ ཐོག་མར་ལས་རིམ་གཞུང་བསྲངས་ལ་ཚོགས་ལྷག་མའི་བར་གྲུབ་ནས༔ བསྒྲལ་བའི་ལས་རིམ་དུག་རི་རེག་འཇོམས་ལྟར་བྱ་ཞིང་༔ བཟློག་པར་འཇུག་པའི་ཐོག་མར་དཔུང་བསྐྱེད་ཕྱིར་བསྐུལ་གཏོར་གཏོང་བ་དང་བཟློག་པ་གཉིས་ལས༔ དང་པོ་ནི༔ བདག་མདུན་ལྷ་ཡི་ང་རྒྱལ་བསྐྱེད་ཅིང་༔ གསུར་ཆེན་གྱི་དུད་པ་བདུག༔ རཀྟ་ཕྱོགས་བཅུར་གཏོར༔ དྲག་པོའི་སྟངས་སྟབས་བསྒྱུར་ལ་དྲེད་མོའི་རལ་ལག་གིས་གཡབ་ཅིང་ཐུགས་དམ་བསྐུལ་བ་ནི༔ རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ་བྷྱོ༔ བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ ཞི་ཁྲོ་རབ་འབྱམས་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་རྫོགས་པའི་དཔལ༔ སངས་རྒྱས་སྟོང་གི་མཐུ་སྟོབས་རྡོ་རྗེ་
ནི༔ གཞོམ་གཞིག་འཕོ་འགྱུར་བྲལ་བའི་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་ཆེ་བཙན་ཁྲོ་བོའི་རྒྱལ༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་དབྱིངས་ནས་བཞེངས༔ འཆི་བདག་ལས་ཀྱི་གཤེད་པོ་ལས་ལ་ཆས༔ སྣང་སྲིད་དམ་ཅན་དྲེགས་པའི་དམག་དཔུང་བསྐྱེད༔ དགྲ་གདོན་བྱད་མ་བརླག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་པོ་མེ་འོད་འཕྲོ་བ་ནི༔ ཆེ་བའི་ཆེ་མཆོག་གཟི་བརྗིད་འབར་བའི་རྟགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ནི༔ འཁོར་བ་མྱང་འདས་དབྱིངས་སུ་སྒྲོལ་བའི་རྟགས༔ དམར་ཟླུམ་སྤྱན་གསུམ་སྡང་མིག་བགྲད་པ་ནི༔ དུས་གསུམ་མ་འདྲེས་ཡོངས་སུ་གཟིགས་པའི་རྟགས༔ འཇིགས་པའི་ཁྲོ་གཉེར་རིམ་གསུམ་བརྩེགས་པ་ནི༔ སྐུ་གསུམ་ཐུགས་རྗེའི་ཀློང་ནས་ཁྲོས་པའི་རྟགས༔ ཞལ་གྱི་ཧོམ་ཁུང་གནམ་སར་གདོངས་པ་ནི༔ དགྲ་བགེགས་མ་ལུས་ཟ་བར་བྱེད་པའི་རྟགས༔ སྤུ་གྲི་ཟངས་ཡག་མཆེ་བ་གཙིགས་པ་ནི༔ འཁོར་བའི་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས༔ དྲག་པོའི་ལྗགས་འདྲིལ་
གློག་དམར་འཁྱུག་པ་ནི༔ དྲག་སྔགས་དམོད་པས་དགྲ་བགེགས་བརླག་པའི་རྟགས༔ ཤངས་ནས་མི་བཟད་འཐོར་རླུང་འབུད་པ་ནི༔ བདུད་དཔུང་སྟོང་གསུམ་ཕ་མཐར་སྐྲོད་པའི་རྟགས༔ སྨ་ར་སྨིན་མ་མེ་ཆེན་མཆེད་པ་ནི༔ གདུག་པ་ཅན་རྣམས་གཞོབ་ཏུ་གཏོང་བའི་རྟགས༔ སྙན་ནས་ཧཱུྃ་གི་སྒྲ་ཆེན་སྒྲོགས་པ་ནི༔ ཆོས་ཉིད་རང་སྒྲ་ཟིལ་གྱིས་གནོན་པའི་རྟགས༔ ཕྱག་གཉིས་སྣ་ཚོགས་མཚོན་ཆར་འབེབས་པ་ནི༔ ལོག་འདྲེན་ཚལ་པ་དུམ་བུར་གཏུབ་པའི་རྟགས༔ སྐུ་ཆེ་ཡན་ལག་རགས་ཤིང་བརྗིད་པ་ནི༔ གཞན་སྤྲུལ་ཁྲོ་བོའི་ང་རྒྱལ་འཇོམས་པའི་རྟགས༔ ལྟེ་བ་གྲུ་གསུམ་མུན་རུབ་ཟབས་པ་ནི༔ བྱད་མའི་ལྷ་སྲུང་བཙོན་དུ་འཛིན་པའི་རྟགས༔ ཞབས་གཉིས་དོར་སྟབས་བམ་རོ་བརྫིས་པ་ནི༔ དམ་སྲི་ལྡང་བ་མེད་པར་གནོན་པའི་རྟགས༔ ཕྱག་ཞབས་སེན་མོ་ལྕགས་ཀྱུ་འབར་བ་ནི༔ དམ་ཉམས་སྙིང་ལ་སྤར་གྱིས་འདེབས་པའི་རྟགས༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་གསུང་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་ཐུགས་ལ་ཕྱག་
འཚལ་བསྟོད༔ བདུད་འདུལ་གཤེད་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ དཔལ་འབར་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ རཱུ་ཏྲའི་སྙིང་གི་དཔལ་གཏོར་མཆོད་པ་བཞེས༔ ཡེ་ཤེས་ལྷ་མཆོག་བསྙེན་ནོ་རྒྱང་མ་རིང་༔ ཐུན་དང་ཟོར་གྱིས་བསྒྲུབ་པོ་མཐུ་མ་ཆུང་༔ དྲག་སྔགས་དམོད་པས་རྦད་དོ་ལས་མ་འགྱངས༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་དཔུང་ཤིག༔ མི་མཐུན་གནོད་པར་བྱེད་པའི་བགེགས་དཔུང་ཆོམས༔ བྱད་དང་རྦོད་གཏོང་རིག་སྔགས་རང་གཤེད་ཕོབ༔ ནད་རིམས་བར་ཆད་ལྟས་ངན་ཆོ་འཕྲུལ་ཟློགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་
གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ འཇིགས་བྱེད་འབར་བ་དྲག་ཏུ་གཏུམ་པའི་སྐུའི༔ དབུ་ལ་ཐོད་སྐམ་རིགས་ལྔས་བརྒྱན་པ་ནི༔ སྐུ་ལྔའི་ཡེ་ཤེས་དབང་བསྐུར་རྫོགས་པའི་རྟགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས་པ་ནི༔ དངོས་གྲུབ་སྣ་ཚོགས་ཡིད་བཞིན་སྟེར་བའི་རྟགས༔ དུར་ཁྲོད་རུས་པའི་རྒྱན་དྲུག་འཁྲོལ་བ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས༔ ཐོད་རློན་ཁྲག་འཛག་ཕྲེང་བ་འཕྱངས་པ་ནི༔ ཕ་རོལ་མགོ་བཅད་རྒྱན་དུ་ཐོགས་པའི་རྟགས༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན་པ་ནི༔ གདུག་པའི་ཀླུ་རྣམས་ལས་ལ་འཁོལ་བའི་རྟགས༔ ཞིང་ཆེན་པགས་པས་སྟོད་གཡོགས་བྱས་པ་ནི༔ སྲིན་པོ་ཁྲོས་པའི་རྩལ་དང་ལྡན་པའི་རྟགས༔ སྟག་ལྤགས་རློན་པས་ཤམ་ཐབས་གཡོགས་པ་ནི༔ ཆེ་བཙན་གཞན་གྱིས་འགྲན་ཟླ་མེད་པའི་རྟགས༔ དཔྲལ་བར་ཐལ་ཆེན་ཚོམ་བུས་མཚན་
པ་ནི༔ སྲིད་པ་གསུམ་གྱི་སྲོག་ལ་དབང་བའི་རྟགས༔ རཀྟའི་ཐིག་ལེ ས་མཁུར་ཚོས་བྱུགས་པ་ནི༔ འདོད་པའི་ཁམས་ཀྱི་ཁྲག་ལ་རོལ་བའི་རྟགས༔ ཨོག་དམར་ཞག་གི་ཟོ་རིས་ཆགས་པ་ནི༔ རཱུ་ཏྲའི་མདངས་བཅུད་ཚིལ་རྐང་གསོལ་བའི་རྟགས༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་གསུང་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདུད་འདུལ་གཤེད་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ དཔལ་འབར་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ རུ་ཏྲའི་སྙིང་གི་དཔལ་གཏོར་མཆོད་པ་བཞེས༔ ཡེ་ཤེས་ལྷ་མཆོག་བསྙེན་ནོ་རྒྱང་མ་རིང་༔ ཐུན་དང་ཟོར་གྱིས་བསྒྲུབ་པོ་མཐུ་མ་ཆུང་༔ དྲག་སྔགས་དམོད་པས་རྦད་དོ་ལས་མ་འགྱངས༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་དཔུང་ཤིག༔ མི་མཐུན་གནོད་པར་བྱེད་པའི་བགེགས་དཔུང་ཆོམས༔ བྱད་དང་རྦོད་གཏོང་རིག་སྔགས་རང་གཤེད་ཕོབ༔ ནད་རིམས་བར་ཆད་ལྟས་
ངན་ཆོ་འཕྲུལ་ཟློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ་ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དཔལ་གྱི་སྐུ་ལས་སྤྲུལ་པའི་ཆོ་འཕྲུལ་ནི༔ འཆི་བདག་དམག་དཔུང་སྐུ་ལས་འཕྲོ་བ་ཡིས༔ གནམ་ས་བར་སྣང་གང་ཞིང་གནོད་བྱེད་འཇོམས༔ དྲག་སྔགས་དམོད་པའི་འབྲུག་སྟོང་ལྡིར་བ་ནི༔ གང་ལ་དམིགས་པའི་སྒོ་གསུམ་ཐལ་བར་བརླག༔ ཐུགས་སྤྲུལ་ཁྲོ་ཆེན་དཔག་མེད་འགྱེད་པ་ནི༔ དགྲ་གདོན་བྱད་མའི་དཔུང་ཚོགས་གཡུལ་ངོ་ཟློགས༔ ཡང་སྤྲུལ་ཁྲོ་ཆུང་བུ་ཡུག་འཚུབ་པ་ཡིས༔ འགུགས་
འཆིང་ལས་ལ་དམྱལ་སྲུང་བཞིན་དུ་རྒྱུག༔ ལས་གཤིན་བྱེ་བ་དུང་ཕྱུར་བསྐོར་བ་ཡིས༔ གསོད་གཅོད་ལས་ལ་སྲིན་པོ་བཞིན་དུ་རྔམ༔ དྲེགས་པ་མ་གཤིན་ཆོས་སྐྱོང་ཕོ་ཉ་ཡིས༔ ཤ་ཁྲག་ཟས་ལ་གཅན་སྤྱང་བཞིན་དུ་རུབ༔ སྣང་སྲིད་ཁྱབ་པའི་མེ་ཟེར་མཚོན་ཆར་འབེབས༔ བདུད་བཞི་འབྱུང་པོ་མ་ལུས་ཐལ་བར་གཏོང་༔ གནམ་ལྕགས་ཞུན་ཐིགས་རྡོ་རྗེའི་ཐོག་ཆེན་འབེབས༔ བན་བོན་བྱད་མའི་སྲུང་བའི་གུར་ཁང་བཤིག༔ སྤྱི་བོར་སྤྲུལ་པའི་ཁྱུང་ཆེན་ལྡིང་བ་ཡིས༔ གཟའ་ཀླུ་ས་བདག་མ་ལུས་ཟས་སུ་ཟ༔ སོག་ཕྲག་ཕན་ཚུན་སྟག་མོ་རྒྱུག་པ་ཡིས༔ དམ་ཉམས་དགྲ་བོ་རྩལ་ལྡན་ཧུར་ཐུམ་གཏོང་༔ ནུ་མ་གཉིས་ནས་དུང་སེང་ལྕགས་རལ་འགྱེད༔ དགྲ་བགེགས་སྟོབས་ལྡན་གྱད་ཀྱི་སྲོག་རྩ་ཆོད༔ མཁལ་སྐེད་སྦྲུལ་ནག་དུག་རླངས་འཐུལ་བར་འཕྱོ༔ ཞེ་སྡང་དབང་གྱུར་དགྲ་བོ་མྱོས་ཤིང་ཐིབས༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་གསུང་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདུད་འདུལ་གཤེད་ཆེན་ཚོགས་ལ་ཕྱག་
འཚལ་བསྟོད༔ དཔལ་འབར་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ རཱུ་ཏྲའི་སྙིང་གི་དཔལ་གཏོར་མཆོད་པ་བཞེས༔ ཡེ་ཤེས་ལྷ་མཆོག་བསྙེན་ནོ་རྒྱང་མ་རིང་༔ ཐུན་དང་ཟོར་གྱིས་བསྒྲུབ་པོ་མཐུ་མ་ཆུང་༔ དྲག་སྔགས་དམོད་པས་རྦད་དོ་ལས་མ་འགྱངས༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་དཔུང་ཤིགས༔ མི་མཐུན་གནོད་པར་བྱེད་པའི་བགེགས་དཔུང་ཆོམས༔ བྱད་དང་རྦོད་གཏོང་རིག་སྔགས་རང་གཤེད་ཕོབས༔ ནད་རིམས་བར་ཆད་ལྟས་ངན་ཆོ་འཕྲུལ་ཟློགས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་
གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ་ལོ༔ ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཡེ་ཤེས་རང་བཞིན་མཆོག་གི་གསང་གསུམ་གྱི༔ སྒེག་པའི་ཉམས་ཀྱིས་ཁམས་གསུམ་དབང་དུ་སྡུད༔ དཔའ་བའི་ཉམས་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན༔ འཇིགས་པའི་ཉམས་ཀྱིས་ཁྲོ་གཉེར་གཟི་མདངས་འཁྲུགས༔ རྒོད་པའི་ཉམས་ཀྱིས་སྒྲུབ་མཆོག་རྗེས་སུ་འཛིན༔ གཤེ་བའི་ཉམས་ཀྱིས་བདུད་འགོང་སྙིང་རྩ་འདར༔ རྔམ་པའི་ཉམས་ཀྱིས་སྟོང་གསུམ་ཧུབ་ཀྱིས་རྔུབ༔ ཞི་བའི་ཉམས་ཀྱིས་འགྲོ་དྲུག་གནས་ནས་འདྲེན༔ ཞེ་སྡང་ཉམས་ཀྱིས་གསོད་གཅོད་ལས་ལ་མྱུར༔ གཏུམ་པའི་ཉམས་ཀྱིས་རི་རབ་ཚོགས་པོར་འཕེན༔ ཆོས་སྐུའི་ཡོན་ཏན་མཚན་མ་མེད་པའི་ངང་༔ ལོངས་སྐུའི་ཡོན་ཏན་སྐུ་དང་ཞལ་ཕྱག་རྫོགས༔ སྤྲུལ་སྐུའི་ཡོན་ཏན་གང་འདུལ་སྣ་ཚོགས་སྟོན༔ ཐུགས་རྗེའི་སྟོབས་ཀྱིས་བསྲུང་བྱ་མ་ལུས་སྐྱོབ༔ སྨོན་ལམ་སྟོབས་ཀྱིས་སྙིགས་མའི་གདུལ་བྱ་
འདུལ༔ བདེན་པའི་སྟོབས་ཀྱིས་འཁོར་བའི་བག་ཆགས་སྦྱོང་༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་གསུང་ལ་ཕྱག་འཚལ་བསྟོད༔ ཡཱ་མནྟ་ཀའི་ཐུགས་ལ་ཕྱག་འཚལ་བསྟོད༔ བདུད་འདུལ་གཤེད་ཆེན་ཚོགས་ལ་ཕྱག་འཚལ་བསྟོད༔ དཔལ་འབར་ཁྲག་འཐུང་ཚོགས་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ དགྲ་བགེགས་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ རཱུ་ཏྲའི་སྙིང་གི་དཔལ་གཏོར་མཆོད་པ་བཞེས༔ ཡེ་ཤེས་ལྷ་མཆོག་བསྙེན་ནོ་རྒྱང་མ་རིང་༔ ཐུན་དང་ཟོར་གྱིས་བསྒྲུབ་པོ་མཐུ་མ་ཆུང་༔ དྲག་སྔགས་དམོད་པས་རྦད་དོ་ལས་མ་འགྱངས༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་དཔུང་ཤིག༔ མི་མཐུན་གནོད་པར་བྱེད་པའི་བགེགས་དཔུང་ཆོམས༔ བྱད་དང་རྦོད་གཏོང་རིག་སྔགས་རང་གཤེད་ཕོབ༔ ནད་རིམས་བར་ཆད་ལྟས་ངན་ཆོ་འཕྲུལ་ཟློག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་
སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླས་པས་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ལས་རིམ་གཉིས་པ་བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་བྷྱོ༔ ཞེ་སྡང་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེ་འདིར་བྱོན་རུས་ལ་བྱོན༔ དམ་ཉམས་དགྲ་བགེགས་རུས་ནི་མར་ལས་ཞིམ༔ འཁོར་ཚོགས་མ་གཤིན་དམ་ལ་འདུས༔ གསོལ་ཅིག་རོལ་ཅིག་དགྲ་བགེགས་རུས༔ སོད་ཅིག་ཐུལ་ཅིག་བདུད་དང་བགེགས༔ ཆོམས་ཤིག་ཤིགས་ཤིག་རྦོད་གཏོང་མཐུ༔ དགྲ་འདྲེ་མི་ཁ་གྱོད་བྱུར་ཟློག༔ ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་
སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ གཏི་མུག་མུན་ལྟར་འཐིབས་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེ་འདིར་བྱོན་ཤ་ལ་བྱོན༔ དམ་ཉམས་དགྲ་བགེགས་ཤ་ནི་ཟན་ལས་ཞིམ༔ འཁོར་ཚོགས་མ་གཤིན་དམ་ལ་འདུས༔ གསོལ་ཅིག་རོལ་ཅིག་དགྲ་བགེགས་ཤ༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ ཆོམས་ཤིག་ཤིགས་ཤིག་རྦོད་གཏོང་མཐུ༔ དགྲ་འདྲེ་མི་ཁ་གྱོད་བྱུར་ཟློགས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔
ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ འདོད་ཆགས་ཆུ་ལྟར་འཁྲུགས་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེ་འདིར་བྱོན་ཁྲག་ལ་བྱོན༔ དམ་ཉམས་དགྲ་བགེགས་ཁྲག་ནི་ཆང་ལས་ཞིམ༔ འཁོར་ཚོགས་མ་གཤིན་དམ་ལ་འདུས༔ གསོལ་ཅིག་རོལ་ཅིག་དགྲ་བགེགས་ཁྲག༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ ཆོམས་ཤིག་ཤིགས་ཤིག་རྦོད་གཏོང་མཐུ༔ དགྲ་འདྲེ་མི་ཁ་གྱོད་བྱུར་ཟློགས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་
བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ༔ དམག་བརྒྱབ་རྐུན་སྣ་ཤོམ་པ་དང་༔ མི་ཁ་གྱོད་བྱུར་མཚོན་དུག་མཁན༔ བཟློག་གོ་དམར་ཆེན་གཏོར་མས་ཟློགས༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་
སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ རྨི་ལྟས་པྲ་རྟགས་ངན་པ་དང་༔ མོ་རྩིས་ལ་ཉེ་ངན་པ་དང་༔ ཐན་ལྟས་ཆོ་འཕྲུལ་བྱུང་བ་རྣམས༔ བཟློག་གོ་དམར་ཆེན་གཏོར་མས་ཟློགས༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་
མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ འི་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཆེ་སྲི་ཆུང་སྲི་དར་སྲི་དང་༔ ཕུང་སྲི་དམ་སྲི་རྒྱ་འདྲེའི་ཚོགས༔ སྒབ་འདྲེ་འགོང་པོ་བསེ་རག་རིགས༔ བཟློག་གོ་དམར་ཆེན་གཏོར་མས་ཟློགས༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲིཛཿཛཿ་ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་
དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེའི་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ནད་དང་ཉེ་བར་འཚེ་བ་དང་༔ བར་ཆད་སྡུག་བསྔལ་སྣ་ཚོགས་དང་༔ དབུལ་འདྲེ་གོད་ཁ་འཕོ་སྟོར་སོགས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་
འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ བན་བོན་སྔགས་པའི་བྱད་མ་ཡིས༔ ཡེ་ཤེས་འཇིག་རྟེན་རྦད་པ་དང་༔ རྦོད་གཏོང་མནན་གཏད་བཅིངས་པ་རྣམས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་
སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཟོར་དང་ཧོམ་བསྲེག་རླུང་འཁོར་དང་༔ མདོ་སྒྲུབ་བཞེས་སྒྲ་རྫས་ངན་སྦྱོར༔ སྡེབ་གཤོར་དཀྲུགས་སྡེབ་ཁྲམ་ཁ་སོགས༔ བཟློག་གོ་དམར་ཆེན་གཏོར་མས་ཟློགས༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་
བསྒྱུར་བའི་ཕྲིན་ལས་མཛོད༔ ཉེ་དབྱེ་འཕུང་བཤིག་བསྐྲད་འཁོར་དང་༔ མྱོས་རེངས་ཕྲ་མེན་འགོང་ཆོག་དང་༔ དམའ་འབེབས་རླུང་རྟ་སྦུབ་པའི་ལས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབ་རྔུབ༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློག་ཟློག༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ནང་པ་སངས་
རྒྱས་ངན་སྔགས་དང་༔ ཕྱི་པ་བོན་དང་མུ་སྟེགས་དང་༔ བར་པ་དྲང་སྲོང་བྲམ་ཟེའི་མཐུ༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གློ་བུར་བདུན་
བརྒྱ་ཉི་ཤུ་རྣམས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ དུས་མིན་འཆི་བ་བཅོ་བརྒྱད་དང་༔ ཕོ་གདོན་མོ་གདོན་བྱིས་པའི་གདོན༔ བཟློག་གོ་དམར་ཆེན་གཏོར་མས་
ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ དུས་འཁྲུགས་ལོ་ཉེས་ཐོག་སེར་དང་༔ མི་ནད་ཕྱུགས་ནད་ཡམས་རིམས་དང་༔ མདོར་ན་མི་མཐུན་གནོད་པའི་ཕྱོགས༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔
རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ ཧཱུྃ་བྷྱོ༔ དཀོན་མཆོག་རྩ་གསུམ་བདེན་པ་དང་༔ གསང་སྔགས་རིག་སྔགས་བྱིན་རླབས་དང་༔ ཧེ་རུ་ཀ་ཡི་ཏིང་འཛིན་དང་༔ གཤིན་རྗེ་གཤེད་ཀྱི་མཐུ་དང་སྟོབས༔ ཟོར་དང་ཐུན་གྱི་ནུས་པ་ཡིས༔ བཟློག་ཅིང་བསྒྱུར་བའི་ལས་མཛོད་ཅིག༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ༔ དམག་བརྒྱབ་རྐུན་སྣ་ཤོམ་པ་དང་༔ མི་ཁ་གྱོད་བྱུར་མཚོན་དུག་ཟློག༔ རྨི་ལྟས་པྲ་རྟགས་ངན་པ་དང་༔ མོ་རྩིས་ལ་ཉེ་ངན་པ་དང་༔ ཐན་ལྟས་ཆོ་འཕྲུལ་བྱུང་བ་ཟློག༔ ཆེ་སྲི་ཆུང་སྲི་དར་སྲི་དང་༔ ཕུང་སྲི་དམ་སྲི་རྒྱ་
འདྲེའི་ཚོགས༔ སྒབ་འདྲེ་འགོང་པོ་བསེ་རག་ཟློགས༔ ནད་དང་ཉེ་བར་འཚེ་བ་དང་༔ བར་ཆད་སྡུག་བསྔལ་སྣ་ཚོགས་དང་༔ དབུལ་འདྲེ་གོད་ཁ་འཕོ་སྟོར་ཟློགས༔ བན་བོན་སྔགས་པའི་བྱད་མ་ཡིས༔ ཡེ་ཤེས་འཇིག་རྟེན་རྦད་པ་དང་༔ རྦོད་གཏོང་མནན་གཏད་བཅིངས་པ་ཟློགས༔ ཟོར་དང་ཧོམ་བསྲེག་རླུང་འཁོར་དང་༔ མདོ་སྒྲུབ་བཞེས་སྒྲ་རྫས་ངན་སྦྱོར༔ སྡེབ་གཤོར་དཀྲུགས་སྡེབ་ཁྲམ་ཁ་ཟློགས༔ ཉེ་དབྱེ་འཕུང་བཤིག་བསྐྲད་འཁོར་དང་༔ མྱོས་རེངས་ཕྲ་མེན་འགོང་ཆོག་དང་༔ དམའ་འབེབས་རླུང་རྟ་སྦུབ་པ་ཟློགས༔ ནང་པ་སངས་རྒྱས་ངན་སྔགས་དང་༔ ཕྱི་པ་བོན་དང་མུ་སྟེགས་དང་༔ བར་པ་དྲང་སྲོང་བྲམ་ཟེའི་མཐུ༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གློ་བུར་བདུན་བརྒྱ་ཉི་ཤུ་ཟློགས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ དུས་མིན་འཆི་བ་བཅོ་བརྒྱད་དང་༔ ཕོ་གདོན་མོ་གདོན་བྱིས་པའི་གདོན༔ དུས་འཁྲུགས་ལོ་ཉེས་ཐོག་སེར་དང་༔ མི་ནད་ཕྱུགས་ནད་ཡམས་རིམས་དང་༔ མདོར་ན་མི་མཐུན་གནོད་པའི་ཕྱོགས༔ བཟློག་
གོ་དམར་ཆེན་གཏོར་མས་ཟློགས༔ བསྒྱུར་རོ་དགྲ་དང་བགེགས་ལ་སྒྱུར༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ དྲག་སྔགས་བཟླ་ཞིང་ཐལ་མོ་བརྡབ༔ དམར་སྦྲེང་གཏོར་མ་འབུལ༔ དེ་ནས་ཐུན་གཏོར་ཤ་ཁྲག་གིས་བརྒྱན་པ་རཀྟས་བྲན་ཞིང་འགུགས་བསྟིམ་བྱེད་ཅིང་བདུད་རྩིས་བྲན་ལ་སྦྱངས་སྤེལ་བྱས་ནས་བསྐུལ་བ་ནི༔ བྷྱོ་སྙིགས་མ་ལྔ་ཡི་ཐ་མ་ལ༔ སོགས་དྲག་སྔགས་ཐལ་རྡེབ་བཅས་གཏོར་མ་དགྲ་ཕྱོགས་སུ་འཕེན་ནོ༔ དེ་ནས་རྒྱུན་གྱི་རྗེས་ཆོག་ལས་གཞུང་ལྟར་བྱའོ༔ གསུམ་པ་རྗེས་ཀྱི་བྱ་བ་ནི༔ ནུབ་ཐ་མའི་ཚེ༔ ལྷག་མ་གཏོང་༔ སྒྲུབ་ཁང་གི་སྟེང་ལ་སོགས་པར་ཕྱིན་ལ་ཟོར་ལམ་བསལ་བ་ནི༔ གསེར་སྐྱེམས་དང་༔ དཀར་དམར་གྱི་གཏོར་མ་སྔགས་དྲུག་གིས་བྱིན་གྱིས་བརླབས༔ བསྡུ་ན་རཾ་ཡཾ་ཁཾ༔ གསུམ་གྱིས་བསྲེགས་གཏོར་བཀྲུས༔ ༀ་ཨཱཿཧཱུྃ༔ གསུམ་གྱིས་བྱིན་གྱིས་བརླབ༔ ན་མཿ སརྦ་ཏ་ཐཱ་སོགས་
ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ༔ རང་ཉིད་འཇམ་དཔལ་གཤིན་རྗེའི་ང་རྒྱལ་གྱིས་ཟོར་ལམ་ཕྱེ་བའི་བཀའ་བསྒོ་བ་ནི༔ ཀྱེ༔ རིན་ཆེན་ཡངས་པའི་གཏོར་སྣོད་དུ༔ ཇ་ཆང་དཀར་དམར་གཏོར་མ་བཤམས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ ཕྱོགས་སྐྱོང་ལྷ་ཀླུ་གཟའ་སྐར་དང་༔ གཉན་རིགས་སྡེ་བརྒྱད་དྲེགས་པའི་སྡེ༔ མགུར་ལྷ་དགེ་བསྙེན་བསྟན་མ་དང་༔ ཡུལ་ལྷ་གཞི་བདག་ཚོགས་ལ་འབུལ༔ མཐུན་རྫས་འདི་ཡིས་མཉེས་གྱུར་ཅིག༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལ༔ འཇམ་དཔལ་ཁྲོས་པའི་ཟོར་འཕེན་གྱིས༔ མཐུ་ཆེན་ང་ལ་ཟོར་ལམ་གཡོར༔ སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ལ༔ འཕྲང་པ་རྣམས་ཀྱིས་འཕྲང་སོལ་ཅིག༔ མཐོ་བ་རྣམས་ཀྱིས་ཞབས་སྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ཤིག༔ བར་པ་རྣམས་ཀྱི་སྐུ་གཟུར་ཞིག༔ ན་བཟའ་ལྷབ་ལྷུབ་མཐའ་སྡུས་ཤིག༔ འཁྲེན་དང་རུ་ང་མ་བྱེད་ཅིག༔ མཐུ་ཆེན་ང་ཡི་རྒྱབ་རྟེན་མཛོད༔ གཤིན་རྗེ་ཡོང་ངོ་དམག་ལམ་ཕྱེས༔ སྔགས་པ་ཡོང་ངོ་མཐུ་ལམ་ཕྱེས༔ གཏོར་མ་ཡོང་ངོ་ཟོར་ལམ་ཕྱེས༔ ཕུར་བུ་ཡོང་ངོ་མཚོན་ལམ་ཕྱེས༔ ཡུངས་ཀར་ཡོང་ངོ་
ཐུན་ལམ་ཕྱེས༔ རཀྟ་ཡོང་ངོ་དམར་ལམ་ཕྱེས༔ ཟོར་སྣ་དགྲ་བགེགས་སྟེང་དུ་དྲོངས༔ དམག་དང་འཕྲུལ་འཁོར་དེ་རུ་ཤོམས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟོར་ལམ་སོ་སོར་ཕྱེས་པར་བསམ༔ ནང་དུ་ཕྱིན་ནས༔ ༀ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་པཉྩ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཞེས་པས་གཏོར་མའི་ལྷ་ཚོགས་མཆོད་ཅིང་༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་ཀུན་ལས་ཆེ་བའི་མཆོག༔ ཕས་ཀྱི་ལྷ་སྔགས་རང་གཤེད་རང་ལ་འབེབས༔ ཟ་བྱེད་རྔམ་དང་གསོད་བྱེད་ཁྲོས་པའི་ཐུགས༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ བསྟོད་ཅིང་༔ ༀ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་པས་གཏོར་ཙཀ་གནས་གསུམ་དུ་གཏུགས་ཤིང་དབང་བཞི་ལེན་ཅིང་༔ ཧཱུྃ་ཧ་ཧེ་ཕཊཿབྷྱོ་རཾ༔ ཞེས་པས་གཏོར་མའི་ལྷ་རྣམས་རང་ལ་བསྡུ༔ དེ་ནས་བཞེངས་གསོལ་གྱི་ཚིག་གིས་གནད་ནས་བསྐུལ་བའི་ཚེ༔ གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་འཇམ་དཔལ་གཤིན་རྗེའི་གཤེད་རང་འདྲ་དཔག་ཏུ་མེད་པར་དྲེགས་པ་མ་གཤིན་ཆོས་སྐྱོང་ཕོ་ཉ་ལས་གཤིན་བྱེ་བ་དུང་ཕྱུར་གྱིས་བསྐོར་བ༔ མཆེ་གཤོག་དུག་ཅན་རྔམ་པས་སྲིད་གསུམ་གང་བར་ནད་མཚོན་དུག་གཟེར་ཐན་ལྟས་ཀྱི་ཆར་འབེབས་ཤིང་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམ་པ༔ ཟོར་ཀོང་རྣམས་དབུས་ཀྱི་རི་བོ་མཆོག་
རབ་དང་མཉམ་པའི་ནང་༔ ཡུངས་ཀར་རྣམས་ཁྲོ་བོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ༔ ཁྲག་ཐུན་རྣམས་མ་མོ་ཁྲག་ཟོར་ཐོགས་པ༔ དུག་ཐུན་རྣམས་གཤིན་རྗེ་དུག་ཟོར་ཐོགས་པ་མཚེ་ཡུངས་རྣམས་བདུད་པོ་ཁྲམ་ཐོགས་པ༔ རྩང་རྣམས་ཤན་པ་གྲི་ཐོགས་པ༔ རྡོ་ཕྱེ་རྣམས་གནོད་སྦྱིན་གྱི་བུ་མོ་རྡེའུ་རི་རབ་ཐོགས་པ༔ ཁྲོ་རྔམ་འཇིགས་གཟུགས་ཀྱིས་སྲིད་གསུམ་གཡོ་ཞིང་གཞོམ་ནུས་པ་རྣམས་སུ་དམིགས་ལ༔ ཧཱུྃ་བྷྱོ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྟོབས༔ མཁའ་མཉམ་འགྲོ་བ་ཡོངས་ཀྱི་གདུལ་བྱའི་དོན༔ ཞི་དང་ཁྲོ་གར་སྣ་ཚོགས་སྐུར་སྟོན་པ༔ མགོན་པོ་འཇམ་དཔལ་ཁྲོས་པ་དབྱིངས་ནས་བཞེངས༔ བསྐལ་པའི་དྲག་མེ་དམར་ནག་རབ་འཁྲུགས་ཤིང་༔ རྣོ་ངར་མཚོན་ཆ་འབེབས་པའི་གུར་ཁང་དང་༔ གསོད་བྱེད་ལས་མཁན་དུང་ཕྱུར་དབུས་ཤེད་ནས༔ ལྷ་ཡི་ལྷ་མཆོག་འཇམ་དཔལ་དབྱིངས་ནས་བཞེངས༔ སྐུ་མཆོག་རབ་དམར་དབང་གི་ཟེར་ཆེན་འཕྲོ༔ ཁྲོ་རྒྱལ་སྟོང་གི་གཟི་བྱིན་རྫོགས་པའི་དཔལ༔ མཐུ་ཆེན་གཞན་གྱི་སྟོབས་འཕྲོག་བདུད་ཀྱི་གཤེད༔ འཇམ་དཔལ་དཔའ་བོ་ཁྲོས་པ་དབྱིངས་ནས་བཞེངས༔ གར་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན༔ དྲག་སྔགས་སྤུ་གྲི་རྔམ་པའི་བཞད་སྒྲ་སྒྲོགས༔ སྙིང་རྗེ་ཆེན་
པོའི་ཞེ་སྡང་རབ་འབར་ཚུལ༔ གཤིན་རྗེ་ཡོངས་ཀྱི་གཤེད་པོ་དབྱིངས་ནས་བཞེངས༔ ཡེ་ཤེས་རོལ་པའི་ངང་ལས་མ་གཡོས་ཀྱང་༔ མཆེ་ཅན་གཤོག་ཅན་དུག་ཅན་འཇིགས་བྱེད་ཚོགས༔ སྣང་སྲིད་ཁྱབ་པར་སྤྲོ་ཞིང་གདུག་པ་འདུལ༔ གཤེད་ཆེན་མེ་ཡི་སྤུ་གྲི་དབྱིངས་ནས་བཞེངས༔ གང་ལ་དམིགས་པའི་དགྲ་གདོན་བྱད་མའི་ཚོགས༔ དྲག་རྩལ་གནམ་ལྕགས་རྡོ་རྗེའི་མེ་ཆར་གྱིས༔ སྐད་ཅིག་འཇོམས་ལ་གཞན་གྱི་ཟླ་བྲལ་བའི༔ གསོད་བྱེད་ལས་ཀྱི་ཤན་པ་དབྱིངས་ནས་བཞེངས༔ རྡོ་རྗེ་གསུམ་གྱི་ཁྲོ་བོའི་ཚོགས་རྣམས་དང་༔ མ་གཤིན་དྲེགས་ཚོགས་དམ་ཅན་ཐམས་ཅད་ཀྱི༔ གསང་གསུམ་གཅིག་ཏུ་འདུས་པའི་གྱད་ཆེན་པོ༔ ཆེ་བཙན་དཔའ་བོ་ཆེན་པོ་དབྱིངས་ནས་བཞེངས༔ ནད་མཚོན་མུ་གེ་མཐའ་ཡི་དམག་དཔུང་དང་༔ བདུད་འགོང་དམ་སྲི་ཐན་ལྟས་གདོན་གྱི་ཚོགས༔ གཏུམ་ཆེན་དྲག་སྔགས་རྡོ་རྗེའི་ཟོར་ཆེན་གྱིས༔ རྡུལ་དུ་བརླག་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དྲག་ཏུ་བསྐུལ་ལ་དྲག་སྔགས་བཟླ་ཞིང་ཡུངས་ཐུན་གྱིས་བྲབ་ལ་ནུས་ལྡན་དུ་བསྒྲུབ༔ གཏོར་ཟོར་རྣམས་དཔགས་ལ་སྒྲུབ་
ཁང་གི་ནང་རོལ་ལ་བཀོད་ལ་སྨན་རཀ་བྲན༔ ཆད་ཐོ་འགུགས་བསྟིམ་བྱ་ཞིང་བསྒྲལ་ནས་གཏོར་ཆེན་ལ་འབུལ་ཞིང་རྔམ་པའི་དབྱངས་དང་བཅས་མངའ་གསོལ་བྱའོ༔ དེ་ནས་སྲིད་གསུམ་རྣམ་རྒྱལ་གྱི་ཐེབས་དང་བསྟུན་ཏེ་འཕྱར་དར་སྤོས་ཀྱིས་སྣ་དྲངས་པ་ལས༔ ནད་ཡམས་མཚོན་འཁྲུགས་ཆེད་དུ་ཡིན་ན་དམར་ལམ་འཐེན་ཞིང་གཏོར་ཟོར་རྣམས་ཁྱེར་ལ༔ འཆི་བདག་ཨ་ཝ་གླང་མགོས་སྣ་དྲངས་པ་བདག་ཉིད་དཔལ་ཆེན་པོས་རྒྱབ་ནས་དེད༔ ཟོར་རྫས་མ་གཤིན་དྲེགས་པ་ནད་མཚོན་ཐན་ལྟས་ཀྱིས་སྣང་སྲིད་གང་བར་དགྲ་ཡུལ་དུ་ཆས་པར་བསམ་ལ༔ དཔོན་སློབ་འཁོར་བཅས་ཀྱིས་དྲག་སྔགས་དི་རི་རི་བཟླ་ཞིང་རོལ་མོ་བཅས་གོམ་པ་བདུན་ཅུའི་ཕ་རོལ་དུ་འཕེན་པའི་སར་ཕྱིན་ཏེ་གཏོར་ཟོར་རྣམས་སྟེགས་ལ་བཀོད༔ སྤྲོ་ན་ཟ་ལམ་གཏོང་༔ གསེར་སྐྱེམས་དང་གཟུ་དཔང་མཁྱེན་པར་གསོལ༔ ལིངྒ་འགུགས་བསྟིམ་བསྒྲལ་ལ༔ དམོད་བཅོལ་བྱ༔ ལིང་རོ་ཞལ་བསྟབ་བྱ༔ དེ་ནས་ཟོར་འཕེན་པ་ནི༔ མདའ་ཟོར་ཐོགས་ལ༔ ཧཱུྃ༔ གདུག་པ་ཅན་གྱི་ཤིང་གསུམ་ལ༔ ལྟས་ངན་གསུམ་གྱི་སྒྲོ་ཡིས་བསྒྲོན༔ གནམ་ལྕགས་དྲག་པོའི་མདེའུ་སྦྱར་ནས༔ དམེ་ཁྲག་དུག་ཁྲག་དག་གིས་བྱུག༔ མཆོག་གི་རྩིབ་མའི་གཞུ་བྱས་ཏེ༔ ཞིང་ཆེན་རྒྱུ་མའི་རྒྱུད་བཏབ་ནས༔ ཐབས་ཤེས་གཉིས་ཀྱིས་སྐྱིན་གྱིས་སྦྱར༔ ཡ་མཆོག་འབྲུག་སྒྲ་དི་རི་རི༔ མ་མཆོག་གློག་དམར་ཀེམས་སེ་ཀེམ༔ འཆང་བཟུང་ཐོག་མདའ་ཤ་ར་ར༔ གནམ་ལྕགས་མདའ་གཞུར་བྱིན་གྱིས་
བརླབས༔ ཏིང་འཛིན་དྲག་པོའི་མདའ་ཟོར་འདི༔ འཕངས་པ་གཤིན་རྗེ་ཉིད་ཀྱིས་འཕངས༔ བརྡེག་པ་དམ་ཉམས་དགྲ་ལ་བརྡེག༔ དགྲ་ཁམས་ཐལ་བ་རྡུལ་དུ་རློགས༔ དྲག་སྔགས་བཟླ་ཞིང་ཕྱོགས་བཞིར་གདེངས་ཙམ་བྱས་ཏེ་ཟོར་ལམ་དུ་འཕེན༔ རྡོ་ཟོར་འུར་མཐིལ་དུ་བཟུང་ལ༔ ཧཱུྃ༔ རྡོ་ཟོར་རི་རབ་ཐོགས་པའི་གནོད་སྦྱིན་དཔུང་༔ རྩེ་མོ་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ༔ རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག༔ རྩ་བར་རཱུ་ཏྲའི་ཁྲག་མཚོར་ཞིང་དུམ་འཕྱོ༔ དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ༔ བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབས༔ བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློགས༔ ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ༔ དྲག་སྔགས་བཟླ་ཞིང་ཕྱོགས་བཞིར་གདེངས་ཙམ་བྱས་ཏེ་ཟོར་ལམ་དུ་འཕེན༔ ཁྲག་ཟོར་ཐོགས་ལ༔ ཧཱུྃ༔ དལ་ཡམས་འཕྱོ་བ་ཁྲག་ཟོར་མ་མོའི་ཚོགས༔ རྩེ་མོ་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ༔ རྐེད་པར་ཟོར་བདག་ཕོ་མོ་གློག་ལྟར་འཁྱུག༔ རྩ་བར་རཱུ་ཏྲའི་ཁྲག་མཚོར་ཞིང་དུམ་འཕྱོ༔ དྲག་པོའི་ཟོར་སྣ་དགྲ་དང་བགེགས་ལ་བྷྱོ༔ བན་བོན་མཐུ་བྱད་བཟློག་ལ་རང་གཤེད་ཕོབ༔
བསོད་ནམས་རླུང་རྟ་ནུས་སྟོབས་རྡུལ་དུ་རློགས༔ ལུས་ངག་ཡིད་གསུམ་སྲོག་ལ་མཱ་ར་ཡ༔ སྔགས་བཟླ་ཞིང་ཕྱོགས་བཞིར་གདེངས་ཙམ་བྱས་ལ་ཟོར་ལམ་འཕེན༔ ཀོང་ཟོར་ཐོགས་ལ༔ ཧཱུྃ༔ གདུག་པ་གསུམ་གྱི་ས་དག་ལ༔ མྱོས་བྱེད་དུག་དང་ཁྲག་གིས་སྦྲུས༔ ཟུར་གསུམ་དྲག་པོ་ལས་ཀྱི་མཚོན༔ འཕང་ནི་རི་རབ་བརྗིད་རེ་ཆེ༔ ནང་དུ་དྲག་པོའི་ཐུན་རྫས་བླུག༔ ཡུངས་ཀར་རྒྱལ་པོ་ཁྲོོ་བོའི་ཚོགས༔ ཐོགས་མེད་བར་སྣང་ཁམས་གསུམ་རྒྱུག༔ ཁྲག་ཐུན་མ་མོ་ཟོར་ཐོགས་ཡིན༔ མ་མོའི་སྤྲུལ་པ་གློག་ལྟར་འཁྱུག༔ དུག་ཐུན་གཤིན་རྗེའི་དམག་ཚོགས་ཡིན༔ གཤིན་རྗེའི་དམག་ཚོགས་སྤྲིན་ལྟར་གཏིབས༔ རྡོ་ཐུན་གནོད་སྦྱིན་དམག་ཚོགས་ཡིན༔ གནོད་སྦྱིན་དམག་ཚོགས་མུན་ལྟར་གཏིབས༔ མཚེ་ཐུན་བདུད་ཀྱི་དམག་ཚོགས་ཡིན༔ བཙན་བདུད་དམག་ཚོགས་རླུང་ལྟར་འཚུབ༔ རྩང་རྣམས་ཤན་པ་གྲི་ཐོགས་ཡིན༔ ཤན་པའི་དམག་ཚོགས་སྐར་ལྟར་འཁྲུགས༔ ལྷ་སྲིན་སྡེ་བརྒྱད་ཚོགས་པ་ཡིན༔ དྲག་པོ་ཟོར་གྱི་ཀོང་བུ་འདི༔ འཕངས་པ་གཤིན་རྗེ་ཉིད་ཀྱིས་འཕངས༔ གཏིབས་པ་དམ་ཉམས་དགྲ་ལ་གཏིབས༔
བར་སྣང་ཁམས་སུ་འཕང་པའི་ཚེ༔ གཟའ་རྒོད་མཁའ་ནས་རྒྱུག་པ་འདྲ༔ དགྲ་བོའི་ཡུལ་དུ་ཕོག་པའི་ཚེ༔ དགྲ་ཁམས་ཐལ་བ་རྡུལ་དུ་རློག༔ ཅེས་དྲག་སྔགས་བཅས་ཀོང་ཟོར་རྣམས་དགྲ་ཕྱོགས་སུ་འཕེན་ནོ༔ ཀོང་ཟོར་རྣམས་ལྡོག་ན་ཡང་སྐེད་ལ་བསྐོར་ཞིང་རྐང་མཐིལ་ལ་བཞག་སྟེ་འཕང་བས་འགྲེའོ༔ གཏོར་ཟོར་འཕེན་པ་ནི་གཤིན་རྗེའི་ཐུན་གཏོར་ཐོགས་ལ༔ བྷྱོ༔ སྙིགས་མ་ལྔ་ཡི་ཐ་མ་ལ༔ སོགས་དྲག་སྔགས་བཟླ་ཞིང་འཕངས༔ དེ་ནས་གཏོར་ཆེན་འཕེན་པ་ནི༔ ཧཱུྃ་བྷྱོ༔ དྲག་པོ་དཔལ་གྱི་ཟོར་ཆེན་འདི༔ ཡེ་ཤེས་ལྷ་ཡི་བྱིན་རླབས་ཡིན༔ འཇིག་རྟེན་ལྷ་ཡི་དྲག་རྩལ་ཡིན༔ ཁྲོ་བོ་རྣམས་ཀྱི་དམག་དཔུང་ཡིན༔ ཁྲོ་མོ་རྣམས་ཀྱི་མཚོན་ཆ་ཡིན༔ དྲག་སྔགས་དམོད་པའི་ནུས་པ་ཡིན༔ གཤིན་རྗེའི་ཕོ་ཉ་ཁྱུགས་སེ་ཁྱུག༔ ཐུན་ཐོགས་ཟོར་ཐོགས་ཤ་ར་ར༔ ནད་རླངས་སྤྲིན་དུད་ཐིབས་སེ་ཐིབ༔ མཚོན་གྱི་ཆར་པ་སི་ལི་ལི༔ ཐུན་གྱི་སེར་བ་ཧྲི་ལི་ལི༔ ཟོར་གྱི་ཐོག་མདའ་ཤ་ར་ར༔ ངན་སྔགས་འབྲུག་སྟོང་འུ་རུ་རུ༔ དུག་གི་ན་བུན་ཐུ་ལུ་ལུ༔ རྩེ་ལ་མེ་ལྕེ་ལྷབས་སེ་ལྷབ༔ འོག་ན་མུན་པ་ཐིབས་སེ་ཐིབ༔ རྩ་བ་ཁྲག་མཚོ་ཀྱི་ལི་ལི༔ ལོགས་ལ་ཐུན་མཚོན་ཟངས་སེ་
ཟང་༔ འདིས་ནི་མི་ཐུབ་གང་ཡང་མེད༔ གནོད་བྱེད་སྡེ་དཔུང་ཆམ་ལ་ཕོབས༔ བྷྱོ༔ ད་ནི་དགྲ་ལ་ཟོར་འཕེན་གྱིས༔ ཟོར་སྣ་ཡུལ་ལྷ་གཉན་པོས་ཁྲིད༔ ཟོར་དཔུང་སྣང་སྲིད་དྲེགས་པས་སྐྱེད༔ ཟོར་བདག་རྣལ་འབྱོར་བདག་གིས་བྱེད༔ དྲག་པོའི་ཟོར་གྱིས་ལོག་འདྲེན་ཐུལ༔ ཟོར་སྣ་མ་ཡམས་བསྟན་མས་ཁྲིད༔ ཟོར་དཔུང་སྲིད་པའི་རྒྱལ་མོས་སྐྱེད༔ ཟོར་བདག་སྒྲོལ་ཡུམ་བདག་མོས་བྱེད༔ དྲག་པོའི་ཟོར་གྱིས་ལོག་འདྲེན་ཐུལ༔ ཟོར་སྣ་རྡོ་རྗེ་ལེགས་པས་ཁྲིད༔ ཟོར་དཔུང་ལེགས་ལྡན་ནག་པོས་སྐྱེད༔ ཟོར་བདག་གཤིན་རྗེའི་གཤེད་པོས་མཛོད༔ དྲག་པོའི་ཟོར་གྱིས་ལོག་འདྲེན་ཐུལ༔ རི་རབ་ཚོགས་པོར་འཕེན་པའི་ཟོར༔ གནམ་ས་ཆ་ལང་རྡེབ་པའི་ཟོར༔ ཉི་ཟླ་ཆོལ་བུར་གཏུབ་པའི་ཟོར༔ རྒྱ་མཚོ་ཁོལ་ཞིང་སྐེམ་པའི་ཟོར༔ འདོད་ཁམས་ཁྲག་ཏུ་སྐྱིལ་བའི་ཟོར༔ གཟུགས་ཁམས་ལུས་སེམས་བྲལ་བའི་ཟོར༔ གཟུགས་མེད་གནས་ནས་སྤོར་བའི་ཟོར༔ ཁམས་གསུམ་ནད་ཀྱིས་འགེངས་པའི་ཟོར༔ སྲིད་གསུམ་མཚོན་ཆར་འབེབས་པའི་ཟོར༔ སྣང་སྲིད་ཐོག་སེར་འཁྲུགས་པའི་
ཟོར༔ དོ་ནུབ་ཟོར་འདི་སྡང་བའི་དགྲ་ལ་བྷྱོ༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད་ཅིག་ཡ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དོ་ནུབ་ཟོར་འདི་གནོད་བྱེད་བགེགས་ལ་བྷྱོ༔ བགེགས་དཔུང་ཐལ་བ་རྡུལ་དུ་རློགས་ཤིག་ཡ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དོ་ནུབ་ཟོར་འདི་བྱད་མའི་སྟེང་དུ་བྷྱོ༔ བྱད་མ་རང་གཤེད་རང་ལ་ཕོབ་ཅིག་ཡ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དུས་ལ་བབ་བོ་ས་མ་ཡཱ༔ དྲག་སྔགས་བརྗོད་བཞིན་གདོང་ཐེབས་ཕྱོགས་སུ་འཕང་ངོ་༔ གཏོར་ཆེན་ཟོར་རྫས་དང་བཅས་པ་གཤིན་རྗེ་རང་འདྲའི་དམག་ཚོགས་སྣང་སྲིད་གང་བས་དགྲ་བོ་ཁ་ཕུང་རྗེས་མེད་དུ་རྡུལ་ཕྲན་བཞིན་དུ་བརླགས་ཏེ་མིང་ཡང་མེད་པར་བཏང་ནས་རྣམ་ཤེས་སྐར་མདའ་ཆད་པ་ལྟར་འོག་མིན་རྒྱལ་བའི་ཐུགས་ཀར་ཐིམ་པར་བསམ༔ བསད་འཁོར་ཡོད་ན་མེར་བསྲེག་ཅིང་ཧོཾ་ནང་དུ་ལྷ་ཚོགས་རྔམ་པའི་ཞལ་དུ་ཕུལ་བར་དམིགས༔ དཔལ་གཏོར་ཁྲག་སྣོད་སོགས་ཀྱིས་བརྡ་བརྟགས་ཀྱང་ཤེས་དགོས་སོ༔ དེ་ནས་གཏོར་གཞོང་བཤལ་ཆུ་བླུག་ཅིང་བསྟན་མའི་གཏོར་མ་གཏང་བ་ནི༔ ཧཱུྃ༔ བདུད་མོ་བཞི་དང་གནོད་སྦྱིན་བཞི༔ སྨན་བཙུན་སྡེ་བཞི་འཁོར་དང་བཅས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ བོད་ཁམས་བདེ་བའི་ཕྲིན་ལས་མཛོད༔ ཅེས་པས་འབུལ་ལོ༔ གཏོར་གཞོང་སྦུབ་
ཅིང་དེའི་འོག་ཏུ་རྫུས་སྐྱེས་ལས་ཀྱི་གཤིན་རྗེ་ཡ་མཱ་རཱ་ཛ་ཆུ་སྲིན་གདོང་ཅན་ཁྲོས་པའི་ཆ་བྱད་ཅན་ཡ་ཁ་གནམ་མ་ཁ་ས་ལྕེ་གློག་ལྟར་འཁྱུག་པ་མཆེ་བ་གངས་རི་ལྟར་གཙིགས་པའི་ཁར་གནོད་བྱེད་རྣམས་ཚུད་ནས་ཐར་བའི་དུས་མེད་པར་འགུགས་གཞུག་བྱས་པས་ཆུ་སྲིན་གྱི་འོག་ནས་རིམ་བདུན་ས་འོག་རྒྱ་མཚོའི་གཏིང་དུ་སོང་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་བཅས་པས་མནན་པར་བསམ་ལ༔ རྟ་བྲོ་ནི༔ ཧཱུྃ༔ ལས་ཀྱིས་མནར་བའི་དམ་སྲི་རྣམས༔ རི་རབ་འབར་བའི་འོག་ཏུ་མནན༔ འཆི་བདག་གཤིན་རྗེའི་ཁ་རུ་བཅུག༔ ཁྲོ་བོ་ཁྲོ་མོས་བྲོ་ཡིས་བརྡུང་༔ རྡོ་རྗེ་འབར་བའི་རྒྱ་ཡིས་བཏབ༔ བསྐལ་པ་ཆེན་པོ་མ་སྟོངས་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ༀ་ཨཱཿཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ གཏོར་སྣོད་ཁ་ཡར་ཕྱེ་ལ་འབྲུའི་ཚོམ་བུ་བླུག་གོ༔ ཟོར་རྗེས་གཅོད་པའི་སྲུང་འཁོར་ནི༔ ཧཱུྃ༔ གཤིན་རྗེ་རོལ་བའི་དཀྱིལ་འཁོར་འདིར༔ ཕྱི་རོལ་གནམ་ལྕགས་ངར་མ་ཡི༔ འཁོར་ལོ་རྩིབས་སྟོང་འབར་བའི་གུར༔ གཡས་གཡོན་འཁོར་ཞིང་རྩིབས་རྣམས་འཐབ༔ བསྐལ་པའི་མེ་དཔུང་འབར་བ་འདི༔ སྟེང་འོག་ཕྱོགས་བཅུར་འཁྲུགས་ཤིང་འཁྱིལ༔ དངོས་འཛིན་བགེགས་ཚོགས་མ་ལུས་གཞོམ༔ འཇམ་དཔལ་ཁྲོས་པ་བདག་ཉིད་ཀྱིས༔ བཀའ་བསྒོ་མཚམས་བཅད་ཚུན་ཆད་དུ༔ སུ་ཡང་
འདའ་བར་མ་བྱེད་ཅིག༔ ༀ་ཨཱཿཧཱུྃ་བྷྲཱུྃ་བཛྲ་རཀྵ་ཧཱུྃ༔ དེ་ནས་སྒྲུབ་གྲོགས་རྣམས་ཀྱིས་ཕྱི་བཞིན་ནས་སྲུང་འཁོར་བསྒོམ་ཞིང་སློབ་དཔོན་འོང་༔ ནང་དུ་ཕྱིན་ཚེ་ཚེ་འགུགས་བྱ༔ འོང་ཆུང་ཞིང་བྲེལ་ན༔ བདག་ཉིད་ལྷར་གསལ་བའི་ཆོས་སྲུང་སྤྱི་དང་བྱེ་བྲག་མཆོད་སྤྲིན་གཏོང་ཞིང་གཏོར་མ་སྟེང་དུ་འབུལ༔ མཆོད་གཏོར་གསོལ་ལ་མཆོད་བསྟོད་བྱ༔ བཟོད་གསོལ་རྟེན་སྐུ་རྟེན་ལ་བརྟན་བཞུགས་ཉེར་བསྡུ་སྨོན་ལམ་ཤིས་བརྗོད་རྣམས་ཀྱང་བྱ༔ ལས་ཀྱི་རྡུལ་ཚོན་ཡོད་ན་ༀ་ཨ་ཀཱ་རོ་མུ་ཁཾ་སོགས་ལ་བསྡུ༔ ཐིག་ཤུལ་དབྱེ༔ ལོང་ཡོད་ན་མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་སང་ཉིན་འཕྲོས་ཀྱི་གཞུང་བསྲང་ཚོགས་ལྷག་བཅས་པ་བཏང་༔ ཁང་སྟེང་དུ་ཆོས་སྲུང་སྤྱི་དང་བྱེ་བྲག་གཏོར་མ་གང་ཡོད་སྟེགས་ལ་བསྒྲིགས་པའི་མདུན་དུ་སྨན་རཀ་དང་མཆོད་པ་བཅས་བཤམས༔ དཔོན་སློབ་ཀུན་ཀྱང་ཕྱིན་ནས་བསང་སྦྱངས་བྱིན་རླབས་སོ་སོའི་མཆོད་འཕྲིན་འདོད་གསོལ་བཅས་དང་༔ ཆད་ཐོ་བསྟན་མ་རྣམས་བྱ་ཞིང་ནང་དུ་ལོག་ནས་མཆོད་བསྟོད་སོགས་གོང་དུ་བཤད་པ་བཞིན་མཇུག་སྐྱོང་བཀྲ་ཤིས་རོལ་རྩང་སྤྱོད་དུ་མ་སོགས་བར་རྒྱས་པར་བྱ༔ སྨྲས་པ། དེ་ལྟར་འཇམ་དཔལ་རབ་ཁྲོས་པའི། །ཟོར་ལས་རིགས་མཐུན་ཁ་སྐོང་བཅས། །ཁྲིགས་སུ་བཏབ་པའི་དགེ་ཚོགས་ཀྱིས། །བསྟན་འགྲོའི་མི་མཐུན་འགལ་རྐྱེན་དཔུང་། །ནད་མཚོན་ཉེས་བརྒྱ་ལྷ་མིན་སྡེ། །བཅོམ་ནས་རྫོགས་ལྡན་གསར་ཤར་བའི། །དགེ་ལེགས་དེང་འདིར་མྱུར་བརྟེན་ནས། །རྒྱལ་བསྟན་དྲི་མེད་རྒྱས་བྱེད་ཤོག །ཅེས་པ་འདི་ཡང་རིགས་མཐུན་ནས་ཁ་སྐོང་བཅས་འདི་ལྟར་བཀླག་བདེར་བཀོད་པར་གྱིས་ཤིག་ཅེས་བདག་ཅག་གི་སྟོན་པ་སྐྱེ་དང་ཚེ་རབས་ཀུན། བདག་སོགས་གསོལ་བ་
འདེབས་པའི་ཡུལ་དམ་པ་རྒྱལ་མཆོག་མི་ཡི་ཟོལ་འཆང་། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་ཞེས་རིག་པ་འཛིན་པ་མཆོག་དེས་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོར་ཕེབས་ཚེ། སློབ་འབངས་ཡོངས་ཀྱི་ཐ་ཤལ་སྔགས་ནག་ཟིལ་གནོན་རྡོ་རྗེ་རྩལ་གྱིས་བཀླག་བདེར་བཀོད་པ་དགེ་བར་གྱུར་ཅིག། མངྒ་ལཾ། བཀྲ་ཤིས།། །།
གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་སྲེག་པ་ཧོམ་གྱི་ལས་སྦྱོར་དུས་མཐའི་བྱིན་ཟ།
࿅༔ གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་སྲེག་པ་ཧོམ་གྱི་ལས་སྦྱོར་དུས་མཐའི་བྱིན་ཟ་བཞུགས་སོ༔
དཔལ་ཆེན་པོ་གཤིན་རྗེ་གཤེད་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ གཤིན་རྗེ་དྲག་པོ་ཁྲོས་པའི་རྣལ་འབྱོར་གང་ཞིག་གིས་དགྲ་བགེགས་ཀྱི་སྦྱོར་བ་ཐམས་ཅད་ཚར་གཅོད་པ་ཧོམ་གྱི་ལས་སྦྱོར་གྱི་རིམ་པ་ནི༔ ཕུང་ཤུལ་གྱི་ས་སྣ་ལ་སྟེགས་བུ་གྲུ་གསུམ་རོ་སོལ་དང་དུག་ཁྲག་གིས་བྱུག་པའི་དབུས་སུ་རལ་གྲིས་མཚན་པའི་འཁོར་ལོ་རྩིབས་བཞི་ཕྱི་རོལ་ཁ་ཁྱེར་མེ་རིས་མཚན་པ་བྲི༔ དགྲ་བགེགས་གང་ལ་དམིགས་པའི་རཱུ་པ་བརྒྱ་རྩ་བརྒྱད་དམ་ཉེར་གཅིག༔ དྲག་པོའི་ཤིང་གྲུ་གསུམ་ལ་དགྲ་བགེགས་ཀྱི་མིང་ཐེམ་མཐར་མཱ་ར་ཡ་རྦད་ཅེས་བྲིས་པ་དང་དམར་གཏོར་ཤ་དུམ་སོགས་དང་དུག་ཁྲག་ཆེན་སྦྱར་མ་བཅས་འགོད་ཅིང་བསྲེག་རྫས་གང་ལ་དམིགས་པའི་ལོག་འདྲེན་དེ་ཉིད་ནན་ཏན་གྱིས་འགུགས་གཞུག་བྱས་ལ་ལིངྒ་སོགས་བསྒྲལ་བསྟབ་ཀྱང་བྱེད༔ གོང་གི་སྟེགས་ཁར་ཚེར་མ་གྲུ་གསུམ་དུ་བརྩིག༔ ཟླ་
སྐར་ཉི་ཁྱིམ་སོགས་ཀྱང་དྲག་པོ་ལ་འོས་པའི་སྟབས་དང་འགྲིགས་ན་ལེགས༔ གང་ལྟར་ཀྱང་དམེ་ཤན་ཡུགས་ས་མགར་བ་སོགས་ལས་མེ་བླངས་ལ༔ ༀ་ཨགྣེ་ཡེ་ཛྭ་ལ་རཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ གིས་སྦར༔ རླུང་གཡབ་མེ་ཐབ་གསལ་བ༔ སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དྲག་པོའི་ལས་ཐབ་གྲུ་གསུམ་མཐིང་ནག་འབར༔ དེའི་ནང་རཾ་ལས་བསྐལ་པའི་མེ་ཆེན་འཁྲུགས༔ དེ་དབུས་དཔལ་ཆེན་འཇམ་དཔལ་ཁྲོ་བོའི་རྒྱལ༔ སྐུ་མདོག་དམར་པོ་བསྐལ་པའི་མེ་འོད་བཞིན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྱིལ༔ མཆེ་བ་ཟངས་ཡག་ལྗགས་དམར་གློག་སྟོང་འཁྱུག༔ སྣ་ཚོགས་
མཚོན་ཆ་ཐོགས་ཤིང་གསོད་ལ་རྔམ༔ ཞབས་གཉིས་དོར་སྟབས་བདུད་དང་བྱད་མ་བརྫིས༔ གར་དང་དུར་ཁྲོད་ཆས་ལྡན་མེ་དཔུང་འབར༔ གནམ་ལྕགས་ཞུན་ཐིགས་ཁྲོ་ཆུང་ཚྭ་ཚྭ་འཁྲུགས༔ སྤྱི་བོར་ཁྱུང་ཕོ་སྨུག་ནག་ལྡིང་བ་ཡིས༔ ཀླུ་དང་ས་བདག་སྙིང་རྩ་ཁོང་ནས་འབྱིན༔ ནུ་མ་གཡས་གཡོན་དུང་སེང་མང་པོ་འཕྱོ༔ ལྕགས་རལ་སྤྲུགས་ཤིང་གནོད་བྱེད་ཧབ་ཧབ་ཟ༔ སོག་པ་ཕན་ཚུན་སྟག་ཆེན་ངར་མ་རྒྱུག༔ གང་ལ་དམིགས་པ་ཧུར་ཐུམ་ཆོལ་བུར་གཏོང་༔ མཁལ་སྐེད་སྦྲུལ་ནག་ཁ་རླངས་དུག་སྤྲིན་འཐིབས༔ དགྲ་ལ་འགྱེད་ཅིང་མྱོས་རེངས་རྨུག་པར་བྱེད༔ བདག་ཉིད་སངས་རྒྱས་སྟོང་རྩ་སྒྲུབ་སྡེ་དགུ༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་ངོ་བོར་གསལ༔ ཛཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་དང་བཅས༔ མཐུ་ཆེན་འཇམ་དཔལ་ཁྲོས་པའི་སྐུར་བཞེངས་ཤིག༔ བདུད་ཚོགས་འདུལ་བའི་ཐུགས་དམ་དུས་ལ་བབ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ བམ་ཆེན་དབྱེར་མེད་བསྣོལ་བའི་གདན་ལ་བཞུགས༔ ཡེ་ཤེས་ཁྲོ་ཆེན་སྐུ་
ལ་ཕྱག་འཚལ་ལོ༔ དགྲ་འདྲེ་བྱད་མ་ལྷ་དང་བཅས་པ་ཡི༔ ཤ་ཁྲག་རུས་པ་དོན་སྙིང་ནང་རོལ་དང་༔ དམ་རྫས་སྨན་གཏོར་རཀྟའི་མཆོད་པ་འདི༔ གཤེད་ཆེན་གཏུམ་རྔམ་ཁྲོས་པས་བཞེས་ཤིག་རོལ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་ཀུན་ལས་ཆེ་བའི་མཆོག༔ ཕས་ཀྱི་ལྷ་སྔགས་རང་གཤེད་རང་ལ་འབེབས༔ ཟ་བྱེད་རྔམ་དང་གསོད་བྱེད་ཁྲོས་པའི་ཐུགས༔ ཡ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་ལས་རིམ་ལྟར་རོ༔ རང་གཤིན་རྗེ་གཤེད་ཀྱི་མདུན་བསྐྱེད་དང་གཉིས་སུ་མེད་པའི་གཤེད་ཆེན་དུ་གསལ་བའི་ཞལ་དུ་བསྲེག་རྫས་གནོད་བྱེད་ཆེ་གེ་མངོན་སུམ་དུ་ཕུལ་བའི་ཧབ་སྒྲ་དང་རྐན་སྒྲ་བཅས་ཏེ་ལྷག་མེད་དུ་གསོལ་བར་དམིགས་བཞིན་བསྲེག་སྐྱོགས་སུ་རྫས་སྣ་ཚང་བ་རེ་ཐོགས་ལ༔ ཧཱུྃ༔ འབར་བའི་མེ་དང་དབྱེར་མེད་ཁྲོ་བོའི་རྒྱལ༔ ཟ་བྱེད་འཇམ་དཔལ་གཤིན་རྗེའི་ཞལ་ཕྱེས་ཤིག༔ གནོད་བྱེད་ཕུང་ཁམས་སྐྱེ་མཆེད་བླ་ཡིད་སྲོག༔ བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ལོག་འདྲེན་རྩ་ལག་སྡེ་དཔུང་ཚར་ཆོད་ཅིག༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་
གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ གནོད་བྱེད་དགྲ་བགེགས་བྱད་མ་ལོག་འདྲེན་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི༔ དགྲ་བགེགས་མཱ་ར་ཡ་སོད་སོད༔ སྙིང་ཁྲག་ཚལ་པ་བཛྲ་ཨཾ་ཀུ་ཤ་ཙི་རི་མི་སྙིང་ལ་ཙ་ཙ་ཛ་ཛ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་སོད་སོད༔ ཅེས་བརྒྱ་རྩ་བརྒྱད་དང་ཉེར་གཅིག་སོགས་སྐབས་དང་བསྟུན་ལ་འབུལ༔ མཆོད་བསྟོད་བྱ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧོ༔ ཆེ་བའི་ཆེ་མཆོག་འཇིགས་བྱེད་ཀྱི་རྒྱལ་པོ༔ ཁྲག་འཐུང་ཀུན་གྱི་དབང་ཕྱུག༔ ཁྲོ་བོ་ཀུན་གྱི་ཆེ་བཙན༔ དྲེགས་པ་ཡོངས་ཀྱི་དེད་དཔོན༔ ཡེ་ཤེས་དང་འཇིག་རྟེན་གྱི་འཆི་བདག་ཐམས་ཅད་ཀྱི་སྤྱི་དཔལ་འཇམ་དཔལ་གཤིན་རྗེའི་གཤེད་ཡང་བཟློག་སྤུ་གྲི་དམར་པོ་རབ་ཏུ་ཁྲོས་པ་ཁྱོད་ལ་ཕྲིན་ལས་སུ་བཅོལ་བ་ནི༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ སྒོས་
དཔལ་ལྡན་བླ་མའི་སྐུ་དགྲ༔ ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས༔ བར་ཆད་ཀྱི་རྐྱེན་བྱད་མ་ལྷ་སྲུང་དང་བཅས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་རྩ་ལག་སྡེ་དཔུང་དང་བཅས་པ་ཐམས་ཅད་ལོ་དང་ཟླ་བར་མ་འགྱངས་ཞག་དང་ཟ་མར་མ་བཞག་པར་མྱུར་བ་མྱུར་དུ་སྒྲོལ་ལ་ལྷག་མ་མེད་པར་བཞེས་ཤིག༔ དགྲ་བགེགས་ལོག་འདྲེན་དམིགས་པའི་ཐེམས་སུ་བཅུག་པ་རྣམས་ཀྱི་སྲོག་ཆོད་ཅིག༔ སྙིང་ཕྱུངས་ཤིག༔ རྩད་ནས་ཆོད་ཅིག༔ དྲུངས་ནས་ཕྱུངས༔ རྩ་ལག་སྡེ་དཔུང་དང་བཅས་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས་ཤིག༔ བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རང་གཤེད་རང་ལ་ཕོབ་ཅིག༔ མཐུ་དང་ནུས་པ་ཐམས་ཅད་ཤིགས་ཤིག༔ འགལ་རྐྱེན་བར་ཆད་ཀྱི་སྣ་འདྲེན་ཞིང་ཆགས་ཆེ་ཉམ་ངའི་གཟིང་སློང་བར་བྱེད་པའི་སྒབ་འདྲེ་དམ་སྲི་འགོང་པོ་བསེ་རག་ཡི་དྭགས་འབྱུང་པོ་གནོད་
ཅིང་འཚེ་བར་བྱེད་པ་རྣམས་ཀྱི་རྒྱུ་ལམ་ཆོད་ཅིག༔ མདོར་ན་གནོད་བྱེད་ལོག་པར་འདྲེན་པ་མཐའ་དག་མཐུ་སྟོབས་བསྐལ་མེ་འབར་བའི་ཀློང་དུ་བཞེས་ཤིག༔ ཅེས་བཅོལ༔ མེ་ལྷའི་ཡེ་ཤེས་པ་གཤེགས་བཛྲ་མུ༔ དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམ༔ མེ་དུག་ཁྲག་གིས་གཞིལ་ཐལ་བ་ལམ་རྒྱ་གྲམ་དུ་མནན་ནོ་བགེགས་ཆེན་ཁྱིམ་དུ་ཞུགས་པ་སོགས་ཀྱི་གདོན་དྲག་པོར་ལིངྒ་དུག་ཤོག་ལ་བྲིས་པར་འགུགས་འདྲེན་མང་དུ་བྱས་ནས་ཕྱག་རྒྱས་བཅིངས་ཤིང་ནམ་མཁར་བཏེགས༔ མེ་ནང་དུ་སླ་ངར་སྣུམ་མེ་འབར་བྱས་ལ་ཁྲོ་བོའི་ཞལ་བསྒོམས་ཤིང་བགེགས་ཚོགས་མེ་འདགས་ཀྱིས་སྦྲང་བུ་ཚིག་པ་བཞིན་བསམ་ཧོམ་སྦྱོར་ལས་བྱས་ཀྱང་འགྲུབ་པོ༔ དམ་ཚིག་མེ་ལྷ་དང་ཡེ་ཤེས་ཀྱི་མེ་ལྷ་སོགས་ཀྱི་རིམ་པ་དང་སྦྱིན་སྲེག་གི་ལག་ལེན་སྤྱི་འགྲོས་དང་བསྟུན་པ་སོགས་མ་ཡིན་པ༔ འདི་ལྟ་བུ་བྱེད་པ་ནི་སྔ་འགྱུར་རྙིང་མའི་དབང་དང་དྲག་པོའི་སྦྱིན་སྲེག་གི་བཀའ་གནང་དུ་བྱེད་པའི་ཞལ་རྒྱུན་ཕྱག་ལེན་གཉིས་ཀར་སྣང་ངོར༔ ཞེས་པ་བསྟན་འཕེལ་གྱིས་འདི་ལྟར་གྱིས་ཤིག་ཅེས་བསྐུལ་བར་བརྟེན་ནས་ཕྲིན་ལས་ཀྱིས་མགྱོགས་རྩོལ་དུ་བྲིས་པའོ༔ སརྦ་མངྒ་ལཾ༔
གཤིན་རྗེ་དགྲ་ཕུང་གི་ཞལ་ཤེས།
࿅༔ གཤིན་རྗེ་དགྲ་ཕུང་གི་ཞལ་ཤེས་བཞུགས་སོ༔ འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ གཤིན་རྗེའི་སྐོར་འདི་ཉིད་ལ་དཔུང་བསྐྱེད་འཇམ་དཔལ་ཁྲོ་འདུས་ཀྱི་དྲག་སྔགས་དང་སྲེག་པ་མེ་ཡི་ལས་རིམ་སོགས་ཡོད་ཀྱང་འདིའི་ཆོས་ཚན་གྲངས་སུ་འཁོད་མ་བྱུང་༔ འོན་ཀྱང་སྲེག་པའི་ལས་རིམ་གྱི་དོན་མེ་མཆོད་ཁ་འཕང་འདིའི་ཞལ་ཤེས་ནི༔ དགྲ་བགེགས་ཤུགས་ཆེན་ལ་བྱེད་ན༔ ལིངྒ་མིང་བྱང་བསྲེག་རྫས་སྟོང་རྩ་བརྒྱད༔ འབྲིང་བརྒྱ་རྩ༔ ཆུང་ངུ་ཙམ་ལ་ཉེར་གཅིག་ཙམ་དང་འགུགས་གཞུག་ཀྱང་སྟོང་རྩ་སོགས་གྲངས་དེ་དང་སྦྱར་དགོས༔ འབུལ་དུས་ཡང་སྔགས་གྲངས་མཉམ་པའི་སྟོང་ངམ་བརྒྱ་རྩ་ཉེར་གཅིག་སོགས་གོང་གི་འགྲོས་ལྟར་ཡིན༔ གདོན་ཆེན་ཁྱིམ་དུ་ཞུགས་པ་ལ་ཧོམ་སྦྱོར་ཡང་བྱས་ན་ཟབ༔ དམིགས་པ་ནི་རང་གཤིན་རྗེ་གཤེད་དུ་གསལ་བས་མེ་ལྷ་གཤིན་རྗེའི་ཞལ་དུ་བསྲེག་རྫས་རྣམས་དགྲ་བགེགས་ཀྱི་སྒོ་གསུམ་དུ་མངོན་སུམ་དུ་འཕང་བས་ཧབ་ཧབ་ཆོམ་ཆོམ་དུ་བཞེས་ཤིང་གཞོབ་ཐུལ་གྱིས་བསྲེགས་པར་བསམ༔ ང་རྒྱལ་དང་གསལ་བརྟན་མ་བྲལ་བར་བྱ༔ དམིགས་པ་འདི་ཡང་སྟོང་རྩའམ་བརྒྱ་རྩ་བརྒྱད༔ ཉེར་གཅིག་སོགས་གལ་དང་བསྟུན་པ་གཅེས༔ དེ་ལྟར་བྱས་པས་དགྲ་བགེགས་བྱད་མ་གང་ལ་དམིགས་ཀྱང་མ་ཐུལ་ན་བསླུས་པ་ཡིན་ནོ༔ གཞན་ཡང་སྦྱིན་སྲེག་གི་ཆིངས་དང་ཕྱག་ལེན་སྤྱི་དང་བྱེ་བྲག་གི་ལུང་འདྲེན་སོགས་ཅུང་ཟད་བྱས་ཆོག་ཀྱང་༔ འདིར་མན་ངག་གི་ལུགས་ཟབ་ཤོས་བྱས་པའོ༔ འདིར་གབ་པའི་མནྟྲ་དགྲ་ལ་དྲི་མ་
དྲུག༔ རྫས་ལ་འབྲུ་ནག་གི་རིགས༔ ཡུངས་ཀར་ནག༔ ཀེ་ཚེ༔ ཤང་ཚེ༔ ཐོག་ལྕགས༔ མི་བསད་རྦབ་རྡོ༔ བོང་བུ་ནག་པོའི་སྦང་༔ གྲི་ཁྲག༔ མུ་ཟི་ནག་པོ༔ སྔོ་ཚ་བ་གསུམ་སོགས་དགོས༔ བཟློག་པའི་དུས་སྔོ་དམར་གྱི་ཚོན་སྐུད་ཀྱི་ཐུན་ཐག་ཟོར་ལ་བཏགས་པ་ལ་འཇུས་ཏེ་དྲག་སྔགས་བཟླ༔ རིམ་གྲོ་དྲག་རྩལ་ཅན་གྱི་ལུགས་སུ་བྱེད་ན་ཉིན་མཚན་མེད་པར་སྤུ་གྲིའི་ཐུན་རྒྱུན་མི་ཆད་པར་དགོས༔ མིན་ནའང་ཉིན་པར་སྔགས་རྒྱུན་མ་ཆད་པར་བྱུང་ན་ལེགས༔ གཞུང་དུ་ཐུན་བཞི་བྱེད་པར་བཤད་པས་དེ་ལྟར་བྱ༔ དགུག་གཞུག་ཐུན་བསྐུལ་གྱི་མཚམས་ཐམས་ཅད༔ བཟློག་པའི་ཚིག་མཚམས་རྣམས་སུ་དང་༔ ཁྲོ་འདུས་ཀྱི་བསྐུལ་བའི་མཚམས་རྣམས་སུ་སྤུ་གྲིའི་སྔགས་འདི་འཕྱོངས་སུ་བཏགས་དགོས་མ་བཏགས་ན་ཆད་པའི་སྐྱོན་ཆེའོ༔ བན་སྔགས་དང་སྐྱེས་པ་གོ་མཚོན་ཅན་ཟླ་བྲལ་མ་རྣམས་བརྒྱ་རྩ་སོགས་བསྟན་འགྲོའི་རིམ་གྲོ་ཆེན་པོ་དང་སྟོབས་ཆེན་གྱི་བྱེད་ལུགས་ཏེ༔ དགུ་བདུན་ལྔ་གསུམ་རེ་སོགས་འབྱོར་བ་དང་བསྟུན་ན་ཆོག༔ ཡང་བར་སྐབས་ཀྱི་དགོས་པ་འགའ་ཞིག་ཏུ་མ་འབྱོར་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར༔ གཞུང་གསལ་ལྟར་དགྲ་བགེགས་བྱད་མ་ཀླུ་གདོན་སོགས་གང་གནོད་ཀྱི་ལིངྒ་འགུགས་འདྲེན་བྱས་ལ་སྤུ་གྲིའི་ནན་གྱིས་བསྒྲུབ་ལ་ཐུན་གྱིས་བྲབ་ཅིང་རྟགས་ཐོན་པར་བྱས་ནས་མནན་ན་ཆོག་གོ༔ དགོས་བྱའི་རྫས་མ་འཛོམས༔ ལྷ་བསྐྱེད་རིམ་དང་དམིགས་པའི་འཕྲོ་འདུ་མ་བྱས༔ བཟླས་པའི་སྔགས་ལ་བརྩོན་འགྲུས་དང་༔ འབད་པ་རྔོ་མ་ཐོགས་ན་བྱས་པ་དོན་མེད་ཡིན་པས་དེས་ཆོག་དང་ལེ་ལོར་མ་སོང་བར་ཚུལ་བཞིན་དུ་བསྒྲུབ་པ་གལ་ཆེའོ༔ ཞེས་ལས་རབ་རྩལ་གྱིས་སོ༔ དགེའོ༔
དྲག་སྔགས་ཆེ་བ།
༈ དྲག་སྔགས་ཆེ་བ་ཡོངས་རྫོགས་ཡིན༔ འབྲིང་བོ་ཨེཿཀ་དུ་ན་ནས༔ ཆུང་བ་ཡ་མནྟ་ཀ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་པ་ནས་གཟེར་ཐུམ་ནན་ལ་བཏུགས༔ བཟློག་པའི་མཇུག་ཏུ་ཐལ་རྡེབ་བཟླ༔ སྔགས་ཀྱི་རྒྱས་བསྡུས་བསྟན་པའོ༔ བསྐུལ་བ་དང་བཟློག་པ་ཐུན་བསྐུལ་གྱི་མཚམས་སུ་སྤུ་གྲི་མ་བརྗོད་ན་ཤིན་ཏུ་ཆད་པའི་སྐྱོན་ཆེའོ༔ ས་མ་ཡཱ༔ ཁྱུང་སྟག་སེང་སྦྲུལ་རྒྱབ་ཏུ་གནོདབྱེད ཆྒཻཨེསབྷྱོཟློག༔ རྡོར་ཕུར་ཁྲམ་ལ༔ གནོདབྱེདཆྒཻམོ སོད ཡ ཨེཀསམདུཏྲིརྦད༔ འདི་ནི་སྦས་པའི་མན་ངག་ཡིན༔ ས་མ་ཡཱ༔ རྡོ་ཕུར་གཙོ་བོ་ལ༔ མཚོན་ཆ་གང་ཡང་རུང་བ་དང་༔ ཡུངས་ཀར་གཙོར་སྨོས་ཐུན་གྱི་རིགས༔ གཏོར་མ་གཏོར་བགྱིས་ཟོར་གྱི་རིགས༔ གང་རུང་སྔགས་བཏབ་གཟིར་པས་འགྲུབ༔ མར་ངོའི་དྲག་ཐེབས་ཀུན་དང་ནི༔ ཁྱད་པར་འཇིག་ཉི་བདུན་ལ་ཤིས༔ མནན་བསྲེག་ལས་འཇུག་ཐེམ་ན་མཆོག༔ ལས་འདིའི་ཟབ་པའི་མཐར་ཐུག་ཉིད༔ སྤེལ་བའི་གནས་མེད་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾཿ གུ་ཧྱཿ བཀྲ་ཤིས༔
གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་མཐའ་བདུད་འགོང་མནན་གཏད་བཅིངས་པའི་གབ་ཡིག
࿅༔ གཤིན་རྗེའི་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་ལས་མཐའ་བདུད་འགོང་མནན་གཏད་བཅིངས་པའི་གབ་ཡིག་བཞུགས་སོ༔
འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ དེ་ཡང་སྔོན་ཚེ་རྒྱལ་བ་ཐུབ་དབང་དུས༔ ལྷས་བྱིན་སྨོན་ལམ་ལོག་པ་བཏབ་པ་དང་༔ པདྨ་བདག་དང་ཆོས་རྒྱལ་ཆེན་པོ་ཡི༔ བཀའ་འགལ་ཐུགས་དཀྲུགས་བདུད་བློན་མ་དག་རྣམས༔ སངས་རྒྱས་བསྟན་དང་འགྲོ་ལ་རྟག་ཏུ་འཚེ༔ ཁྱད་པར་བདུད་འགོང་དམ་སྲི་འབྱུང་པོའི་ཚོགས༔ མནན་བཅིངས་ཨར་ལ་གཏད་པ་ཐམས་ཅད་ཀུན༔ གཙུག་ལག་དབེན་གནས་རབ་གནས་ཉམས་པ་ཡིས༔ རིམ་པར་འཆོར་ཞིང་མི་རུང་བྱུར་སྣ་འདྲེན༔ མི་དགེ་སྤྱོད་པས་དཀར་ཕྱོགས་སྲུང་མ་གྱེས༔ ནག་ཕྱོགས་ཟ་ཁ་དར་ཞིང་སྲོག་དབུགས་འགམ༔ རྒྱ་འདྲེས་བོད་ཡུལ་ཁྱབ་ཅིང་བར་ཆད་མང་༔ དེ་དག་རྐྱེན་གྱིས་མཐའ་དམག་མཚོན་འཁྲུག་དང་༔ ལོ་ནད་སྣ་ཚོགས་སྔོན་མེད་ནད་རིགས་མང་༔ དེ་དུས་སྔགས་ཀྱི་དྲོད་ཐོབ་སྐྱེས་བུ་ཡིས༔ བགེགས་ཚོགས་མནན་གཟིར་དྲག་པོའི་ལས་ལ་སྦྱོར༔
ཡད་ཡུད་ཙམ་དང་ཁོལ་བུར་བདེ་བར་བྱེད༔ གནོན་བྱ་གནོན་བྱེད་ལུང་བཞིན་བྱས་གྱུར་ན༔ བོད་ཆེན་སེམས་ཅན་རེ་ཞིག་བདེ་བར་འགྱུར༔ དེ་ལྟར་མ་བྱས་ཤར་ཕྱོགས་གྲུམ་ནས་སུ༔ སོ་ཡང་མི་གསོད་ནང་འཁྲུགས་འབྱུང་ཡང་སྲིད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལོག་འདྲེན་མ་རུངས་འདུལ་བའི་བཅའ་གཞི་ནི༔ ཕུང་གསུམ་བདུད་ཀྱི་ཉི་མར་བབ་པའི་དུས༔ དུག་ཤོག་ངོས་ལ་དུག་སྣ་ཁྲག་ངན་རིགས༔ སྣག་ཚར་སྦྱར་ནས་ཤ་ཟན་སྒྲོ་རྩ་ཡིས༔ བགེགས་ཀྱི་ལིངྒ་དབང་པོ་ཡན་ལག་ཚང་༔ ཉམ་ཐག་གཟུགས་ཅན་ལྕགས་སུ་བཅུག་པ་བྲི༔ མགོ་དབུས་མི་དང་སྦལ་པ་བྱ་ཡི་མགོ༔ གཡས་སུ་རྟ་བོང་རྔ་མོའི་མགོ་གསུམ་བརྩེགས༔ གཡོན་དུ་སྤྲེའུ་སྤྱང་ཀི་བྱི་ལའི་མགོ༔ མགོ་རྣམས་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་ལམ་ནན་འབྲི༔ དཔྲལ་བར་ཛ་ཁ་ལ་བདུད་པོ་ང་ལོངས༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ དཔུང་པར་ཡུམ་ཤེ་བླ་ལ་
ཚ་གསང་བར་ཕཊ༔ རྐང་ལག་བཞི་ལ་དུང་དུང་རྐང་ཞབས་སུ་ཡཾ༔ སྙིང་གར་ཤྲཱི་ཏྲི་ཛཿ དགུ་ཁྲམ་དང་བཅས༔ དེ་ཡི་ཐ་མར་བདུད་འགོང་དམ་སྲི་ཐེའུ་རང་རྒྱ་འདྲེ་འབྱུང་པོ་མཐའ་ཡི་དམག་དཔུང་རྩ་ལག་སྡེ་དཔུང་དང་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་སྒོ་གསུམ་རྟེན་དང་བཅས་པ་ཁུག་ཅིག་རྣྲིར་ཡཾ་ཛ་ཏྲི་ཡཾ་ཛ་རྣྲི་ཏྲི་བཛྲ་ཨ་ཤ་ཡ་ཛ་ཛཿ དགྲ་བགེགས་ཨ་ཀ་ཡ་ཨ་ཀ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ མཱ་ར་ཡ་ཆིངས་ཤིག༔ ལིངྒའི་ཐ་མར་ༀ་བཛྲ་ཙནྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ བདུད་འགོང་དམ་སྲི་ཐེའུ་རང་རྒྱ་འདྲེ་འབྱུང་པོ་མཐའ་ཡི་དམག་དཔུང་རྩ་ལག་སྡེ་དང་བཅས་པ་རྣམས་དང་ནད་མུག་མཚོན་འཁྲུགས་གཏོང་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་ཀྱི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ བདུད་འགོང་དམ་སྲི་ཐེའུ་རང་རྒྱ་འདྲེ་འབྱུང་པོ་མཐའ་ཡི་དམག་དཔུང་རྩ་ལག་སྡེ་དང་བཅས་པ་རྣམས་དང་ནད་མུག་མཚོན་འཁྲུགས་
གཏོང་བའི་དགྲ་བགེགས་འབྱུང་པོ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ༀ་བཛྲ་ཙནྜ་སརྦ་དུཥྚན་ཧཾ་ཤཾ་ཏྲི་ཙིཏྟ་རྦད་ནན་ཤ་ཏྲུཾ་མཱ་ར་ཡ་དམ་སྲི་འགོང་བོ་སྤུན་དགུའི་སྲོག་ལ་མཱ་ར་ཡ་རྦད་རྦད་༔ འགོང་པོ་ཧབ་ཤམ་ཏྲི་ནན་ཐ་ཏྲི་ཉམས་ཐུམ་རིལ་རྦད་འགོང་པོ་སྤུན་དགུའི་ཁ་ཆིངས་ཤིག༔ འགོང་པོ་གླང་སྣ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟམྦྷ་ཡ་ནན༔ བདུད་རྒྱལ་རི་ནག་སྤུངས་པ་མི་རུ་རྣྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་ཁྲག་ལྕེ་དམར་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་བྱ་རི་ནག་པོ་མི་རུ་ཏྲི་མ་རྣྲི་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་པྲ་མ་རཱ་ཛ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་ཡབ་རྗེ་ནག་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་བྱ་རོག་མགོ་བརྩེགས་ནག་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་
ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་རོ་ཤ་བནྡྷེ་ནག་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་ཐང་ཤལ་ནག་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་སྲོག་གཅོད་ནག་པོའི་བུ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་རྒྱལ་ཧ་ཤང་ནག་པོའི་བུ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟམྦྷ་ཡ་ནན༔ བདུད་ཀྱི་སྤྲུལ་པ་བྱ་རོག་མགོ་ཅན་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བདུད་སྤྲུལ་བཙུན་གཟུགས་མགོ་ནག་བྱ་ནག་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ ཕུང་འཁྲུགས་རྩོམ་པའི་བདུད་སྤྲུལ་སུམ་བརྒྱ་དྲུག་ཅུ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ དམ་སྲི་སྙབ་པ་ལག་རིང་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ བཙན་འབྲིང་ཡམ་ཤུད་
དམར་པོ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ གཡུ་འབྲིང་ཐེའུ་རང་སྟོང་འཁྲུག་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ དམ་སྲི་ཀླུ་སྲིན་རྒྱ་འདྲེ་སྤུན་དགུ་མི་རུ་ཏྲི་མ་སརྦ་རྣྲི་ཧུར་ཐུམ་རྦད་རྦད་མཱ་ར་ཡ་ཛ་ཆིངས་ཤིག་སྟྭཾ་བྷ་ཡ་ནན༔ ལོ་སྐོར་བཅུ་གཉིས་ལོ་རྒན་དྲུག་ཅུ་སྨེ་བ་དགུ་སྤར་ཁ་བརྒྱད་གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱི་སྟེང་ནས་ལངས་པའི་བསམ་ངན་སྦྱོར་རྩུབ་འཆང་བའི་མཐའ་ཡི་དམག་དཔུང་དམག་དཔོན་དམག་མི་རྩ་ལག་སྡེ་དང་བཅས་པ་ཐམས་ཅད་ཚིནྡྷ་ཚིནྡྷ་ཚིནྡྷ་ཡ་ཚིནྡྷ་ཡ་བྷནྡ་བྷནྡྷ་བྷནྡ་ཡ་བྷནྡྷ་ཡ་ཏ་ཊ་ཏ་ཊ་ཏ་ཊ་ཡ་ཏ་ཊ་ཡ་མཱ་ར་མཱ་ར་མཱ་ར་ཡ་མཱ་ར་ཡ་སྟམྦྷ་སྟམྦྷ་སྟམྦྷ་ཡ་སྟམྦྷ་ཡ་མཱ་ར་ཡ་ཀ་ཡ་ཧ་ས་ན་ཡ་བྷྱ་ཝར་ཡཱ་མ་ཙ་ར་ན་མཱ་ར་ཡ་ནན་སྟམྦྷ་ཡ་ནན༔ ཞེས་འབྲི་བ་དང་བརྗོད་པ་གཉིས་བྱ༔ དེ་ཡི་ཐ་མར་ༀ་སུམྦྷ་ནི་སུམྦྷ་ནིའི་གཤམ་དུ་ༀ་ལཾ་ཨཱ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་མཱ་ར་ཡ་ན་ཤ་ཡ་མོ་ཁ་ཡ་སྟྭཾ་བྷ་ཡ་ནན༔ ཞེས་བར་མཚམས་མེད་པར་ལན་གསུམ་བསྐོར༔ དེ་ཡི་ཕྱི་རོལ་ཛ་ནན་ཁྲམ་གསུམ༔ དེ་ཡི་ཕྱི་རོལ་དུ་མེ་ཆུ་དང་རི་རབ་
ནག་པོ་བང་རིམ་གསུམ་པས་བསྐོར༔ ལམ་ཆེན་རྒྱ་གྲམ་དགུ་ཡི་ས་སྣ་དང་༔ ཕུང་ཤུལ་ས་དང་དམེ་མཛེ་དུག་རིགས་བྱུགས༔ བླ་རྡོ་ཟངས་ཤོ་རྡོ་ཤོ་རུས་པ་ཡི༔ ཤྭ་རྣམས་ནང་དུ་བཅུག་ནས་ཤི་ལྟེབས་བྱ༔ རོ་སྐྲ་དང་ནི་ཡུགས་སའི་ལན་བུས་བཅིངས༔ བོང་བུ་འམ་ནི་མཆེ་ཅན་ཐོད་པར་བཅུག༔ ཧོམ་དུ་གཞུག་ཅིང་ཡི་དམ་ང་རྒྱལ་བརྟན༔ གསེར་སྐྱེམས་དཔང་གཟུ་གུག་གཞུག་དྲག་ཏུ་བྱེད༔ རྫས་ངན་བདུག་ཅིང་ལྷ་དང་དཔུང་གཉེན་ཕྲལ༔ དུག་ཁྲག་མཚེ་ཉུང་རྦབ་རྡོ་ཟངས་ལྕགས་ཕྱེ༔ ཐོག་ལྕགས་འཁར་བ་སོ་ཏོག་ཐུན་རྫས་རྣམས༔ དྲག་སྔགས་ནུས་པར་ལྡན་བྱས་ཐུན་གྱིས་བྲབ༔ དྲག་སྔགས་དམོད་པ་གནད་དུ་བསྣུན་ཞིང་བསྒྲུབ༔ རྟགས་མཚན་ལན་གསུམ་མ་བྱུང་བར་དུ་བསྐྱར༔ ཡི་དམ་ཆོས་སྐྱོང་བསྐུལ་ཞིང་དམ་དུ་བརྡར༔ རྟགས་མཐོང་སྣ་ཚོགས་མཚོན་དང་ཐུན་གྱིས་གཟིར༔ ཟན་ལིང་བསྒྲལ་ཞིང་ཤོག་ལིང་དེ་ལ་ནི༔ སྤར་ཆོག་མི་བྱེད་སླར་ཡང་འགུགས་འཆིང་འབུངས༔ ཐོད་པར་མི་ཁའི་རྫས་ངན་རྣམས་ཀྱིས་བཀང་༔ ཕུང་རེས་དྲིལ་ཞིང་ཚོན་སྐུད་ལྔ་ཡིས་བཅིངས༔ ལྟག་པར་ཕུར་ཐིལ་རྩང་གི་ཁྲམ་གྱིས་གཡོགས༔ མཆོད་རྟེན་བྱིན་ཅན་གཙུག་ལག་ཐེམ་འོག་གམ༔ རྒྱ་གྲམ་ལམ་དང་ལུང་གསུམ་འདུས་མདོ་རུ༔ དོང་བྲུས་ཚེར་མས་བཀང་ཞིང་ལིང་ཐོད་བཞག༔ ཡུགས་སའི་འཕང་མཐིལ་རང་འཐག་ཡ་འགེམས་དང་༔ དུར་རྡོ་གླིང་བཞི་རྒྱ་གྲམ་བཅས་པས་མནན༔ ལན་དགུ་དག་ཏུ་འབྱུང་ལྔའི་རྒྱ་ཡིས་གདབ༔ མཆོད་རྟེན་ཞིག་པོ་དགུ་ཡི་ས་སྣ་ལ༔ སཱཙྪ་ནག་པོ་དགུ་འམ་བརྒྱ་ཉེར་གཅིག༔ རྒྱས་བསྡུས་སྐབས་བསྟུན་མགོ་མཇུག་བཟློག་ལ་མནན༔ སྟེང་དུ་འདུལ་གཟིར་གར་གྱི་རྟ་བྲོ་བརྡུང་༔ བསྐལ་ཆེན་མ་སྟོང་བར་དུ་མི་ཐར་བསམ༔ ཕྱི་མིག་མི་བལྟ་ནང་དུ་ལོག་ནས་ཀྱང་༔ ལྷ་སྲུང་གསོལ་ཞིང་ཚེ་འགུགས་
དམིགས་མེད་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུད་ཚོགས་ལོག་འདྲེན་འགོང་པོ་དམ་སྲི་ཡིས༔ དུས་རྣམས་ཀུན་ཏུ་བསྟན་དང་འགྲོ་ལ་གནོད༔ དེ་ཕྱིར་ཨར་གཏད་མནན་ཞིང་གཟིར་བ་གཅེས༔ བོད་ཁམས་བདེ་བ་འཇོམས་བྱེད་སྨོན་ལོག་བདུད༔ ཡང་ཡང་གནོན་ཞིང་ལས་ལ་སྦྱོར་བ་གཅེས༔ ནད་མཚོན་མུ་གེ་མཐའ་ཡི་དམག་གི་ཚོགས༔ འདི་འབུངས་བས་ནི་ལྡང་བ་མེད་པར་ནོན༔ ལོག་འདྲེན་དཔུང་ཞིག་མཐུ་ནུས་རླག་པར་བྱེད༔ ཐེ་ཚོམ་མེད་དོ་སྙིང་ལ་དམ་དུ་ཆོངས༔ ཟབ་པའི་གནད་འདིས་འགྲོ་ལ་ཕན་ཐོགས་ཤོག༔ སྤེལ་བའི་གནས་མེད་བཀའ་ཡིས་རྒྱས་གདབ་པོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔
སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས་འཇམ་དཔལ་དྲག་པོའི་ལས་མཐའ་ཟ་ཡིག་རྒྱལ་འགོང་སྲོག་གི་སྤུ་གྲི།
༈ སྙན་བརྒྱུད་ཟབ་མོ་ཟུང་འབྲེལ་ལས༔ འཇམ་དཔལ་དྲག་པོའི་ལས་མཐའ་ཟ་ཡིག་རྒྱལ་འགོང་སྲོག་གི་སྤུ་གྲི་བཞུགས༔ འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ དེ་ཡི་ལས་མཐའ་བསྟན་པ་ནི༔ སྙིགས་མའི་བན་བཙུན་སྡོམ་ཤོར་དང་༔ དམ་ཚིག་མེད་པའི་སྔགས་ནག་དང་༔ སྨོན་ལམ་ལོག་པའི་ཤི་འདྲེ་སོགས༔ ངེས་པར་རྒྱལ་པོ་དག་ཏུ་སྐྱེ༔ བུད་མེད་རིགས་ངན་བསེན་མོར་སྐྱེ༔ ཆོས་མཛད་ཡོངས་ལ་བར་དུ་གཅོད༔ བྱང་ཆུབ་སྒྲུབ་ལ་འགལ་རྐྱེན་སྦྱོར༔ འགྲོ་བའི་ཚེ་སྲོག་བར་དུ་གཅོད༔ ནད་དང་གདོན་གྱི་ཆར་པ་འབེབས༔ ཟས་ནོར་མཐའ་སྐྱེན་ཕུང་འདྲེ་བྱེད༔ དེ་འདྲའི་རྒྱལ་འགོང་ཆེན་པོ་ཡི༔ སྲོག་ལ་ཤིན་ཏུ་རྣོ་བ་ཡི༔ སྤུ་གྲི་ཡིག་ཚན་བཅུ་བཞི་འདི༔ ཟབ་གསང་སྙིང་ཁྲག་དངོས་དང་འདྲ༔ རྒྱ་ཤོག་རྒྱ་སྣག་བྲི་རྫས་བྱ༔ རྒྱལ་པོའི་སྲོག་གི་སྤུ་གྲིའོ༔ ཨྠྀི༔ བསེན་མོ་འདུལ་བའི་ཟ་ཡིག་ནི༔ ཡང་གཅིག་མོ་གདོན་འདྲེ་མོ་ཡི༔ སྲོག་ལ་རྣོ་བའི་ཟ་ཡིག་ནི༔
འདི་གསུམ་གང་དང་གང་དགོས་པར༔ ལྷག་ཆད་མེད་པར་ལེགས་པར་འབྲི ༔ རྒོད་དུ་བཟའམ་བསྲེགས་ཐལ་བཟའ༔ བསྲེགས་ཐལ་དུ་བ་མ་ཤོར་བར༔ སྐྱེར་པའི་མེ་ཡིས་བསྲེགས་ནས་སུ༔ མར་དང་སྦྱར་ནས་དུས་གསུམ་བསྟེན༔ གཟེར་དང་ཤ་འགུལ་གནས་སུ་བྱུག༔ རབ་གནས་ཡི་དམ་དྲག་བསྙེན་བྱ༔ རྒོད་བསྟེན་ནུས་པ་རྣོ་ལ་རྩུབ༔ གསུམ་ག་བྲིས་ནས་བཏགས་པ་ན༔ སྲུང་བའི་མཆོག་ཏུ་ཤེས་པར་བྱ༔ སྤེལ་ན་རང་ལ་འཁུ་ལྡོག་འོང་༔ གདམས་པ་འདི་འདྲ་ས་སྟེང་དཀོན༔ རྣོ་མྱུར་ཟབ་པའི་མཐར་ཐུག་ཡིན༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ རིག་འཛིན་ཆེན་པོ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་ཐུགས་གཏེར་གྱི་ཆོས་སྡེ་ལས་དག་པར་ཕབ་པའི་ཡི་གེའི་རིས་བྱེད་བསོད་ནམས་ཆོས་བཟང་ངོ་༔ དགེའོ༔
གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་དགྲ་ཆིངས་མཆོག་ཏུ་ཟབ་པ་བཀའ་རྒྱ་ཅན།
࿅༔ གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ཀྱི་དགྲ་ཆིངས་མཆོག་ཏུ་ཟབ་པ་བཀའ་རྒྱ་ཅན༔ འཇམ་དཔལ་དྲག་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ དགྲ་དང་ཁ་མཆུ་མི་འོང་བའི་ཐབས་ལ༔ སྨྱུག་མ་གཤགས་པ་བཅུ་གཉིས་ལ༔ མདའ་མཐོ་གང་བ་བཅུ་གཉིས་བྱ༔ དེ་ལ་ལོ་འགྲོས་བཅུ་གཉིས་ཀྱི༔ རྐུན་མ་མཐེ་བོང་ཙམ་ཤོག་བུ་ལ་བྲི༔ མཚོན་གྱིས་མནན༔ མདའ་རྣམས་ཀྱི་མགུལ་དུ་བཏགས༔ མདའ་རྣམས་ཀྱི་སྐེད་པར་དར་མཐིང་ནག་གིས་བཅིངས༔ དུས་ཚོད་ཉི་མ་དྲོས་ཙམ་མདའ་རྣམས་རང་ལ་ཕྱིར་ལོག་ལན་གསུམ་སྐོར་ལ༔ ཀ་བའམ༔ མཛོད་དམ༔ ལྷ་རྟེན་གྱི་ཀ་བ་ལ་བཅིངས་ན་ཕྱི་ནས་ཚེས་ཀྱིས་དྲིལ་ཏེ་གཞན་གྱིས་མི་མཐོང་བར་བྱ༔ དེས་ནི་བསྐལ་པར་དགྲ་ཡང་མི་སྲིད༔ དགྲ་དང་ཁ་མཆུ་མི་འོང་བར་བྱེད་པའི་མན་ངག་ཤིན་ཏུ་གསང་བ་ལས་རབ་རྩལ་གྱིས་བཀོད་པ་བཀའ་རྒྱ་ཅན་ནོ༔ མངྒ་ལཾ༔
གཤིན་རྗེ་དགྲ་ཕུང་གི་རྒྱུན་ཁྱེར་པདྨ་ཀློང་ཡངས་ཀྱི་གསུང་།
༄༅༔ གཤིན་རྗེ་དགྲ་ཕུང་གི་རྒྱུན་ཁྱེར་བཞུགས་སོ༔
ༀ་ཨཱཿཧཱུྃ༔ ཀུན་བཟང་རྡོར་འཆང་འཇམ་དཔལ་གསང་བའི་བདག༔ འཇམ་དཔལ་བཤེས་གཉེན་པདྨ་འབྱུང་གནས་དང་༔ མཚོ་རྒྱལ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ༔ བཻ་རོ་ལང་གྲོ་རྩ་བརྒྱུད་བླ་མ་དང་༔ གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ ཧཱུྃ༔ ཡེ་ཤེས་ཁྲོ་ཆེན་འབར་བའི་གཟི་བརྗིད་ཀྱིས༔ བགེགས་དང་དགྲ་སྡེ་བྱད་མ་གཟིར་ཞིང་བསྐྲད༔ བསྐལ་པའི་མེ་རླུང་རྡོ་རྗེའི་ཚྭ་ཚྭ་འཁྲུགས༔ མི་ཤིགས་སྲུང་བའི་འཁོར་ལོས་མཚམས་བཅད་དོ༔ རཾ་བཛྲ་
བྷྲུཾ་རཀྵ༔ ཧཱུྃ༔ བདུད་འཇོམས་གཤིན་རྗེའི་ལྷ་ལ་སྐྱབས་སུ་མཆི༔ མངོན་སྤྱོད་ལས་ཀྱིས་གདུལ་དཀའ་འདུལ་བར་བྱ༔ བྷནྡྷའི་སྣོད་དུ་གནོད་བྱེད་ཤ་ཁྲག་རུས༔ དམར་གཏོར་རཀྟ་མཆོད་པའི་སྤྲིན་ཕུང་འཁྲིགས༔ ༀ་ཨཱཿཧཱུྃ་ཧོ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས༔ སྟེང་དུ་གསེར་དང་འོག་ཏུ་གནམ་ལྕགས་ཀྱི༔ འཁོར་ལོ་རྩིབས་སྟོང་ཁ་སྦྱོར་གུར་ཁང་དབུས༔ བདག་དང་བསྲུང་བྱ་འཇམ་དཔལ་ཁྲོ་བོའི་རྒྱལ༔ སྐུ་མདོག་དམར་པོ་དུས་མཐའི་མེ་འོད་བཞིན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་
འཁྱིལ༔ མཆེ་བ་ཟངས་ཡག་ལྗགས་དམར་གློག་སྟོང་འཁྱུག༔ སྣ་ཚོགས་མཚོན་ཆ་ཐོགས་ཤིང་གསོད་ལ་རྔམ༔ ཞབས་གཉིས་དོར་སྟབས་བདུད་དང་བྱད་མ་བརྫིས༔ གར་དང་དུར་ཁྲོད་ཆས་ལྡན་མེ་དཔུང་འབར༔ གནམ་ལྕགས་ཞུན་ཐིགས་ཁྲོ་ཆུང་ཚྭ་ཚྭ་འཁྲུགས༔ སྤྱི་བོར་ཁྱུང་ཕོ་སྨུག་ནག་ལྡིང་བ་ཡིས༔ ཀླུ་དང་ས་བདག་སྲོག་རྩ་ཁོང་ནས་འབྱིན༔ ནུ་མ་གཡས་གཡོན་དུང་སེང་མང་པོ་འཕྱོ༔ ལྕགས་རལ་སྤྲུགས་ཤིང་གནོད་བྱེད་ཧབ་ཧབ་ཟ༔ སོག་པ་ཕན་ཚུན་སྟག་ཆེན་ངར་མ་རྒྱུག༔ གང་ལ་དམིགས་པ་ཧུར་ཐུམ་ཆོལ་བུར་གཏོང་༔ མཁལ་སྐེད་སྦྲུལ་ནག་ཁ་རླངས་དུག་སྤྲིན་འཐིབས༔ དགྲ་ལ་འགྱེད་ཅིང་མྱོས་རེངས་རྨུགས་པར་བྱེད༔ བདག་ཉིད་སངས་རྒྱས་སྟོང་རྩ་སྒྲུབ་སྡེ་དགུ༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་ངོ་བོར་བསམ༔ ཛཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་དང་བཅས༔ མཐུ་ཆེན་འཇམ་དཔལ་ཁྲོས་པའི་སྐུར་བཞེངས་ཤིག༔ བདུད་ཚོགས་འདུལ་བའི་ཐུགས་དམ་དུས་ལ་བབ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ བམ་
ཆེན་བྱད་མ་བསྣོལ་བའི་གདན་ལ་བཞུགས༔ ཡེ་ཤེས་ཁྲོ་ཆེན་སྐུ་ལ་ཕྱག་འཚལ་ལོ༔ དགྲ་བགེགས་བྱད་མ་ལྷ་དང་བཅས་པ་ཡི༔ ཤ་ཁྲག་རུས་པ་དོན་སྙིང་ནང་རོལ་དང་༔ དམ་རྫས་སྨན་གཏོར་རཀྟའི་མཆོད་པ་འདི༔ གཤེད་ཆེན་གཏུམ་རྔམ་ཁྲོས་པས་བཞེས་ཤིག་རོལ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་ཀུན་ལས་ཆེ་བའི་མཆོག༔ ཕས་ཀྱི་ལྷ་སྔགས་རང་གཤེད་རང་ལ་འབེབས༔ ཟ་བྱེད་རྔམ་དང་གསོད་བྱེད་ཁྲོས་པའི་ཐུགས༔ ཡཱ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་ཉིད་གཤིན་རྗེར་གསལ་བའི་སྙིང་ག་རུ༔ འཇམ་དཔལ་ཞི་སྐུ་གསེར་མདོག་འོད་ཟེར་འཕྲོ༔ དེ་ཡི་ཐུགས་ཀར་ཉི་ཟླའི་ལྟེ་བ་རུ༔ ཧཱུྃ་མཐིང་ཡ་དམར་མཐའ་བསྐོར་བཟླ་བྱའི་སྔགས༔ བཀླག་ཐབས་འཁོར་བའི་འོད་ཀྱིས་དོན་གཉིས་བྱས༔ གཟུང་འཛིན་དག་པ་རྡོ་རྗེ་གསུམ་གྱི་ངང་༔ ༀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ ཅི་ནུས་བཟླ༔ བདག་མདུན་འཇམ་དཔལ་སྐུ་ལས་རང་འདྲ་བའི༔ ཁྲོ་ཆེན་རི་རབ་ཚད་མཉམ་སེར་ལྟར་བབས༔ སྟོང་ཁམས་ཁྱབ་པ་ཙམ་དུ་རབ་ཏུ་གང་༔ མཐུ་སྟོབས་
གཟི་བརྗིད་ཉི་མ་འབུམ་ལྟར་འབར༔ འབྱུང་བ་བཞི་དང་ནད་མཚོན་དུག་ཐུན་ཆར༔ གསེར་ཟངས་གནམ་ལྕགས་འབར་བའི་འཁོར་ལོ་དང་༔ གནམ་ས་ཉི་མ་ཟླ་བ་ཆ་ལང་བརྡབ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་དང་༔ ནད་གདོན་བར་ཆད་རྩོམ་པའི་འབྱུང་པོ་དང་༔ ཕྱི་ནང་བན་བོན་བྱད་མ་ལྷ་སྲུང་བཅས༔ དབང་མེད་འགུགས་འཆིང་བསད་གཏུབ་ཤ་ཁྲག་རོལ༔ དཔུང་བཅོམ་གཡུལ་བཟློག་བསྐྲད་གཟིར་བསྲེགས་གཏོར་བཀྲུས༔ དམིགས་མེད་ནམ་མཁའ་ལྟ་བུའི་ངང་དུ་སྦྱངས༔ ཁྲོ་ཚོགས་རྔམ་པའི་སྔགས་སྒྲ་འུ་རུ་རུ༔ སྣང་སྲིད་ཟིལ་གནོན་དྲག་པོའི་ངར་གྱིས་བཟླ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿ རཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་མི་ཁ་ཐན་ལྟས་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མའི་སྲོག་ལ་རྦུད་རྦུད༔ ཁྲག་ལ་རྔུབས་རྔུབས༔ ཤ་རུས་ཁྲག་རྩ་ལ་སྣུར་སྣུར༔ གནོད་བྱེད་དགྲ་གདོན་ཐན་ལྟས་མི་ཁ་གྱོད་བྱུར་གོད་འདྲེ་ཕུང་སྲི་ཐམས་ཅད་དང་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་
ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ མང་དུ་བཟླ༔ བདག་གི་གནས་གསུམ་འབྲུ་གསུམ་ཡོངས་གྱུར་པས༔ རིགས་གསུམ་མགོན་དང་ཞི་ཁྲོའི་ཉམས་བརྒྱ་འབར༔ རང་མདངས་གཤེད་ཆེན་རུས་སྦལ་དུང་སེང་དང་༔ ཁྱུང་ཆེན་དཔལ་མགོན་རེ་ཏི་ཆོས་སྲུང་གིས༔ སྲུང་དང་བཟློག་པའི་ཕྲིན་ལས་མཛད་པར་གྱུར༔ ༀ་ཨེ་ཀ་ཡ་མ༔ ཧྲི་ཀ་ཡ་མ་ཡ༔ དྷི་ཀ་ཡ་མ༔ སརྦ་ཙིཏྟ་གཟེར་ཐུམ༔ བྷིག་ནན༔ ཏྲིག་ནན༔ རྦད་ཡ་བདག་ལ་རཀྴ༔ དགྲ་བགེགས་གནོད་བྱེད་སྲོག་ལ་ཧཱུྃ་ཕཊ༔ ཅེས་བཟླས་མཐར་མཆོད་བ སྟོད་དང་༔ དམར་གཏོར་བྱིན་གྱིས་བརླབས་ནས༔ བྷྱོ༔ སྙིགས་མ་ལྔ་ཡི་ཐ་མ་ལ༔ སེམས་ཅན་རྣམས་ཀྱིས་ལས་ངན་སྤྱོད༔ རཱུ་ཏྲ་མེ་ལྟར་འབར་བའི་དུས༔ རིག་འཛིན་ཀུན་གྱི་དངོས་གྲུབ་ཡལ༔ ཡེ་ཤེས་ལྷ་རྣམས་བྱིན་རླབས་ཉམས༔ འཇིག་རྟེན་ལྷ་རྣམས་དམ་བཅའ་གཏོང་༔ སྒྲུབ་པའི་འབྲས་བུ་བྲལ་བའི་ཚེ༔ བཅོམ་ལྡན་འཇམ་དཔལ་ལྷག་པའི་ལྷ༔ དུས་གསུམ་རྟག་པར་ཁྱོད་ལ་འདུད༔ སངས་རྒྱས་གཞན་ལས་ཁྱད་པར་གྱི༔ གང་གི་ཐུགས་བསྐྱེད་ཟབ་མོ་ཡི༔ དེ་རིང་བདག་གིས་གནད་ནས་བསྐུལ༔ ཞི་རྒྱས་
དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ བྷྱོ༔ ལུས་ཅན་དང་ནི་སེམས་ཅན་རྣམས༔ ཞི་བར་སྦྱོར་མཛད་འཇམ་དཔལ་དབྱངས༔ སྲོག་ལ་བརྟེན་པའི་ཁམས་གསུམ་པོ༔ གསོད་པར་བྱེད་པའི་གཤིན་རྗེའི་གཤེད༔ ཕྱི་ནང་བན་བོན་མུ་སྟེགས་མཁན༔ སྔགས་བདག་སྲུང་མ་རང་གཤེད་འབེབས༔ མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ༔ མཐུ་དང་ནུས་པ་ཀུན་གྱི་བདག༔ མ་བསྐུལ་པ་ཡང་བསྟན་པའི་དགྲའི༔ སྙིང་ལ་རྔམ་པའི་དྲག་རྩལ་ཅན༔ བསྐུལ་ཞིང་རྦད་པའི་ལས་བརྩམས་ཚེ༔ སངས་རྒྱས་བསོད་ནམས་སྐུ་འཇིག་ཅིང་༔ ཚངས་དབང་འཆི་བདག་ཞགས་པ་འདེབས༔ སྐྱེ་འགྲོ་གཞན་ལ་སྨོས་ཅི་དགོས༔ དེ་ཕྱིར་འཇིགས་བྱེད་ཁྲོ་བོའི་རྒྱལ༔ ཧེ་རུ་ཀ་དཔལ་གཤིན་རྗེའི་གཤེད༔ སྙིང་རྗེ་བྲལ་བའི་གཟུགས་ཀྱིས་ནི༔ ཐོགས་པ་མེད་པའི་ཕྲིན་ལས་ཀྱིས༔ སྣང་སྲིད་གང་བར་རབ་སྤྲོས་ཏེ༔ དགྲ་བགེགས་བྱད་མ་ལོག་འདྲེན་རྣམས༔ འཛིན་འཆིང་བརྡེག་ཕུང་བསྡམས་ནས་སུ༔ བླ་སྲོག་རྣམ་ཤེས་གནས་ནས་ཁུག༔ གསོད་ཐུབ་གཟིར་
བའི་ལས་མཛོད་ལ༔ དྲག་པོའི་ཤུགས་ཀྱིིས་མྱུར་དུ་སྒྲོལ༔ གཅན་སྤྱང་ཤ་ལ་རུབ་པ་བཞིན༔ ལྷག་མ་ཙམ་ཡང་མེད་པར་རོལ༔ དགྲ་དཔུང་ཤིགས་ལ་བགེགས་དཔུང་ཆོམས༔ བྱད་མ་རང་གཤེད་རང་ལ་ཕོབས༔ གྱོད་བྱུར་མི་ཁ་ཐན་ལྟས་ཟློགས༔ དམ་སྲི་སྒབ་འདྲེ་འབྱུང་པོ་ཐུལ༔ ནད་རིམས་རྐྱེན་དང་བར་ཆད་སྒྱུར༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གཤིན་རྗེའི་དམག་ཚོགས་ལས་ལ་བྷྱོ༔ མངོན་སྤྱོད་ལས་ལ་བང་མ་བུལ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པས་འབུལ༔ རྗེས་ཆོག་ནི༔ ཧཱུྃ༔ སྲུང་གུར་གཞལ་ཡས་ལྷ་ཚོགས་འཇའ་ལྟར་དེངས༔ དགེ་བས་བདུད་བགེགས་བར་ཆད་ཀུན་བཅོམ་ནས༔ དོན་གཉིས་མཐར་བྱེད་འཇམ་དཔལ་སྐུ་འགྲུབ་པའི༔ བདུད་འཇོམས་གཤིན་རྗེའི་གཤེད་ཀྱི་བཀྲ་ཤིས་ཤོག༔ ཅེས་པའང་མོས་ལྡན་དམ་ཚིག་དང་འབྲེལ་བའི་མཆེད་པོ་འགས་བསྐུལ་མ་ཕེབས་པ་ཇི་ལྟ་བ་བཞིན་གཏེར་གཞུང་རྩ་བའི་ཡིག་ཆ་ལས་ཞི་སྒྲུབ་དང་སྲུང་བཟློག་གི་དམིགས་རིམ་གཤེགས་བསྡུ་སོགས་ཀྱི་ཚིག་སྣ་ཉུང་ངུར་བསྡུས་ཏེ་དྲག་པོའི་རིམ་གཉིས་སྔགས་ཀྱི་ལམ་ལ་སློབ་པའི་བཙུན་པ་པདྨ་ཀློང་ཡངས་རྡོ་རྗེ་ཁྲག་འཐུང་ཁྲོས་པའི་གར་གྱིས་དམ་པའི་བསྟི་གནས་སུ་བྲིས་པ་མངྒ་
ལཾ༔ དགེའོ༔ དགེའོ༔ དགེའོ༔
འཇམ་དཔལ་གཤིན་རྗེའི་ཟབ་བཅུད་བསྡུས་པ།
࿅༔ འཇམ་དཔལ་གཤིན་རྗེའི་ཟབ་བཅུད་བསྡུས་པ་བཞུགས་སོ༔ ཧཱུྃ༔ ཡེ་ཤེས་ཁྲོ་ཆེན་འབར་བའི་གཟི་བརྗིད་ཀྱིས༔ བགེགས་དང་དགྲ་སྡེ་བྱད་མ་གཟིར་ཞིང་བསྐྲད༔ བསྐལ་པའི་མེ་རླུང་རྡོ་རྗེའི་ཚྭ་ཚྭ་འཁྲུགས༔ མི་ཤིགས་སྲུང་བའི་འཁོར་ལོས་མཚམས་བཅད་དོ༔ རཾ་བཛྲ་བྷྲུཾ་རཀྵ༔ ཧཱུྃ༔ བདུད་འཇོམས་གཤིན་རྗེའི་གཤེད་ལ་སྐྱབས་སུ་མཆི༔ མངོན་སྤྱོད་ལས་ཀྱིས་གདུལ་དཀའ་འདུལ་བར་བྱ༔ བྷནྡྷའི་སྣོད་དུ་གནོད་བྱེད་ཤ་ཁྲག་རུས༔ དམར་གཏོར་རཀྟ་མཆོད་པའི་སྤྲིན་ཕུང་འཁྲིགས༔ ༀ་ཨཱཿཧཱུྃ་ཧོ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས༔ སྟེང་དུ་གསེར་དང་འོག་ཏུ་གནམ་ལྕགས་ཀྱི༔ འཁོར་ལོ་རྩིབས་སྟོང་ཁ་སྦྱོར་གུར་ཁང་དབུས༔ བདག་དང་བསྲུང་བྱ་འཇམ་དཔལ་ཁྲོ་བོའི་རྒྱལ༔ སྐུ་མདོག་དམར་པོ་དུས་མཐའི་མེ་འོད་བཞིན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཟླུམ་འཁྱིལ༔ མཆེ་བ་ཟངས་ཡག་ལྗགས་དམར་གློག་སྟོང་འཁྱུག༔ སྣ་ཚོགས་མཚོན་ཆ་ཐོགས་ཤིང་གསོད་ལ་རྔམ༔ ཞབས་གཉིས་དོར་སྟབས་བདུད་དང་བྱད་མ་བརྫིས༔ གར་དང་དུར་ཁྲོད་
ཆས་ལྡན་མེ་དཔུང་འབར༔ གནམ་ལྕགས་ཞུན་ཐིགས་ཁྲོ་ཆུང་ཚྭ་ཚྭ་འཁྲུགས༔ སྤྱི་བོར་ཁྱུང་ཕོ་སྨུག་ནག་ལྡིང་བ་ཡི༔ ཀླུ་དང་ས་བདག་སྲོག་རྩ་ཁོང་ནས་འབྱིན༔ ནུ་མ་གཡས་གཡོན་དུང་སེང་མང་པོ་འཕྱོ༔ ལྕགས་རལ་སྤྲུགས་ཤིང་གནོད་བྱེད་ཧབ་ཧབ་བཟའ༔ སོག་པ་ཕན་ཚུན་སྟག་ཆེན་ངར་མ་རྒྱུག༔ གང་ལ་དམིགས་པ་ཧུར་ཐུམ་ཆོལ་བུར་གཏོང་༔ མཁལ་སྐེད་སྦྲུལ་ནག་ཁ་རླངས་དུག་སྤྲིན་འཐིབས༔ དགྲ་ལ་འགྱེད་ཅིང་མྱོས་རེངས་རྨུགས་པར་བྱེད༔ བདག་ཉིད་སངས་རྒྱས་སྟོང་རྩ་སྒྲུབ་སྡེ་དགུ༔ ཞི་ཁྲོ་རབ་འབྱམས་ཀུན་འདུས་ངོ་བོར་གསལ༔ ཛཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་དང་བཅས༔ མཐུ་ཆེན་འཇམ་དཔལ་ཁྲོས་པའི་སྐུར་བཞེངས་ཤིག༔ བདུད་ཚོགས་འདུལ་བའི་ཐུགས་དམ་དུས་ལ་བབ༔ དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ བམ་ཆེན་བྱད་མ་བསྣོལ་བའི་གདན་ལ་བཞུགས༔ ཡེ་ཤེས་ཁྲོ་ཆེན་སྐུ་ལ་ཕྱག་འཚལ་ལོ༔ དགྲ་བགེགས་བྱད་མ་ལྷ་དང་བཅས་པ་ཡི༔ ཤ་ཁྲག་རུས་པ་དོན་སྙིང་ནང་རོལ་དང་༔ དམ་
རྫས་སྨན་གཏོར་རཀྟའི་མཆོད་པ་འདི༔ གཤེད་ཆེན་གཏུམ་རྔམ་ཁྲོས་པས་བཞེས་ཤིག་རོལ༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་ཀུན་ལས་ཆེ་བའི་མཆོག༔ ཕས་ཀྱི་ལྷ་སྔགས་རང་གཤེད་རང་ལ་འབེབས༔ ཟ་བྱེད་རྔམ་དང་གསོད་བྱེད་ཁྲོས་པའི་ཐུགས༔ ཡ་མནྟ་ཀའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་ཉིད་གཤིན་རྗེར་གསལ་བའི་སྙིང་ཁ་རུ༔ འཇམ་དཔལ་ཞི་སྐུ་གསེར་མདོག་འོད་ཟེར་འཕྲོ༔ དེ་ཡི་ཐུགས་ཀར་ཉི་ཟླའི་ལྟེ་བ་རུ༔ ཧཱུྃ་མཐིང་ཡ་དམར་མཐའ་བསྐོར་བཟླ་བྱའི་སྔགས༔ བཀླག་ཐབས་འཁོར་བའི་འོད་ཀྱིས་དོན་གཉིས་བྱས༔ གཟུང་འཛིན་དག་པ་རྡོ་རྗེ་གསུམ་གྱི་ངང་༔ ༀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ ཅི་ནུས་བཟླ༔ བདག་མདུན་འཇམ་དཔལ་སྐུ་ལས་རང་འདྲ་བའི༔ ཁྲོ་ཆེན་རི་རབ་ཚད་མཉམ་སེར་ལྟར་བབས༔ སྟོང་ཁམས་ཁྱབ་པ་ཙམ་དུ་རབ་ཏུ་གང་༔ མཐུ་སྟོབས་གཟི་བརྗིད་ཉི་མ་འབུམ་ལྟར་འབར༔ འབྱུང་བ་བཞི་དང་ནད་མཚོན་དུག་ཐུན་ཆར༔ གསེར་ཟངས་གནམ་ལྕགས་འབར་བའི་འཁོར་ལོ་དང་༔ གནམ་ས་ཉི་མ་ཟླ་བ་ཆ་ལང་
བརྡབ༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་དང་༔ ནད་གདོན་བར་ཆད་རྩོམ་པའི་འབྱུང་པོ་དང་༔ ཕྱི་ནང་བན་བོན་བྱད་མ་ལྷ་སྲུང་བཅས༔ དབང་མེད་འགུགས་འཆིངས་བསད་གཏུབ་ཤ་ཁྲག་རོལ༔ དཔུང་བཅོམ་གཡུལ་བཟློག་བསྐྲད་གཟིར་བསྲེགས་གཏོར་བཀྲུས༔ དམིགས་མེད་ནམ་མཁའ་ལྟ་བུའི་ངང་དུ་སྦྱངས༔ ཁྲོ་ཚོགས་རྔམ་པའི་སྔགས་སྒྲ་འུ་རུ་རུ༔ སྣང་སྲིད་ཟིལ་གནོན་དྲག་པོའི་ངར་གྱིས་བཟླ༔ ༀ་ཏྲི་ལིང་ཤ༔ རོ་ལིང་ཤ༔ ག་ཐུན་བུ་ཏྲི་ཛཿརཀྴ་རྣྲི་ཛཿཛཿ རྣྲི་དུ་རྣྲི་དུ༔ ནག་པོ་ཙི་ཏྲ་དུ་རུ་ཉི་མ་སྟེ༔ གནོད་བྱེད་དགྲ་གདོན་མི་ཁ་ཐན་ལྟས་གྱོད་བྱུར་སྲི་ངན་གོད་འདྲེ་སྒབ་འདྲེ་བན་བོན་མུ་སྟེགས་བྱད་མ་ནག་པོ་ཙི་ཙི་ཏྲ་རྦད་རྦད་ཟློགས་ཟློགས༔ ཧཱུྃ༔ སྲུང་བའི་གུར་ཁང་གཞལ་ཡས་ལྷ་ལ་ཐིམ༔ གཙོ་འཁོར་རིམ་ཡལ་འཇའ་ཚོན་དེངས་པ་བཞིན༔ རང་རིག་མ་བཅོས་ཆེན་པོའི་ཀློང་ཡངས་སུ༔ ཀུན་བཟང་རོལ་པ་ཆེན་པོའི་ངང་དུ་བཞག༔ ཧོ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་བསྙེན་བསྒྲུབས་མཐུས༔ བདུད་དང་བགེགས་ཚོགས་བར་ཆད་ཀུན་བཅོམ་ནས༔ རང་
གཞན་དོན་གཉིས་མ་ལུས་མཐར་ཕྱིན་ཏེ༔ འགྲོ་ཀུན་ཡང་དག་སངས་རྒྱས་ཐོབ་པར་ཤོག༔ ཧཱུྃ༔ ལྷག་པའི་ལྷ་མཆོག་བྱིན་རླབས་ཡོན་ཏན་གཏེར༔ དངོས་གྲུབ་ཕྲིན་ལས་ཐོགས་པ་མེད་པའི་དཔལ༔ ཞི་དང་ཁྲོ་གར་སྣ་ཚོགས་སྟོན་མཛད་པ༔ བདུད་འཇོམས་གཤིན་རྗེའི་གཤེད་ཀྱི་བཀྲ་ཤིས་ཤོག༔ ཤིས་བརྗོད་ཅིི་རིགས་བྱའོ༔ ཞེས་པ་འདི་གཤིན་རྗེ་དགྲ་བགེགས་ཕུང་བྱེད་ཀྱི་ཟབ་བཅུད་གུད་དུ་སྦས་པ་ལས་རབ་རྩལ་གྱིས་བཀོད་པ་དགེ་ཞིང་བཀྲ་ཤིས་སོ༔
ཐུགས་གསང་བསྙེན་ཡིག་ཁམས་གསུམ་དབང་བྱེད་ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་།
༄༅། །ཐུགས་གསང་བསྙེན་ཡིག་ཁམས་གསུམ་དབང་བྱེད་ཅེས་བྱ་བ་བཞུགས་སོ། །
རྒྱལ་ཀུན་གསང་གསུམ་འདུས་པའི་བདག་ཉིད་ཆེ། །ཡི་དམ་ལྷ་མཆོག་གང་དེར་གུས་ཕྱག་འཚལ། །ཐུགས་སྒྲུབ་སུམ་དྲིལ་བསྙེན་པའི་གསལ་བྱེད་ཅིག །བཀོད་པ་རྩ་གསུམ་དམ་ཅན་གནང་བ་སྩོལ། །དེ་ཡང་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱི་དགོངས་གཏེར་ཐུགས་གསང་སུམ་སྦྲགས་ཀྱི་བསྙེན་པའི་བྱ་བ་ལ་འཇུག་པའི་ཚེ་གཞུང་ལས། བདག་མདུན་སྦྲེལ་མའི་སྤྲོས་བཅས་སྒྲུབ་པ་ལ། །དཀྱིལ་འཁོར་དབུས་སུ་ཕུར་པ་སྐུ་རྟེན་སོགས། །སྨན་གཏོར་རཀྟ་མཆོད་རྫས་རྒྱན་ལྡན་བཤམས། །ཞེས་པ་ལྟར་
འདུ་བྱས་ལ་ཆོ་ག་ལས་རིམ་དང་ལས་རིམ་གྱི་འགེབ་གཉིས་སྤྲད་ལ་བསྙེན་ཡིག་སྤྱི་འགྲོས་ལྟར་ཚོགས་བསགས་དགེ་བའི་དཔུང་བསྐྱེད་པ་སྔོན་འགྲོ་སྦྱངས་པ་སོགས་བྱས་ལ། སྒྲུབ་པོའི་གདན་འོག་ཏུ་འབྲུ་དཀར་གཡུང་དྲུང་བཀོད་པ་རྒྱལ་ཆེན་ཕྱོགས་སྐྱོང་ལ་ཕྲིན་ལས་བཅོལ། གཏོར་མ་ཕུལ། སྒོར་མཚམས་ཐོ་བཞག བརྒྱུད་པའི་བླ་མ་ལ་གསོལ་འདེབས་མོས་གུས་དྲག་པོ་བྱས་ལ་བརྒྱུད་པའི་བླ་མ་རང་ལ་བསྟིམ། དཀར་བགེགས་བཏང་བགེགས་བསྐྲད་མཚམས་བཅད། སྐྱབས་འགྲོ་སེམས་བསྐྱེད་དང་། མཆོད་པ་
བྱིན་རླབས། བྱིན་འབེབས་རྣམས་བྱས་ལ། དངོས་གཞི་ལྷ་བསྐྱེད་པ་ནི། ཧཱུྃ༔ བརྗོད་དུ་མེད་པའི་སྟོང་ཉིད་ཆེན་པོའི་ངང་༔ སོགས་ནས་སྤྱན་དྲངས་གྱུར༔ བར་འདོན་ལ་ཏིང་འཛིན་གསུམ་ལྡན་དང་སྲུང་བའི་གུར་ཆེན་མཚོན་ཆ་སྣ་ཚོགས་འབར་བའི་དབུས། ཁམས་གསུམ་སྲིད་གསུམ་དབང་དུ་བྱེད་པའི་དབང་དྲག་འབར་བའི་ཕོ་བྲང་འོད་དམར་འཁྱིལ་བའི་ཀློང་། བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་རང་གཞུང་ལྟར་གསལ། དེའི་ཐུགས་ཀར་གུ་རུ་པདྨ། དེའི་ཐུགས་ཀར་དཔལ་ཡང་དག་དེའི་ཐུགས་ཀར་པད་ཉིའི་སྟེང་ཧཱུྃ་མཐིང་གསལ། སྤྲོ་ན་ལས་རིམ་འགེབ་རྒྱས་པར་སྦྱར། བསྡུ་ན་ཧཱུྃ༔ ཞི་ཁྲོ་རབ་འབྱམས་སྐུ་གསུང་ཐུགས་ཀྱི་བདག༔ སོགས་ནས་ཕྱག་འཚལ་བསྟོད་པའི་བར་བཏང་། རང་གཞུང་ལས་བཟླས་པ་སྔགས་ཀྱི་དམིགས་པའི་ཞལ་ཁྲིད་ནི། ལྷ་གསུམ་སྦྲགས་པའི་ཡང་དག་དཔལ་ཆེན་པོ༔ ཞེས་པས། ཡང་དག་སྐུ་མདོག་མཐིང་ནག་ཕྱག་གཉིས་ཕུར་པ་འདྲིལ་བའི་ཐུགས་ཀར་པད་ཉིའི་སྟེང་ལ་ཧཱུྃ་མཐིང་ནག་གསལ་དེའི་
མཐར་སྔགས་ཕྲེང་ཡིག་འབྲུ་ༀ་ཨཱཿཡ་མནྟ་ཀ་ཧཱུྃ་ཕཊ༔ ཆྒཻ་མོའི་ཚབ་ཏུ་གཞུང་ལས་སྔགས་ཐེམས་འཇུག་པའི་ཞལ་ཤེས་གསང་བ་ནི་སྒོས་ཀྱིས་སྒྲུབ་ན་དམིགས་བྱའི་མིང་ཐེམ་བཅུག སྤྱི་སྒྲུབ་བྱེད་ན་ཛྙཱ་ན་ལོ་ཀ་སརྦ། ཡང་ན་ལྷ་འདྲེ་མི་གསུམ་ཞེས་པའི་དམིགས་བསལ་མེད་ན། ཛྙཱ་ན་ལོ་ཀ་སརྦའམ་ལྷ་འདྲེ་མི་གསུམ་གྱིས། ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུ་ཛྙཱ་ན་པཱུཎྱེ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པའི་གཡས་སུ་བསྐོར། ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དམར་པོ་ཕྱོགས་བཅུར་འཕྲོས། ཁམས་གསུམ་འཁོར་འདས་མ་ལུས་པའི་ཚེ་དཔལ་སྟོབས་འབྱོར་བྱིན་རླབས་གཟི་འོད་ཀྱི་རྣམ་པར་བསྡུས་ཧཱུྃ་གི་ཞབས་ཀྱུ་ལ་བསྟིམ། ཁྱད་པར་དམིགས་བྱའི་སྙིང་དབུས་ནྲི་ལ་ཕོག་པས་འདར་ཞིང་གཡོས་པས་དམིགས་བྱའི་ལུས་ངག་ཡིད་གསུམ་དབང་དུ་བསྡུས། འོད་དམར་པོའི་རྣམ་པར་ཞུ་ནས་རང་གི་ཐུགས་སྲོག་གི་ཞབས་ཀྱུ་ལ་བསྟིམ། རང་གཟི་འོད་འབར་བར་བསམ་སྔགས་བཟླ། སླར་ཡང་སྐྱེ་འགྲོ་ལྷ་དང་ལྷ་མོར་ཡོངས་སུ་ཤར། རང་གི་
ཐུགས་ཀའི་ཧཱུྃ་ལས་སྤྲོས་པས་མི་ཟད་པའི་ཏིང་འཛིན་གྱིས་མཆོད་སྤྲིན་བསྟབས་པས། ལྷ་དང་ལྷ་མོ་དགྱེས་པར་ཚིམས་ནས་རང་དབང་མེད་པར་གླུ་གར་དང་བཅས་བདག་ལ་ཐིམ་དབྱེར་མེད་བདེ་བ་ཆེན་པོར་རོལ་བའི་ངང་ནས་སྔགས་བཟླས། ཡང་སྟེང་གི་ནམ་མཁར་བླ་མ་རིག་འཛིན་དང་བར་དུ་ཡི་དམ་དཔའ་བོ་རྣལ་འབྱོར་མ་འོག་ཏུ་མ་མགོན་ཆོས་སྐྱོང་སྡེ་ཚོགས་བཅས་ལྷ་མིའི་ཁྲོམ་ལྟར་ཚོགས་ནས་བདག་ཉིད་ཀྱི་མཐུ་དཔུང་མཛད་ཅིང་སྔགས་སྒྲ་སྒྲོགས་པར་བསྒོམ་སྔགས་བགྲང་། ཁྱད་པར་གྱི་སྔགས་དམིགས་ནི་རང་གི་ཐུགས་ཀའི་ཡང་དག་གི་ཕྱག་མཚན་ཕུར་པའི་ཁོང་གསེང་ལས་འོད་དམར་པོ་ཁང་སྟོང་སྦུ་གུ་ཅན་འཕྲོས་ཕ་རོལ་དམིགས་བྱ་ལྷ་འདྲེ་མི་གསུམ་ཁམས་གསུམ་འགྲོ་བ་ཕོ་མོའི་སྙིང་ཁར་ཟུག་པས་འཕར་གཡོས་འདར་བར་གྱུར་ནས་ལུས་ངག་ཡིད་གསུམ་ཚེ་བསོད་ཐམས་ཅད་སྦུ་གུས་ཆུ་དྲངས་པ་བཞིན་འོད་བཀྲག་གཟི་བྱིན་མདངས་དང་ལྡན་པ་མེར་གྱིས་བསྡུས་རང་གི་ཐུགས་ཀར་ཐིམ་ཕ་རོལ་མདངས་ཉམས་པར་བསམ། ཧཱུྃ་ཧཱུྃ་ཧཱུྃ་བརྗོད། རྒྱལ་བ་
ཞི་ཁྲོའི་སྐུ་གསུང་ཐུགས་ཀྱི་བྱིན་འབེབས་ཀྱི་སྔགས་དམིགས་ནི་ཡང་དག་གི་ཕྱག་མཚན་ཕུར་པའི་ཁོང་སེང་ལས་འོད་དམར་སྦུ་གུ་ཅན་གྲངས་མེད་པ་འཕྲོས་པས་རབ་འབྱམས་རྒྱལ་བ་ཞི་ཁྲོའི་ཐུགས་ཀ་དང་གནས་གསུམ་ༀ་ཨཱཿཧཱུྃ་གསུམ་ལ་ཟུག རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་བྱིན་རླབས་ཐམས་ཅད་འོད་དཀར་ལ་འཚེར་བ་སེར་ལ་གསལ་བ་དམར་ལ་སྣུམ་པ་ལྗང་ལ་གནག་པ། མཐིང་ལ་བཀྲག་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཐིམ། རྒྱལ་བ་ཞི་ཁྲོའི་ཐུགས་དང་དབྱེར་མེད་པར་ཆོས་ཉིད་ཁྱབ་བརྡལ་མ་བཅོས་ཀ་དག་གི་དགོངས་པའི་ངང་ནས་ཧཱུྃ་ཧཱུྃ་ཧཱུྃ་ཅི་ནུས་བརྗོད་དེ་ཡང་སྔགས་དམིགས་སོ་སོ་ལྷ་ལ་ཨཿདཀར། འདྲེ་ཏྲི་ནག་པོ། མི་ལ་ནྲྀ་ཡིག་ལྗང་གུ་གྲངས་མེད་བྱུང་བ་རང་གི་གནས་གསུམ་དང་ཁྱད་པར་ཐུགས་སྲོག་ལ་བསྟིམས་ནས་གསང་གསུམ་མཐུ་བྱིན་ཐོབ་པར་བསམ་པ་གལ་ཆེ། གཞུང་ལས། རྟགས་མཚན་མ་གསལ་བར་དུ་ནན་གྱིས་སྒྲུབ༔ གསུངས་པས། རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་ཞལ་མཇལ་བ་ཉམས་རྟོགས་ཁྱད་པར་ཅན་
རྒྱུད་ལ་སྐྱེ་བ་སོགས་མ་བྱུང་བར་སྔགས་ལ་འབད། བསྙེན་ཚད་རབ་བྱེ་བ། འབྲིང་འབུམ། ཐ་མ་ཁྲི འོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླ། མཆོད་བསྟོད། འཇིགས་པ་བརྒྱད་སོགས་ཀྱིས་དངོས་གྲུབ་ལེན། རྒྱས་པར་སྤྲོ་ན། ཧཱུྃ༔ འཕྲུལ་དགའ་ལྷ་ཡི་རང་ལ་རང་མཚོ་ལྟར༔ ནས་ཁྱེད་ཀྱི་ཐུགས་རྗེས་ཞི་བར་མཛད་དུ་གསོལ་བར་བྱས་ཀྱང་ཆོག་འདྲ། རྗེས་ཕུད་གཏོར་འབུལ་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་ནས་ཝཱ་ཤཾ་ཀུ་རུ་ས་མ་ཡ་ཛཿཛཿ བར་ཚོགས་ལས་རིམ་འགེབ་ལྟར་བྱ། རྒྱུན་དུ་ཧཱུྃ་དམིགས་མཚན་སྤྲོ་བསྡུ་སྟོང་ཆེན་ངང་དུ་ཞི། ནས་བཀྲ་ཤིས་ཤོག །སོགས་བྱའོ། །བསྙེན་པ་གྲོལ་ཁར་དངོས་གྲུབ་ལེན་པ་སོགས་སྤྱི་ལྟར་བྱའོ།། །།
གཤིན་རྗེ་དགྲ་ཕུང་ནག་པོའི་བསྙེན་ཡིག་བྱད་མ་འཇོམས་པའི་མཚོན་འཁོར་ཀུན་བཟང་ཐེག་མཆོག་རྡོ་རྗེའི་གསུང་།
༄༅།། གཤིན་རྗེ་དགྲ་ཕུང་ནག་པོའི་བསྙེན་ཡིག་བྱད་མ་འཇོམས་པའི་མཚོན་འཁོར་ཞེས་བྱ་བ་བཞུགས་སོ། །
འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ལ་གཤིན་རྗེ་གཤེད་དགྲ་བགེགས་ཕུང་བྱེད་ནག་པོའི་བསྙེན་པ་བྱ་བ་ལ། གཞུང་ལྟར་མཆོད་རྟེན་སྒྲུབ་རྫས་བསང་། བརྒྱུད་པའི་གསོལ་འདེབས་ཀུན་བཟང་རྡོར་འཆང་འཇམ་དཔལ་གསང་བའི་བདག་སོགས་བྱ། རྒྱས་པར་སྤྲོ་ན་ལས་རིམ་འགེབ་སྦྱར། བསྡུ་ན་ཧཱུྃ་ཡེ་ཤེས་ཁྲོ་ཆེན་འབར་བའི་གཟི་བརྗིད་ཀྱིས༔ སོགས་ནས་ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས ༔ སྟེང་དུ་གསེར་འཁོར་འོག་ཏུ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་ཁ་སྦྱོར་གྱི་དབུས་བམ་ཆེན་
བྱད་མ་བསྣོལ་བའི་སྟེང་བདག་དང་བསྲུང་བྱ་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་སོགས་ནས་སྣ་ཚོགས་མཚོན་ཆ་ཐོགས་ཞེས་པ་མཚོན་ཆའི་རིགས་བྱེད་སྣ་ཚོགས་དང་། བསྡུ་ན། ཕྱག་གཡས་གཅོད་བྱེད་ཀྱི་རལ་གྲི་དང་། འཇོམས་བྱེད་ཀྱི་རྡོ་རྗེ་འབར་བ་དང་། ཕྱག་གཡོན་འདེབས་བྱེད་ཀྱི་ཕུར་པ་དང་། མཚོན་ཆ་འབར་བའི་འཁོར་ལོ་བསྣམས་པ། རྒྱན་གྱི་ལྷ་བརྒྱད་ལྡན་ཞིང་དུར་ཁྲོད་དང་དཔལ་ཆས་རྫོགས་པ་སྐུ་ལས་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བ། སྒེག་དཔའ་འཇིགས་པའི་སྐུ་ཡི་གར་ཉམས་གསུམ་དགོད་གཤེ་རྔམ་པའི་གསུང་
གི་ཉམས་གསུམ་ཞི་ཉམས་སྡང་ཉམས་གཏུམ་ཉམས་ཐུགས་ཀྱི་ཉམས་གསུམ་སྟེ་གར་དགུས་བརྗིད་པར་གསལ། སྤྱན་འདྲེན་སྤྲོ་ན་ལས་རིམ་གྱིས་འགེབ་སྦྱར། བསྡུ་ན་ལས་རིམ་ལྟར་བསྟོད་པའི་བར་བྱ། བཟླས་པ་ནི་རང་ཉིད་གཤིན་རྗེར་གསལ་བའི་ཐུགས་ཀར་བླ་མའི་ངོ་བོ་འཇམ་དཔལ་ཞི་སྐུ་གསེར་མདོག་ཏུ་གསལ་བའི་ཐུགས་ཀར་ཉི་ཟླའི་ལྟེ་བར་ཧཱུྃ་མཐིང་ག་སོགས་ནས་མཐུ་སྟོབས་གཟི་བྱིན་དང་ལྡན་པར་བསམ་ལ། ༀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ གྲངས་བསྙེན་འབུམ་ཕྲག་བདུན་བྱའོ། །བསྙེན་སྒྲུབ་ལས་གསུམ་འདུས་པ། བསྲུང་བཟློག་བསད་གསུམ་གཅིག་དྲིལ། སྤུ་གྲི་དྲག་སྔགས་བཟླ་བ་ནི། བདག་མདུན་གཉིས་ཆར་ཁྲོ་བོའི་སྐུ་རྒྱན་ཆ་ལུགས་རྫོགས་པ་ཕྱག་མཚན་མཚོན་ཆ་སྣ་ཚོགས་རྣོ་དབལ་ལྡན་པ་དཔག་མེད་འཕྲོས་པ། སོགས་ནས་དགྲ་བགེགས་བྱད་མ་རང་གཤེད་རང་ལ་དབབ་པར་བསམ། ༀ་ཏྲི་ལིང་ཤ་སོགས་བཟླ། ཀླུ་གདོན་ས་བདག་གནོད་ན་རང་གཤིན་རྗེ་གཤེད་ཀྱི་སྐུའི་སྤྱི་བོའི་བྱ་ཁྱུང་ལས་ཁྱུང་དཀར་སེར་དམར་ལྗང་མཐིང་གའི་ཚོགས་འཕྲོས།
རིགས་བཞིའི་ཀླུ་རྣམས་རང་ལ་གང་གནོད་པ་དེ་བསད་བཅད་གཏུབ་རྡུལ་དུ་བརླགས་པར་བསམ་ལ་སྔགས་རིང་བཟླ། ཟོར་ལས་བྱེད་ན་གཏོར་མ་དང་མདུན་བསྐྱེད་བདག་ཉིད་ཡང་བཟློག་ཁྲོ་བོའི་སྐུར་གསལ་བའི་སྐུ་ལས་རང་འདྲའི་ཁྲོ་བོ་ཆེ་བ་རི་རབ་ཀྱི་ཚད་མཉམ། གྲངས་ཉི་ཟེར་གྱི་རྡུལ་དང་མཉམ་པ་སྟེང་འོག་ཕྱོགས་མཚམས་ཀུན་དང་སྣང་སྲིད་ཀུན་ལ་ཁྱབ་ཅིང་། སྟོབས་རྩལ་ནུས་སྟོབས་མེ་ལྟར་འབར་ཞིང་གློག་ལྟར་འཁྱུགས་པ་སེར་ལྟར་འདྲིལ་ཞིང་ཐོག་ལྟར་བབས་པ་ཀུན་ཀྱང་དྲག་པོའི་སྔགས་སྒྲ་སྒྲོགས་པས་ཁྲོ་གཏུམ་དྲག་ཤུལ་གྱིས་བྱད་མ་ནད་རིམས་དགྲ་བགེགས་ཐམས་ཅད་ལྕགས་ཞགས་ཐོགས་པའི་ཕོ་ཉའི་ཚོགས་རྣམས་ཀྱིས་བཟུང་ནས་དམ་དུ་བཅིངས། ཕོ་ཉ་རྡོ་རྗེ་ཕུར་པ་འཛིན་པ་རྣམས་ཀྱིས་གཟིར་ཞིང་སྲོག་རྩ་བཅད། རལ་གྲི་ཆུ་གྲི་སྤུ་གྲིའི་ཚོགས་ཐོགས་པ་སྤྲོས་པའི་ཕོ་ཉས་གཏུབ། རྩེ་གསུམ་མདའ་མདུང་ཚོགས་པ་སྤྲོས་པས་དགྲ་བགེགས་ཕུག་དང་རབ་ཏུ་གཤགས་པར་བསྒོམ། བེ་ཅོན་དབྱུག་ཏོ་ཐོ་བ་བསྣམས་པ་སྤྲོས་པས་ཕྱེ་མར་
འཐག ཐུན་ཆར་མེ་དཔུང་ཐོགས་པས་ཁྲོ་བོའི་ཚོགས་ཀྱིས་དགྲ་བགེགས་གཞོབ་ཐུལ་བསྲེགས་ཤིང་སྦྱངས། རླུང་ནག་སྤུ་གྲི་རེག་འཇོམས་ཐོགས་པས་གཏོར། བསྐལ་པའི་ཆུ་ཚན་ཐོགས་པའི་ཚོགས་ཀྱིས་བཀྲུས། གནོད་བྱེད་སྟོང་ཞིང་། ཡང་རི་རབ་ཐོགས་པས་དགྲ་བགེགས་བྱད་མ་ལྡང་མེད་དུ་མནན་པར་བསམ་པ་སོགས་དམིགས་པའི་མདེའུ་ཁ་གཞུང་ལྟར་འཕྲུལ་ཤེས་པར་བྱས་ལ་དྲག་སྔགས་རབ་བྱེ་བ། འབྲིང་འབུམ། ཐ་མ་ཁྲི་བཟླ་བ་གལ་ཆེའོ། །མཆོད་བསྟོད་དངོས་གྲུབ་ལེན་པ། ཚོགས་བསྐང་བ་གཞུང་ལྟར་བྱའོ། །སྐབས་སུ་བསྲུང་བཟློག་བྱ་འདོད་ན། ཧཱུྃ༔ བདག་ཉིད་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་དང་ཕྱག་མཚན་སོགས་ནས་དགྲ་བགེགས་གནོད་བྱེད་སྲོག་ལ་ཧཱུྃ་ཕཊ་བྷྱོ་བཟློག་ཡ། མི་ཚིག་མ་འདྲེས་ཐུན་བཅད་བཟླ། །མཐུ་དང་ནུས་པ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་དང་། ཡང་རྒྱུན་ཁྱེར་བརྒྱ་རྩ་མ་ཆག་ན༔ དགྲ་འདྲེ་བྱུར་གསུམ་ཁ་འཆིང་ཞིང་༔ གཉན་ལྷོག་དང་ནི་ནད་གདོན་རིགས༔ དུས་ངན་བཅོས་དུག་རྣམས་ལ་བསྔགས༔ ཞེས་
གསུངས་སོ། །དྲག་པོའི་སྔགས་རིང་བཟླ་སྐབས་ཐུན་གཏོར་འགུགས་བརླབས་བྱས་ལ། བྷྱོ༔ སྙིགས་མ་ལྔ་ཡི་ཐ་མ་ལ༔ སོགས་ནས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བར་བྱ། གཏོར་མ་དགྲ་ཕྱོགས་སུ་ཕུལ་རྗེས་ཀྱི་བྱ་བ་དངོས་གྲུབ་ལེན་པ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་འཇམ་དཔལ་གཤིན་རྗེའི་དགྲ་ཕུང་ཐུགས་གསང་གི་བསྙེན་ཡིག་གཤིན་རྗེའི་སྲུང་བཟློག་བསྡུས་པ་བཅས་འདི་ལྟ་བུ་དགོས་ཞེས་སྒྲུབ་བརྩོན་མགོན་བླ་བཀྲ་ཤིས་དོན་འགྲུབ་དང་བླ་མ་ཚེ་དབང་རྣམ་རྒྱལ་བཅས་ཟུང་གིས་བསྙེན་པ་རེ་བྱེད་ཟེར་ནན་དུ་བསྐུལ་ངོར། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཀུན་བཟང་ཐེག་མཆོག་རྡོ་རྗེས་གཡའ་ལུང་ཏིང་འཛིན་སྒྲུབ་ཕུག་དྲག་སྔགས་སྒྲུབ་པའི་གནས་ཀྱི་ཉེ་འདབས་ནས་དབྱར་གསུམ་དབྱར་རྔའི་གསུང་གི་རྔམ་སྒྲ་སྒྲོགས་པའི་དུས་བྲིས་པས་གསང་ཆེན་བསྟན་དགྲའི་ཚོགས་ཀུན་རྨང་མེད་དུ་ཞི་ནས་དྲག་པོ་སྔགས་ཀྱི་བསྟན་པ་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་མཚོ་ལྟར་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག། སརྦ་མངྒ་ལཾ།། །།
གཤིན་རྗེ་ཡང་བཟློག་སྤུ་གྲི་རེག་གཅོད་ཀྱི་ཕྲིན་ལས་གནམ་ལྕགས་རལ་གྲི།
࿅༔ གཤིན་རྗེ་ཡང་བཟློག་སྤུ་གྲི་རེག་གཅོད་ཀྱི་ཕྲིན་ལས་གནམ་ལྕགས་རལ་གྲི་བཞུགས་སོ༔
འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ གཤིན་རྗེའི་སྒྲུབ་ཐབས་མན་ངག་གྲངས་མང་ཡང་༔ དགོངས་པའི་མཐར་ཐུག་བཅུད་ཕུར་འདི་ཁོ་ན༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱིས་བརྣག་པའི་ཆོས༔ གཤིན་རྗེའི་སྐོར་གྱི་ཡང་ཟབ་ཡང་དྲིལ་བ༔ དགྲ་ཕུང་ནག་པོ་མེ་ཡི་སྤུ་གྲི་དང་༔ གནམ་ལྕགས་ཁོལ་མ་དུག་གི་སྤུ་གྲི་དང་༔ ཡང་བཟློག་ནག་པོ་སྤུ་གྲི་རེག་གཅོད་གསུམ༔ སྙིགས་མའི་ཡང་མཐར་དགོས་པའི་ཆོས་གསུམ་ཡིན༔ དེ་ཡི་ནང་ནས་སྤུ་གྲི་རེག་གཅོད་འདི༔ དགྲ་དང་བགེགས་དང་བྱད་མ་གསུམ་པོ་ཡི༔ སྲོག་ལ་རྣོ་བའི་རལ་གྲི་ཕྱུང་བརྡེག་ཡིན༔ སྤུ་གྲི་གཅིག་ཤུར་འཇམ་དཔལ་དྲིལ་བའི་སྔགས༔ ཀུན་དང་མི་འདྲ་ཀུན་ལས་ཁྱད་པར་འཕགས༔ སྤེལ་བའི་གནས་མེད་སྙིང་བཞིན་རབ་ཏུ་གསང་༔ སྤྱིར་ན་ཟབ་མོའི་སྔགས་ཀྱི་ཆོས་རྣམས་ཀུན ༔ དམ་ཉམས་མང་པོའི་ཁ་ལག་འགྲིམ་ཙམ་གྱིས༔ གྲིབ་ཀྱིས་
ཕོག་ཅིང་ཆོས་ཀྱི་བྱིན་རླབས་ཡལ༔ དད་པ་མེད་པའི་སྟེང་དུ་བརྩོན་འགྲུས་ཆུང་༔ བྱིན་རླབས་ཡལ་བའི་སྐྱོན་དང་གསུམ་འཛོམས་པས༔ ལྷ་ལ་མཐུ་མེད་སྔགས་ལ་ནུས་པ་མེད༔ སྐྱོན་དང་ཉེས་པ་ཐམས་ཅད་རང་ལ་ཚང་༔ ལྷ་ལ་ཡིད་ཆད་བཟློག་ཞིང་རེ་འཁང་རྒོད༔ བླུན་རྨོངས་དུད་འགྲོའི་རིགས་ཅན་སྙིང་རེ་རྗེ༔ དད་དང་དམ་ཚིག་བརྩོན་འགྲུས་མཐར་ཕྱིན་པས༔ སྙིང་སྟོབས་ཅན་གྱིས་ཚུལ་བཞིན་ཉམས་བླངས་པས༔ སྤུ་གྲི་འདི་ལ་ནུས་མཐུ་མེད་པ་ན༔ བསླུས་པ་ཡིན་ནོ་ཕྱི་རབས་གང་ཟག་རྣམས༔ ས་མ་ཡཱ༔ ད་ནི་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་ནི༔ དྲག་ཅིང་རྩུབ་པའི་ས་ཡི་ཕྱོགས༔ ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ༔ གཤིན་རྗེ་གཤེད་ཀྱི་རྟེན་རྣམས་དང་༔ དྲག་པོར་མཆོད་པའི་རྫས་རྣམས་བཤམས༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་བྱ༔ དེ་ནས་ལྷ་བསྐྱེད་རིམ་པ་ནི༔ ེ་ཡཱ༔ ཆོས་ཉིད་སྟོང་པའི་ངང་ལས་སྐད་ཅིག་གིས༔
རང་ཉིད་གནས་པའི་ས་ཕྱོགས་ཡུལ་ཁམས་དེར༔ གནམ་ལྕགས་ཨུ ར་མོའི་ཕོ་བྲང་གྲུ་གསུམ་པ༔ སྲ་བརྟན་གཞོམ་ཞིག་བྲལ་བའི་ཕོ་བྲང་ཆེ༔ རབ་འབར་མེ་ཡི་ཚྭ་ཚྭ་ཐོག་ལྟར་འཕྲོ༔ བྱད་མ་ལྷ་སྲུང་བསྲེགས་ཤིང་གཞོབ་ཏུ་འཐུལ༔ ཕྱི་རོལ་གནམ་ལྕགས་འཁོར་ལོ་རྩིབས་སྟེང་གུར༔ སོ་འཐབས་འཁོར་ཞིང་དགྲ་བགེགས་ཧྲུག་ཧྲུག་གཏུབས༔ གཤིན་རྗེ་མ་མོ་མཚོན་ཐོགས་གྲངས་མེད་འཕྲོ༔ དེ་དག་དགྲ་བགེགས་མགོ་གཅད་དོན་སྙིང་འབྱིན༔ ཕྱི་རོལ་རྡོ་རྗེ་མཚོན་ཆ་སྣ་ཚོགས་གུར༔ འབྱུང་ལྔའི་སྲུང་གུར་སྤུ་གྲི་རེག་གཅོད་འབར༔ ཕྱི་རོལ་འཁོར་བས་དགྲ་བགེགས་ཐལ་བར་བརླགས༔ ཨུ ར་མོའི་ཕོ་བྲང་ཁྲག་མཚོ་འཁྲུགས་པའི་དབུས༔ པད་ཉི་གཤིན་རྗེ་ཆུ་གླང་བསྣོལ་བའི་སྟེང་༔ རང་རིག་འགྱུར་མེད་ཧཱུྃ་མཐིང་འཕྲོ་འདུ་ལས༔ འཇམ་དཔལ་ཁྲོས་པའི་རྒྱལ་པོ་གཤིན་རྗེ་གཤེད༔ ཕྱག་རྒྱ་ཟིལ་གནོན་ཚེ་བདག་འབར་བའི་སྐུ༔ སྐུ་མདོག་མཐིང་ནག་ཆར་སྤྲིན་འཐིབས་པ་འདྲ༔ འོད་ཟེར་ཉི་མ་འབུམ་ལྟར་རབ་ཏུ་འབར༔ རྣོ་ངར་སྤུ་གྲིའི་གདོང་བ་དྲག་ཅིང་རྩུབ༔ ཁྲོ་གཏུམ་འཁྲུགས་པའི་གད་
རྒྱངས་ཕྱོགས་ཆར་སྒྲོགས༔ ཕྱག་གཡས་གནམ་ལྕགས་རལ་གྲིས་དགྲ་བགེགས་སྒྲོལ༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བགེགས་སྙིང་ནས་འདྲེན༔ དཔའ་བའི་ཉམས་སོགས་གར་གྱི་ཉམས་དགུ་ལྡན༔ དུར་ཁྲོད་ཆས་བརྒྱད་མ་ལུས་ཡོངས་སུ་རྫོགས༔ སྐུ་ལས་མེ་རི་མེ་དཔུང་ཚྭ་ཚྭ་འཕྲོ༔ འཁོར་འདས་ཐམས་ཅད་ཟིལ་གྱིས་གནོན་པར་ནུས༔ སྤྱི་བོའི་གཙུག་ན་སྤྲུལ་པའི་ཁྱུང་ཆེན་ལྡིང་༔ མཐིང་ནག་འཇིགས་གཟུགས་ཀླུ་སྲིན་ཟས་སུ་ཟ༔ ཐུགས་ལས་ཡ་འཕྲོས་སྐུ་ཡི་གཡས་ཕྱོགས་སུ༔ སྲས་མཆོག་ཡ་མ་ར་ཙ་ཁྲག་རུལ་མདོག༔ ལྕགས་ཀྱུ་ཕྱར་ཞིང་དགྲ་སྙིང་ཞལ་དུ་གསོལ༔ གཉིས་ཀ་ཁྲོས་འཁྲུགས་རྒྱན་མེད་འདོར་སྟབས་བགྲད༔ མེ་རླུང་ཀློང་ན་བམ་རོའི་སྟེང་ན་འགྱིང་༔ རང་འདྲའི་ཕོ་ཉ་མང་པོ་ཕྱོགས་བཅུར་འཕྲོ༔ དེ་ལྟར་གསལ་བའི་འཇམ་དཔལ་གཙོ་འཁོར་རྣམས༔ བདུད་དགྲ་བྱད་མའི་གཤེད་དུ་དཔའ་བར་བསྒོམ༔ དེ་ནས་དབང་བསྐུར་བ་ནི༔ ཡཱ༔ བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར༔ དབང་ལྷའི་དཀྱིལ་འཁོར་ནམ་མཁའ་ཁྱབ་པར་
འབྱམས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རྒྱ་ཡིས་བཏབ༔ མཐུ་སྟོབས་རབ་རྫོགས་རྒྱལ་བའི་སྲས་སུ་བསྐྱེད༔ དབང་དྲག་སྤྱི་བོ་རྡོ་རྗེ་རྩེ་གཅིག་དང་༔ མི་བསྐྱོད་མཐིང་ག་ཡུམ་བཅས་བརྒྱན་པར་གྱུར༔ བདག་གི་གནས་གསུམ་ༀ་དཀར་ཨཱཿདམར་དང་༔ ཧཱུྃ་ཡིག་མཐིང་ག་ཤིན་ཏུ་གསལ་ཞིང་འཚེར༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ མུཾ་ལཱཾཾ་མཱུཾ་པཱཾ་ཏཱཾ༔ ས་མ་ཡ་སྟྭཾ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ༀ་ཨཱཿཧཱུྃ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ འཇམ་མགོན་མི་འགྱུར་ཐིག་ལེ་བདེ་བ་ཆེ༔ ཆོས་ཀྱི་དབྱིངས་ལས་གཡོ་བ་མི་མངའ་ཡང་༔ འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྟོན་པ༔ རྣོ་གཅོད་རྩལ་ལྡན་ཚེ་བདག་སྤུ་གྲི་འབར༔ ཡབ་ཡུམ་གཙོ་འཁོར་སྤྲུལ་པ་ཕོ་ཉའི་ཚོགས༔ རྫུ་འཕྲུལ་ཤུགས་ཀྱིས་སྤྱན་འདྲེན་གནས་འདིར་གཤེགས༔ རྣལ་འབྱོར་དཔོན་སློབ་བསྲུང་ཞིང་སྐྱོབ་པ་དང་༔ བགེགས་དང་ལོག་འདྲེན་འདུལ་བའི་ཕྲིན་ལས་མཛོད༔ ༀ་མཉྫུ་ཤྲཱི་ཡ་མནྟ་ཀ་ཡ་མ་རཱ་ཛ་ཨཻ་ཨ་ར་ལི་ཕེཾ་ཕེཾ༔ ས་མ་ཡ་ཛཿ ཛཿ ཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཡཱཿ གནམ་ལྕགས་ཕོ་བྲང་ཁྲག་མཚོ་མེ་དཔུང་ཀློང་༔ པདྨ་ཉི་མ་གཤིན་རྗེ་ཆུ་གླང་
ཁྲིར༔ འཇམ་དཔལ་ཁྲོས་པ་ཟིལ་གནོན་སྟོབས་ཀྱི་བདག༔ འགྱིངས་ཤིང་རོལ་པའི་སྟབས་ཀྱིས་བཞུགས་སུ་གསོལ༔ ཡ་མནྟ་ཀ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧཱུྃ་ཡཱཿ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱི་ངང་༔ ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དཔལ༔ ཐུགས་རྗེའི་རང་བཞིན་བྱིན་རླབས་མཆོག་དང་ལྡན༔ ཚེ་བདག་འཇམ་དཔལ་སྐུ་ལ་ཕྱག་འཚལ་ལོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ་ཡཱ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ ཡེ་ཤེས་སྐུ་སྟེ་ཆེ་བའི་མཆོག༔ དྲག་ཤུལ་རྔམ་པའི་སྒྲ་ཆེན་འབྱིན༔ ཟབ་ཅིང་ཡངས་པའི་ཁྱབ་བདག་ཐུགས༔ མ་མོའི་ཚོགས་དང་གཤིན་རྗེའི་ཚོགས༔ དྲེགས་པ་ཕོ་མོ་དྲག་རྩལ་ཅན༔ ཐམས་ཅད་འདིར་འདུས་ལས་བྱོས་ཤིག༔ བདུད་དང་ལོག་འདྲེན་ཐམས་ཅད་ཉོན༔ སུ་དག་ང་ལ་འགལ་བྱེད་པ༔ དྲག་པོའི་ལས་ཀྱིས་གསོད་གཅོད་གཏུབ༔ ཤ་ཁྲག་དབང་པོ་ཡན་ལག་བཅས༔ ཞལ་དུ་སྟོབས་ཤིག་ཧུབ་ཀྱིས་རྔུབས༔ ལྷག་མ་ཙམ་ཡང་མེད་པར་བྱ༔ གཤིན་རྗེའི་ལྷ་ཚོགས་སྤྲུལ་འཁོར་གྱིས༔ སྔོན་གྱི་དམ་ཚིག་ཇི་བཞིན་དུ༔
ཕྱི་ནང་གསང་བའི་མཆོད་པ་བཞེས༔ དགྲ་རྣམས་ཀུན་གྱི་སྲོག་རྩ་ཆོད༔ དེ་ཡི་ཤ་ཁྲག་སྙིང་ལ་རོལ༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ འདྲེ་བདུད་བགེགས་ཀྱི་སྲོག་རྩ་ཆོད༔ དེ་ཡི་ཤ་ཁྲག་སྙིང་ལ་རོལ༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ བྱད་མ་དམ་སྲིའི་སྙིང་རྩ་ཆོད༔ དེ་ཡི་ཤ་ཁྲག་སྙིང་ལ་རོལ༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ ཻ་མཉྫུ་ཤྲཱི་ཡ་མནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་གརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ དི་ན་མེ་ཀེ་མཱ་ར་ཡ་ཧཱུྃ་ཕཊ༔ མཱཾཾ་ས་ཙིཏྟ་ཀོ་རོ་ཙ་ན་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཚེ་བདག་འབར་བ་གཟི་བརྗིད་འཇིགས་པའི་སྐུ༔ གཏུམ་ཆེན་རྔམ་པ་མི་སྡུག་ཁྲོས་པའི་ཞལ༔ འཁོར་བ་དང་ནི་མྱ་ངན་འདས་པ་ཀུན༔ ཟིལ་གྱིས་གནོན་ཅིང་དབང་དུ་འདུད་པར་སྡུད༔ མཐིང་ནག་སྐུ་ནི་རི་རིབ་ལྷུན་པོ་འདྲ༔ སྐུ་ལས་འཕྲོས་པའི་མེ་དཔུང་ཁྲོ་བོའི་ཚོགས༔ མི་བཟད་འཕྲོས་པས་མ་རུངས་ཐམས་ཅད་འཇོམས༔ རྡོ་རྗེའི་གད་མོས་ས་གསུམ་རབ་ཏུ་གཡོ༔ སྤྲོས་བྲལ་ཐུགས་ལས་སྤྲུལ་པའི་ཕོ་ཉ་འགྱེད༔ འཇམ་དཔལ་
གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ ཡ་མ་ར་ཙའི་སྐུ་ལ་ཕྱག་འཚལ་བསྟོད༔ སྒྲོལ་ཡུམ་ཁྲོ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ གདོད་མའི་མགོན་པོ་འཇམ་དཔལ་དཔའ་བོ་ཡི༔ བསམ་མི་ཁྱབ་པའི་ཐུགས་བསྐྱེད་སྨོན་ལམ་རྣམས༔ དེང་འདིར་རྣལ་འབྱོར་བདག་གིས་བསྐུལ་ལགས་ན༔ མཐུ་སྟོབས་ནུས་པའི་རྩལ་ཆེན་བསྐྱེད་དུ་གསོལ༔ བསྙེན་པ་ནི༔ ཐུགས་ཀར་པད་ཉི་རང་རིག་ཧཱུྃ་མཐིང་མཐར༔ སྔགས་ཕྲེང་བཀོད་པའི་འོད་ཟེར་འཕྲོ་འདུ་ཡིས༔ རྒྱལ་བ་མཆོད་ཅིང་བྱིན་རླབས་རང་ལ་བསྡུས༔ འགྲོ་སྒྲིབ་སྦྱངས་ཤིང་དགྲ་བགེགས་ཚར་གཅོད་གྱུར༔ ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷནྫ་ཧཱུྃ་ཕཊ༔ གཤིན་རྗེའི་བསྙེན་སྒྲུབ་མཐར་ཐུག་པ༔ གནད་དུ་བསྣུན་ཞིང་རྟགས་མཐོང་བྱ༔ སྐབས་སྐབས་མཆོད་དང་བསྟོད་པ་བྱ༔ འདི་ཉིད་བསྙེན་སྒྲུབ་མཐར་ཕྱིན་ན༔ རང་ཉིད་འཇམ་དཔལ་དངོས་སུ་འགྱུར༔ མཐུ་སྟོབས་བྱིན་རླབས་མེ་ལྟར་འབར༔ དངོས་གྲུབ་རྣམ་གཉིས་རང་དབང་ཐོབ༔ ཨ་ཀྲོ་བཅུ་བདུན་གསང་བའི་སྔགས༔ འདི་བཟླས་མཐར་ཐུག་སངས་རྒྱས་འགྲུབ༔ ཟབ་ཕྱིར་གཏེར་ཁ་ཡོངས་ལ་གྲགས༔ ཁྱད་པར་ཡང་བཟློག་སྤུ་གྲི་རེག་གཅོད་ཀྱི་བཟླས་པ་ནི༔ བདག་དང་བསྲུང་བྱ་ཚེ་བདག་ཁྲོ་བོ་ཡི༔ སྐུ་གསུང་ཐུགས་ལས་ཁྲོ་བོ་ཁྲོ་མོ་དང་༔
ཁྱུང་ཆེན་ལྕགས་སྡིག་མཚོན་ཆ་མེ་རླུང་འཕྲོས༔ གཞན་ཡང་གཤེད་མའི་རྣམ་པ་མང་པོ་ཡིས༔ གང་ལ་དམིགས་པའི་དགྲ་བགེགས་བྱད་མ་རྣམས༔ བསད་བཅད་ཤ་ཁྲག་རོལ་ཅིང་བསྲེགས་གཏོར་སྦྱངས༔ དམིགས་མེད་སྟོང་པ་ཆེན་པོའི་ངང་དུ་གྱུར༔ ཨེ་ཀ་ཧེ་དུན་བཟློག༔ མ་ཧཱ་དུ་ན་བཟློག༔ ར་ཙ་དུ་ན་བཟློག༔ སུཾ་ཏྲི་རཀྴ་དུ་ན་བཟློག༔ མ་ཧཱ་རཀྴ་དུ་ན་བཟློག༔ ༀ་ཨ་ཀྲོ་ཏི་ཀ་ཤྲཱི་མཉྫུ༔ ཡ་མ་ར་ཙ་བཟློག༔ ༀ་ཏྲི་བསྒྱུར༔ ཐི་ཁྲོཾ༔ བྷ་ལ་ཡ་ཙི་བཟློག༔ ༀ་བཛྲ་གྷ་ལིང་ཀ་བཟློག༔ ཆྒཻ་ལ་བྷྱོ༔ ཡ་མ་རཱུ་ཏྲ་ཤ་ད་ར་ས༔ བྱད་མ་ལྷ་སྲུང་དང་བཅས་པའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ རྩ་ལ་རྒྱུགས་རྒྱུགས༔ སྙིང་ལ་མྱོག་མྱོག༔ མཱ་ར་ཡ་རྦད༔ དྲག་ཏུ་བཟླས་ཤིང་སྐབས་སྐབས་ཐལ་མོ་རྡེབ༔ འདི་ནི་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ༔ ཚབས་ལྟར་བཟླས་ཤིང་རྟགས་དང་བསྟུན༔ དགྲ་དང་བགེགས་དང་བྱད་མ་གསུམ༔ ཚར་གཅོད་བཟློག་བསད་དྲིལ་བའི་སྔགས༔ སྤུ་གྲི་ཆིག་ཤུལ་ངན་སྔགས་འདི༔ མན་ངག་གཞན་དུ་བསྟན་པ་མེད༔ དེ་ཕྱིར་ཟབ་སྦས་མཐར་ཐུག་གོ༔ མངྒ་ལཾ༔
གཤིན་རྗེ་སྤུ་གྲི་རེག་གཅོད་ཀྱི་མཚོན་ཆ་ཟོར་གྱི་ལས་སྦྱོར་དགྲ་བགེགས་དཔུང་འཇོམས།
࿅༔ གཤིན་རྗེ་སྤུ་གྲི་རེག་གཅོད་ཀྱི་མཚོན་ཆ་ཟོར་གྱི་ལས་སྦྱོར་དགྲ་བགེགས་དཔུང་འཇོམས་བཞུགས་སོ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ༔ དགྲ་བགེགས་བྱད་ཟོར་ཐན་ལྟས་དང་༔ ནད་གདོན་མཐའ་དམག་མི་མཐུན་ཕྱོགས༔ ཟློག་བྱེད་ཟོར་གྱི་རིམ་པ་ནི༔ དྲག་པོར་འོས་པའི་ས་སྣ་ལ༔ གྲུ་གསུམ་དུག་ཁྲག་རོ་སོལ་བྱུག༔ ཁ་ཁྱེར་མེ་དཔུང་རལ་གྲི་འབྲི༔ དབུས་སུ་འབྲུ་ནག་ཚོམ་བུ་བཀོད༔ ཨྠྀི༔ འབྲུ་ནག་དུག་ཁྲག་སྦྱར་བའི་དྲག་པོའི་ཟོར༔ གཙོ་འཁོར་གསུམ་པ་དུག་མཚོན་ཐུན་དང་ནི༔ རྩང་དང་ཤ་ཁྲག་དཔལ་འབར་དག་གིས་བརྒྱན༔ གོང་བཤད་གྲུ་གསུམ་སྟེགས་ཀྱི་སྟེང་དུ་བཞག༔ ཚེ་བདག་ཁྲོ་རྒྱལ་བསྐྱེད་བསྟིམ་སྔགས་ཀྱིས་བསྒྲུབ༔ རལ་ནག་ཐོད་བཅིང་གོས་ནག་གྱོན་ནས་སུ༔ རྔ་ནི་བོན་ཐབས་བརྡུང་ཞིང་རྔམ་དབྱངས་བཅས༔ ཡཱ་བྷྱོ༔ གནམ་ལྕགས་མེ་དཔུང་འབར་བའི་ཕོ་བྲང་ནི༔ ཁྲོ་ཆུའི་ཞུན་ཐིགས་ཁོལ་བའི་རྦ་ཀློང་ནང་༔ རཀྟའི་རྒྱ་མཚོ་བམ་རོ་བཀྲམ་པའི་དབུས༔ པད་ཉི་རཱུ་ཏྲ་ཆུ་གླང་བསྣོལ་བའི་སྟེང་༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་གཟི་བརྗིད་བྱིན་རླབས་རྫོགས་པའི་དཔལ༔ རིགས་ཀྱི་རྒྱལ་པོ་འཕགས་མཆོག་འཇམ་དཔལ་དབྱངས༔ དགྲ་བགེགས་འཇོམས་བྱེད་ཁྲོ་བོའི་སྐུར་སྟོན་པ༔ ཚེ་བདག་དཔལ་ཆེན་ཡང་བཟློག་ཧེ་རུ་ཀ༔ སྤུ་གྲི་རེག་གཅོད་
གཏུམ་ཆེན་གཏུམ་པའི་སྐུ༔ མཐིང་ནག་དུག་སྤྲིན་མུན་པ་འཐིབས་པའི་མདོག༔ འཇིགས་པའི་ཁྲོ་གཉེར་སྨིན་མ་གློག་སྟོང་འཁྱུག༔ སྤྱན་ལྡོག་མེ་འབར་ཞལ་གདངས་གནམ་སར་བགྲད༔ མཆེ་གཙིགས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ༔ རི་རབ་ལྟ་བུར་བརྗིད་པའི་སྐུ་མཆོག་མངའ༔ ཉི་མ་འབུམ་གྱི་གཟི་བརྗིད་འབར་ཞིང་འཚེར༔ དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་རབ་ཏུ་བརྒྱན༔ དཔའ་བོའི་སྐུ་ལ་གར་གྱི་ཉམས་དགུ་རྫོགས༔ སྟེང་ན་ཁྱུང་ཆེན་སྤྲུལ་པ་མང་པོ་འགྱེད༔ ཕྱག་གཡས་རལ་གྲིས་དགྲ་བགེགས་བྱད་མ་གཏུབས༔ གྲི་ཐོགས་ཕོ་རྒྱུད་མང་པོ་ལས་ལ་འགྱེད༔ ཕྱག་གཡོན་ལྕགས་ཀྱུས་གནོད་བྱེད་སྙིང་ནས་འདྲེན༔ འགུགས་བྱེད་མོ་རྒྱུད་མང་པོ་ལས་ལ་འགྱེད༔ ཁམས་གསུམ་ཀུན་ལས་ཆེ་བཙན་འགྲན་ཟླ་བྲལ༔ དམ་ལོག་བན་བོན་རཱུ་ཏྲ་ཀུན་གྱི་བདུད༔ ཡེ་ཤེས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྤྲུལ་པའི་སྲས་མཆོག་ཡ་མ་ར་ཙ་དང་༔ གསོད་བྱེད་མ་མོ་སྒྲོལ་ཡུམ་ལས་མཁན་བཅས༔
࿅༔དྲག་ཏུ་སྐུར་བསྐྱོད་མངོན་སྤྱོད་ལས་ལ་བྷྱོ༔ ཐུགས་དམ་བསྐུལ་ལོ་བཅོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་བྱད་མ་བཟློག་པའི་དུས་ལ་བབ༔ ཡཱ་བྷྱོ༔ ཚེ་བདག་ཁྲོས་པ་འཇམ་དཔལ་གཤིན་རྗེའི་གཤེད༔ ཡེ་ཤེས་ལྷ་རྣམས་ཀུན་ལས་ཆེ་བའི་མཆོག༔ ཡེ་ཤེས་ལྷ་ཡི་བྱད་མ་རྦོད་གཏོང་ཟློགས༔ འཇིག་རྟེན་ལྷ་རྣམས་ཐམས་ཅད་བྲན་དུ་བཀོལ༔ འཇིག་རྟེན་ལྷ་ཡི་བྱད་མ་རྦོད་གཏོང་ཟློགས༔ སྐུ་ཡི་བརྗིད་ཀྱིས་ལྷ་རྣམས་ཞུམ་པར་བྱེད༔ ཚངས་པ་ལྷ་ཡི་བྱད་མ་རྦོད་གཏོང་ཟློགས༔ གཟི་བརྗིད་འོད་ཀྱིས་ཀླུ་རྣམས་ཚིག་པར་བྱེད༔ ནཱ་ག་ཀླུ་ཡི་བྱད་མ་རྦོད་གཏོང་ཟློགས༔ ཁྲོས་པའི་རྩལ་གྱིས་ཡི་དྭགས་སྙིང་རྩ་འབྱིན༔ ལས་ཀྱི་གཤིན་རྗེའི་བྱད་མ་རྦོད་གཏོང་ཟློགས༔ དམར་ཟླུམ་སྤྱན་གྱིས་ཉི་ཟླའི་འོད་མདངས་འཕྲོག༔ གཟའ་དང་རྒྱུ་སྐར་བྱད་མ་རྦོད་གཏོང་ཟློགས༔ ཧ་ཧའི་གད་མོས་མ་རྒྱུད་ལས་ལ་འཛུད༔ མ་མོ་མཁའ་འགྲོའི་བྱད་མ་རྦོད་གཏོང་ཟློགས༔ སྟངས་སྟབས་བསྒྱུར་བས་ཆེ་བཙན་དབང་མེད་འདར༔ བཙན་དང་རྒྱལ་པོའི་བྱད་མ་རྦོད་གཏོང་ཟློགས༔ དྲག་རྩལ་
ཤུགས་ཀྱིས་ཤ་ཟའིི་སྲོག་སྙིང་འཕྲོག༔ བདུད་དང་སྲིན་པོའི་བྱད་མ་རྦོད་གཏོང་ཟློགས༔ སྤྲུལ་པ་སྣ་ཚོགས་ཕོ་ཉ་སྐུ་ལས་འཕྲོ༔ ཐེའུ་རང་སྤུན་དགུའི་བྱད་མ་རྦོད་གཏོང་ཟློགས༔
འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་པོའི་བསྐང་གསོལ་མཆོད་ཕྲིན་གྱི་རིམ་པ།
࿅༔ འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་པོའི་བསྐང་གསོལ་མཆོད་ཕྲིན་གྱི་རིམ་པ་བཞུགས༔ འཇམ་དཔལ་གཤིན་རྗེའི་གཤེད་རབ་ཏུ་ཁྲོས་པ་ལ་ཕྱག་འཚལ་ལོ༔ དེ་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཀིང་ཀང་དམར་པོའི་བསྐང་གསོལ་མཆོད་ཕྲིན་གྱི་རིམ་པ་ནི༔ བྷནྡྷའི་སྣོད་དུ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་གཙོ་བོར་གྱུར་པའི་དྲག་པོའི་མཆོད་པ་བཤམས༔ རྔ་དང་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་འགྱུར་མེད་བདེ་ཆེན་ངང་ཉིད་ལས༔ སྒྱུ་འཕྲུལ་འགག་མེད་འཕགས་མཆོག་འཇམ་དཔལ་དབྱངས༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་སྐུ༔ ཀིང་ཀང་དམར་པོ་སྤྱན་འདྲེན་གཤེགས་སུ་གསོལ༔ དགྲ་བགེགས་བསྣོལ་བའི་གདན་ལ་དགྱེས་པར་བཞུགས༔ དམ་ཡེ་གཉིས་སུ་མེད་ལ་གུས་ཕྱག་འཚལ༔ དགྲ་བགེགས་དབང་པོའི་མེ་ཏོག་ཕྲིག་ཕྲིག་འབར༔ བམ་ཆེན་སྒང་སྲེག་གསུར་གྱི་དུད་པ་འཐུལ༔ ཞུན་ཆེན་མར་མེ་ཉི་ལྟར་འབར་ཞིང་འཚིག༔ ཁྲག་མཁྲིས་སྦྱར་བའི་དྲི་ཆབ་མཚོ་ལྟར་འཁྱིལ༔ དགྲ་བགེགས་བསྒྲལ་བའི་ཤ་རུས་ཁྲག་མཚོ་འཁྱིལ༔ བྷནྡྷའི་རྔ་ཆེན་རྐང་གླིང་ཤུགས་པའི་སྒྲས༔ ཁྲོ་རྒྱལ་ཀིང་ཀང་དམར་པོའི་ཐུགས་དམ་བསྐང་༔ དྲག་རྩལ་ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ རྡོ་རྗེའི་གོ་ཁྲབ་རབ་ཏུ་བཙན་པ་དང་༔ རྣོ་ངར་ལྡན་པའི་མཚོན་ཆ་སྣ་ཚོགས་དང་༔ ཤ་ཟན་བྱ་དང་ཁྲག་འཐུང་གཅན་སྤྱང་རིགས༔ བསད་པའི་ཤ་དང་མྱོས་པའི་ཆང་དག་ནི༔ ཁ་རྩུབ་ཚ་བའི་རོ་ལྡན་བཟའ་བ་ཡིས༔ ཁྲོ་རྒྱལ་ཀིང་ཀང་དམར་པོའི་ཐུགས་དམ་བསྐང་༔ དྲག་རྩལ་ལས་བྱེད་ཕོ་ཉའི་ཐུགས་དམ་
བསྐང་༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ བརྗིད་ལྡན་དཔལ་གྱི་གཏོར་ཆེན་འབར་བ་དང་༔ ཉོན་མོངས་དུག་ལྔ་སེལ་བྱེད་བདུད་རྩི་སྨན༔ ཞིང་བཅུ་བསྒྲལ་བའི་སྙིང་ཁྲག་བ་གམ་འཁྲིགས༔ ཞལ་ཟས་གྷ་ན་ཚོགས་ཀྱི་ལོངས་སྤྱོད་དང་༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པ་ཡིས༔ ཁྲོ་རྒྱལ་ཀིང་ཀང་དམར་པོའི་ཐུགས་དམ་བསྐང་༔ དྲག་རྩལ་ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང་༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ རབ་འབྱམས་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི༔ གསང་གསུམ་མི་ཟད་ཞི་ཁྲོའི་རྣམ་རོལ་གར༔ ཀུན་གྱི་ཕྲིན་ལས་དྲག་རྩལ་མཐུ་
སྟོབས་དཔལ༔ སྡིག་ཅན་དགྲ་འདྲེའི་གཤེད་དུ་རབ་བཞེངས་པ༔ འཇམ་དཔལ་ཁྲོས་པ་དཔལ་ཆེན་འབར་བའི་སྐུ༔ ཀིང་ཀང་དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྔར་བཅོལ་ལེགས་པའི་ལས་ཀྱི་གཏང་རག་གཏོང་༔ སླད་ནས་ཕྲིན་ལས་བཅོལ་བའི་ཕུད་སྐྱེམས་དང་༔ ད་ལྟ་ཕྲིན་ལས་བཅོལ་བའི་གཉེར་ཟས་སུ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གཏོར་མ་བཞེས༔ བསྟན་དང་བདག་ལ་བརྣག་པའི་དགྲ་བགེགས་ཀྱི༔ བླ་སྲོག་རྣམ་ཤེས་རང་དབང་མེད་པར་ཁུག༔ རྒྱབ་རྟེན་དཔུང་གཉེན་ལྷ་སྲུང་རྣམས་དང་ཕྲོལ༔ ནད་དང་མཚོན་དང་དུག་གི་ཆར་ཕོབ་ཅིག༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ དགྲ་བོའི་སྒོ་གསུམ་རྩ་ལག་སྡེ་དཔུང་བཅས༔ སྟོང་གསུམ་རི་རབ་གླིང་བཞིའི་འོག་ཏུ་ནོན༔ འཆོར་མེད་ལས་ཀྱི་གཤིན་རྗེའི་ལག་ཏུ་གཏོད༔ ཐར་མེད་ཆུ་སྲིན་འབར་བའི་གྲེ་བར་རྫོངས༔ ནམ་ཡང་ལྡང་བ་མེད་པའི་རྒྱ་ཡིས་ཐོབས༔ བཅོལ་བའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཧཱུྃ༔ འཇམ་དཔལ་ཀིང་ཀང་དམར་པོ་སྟོབས་ཀྱི་བདག༔ ཐུགས་རྗེའི་
བདག་ཉིད་མཐུ་ཆེན་དྲག་པོའི་ལྷ༔ འདིར་གཤེགས་དགྱེས་པར་དགོངས་ཤིང་གསན་དུ་གསོལ༔ སྐུ་མཆོག་ཕྱག་རྒྱ་རབ་ཏུ་གསལ་སྒོམ་ཞིང་༔ འཕྲོ་འདུའི་དམིིགས་པའི་འཕྲུལ་འཁོར་བསྒྱུར་བྱས་ནས༔ དྲག་སྔགས་དམོད་པའི་བསྙེན་ཅིང་སྒྲུབ་པའི་ལྷ༔ བདག་ལ་འགོ་ཞིང་སྡོང་གྲོགས་དཔུང་གཉེན་མཛོད༔ དོན་དམ་དབྱིངས་ལ་སྲུང་སྒྲུབ་མ་མཆིས་ཀྱང་༔ ཀུན་རྫོབ་བློ་ཡིས་བསྒྱུར་བའི་ཉེས་བྱས་བཤགས༔ འཇམ་དཔལ་དབྱངས་དང་རིག་འཛིན་པད་འབྱུང་སོགས༔ རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་དམ་བཞག་བཞིན༔ ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསང་སྔགས་སྔ་འགྱུར་རྙིང་མའི་མཆོད་ཕྲིན་གྱི་ལུང་བཞིན་ལྷག་པའི་ལྷ་ཀིང་ཀང་དམར་པོ་འདི་ཉིད་ཀྱི་ཕྲིན་ལས་ཉེ་བར་མང་དུ་སྒྲུབ་པའི་ཕྱིར༔ གཏང་རག་ཏུ་ལས་རབ་རྩལ་གྱིས་སྦྱར་བ་འདིས་ཀྱང་བདུད་ལས་རྣམ་པར་རྒྱལ་བར་གྱུར་ཅིག༔ གནུབས་ཆེན་མཁན་པོའི་རང་ལུགས་དྲག་སྔགས་འདི༔ ཉམས་སུ་བླངས་ན་བྱིན་རླབས་ནུས་མཐུ་ཡོད༔ རྐུན་སྲུང་ཕྱི་ལ་རེ་བའི་དོ་ཟླ་མིན༔ གྱོད་སོགས་གནོད་བྱེད་གཞན་ལ་དམིགས་ཐེམ་དང་༔ དྲག་སྔགས་ཁུད་དུ་མིང་ཐེམ་བཞུགས་པས་གྲུབ༔ དགེའོ༔ གནོད་བྱེད་དགྲ་རྐུན་ཇག་ཆོམ་གྱོད་བྱུར་མི་ཁ་གོད་འདྲེ་ཕུང་སྲི་གཅན་སྤྱང་ཐམས་ཅད་བན་བོན་མུ་སྟེགས་ཀླ་ཀློ་སྟྭཾ་བྷ་རཀྵ་ནན༔ སོགས་ལྟ་བུའོ༔
ཀླུ་བདུད་ནཱ་ག་རཀྴའི་སྒྲུབ་ཐབས་གནམ་ལྕགས་ཁོལ་མ།
࿅༔ ཀླུ་བདུད་ནཱ་ག་རཀྴའི་སྒྲུབ་ཐབས་གནམ་ལྕགས་ཁོལ་མ་བཞུགས་སོ༔ རྡོ་རྗེ་གཏུམ་པོར་ཕྱག་འཚལ་ལོ༔ སྙིགས་མའི་མཐའ་ལ་གཟའ་ཀླུ་དར༔ སྨན་དཔྱད་ལྷ་སྔགས་གཞན་རྣམས་རྡུག༔ ཀླུ་བདུད་ནཱ་ག་རཀྴ་ནི༔ རྣོ་མྱུར་ཐོག་རྒོད་དག་དང་མཚུངས༔ གསང་བའི་ཡི་དམ་འདི་ལ་འབུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལས་ཀྱི་དཀྱིལ་འཁོར་གྲུ་གསུམ་ཚོམ་བུར་བཅས༔ བཅུད་ལྡན་བུམ་པ་གཏོར་མཆོད་བཤམས༔ དེ་ནས་ཉམས་སུ་ལེན་པ་ནི༔ ཻཿ གཤིན་རྗེ་གཤེད་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ཀྱི་འཇམ་དཔལ་བསྒོམ༔ མཆོད་པའི་དམ་ཚིག་མ་ལུས་ཀུན༔ ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ སྐད་ཅིག་མི་དམིགས་སྟོང་པའི་ངང་༔ དུག་མཚོ་ཁོལ་དབུས་གནམ་ལྕགས་རི༔ ཀླུ་གཉན་ས་བདག་འབུམ་ཁྲིའི་སྟེང་༔ བདག་ཉིད་ཀླུ་བདུད་མགོ་དགུ་པ༔ མུན་དང་ཆར་སྤྲིན་ཧ་ལའི་མདོག༔ འཇམ་དཔལ་གསང་བདག་དབྱེར་མེད་སྐུ༔ རིག་པའི་རྒྱལ་པོ་ཁྲོས་པའི་རྗེ༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ སྦྲུལ་ནག་མང་པོས་མགོ་ལུས་བརྒྱན༔ སྦྲུལ་ནག་རལ་པ་གསིག་ཅིང་སྤྲུག༔ ཞལ་ནས་ཨིགྴའི་སྒྲ་སྒྲོགས་པས༔ ཀླུ་གཉན་ས་བདག་འབོག་ཅིང་བརྒྱལ༔ སྡོམ་དང་སྡིག་པའི་ཚྭ་ཚྭ་འཕྲོ༔ སྐུ་སྨད་གདུག་པ་སྦྲུལ་དུ་
འཁྱིལ༔ དྲག་གཏུམ་འབར་རྔམ་ཞེ་སྡང་འཁྲུགས༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས༔ འཇམ་དཔལ་ཁྲོས་པ་ཀླུ་ཡི་གཤེད༔ ནཱ་ག་རཀྴ་སྲིན་པོའི་ཞལ༔ གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ༔ བྱིན་གྱིས་བརླབས་ཤིང་བརྟན་པར་བཞུགས༔ ཀླུ་གཉན་ས་བདག་བསྒྲལ་བ་ཡི༔ ཤ་ཁྲག་དོན་སྙིང་ཚོགས་སུ་རོལ༔ དགྱེས་པར་བཞེས་ཤིག་ཨ་ར་ལི་ཧོ༔ ཐུགས་ཀར་ཉི་སྟེང་ཕེཿཡིག་ནག༔ སྔགས་ཕྲེང་མེ་དཔུང་ཁྲོ་ཆུ་འཕྱུར༔ དུག་ལྔའི་རང་མདངས་ནད་གདོན་རྣམས༔ སྦལ་སྦྲུལ་ཉ་ལྕོང་སྡིག་པ་དང་༔ ན་བུན་སྔོ་དམར་རྣག་ཁྲག་གི༔ རྣམ་པར་ཕྱིར་དེད་ལུས་ནས་ཐོན༔ མེ་དཔུང་ཁྲོ་ཆུང་སྡིག་སྲིན་འཕྲོས༔ གནོད་བྱེད་ཀླུ་གཉན་བསད་གཏུབས་རོལ༔ ཨིགྴ་ཕེ་ལམ་ང་རོ་ཡི༔ འབོག་བརྒྱལ་སྙིང་རྩ་གས་ཤིང་འགྱེལ༔ ཁྲོ་རྒྱལ་ང་རྒྱལ་ངང་ནས་བསྙེན༔ ༀ་ཕེ་ལམ་ཧཱུྃ༔ འབུམ་གསུམ་བསྙེན་པས་ཐུལ་རྟགས་འབྱུང་༔ ས་མ་ཡཱ༔ དེས་ནི་གྲོལ་བར་མ་གྱུར་རམ༔ ཡང་ན་དྲག་སྔགས་བསྒྲུབ་པ་ནི༔ བདག་ཉིད་ཀླུ་སྲིན་ཁྲོས་པ་ཡི༔ གཡས་ཀྱི་ཕྱག་རྒྱ་གྲིི་གུག་
རྒྱ༔ ཀླུ་གཉན་ས་བདག་དུམ་བུར་གཏུབས༔ གཡོན་རྒྱ་སྦྲུལ་གྱི་ཞགས་པ་ཡིས༔ ཀླུ་གཉན་ས་བདག་འཆིང་ཞིང་རོལ༔ སྔགས་དང་དམིགས་པ་གོང་གི་འགྲེས༔ ཞེ་སྡང་ངར་བཅས་དྲག་སྔགས་བསྒྲུབ༔ ༀ་ནག་མོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ༀ་ཕེ་ལམ་ཧཱུྃ་ཕཊ༔ རྟགས་ནི་མཚོ་སྐམ་ཉ་སྦྲུལ་དང་༔ སྦལ་སྡིག་སྡོམ་སོགས་བསད་ཟོས་བདས༔ བ་དམར་གླང་དམར་བསད་དམ་བདས༔ ལུས་ལས་ཐོན་རྟགས་ཤུ་ཐོར་དང་༔ དངོས་སུ་སྲོག་ཆགས་འཐོན་པ་འབྱུང་༔ གཞན་ཡང་གྲུབ་རྟགས་མ་ངེས་ཀྱང་༔ དེ་ཚེ་དབང་བླངས་རྫོགས་རིམ་བསྒོམ༔ སྙིང་རྗེའི་སེམས་བཅས་ལུས་སྦྱིན་འབུངས༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན༔ གཞན་གྱི་གཏད་མནན་སྦྱོར་བ་སོགས༔ ཀླུ་གཉན་ས་བདག་གནོད་ལས་གྲོལ༔ ཀླུ་གདོན་རྩ་ལས་ཐོན་ཞིང་འབྲོས༔ འདི་ནི་གདུག་པ་ཀླུ་ཡི་གཤེད༔ མེ་དང་རྩྭ་ཕུང་འཕྲད་པ་འདྲ༔ གསང་ཞིང་བསྒྲུབས་ན་བྱིན་རླབས་མྱུར༔ མ་གསང་རྟགས་དང་ཆོ་འཕྲུལ་མེད༔ འཆལ་ན་རང་གི་སྲོག་ལ་ཡོང་༔ སྤེལ་ན་དྲོད་ཚད་ནུས་པ་ཡལ༔ ཐུན་མོང་མ་ཡིན་ཁྱད་པར་གནད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དགེའོ༔
ནཱ་ག་རཀྴའི་རྒྱུན་ཁྱེར་ཟབ་གནད་འདུས་པ།
࿅༔ ནཱ་ག་རཀྴའི་རྒྱུན་ཁྱེར་ཟབ་གནད་འདུས་པ་བཞུགས་སོ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ བདག་ཉིད་ནཱ་ག་རཀྴ་ནི༔ ནག་པོ་ལྕགས་མདོག་ཁྲོ་ཞིང་རྔམ༔ བལྟར་མི་བཟོད་པའི་འཇིགས་པ་པོ༔ གཏུམ་ཆེན་ཁྲོ་ཞལ་ཆེས་ཆེར་འབར༔ སྦྲུལ་མགོ་དགུ་ཡི་གདེངས་ཀ་ཅན༔ ཕྱག་གཉིས་གྲི་གུག་སྦྲུལ་ཞགས་རྣམས༔ སྐུ་ནི་རི་རབ་ངོས་ལ་བརྟེན༔ སྐུ་སྨད་སྦྲུལ་མཇུག་དུག་མཚོར་ནུབ༔ སྐུ་ལས་མེ་འབར་དུག་རླངས་འཚུབ༔ ཐུགས་ཀར་ཉི་དཀྱིལ་ཕེ་དམར་ནག༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ མཐུ་སྟོབས་ནུས་པའི་བྱིན་རླབས་འབར༔ གནམ་ལྕགས་ཁྲོ་ཆུ་མེ་དཔུང་འཕྲོས༔ ལུས་ཀྱི་ནང་ཁྱབ་ཀླུ་གདོན་དེ༔ ནད་གདོན་རླངས་པ་སྔོ་དམར་དང་༔ སྦལ་སྦྲུལ་སྡོམ་སྡིག་རྣམ་པ་རུ༔ བ་སྤུའི་བུ་ག་རྣམས་ནས་ཐོན༔ སྐུ་ལས་ཁྱུང་དང་ཁྲོ་ཆུང་དང་༔ མེ་ཆར་འབར་བས་བསད་བཅད་རོལ༔ ཧཱུྃ༔ ང་ནི་འཇམ་དཔལ་རིག་པའི་རྒྱལ༔ ང་ནི་གསང་བདག་སྟོབས་ཀྱི་བདག༔ ང་ནིི་ནཱ་ག་རཀྴ་
སྟེ༔ ཀླུ་དང་ས་བདག་གཤེད་མའོ༔ ༀ་ཕེ་ལམ་ཧཱུྃ༔ སྙིང་པོའོ༔ ཅི་ནུས་བཟླས་མཐར༔ ང་ནི་དབུ་དགུ་ཕྱག་བརྒྱ་འབར༔ མདོག་ནག་ཆེར་ཁྲོས་ཀླུ་གཉན་ཟ༔ ཕྱག་མཚན་གྲི་གུག་སྦྲུལ་ཞགས་བསྣམས༔ སྔགས་ནུས་དྲག་རྩལ་ཆེས་ཆེར་འབར༔ ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ༀ་ཕེ་ལམ་ཧཱུྃ༔ རྩ་བའི་སྔགས་སོ༔ མཐུན་མཐར༔ ལྷ་སྐུ་རིམ་བསྡུས་རིམ་ཡལ་ངང་༔ དགེ་བ་འདི་ཡིས་བདག་ཉིད་ཀྱིས༔ འཇམ་དཔལ་ཁྲོས་པ་འགྲུབ་གྱུར་ནས༔ དོན་གཉིས་མཐར་ཕྱིན་ལྷུན་གྲུབ་ཤོག༔ ཅེས་པ་འདི་དགེ་སློང་དད་ལྡན་བཟོད་པའི་མོས་ངོར་ལས་རབ་རྩལ་གྱིས་ཟབ་པར་གདམས་པའོ༔ མངྒ་ལཾ༔
རྟ་མགྲིན་དྲེགས་པ་ཟིལ་གནོན་ལས་དམིགས་པ་དང་སྔགས་ཀྱི་མདེའུ་ཐུང་ཕྱག་བཞེས་སུ་བཀོད་པ་བཀའ་རྒྱ་ཅན།
࿅༔ རྟ་མགྲིན་དྲེགས་པ་ཟིལ་གནོན་ལས་དམིགས་པ་དང་སྔགས་ཀྱི་མདེའུ་ཐུང་ཕྱག་བཞེས་སུ་བཀོད་པ་བཀའ་རྒྱ་ཅན་བཞུགས་སོ། །
བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གབ་པ་མངོན་དུ་ཕྱུང་བ་འདི་ལ་བཀས་གནང་དུགསོལ། དེ་ཡང་དགྲ་བགེགས་མ་རུངས་པ་ཚར་གཅོད་པར་བྱེད་པ་མངོན་སྤྱོད་དྲག་པོའི་ཕྲིན་ལས་དམིགས་པའི་མདེའུ་ཐུང་ངག་ཁྲིགས་སུ་བཀོད་པ་ལ། དང་པོ་བླ་འགུགས་པའི་དམིགས་པ་ནི། ཛཿ བདག་མདུན་དབང་ཆེན་ཁྲོས་པའི་ལྷ་ཚོགས་ཀྱི། །ཐུགས་ཀ་ནས་འཕྲོས་ལས་མཁན་ཕོ་ཉ་ནི། །དྲག་ལ་མྱུར་བ་སེར་རྒོད་འཚུབ་ལྟར་སྤྲོས། །དམིགས་ཡུལ་དགྲ་བགེགས་བྱད་མའི་སྒོ་གསུམ་གྱི། །ཚེ་བསོད་དྭངས་བཅུད་འབྲུ་གསུམ་རྣམ་པར་ཕྲོགས། །བདག་ལ་ཐིམ་པས་བཀྲག་
དང་གཟི་བརྗིད་རྒྱས། །སླར་ཡང་ཕོ་ཉ་དཔག་མེད་མཚོན་ཐོགས་པ། །ཁ་ཆར་བུ་ཡུག་འཚུབ་པ་ལྟ་བུར་འཕྲོས། །སྟོང་གསུམ་གཡོས་ཤིང་འགུལ་ལྡེག་ཤིག་ཤིག་བྱེད། །དམ་ཉམས་དགྲ་བགེགས་ཁམས་གསུམ་ས་དགུ་དང་། །ཉི་ཟླའི་ཐེམ་བར་རྒྱ་མཚོའི་གླིང་བར་དང་། །སྤྲིན་གྱི་གོ་བར་ལྕགས་རིའི་ཁོར་ཡུག་གནས། །རི་རབ་ཁོང་གསེང་དཀོན་མཆོག་སྐྱབས་འོག་སོགས། །གང་དུ་གནས་ཀྱང་རང་དབང་མེད་པ་རུ། །དཀར་ནག་སྙིང་གི་མཚམས་ནས་ལྕགས་ཀྱུས་བཟུང་། །ཞགས་པས་སྐེ་བཅིངས་ལྕགས་
སྒྲོག་དྲ་བར་བཅུག །ཀླད་ལ་གཡུགས་ནས་དྲག་ཏུ་བསྐོར་ཞིང་བརྡབས། །དྲིལ་བུས་མྱོས་འཐིབས་རེངས་ཤིང་དྲན་དབང་བསྣུབས། །མཚོ་ལ་ཁ་བ་བབས་པ་ཇི་བཞིན་དུ། །གཟུགས་བྱང་ལིངྒའི་རྟེན་ལ་ཐིམ་པར་གྱུར། །ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་བཛྲ་པཱ་ཎི་དྷཱཀྐིི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿ ཨུ་མ་དྷེ་ཝི་ཛ་ལ་རཀྴ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་བྷྱོ་བྷྱོ་ཛ་ཛཿ དགྲ་བགེགས་ཆྒཻེ་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ཐུམ་རི་ལི་ལི་ཁུག་ཁུག་ནྲྀ་ཏྲི་མཱ་ར་ཡ་ཚིནྡྷ་ཚིནྡྷ་བྷིནྡྷ་བྷ ིནྡྷ་ཛཿཧཱུྃ་བཾ་ཧོཿ ཞེས་བླ་ཁུག་པའི་རྟགས་མ་མཐོང་གི་བར་ནན་གྱིས་བཟླའོ།། ལྷ་དབྱེའི་རྫས་ནི། གུ་གུལ་ཚིལ་ཆེན་ཁྱི་ལུད་ཡུགས་སའི་དོར་རྟ་མཛེ་ཕོའི་ལྷམ་འབོབ་རྣམས་ཀྱི་དུད་པ་རང་ལ་མ་ཤོར་བར་བྱས་ལ་ལིངྒར་བདུག །ཕོ་རོག་དང་འུག་པའི་སྒྲོས་ལིངྒར་བྱབ་ཅིང་། ཡ་མ་རཱ་ཙ་རླུང་ལིང་སང་སང་མ་ཆགས་སང་སང་ཀུ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་དགྲ་བོའི་ལྷ་རྣམས་སྲན་ཕུང་ལ་རྡོས་བརྒྱབ་པ་ལྟར་སོང་སྟེ། དགྲ་བོ་ལ་སྐྱབས་རྟེན་མེད་པར་བྱིའུ་ཕྲུག་ཐང་ལ་ལྷུང་བ་ལྟར་བསམ་ལ། རོལ་མོ་བསྒྲག་ཅིང་། ཧཱུྃ༔ ཁྭ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་
འུག་པའི་མགོ །རྟོག་མེད་ཟས་སུ་ཤ་ཟ་ཞིང་། །ཁྱོད་གཉིས་ཉིན་མཚན་མེད་པར་རྒྱུག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །ལུས་དང་སྲུང་མ་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག །ཕ་དང་བུ་གཉིས་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །བང་ལྷ་མཛོད་ཁང་ནང་ནས་ཕྲོལ། །ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེ་མ་མ་ཏྲག་ཏུ་ཕྱེ། ཞེས་བཟླས་པས་ལྷ་དང་དབྱེ་ཞིང་གཞན་ཡང་ལྷ་དབྱེ་བ་ནི། ༀ་ཏྲག་རཀྴ་མཱ་ར་ཡ་ཕྱེས༔ ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས༔ དྷེ་བ་ནི་ལྷ་དང་ཕྱེས༔ དྷེ་བ་ཙིཏྟ་ནི་ལྷ་དང་ཕྱེས༔ མ་མཱ་ཏྲག་རཀྴ་ལྷ་དང་ཕྱེས༔ ཡཾ་ཡཾ་ཡ་ཏྲི་ཕྱེས༔ མཾ་མཾ་མ་ཏྲི་ཕྱེས༔ སྦུ་སྦུ་བུ་སྲི་ཕྱེས༔ ཁ་འུར་པ་འུར་པ་ཤག་ཕྱེས༔ རཱུ་ཏྲ་ནི་ལྷ་དང་ཕྱེས༔ རཱུ་ཏྲ་ཧབ་ཧེ་
ཧོབ་ལོ་ཤག་ཕྱེས༔ དྷེེ་བ་ཤག་ཕྱེས༔ བྷ་རི་ཤག་ཕྱེས༔ ཧ་སུ་ཡེ་ཤག་ཕྱེས༔ མ་མ་ཀ་སུ་ཡེ་ཤག་ཕྱེས༔ ཀ་ཁ་ག་གྷ་ང་ཡཾ་དགྲ་བོ་སྐྱོབ་བྱེད་ལྷ་བཅུ་དང་ཤག་ཕྱེས༔ བོན་ལོ་དགུའི་ལྷ་དང་ཕྱེས༔ ཆོས་ཀྱི་སྲུང་མ་དང་ལྷ་ཡོད་ན་དགྲ་བོ་འདིའི་གཤེད་དུ་ཕོབ་ཅིག༔ དགྲ་བོ་དམ་ཉམས་ལིངྒར་བཏབ་པ་འདི་རྣམས༔ ཕོ་ལྷ་དང་ཕྱེས་ཤིག༔ ཕོ་སྲི་དང་སྤྲོད་ཅིག༔ དགྲ་ལྷ་དང་ཕྱེས་ཤིག༔ དགྲ་སྲི་དང་སྤྲོད་ཅིག༔ མ་ལྷ་དང་ཕྱེས་ཤིག༔ ཆུང་སྲི་དང་སྤྲོད་ཅིག༔ སྲོག་ལྷ་དང་ཕྱེས་ཤིག༔ སྲོག་གཅོད་དང་སྤྲོད་ཅིག༔ ཡུལ་ལྷ་དང་ཕྱེས་ཤིག༔ ཡུལ་འདྲེ་དང་སྤྲོད་ཅིག༔ དགྲ་བོ་འདི་རྣམས་ལ་འགོ་བའི་སྲུང་མ་ཕོ་རོག་རྡོས་བདས་པ་ལྟ་བུའམ༔ བྱ་སྤུ་གནམ་ལ་འཐོར་བ་བཞིན་དུ་ཐོངས་ཤིག༔ བརྣག་པར་བྱེད་པའི་བདུད་རྣམས་རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་ཐོངས་ཤིག༔ ལུས་ལིངྒའི་རྟེན་དུ་ཕོབ་ཅིག༔ ངག་ལིངྒའི་སྟེང་དུ་ཕོབ་ཅིག༔ ཡིད་ལིངྒའི་སྟེང་དུ་ཕོབ་ཅིག༔ རྣམ་པར་ཤེས་པ་རྟེན་ལ་ཕོབ་ཅིག༔ ཤག་ཤག་དགྲ་བོའི་བླ་ཤག༔ ཤེལ་ཤེལ་དགྲ་བོའི་བླ་ཤེལ༔ ཕུང་ཕུང་དགྲ་བོའི་བླ་ཕུང་༔
དགྲ་བོ་ལྷ་དང་བཅས་པ་ཤིག་ཤིག་རྦད་རྦད༔ གནོད་བྱེད་དགྲ་བོ་རྣམས་ཀྱི་བླ་ཁུག་ཅིག༔ ཨཾ་ཀུ་ཤ་ཛ་ཛཿ དེ་ནས་བསད་དམིགས་ནི༔ ཛཿ བདག་ཉིད་དབང་ཆེན་པདྨ་ཧེ་རུཀ །བརྟན་ཅིང་གསལ་ལ་གཟི་བརྗིད་དཔའ་སྒེག་ལྡན། །འཇིགས་ཤིང་རབ་འཁྲུགས་གར་དགུའི་ཉམས་ཀུན་རྫོགས། །ཁྲོ་རྒྱལ་ཁྲག་འཐུང་ཀུན་གྱི་ངོ་བོར་གསལ། །མདུན་དུ་གནམ་ལྕགས་ཁང་སྒྲོམ་མེ་འབར་ཞིང་། །སྒོ་མེད་ཚ་ལ་རྩུབ་ཅིང་འཇིགས་སུ་རུང་། །སྐྱི་བུང་ཡ་ང་བྱེད་པ་དེའི་ནང་དུ། །ཉམས་པའི་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ། །འཐབ་ཅིང་འཁྲུག་པའི་སྦལ་པ་དཀར་ནག་ཉིས། །འདོད་ཆགས་རྦ་ཀློང་ལྟོ་བ་སྦྱོར་བའི་བར། །ནྲྀ་ཏྲི་ལས་སྐྱེས་བྱད་མ་དགྲ་དང་བགེགས། །གཟུགས་བྱད་ངན་ཞིང་མྱ་ངན་དྲག་པོ་ཡི། །འོ་དོད་ཙེར་ཙེར་འབོད་པ་མངོན་སུམ་གསལ། །དེ་སྟེང་གནམ་ལྕགས་མཆོད་རྟེན་བང་རིམ་ད གུ། །རྒྱ་ཁྱོན་སྟོང་གསུམ་ཚད་མཉམ་འོད་ནག་པོའི། །གུར་ཁང་གིས་བསྒྲིབས་བུམ་པའི་ནང་ཉིད་དུ། །ལྷ་ཆེན་ཡབ་ཡུམ་སྲས་གསུམ་རབ་ཁྲོས་པའི། །མཐའ་
བསྐོར་སྡེ་བརྒྱད་ཕྱི་ནང་གསང་བ་དང་། །ལས་བྱེད་མྱུར་མགྱོགས་དྲག་པོའི་སྔགས་དང་ནི། །བསྟན་པ་སྲུང་བའི་སྡེ་བརྒྱད་ལྷ་སྲིན་འབུམ། །དྲྭ་བ་ར་བར་འཁོད་པ་ཐམས་ཅད་ཀུན། །རྔམ་འཁྲུགས་འབར་ཞིང་འཁོར་བའི་འོད་ཟེར་དེ། །དམིགས་པའི་ཡུལ་གྱུར་དགྲ་བོ་ལ་ཕོག་པས། །མ་བཟོད་ཁོ་ཡི་དུག་ལྔའི་རླངས་པ་སྔོ་དམར་ཁུ་རླངས་ནག་པོའི་རྣམ་པ་ཅན་དེ། །ཡབ་ཡུམ་སྲས་དང་དྲེགས་པའི་ཚོགས་ལ་ཕོག །དེ་མ་ཐག་ཏུ་དེ་རྣམས་དྲག་ཏུ་ཁྲོས། །སྣ་ཚོགས་མཚོན་ཆར་དུག་རླངས་ནད་ཡམས་ཐན། །ཆར་ལྟར་ཕབ་ཅིང་དྲག་ཏུ་གཡོས་པ་ནི། །ཁོ་ཡི་ཡི་དམ་ཆོས་སྐྱོང་ལ་ཕོག་པས། །དེས་ཀྱང་མ་བཟོད་ཁོ་ཡི་རྣམ་སྨིན་ལས། །བྱུང་བར་ཤེས་ཏེ་རང་དབང་མེད་པ་རུ། །དམིགས་བྱའི་ཤ་ཟོས་ཁྲག་འཐུང་རུས་པ་མུར། །སྲོག་བཅད་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ༀ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་བཛྲ་པཱ་ཎི་དྷཱཀྐི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿཨུ་མ་དྷེ་ཝི་ཛ་ལ་རཀྴ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་ས་མ་ཡ་ཧཱུྃ་ཧཱུྃ་དགྲ་བགེགས་ཆྒཻེའི་སྲོག་ལ་ཏྲི་དུ་ཛ་ཏྲི་དུ་ཛ་ནྲྀ་ཏྲི་མཱ་ར་ཡ་རྦད་རྦད༔ ཏྲག་རཀྴ་མཱ་ར་ཡ་རྦད་ཆོད་ཐུམ་རིལ་
རྦད༔ དུམ་བུར་གཏུབས་གཏུབས་སྙིང་ལ་ཡཾ་ཡཾ་མར་ཐུན་མཱ་ར་ཡ་བྷྱོ་ནན༔ དགྲ་བགེགས་སམ་བན་བོན་བྱད་གཏད་མཁན་ལྷ་སྲུང་ཞེས་མིང་སྨྲོས་པའི་མཐར༔ ཏྲི་དུ་ཛ་ཏྲི་དུ་ཛ་ནྲྀ་འམ་ཏྲི་མཱ་ར་ཡ་རྦད་རྦད༔ བྱད་གཏད་ཁྲམ་གསུམ་ཐམས་ཅད་ས་ཐུན་ཡ་བྷྱོ་བཟློག༔ ༀ་བྷི་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ ཁྲི་འཕོ་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ དམ་ལིང་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ པྲ་ཧ་ར་ན་དགྲ་བགེགས་བྱད་མའི་སྙིང་ལ་རྦད༔ ཅེས་བསད་སྔགས་བཟླའོ༔ ཛཿ དགྲ་བོའི་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ༔ སྦལ་པ་དཀར་ནག་ལྟོ་སྦྱར་དེ་གཉིས་ཀྱང་། །དྲག་ཏུ་ཁྲོས་ཏེ་རང་གཤེད་རང་ལ་བབ། །ཉམས་པ་དེ་ཡི་ཤ་ཟོས་ཁྲག་ལ་འཐུངས། །ཡན་ལག་སྡིག་པའི་ཟ་བར་ཞེས་པའི་དོན་ཡིན་གཤེད་མའི་རྣམ་པ་དུ་མ་ཡིས། །ཟོས་ཤིང་མུར་བས་ཁོ་ཡི་དབང་པོ་ལྔ། །ནག་འཐིབས་བཏང་སྟེ་རྣམ་ཤེས་མར་མེ་ནི། །འཆི་ཁའི་འོད་ཙམ་དེ་ཡང་མེད་པར་གྱུར། །དེ་ཚེ་ལྷ་ཆེན་ཡབ་ཡུམ་ཁྲོས་པ་ཡིས། །སྟོབས་ལས་བྱུང་བའི་གནམ་ལྕགས་ཆུ་ཟངས་ཀྱི། །འཁོར་ལོ་གཉིས་པོ་སྙིང་ཁར་གཡས་གཡོན་དུ། །
འཁོར་བས་དོན་སྙིང་དམར་ཕྲུལ་གྱིས་གཏུབས་ནས། །འཁོར་ལོའི་རྩིབས་ལས་སྡེ་བརྒྱད་མི་བསྲུན་པ། །དཔག་མེད་མང་པོས་ནད་མཚོན་ཆར་ཕབ་པས། །དམ་ཉམས་དགྲ་བོ་རྡུལ་དུ་བརླག་པར་གྱུར། །དམིགས་ཚན་འདི་གཉིས་ཀྱི་ཁོང་ནས་བསད་སྔགས་ལ་འབད་ཅིང་རྟགས་རྫོགས་ཀྱི་བར་ནན་ཏན་བྱ་ཞིང་། སྐབས་སུ་ཐུན་གྱིས་བྲབ། དམོད་བཅོལ་བྱ། ཟློག་བསད་སྦྲེལ་མའི་དམིགས་པ་ནི། ཛཿ སྡིག་ཅན་དགྲ་བོས་ཐབས་དང་བཟློག་བསད་ཀྱི། །ལས་བྱས་ཐམས་ཅད་ལས་ཀྱི་མཐའ་ལོག་སྟེ། །ཉམས་པ་ཁོ་ཡི་རང་གཤེད་བདུད་དུ་བབ། །དུག་མཚོན་ལྷ་འདྲེ་མ་རུངས་དུ་མ་དང་། །དུག་སྦྲུལ་གནམ་ལྕགས་སྡིག་པ་བྱ་ཤ་གཟན། །གཅན་གཟན་ཁྲག་འཐུང་མང་པོར་གྱུར་ནས་སུ། །ལུས་ལ་བཏབ་ཅིང་རབ་ཏུ་ཟོས་པ་ཡིས། །ལྷན་སྐྱེས་བདུད་བཞི་ཁྲོས་ཤིང་རང་གཤེད་བབ། །དམ་ཉམས་དགྲ་བགེགས་བྱད་མ་སྡིག་ཅན་གྱི། །སྤྱི་བོར་ས་ཡི་རང་བཞིན་ལྷའི་བུའི་བདུད། །སྔོ་ནག་བུང་བས་མེ་ཏོག་འཇིབ་འདྲ་བ། །ཐུར་དུ་ཁ་བསྟན་སྤྱི་གཙུག་རྩ་ལ་འཇིབས། །ཁྲོས་ནས་ཚངས་པའི་གཙུག་ཐག་རྦད་ཀྱིས་བཅད། །ཀླད་ཁྲག་ཞོ་ལྟར་དཀྲུགས་ནས་
སའི་དྭངས་མ། །མགྲིན་པའི་ཆུར་བསྡུས་མགོ་བོ་འཁོར་བར་བྱས། །མགྲིན་པར་མེ་ཡི་རང་བཞིན་ཉོན་མོངས་བདུད། །སྡིག་པ་དམར་པོ་བྲག་ལ་འཛེགས་འདྲ་བ། །ཁྲོས་ཏེ་རྩེ་འུ་ཆུང་གཉིས་བཅད་པ་ཡི། །ཁ་ནས་ཁྲག་སྐྱུགས་ཆུ་ཡི་དྭངས་མ་ནི། །ལྟེ་བའི་མེར་ཐིམ་དགྲ་བོ་ལྐུགས་པར་གྱུར། །ལྟེ་བར་མེ་ཡི་རང་བཞིན་ཕུང་པོའི་བདུད། །སྡོམ་ནག་ཁ་དང་ཡན་ལག་བསྒྲད་འདྲ་བ། །ཁ་ཡར་བསྟན་ནས་ལྟེ་བའི་རྩ་གསུམ་བཅད། །ལུས་སེམས་ཕྲལ་བྱས་མེ་ཡི་དྭངས་མ་ནི། །སྙིང་ཁའི་རླུང་ལ་ཐིམ་པས་དྲན་པ་ཉམས། །མྱོས་ཤིང་འབོག་ནས་བརྒྱལ་ཐབས་སོང་བར་གྱུར། །སྙིང་གར་རླུང་གི་རང་བཞིན་འཆི་བདག་བདུད། །མཐིང་ནག་མཆེ་གཙིགས་སྟོབས་ཆེན་གྱད་འདྲ་བ། །དཀར་ནག་མཚམས་སུ་ཁ་ཡར་བསྟན་ནས་གནས། །ཁྲོས་ཏེ་སྲོག་རྩ་བཅད་ནས་འདུ་བྱེད་བཀུམས། །རླུང་གི་དྭངས་མ་རྣམ་ཤེས་ནྲྀ་ལ་བསྡུས། །དེ་ཡང་མར་མེ་རླུང་གིས་བསད་ལྟར་གྱུར། །ཁོ་ཡི་ཁ་ནས་སྔགས་ནུས་འོད་རླངས་སུ། །འཁྲུགས་པ་རྡོ་རྗེ་རྒྱ་གྲམ་གྱི་བདེན་པས། །ཁོང་
པར་འཁྲུགས་པའི་རང་གཤེད་རང་ལ་བབ། །ཁྱད་པར་ཁོ་ཡི་བསྟེེན་སྒྲུབ་མཆོད་པ་ཡི། །ཕྱི་ནང་ཡི་དམ་ཆོས་སྐྱོང་གང་ཡིན་པ། །དྲག་ཏུ་ཁྲོས་ཤིང་ཞེ་སྡང་མེ་ལྟར་འབར། །སྲོག་བཅད་ཤ་ཟོས་ཁྲག་ལ་རོལ་བར་གྱུར། །ཅེས་པ་འདི་ནི་བཟློག་བསད་ཀྱི་དམིགས་པ་གོ་ཆུ་ཏུབ་ཏུ་སྣང་ངོ་། ༀ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་བཛྲ་པཱ་ཎི་དྷཱཀྐི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿ ཨུ་མ་དྷེ་ཝི་ཛ་ལ་རཀྴ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་ས་མ་ཡ་ཧཱུྃ་ཧཱུྃ༔ དགྲ་གེགས་བྱད་མ་རྦོད་གཏོང་གཏད་ཁྲམ་དང་བཅས་པ༔ ཏྲི་དུ་ཛ་བྷྱོ་བཟློག་ཏྲི་དུ་ཛ་བྷྱོ་བཟློག་མཱ་ར་ཡ་ཏྲག་རཀྴ་བྱད་གཏད་ཁྲམ་གསུམ་ཐམས་ཅད་ས་ཐུན་ཡ་བྷྱོ་བཟློག༔ ༀ་བྷི་དགྲ་བགེགས་བྱད་མ་ཐམས་ཅད་བྷྱོ་བཟློག༔ ཁྲི་འཕོ་དགྲ་བགེགས་བྱད་མ་ཐམས་ཅད་བྷྱོ་བཟློག༔ དམ་ལིང་དགྲ་བ གེགས་བྱད་མ་ཐམས་ཅད་བྷྱོ་བཟློག༔ པྲ་ཧ་ར་ན་དགྲ་བགེགས་བྱད་མ་ཐམས་ཅད་བྷྱོ་བཟློག༔ གཟུགས་ཅན་མིའི་བྱད་གཏད་ཁྲམ་གསུམ་ཐམས་ཅད་བྷྱོ་བཟློག༔ གཟུགས་མེད་ལྷ་འདྲེའི་བྱད་གཏད་ཁྲམ་གསུམ་ཐམས་ཅད་བྷྱོ་བཟློག༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པའི་
དགྲ་བགེགས་བྱད་མ་ཐམས་ཅད་བྷྱོ་བཟློག༔ ཅེས་བཟློག་པའི་རྟགས་མ་གསལ་གྱི་བར་དུ་བརྩོན་འགྲུས་དང་ལྡན་པར་བཟླའོ། །བོན་པོ་བསད་བཟློག་གི་སྔགས་ནི། བསྭོ་ཨ་ཡ་རཾ་རཾ་བྲུམ་བྲུམ་གཡུང་དྲུང་རྀ་རྀ་ཙཀྲ་རྀ་རྀ་བྲུམ་བྲུམ་རཏྣ་རཾ་རཾ་བསྭོ་རཾ་བཟློག་ཁྲོ་ཏ་ཏྲི་ཙེ་བཟློག་ཀྲོ་ཏ་ཁྱེར་ཡ་རཾ་ཡ་རཾ་ཡ་རཾ་ཏ་རཾ་ཏ་རཾ་ར་ཙ་རཾ་རཾ་ནཱ་ག་ཧཱུྃ་བཟློག༔ དུ་ར་དེ་བ་བཟློག་བྱད་མ་རང་གཤེད་རང་ལ་ཕོབ་སྲིད་པའི་རྒྱལ་མོའི་སྙིང་ལ་ཐུན་བྷྱོ༔ དེ་ལྟར་བཟླས་པའི་སྐབས་སུ་གང་བབ་ནན་གྱིས་བཟླ་ཞིང་བླ་འགུགས་ཀྱི་དུས་ཕྱག་རྒྱ་བཞིས་བསྡམས་ཟིན་པ་དང་། བསད་པའི་དུས་སྔགས་དམིགས་རྣམས་ཀྱི་རྗེས་སུ་ཐུན་བསྐུལ་གྱིས་བསྒྲལ་ཞིང་ཞལ་དུ་བསྟབ་པའི་རྗེས་སམ། བཟློག་པའི་དུས་བཟློག་པའི་སྔགས་དམིགས་ཀྱི་མཐར་སྤྲོ་ན་བཟློག་གཞུང་རྣམས་གྱེར་བའི་རྗེས་སུ་ཐུན་གཏོར་ལ་རཀྟ་བྲན་ཏེ་འགུགས་གཞུག་ལན་གསུམ་བྱས་མཐར་བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ ། ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་རྩ་སྔགས་མཐར། ཨེ་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ། བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷ ནྡྷེ་ནཻ་ཝིཏྱ་ཤབྟ་ཨ་མྲྀ་ཏ་རཀྟ་བྷ་ལིཾཏ་མ་ཧཱ་སརྦ་པཱུཙྪ་ས་མ་ཡ་
ཁཱ་ཧི་ཁཱ་ཧི། ཞེས་མཆོད་ནས་རང་གཞུང་ལྟར་བསྟོད་ཅིང་དེ་ནས། ཧཱུྃ། རྟ་མགྲིན་དབང་གི་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་རོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བྷ་ལིཾཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་ལྟེམ་དཔུང་། །ཐམས་ཅད་རང་གཤེད་ཕོབས་ལ་མཐུ་ནུས་ཤིགས། །ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ལས་མཛོད་ཅིག །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད། ཐུན་གཏོར་གཏོར་ཆེན་ལ་འབུལ། ཐུན་གཏོར་གསར་པ་རེ་དེ་མ་ཐག་ཏུ་བཤམས་ཏེ་བཞག་གོ །དེ་ནས་ཚོགས་ལྷག་ཆད་བསྟན་བྲོ། །བསྡུ་རིམ་བསྔོ་སྨོན་བཀྲ་ཤིས་རྣམས་བྱའོ། །སྤྱིར་ཡང་བཅའ་གཞི་དང་གབ་ཡིག་དང་མདེའུ་ཐུང་རྣམས་ལ་ནན་ཏན་གྱིས་ལྟ་རྟོག་ཐེབས་ཤིང་གོ་བ་ལོན་པར་གཏན་ལ་ཕེབས་པ་གལ་ཆེ། བཟློག་བསད་ཀྱི་ལིང་ག་གཏེར་སྟོན་གྱི་བཀོད་པ་དང་
མེད་དུ་མི་རུང་བའི་ཞལ་ཤེས་ཕྲན་བུ་ཁོ་བོས་བཀོད་པར་ཡང་བལྟ་བར་བྱའོ། །གདོན་བགེགས་བྱད་མ་དགྲ་སོགས་གང་བསད་ཅིང་བཟློག་པའི་ལས་བྱེད་ཀྱང་དམིགས་པ་འདི་བཞིན་དང་སྔགས་ཐེམས་སུ་མིང་འབྱིན་འཇུག་བགྱིས་པས་འགྲུབ་བོ། །ཞེས་དམིགས་པ་དང་སྔགས་ཀྱི་མདེའུ་ཐུང་ཕྱག་བཞེས་སུ་བཀོད་པ་འདི་ནི་སྔ་འགྱུར་རྙིང་མའི་མན་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་དང་བླ་མའི་གསུང་རྒྱུན་ཚད་མའི་ཞལ་ཤེས་དང་། རང་གིས་ཉམས་སུ་བླངས་པའི་དོན་ཁོངས་སུ་ཆུད་པར་བྱས་ནས་ཧྲིལ་གྱིས་དྲིལ་ནས་རྩ་བ་དམིགས་པའི་མདེའུ་ཐུང་སྔགས་ཀྱི་མདེའུ་ཐུང་གཉིས་ཁྲིགས་ཆགས་སུ་བསྡེབས་ཏེ་རྫོགས་པ་ཆེན་པོའི་ལམ་གྱི་རྣལ་འབྱོར་པ་པདྨ་ཧེ་རུ་ཀ་འདིའི་དབང་བཞིའི་ཚུལ་ལ་གོམས་པ་ཕྲིན་ལས་བསྟན་དར་རམ་གསང་མཚན་དབང་ཆེན་བཞད་པ་རྩལ་དུ་འབོད་པ་བདག་གིས་རང་ཉིད་ལ་ཉེ་བར་མཁོ་ཕྱིར་སྦྱར་ན་བཀའ་སྲུང་དམ་ཅན་རྣམས་ཀྱིས་བྱ་ར་གྱིས་ཤིག །དམ་མེད་ལོག་པའི་འདུ་ཤེས་ལྔ་དང་ལྡན་པ་རྣམས་ལ་བཀའ་རྒྱ། མངྒ་ལཾ། བཀྲ་ཤིས་ཤོག། །
རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་འགྲིག
࿅༔ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་འགྲིག་བཞུགས་སོ། །གུ་རུ་ན་མོ། རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལས་འགྲིགས་ནི། གཞི་སྟེགས་ཀྱི་ཁར་འབྲུ་ཚོམ་ལྷ་གྲངས་ཀྱི་ཚོམ་བུ་འགོད། དཔལ་གཏོར་ལྷ་གྲངས་མཐའ་མར་མཐེབ་སྐྱུ་སུམ་རིམ་གྱིས་བསྐོར། གཡས་སུ་སྨན། གཡོན་དུ་རཀྟ་བཞག གཡས་སུ་བཀའ་སྲུང་གཏོར་མ། ལྷ་བཤོས་གཙོ་འཁོར་ལྔ་པའི་མཚམས་སུ་མཐེབ་སྐྱུ་སུམ་བརྩེགས་ཀྱིས་བསྐོར། གཡོན་དུ་གཏེར་སྲུང་གཏོར་མ་གཙོ་འཁོར་བདུན་ལ་མཐེབ་སྐྱུ་སུམ་བརྩེགས་ཀྱིས་བསྐོར་བ། དཀར་གཏོར་བགེགས་གཏོར་ལྷ་བཤོས་ཚོགས་ཆད་ཐོ་བསྟན་མ་སྲུང་མའི་བསྐུལ་གཏོར་གཉིས། མཆོད་པ་ཁ་གསོ་བའི་བ་ལིང་ཅི་མང་གསོལ་ཁ་ཚར་གྲངས་མང་དུ་གཏོང་ན་སྣོན་རྒྱུའི་གཏོར་ཆུང་ཅིི་མང་། གཞན་ཡང་ཤ་ཐུད་འབྲུ་སྣ་ཚོགས་སོགས་གསག་གོ །ཧྲཱིཿ སྔོན་གྱི་བསྐལ་པ་སོགས། ཧཱུྃ༔ རིན་ཆེན་སྣ་ཚོགས་སོགས། སྐྱབས་འགྲོ་ལན་གསུམ། སེམས་བསྐྱེད་ལན་གསུམ། ཡིག་བརྒྱ་ལན་གསུམ། དེ་ནས་གསོལ་འདེབས་ཚར་བ་དང་། ཧྲཱིིཿ ཕུན་ཚོགས་ལྔ་ལྡན་སོགས། མི་རྟོག་ཡེ་ཤེས་རང་ངོ་འཕྲོད་པ་དང་སོགས། དཀར་བགེགས་བཏང་ནས། བཀའ་བསྒོ་བ་ནི། ཧཱུྃ་ཧྲཱིཿ དང་པོ་མ་རིག་རྒྱུ་ལས་སྐྱེས་པ་སོགས། མཚམས་གཅོད་པ་ནི། ཧཱུྃ་ཧྲཱིཿ ང་ནི་རྟ་མཆོག་པདྨ་སོགས། སྐྱབས་འགྲོ་ནི ། ཧཱུྃ་ཧྲཱིཿ དབང་ཆེན་པདྨ་དབང་གི་སོགས་ལན་གསུམ། མཆོད་པ་བྱིན་བརླབ་ནི། རཾ༔ ཕྱི་སྣོད་ནང་བཅུད་སོགས། སྔགས་རྣམས་ལན་གསུམ། བྱིན་དབབ་པ་ནི། ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་
ཁམས་ནས་སོགས། བསྐྱེད་རིམ་ནི། ཧཱུྃ་ཧྲཱིཿ བརྗོད་དུ་མེད་པའི་ཆོས་ཉིད་སོགས་ནས་མཆོད་འབུལ་བཅས་གཞུང་བཞིན། ༀ་ཨཱཿཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སོགས་ཁཱ་ཧི་བསྟོད་པ་ནི། ཧཱུྃ་ཧྲཱིཿ འོག་མིན་གསང་ཆེན་རོལ་པའི་མཁའ་དབྱིངས་སོགས། བསྟོད་པའི་མཐར། གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་སོགས། དེ་ནས་བསྙེན་པ་སྐབས་བསྟུན་ནས་བཟླ། ཐུན་མཐར་ལས་བཞིའི་ཤམ་བུ་ཅི་རིགས་སྦྱར། མཆོད་བསྟོད་ནི། བཛྲ་པུཥྤེ་སོགས་ནས་ཤབྟ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སརྦ་པཱུཙྪ་ས་མ་ཡ་ཁཱ་ཧི་ཁཱ་ཧིས་མཆོད། ཧཱུྃ་ཧྲཱིཿ འོག་མིན་གསང་ཆེན་གྱིས་བསྟོད། དེ་ནས་ཐབས་ཤེས་ཞབས་ཀྱི་དཀྱིལ་འཁོར་གཉིས་སོགས། བསྙེན་པ་བཟླ་བཛྲ་པུཥྤེས་མཆོད། ཧཱུྃ༔ལས་གྱུར་པའི་དབང་ཕྱུག་ཁྲོ་བོས་བསྟོད། དེ་ནས་ཕྱི་རིམ་བཀའ་འཁོར་སྡེ་བརྒྱད་རྣམས་སོགས། བསྙེན་པ་བཟླ། བཛྲ་པུཥྤེས་མཆོད། ཕྱི་རིམ་འཁོར་ལོ་འབར་བ་རྩིབས་བརྒྱད་ནས་སོགས་ཀྱིས་བསྟོད། ཧཱུྃ་ཧྲཱིཿ དགོངས་ཤིག་ཐུགས་རྗེ་ཆེ་མངའ་བཅོམ་ལྡན་འདས་སོགས་ཀྱིས་དབང་བཞི་ལེན། སྤྱི་སྒེར་གྱི་ཆོས་སྐྱོང་རྣམས་ཆབ་བྲན་ལ། ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་དྲག་པོ་དམར་གྱི་གཏོར་མ་འདི་ལ་ཁུག་༔ ཅིག ཛཿཧཱུྃ་བཾ་ཧོ༔ ༀ་
བཛྲ་ཨང་ཀུ་ཤ་ཡ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གནྜེ་ཧོ༔ བཛྲ་ཨ་བེ་ཤ་ཡ་ཨཱ༔ སྨན་རཀྟ་བྲན་ལ། གནོད་བྱེད་དགྲ་བགེགས་མ་ལུས་པ་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་ཨཱཿཧཱུྃ༔ གིས་བྱིན་གྱིས་བརླབས། དེ་ནས་ཚོགས་ནི། ཧཱུྃ་ཧྲཱིཿ དབང་ཆེན་རོལ་བ་གསང་བའི་དུར་ཁྲོད་འདིར་སོགས། ཧཱུྃ་ཧྲཱིཿ གསལ་བ་ཆོས་སྐུ་སོགས་མཆོད་པ། ཧཱུྃ་ཧྲཱིཿ ཤ་ལྔ་བདུད་རྩི་ལྔ་སོགས། དེ་ནས་བསྐང་བ་ནི། ཧཱུྃ་ཧྲཱིཿ དབང་ཆེན་རོལ་བའི་ཞིང་ཁམས་སོགས། ཧཱུྃ་ཧྲཱིཿ དབང་དྲག་ཁྲོས་པའི་ལྷ་ཚོགས་སོགས། ཧཱུྃ་ཧྲཱིཿ དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་སོགས། ༀ ༔ རྗེ་བཙུན་བླ་མ་སོགས་ཡིག་བརྒྱ། ཆོས་སྐྱོང་སྤྱི་སྒེར་གྱི་གཏོར་མ་རྣམས་གཞུང་ལྟར་བྲན་ལ། དེ་ནས་ཚོགས་ཐ་མའམ་ལིང་ག་ལ། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་ཐ་མ་གཟུགས་བམ་ལིངྒ་འདི་ལ་ཁུག་ཅིག འགུགས་སྔགས་ལ་ཨཾ་ཀུ་ཤ་སོགས་གོང་དང་འབྲེལ། ཧཱུྃ་ཧྲཱིཿ དཔལ་ཆེན་འབར་བ་སོགས་མཐར་བསད་སྔགས། ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་སོགས། ལྷག་མ་མེད་པར་བཞེས་ཤིག་ཁ་རཾ་
ཁཱ་ཧི། ༀ་བཛྲ་ཀྲོ་ཏ་ཧྱ་གྲྀ་ཝ་བཛྲ་པཱ་ཎི་དྷཱཀྐི་ནི་བྷ་ར་ཧི་ཧཱུྃ་མ་ཧཱ་དྷེ་ཝ་ཧྲཱིཿཨུ་མ་དྷེ་ཝི་ཛ་ལ་རཀྟ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་མཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀིང་ནི་རི་ཏི་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ་སོགས། གཙོ་བཟློག་མཇུག་ཏུ་བཟློག་སྔགས་དེ་ནས་ཚོགས་རོལ་ལྷག་མ་བསྔོ་བཀའ་གཏེར་གཏོར་མ་འབུལ་ཞིང་། ཧཱུྃ་བྷྱོ༔ ཆོས་སྐྱོང་ཁྱོད་ལ་སོགས། ཧཱུྃ༔ དམ་ཚིག་ཅན་གྱི་སོགས། གྲིབ་བཙན་བསྐུལ། དེ་ནས་ཆད་ཐོ་བསྟན་མ། ན་མོ༔ དཀོན་མཆོག་གསུམ་སོགས། སྒབ་འདྲེ་དམ་སྲི་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿ ཧཱུྃ་བཾཿ ཧོ་ཨང་ཀུ་ཤ་སོགས། ཧཱུྃ་ཧྲཱིཿ ཆོས་སྐུ་ཞི་བའི་སོགས། རྟ་བྲོ་བརྡུང་། སྒྲུབ་ཞག་རྫོགས་པའི་ནུབ་རྟེན་ཡོད་ན་འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་པར་བྱ། དེ་ནས་གཤེགས་གསོལ་སྒྲུབ་ཞག་རྫོགས་པའི་ནུབ་ཐ་མ་མ་གཏོགས་མི་དགོས། བསྡུ་རིམ་བསྔོ་སྨོན་བྱ། ཤིས་བརྗོད་བཀྲ་ཤིས་ཀྱི་ཚིགས་བཅད་སྐབས་བསྟུན་བྱའོ། །རྩ་བསྙེན་སྟོང་རེ་ལས་བཞིའི་ཤམ་བུ་ཉེར་གཅིག་རེ་བཟླ། དབྱངས་གསལ་ཡིག་བརྒྱ་ཡེ་དྷརྨ་རྣམས་ལན་གསུམ་རེ་འདོན། བསྙེན་པ་གཞན་མ་རྣམས་བརྒྱ་རེ་འདོན་པར་བྱའོ། །བཟློག་པ་ནི་གཡུལ་འགྱེད་སའི་ས་དང་ཕུང་ཤུལ་གྱི་ས་རྣམས་ལས་བྱས་པའི་སྟེགས་བུར་མ་ཏྲཾ་ལྟོ་༔ བར་དབུས་སུ་ཆོས་འབྱུང་ཟླ་གམ་ཁ་སྦྱོར། དེ་ཡི་ཕྱི་རོལ་
ཐོད་པ་མེ་རིས་བསྐོར་བའི་ཁར། མཉྫིའམ་མདའ་གསུམ་ༀ་དུ་བཅིངས་པའི་སྟེང་དུ་དྲག་པོའི་བཤོས་བུ་རྔམས་བརྗིད་དང་ལྡན་པ། དེ་ཡི་གཡས་གཡོན་མདུན་རྒྱབ། དམར་གཏོར་གཙོ་གཏོར་ལས་དམའ་བ་བཞི་བཞག དེ་ཡི་ཕྱི་རོལ་དུ་སྡེ་བརྒྱད་བཤོས་བུ་བརྒྱད་དང་བཅས་ལ་རཀྟ་བྱུག་གྲི་རིས་འཐེན། དེ་ལྟར་གཙོ་འཁོར་རྣམས་ལ་དྲག་རྒྱན་མེ་རི་བྱ། གཙོ་བོ་ལ་ཁྱུང་སྐུ་དང་དར་གདུགས་ཀྱིས་བརྒྱན་རྗེས་ལྷ་གྲངས་ཙཀླི་འཛུགས་མཚམས་རྣམས་སུ་སྤྱད་ཀ་སྐྱུ་གུ་ཁྲག་ཀོང་གིས་བསྐོར་ཕྱག་རྩང་དབུ་རྩང་ཡུངས་ཀར་སྐེ་ཚེ་མཚེ་རྣམས་གཙོ་བོ་ལ་བཞི་བཞི་འཛུགས་འཁོར་རྣམས་ལ་གཉིས་གཉིས་འཛུགས། ཕྱི་རོལ་དུ་རྩང་ནག་པོ་ནང་མ་དམར་པོ་བྱ། རྩེ་ལ་ཟློག་བྱང་ལིང་ཆུང་ཤ་དུམ་རྣམས་ཀྱིས་བརྒྱན། གཡས་སུ་བཀའ་སྲུང་གཏོར་མ་བཤོས་བུ་གཙོ་འཁོར་དགུ་གཡོན་དུ་གཏེར་སྲུང་གཏོར་མ་གཙོ་འཁོར་བདུན། གཉིས་ཀ་ལ་ཤ་དུམ་དང་རྩང་དང་ལིངྒ་བཅས་མཚན་དུས་ཀྱི་གཏོར་འབུལ་རྣམས་ལ་སྤོས་དང་མེ་སྒྲོན་འཛུགས། མདུན་ནས་ཕར་རཀྟའི་ཨརྒྷཾ་སྦྲེང་གུ་གུལ་ཐུན་རྫས་གདབ་ཕུར་རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བགྱིས་ནས་ལས་ཀྱིི་གཞུང་བསྲང་བསྙེན་པའི་ཁ་གསོ། ཚོགས་ཐ་མ་བསྒྲལ་བའི་སྐབས་སུ་བྲིས་འབུར་གང་རུང་གི་ལིང་ག་ཧོམ་དུ་མགོ་རང་ལ་བསྟན་ནས་འགོད། འབྱོར་ན་དེ་བསྒྲལ་ཆས་ཀྱིས་བསྐོར། དེ་ཡི་སྟེང་དུ་བསྐུལ་གཏོར་ཤ་ཁྲག་གིས་བརྒྱན་པ་བཅུ་གཉིས་འགོད། ཧོམ་བསྐྱེད། བདག་ཉིད་སྐད་ཅིག་གིས་དབང་ཆེན་དྲེགས་པ་ཟིལ་གནོན་སོགས་གཟུ་དཔང་། ཧོ༔ དགོངས་སུ་གསོལ་ལོ་སྐྱེ་མེད་སོགས་བདེན་བརྗོད་ལ། ན་མོ་སངས་རྒྱས་ཆོས་དང་དགེ་
འདུན་གསུམ་གྱི་བཀའ་བདེན་པ་སོགས། འགུགས་གཞུག་བསྡུས་པ་ཉེར་གཅིག ན་མོ་དཀོན་མཆོག་གསུམ་སོགས་འགུགས་སྔགས་ཉེར་གཅིག ༀ་བཛྲ་ཀྲོ་ཏ་སོགས། ༀ་བཛྲ་ཨང་གུ་ཤ་ཡ་ཛ་འགུགས། ༀ་བཛྲ་པཱ་ཤ་ཧཱུྃ་འཆིང་། བཛྲ་སྥོ་ཊ་བཾ་སྡོམ། བཛྲ་གནྜེ་ཧོ་མྱོས། བཛྲ་ཨ་བེ་ཤ་ཡ་ཨ་གཟུགས་ལ་དབབ། བཛྲ་པྲ་བེ་ཤ་ཡ་ཕཊ་ལྷ་དང་ཕྲལ་ཅེས་ཕྱག་རྒྱ་བཅས་ལན་གསུམ་བྱའོ། །ཕྱག་རྒྱ་དང་བཅས་འགུགས་ཆིངས་ཀྱིི་སྨྲེང་གྱེར། ཧཱུྃ༔ ང་ནི་དབང་ཆེན་དྲེགས་པའི་སྡེ་དཔོན་ཆེན་སོགས། ན་མོ་དཀོན་མཆོག་གསུམ་སོགས་གསུམ་འགུགས་སྔགས་གསུམ་ཨཾ་ཀུ་ཤ་སོགས་བསྐུལ་གཏོར་ལ་འགུགས་འཆིང་བསད་སྔགས་གསུམ་གྱིས་བསྒྲལ་ཞིང་། སྨན་རཀྟ་བྲན་པས་ཤ་ཡི་རི་བོ་སོགས། བྱིན་གྱིས་བརླབས་ལ་སྔགས་ཀྱི་ཁཱ་ཧི་གསུམ་འབུལ། གཙོ་བོ་དང་བཀའ་གཏེར་བསྐུལ། ཉེས་པ་བསྒྲག་པ་ནས་བསྟབ་པའི་བར་བྱ་ཞིང་། ལྷ་སོ་སོའི་ཕྱག་མཚན་གྱིས། ཐུན་བསྐུལ་མཇུག་ཏུ་བྱེ་བྲག་གི་སྔགས་ལ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡའི་བསད་སྔགས་བཏགས། དེ་ནས་ཚོགས་ཀྱི་བསྒྲལ་བ་སྨྲེང་གྱེར་བསད་སྔགས་ལན་གསུམ་གྱིས་བསྒྲལ། ལིང་རོར་སྨན་རཀ་བྲན་ནས། ཞལ་བསྟབ་བྱ། ཧཱུྃ༔ ཕྱེས་ཤིག་སོགས། དེ་ནས་བཟློག་འཕྱོངས་དང་སྦྲགས། བཟློག་འཕྱོངས་འདི་གཉིས་མགོར་ལིང་ག་དང་གཏོར་མ་བྱིན་གྱིས་བརླབས། ནུབ་སྔ་མ་ལྷག་མ་སོགས་མཇུག་བསྡུ། སྒྲུབ་ཞག་རྫོགས་པའི་ནུབ་ལྷག་མ་བསྔོ། གསེར་སྐྱེམས་བཏང་། ཧཱུྃ༔ སྟེང་༔ ཕྱོགས་སྐྱོང་བ་སོགས། སྒོ་དབྱེ་དབང་ཆེན་རྟ་གདོང་
པདྨ་ཧེ་རུ་ཀ་སོགས། གཏོར་མའི་ཡེ་ཤེས་པ་རང་ལ་བསྡུ། དབང་བ ཞི་ལེན་ཁྱུང་སྐུ་གནས་གསུམ་དུ་གཏུག དམ་ཚིག་གི་ངོ་བོ་གཏོར་མ་ཁྲོ་རྒྱལ་དྲེགས་པའི་དམག་དཔུང་བཞེངས་པར་བསམ་ཞིང་གཞུང་གསོལ་འདོན། ཧཱུྃ༔ སངས་རྒྱས་ཀུན་འདུས་པདྨ་དབང་གི་ལྷ་སོགས། སྐབས་འདིར་གླུད་གང་རུང་བཏང་ཡང་ན་ཟ་ལམ་འདོན། འདིར་ཕྱོགས་ཀྱི་ཕྱག་ལེན་རྙིང་པ་ཞིག་ལ་དམ་ཚིག་བསྒྲག་པའི་ཆད་ཐོ་གྱེར། ཆད་ཐོའི་གཏོར་མ་འགུགས་བསྟིམ་བྱིན་བརླབས་བྱས་ལ། སྔོན་ཚེ་འདས་དུས་སོགས་ཀྱིས་གཏོར་ཆེན་ལ་འབུལ། སྤྲོ་ན་སྤོས་དང་གསེར་སྐྱེམས་ཀྱི་ཐོག་དྲངས། རུ་མཚོན་དང་བཅས་པའི་གཏོར་མ་རྣམས་བསྲེག་ཅིང་། སྒྲུབ་པོ་རྣམས་ཞྭ་གོས་ཀྱིས་སྤྲས་རོལ་མོ་དང་བཅས་ཕྱི་བཞིན་འབྲང་། གཟའ་དང་མཁའ་འགྲོའི་རྒྱུ་ཕྱོགས་སུ་གོམ་པ་བདུན་ཅུའི་སར་སླེབས་པ་ནས། གསེར་སྐྱེམས། ཧོ༔ དགོངས་སུ་གསོལ་ལོ་སོགས། བསྒྲལ་བསྟབ་སྤྲོ་ན་དམོད་བཅོལ། དེ་ནས་གཏེར་སྲུང་། དམ་ཚིག་ཅན་སོགས་བཀའ་སྲུང་ལ། ཆོས་སྐྱོང་ཁྱོད་ལ་སོགས། ཟོར་ཆེན་རྣམས་བ སྐུལ། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་སོགས། རོལ་མོ་དྲག་བརྡུང་དང་བཅས་པས་བཟློག་སྔགས་བཟླ། བསྟན་མ་གཏོང་། སྒྲུབ་གྲོགས་རྣམས་ཀྱི་ཕྱི་བཞིན་དུ་སློབ་དཔོན་གྱིས་སྲུང་འཁོར་སྒོམ་གྱིན་འོང་ངོ་། །སྒོ་དྲུང་དུ་རྟ་བྲོ་བརྡུང་། ནང་དུ་ཕྱིན་ནས་ཚེ་འགུགས་བྱ་མཆོད་པ་ཁ་གསར་དུ་གསོ་བྱིན་གྱིས་བརླབས་མཆོད་བསྟོད་བྱ། གཤེགས་བསྐུལ་བསྔོ་སྨོན་ཤིས་བརྗོད་དཀྱུས་བཞིན་ནུབ་མོ་དེ་ཉིད་དམ་ཕྱི་ཉིན་ཚོགས་འཁོར་སོགས་གཏང་རག་ཏུ་བྱའོ། །དགེ་སློང་བསྟན་འཕེལ་དང་ཀུན་དགའ་གྲགས་པ་གཉིས་ཀྱིས་བསྐུལ་བ་ལ་བརྟེན་ནས།
ཕྲིན་ལས་བསྟན་དར་གྱིས་བཀོད་པ་དགེའོ། །སརྦ་མངྒ་ལཾ།། །།
རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་བསྡུས་པ།
࿅༔ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་བསྡུས་པ་བཞུགས་སོ༔
བླ་མ་དང་ནི་ཁྲོ་མཆོག་རྟ་མགྲིན་དཔལ༔ དབྱེར་མེད་གུས་པ་ཆེན་པོས་སྤྱི་བོར་མཆོད༔ བྱིན་གྱིས་རློབས་ལ་བཀའ་གནོངས་ཤིས་པ་སྩོལ༔ དེ་ཡང་རྒྱུན་གྱི་རྣལ་འབྱོར་ཉམས་ལེན་ཁྱེར་བདེ་ནི༔ ཧཱུྃ༔ ཨོ་རྒྱན་སོགས༔ སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང་༔ མཚོ་རྒྱལ་ཀླུ་དབང་ཉི་གྲགས་ཡབ་སྲས་དང་༔ རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབསཿ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ དབང་ཆེན་པདྨ་དབང་གི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི༔ དབང་དང་དྲག་པོའི་ལས་ཀྱི་བྱང་ཆུབ་སེམས༔ བསྟན་དང་འགྲོ་བའི་དོན་དུ་བསྐྱེད་པར་བགྱི༔ ལན་
གསུམ༔ ཧཱུྃ་ཧྲཱིཿ བགེགས་ཚོགས་རྣམས་གཅོད་སྲུང་བའི་འཁོར་ལོས་གཏམས༔ ༀ་ཨཱཿཧཱུྃ་གིས་མཆོད་སྤྲིན་འདོད་དགུར་འཁྲིགས༔ སྐུ་གསུམ་བླ་མ་ཡི་དམ་སྲུང་མར་བཅས༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར་དུ་གསོལ༔ ཧཱུྃ་ཧྲཱིཿ རྣམ་དག་ཏིང་འཛིན་གསུམ་གྱི་ངང་ཉིད་ལས༔ འབྱུང་བ་རིམ་བརྩེགས་རི་རབ་བསྐལ་མེ་འཁྲུགས༔ དབང་དྲག་ཕོ་བྲང་དུར་ཁྲོད་རྩིབས་བརྒྱད་དབུས༔ ཆོས་འབྱུང་ཟླ་གམ་ཏི་ར་པདྨའི་སྟེང་༔ ཐབས་ཤེས་ཉི་ཟླ་འབར་བའི་གདན་སྟེང་དུ༔ རྡོ་རྗེའི་ཧཱུྃ་ཡིག་སྦྱོར་གསུམ་དབང་བཞི་
རྫོགས༔ སྐད་ཅིག་གནས་གྱུར་རང་རིག་ཁྲོ་བོའི་རྒྱལ༔ བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་མོ་བསྐལ་པའི་མེ་ལྟར་འབར༔ ཞལ་གཅིག་ཕྱག་བཞི་གྲི་ཐོད་ཡུམ་ལ་འཁྱུད༔ འོག་གཉིས་ལྕགས་ཀྱུ་ཞགས་པ་འདོར་ཐབས་འགྱིང་༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བགྲད༔ རལ་པ་ཁམ་ནག་གྱེན་བརྫེས་ཐོད་པར་བཅིང་༔ རྟ་དབུ་དཀར་དམར་ལྗང་གསུམ་གཙུག་ནས་འཚེར༔ དེ་ཡི་གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་གྲི་ཐོད་བརྐྱང་བསྐུམ་གར་སྟབས་འཁྲིལ༔ རལ་པ་ཐུར་འཕྱང་ཕག་ཞལ་སྒྲ་ཆེན་འབྱིན༔ ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་༔ དབང་ཆེན་འབར་བའི་ཆས་བཅུ་དག་གིས་བརྒྱན༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཆེ་བཙན་དཔལ༔ དྲག་རྩལ་ནུས་སྟོབས་ཉི་མ་འབུམ་ལྟར་འབར༔ དབུ་སྟེང་སྣང་མཐའ་ཡེ་ཤེས་ཁྱུང་དམར་བཅས༔ གནས་ལྔར་སྤྲུལ་བའི་རྟ་ཕག་རིགས་ལྔ་འབུམ༔ བརླ་གཡས་ལྷ་ཆེན་བརླ་གཡོན་ཨུ་མ་དང་༔ མདུན་དུ་སྲས་མཆོག་རྒྱབ་ཏུ་རྡོ་རྗེ་འཛིན༔ ཕྱི་རོལ་སྤྲུལ་པའི་རང་མདངས་སྡེ་
བརྒྱད་དང་༔ སྒོ་བཞིར་རྒྱལ་ཆེན་བཞི་སོགས་ཡོངས་རྫོགས་གསལ༔ ཧཱུྃ་ཧྲཱིཿ འོག་མིན་དབང་དྲག་རོལ་པའི་དུར་ཁྲོད་ནས༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་དཔའ་བོ་དཔའ་མོ་འབུམ༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝཱ་ར་ཨེ་ཧྱི་ཧི་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧྲཱིཿ དྲེགས་པ་ཟིལ་གནོན་རྟ་མཆོག་དབང་གི་ལྷ༔ མ་ལུས་འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ གདུལ་དཀའ་འདུལ་མཛད་དྲེགས་པ་ཡོངས་ཀྱི་གཤེད༔ དཔལ་ཆེན་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས༔ དྲག་པོའི་མཆོད་ཚོགས་སྨན་རཀ་གཏོར་མ་བཅས༔ དབང་ཆེན་འབར་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་སརྦ་དྷེ་ཝ་པུ་རུ་ཤ་ཡ་པཱུཙྪ་ཧོ༔ ཧཱུྃ་ཧྲཱིཿ རྟ་མཆོག་རོལ་པ་ཁྲོ་རྒྱལ་ཡོངས་ཀྱི་རྗེ༔ འཁོར་འདས་ཆེ་བཙན་དྲེགས་པ་འདུལ་བའི་གཤེད༔ དབང་གི་ལྷ་སྟེ་དྲག་པོའི་སྟོབས་རྩལ་ལྡན༔ རྟ་མཆོག་རྒྱལ་པོ་ཡབ་ཡུམ་སྐུ་ལ་བསྟོད༔
གཙོ་འཁོར་སྤྲུལ་པ་བཅས་ལ་ཕྱག་འཚལ་བསྟོད༔ བསྐྱེད་རྫོགས་ཟུང་འཇུག་མཉམ་ཉིད་ཏིང་འཛིན་གྱིས༔ མ་ཡེངས་དགོངས་པའི་གཟེར་གདབ་སྔགས་འདི་བགྲང་༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་དྷཱཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ ༀ་མ་ཧཱ་དྷེ་ཝ་སོགས༔ ༀ་བཛྲ་ཀྲོ་དྷ་སོགས༔ མཆོད་བསྟོད་མཐར་སྔགས་ལ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གིས་དངོས་གྲུབ་བླངས༔ བསྡུ་རིམ་ནི༔ ཧཱུྃ་ཧྲཱིཿ རྟོག་མེད་དབྱིངས་ལས་ཤར་བའི་གཙོ་དང་འཁོར༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བརྟན་པར་བཞུགས༔ བསྐྱེད་རིམ་རིམ་བསྡུས་ཧཱུྃ་ཐིམ་མཁའ་ལ་ཡལ༔ ཡེ་གྲོལ་མངོན་རྫོགས་ཟང་ཐལ་སྤྲོས་དང་བྲལ༔ རྡོ་རྗེ་གསུམ་ལྡན་རིམ་གཉིས་ཏིང་འཛིན་གྱིས༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཚེ་རབས་ཡི་དམ་དེང་འདིར་གསལ་གསུམ་བསྒོམ༔ ནམ་ཞིག་ངོ་ཤེས་རྩལ་རྫོགས་བརྟན་ཐོབ་ཤོག༔ ཀུན་ཁྱབ་ཡེ་ཤེས་ལྔ་ལྡན་དབང་ཆེན་ལྷ༔ སྐུ་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་ཤོག༔ བདག་སོགས་དགེ་ལེགས་དཔལ་དང་མཆོག་ཐུན་དང་༔ དབང་བཅུའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཅེས་རྟ་མགྲིན་དྲེགས་པ་
ཟིལ་གནོན་གྱི་རྒྱུན་ཁྱེར་བྱིན་རླབས་དཔལ་འབར་སྙིང་གི་བཅུད་བསྡུས་འདི་ཉིད་ཚེ་བར་མ་ལྕོགས་དུས་ལྷ་རུ་དཔོན་རྟ་མགྲིན་དབང་རྒྱལ་གྱིས་གསུང་གི་བསྐུལ་བ་ལ་བརྟེན་ནས་ལྷག་པའི་ལྷ་འདི་ཉིད་ཀྱི་རྣལ་འབྱོར་ལ་ཞལ་གཟིགས་པའི་དུས་སུ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ༔ མངྒ་ལཾ༔ དགེའོ༔
དྲེགས་ཟིལ་རྒྱུན་ཁྱེར།
༈ དྲེགས་ཟིལ་རྒྱུན་ཁྱེར་ནི༔ ཧྲཱིཿ དབང་ཆེན་རྟ་མཆོག་དཔལ་ལ་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ སྐད་ཅིག་བདག་ཉིད་དཔའ་བོ་རྟ་མགྲིན་དཔལ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ༔ གྲི་ཐོད་ལྕགས་ཀྱུ་ཞགས་འཛིན་དོར་སྟབས་འགྱིང་༔ དུར་ཁྲོད་ཆས་རྫོགས་ཡུམ་བཅས་ལམ་གྱིས་གསལ༔ བསྐྱེད་རྫོགས་ཟུང་འཇུག་མཉམ་ཉིད་ཏིང་འཛིན་ངང་༔ མ་ཡེངས་བསྒོམ་པའི་གཟེར་གདབ་སྔགས་འདི་བགྲང་༔ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་དྷཱ་ཀི་ནི་བྷ་ར་ཧི་སརྦ་སིདྡྷི་ཧཱུྃ་ཕཊ༔ བསྐྱེད་རིམ་མི་དམིགས་ཆོས་ཉིད་ངང་༔ དགེ་བས་འགྲོ་བ་མ་ལུས་ཀུན༔ ཐར་པའི་ལམ་ལ་དབང་བསྡུས་ནས༔ གྲུབ་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་དཔའ་བོ་ལས་རབ་རྩལ་གྱིས་གསུངས་པ་དགེའོ༔
རཏྣའི་རྟ་མགྲིན་དཔའ་བོ་གཅིག་པའི་ཚོགས་ཁོལ་ཕྱུང་།
࿅༔ རཏྣའི་རྟ་མགྲིན་དཔའ་བོ་གཅིག་པའི་ཚོགས་ཁོལ་ཕྱུང་བཞུགས་སོ།། བྱིན་གྱིས་བརླབ་པ་ནི། ཧཱུྃ། ཚོགས་རྫས་མཆོད་སྤྲིན་བདུད་རྩིའི་མཛོད༔ ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དཔལ༔ འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ འཛད་མེད་ཀུན་བཟང་རོལ་བའི་རྫས༔ གྷ་ན་ཙཀྲ་བཞེས་སུ་གསོལ། །འདོད་རྒུར་རོལ་བའི་མཆོད་ཆེན་འདིས༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་དཔལ་ཆེན་ཐུགས་དམ་བསྐང་༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་མཛོད༔ བསྒྲལ་བ༔ ཧཱུྃ༔ རྩ་གསུམ་བདེན་སྟོབས་ཕོ་ཉའི་མཐུས༔ དགྲ་བགེགས་སྒོ་གསུམ་རྟེན་ལ་ཁུག༔ མཚོན་ཆའི་ཆར་ཕོབས་རྡུལ་དུ་རློགས༔ ཤ་ཁྲག་དོན་སྙིང་ཞལ་དུ་སྟོབས༔ ལྷ་སྔགས་ཏིང་འཛིན་རྩལ་ཆེན་གྱིས༔ ལོག་རྟོག་དུག་ལྔའི་དགྲ་བགེགས་བཟློག༔ ཟོར་དང་ཐུན་མཚོན་མེ་དབལ་གྱིས༔ ཆོམས་ཤིག་ཐུལ་ཅིག་ས་མ་ཡཱ༔ ཧཱུྃ༔ ཚོགས་ཀྱི་ལྷག་སྡུད་མ་སྲིང་ཚོགས༔ ལྷག་གཏོར་འདི་བཞེས་
ཕྲིན་ལས་སྒྲུབས༔ ཆོས་དབྱིངས་བདེ་ཆེན་ཞིང་ཁམས་སུ༔ རྟ་སྐད་བསྒྲགས་ཤིང་རྒྱུད་གསུངས་དང་༔ རཱུ་ཏྲ་སྡེ་གསུམ་བཏུལ་བའི་ཚེ༔ དམ་མནོས་མཁའ་འགྲོ་དམ་ཅན་རྣམས༔ ཆད་ཐོ་འདི་བཞེས་ཕྲིན་ལས་མཛོད༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ བཤལ་ཆུ་འདི་བཞེས་བསྟན་པ་སྐྱོངས༔ ཧཱུྃ༔ རྟ་མགྲིན་ཁྲོས་པའི་རྔམས་བྲོ་ཡིས༔ དམ་སྲི་ལྡང་བ་མེད་པར་ནོན༔ མཆོད་བསྟོད་སོགས་རྗེས་ཆོག་བྱའོ༔ རཏྣའི་རྟ་མགྲིན་དཔའ་བོ་གཅིག་པའི་རྒྱུན་ཁྱེར༔ མགོན་པོ་དབང་རྒྱལ་ལ་༧ ལས་རབ་རྩལ་གྱིས་གསུངས་པའི་ཚོགས་ཁོལ་ཕྱུང་མངྒ་ལཾ༔ ཞུས་སོ༔
རྗེ་བཙུན་སྒྲོལ་མའི་ཆོས་སྐོར་གྱི་ལོ་རྒྱུས།
࿅༔ རྗེ་བཙུན་སྒྲོལ་མའི་ཆོས་སྐོར་གྱི་ལོ་རྒྱུས་བཞུགས༔ རྗེ་བཙུན་སྒྲོལ་མའི་སྐུ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་ཤིང་སྦྲུལ་ཟླ་བ་གཉིས་པའི་ཉེར་ལྔའི་ནུབ་མོར་རྨི་ལམ་དུ་བདག་སྒྲོལ་མའི་སྐུར་གྱུར་ནས་སྔགས་བཟླ་བ་དང་སྟངས་སྟབས་བྱེད་པ་བྱུང་བས་ཕྱིས་ནངས་སྒྲུབ་ཀྱི་ད བུ་ཐོ་བྲིས༔ མེ་རྟ་ཟླ་བ་གསུམ་པའི་ཉེར་གསུམ་ཉིན་ཁོ་བོས་སློབ་དཔོན་ངག་གི་དབང་ཕྱུག་གི་སྒྲོལ་དཀར་བསྟོད་པ་ཚར་གྲངས་བགྲངས་ཚེ༔ རང་གི་གསལ་ངོས་སུ་རྗེ་བཙུན་སྒྲོལ་དཀར་མོ་ཞི་འཛུམ་བག་དྲོ་བར་བཞུགས་པ་ལྷན་ལྷན་ལན་མང་དུ་བྱུང་༔ རང་ཡང་ཡིད་བཞིན་འཁོར་ལོའི་སྐུར་གྱུར་པའི་འདུ་ཤེས་བྱུང་༔ འདི་གའི་ཉེར་ལྔའི་ནུབ་མོར་རྨི་ལམ་དུ་མི་ཞིག་གིས་འདི་ཉི་མ་གྲགས་པའི་རྟེན་སྒམ་ཡིན༔ རྟེན་འདི་རྣམས་ཁྱེད་རང་གིས་སྤྱོད་ཟེར་བས༔ ངས་དེའི་ནང་ནས་སངས་རྒྱས་ཀྱི་རིང་བསྲེལ་མང་པོའི་ཕྱེད་ཙམ་དང་༔ དེ་བཞིན་དམ་རྫས་ཡིན་རྒྱུར་འདུག་པའི་ཁ་དོག་ལྗང་གུ་འོད་མདངས་ཅན་ལེབ་མོར་འདུག་པ་མང་པོར་སྒྲོལ་ལྗང་ཞབས་གཡས་བརྐྱང་
གཡོན་བསྐུམ་དུ་བཞུགས་པ་ཁོ་ནར་རང་བྱོན་དུ་འདུག་པས༔ བདག་གིས་དེའི་ཕྱེད་མང་བ་དེ་བླངས་ནས་དད་གུས་དང་དགའ་སྤྲོ་དང་བཅས་ཉ་ར་བྱས་པ་རྨིས་པའི་མོད་ལ་སད་པས་མངོན་སུམ་དུ་ཡོད་སྣང་གི་དགའ་བ་ཚད་མེད་པ་ཞིག་འདུག༔ དོན་ལ་འདི་ནི་ཉི་མ་གྲགས་པའི་གཏེར་མཇུག་དག་སྣང་དུ་བྱུང་བ་ལྟར་ཡང་མངོན༔
སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་ལས་བྱང་སྒྲུབ་ཐབས་དང་འབྲེལ་བ།
࿅༔ སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་ལས་བྱང་སྒྲུབ་ཐབས་དང་འབྲེལ་བ་བཞུགས་སོ། །
རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱིན་རླབས་མྱུར་མགྱོགས་སྒྲོལ་མའི་སྒྲུབ་ཐབས་ནི། །གངས་རི་གཏན་ཆགས་བྲག་དཀར་ལྷུན་སྡུག་དང་། །དྲི་ཞིམ་མེ་ཏོག་དཀར་པོ་འཁྲུངས་པའི་གླིང་། །དབེན་ཞིང་ཁ་དོག་དཀར་ཞིང་ཤར་བལྟས་པར། །སྟེགས་སྟེང་ཚོམ་བཀོད་གཏོར་མ་མཆོད་ཚོགས་བཅས། །མཚན་ལྡན་བུམ་པར་ཁ་རྒྱན་མགུལ་ཆིངས་ཅན། །རྒྱུན་འབབ་ཆུ་དང་འོ་མ་བུམ་ཆུ་བླུག །དཀྱིལ་འཁོར་དབུས་སུ་མཉྫིའི་སྟེང་དུ་བཀོད། །ཉམས་སུ་ལེན་པའི་རིམ་པ་འདི་ལྟར་བྱ། །སྐྱབས་སུ་འགྲོ་བ་ནི། བླ་མ་དཀོན་མཆོག་རྗེ་བཙུན་སྒྲོལ་མ་ནི། །སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་མཆི། །རང་གཞན་འགྲོ་བའི་སྡིག་སྒྲིབ་ཀུན་སྦྱངས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་
སེམས་བསྐྱེད་དོ། །མཆོད་པ་བྱིན་བརླབ་ནི། རཾ་ཡཾ་ཁཾ་གིས་མ་དག་འབག་རྩོག་སྦྱངས། །ༀ་ཨཱཿཧཱུྃ་གིས་མཆོད་རྫས་འདོད་དགུར་འཁྲིགས། །ༀ་ཨཱཿཧཱུྃ་ཧོཿ གསུམ། ལྷ་བསྐྱེད་པ་ནི། ཨཱཿ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །ཁ་དོག་དཀར་པོ་རྡོ་རྗེའི་གུར་གཏམས་ཤིང་། །ཕྱི་རོལ་མེ་དཔུང་དཀར་པོའི་གུར་གྱིས་གྲུབ། །གུར་ཁང་དབུས་སུ་འཇའ་ཟེར་འོད་ཁྱིམ་ཀློང་། །པད་དཀར་འདབ་བརྒྱད་ལྟེ་བ་མུ་ཁྱུད་བཅས། །དེ་སྟེང་ཟླ་བའི་དཀྱིལ་འཁོར་རྒྱས་པའི་དབུས། །རང་རིག་ཏཱཾཿཡིག་དཀར་པོ་དྲི་མ་མེད། །དེ་ལས་འོད་
འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །འཁོར་འདས་ཚེ་དཔལ་བྱིན་རླབས་ནུས་སྟོབས་བསྡུས། །ས་བོན་ལ་ཐིམ་ཡོངས་སུ་གྱུར་པ་ལས། །བདག་ཉིད་བཅོམ་ལྡན་ཡིད་བཞིན་འཁོར་ལོའི་སྐུ། །སྟོན་ཟླ་ལྟར་དཀར་གཞོན་མཛེས་ཡིད་འཕྲོག་མ། །ཤིན་ཏུ་ཞི་བའི་ཉམས་ཅན་སྤྱན་བདུན་ལྡན། །ཕྱག་གཡས་པུས་མོའི་སྟེང་དུ་མཆོག་སྦྱིན་མཛད། །ཕྱག་གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བའི་བར། །ཨུཏྤལ་དཀར་པོ་ལོ་འདབ་རབ་རྒྱས་འཛིན། །ལྷ་རྫས་ན་བཟའ་སྣ་ཚོགས་རིན་ཆེན་བརྒྱན། །ཟླ་སྟེང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཟླ་བའི་རྒྱབ་ཡོལ་འོད་དཀར་ཕྲེང་བ་འཕྲོ། །སྤྱི་བོར་ༀ་དང་མགྲིན་པར་ཨཱཿ ཡིག་མཚན། །ཐུགས་ཀར་ཟླ་དཀྱིལ་ཏཱཾཿཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །སྤྱན་འདྲེན་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་པ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡིད་བཞིན་འཁོར་ལོ་གནས་འདིར་གཤེགས་སུ་གསོལ། །ཨཱ་ཏཱ་རེ་ཨེ་ཧྱ་
ཧི་བཛྲ་ས་མ་ཡ་ཛཿ འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཛཿ ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་བསྐུར་བ་ནི། ས་བོན་འོད་ཀྱིས་དབང་ལྷ་རིགས་ལྔ་རྣམས། །སྤྱན་དྲངས་དབང་བསྐུར་སྣང་མཐས་དབུར་བརྒྱན་གྱུར། །ༀ་ཨཱཿཧཱུྃ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཏུ་མཾ། ཁྲུས་གསོལ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་དག་སྐུ་ལ་མཚུངས་པ་མེད་པོའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱཿ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། གོས་འབུལ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་ཕུལ་ན་བདེ་བའི་མཆོག་སྦྱིན་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །པཉྩ་ལི་ཀ་པཱུ་ཙ་ཧོཿ མཎྜལ་འབུལ་བ་ནི། ས་གཞི་
སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨཱ་ཏཱ་རེ་རཏྣ་མཎྜ་ལ་པཱུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨ་ཧཱུྃ། མཆོད་པ་ནི། མེ་ཏོག་སྤྲིན་མཛེས་ལྡིང་ཁང་མཛེས་འབར་བ། །སྤོས་དང་སྨན་སྦྱར་བདུད་རྩིའི་སྤྲིན་ཕུང་ལྡན། །གཟི་ལྡན་སྒྲོན་མེ་ཞལ་ཟས་རོལ་མོའི་སྤྲིན། །བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཨཱ་ཏཱ་རེ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེེ་ནཻ་ཝི་ཏེ་ཤབྟ་པྲ་ཏིཙྪ་པཱུ་ཙ་ཧཱུྃ། བསྟོད་པ་ནི། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ། །རིན་ཆེན་མེ་ཏོག་མང་པོ་གཅལ་དུ་བཀྲམ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཡུམ་གྱུར་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །སྔགས་འཁོར་ནི། སྒྲོལ་མའི་ཐུགས་ཀར་ཡིད་བཞིན་འཁོར་ལོ་ནི། །དཀར་པོའི་ལྟེ་བ་མུ་ཁྱུད་རྩིབས་བརྒྱད་ལྡན། །དབུས་སུ་ཏཱཾ་ཡིག་སྟེང་ཨཱོཾ་འོག་ཏུ་ཧཱ། །ཕྱི་ལ་རང་མིང་འདོད་གསོལ་ཤམ་བུ་བཅས། །རྩིབས་བརྒྱད་འབྲུ་བརྒྱད་གསལ་བའི་
འཁོར་ལོ་ལས། །འོད་ཟེར་དཀར་པོ་ཕྱོགས་བཅུར་ཁྱབ་འཕྲོས་པས། །རྒྱལ་བའི་མཁྱེན་བརྩེ་ནུས་མཐུ་བྱིན་རླབས་དང་། །འབྱུང་ལྔའི་དྭངས་མ་རྩི་བཅུད་རོ་ནུས་དང་། །འཁོར་འདས་ཚེ་དཔལ་བྱིན་རླབས་མ་ལུས་བཀུག །ཡིག་འབྲུ་རྣམས་ལ་སིབ་སིབ་ཐིམ་པ་ཡིས། །བདག་ཉིད་འཆི་མེད་རྡོ་རྗེའི་སྲོག་ཐོབ་ནས། །བར་ཆད་བདུད་ལས་རྣམ་པར་རྒྱལ་བར་གྱུར། །བསྙེན་པ་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲུབ་སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་པཱུཎྱེེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱཿ ལས་སྦྱོར་ནི། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནད་གདོན་འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཐུན་མཐར་མཆོད་བསྟོད་བྱ། འདིར་བདག་མདུན་བུམ་གསུམ་ལྷན་ཅིག་བསྒྲུབ་ཚུལ་ཡིན་པས། ཚོགས་བསགས་པའི་ཕྱིར་མདུན་བསྐྱེད་ལ་མཎྜལ། རབ་བརྒྱ་རྩ་བརྒྱད། འབྲིང་ཉེར་གཅིག །ཐ་མ་གསུམ་སོགས་འབུལ། དེ་བཞིན་དུ་ངག་གི་དབང་ཕྱུག་གིས་མཛད་པའི་སྒྲོལ་བསྟོད་དེ་དང་རིགས་འགྲེས་ཤིང་། ༈ སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྟོད་པ་ནི། ཨོཾ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་
འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདོག་འདྲ་ཞིང། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བ རྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་འཁོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་བསྟོད། །ཅེས་པ་ནི་ངག་དབང་གྲགས་པའི་རྒྱ་གཞུང་ངོ་། །མཐར། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ་སོགས་ཀྱིས་བསྟོད། གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་རིན་ཆེན་སྣོད་དུ་འབྲུ་སྨན་གཏོར་མའི་ཚོགས། །ཁ་དོག་དྲི་རོ་ནུས་བཅུད་ལྡན་པར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རྗེ་བཙུན་སྒྲོལ་མའི་ལྗགས་ཀྱི་སྦུ་གུ་ཡིས། །གཏོར་མའི་བཅུད་དྲངས་གསོལ་བས་མཉེས་ཤིང་ཚིམ། །དགོས་འདོད་ཡིད་བཞིན་
དངོས་གྲུབ་མ་ལུས་པ། །ཐམས་ཅད་ཐོགས་པ་མེད་པ་བསྩལ་བར་གྱུར། །ཨཱ་ཏཱ་རེ་ས་པཱ་རི་ཝཱ་ར་ཨེ་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་འབུལ་མཐར། མཆོད་སྦྱིན་རྒྱན་ལྡན་གཏོར་མ་འདི་བཞེས་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །ཚེ་དང་བསོད་ནམས་ཡོན་ཏན་འཕེལ་ཞིང་རྒྱས། །བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །བདུད་དང་འཆི་བདག་བར་ཆད་འཇིགས་པ་ལས། །རྗེ་བཙུན་སྒྲོལ་མའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །བསྡུ་རིམ་ནི། དབྱིངས་ནས་སྤྱན་དྲངས་རྗེ་བཙུན་སྒྲོལ་མའི་ཚོགས། །རང་བཞིན་ཆོས་དབྱིངས་དག་པའི་དབྱིངས་སུ་མུཿ ཨ། འཕགས་མ་སྒྲོལ་མའི་རྣམ་རོལ་སྣང་སྟོང་སྐུ། །རིམ་བསྡུས་ས་བོན་ལ་ཐིམ་དམིགས་མེད་ཡལ། །རྒྱས་གདབ་ནི། སྐྱེ་འགག་གནས་གསུམ་མཐའ་བྲལ་རང་བབས་གཤིས། །བརྗོད་མེད་ཡེ་ཤེས་ཡུམ་ཆེན་དགོངས་པའི་ངང་། །རྒྱུན་སྤྱོད་ནི། སླར་ཡང་རང་གི་གསང་གསུམ་སྒྲོལ་མར་ཤར། །དོན་གཉིས་ཕྲིན་ལས་མཐར་
ཕྱིན་རོལ་བར་འཇུག །བསྔོ་སྨོན་ནི། རྗེ་བཙུན་སྒྲོལ་མ་བསྒོམས་བསྒྲུབས་བསོད་ནམས་མཐུས། །འགྲོ་ཀུན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བདག་གཞན་མི་མཐུན་ཕྱོགས་ལས་རབ་རྒྱལ་བས། །སྨོན་ཞིང་དགེ་བའི་བསམ་དོན་ཀུན་འགྲུབ་ཤོག །བཀྲ་ཤིས་ནི། རྨད་དུ་བྱུང་བའི་ཐུགས་བསྐྱེད་སྨོན་ལམ་མཐུས། །མཐོང་ཐོས་དྲན་རེག་འབྲེལ་ཐོགས་སེམས་ཅན་ལ། །མི་འཇིགས་སྐྱབས་སྦྱིན་དངོས་གྲུབ་མཆོག་སྩོལ་ལ། །རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག །ཨེ་མ་རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་འདི། །དད་པས་ཉམས་བླངས་མཆོད་སྒྲུབ་སུས་བྱས་པ། །ནད་གདོན་འཇིགས་བརྒྱད་མི་མཐུན་ཐམས་ཅད་ཞི། །ཚེ་བསོད་དཔལ་འབྱོར་དགེ་ལེགས་ཐམས་ཅད་འཕེལ། །ཚེ་འཕེལ་བདེ་ཆེན་དག་པའི་ཞིང་དུ་སྐྱེ། །རིག་རྩལ་དབང་ཐོབ་དཔའ་བོ་ལས་རབ་རྩལ། །འཕགས་མས་རྗེས་སུ་བཟུང་བའི་བྱིན་རླབས་ཀྱིས། །བཀའ་ཡི་སྒྲུབ་ཐབས་ཀུན་ལས་འདི་ཉིད་མྱུར། །ཆོས་འདིས་འགྲོ་དོན་རྒྱ་ཆེན་འབྱུང་བར་ཤོག །སརྦ་མངྒ་ལཾ།། །།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་འགུགས་འཆི་མེད་དཔལ་སྟེར།
༄༅། །སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་འགུགས་འཆི་མེད་དཔལ་སྟེར་བཞུགས། ན་མོ་ཨཱ་ཡུརྫྙཱ་ན་སིདྡྷི་ཡེ། རིན་ཆེན་ཚེ་ཡི་བུམ་པ་དང་། །མདའ་དར་གཡབ་ཅིང་འདི་སྐད་དོ། །ཨེ་མ་ཧོ། རང་སྣང་རྣམ་དག་གཡུ་ལོ་བཀོད་པའི་ཞིང་། །རང་རིག་བདེ་སྟོང་སྒྲོལ་མ་དཀར་མོ་ནི། །དཀར་གསལ་མཛེས་འཛུམ་བཅུ་དྲུག་ལོན་པའི་ཚུལ། །རིན་ཆེན་རྒྱན་ཕྲེང་དར་སྣའི་ཆུན་འཕྱང་གསོལ། །ཕྱག་གཡས་སྐྱབས་སྦྱིན་ཚེ་ཡི་བུམ་པ་བསྣམས། །ཕྱག་གཡོན་པད་སྡོང་ཐུགས་ཀར་མཐེབ་སྲིན་གྱིས། །ཡུ་བ་སྙན་ཐད་སྐྱོན་བྲལ་ཟེའུ་འབྲུ་རྒྱས། །ཐུགས་ལས་སྤྲུལ་པའི་ཕོ་ཉ་མགྱོགས་མ་དང་། །རིག་འཛིན་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས། །གྲངས་མེད་འཇིག་རྟེན་ཁམས་ཀུན་གང་བ་ཙམ། །འཕྲོས་པས་ཚེ་བསོད་དཔལ་ཡོན་ཀུན་བསྡུས་ནས། །བདག་ལ་ཐིམ་པས་བྱིན་རླབས་དབང་མཆོག་ཐོབ། །སྔོན་ལས་འཕྲལ་རྐྱེན་ན་འཆི་རྒུད་པ་སེལ། །འཆི་མེད་ཚེ་དང་རྒས་མེད་ལང་ཚོ་རྒྱས། །འཕགས་མཆོག་སྒྲོལ་མ་དཀར་མོའི་སྐུར་མཉམ་ནས། །འཆི་མེད་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག །ༀ་ཨཱ་ཏཱ་རེ་སིདྡྷི་པུཎྱེ་ཛྙཱ་
ན་ཚེ་བྷྲཱུྃ་ནྲྀ་ཛཿ སིདྡྷི་ཕ་ལ་ཧཱུྃ། ཐུགས་དམ་གནད་བསྐུལ་མདའ་དར་རྟེན་དུ་གཡབ། །རིན་ཆེན་བདུད་རྩིའི་ཚེ་བཅུད་ཁ་རུ་མྱོང་། །དུས་མིན་ཚེ་ཡི་བར་ཆད་བཟློག་པར་ངེས། །ས་མ་ཡ། ཞེས་པ་དད་ལྡན་ཚེ་རྒྱལ་གྱིས་བསྐུལ་ངོར་ཐུབ་བསྟན་ཕྲིན་ལས་ནོར་བུས་བྲིས། དགེའོ།། །།
སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་བྱིན་རླབས་དབང་གི་རིམ་པ།
࿅༔ སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་གྱི་བྱིན་རླབས་དབང་གི་རིམ་པ་བཞུགས་སོ། །
རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱིན་རླུབས་མྱུར་མགྱོགས་སྒྲོལ་མའི་དབང་བསྐུར་ནི། །སྟེགས་བུ་ཁེབས་ལྡན་སྟེང་དུ་འབྲས་ཚོམ་བཀོད། །རིན་ཆེན་བུམ་པའི་ནང་དུ་རྫས་ཀྱིས་བཀང་། །རྒྱུན་བབས་གཙང་པོའི་ཆུ་ཡིས་སུམ་ཆ་བཀང་། །ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དཀར་པོ་བྱ། །གཞན་ཡང་འོག་ཏུ་དགོས་པའི་དབང་རྫས་འགོད། །གཞུང་བསྲང་ལྷར་བསྐྱེད་གཞུག་བསྟིམ་བཟླས་པ་འབད། །སློབ་བུ་ཁྲུས་བྱས་བགེགས་བསྐྲད་ལོ་རྒྱུས་བརྗོད། །མཎྜལ་འབུལ་ཞིང་གསོལ་བ་འདི་ལྟར་གདབ། །ཀྱེ་ཧོ། སངས་རྒྱས་ཡོངས་རྫོགས་དཀྱིལ་འཁོར་གཙོ། །དཔལ་ལྡན་བླ་མ་དགོངས་སུ་གསོལ། །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །
བདག་རྒྱུད་གྲོལ་བར་མཛད་དུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་དུ། ཀྱེ་ཧོ། གནས་སྐབས་འཇིགས་པ་ཀུན་ལས་ཐར་བྱེད་ཅིང་། །མཐར་ཐུག་བདེ་བ་ཀུན་ལས་མཆོག་སྦྱིན་པ། །རྗེ་བཙུན་སྒྲོལ་མའི་དབང་བསྐུར་བྱིན་རླབས་ཀྱིས། །དམ་ཚིག་རིམ་པ་ཚུལ་བཞིན་བསྲུང་བར་གྱིས། །སྐབས་འདིར་སྐྱབས་སེམས་དང་རྒྱུན་བཤགས་ཅི་རིགས་བྱ། སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན་པར་བྱ། སྐུའི་དབང་བུམ་པ་ཐོགས་ལ། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་རྣམས། །རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་ལ་རྫོགས། །སྒྲོལ་མའི་
བྱིན་རླབས་སྐུ་མཆོག་བུམ་པའི་དབང་། །སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་རོ། །ནད་གདོན་སྡིག་སྒྲིབ་བར་ཆད་ཞི་གྱུར་ཅིག །འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། གསུང་གི་དབང་བདུད་རྩི་ཐོགས་ལ། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་རྣམས། །རྗེ་བཙུན་འཕགས་མ་སྒྲོལ་མའི་གསུང་ལ་རྫོགས། །སྒྲོལ་མའི་བྱིན་རླབས་གསུང་མཆོག་བདུད་རྩིའི་དབང་། །སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས། །ངག་སྒྲིབ་དིག་ལྐུག་བར་ཆད་ཞི་གྱུར་ཅིག །འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ། ཐུགས་ཀྱི་དབང་རྡོ་རྗེ་རྩེ་ལྔ་ཐོགས་ལ། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་རྣམས། །རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་ལ་རྫོགས། །སྒྲོལ་མའི་བྱིན་རླབས་ཐུགས་མཆོག་རྡོ་རྗེའི་དབང་། །སྐལ་ལྡན་བུ་ཡི་སེམས་ལ་དབང་བསྐུར་བས། །འཁྲུལ་རྟོག་སྨྱོ་འབོག་བར་ཆད་ཞི་གྱུར་ཅིག །འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡོན་ཏན་གྱི་དབང་ཚེ་རིལ་ཐོགས་ལ། ཧཱུྃ། དུས་གསུམ་
བདེ་གཤེགས་རྒྱལ་བའི་བྱིན་རླབས་རྣམས། །རྗེ་བཙུན་སྒྲོལ་མའི་ཡོན་ཏན་ཉིད་ལ་རྫོགས། །སྒྲོལ་མའི་བྱིན་རླབས་ཡོན་ཏན་དམ་རྫས་དབང་། །སྐལ་ལྡན་བུ་ཡི་ལྟེ་བར་དབང་བསྐུར་རོ། །སྒྲིབ་བཞི་བར་ཆད་མ་ལུས་ཞི་གྱུར་ཅིག །འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས། རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཕྲིན་ལས་ཀྱི་དབང་གཏོར་མ་ཐོགས་ལ། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བའི་བྱིན་རླབས་རྣམས། །རྗེ་བཙུན་སྒྲོལ་མའི་ཕྲིན་ལས་རྣམ་པར་རྫོགས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །འཇིགས་བརྒྱད་བར་ཆད་མ་ལུས་ཞི་གྱུར་ཅིག །འཆི་མེད་རིག་འཛིན་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས། ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་སྲུང་འཁོར་གྱི་དབང་ནི། རྡོ་རྗེའི་ཕྱག་རྒྱ་གནས་ལྔར་བཞག་ཅིང་། ཧཱུྃ། དུས་གསུམ་བདེ་གཤེགས་རང་བཞིན་སྒྲོལ་མ་ཡི། །ཐུགས་ལས་རྡོ་རྗེ་དཀར་པོ་ནས་འབྲུ་ཙམ། །ཆར་ལྟར་བབ་ཅིང་སློབ་མའི་ལུས་ལ་ཐིམ། །རྡོ་རྗེའི་འོད་ཟེར་མེ་དཔུང་དཀར་པོ་འབར། །ཕྱིན་ཆད་བར་ཆད་གང་གིས་མི་ཚུགས་པའི༔ གཞོམ་བྲལ་རྡོ་རྗེ་སྲུང་བས་རྒྱས་གདབ་པོ། །རྩ་སྔགས་ཀྱི་
མཐར། བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ་ཧཱུྃ། རྗེས་ཀྱི་རིམ་པ། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་ཞིང་ཤིས་པ་བརྗོད། མཐའ་རྒྱས་རྣམས་གཞན་ལྟར་བྱའོ། །རང་རྒྱུད་ནུས་པར་ལྡན་པའི་སློབ་དཔོན་གྱིས། །དད་ལྡན་དམ་ཚིག་ལྡན་ལ་འདི་ནོད་པས། །འགལ་རྐྱེན་བར་ཆད་མི་མཐུན་ཀུན་ཞི་ཞིང་། །མཐར་ཐུག་མཆོག་གི་འབྲས་བུ་དམ་པ་ཐོབ། །ཞིང་འདིར་སངས་རྒྱས་ཤཱཀ་ཐུབ་བསྟན་པ་ཡང་། །རྒྱལ་བ་ཐམས་ཅད་དུས་གཅིག་མ་འདྲེས་ཕྱིར། །འདི་ཉིད་བྱིན་གྱིས་བརླབས་པའི་བཀར་གཏོགས་ཤིང་། །ཁྱད་པར་ཉེ་བརྒྱུད་སྒྲོལ་མའི་བྱིན་རླབས་འདི། །ཉམས་སུ་ལོངས་དང་བྱིན་རླབས་ངེས་པར་ཡོད། །དེ་ཕྱིར་ཆོས་འདིས་འགྲོ་དོན་དཔག་མེད་ཀྱིས། །འགྲོ་ཀུན་རང་གཞན་དོན་གཉིས་མཐར་ཕྱིན་ཤོག །སརྦ་མངྒ་ལཾ། ཛ་ཡནྟུ། ཤུ་བྷཾ།། །།
སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་མའི་བྱིན་རླབས་རྗེས་སུ་གནང་བ།
࿅༔ སྒྲོལ་དཀར་དངོས་གྲུབ་མཆོག་སྦྱིན་མའི་བྱིན་རླབས་རྗེས་སུ་གནང་བ་བཞུགས༔ རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ སློབ་དཔོན་གྱིས་བདག་མདུན་གཉིས་ཅིག་ཆར་དུ་བསྒྲུབ་ཅིང་༔ སློབ་མ་ལ་བྱིན་རླབས་རྗེས་སུ་གནང་བའི་རིམ་པ་ནི༔ ཁྲུས་དང་༔ བགེགས་བསྐྲད༔ སྲུང་འཁོར་བསྒོམ༔ མཎྜལ་འབུལ༔ རྒྱུན་བཤགས་ཅི་རིགས་དང་༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན་པར་བྱས་ལ༔ མདུན་བསྐྱེད་དང་སློབ་དཔོན་གྱི་སྐུ་ལས་རྗེ་བཙུན་སྒྲོལ་མ་དཀར་མོའི་སྐུ་དཔག་ཏུ་མེད་པ་ཆར་ལྟར་དུ་བབས༔ སློབ་མའི་ལུས་ལ་ཐིམ་པས་རྗེ་བཙུན་སྒྲོལ་མའི་སྐུར་བྱིན་གྱིས་བརླབས་པར་བསམ༔ རྩ་སྔགས་མཐར༔ ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་པ་སྐུ་ཡི་དབང་ངོ་༔ ཡང་༔ སློབ་དཔོན་རྗེ་བཙུན་སྒྲོལ་མར་གསལ་བའི་ཐུགས་ཀའི་ཡིད་བཞིན་འཁོར་ལོ་ལས་འཁོར་ལོ་གཉིས་པ་ཞིག་ཆད་དེ་སློབ་མའི་སྙིང་ཁར་འཁོད༔ དེ་ལས་འོད་ཟེར་འཕྲོས་ཏེ་དོན་གཉིས་བྱས་པར་གྱུར་པར་བསམ་པ་གསུང་གི་དབང་ངོ༔ ཡང་༔ སློབ་དཔོན་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་དཀར་པོ་འཕྲོས་སློབ་མའི་སྙིང་ཁའི་འཁོར་ལོ་ལ་ཐིམ༔ སློབ་མ་ལྷར་གསལ་བ་ཡས་མས་ནས་མེ་ལོང་ཧས་བཏབ་པ་
བཞིན་དུ་རིམ་གྱིས་བསྡུས་ཤིང་སྙིང་ཁའི་འཁོར་ལོ་ལ་ཐིམ༔ འཁོར་ལོ་ཡི་གེ་དང་བཅས་ཏཱྃ་ལ་ཐིམ༔ ཏཱྃཿཐིག་ལེ་ལ་ཐིམ༔ ཐིག་ལེ་ནཱ་ད་ལ་ཐིིམ༔ དེ་ཡང་དབྱིངས་སུ་དག་སྟེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཆེན་པོའི་ངང་ལ་མཉམ་པར་བཞག་པ་ཐུགས་ཀྱི་དབང་ངོ་༔ སླར་ཡང་སློབ་མ་ལྷར་གསལ་གདབ༔ མདུན་བསྐྱེད་སློབ་དཔོན་དང་བཅས་པ་སྒྲོལ་མར་གསལ་བའི་གནས་ལྔ་ནས་རྗེ་བཙུན་སྒྲོལ་མའི་སྐུ་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པ་དཔག་ཏུ་མེད་པ་འཕྲོས༔ སློབ་མའི་གནས་ལྔར་ཐིམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བྱིན་རླབས་ཐོབ་པའི་མོས་པ་བྱའོ༔ རྗེས་ཀྱི་རིམ་པ་ཤིས་བརྗོད༔ ཡོན་འབུལ༔ དགེ་རྩ་བསྔོ་བ་རྣམས་སྤྱི་འགྲོས་ལྟར་བྱའོ༔ དེ་ཡང་བྱིན་རླབས་ཀྱི་གནད་ཅིག་ཡིན༔ ལས་རབ་རྩལ་གྱིས་བཀོད་པ་དགེའོ༔ ༈ ཧཱུྃ༔ ཐུབ་དབང་ཆེན་པོའི་བཀྲ་ཤིས་རྫས་བརྒྱད་དང་༔ སྐུ་ཡི་མཚན་བཟང་བཀྲ་ཤིས་རྟགས་བརྒྱད་དང་༔ མི་དབང་སྟོབས་ལྡན་རྒྱལ་སྲིད་རིན་ཆེན་བདུན༔ ཁྱོད་ལ་སྦྱིན་ནོ་རྟག་ཏུ་ཤིས་གྱུར་ཅིག༔ རྩ་སྔགས་མཐར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔
སྒྲོལ་དཀར་ལས་བཞིའི་མེ་མཆོད་འབད་མེད་གཞི་གྲོལ་གྱི་གསུང་།
༄༅། །སྒྲོལ་དཀར་ལས་བཞིའི་མེ་མཆོད་བཞུགས། སྒྲོལ་དཀར་ལ་བརྟེན་ནས་ལས་བཞིའི་མེ་མཆོད་བྱེད་པར་སྤྲོ་ན་སོ་སོའི་ཐབ་མཚན་ཉིད་ཚང་བ་དང་། བུད་ཤིང་དང་མཆོད་བསྲེག་གི་རྫས་སོགས་ཕྱག་ལེན་ལྟར་འདུ་བྱས་ལ། ཨ་མྲྀ་ཏས་བསང་ཆུ་དང་བཅས། བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་རྫས་དང་སྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བྱེད་ལས་ཞི་རྒྱས་དབང་དྲག་སོ་སོ་གྲུབ་པའིི་ནུས་པ་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུྃ། གིས་བྱིན་གྱིས་བ རླབས་ཛྭ་ལ་རྃ་ཞེས་མེ་སྦར༔ ཐབ་བསང་སྦྱངས་སྟོང་པའི་ངང་ལས་བྷྲུྃ་ཡིག་ཡོངས་གྱུར་པའི། མཚན་ཉིད་ཡོངས་རྫོགས་ཞི་རྒྱས་དབང་དྲག་གང་ཡིན་ལ་ཁ་སྒྱུར་ལས་ཀྱི་ཐབ་ཁུང་དབུས། །ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་ཀློང་། །པད་ཟླའི་གདན་ལ་ཏཱྃ་ཡིག་ཡོངས་གྱུར་པས། །རྗེ་བཙུན་བཅོམ་ལྡན་ཡིད་བཞིན་འཁོར་ལོ་ནི། །སོགས་ནས་བསྟོད་པའི་བར་བཏང་༔ འཕགས་མའི་ལྗགས་སྟེང་རྃ་ཡིག་ལས། །བྱུང་བའི་འོད་ཀྱི་སྦུ་གུ་ཡི། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་པས། །ཟག་མེད་བདེ་བས་རབ་ཏུ་དགྱེས༔ ཐུགས་ནས་ལས་མཐུན་འོད་ཟེར་དཀར་སེར་དམར་ལྗང་ནག་འཕྲོས། །གང་འདོད་ཞི་རྒྱས་དབང་དྲག་
ཕྲིན་ལས་འགྲུབ་པར་གྱུར། །སྔགས་དང་ༀ་ཨགྣེ་ཡེ་སྭཱ་ཧཱ། མར་ཁུ་དགང་བླུགས་རྩ་སྔགས་ཁོ་ནའམ། ལས་སྔགས་ༀ་བྷོ་དྷི་དྷྲིཀྵ་ཡེ་སྭཱ་ཧཱ་བཏགས་པས་ཡམ་ཤིང་དང་མར་ཁུ་ལ་ཁྱད་པར་གྱི་རྫས་ཞི་བ་ལ་ཏིལ་སོགས་བདག་ཅག་འཁོར་དང་བཅས་པའི་ཚེ་ཡི་འགལ་རྐྱེན་བར་ཆད་ཐམས་ཅད། ཡང་ན་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཾ ཀུ་རུ་ༀ། ཞེས་སྦྱར། རྒྱས་པ་ལ་དུརྦ་རིན་ཆེན་འབྲུ་སྨན་ཟས་མཆོག་དང་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ༀ། དབང་ལ་ཆང་གིས་སྦགས་པའི་མེ་ཏོག་དམར་པོ་དང་རྒྱ་སྐག་སིནྡྷུ་ར་སོགས། ཁམས་གསུམ་སྣོད་བཅུད་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ། དྲག་པོ་ལ་ཡུངས་ཀར་དང་ལན་ཚྭ་བསྲེས་པ་སོགས། དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་སོ། །འབུལ་རྫས་རྫོགས་ནས། མཆོད་བསྟོད་དངོས་གྲུབ་བླང་། ནོངས་པ་བཤགས། བཛྲ་མུ ས་ཐབ་ཀྱི་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པའི་ངང་ལ་བཞག གཏོར་མ་འབུལ་བ། ཉེར་བསྡུ་བཀྲ་ཤིས་བར་གཞུང་ལྟར་བྱའོ། །རང་ལ་མཁོ་གལ་ཤིན་ཏུ་ཆེ་བའི་ཕྱིར། འབད་མེད་གཞི་གྲོལ་གྱིས་བྲིས་པ་དགེའོ།། །།
བཀྲ་ཤིས་སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་ལས་ཚོགས།
࿅༔ བཀྲ་ཤིས་སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་ལས་ཚོགས་བཞུགས་སོ༔ རིགས་བདག་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ དགྲ་རྐུན་དང་ལམ་གྱི་ཇག་ཆོམ་སྲུང་ན༔ རང་གི་མདུན་གྱི་ནམ་མཁའི་གནས་སུ་སྒྲོལ་མ་བསྒོམས༔ དེའི་ཕྱག་གཡས་པའི་སྐྱབས་སྦྱིན་འོག་ཏུརང་གི་མི་ནོར་འཁོར་དང་བཅས་པ་ཚུད་པར་བསམ༔ སྒྲོལ་བསྟོད་དང་ཁྱད་པར་དུ༔ ཨཱོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་གནོད་བྱེད་དགྲ་ཇག་ཆོམ་རྐུན་འཕར་སྤྱང་བྱ་ཁྱིའི་གནོད་པ་ལས་སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཞེས་བཟླས་གནོད་པ་ལས་ཐར་བར་འགྱུར་རོ༔ ཨྠྀི༔ ༈ འཇིགས་པ་བརྒྱད་སྐྱོབས་སྔར་བཞིན་སྐྱབས་སྦྱིན་འོག་ཏུ་བསྲུང་བྱ་རྣམས་བསྒོམ༔ སྒྲོལ་མའི་སྐུ་ལས་འོད་ཟེར་དཀར་པོ་མུ་མེད་པ་འཕྲོས་པས་འཇིགས་པ་ཐམས་ཅད་བསལ་བར་བསམ༔ སྒྲོལ་བསྟོད་དང་ཁྱད་པར་དུ༔ ཨཱོཾ་ཏཱ་རེ་སོགས་འཇིགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ༔ ཨྠྀི༔ ཡང་ནད་གདོན་དགྲ་རྐུན་གཅན་གཟན་སྲུང་ན་སྲུང་སྐུད་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བརྒྱབ༔ སྒྲོལ་བསྟོད་དང་ཁྱད་པར་དུ༔ ཨཱོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནད་གདོན་དགྲ་རྐུན་འཕར་སྤྱང་བྱ་ཁྱིའི་གནོད་པ་ལས་སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ མདུད་པ་རེ་ལ་སྔགས་སྟོང་ཕྲག་རེ་བཏབ་མགུལ་དུ་བཏགས་པས་གང་དུ་སྨོན་པ་དེ་དག་ལས་ངེས་པར་བསྲུང་བར་གདོན་མི་ཟའོ༔ ཨྠྀི༔ ཡང་ན་ནད་གདོན་ལ་ཕན་པར་འདོད་ན༔ མར་རམ་ཆུ་གཙང་ལ་སྒྲོལ་མ་བསྐྱེད༔ དེའི་འོད་ཟེར་གྱིས་ནད་གདོན་སེལ༔ སྐུ་
ལས་བདུད་རྩིའི་རྒྱུན་བབ་པར་བསམ༔ ཨཱོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནད་གདོན་འཇིགས་བརྒྱད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མང་དུ་བཟླ་ཞིང་སྔགས་ལྷར་འོད་དུ་ཞུ་ནས་རྫས་དེ་ཉིད་བདུད་རྩིའི་རྣམ་པར་གྱུར་པར་བསམ༔ ནང་དུ་བསྟིམ་ཞིང་ཕྱི་ནས་ཁྲུས་དང་བསྐུ་བ་སོགས་བྱའོ༔ འཕྲལ་དུ་ནད་གདོན་ཞི་བར་ནུས་སོ༔ ཨྠྀི༔ ལས་ཚོགས་འགྲོ་ལ་ཕན་བྱེད་ཀྱི་རིམ་པ་ལས་རབ་རྩལ་གྱིས་བཀོད་པ་དགེའོ༔ བཀྲ་ཤིས་པར་གྱུར་ཅིག༔
སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་བསྟོད་པ།
༈ སྒྲོལ་མ་དངོས་གྲུབ་མཆོག་སྦྱིན་གྱི་བསྟོད་པ་བཞུགས་སོ༔ པད་དཀར་ཟླ་བའི་སྟེང་ན་ཟླ་གཞོན་སྐུ༔ མཚན་དཔའི་ཆ་ཤས་རབ་རྫོགས་སྐྱབས་སྦྱིན་མཛད༔ མཚན་ཙམ་དྲན་པས་ཚེ་སྦྱིན་འཇིགས་བརྒྱད་སེལ༔ རྗེ་བཙུན་ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད༔ བསྲུང་སྐྱོབས་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ མ་མ་རཀྵ་རཀྵ༔ ཞེ ས་པ་འདི་དབོན་རིན་པོ་ཆེའི་མཆོག་སྤྲུལ་དབུས་ལ་བྱོན་སྐབས་སྒྲོལ་དཀར་གྱི་བསྟོད་པ་ཁྱེར་བདེ་ཞིག་ཕེབས་པར་བརྟེན་ནས་ལྷག་པའི་ལྷ་འདི་ཉིད་ཀྱིས་རྗེས་སུ་བཟུང་བའི་མཚན་མ་ཅུང་ཟད་མཐོང་བའི་ལས་རབ་རྩལ་གྱིས་ཕུལ་བའོ། །དགེའོ།། །།
སྒྲོལ་མའི་གསོལ་འདེབས་དང་སྒྲུབ་ཐབས་བསམ་འཕེལ་ཡིད་བཞིན་ནོར་བུ།
࿅༔ སྒྲོལ་མའི་གསོལ་འདེབས། སྙིང་རྗེའི་གཏེར་ཆེན་སྤྱན་གཉིས་ལས་འཁྲུངས་ཤིང་། །དཀར་ལྗང་མདངས་འཛིན་རྗེ་བཙུན་འཕགས་མ་སྒྲོལ། །དྲན་པའི་མོད་ལ་འཇིགས་དང་ཉེས་ཀུན་འཇོམས། །ཁྱོད་ལ་གསོལ་འདེབས་བསམ་དོན་ཀུན་འགྲུབ་ཤོག །ལས་རབ་རྩལ་གྱིས་སོ།། །། ༈ རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་བསམ་འཕེལ་ཡིད་བཞིན་ནོར་བུ་བཞུགས་སོ༔ དགོས་འདོད་རེ་སྐོང་རྗེ་བཙུན་སྒྲོལ་མར་འདུད༔ འགྲོ་རྣམས་དབུལ་བ་ཀུན་ལས་རབ་སྒྲོལ་ཕྱིར༔ ལོངས་སྤྱོད་འདོད་དགུ་ཕུན་ཚོགས་མངའ་ཐང་འབྱོར༔ མི་འཛད་རྒྱ་ཆེན་གཏེར་ལ་སྤྱོད་བྱེད་པའི༔ སྒྲུབ་ཐབས་ཟབ་མོ་འདི་ལ་ཐེ་ཚོམ་མེད༔ ཡིད་འོང་གནས་སུ་སྟེགས་ཁར་འབྲུ་ཚོམ་བཀོད༔ དར་རས་ཤོག་བུ་དམར་པོ་གང་རུང་ལ༔ གསེར་གྱི་སྒྲོམ་ལ་ཚོན་གང་བྲིས་པའི་རྒྱབ༔ དབུས་སུ་པདྨ་འདབ་བཞིར་བསྙེན་སྔགས་དང་༔ དེའི་ཕྱིར་རྟེན་འབྲེལ་འདོད་བྱང་བསྐོར་བ་འགོད༔ དྲི་བཟང་སིན་དྷུར་བྱུག་ཅིང་རབ་ཏུ་གནས༔ སྒྲུབ་པ་ཐོན་ནས་འབྲལ་མེད་མཆན་འོག་བཅང་༔ ཐོག་མར་དཀྱིལ་འཁོར་དབུས་འགོད་མཆོད་ཚོགས་བཀྲམ༔ བཀྲ་ཤིས་བྱིན་ཆགས་བག་དྲོ་རྒྱན་ལྡན་བྱ༔ རང་ཉིད་བདེ་བའི་སྟན་འགོད་འདི་ལྟར་འཇུག༔ ན་མོ་རྒྱལ་བ་རྗེ་བཙུན་འཕགས་མའི་ཚོགས༔ སྐྱབས་ཀྱི་དམ་པ་རྣམས་ལ་སྐྱབས་སུ་མཆི༔ བདག་དང་འགྲོ་བ་འཇིགས་དང་ཕོངས་པ་
ལས༔ གཏན་དུ་ཐར་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ༔ རཾ་ཡཾ་ཁཾ་གིས་མཆོད་པའི་ཉེས་སྐྱོན་སྦྱངས༔ ཕྱི་ནང་གསང་བ་ཀུན་བཟང་མཆོད་པའི་སྤྲིན༔ སྣང་སྲིད་ཁྱབ་པར་འདོད་དགུའི་ཕུང་པོར་འཁྲིགས༔ རྒྱལ་བའི་ཡུམ་མཆོག་དགྱེས་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་དང་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་ལན་གསུམ་བྱིན་གྱིས་བརླབས༔ ཨཱཿ སྟོང་དང་སྙིང་རྗེའི་ངང་ལས་རང་སེམས་ནི༔ ཏཱཾ་ཡིག་ལྗང་སེར་དྲི་མ་མེད་པར་བསམ༔ འོད་འཕྲོས་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱངས་ཕོངས་པའི་སྡུག་བ སྔལ་བསལ༔ ཡོངས་སུ་གྱུར་པས་བདག་མདུན་རྗེ་བཙུན་མ༔ ལྗང་གསལ་ཞི་འཛུམ་སེམས་མའི་སྐྱིལ་མོ་ཀྲུང་༔ གཞོན་མཛེས་ནུ་འབུར་འཇམ་མཉེན་འཁྲིལ་ལྡེམ་ཆགས༔ ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་ཡུ་བ་འཛིན༔ མཐོང་བས་ཡིད་འཕྲོག་སྒེག་པའི་མཚན་དཔེ་ཚང་༔ དར་དང་རིན་ཆེན་ལྷ་རྫས་དུ་མས་བརྒྱན༔ འོད་ལྔའི་ཟེར་མདངས་ཞིང་ཀུན་ཁྱབ་པར་འཕྲོས༔ གནས་གསུམ་འོད་ཀྱིས་ཡེ་ཤེས་ཆར་སྤྲིན་ལྟར༔ སྤྱན་དྲངས་བསྐྱེད་པའི་རྟེན་ལ་ཐིམ་པར་གྱུར༔
࿅༔ཨོཾ༔ བདེ་གཤེགས་ཀུན་གྱི་སྟོང་ཉིད་སྙིང་རྗེ་དང་༔ འཇིག་རྟེན་དབང་ཕྱུག་སྤྱན་ལས་འཁྲུངས་པའི་སྲས༔ དྲན་པ་ཙམ་གྱིས་འཇིགས་དང་ཕོངས་པ་སེལ༔ སྒྲོལ་མ་འཇིག་རྟེན་མགོན་གཅིག་གཤེགས་སུ་གསོལ༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་ཏིཥྛ་ལྷན༔ སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་འདུད༔ སྲིད་ཞིའི་ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་དང་༔ ཡིད་ཀྱིས་སྤྲུལ་པའི་ཀུན་བཟང་མཆོད་པའི་ཚོགས༔ དངོས་སུ་འབྱོར་བའི་ཕྱི་ནང་གསང་བ་ཡི༔ མཆོད་པའི་སྤྲིན་ཚོགས་རྗེ་བཙུན་སྒྲོལ་མ་དང་༔ བླ་མ་དཀོན་མཆོག་རྒྱལ་བའི་དཀྱིལ་འཁོར་མཆོད༔ ཚེ་དབང་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔ ༀ༔ ལྗང་གསལ་དྲི་མེད་མཚན་དཔེས་སྤྲས་པའི་སྐུ༔ འཕགས་མ་སྒྲོལ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་སོགས་འཇིགས་པ་བརྒྱད་དང་ཕོངས་པ་ལས༔ སྒྲོལ་མཛད་འཇིག་རྟེན་མགོན་གྱིས་བསྐྱབ་ཏུ་གསོལ༔ ཐུགས་ཀར་ཟླ་སྟེང་ཨུཏྤལ་ཏཱཾ་གྱིས་མཚན༔ མཐའ་མར་སྔགས་ཀྱི་ཕྲེང་བའི་འོད་ཟེར་གྱིས༔
རབ་འབྱམས་ཞིང་གི་རྒྱལ་བ་ཀུན་ཁྱབ་ནས༔ བྱིན་རླབས་ནུས་མཐུ་ཚུར་བསྡུས་གཟི་བརྗིད་འབར༔ སླར་ཡང་འོད་འཕྲོས་ལྷ་ཀླུ་མི་གསུམ་གྱི༔ ཚེ་དཔལ་སྟོབས་འབྱོར་སྒོ་གསུམ་རྟེན་དང་བཅས༔ གང་འདོད་དབང་བསྡུས་བདག་གི་ཚེ་དཔལ་དང་༔ ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་གྱུར༔ ༀ་ཛི་བྷི་མོ་ཧེ་མ་མ་བྷ་སུ་པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ༔ ཁྲི་ཕྲག་གཅིག་གིས་ལས་འགྲུབ་རྟགས་མཚན་གསལ༔ སྐབས་སུ་དབྱངས་གསལ་ཡིག་བརྒྱ་ནན་གྱིས་བཟླ༔ ཤིན་ཏུ་ཟབ་པའི་དབང་སྡུད་ནོར་སྒྲུབ་མཆོག༔ འགྲོ་ཀུན་སྡུག་བསྔལ་ནད་སེལ་སྨན་དུ་ཤོག༔ སྤྲོས་བཅས་མཚན་མ་མི་དམིགས་དབྱིངས་སུ་བསྡུ༔ རྫོགས་པ་ཆེན་པོ་མཐའ་བཞི་ཀུན་དང་བྲལ༔ དགེ་བས་སེམས་ཅན་ཚོགས་གཉིས་ཡོངས་རྫོགས་ནས༔ རྗེ་བཙུན་སྒྲོལ་མའི་གོ་འཕང་མྱུར་ཐོབ་ཤོག༔ རྩ་གསུམ་བླ་མ་མཆོག་གི་ཐུགས་རྗེ་དང་༔ རྗེ་བཙུན་སྒྲོལ་མའི་ཐུགས་བསྐྱེད་སྨོན་ལམ་མཐུས༔ གནས་སྐབས་ཚེ་དཔལ་འབྱོར་པ་གོང་འཕེལ་ཞིང་༔ མཐར་ཐུག་རྣམ་མཁྱེན་ཐོབ་པའི་བཀྲ་ཤིས་ཤོག༔ ཅེས་འཕྲལ་བྱུང་དུ་ཕྲིན་ལས་ཀྱིས་སྨྲས་པ་ཡི་གེ་པ་ནི་དད་དམ་ལྡན་པ་བསོད་ནམས་ཆོས་བཟང་ངོ་། །དགེའོ།། །།
རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་གི་རིམ་པ།
࿅༔ རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་གི་རིམ་པ་བཞུགས་སོ། །
རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་ཟབ་གཏེར་གནད་ཡིག་དང་། །མདུན་གྱི་ནམ་མཁར་མངོན་སུམ་དུ། །འཕགས་མ་མངོན་སུམ་ཤར་བ་ལ། །བརྟེན་ནས་དཔའ་བོ་ལས་རབ་ངས། །དབང་དང་ཆོ་ག་མན་ངག་བཤད། །ས་མ་ཡ༔ མཎྜལ་ཟླུམ་པོ་འདབ་བཞིའི་སྟེང་། །དབུས་སུ་ཡི་གེ་ཏཱཾ་ལྗང་ཁུའི། །ཕྱི་རོལ་པད་རྡོར་འཇའ་ཟེར་བྲི། །དབང་གི་རྫས་དང་མཆོད་ཚོགས་བཀྲམ། །ལྷ་སྔགས་དམིགས་པའི་སྤྲོ་བསྡུས་བསྒྱུར། །བདག་འཇུག་དབང་བླང་གསོལ་བ་གདབ། །དམ་ཚིག་ལྡན་པའི་སློབ་མ་ལ། །ཁྲུ ས་བྱས་བགེགས་བསྐྲད་ཆེ་བ་བརྗོད། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྒྱལ་ཡུམ་འཕགས་མ་སྒྲོལ་མའི་གོ་འཕང་ལ་འགོད་པར་བགྱིའོ་སྙམ་པའི་སྒོ་ནས་གསན་པར་ཞུ།
དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་རྒྱལ་བ་ཀུན་ལས་ཐུགས་རྗེ་ལྷག་པར་མྱུར་བའི་རྒྱལ་ཡུམ་འཕགས་མ་སྒྲོལ་མའི་བྱིན་རླབས་དབང་བསྐུར་འབུལ་བའི་སྐབས་སུ་བབ་པ་སྟེ། དེའི་ཚུལ་ཡང་བཀའ་གཏེར་དག་སྣང་མཐའ་ཡས་བཞུགས་པ་ལས། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཉིད་གང་འདུལ་གདུལ་བྱའི་མོས་ངོར་དགེ་བསྙེན་ཞི་བའི་གོ་ཆ། ལང་གྲོ་དཀོན་མཆོག་འབྱུང་གནས། རྒྱལ་བའི་དབང་པོ་ཀརྨ་པ་རང་བྱུང་རྡོ་རྗེ།
རིག་འཛིན་ཆེན་པོ་རཏྣ་གླིང་པ་སོགས་སྐྱེས་བུའི་སྒྱུ་འཕྲུལ་མཐའ་ཀླས་པས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པར་མཛད་ཅིང་ཁྱད་པར་ད་དུས་རྩོད་ལྡན་གྱི་ཡང་མཐར་བདག་སོགས་དམུ་རྒོད་གདུལ་དཀའ་གང་འདུལ་ཕྲིན་ལས་རབ་འབྱམས་ཀྱི་སྒོ་ནས་ཡོངས་སུ་འདྲེན་པར་མཛད་པའི་བདག་ཉིད་ཆེན་པོ་ཀུན་མཁྱེན་ཆོས་དབྱིངས་དྲི་མེད་རྩལ་ལམ་དཔའ་བོ་ལས་རབ་རྩལ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཐུགས་གཏེར་རིན་པོ་ཆེའི་ནང་ཚན་འཇིགས་པ་ཀུན་སྒྲོལ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྨིན་བྱེད་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། སློབ་མས་ཡོན་འབུལ་ཕྱག་རྒྱ་བཅས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཞུ། ཨེ་མ། འཇིགས་པ་ཀུན་སྒྲོལ་ཐུགས་རྗེའི་བདག་ཉིད་མ། །ཡིད་བཞིན་ནོར་བུ་བསམ་འཕེལ་དབང་གི་རྒྱལ། །ཐོག་མའི་དུས་ཀྱི་ཐུགས་དམ་ཇིི་བཞིན་དུ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་སྩོལ། །ལན་གསུམ། ལན་དུ་སློབ་དཔོན་གྱིས། ཁྱོད་ཀྱིས་མི་དགེ་ཀུན་སྤོངས་ཤིག །སེམས་ཅན་ཀུན་ལ་བརྩེ་བར་གྱིས། །ལྷ་སྔགས་ཏིང་འཛིན་ཇིི་བཞིན་སྲུངས། །ཁྱོད་
ནི་དེང་ནས་ང་ཡི་བུ། །རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར། །དངོས་གྲུབ་ཆེན་པོ་ཉིད་ཀྱང་འགྲུབ། །ཉམས་ན་རབ་ཏུ་འཚིག་པར་འགྱུར། །ཞེས་དྲིས་པའི་ལན་དུ་སློབ་མས་འདི་བཞིན་དུ་རྗེས་ཟློས་གྱིས། བཀའ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་གྱིས་བླངས། སྐྱབས་སེམས་ཡན་ལག་བདུན་པ་འབོག ། དེ་ནས་མདུན་གྱི་ནམ་མཁར་འཕགས་མ་སྒྲོལ་མའི་ལྷ་ཚོགས་མངོན་སུམ་བཞུགས་པར་མོས་པས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ཚིག་གི་རྗེས་སུ་དོན་དྲན་པས་རྗེས་ཟློས་གྱིས། ན་མོ་རྒྱལ་བ་རྗེ་བཙུན་འཕགས་མའི་ཚོགས། །སྐྱབས་ཀྱི་དམ་པ་རྣམས་ལ་སྐྱབས་སུ་མཆི། །བདག་དང་འགྲོ་བ་འཇིགས་དང་ཕོངས་པ་ལས། །གཏན་དུ་ཐར་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ། །གསུམ། དཀོན་མཆོག་རྩ་བ་གསུམ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ཞིང་བཤགས། །དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་། །ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གཟུགས་སྐུ་མི་གཡོ་བསྐལ་བརྒྱར་བརྟན་པར་
བཞུགས། །འདིས་མཚོན་དགེ་ཚོགས་མར་གྱུར་འགྲོ་ལ་བསྔོ། །ཀུན་ཀྱང་བྱང་ཆུབ་གོ་འཕང་མཆོག་ཐོབ་ཤོག །གསུམ། ཡེ་ཤེས་པ་དབབ་ཅིང་བརྟན་པར་བྱ་བ་ནི། ༀ་མ་ཧཱ་ཤུ་ནྱེ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཏཱཾ་ཡིག་ལྗང་སེར་དྲི་མ་མེད་པར་གསལ་བ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་མཆོད་ཅིང་བྱིན་རླབས་བསྡུས། སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་ཕོངས་རྒུད་ཀྱི་སྡུག་བསྔལ་བསལ། ཏཱཾ་ཡིག་གནས་གྱུར་སྐད་ཅིག་གིས་ཁྱེད་རང་རྣམས་པད་ཟླའི་གདན་གྱི་སྟེང་དུ་རྒྱལ་ཡུམ་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སེར་ཞལ་གཅིག་ཞི་ཞིང་འཛུམ་པ་ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། འཇམ་མཉེན་འཁྲིལ་ལྡེམ་ཆགས་པའི་ཉམས་སོགས་གཞོན་ནུའི་ལང་ཚོས་ཡོངས་སུ་མཛེས་པ། ཕྱག་གཉིས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་ནས་འཛིན་པ་མཐོང་བས་ཡིད་འཕྲོག་ཅིང་། དགེ་བའི་མཚན་དཔེ་ཚང་བ་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ་སྐུ་ལས་འོད་ཟེར་ལྔའི་ཟེར་མདངས་མུ་མེད་པར་འཕྲོ་བ་ཅན་དུ་གསལ་བའི་གནས་
གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་རྒྱལ་བ་སྲས་བཅས་ཐམས་ཅད་འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་དམ་ཚིག་སེམས་དཔར་གསལ་བ་ལ་དབྱེར་མེད་དུ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་མཛོད། ༀ། བདེ་གཤེགས་ཀུན་གྱི་སྟོང་ཉིད་སྙིང་རྗེ་དང་། །འཇིག་རྟེན་དབང་ཕྱུག་སྤྱན་ལས་འཁྲུངས་པའི་སྲས། །དྲན་པ་ཙམ་གྱིས་འཇིགས་དང་ཕོངས་པ་སེལ། །སྒྲོལ་མ་འཇིག་རྟེན་མགོན་གཅིག་གཤེགས་སུ་གསོལ། །ༀ། ཨཱ་ཏཱ་རེ་ཧྱ་ཧི་བཛྲ་ས་མ་ཡཱ་ཧྲིཾ་ཧྲིཾ་ཕེཾ་ཕེཾ་ཛ་ཛ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་ནན་དུ་ཡེ་ཤེས་པ་དབབ། ༀ་སུ་པྲ་སོགས། ཞེས་བརྗོད་པས་དམ་ཡེ་དབྱེར་མེད་དུ་བརྟན་པའི་མོས་པ་མཛོད། དེ་ནས་བུམ་པ་ལ་སོགས་པའི་དབང་རྫས་རྣམས་འོས་པའི་གནས་སོ་སོར་བསྐུར་ཞིང་གཏད་པས་དབང་ཚིག་ལྟར་རྗེ་བཙུན་སྒྲོལ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་རྫོགས་ཐོབ་པའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག །ཧཱུྃ། བུམ་པ་ཞིང་ཁམས་གཡུ་ལོ་བཀོད་པའི་
ཞིང་། །བཅུད་ཀྱི་ངོ་བོ་འཕགས་མ་སྒྲོལ་མ་ནི། །མཐོང་ཐོས་དྲན་པས་དངོས་གྲུབ་དཔལ་དུ་འབར། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ། །ༀ་ཛི་བྷི་མ་ཧེ་མ་མ་བྷ་སུ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ། འོད་ཀྱི་ཟེར་ཐག་སྔགས་ཀྱི་ཕྲེང་བ་ནི། །སྔགས་ཀྱི་ཟེར་ཐག་རང་སྒྲ་དི་རི་རི། །བྱིན་རླབས་སྔགས་ཀྱི་ནུས་པ་མེ་ལྟར་འབར། །སྐལ་ལྡན་ཁྱེད་ཀྱི་ངག་ལ་དབང་བསྐུར་རོ། །རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ། ཨུཏྤལ་སྙིང་ཁར་བཞག་ལ། ཧཱུྃ། འཁོར་བར་གནས་ཀྱང་དྲི་མེད་རབ་ཏུ་གཙང་། །སྙིང་རྗེའི་ཟླ་བ་བཞད་པའི་ཨུཏྤལ་འདི། །རྒྱལ་ཀུན་ཐུགས་ཡངས་དགོངས་པའི་དཔལ་དུ་འབར། །སྐལ་ལྡན་བུ་ཡི་སེམས་ལ་དབང་བསྐུར་རོ། །རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཟས་སྣ་ལ་འཁོར་འདས་ཀྱི་ཚེ་བསོད་བཅུད་སྟོབས་འགུགས་བསྟིམས་བྱས་པ་གཏད་ལ། ཧཱུྃ། འཁོར་འདས་ཀུན་གྱི་སྲོག་བཅུད་རྣམས། །ཏིང་འཛིན་འོད་ཀྱིས་བསྡུས་ནས་ནི། །བུ་ཁྱོད་རྗེེ་བཙུན་སྒྲོལ་མ་དངོས། །བཀྲ་ཤིས་མཆོག་གི་རྟགས་སུ་སྦྱིན། །རྩ་སྔགས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། ཐུབ་དབང་ཆེན་པོའི་བཀྲ་ཤིས་རྫས་བརྒྱད་
དང་། །སྐུ་ཡི་མཚན་བཅས་བཀྲ་ཤིས་རྟགས་བརྒྱད་དང་། །མི་དབང་སྟོབས་ལྡན་རྒྱལ་སྲིད་རིན་ཆེན་བདུན། །ཁྱོད་ལ་སྦྱིན་ནོ་རྟག་ཏུ་ཤིས་གྱུར་ཅིག །རྩ་སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། སློབ་མས་ཁས་བླངས་ཡོན་འབུལ་དགེ་བ་བསྔོ། །བྱིན་རླབས་དབང་གི་རིམ་པ་གྲངས་མང་ཡང་། །མན་ངག་ཁྲིད་ཀྱི་གནད་ཡིག་བསྟན་པ་ནི། །རང་ཉིད་རྗེ་བཙུན་སྒྲོལ་མ་མངོན་སུམ་གསལ། །ཕྱག་མཚན་ཐུགས་སྲོག་མ་འདྲེས་ཇི་བཞིན་དུ། །ང་འོ་སྙམ་པའི་ང་རྒྱལ་མ་ཤར་བར། །ཡང་ནས་ཡང་དུ་དེ་ལ་གོམས་པར་བྱ། །དེ་ནི་བུམ་པའི་དབང་གི་ཁྲིད་ཡིན་ནོ། །ས་མ་ཡཱ༔ ཟླ་སྟེང་ཨུཏྤལ་ཏཱཾ་ཡིག་འོད་ཟེར་ནི། །ཡར་འཕྲོས་རྒྱལ་བ་མཆོད་ཅིང་གཟི་བྱིན་བསྡུས། །མར་འཕྲོས་ངན་སོང་སྡིག་སྒྲིབ་སྡུག་བསྔལ་སྦྱངས། །གང་འདོད་དངོས་གྲུབ་མངོན་དུ་འགྱུར་བར་བསམ། །དེ་ནི་གསང་བའི་དབང་གི་ཁྲིད་ཡིན་ནོ། །ས་མ་ཡཱ༔ སྣང་སྲིད་འཁོར་འདས་ཀུན་ཀྱང་རང་གི་སེམས། །བརྟགས་ཤིང་དཔྱད་ན་འདི་ཞེས་ཚད་དང་བྲལ། །བཟང་ངན་གང་ཤར་ངང་དུ་མ་བཅོས་བཞག །རང་གསལ་བརྗོད་མེད་ཡེ་ཤེས་ཆེན་པོའི་ངང་། །གེགས་དང་གོལ་ས་ས་ལམ་དུས་གཅིག་ཆོད། །དེ་ནི་ཐུགས་ཀྱི་དབང་གི་ཁྲིད་ཡིན་ནོ། །ས་མ་ཡཱ༔ བདག་མདུན་སྒྲོལ་མ་དཔལ་མོའི་ང་རྒྱལ་གྱིས། །སྲིད་ཞིའི་དཔལ་ཡོན་འབྲུ་གསུམ་འོད་ལྔར་བསྡུས། །ཛ་གད་ཆང་དང་དམ་རྫས་ཟས་སྣར་བསྟིམ། །མཆེད་ལྕམ་ཏིང་འཛིན་ལྷ་གསལ་དངོས་གྲུབ་བླངས། །དེ་ནི་ཡོན་ཏན་དབང་གི་ཁྲིད་ཡིག་ཡིན། །ས་མ་ཡཱ༔ བསྐྱེད་རིམ་འབྱོངས་པས་འཇིགས་དང་སྡུག་བསྔལ་ཞི། །བཟླས་བརྗོད་སྔགས་ཀྱི་དངོས་གྲུབ་དམ་པ་འགྲུབ། །ཏིང་
འཛིན་ཟབ་མོའི་སངས་རྒྱས་ཡོན་ཏན་འཐོབ། །རྟེན་འབྲེལ་རྫས་ཀྱི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་དག་ཁྲིད་གཞིའི་ཕན་ཡོན་མདོར་བསྟན་ཡིན། །སྙན་དང་གྲགས་པའི་བསོད་ནམས་བདག་ལ་མེད། །དད་དམ་སྙིང་ནས་ལྡན་པ་ཡི་ག་གཅོད། །ལུགས་གཉིས་ཕྱིན་ཅིར་སྤྱོད་པའི་སྨྱོན་པ་ཡི། །དཔའ་བོ་ལས་རབ་རྩལ་དེས་སྨྲས་པ་བཞིན། །ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་། །མངྒ་ལཾ། དགེའོ།། །།
མཁའ་འགྲོའི་གསང་སྒྲུབ་དབང་སྡུད་ནོར་སྒྲུབ་ཟབ་མོ།
࿅༔ མཁའ་འགྲོའི་གསང་སྒྲུབ་དབང་སྡུད་ནོར་སྒྲུབ་ཟབ་མོ་བཞུགས་སོ༔ བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ མཚོ་རྒྱལ་ཕྱི་ནང་གསང་གསུམ་གྱི༔ མན་ངག་ལས་ཚོགས་ཡང་སྙིང་གནད༔ གུད་དུ་སྦས་པ་འདི་ལྟར་བསྟན༔ མཁའ་འགྲོའི་དབང་སྡུད་ཆེས་ཟབ་པ༔ བསེ་ལམ་ལས་བྱེད་གསང་སྒྲུབ་འདི༔ དངོས་གྲུབ་འཕྲལ་དུ་འབེབས་པ་ཡི༔ དབང་སྡུད་ཟབ་པ་འདི་ཁོ་ན༔ ཀུན་ལ་མ་སྤེལ་ས་མ་ཡ༔ ཨྠྀི༔ དང་པོ་སྒྲུབ་པའི་གནས་བསྟན་པ༔ དུར་ཁྲོད་རི་ཁྲོད་གཡའ་གངས་སོགས༔ མཁའ་འགྲོ་འདུ་བའི་དབེན་གནས་སུ༔ སྟེགས་བུ་མཛེས་ལྡན་དབུས་སུ་ནི༔ བླ་རྡོ་ཕོ་མོ་ཁ་སྦྱོར་བཤམས༔ ཚོགས་དང་གཏོར་མ་ཅི་འབྱོར་བཅས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས༔ བདག་མདུན་ལྷན་ཅིག་འདི་ལྟར་བསྒོམ༔ ཧཱུྃ༔ དམིགས་སུ་མེད་པའི་སྟོང་པ་དང་༔ འགྲོ་ལ་བརྩེ་བའི་སྙིང་རྗེའི་ངང་༔ སྐད་ཅིག་དུར་ཁྲོད་ཞིང་བཀོད་སྟེང་༔ མཁའ་འགྲོའི་ཕོ་བྲང་རྫོགས་པའི་དབུས༔ ཆོས་འབྱུང་པད་ཉི་རོ་གདན་སྟེང་༔ བདག་ཉིད་དབང་སྡུད་མཁའ་འགྲོ་མ༔ དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱི༔ གཡས་པས་གྲི་གུག་དབང་སྡུད་ཀྱི༔ ཕྱག་རྒྱའི་མཚན་པས་ཁམས་གསུམ་འགུགས༔ གཡོན་པས་ཐོད་པ་བདུད་རྩིས་བཀང་༔ ཐོད་རློན་ཕྲེང་བས་དོ་ཤལ་བྱས༔ ཁ་ཾ་ག་ནི་མཆན་དུ་
བཅུག༔ རལ་པ་ཐུར་འཕྱང་ཕག་ཞལ་ངུར༔ འོད་ཟེར་མེ་དཔུང་ཚྭ་ཚྭ་འཕྲོ༔ འཁོར་དུ་རིགས་བཞིའི་མཁའ་འགྲོ་འབུམ༔ ཀུན་ཀྱང་དབང་མཛད་སྐུ་མདོག་དམར༔ གཙོ་མོའི་ཐུགས་ཀར་ཉི་དཀྱིལ་དལ༔ དབུས་སུ་ཧྲཱིཿམ་ཟུང་འཇུག་དང་༔ ཕྱོགས་བཞི་ཧ་རི་ནི་ས་དང་༔ དེ་ལྟར་གཙོ་འཁོར་ལྷ་སྔགས་ཀྱི༔ འོད་དམར་ཚ་ལ་མྱུར་བ་དང་༔ ཕོ་ཉ་མཁའ་འགྲོ་དམར་མོ་ནི༔ ལྕགས་ཀྱུ་ཞགས་པ་འཛིན་པ་ནི༔ གྲངས་མེད་དཔག་ཏུ་མེད་པ་ཡིས༔ མཆོག་གི་དངོས་གྲུབ་སྣ་ཚོགས་དང་༔ འཇིག་རྟེན་མི་ནོར་ཟས་གསུམ་སོགས༔ མཁོ་དགུའི་ཡོ་བྱད་གང་དང་གང་༔ རང་དབང་མེད་པར་དབང་དུ་སྡུས༔ བདག་ལ་ཆར་ལྟར་ཕབ་ནས་ཀྱང་༔ དངོས་གྲུབ་ཡིད་བཞིན་ཐོབ་པར་བསམ༔ སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ཀུན༔ དབང་སྡུད་ཟིལ་གནོན་ཁོལ་བར་བསམ༔ མི་ཚིག་བར་མ་ཆོད་པ་རུ༔ གསང་སྔགས་རྒྱལ་པོ་ནན་གྱིས་བཟླ༔ ༀ་ཧྲིཿམ་ཧ་རི་ནི་ས་ཧཱུྃ༔ གྲངས་བསྙེན་རབ་ཏུ་འབུམ་ཕྲག་གསུམ༔ འབྲིང་གཉིས་ཐ་མ་གཅིག་བསྙེན་ནོ༔ དངོས་གྲུབ་རྟགས་མཚན་གསལ་བར་དུ༔ མ་ཡེངས་བརྩོན་པ་བསྐྱེད་པར་གཅེསཿ ས་མ་ཡ༔ ཨྠྀི༔ དེ་ལྟར་བསྙེན་པ་ཐོན་པ་
࿅༔དང་༔ སྣང་བ་དབང་སྡུད་བསྒྲུབ་པ་ནི༔ བདག་མདུན་ཐུགས་ཀའི་ཧྲཱིཿཡིག་ལས༔ འོད་དམར་ཚ་ལ་རྣོ་བ་ཡི༔ ཟེར་ཅན་ཕྱོགས་ཀུན་ཁྱབ་པར་འཕྲོས༔ ཕེམ་ཕེམ་གྱི་ནི་སྒྲ་དང་བཅས༔ འགྲོ་བ་ཕོ་མོ་ཐམས་ཅད་ཀྱི༔ སྙིང་བསྒུལ་རང་དབང་མེད་པ་རུ༔ བདག་གི་དབང་དུ་འདུས་པར་བསམ༔ ༀ་ཧ་རི་ནི་ས་སྒུལ་སྒུལ༔ མ་མ་ཧྲིང་ཧྲིང་༔ མ་མ་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་༔ སྡུས་སྡུས༔ མ་མ་ཁ་ཤི་བཾ་སྭཱ་ཧཱ༔ ནྲི་ཨ་ཀ5་ཡ་ཛཿཛཿ ཨ་ཀ5་ཡ་ཧྲིང་ཧྲིང་༔ བཛྲ་བྷ་ར་ཧི༔ ཨ་ཝེ་ཤ་ཡ་ཧྲཱིཿ མ་ཡེངས་རྩེ་གཅིག་དྲག་ཏུ་བཟླ༔ སྒྲུབ་པའི་ཚེ་ནི་ཞག་བདུན་ནོ༔ སྐབས་སྐབས་མེ་མཆོད་དག་ལ་འབད༔ ཀུན་མཐར་མི་དམིགས་ངང་ལ་བཞག༔ བསྔོ་སྨོན་བཀྲ་ཤིས་རྒྱས་འདེབས་སོཿ ས་མ་ཡ༔ ཨྠྀི༔ ཨེ་མ་བསེ་ལམ་མཁའ་འགྲོ་ཡི༔ དབང་སྡུད་ཤིན་ཏུ་ཟབ་པ་སྟེ༔ མཐར་ཐུག་སྙིང་པོའི་གདམས་པ་ཡིན༔ བསྟན་དང་བསྟན་འཛིན་དོན་དུ་གདམས༔ ཆོས་མཛད་རི་ཁྲོད་འགྲིམ་པ་ཡི༔ ལོངས་སྤྱོད་མཐུན་རྐྱེན་འདི་ལས་འབྱུང་༔ ས་ཡི་སྟེང་ན་འདི་འདྲ་དཀོན༔ རྣོ་མྱུར་ཚན་ཆེ་བསམ་མི་ཁྱབ༔ ཆོས་འདིས་དོན་གཉིས་ཀུན་འགྲུབ་ཤོག༔ ས་མ་ཡ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་ཐུགས་གཏེར་གྱི་ཆོས་སྡེ་ལས་ཕབ་པས་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ དགེའོ༔
ཀུ་རུ་ཀུལླེའི་ལོ་རྒྱུས།
࿅༔ ཀུ་རུ་ཀུལླེའི་ལོ་རྒྱུས་བཞུགས་སོ། །བླ་མ་དང་ཀུ་རུ་ཀུལླེ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །ལྷག་པའི་ལྷ་འདིའི་ལོ་རྒྱུས་བསྡུས་པ་ནི། དེ་ཡང་སྔགས་རྙིང་མའི་རྟ་མགྲིན་དང་དགོངས་འདུས་ཀྱི་ཡུམ་སྔགས་ཡིན་ཞིང་གསར་མའི་བདེ་མཆོག་དང་ཀྱེ་རྡོར་གྱི་ཡུམ་སྐལ་ཡིན་ཞིང་། གསར་ལུགས་ལ་བ་རིའི་དཔའ་བོ་གཅིག་པ་ཕྱི་སྒྲུབ། གཉན་ལོའི་གཏེར་མ་ལྷ་ལྔ་ནང་སྒྲུབ། རྡོར་ཕྲེང་སོགས་ནས་འབྱུང་བའི་ལྷ་བཅུ་གསུམ་གསང་སྒྲུབ་ཏུ་བྱེད་པར་སྣང་། གསར་རྙིང་གི་རྒྱུད་སྡེ་དང་འབྲེལ་བའི་རིག་བྱེད་མ་ཡེ་ཤེས་པ་དང་། དབང་ཕྱུག་དང་ཛམ་ལྷའི་ལས་བྱེད་མ་བྱུང་བ་ནི་འཇིག་རྟེན་པ་ཡིན་ཞིང་། ཡེ་ཤེས་ཀྱི་རང་རྩལ་ལས་འཇིག་རྟེན་པ་གྲུབ་པའི་འཐད་པ་དང་བཅས་པའོ། །ཁོ་བོ་རྙིང་མའི་ཡུམ་ཀའི་རྒྱུན་དང་། བ་རིའི་མན་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལན་འགར་ཐོབ་ཅིང་། ཁྱད་པར་རིག་བྱེད་མ་འདིའི་སྐབས་ཤིག་རྨི་ལམ་དུ་བུ་ཆུང་གོས་དཀར་པོ་གྱོན་པ་ཞིག་གིས་བདག་ལ་ཡི་གེ་ལྡེབ་བུ་སྣ་རིང་བ་ཅུང་ཟད་རྙིང་པའི་པོ་ཏི་ཞིག་གཏད་ནས་ཁྱོད་ས་སྐྱ་པ་བསོད་
ནམས་རྒྱལ་མཚན་དུ་གྱུར་པའི་དུས་ལྷག་པའི་ལྷ་འདིས་རྗེས་སུ་བཟུང་བ་ཡིན་ཟེར་བའི་ཡི་གེར་བལྟས་པས་རིག་བྱེད་མའི་ཆོས་སྐོར་དུ་འདུག ཁྱོད་སུ་ཡིན་བྱས་པས། ང་དམ་ཅན་པུ་ཏྲ་ཡིན་ཟེར་འཆམས་སྟབས་ཤིག་བྱས་ནས་ཡལ་སོང་། རིག་བྱེད་མའི་སྔགས་གསར་མའི་སྒྲ་འགྱུར་ལ། ༀ། རིག་བྱེད་མའི་གཞི་ཚུགས་ཞེས་དང་། རྙིང་མའི་དོན་འགྱུར་ལ། ༀ། དབང་དུ་སྡུད་པའི་གཞི་ཚུགས་ཞེས་འདོད་ལྷ་འདི་ཉིད་ལས་མྱུར་བ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། ཞེས་སྒྲོལ་མ་ནི་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཆེ་བ་དང་། དབང་སྡུད་གཞན་ལ་སྒབ་འདྲེ་ཡོད་ཀྱང་འདི་ལ་མེད་པས་བཀྲ་ཤིས་པ་སོགས་ཡོན་ཏན་མང་ཞིང་། རྒྱུད་སྡེ་གོང་དུ་བཤད་པ་རྣམས་ལས་ལྷག་པ་མེད་ཕྱིར་ཁུངས་བཙུན་ཞིང་ཡིད་བརྟན་དུ་རུང་བ་དང་། རྒྱལ་པོ་ལྷན་སྐྱེས་རོལ་པའི་བཙུན་མོས་རྒྱལ་པོ་དང་ཀླུ་བཀུག་པར་གྲགས། གསར་ལུགས་ས་སྐྱ་དང་བཀའ་བརྒྱུད་དགེ་ལུགས་སོགས་ཀྱི་བསོད་ནམས་དང་ཕྲིན་ལས་རྒྱ་ཆེར་ནི་རིག་བྱེད་མ་ཁོ་ན་ལས་བྱུང་བའི་ལོ་རྒྱུས་དང་དེ་བཞིན་འབད་༔
པ་ཆེན་པོ་བྱེད་པ་མཐོང་ཆོས་སུ་གྱུར། ལྷག་པའི་ལྷ་འདིས་ལྷ་ཀླུ་གནོད་སྦྱིན་མི་དང་མི་མ་ཡིན་དབང་དུ་བསྡུ་བར་རྒྱུད་ལས་གསུངས་ཤིང་གཏེར་སྟོན་གསུམ་ཚོགས་ཀྱི་གཏེར་མ་བསོད་ནམས་གླང་པོ་སྟོབས་འཁོར་ཀྱང་ཀུ་རུ་ཀུལླེ་རིགས་ལྔའི་རྩ་སྔགས་གཙོ་ཆེ་བ་དང་། རྙིང་ལུགས་ལའང་འདི་ལས་སྦྱོར་བྱེད་རྒྱུར་འདུག་ཀྱང་མཁས་དབང་ཆེ་བ་རྣམས་ཀྱིས་བཏང་སྙོམས་སུ་བཞག་པས་བདག་འདྲའི་བྱེད་ལས་སུ་མ་གྱུར་མོད། འདི་ཉིད་སོགས་དབང་གི་ལས་མཐའ་དག་ལ་སྒྲུབ་པ་པོ་བསོད་ནམས་ཀྱི་བསགས་རྒྱབ་ཆེ་ན་ཆེར་བསྒྲུབ་མི་དགོས། བསགས་རྒྱབ་ཆུང་ན་སྒྲུབ་པ་ལན་འགའ་དང་འགར་བསྐྱར་དགོས། དམིགས་བྱ་བསོད་ནམས་བསགས་རྒྱབ་ཆེ་ན་དབང་དུ་འགྱུར་དཀའ་བས་བསྙེན་སྒྲུབ་ལ་འབད་པ་ཡང་ཡང་རྩལ་འདོན་དགོས། བསགས་རྒྱབ་ཆུང་ན་བསྙེན་སྒྲུབ་ཅུང་ཟད་ཀྱིས་ལས་འགྲུབ་པོ། །སྤྱིར་བསྙེན་སྒྲུབ་ལ་དངོས་ཉམས་རྨི་ལམ་གང་རུང་དུ་རྟགས་མཐོང་བ་ཞིག་གིས་གོ་ཆོད་པར་བྱེད་པ་ཡིན། འོན་ཀྱང་དངོས་གྲུབ་དེ་ཉིད་མངོན་དུ་མ་
གྱུར་བར་དུ་བསྒྲུབས་ན་དོན་དུ་འགྱུར་བར་སྣང་། རླུང་འཁོར་རྩལ་བའི་ཚིག་ཟིན་གྱི་མཐུས་སྟེང་དུ་རྣམ་འཇོམས་ཀྱི་ཞལ་ཁེབས་འོག་ཏུ་ད བྱངས་གསལ་ཡེ་དྷར་སོགས་སྤྱི་འགྲོས་ལྟར། སྤྱིར་གསང་སྔགས་ཡིན་ནོ་ཅོག་དང་ཁྱད་པར་དབང་གི་ལྷ་སྔགས་རྫས་དང་གནས་དུས་གསང་བ་ཤིན་ཏུ་གལ་པོ་ཆེ་ཡིན་ནོ། །ཞེས་པ་འདི་ཉི་སྤྲུལ་གསུམ་པའི་གསུང་གིས་བསྐུལ་ལྟར་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག༔
རིག་བྱེད་མའི་ཡོན་ཏན་དྲན་པར་བྱ་བ།
࿅༔ རིག་བྱེད་མའི་ཡོན་ཏན་དྲན་པར་བྱ་བ་ནི། གང་ཞིག་རིག་བྱེད་ལྷ་མོའི་སྐུར་བསྒོམས་པས། །བྱད་དང་དུག་གི་སྦྱོར་བས་མི་ཚུགས་ཏེ། །ཞི་བའི་མཐུ་དང་ཡང་དག་ལྡན་མའི་དོན། །འཇིགས་པ་བརྒྱད་ནི་དེ་ལ་འབྱུང་མི་འགྱུར། །སྡིག་སྤྱོད་རྒྱལ་པོ་གཏུམ་ཞིང་མ་རུངས་པ། །ཞི་བའི་སེམས་ཀྱིས་དེ་ལ་རབ་ཏུ་བྱམས། །ཀུ་རུ་ཀུལླེའི་རིག་སྔགས་བཟླས་པ་ཡིས། །སྐྱེས་བུ་དེ་ལ་བདུད་དང་བགེགས་རྣམས་ཀྱིས། །བར་དུ་གཅོད་ཅིང་མཐོ་འཚམས་མི་ནུས་ཏེ། །བདུད་དང་འཇིག་རྟེན་དབང་དུ་མཛད་མའོ། །མི་དང་མི་མིན་གཅན་ག ཟན་དྲག་པོ་དང་། །ཤིན་ཏུ་གྱོང་ཞིང་ཁེངས་པར་ལྡན་པ་ཡང་། །ལྷ་མོའི་རིག་སྔགས་འཆང་བ་དེ་ལ་ནི། ཕ་མ་སློབ་དཔོན་རྒྱལ་པོའི་འདུ་ཤེས་ཀྱིས། །ཉན་ཅིང་དུལ་བའི་སེམས་ཀྱིས་གུས་པར་འགྱུར། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ་སྟེ། །གང་ལ་དམིགས་པའི་དངོས་པོ་ཐོགས་མེད་འབྱུང་། །དབང་ལྷ་གཞན་བསྙེན་དངོས་གྲུབ་བུལ་བ་ཡི། །སྔགས་བདག་ཡིད་ཆད་སེམས་ནི་ཡུས་གྱུར་པ། །ལྷ་མོའི་སྔགས་ཀྱིས་འདོད་པའི་དཔལ་མྱུར་
ཐོབ། །སྒྲོལ་མ་མྱུར་མ་དཔའ་མོ་འདི་ཉིད་ཡིན། །ལས་རྣམས་མྱུར་དུ་འགྲུབ་པར་ཤེས་པར་བྱ། །ཀུ་རུ་ཀུལླེའི་ལྷ་སྔགས་འདི་ཡིས་ནི། །སྡིག་པའི་ཕུང་པོ་མ་ལུས་འབྱང་བར་འགྱུར། །ཇི་ལྟར་ཞེ་ན་འཇིག་རྟེན་དབང་ཕྱུག་གི། །སྤྱན་ལས་འཁྲུངས་པའི་འགྲོ་ཀུན་སྐྱོབ་མའོ། །འདི་ལྟར་གྲོང་ཚིག་དུམ་བུར་བཅས་པ་ཡང་། །དམ་པ་རྣམས་ཀྱི་ཞལ་ལུང་དྲི་མེད་པ། །བསྙེན་སྒྲུབ་བྱེད་པའི་ཕན་ཡོན་དྲན་པ་ཡིས། །དད་ཅིང་བརྩོན་པ་སྐྱེད་པར་བྱེད་པའི་རྒྱུར། །ཉི་སྤྲུལ་གསུམ་པར་ལས་རབ་རྩལ་གྱིས་ཕུལ། །དགེའོ།།
དབང་ཆེན་ཀུ་རུ་ཀུལླེའི་གསོལ་འདེབས།
࿅༔ དབང་ཆེན་ཀུ་རུ་ཀུལླེའི་གསོལ་འདེབས་བཞུགས། རིགས་ཀུན་ཁྱབ་བདག་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གར་གྱི་དབང་ཕྱུག་རྟ་མཆོག་རོལ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབང་མཛད་ཌཱཀྐི་ཀུ་རུ་ཀུལླེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་བརྒྱུད་འཛིན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །རང་སྣང་དབང་འདུས་གཞན་སྣང་ཟིལ་གནོན་ཞིང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །དབོན་རིན་པོ་ཆེའི་མཆོག་སྤྲུལ་དཔོན་སློབ་ཀྱིས་འདི་ལྟར་གྱིས་ཞེས་བཀའ་བསྩལ་ཕེབས་པ་ལ་བརྟེན་ནས་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག མངྒ་ལཾ།། །།
གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ཀུ་རུ་ཀུལླེའི་གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་དམར་ནག
࿅༔ གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ཀུ་རུ་ཀུལླེའི་གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་དམར་ནག་བཞུགས༔
ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་དང་༔ སྐྱེས་ཆེན་དམ་པའི་ཕྲིན་ལས་ཆ་རྐྱེན་དུ༔ རྗེ་བཙུན་སྒྲོལ་མ་ཀུ་རུ་ཀུལླེེ་ཡི༔ གསང་སྒྲུབ་དབང་སྡུད་ཡང་ཟབ་མྱུར་མགྱོགས་ཅན༔ བཀྲ་ཤིས་མཐའ་བཙན་བར་ཆད་ཀུན་ཀྱང་སེལ༔ གནས་སྐབས་མཆོག་ཐུན་དངོས་གྲུབ་ཐོགས་མེད་འབྱུང་༔ མཐར་ཐུག་བདེ་ཆེན་དག་པའི་ཞིང་དུ་འགྲོ༔ ཡོན་ཏན་མང་ལྡན་འདི་ལ་བརྩོན་པར་བྱ༔ ས་མ་ཡཱ༔ ཨྠྀི༔ ར་བ་གསུམ་དང་ཡར་ངོའི་འགྲུབ་སྦྱོར་ལ༔ དབང་ལ་ཤིས་པའི་ཡིད་འོང་དབེན་གནས་སུ༔ དབང་ཆེན་འབྱོར་ལྡན་ཕོ་བྲང་གནས་གཞིའི་ས༔ འདུ་ཚོགས་སྟོན་མོ་གཉེན་སྦྱོར་ས་སྣ་ལ༔ སྟེགས་བུ་ཟླ་གམ་མཚན་ལྡན་པད་རག་དང་༔ སྨད་ཚོང་ཆུ་དང་ཙནྡན་དམར་པོ་དང་༔ གནས་ཆེན་སིན་དྷུ་ར་ཡི་ཆག་ཆག་གདབ༔ དེ་དབུས་མེ་ཏོག་དམར་པོའི་ཚོམ་བུ་འགོད༔ དེ་སྟེང་ལྗོན་
དམར་བུམ་པ་བུམ་རྫས་དང་༔ ཙནྡན་དམར་པོ་རྒྱུན་བབས་ཆུ་བོ་ཡིས༔ སུམ་ཆ་བཀང་ཞིང་ཤིང་སྣ་མེ་ཏོག་སོགས༔ དམར་པོའི་ཁ་རྒྱན་གཟུངས་རྡོར་དུང་ཞལ་བཅས༔ དེ་སྟེང་མཚན་ལྡན་ཐོད་པར་ཆང་དང་ནི༔ ལུང་དང་མཐུན་པའི་ཨ་མྲྀ་ཏ་ཡིས་བཀང་༔ མེ་ལོང་གཡའ་དག་དག་ལ་སིནྡྷུ་ར༔ ཆང་སྦྱར་སྲིན་ལག་གིས་ནི་གཡོན་སྐོར་བྱུག༔ དེ་ལ་པད་འདབ་བཅུ་དྲུག་ལྡན་པ་བྲི༔ དེ་ཡི་ཕྱི་ལ་ཆོས་འབྱུང་གྲུ་གསུམ་བྱ༔ དབུས་ཧྲཱིཿའདབ་དམར་དབྱངས་ཡིག་གཡོན་སྐོར་བྲི༔ ཆོས་འབྱུང་ཟུར་གསུམ་ༀ་ཨཱཿཧཱུྃ༔ གསུམ་འགོད༔ ཐོད་པའི་ཁ་དགབ་སྟེང་དུ་དར་དམར་གཡོགས༔ རིན་ཆེན་སྣོད་དུ་གཏོར་མ་ཟླ་གམ་ལ༔ མངར་གསུམ་ཟས་སྣ་ཤ་ཆང་ཚོགས་ཀྱིས་བསྐོར༔ མཁའ་འགྲོའི་སྐུ་དང་དར་དམར་གུར་གྱིས་བརྒྱན༔ མཐའ་སྐོར་སྨན་རཀ་མཆོད་ཚོགས་ཡིད་འོང་བཀྲམ༔ ནུབ་ཏུ་ཁ་ཕྱོགས་གདན་གོས་དམར་པོ་བྱ༔ སིནྡྷུ་ར་དང་རྒྱ་སྐག་ཁུ་བ་ཡིས༔
དཔྲལ་བར་ཐིག་ལེ་ཟླ་གམ་དབྱིབས་ཅན་གདབ༔ ཁ་རུ་མྱོས་བྱེད་རྫས་སྤོ་སོ་ཆ་མུར༔ སྐད་ཅིག་ཆགས་པའི་སེམས་དང་མ་བྲལ་གཅེས༔ ས་མ་ཡཱ༔ ཨྠྀི༔ དེ་ནས་ཕྲིན་ལས་གཞུང་བསྲང་རིམ་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧྲཱིཿ བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས༔ ཀུ་རུ་ཀུལླེ་དབྱིངས་ཀྱི་ཡུམ་ཆེན་ལ༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཐུགས་རྗེས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ༔ སེམས་བསྐྱེད་ནི༔ ཧྲཱིཿ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར༔ རིག་བྱེད་ལྷ་མོའི་རིམ་གཉིས་ཏིང་འཛིན་གྱིས༔ འགྲོ་རྣམས་མ་ལུས་རྗེས་སུ་འཛིན་པར་བགྱི༔ ལན་གསུམ་བྱ༔ ཡན་ལག་བདུན་པ་ནི༔ ཧྲཱིཿ དཀོན་མཆོག་རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ མི་དགེ་སྡིག་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ དུས་གསུམ་དགེ་བའི་ཚོགས་ལ་རྗེས་ཡི་རང་༔ ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ གཟུགས་སྐུ་མི་གཡོ་བསྐལ་བརྒྱར་བརྟན་པར་བཞུགས༔ འདིས་མཚོན་དགེ་ཚོགས་མར་གྱུར་འགྲོ་ལ་བསྔོ༔ ཀུན་ཀྱང་བྱང་ཆུབ་གོ་འཕང་མཆོག་
ཐོབ་ཤོག༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧྲཱིཿ རབ་ཡངས་པདྨའི་སྣོད་དང་བྷནྡྷ་རུ༔ འབྲུ་གསུམ་ཞུ་བའི་མཆོད་པ་དཔག་ཡས་དང་༔ སྨན་རཀ་གཏོར་ཚོགས་འདོད་ཡོན་ལྷ་མོ་འཕྲོ༔ ཟག་མེད་ཡེ་ཤེས་རྫས་སུ་བྱིན་གྱིས་བརླབས༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་བརྗོད༔ ལྷ་བསྐྱེད་པ་ནི༔ ཧྲཱིཿ སྣང་སྲིད་མི་དམིགས་སྟོང་པའི་ངང་ཉིད་ལས༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་བསྐོར་བའི༔ རྡོ་རྗེའི་གུར་ཁང་ཕྱི་རོལ་མེ་འབར་བ༔ དེའི་དབུས་སྣ་ཚོགས་པདྨ་ཉི་མ་དང་༔ མི་རོ་མགོ་བོ་གཡོན་དུ་ཕྱོགས་པའི་སྟེང་༔ ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་ལྡན༔ དེ་ཞུ་ཨུཏྤལ་དམར་པོ་ཧྲཱིཿདམར་མཚན༔ དེ་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཁམས་གསུམ་འགྲོ་དྲུག་རྣམས་ཀྱི་སྡིག་སྒྲིབ་སྦྱངས༔ བརྟན་གཡོ་སྣོད་བཅུད་སྣང་སྲིད་ཐམས་ཅད་ཀུན༔ ཀུ་རུ་ཀུལླེའི་རྣམ་པར་དབང་བསྡུས་ཏེ༔ ཧྲཱིཿལ་ཐིམ་པས་གཟི་བྱིན་ནུས་མཐུ་འབར༔ ཡོངས་སུ་གྱུར་པས་རྗེ་བཙུན་རིག་བྱེད་མ༔ མཚན་དཔེས་རྣམ་སྤྲས་བཅུ་དྲུག་ལང་ཚོ་རྒྱས༔ དམར་ལ་སྣུམ་པའི་མདངས་བཀྲག་ཞལ་གཅིག་
མ༔ དམར་ཟླུམ་སྤྱན་གསུམ་གཡོན་ཕྱོགས་ཟུར་གྱིས་གཟིགས༔ ཁྲོ་འཛུམ་མཆེ་གཙིགས་ལྗགས་ནི་རྣམ་པར་བསྐྱོོད༔ སྐྲ་ཁམ་གྱེན་བརྫེས་རླུང་གིས་ཡིད་ཙམ་གཡོ༔ ཐོད་སྐམ་ལྔ་དང་རྩེ་ཕྲན་དར་དཔྱངས་བཅིང་༔ ཕྱག་བཞི་དང་པོ་གཉིས་ཀྱིས་ཨུཏྤ་ལ༔ དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས༔ འོག་མ་གཉིས་ཀྱིས་ཨུཏྤལ་དམར་པོ་ཡི༔ ལྕགས་ཀྱུ་འཛིན་ཅིང་ཞགས་པས་འདེབས་ཤིང་འགུགས༔ མགོ་ཕྲེང་ལྔ་བཅུའི་དོ་ཤལ་ཕྲེང་བ་འཕྱང་༔ སྟག་ལྤགས་རློན་པ་སྡེར་བཅས་ཤམ་ཐབས་དཀྲིས༔ དར་དང་རཏྣ་རུས་པའི་རྒྱན་གྱིས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར་གྱིས་རོལ༔ ནུ་འབུར་བྷ་ག་རབ་རྒྱས་སྒེག་པ་མོ༔ རྣམ་པར་མཛེས་ཤིང་ཆགས་པའི་ཉམས་བརྒྱ་གཡོ༔ མཐོང་ཐོས་དྲན་རེག་སྐྱེ་དགུའི་ཡིད་འཕྲོག་ནས༔ ལུས་སེམས་བདེ་བས་མྱོས་ཤིང་ཚིམ་པར་བྱེད༔ རང་དབང་མེད་པར་དབང་དུ་ཐོགས་མེད་སྡུད༔ འོད་འབར་ཉི་མའི་དཀྱིལ་འཁོར་རྒྱབ་ཡོལ་དང་༔ རང་མདངས་འོད་ཟེར་དམར་པོས་སྣང་སྲིད་ཁྱབ༔ སྤྱི་བོར་བླ་མ་འོད་དཔག་མེད་
པས་བརྒྱན༔ དེ་ལྟར་བདག་མདུན་བུམ་ལྷར་བཅས་པ་ཀུན༔ ཆུ་སྣོད་གྲངས་ལ་ཆུ་ཟླ་མི་འགག་བཞིན༔ ངོ་བོ་དབྱེར་མེད་རང་མདངས་རང་འོད་ཚུལ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུའི༔ གནས་གསུམ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསལ༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧྲཱིཿ བཞེངས་ཤིག་བཞེངས་ཤིག་སྒྲོལ་མ་ཐུགས་རྗེ་ཅན༔ ཀུ་རུ་ཀུལླེའི་ལྷ་ཚོགས་བཞེངས་སུ་གསོལ༔ བདག་གིས་བསྐྱེད་ཅིང་སྒྲུབ་པའི་གནས་འདི་རུ༔ བྱིན་གྱིས་བརླབ་ཕྱིར་མྱུར་དུ་གཤེགས་སུ་གསོལ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཁོར་དང་བཅས༔ དབང་ཆེན་ལྷ་མོའི་རྣམ་པར་སྐུར་བཞེངས་ཤིག༔ རྩེ་གཅིག་གདུང་བའི་ཡིད་ཀྱིས་སྤྱན་འདྲེན་གྱིས༔ བྱིན་གྱིས་བརླབ་ཕྱིར་མྱུར་དུ་གཤེགས་སུ་གསོལ༔ འཕགས་པའི་བཞུགས་གནས་རྒྱ་གར་ཡུལ་གྱི་མཆོག༔ ལྷོ་ཕྱོགས་ཀུ་རུ་ཀུལླེེའི་ཕུག་པ་ནས༔ དགོས་འདོད་ཡིད་བཞིན་སྩོལ་མཛད་མཁའ་འགྲོ་མ༔ བྱིན་གྱིས་བརླབ་ཕྱིར་མྱུར་དུ་གཤེགས་སུ་གསོལ༔ ༀ་ཀུ་རུ་ཀུལླེ་ཨེ་ཧྱ་ཧི་
བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧྲཱིཿ ཇི་སྲིད་བདག་གིས་འདོད་དོན་ཀུན་འགྲུབ་ནས༔ ཡི་དམ་ལྷ་དང་སྐལ་བ་མ་མཉམ་པར༔ བརྩེ་མཛད་ལྷ་མོ་དཔལ་འབར་རིག་བྱེད་མ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་ཀུ་རུ་ཀུལླེ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧྲཱིཿ དམ་ཚིག་སེམས་དཔའི་ཞལ་ཕྱག་རྫོགས་པའི་སྐུར༔ ཡེ་ཤེས་སེམས་དཔའ་དོན་དམ་བདེ་བ་ཆེ༔ གཉིས་མེད་རང་བཞིན་འདུ་འབྲལ་མེད་པ་ལ༔ རྩེ་གཅིག་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ན་མོ་གུ་རུ་བྷྱ༔ ན་མོ་ཀུ་རུ་ཀུལླེ་བྷྱ༔ མཆོད་པ་འབུལ་བ་ནི༔ ཧྲཱིཿ ཀུ་རུ་ཀུལླེ་དབང་གི་ཡུམ་ཆེན་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་ཚོགས་འབུལ་བ་ནི༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་བཅས༔ སྟོང་གསུམ་ཡོངས་སུ་བཀོད་པའི་མཎྜལ་འབུལ༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ༔ རྒྱལ་སྲིད་བདུན་དང་རིན་ཆེན་རྣམ་པ་བདུན༔ བཀྲ་ཤིས་རྫས་རྟགས་ལྷ་མིའི་ཡོ་བྱད་རིགས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ཞིང་འབུལ༔ དུག་ལྔ་གནས་སུ་དག་བྱེད་བདུད་རྩི་སྨན༔
ཉོན་མོངས་འཁོར་བ་ཡོངས་སྒྲོལ་རཀྟ་ཁྲག༔ རོ་བཅུད་ནུས་པ་ཕུན་ཚོགས་བྷ་ལིངྟ་༔ སྦྱངས་རྟོགས་ཡོངས་སུ་སྦར་བའི་དམ་རྫས་འབུལ༔ དགྱེས་པར་བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་ཀུ་རུ་ཀུལླེ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ ༀ་ཨཱཿཧཱུྃ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧྲཱིཿ ཆོས་དབྱིངས་རྣམ་དག་ཤེས་རབ་སྟོང་པའི་ཡུམ༔ བདེ་གཤེགས་རྒྱལ་བ་རྣམས་དང་གཉིས་སུ་མེད༔ བཅོམ་ལྡན་འདས་མ་སྐུ་གསུམ་ལྷུན་གྱིས་གྲུབ༔ མ་རྒྱུད་འབུམ་གྱི་གཙོ་ལ་ཕྱག་འཚལ་བསྟོད༔ ཆགས་བྲལ་ཡེ་ཤེས་ཆེ་ལས་མ་འདས་ཀྱང་༔ གདུལ་བྱའི་དབང་གིས་རྗེས་འཛིན་ཕྲིན་ལས་མཛད༔ སྲིད་གསུམ་ཉོན་མོངས་འཆིང་ཐག་ཐབས་ཀྱིས་གྲོལ༔ ཕ་རོལ་ཕྱིན་མཚན་ཡུམ་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་ཡིད་འཕྲོག་ཐུགས་རྗེའི་ལྕགས་ཀྱུས་འཛིན༔ བདེ་བའི་འོད་འགྱེད་ཁམས་གསུམ་མྱོས་པར་མཛད༔ བསམ་པའི་རེ་སྐོང་ཡིད་བཞིན་དགོས་འདོད་སྩོལ༔ ཀུ་རུ་ཀུལླེ་ཡུམ་ལ་ཕྱག་འཚལ་བསྟོད༔ དེ་ནས་སྔགས་བཟླས་པ་བྱ་བ་ནི༔ ཙནྡན་དམར་པོའི་ཕྲེང་བ་བྱིན་གྱིས་
བརླབས༔ སྲིན་ལག་སྟེང་ནས་ལྟེ་བའི་ཐད་ཀར་བགྲངས༔ མི་ཚིག་མ་འདྲེས་གསལ་ལ་དག་པ་རུ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སྐབས་སུ་མཆོད་བསྟོད་བྱ་ཞིང་དངོས་གྲུབ་ལེན༔ ས་མ་ཡཱ༔ ཚོགས་བྱིན་གྱིས་བརླབ་པ་ནི༔ ཧྲཱིཿ བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་ཡེ་ཤེས་ལྔ༔ མེ་རླུང་སྦྱོར་བས་ཞུ་ཞིང་ཁོལ་བ་ཡི༔ རོ་བཅུད་ནུས་པ་འདོད་དགུར་འབྱུང་བའི་རྫས༔ རླངས་པ་མཆོད་པའི་ལྷ་མོས་མཆོད་སྤྲིན་སྤྲོ༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ༀ་བྷྲུཾ་ཏྲཱཾ་ཧྲཱིཿཨཱཿ ལན་གསུམ་བརྗོད༔ ཚོགས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྣམ་ཀུན་མཆོག་ལྡན་དྭངས་མའི་སྐུ༔ རྩ་བ་བརྒྱུད་པའི་བླ་མ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་རང་སྣང་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་བརྒྱན༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤེས་རབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ བདེ་ཆེན་པདྨ་གར་གྱི་ཡུམ༔ ཀུ་རུ་ཀུལླེ་མཁའ་འགྲོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་བཀའ་ཡི་ད་ལ་ནས༔ རྣམ་བཞིའི་ཕྲིན་ལས་ཀུན་གྱི་བདག༔ ཆོས་
སྐྱོང་དམ་ཅན་སྤྲུལ་འཁོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཚོགས་འབུལ་བ་ནི༔ ཧྲཱིཿ སྐུ་དྲིན་འཁོར་བ་མེད་པའི་ཐུགས་རྗེ་ཅན༔ རྩ་བའི་བླ་མ་རིག་འཛིན་བརྒྱུད་པར་བཅས༔ ཞལ་ཟས་ཚོགས་ཀྱིས་མཆོད་དོ་ༀ་ཨཱཿཧཱུྃ༔ དངོས་གྲུབ་རྣམ་གཉིས་ཡིད་བཞིན་སྩོལ་མཛད་པའི༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ༔ ཞལ་ཟས་ཚོགས་ཀྱིས་མཆོད་དོ་ༀ་ཨཱཿཧཱུྃ༔ སྣང་སྲིད་འགུགས་བྱེད་དབང་མཛད་འཕྲུལ་མོ་ཆེ༔ ཀུ་རུ་ཀུལླེ་མཁའ་འགྲོ་རྒྱ་མཚོར་བཅས༔ ཞལ་ཟས་ཚོགས་ཀྱིས་མཆོད་དོ་ༀ་ཨཱཿཧཱུྃ༔ བསྟན་པ་སྐྱོང་ཞིང་གདུག་པ་ཚར་གཅོད་པའི༔ ཆོས་སྐྱོང་སྲུང་མ་དམ་ཅན་སྤྲུལ་འཁོར་བཅས༔ ཞལ་ཟས་ཚོགས་ཀྱི་མཆོད་དོ་ༀ་ཨཱཿཧཱུྃ༔ ༀ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་སརྦ་ག་ན་ཙཀྲ་པཱུཙྪ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཉྩ་ཨ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་འབུལ༔ ཚོགས་བཤགས་ནི༔ ཧཱུྃ༔ མ་རིག་འཁྲུལ་པའི་དབང་གྱུར་བདག་ཅག་གིས༔
གསང་སྔགས་གཉན་གྱི་དམ་དང་འགལ་བ་ཡི༔ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མ་ལུས་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་ལོ་བཤགས༔ སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ༔ ལྷག་མ་བསྔོ་བ་ནི༔ དེ་ནས་མཆེད་དང་ལྕམ་དྲལ་ལྷར་གསལ་ཚོགས་ལ་རོལ༔ ཧྲཱིཿ རྒྱལ་བའི་དཀྱིལ་འཁོར་གཉན་པོའི་མཐའ་སྐྱོང་བའི༔ ལྷག་མར་དབང་བའི་གིང་ཆེན་ལྕམ་དྲལ་སྡེ༔ ཕྱོགས་སྐྱོང་ཞིང་སྐྱོང་ལྷ་ཀླུ་གནོད་སྦྱིན་ཚོགས༔ དྲེགས་པ་ཕོ་མོ་འཁོར་དང་ཡང་འཁོར་བཅས༔ འདིར་གཤེགས་བཟའ་བཏུང་ཚོགས་ཀྱི་ལྷག་མ་ལོངས ༔ འཁོར་སྲུངས་རྐྱེན་ཟློགས་བར་ཆད་ཐམས་ཅད་སོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ གཤེགས་གསོལ་ནི༔ ཧྲཱིཿ བསྐྱེད་ཅིང་སྤྱན་དྲངས་ཡེ་ཤེས་ཌཱཀྐིའི་ཚོགས༔ རང་བཞིན་ཆོས་དབྱིངས་ཀློང་དུ་བཛྲ་མུ༔ ཀུན་རྫོབ་དམིགས་པའི་འཕྲོ་འདུ་འཇའ་ཚོན་ལྟར༔ རིམ་བསྡུས་རང་ཡལ་ཀ་དག་ཀློང་དུ་ཐིམ༔ བསྔོ་སྨོན་ནི༔ ཧྲཱིཿ རྗེ་བཙུན་ཀུ་རུ་ཀུལླེ་བསྒྲུབས་པ་ཡི༔ རྣམ་དཀར་དགེ་བས་བདག་སོགས་སེམས་ཅན་ཀུན༔ མྱུར་དུ་
རྫོགས་པའི་སངས་རྒྱས་ས་ཐོབ་ནས༔ རིགས་བདག་འོད་དཔག་མེད་དང་དབྱེར་མེད་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཧྲཱིཿ རིགས་ཀྱི་བདག་པོ་བཅོམ་ལྡན་སྣང་མཐའ་ཡས༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སོར་རྟོག་ཡེ་ཤེས་ཀུ་རུ་ཀུལླེ་ཡུམ༔ སྐུ་གསུམ་རྣམ་རོལ་མཆོག་གི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་མང་དུ་བྱའོ༔ ས་མ་ཡཱ༔ ཨྠྀི༔ ཨེ་མ་དབང་ཆེན་ལྷ་མོ་ཀུ་རུ་ཀུལླེ་ཡི༔ གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་དམར་ནག་འདི༔ གཅེས་ཚད་དཔྲལ་བའི་མིག་དང་ཁོག་པའི་སྙིང་༔ རྣོ་མྱུར་ཐོགས་མེད་རླུང་དང་གློག་ལྟ་བུ༔ དབང་སྡུད་གཞན་ལ་སྒབ་འདྲེ་མི་ཁ་ལྡང་༔ འདི་ནི་སྒབ་འདྲེ་མེད་དང་བཀྲ་ཤིས་འཕེལ༔ མི་ཁ་མི་ལྡང་དགེ་མཚན་སྙན་གྲགས་རྒྱས༔ བརྩམས་པ་ཙམ་གྱིས་འཇིགས་པ་བརྒྱད་དང་ནི༔ གདོན་དང་བགེགས་རིགས་ཐམས་ཅད་རང་སར་ཞི༔ ཁམས་གསུམ་སྐྱེ་འགྲོ་མ་ལུས་ཐམས་ཅད་ཀྱི༔ བསམ་སྦྱོར་ངན་དང་ཁེངས་སེམས་ཕྲག་དོག་ཞི༔ སྟོབས་ལྡན་རྒྱལ་འབངས་རྣམས་ལ་གང་དགོས་ཉན༔ མི་མོས་མི་འདུལ་གྱོང་བའི་སེམས་ཅན་ཡང་༔ ཐལ་སྦྱར་འདུད་ཅིང་སྒོ་གསུམ་བྲན་དུ་ཉན༔ འདོད་དགུའི་ཆར་འབེབས་འཁོར་སྒྱུར་སྲིད་ལ་དབང་༔ འདི་འདྲའི་གདམས་པ་འཇིག་རྟེན་འདི་ན་དཀོན༔ བསྟན་འགྲོ་བསྟན་འཛིན་སྐྱེས་བུའི་དོན་དུ་བསྟན༔ ཉེར་འ ཚེའི་བསམ་སྦྱོར་ཆོས་བརྒྱད་ལོག་ལམ་མཁན༔ གང་ཟག་དེ་འདྲར་སྤེལ་ན་མཁའ་འགྲོ་ཡི༔ བཀའ་ཆད་ཡོང་བས་མ་སྤེལ་ཕག་ཏུ་སྦོས༔ ཆོས་འདིས་འགྲོ་དོན་དཔག་མེད་འབྱུང་བར་ཤོག༔ ས་མ་ཡཱ༔ ཨྠྀི༔ སརྦ་མངྒ་ལཾ༔
གསང་བ་འཕྲུལ་ཡིག་གི་སྐོར་ལས་དབང་ཆེན་ཀུ་རུ་ཀུལླེའི་འཛབ་ཀྱི་འཕྲུལ་འཁོར་གབ་ཡིག་སྙིང་ཁྲག་དྭངས་མ།
࿅༔ གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ཀུ་རུ་ཀུལླེའི་འཛབ་ཀྱི་འཕྲུལ་འཁོར་གབ་ཡིག་སྙིང་ཁྲག་དྭངས་མ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ བདག་མདུན་བུམ་གསུམ་འཛབ་ཀྱི་དམིགས་པ་ཡི༔ འཕྲུལ་འཁོར་གབ་ཡིག་སྙིང་ཁྲག་དྭངས་མ་འདི༔ ལས་ཅན་སྐྱེས་བུ་རྣམས་ཀྱི་སྙིང་ལ་ཆོངས༔ ས་མ་ཡཱ༔ ཨྠྀི༔ བསྙེན་པའི་དུས་སུ་བདག་བསྐྱེད་གཙོ་ཆེ་ཞིང་༔ ཧྲཱིཿ བདག་ཉིད་ཀུ་རུ་ཀུལླེ་ཡི༔ ཐུགས་ཀར་ཨུཏྤལ་ཟེའུ་འབྲུའི་སྟེང་༔ ཐུགས་སྲོག་ས་བོན་ཧྲཱིཿདམར་པོ༔ གསང་སྔགས་འབྲུ་བརྒྱད་གཡོན་བསྐོར་འཁོར༔ མར་མེ་ལྟ་བུར་འབར་བའོ༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ འཁོར་འདས་རབ་འབྱམས་ཐམས་ཅད་ཁྱབ༔ རྩ་གསུམ་དཀོན་མཆོག་ཐམས་ཅད་དང་༔ ལྷ་ཀླུ་མི་གསུམ་ཆེ་བཙན་རིགས༔ སྐྱེ་འགྲོ་ཕོ་མོ་ཟས་ནོར་སོགས༔ འཁོར་འདས་དཔལ་འབྱོར་ཐམས་ཅད་ཀྱི༔ མཐུ་སྟོབས་ཡོན་ཏན་ནུས་པ་རྣམས༔ འོད་ཟེར་དམར་པོའི་རྣམ་པར་བསྡུས༔ བདག་ལ་ཐིམ་པས་ཁམས་གསུམ་ཀུན༔ སྐད་ཅིག་རང་དབང་མེད་པ་རུ༔ བདག་གི་དབང་དུ་འདུས་པར་གྱུར༔ བདག་ཉིད་མཐོང་ཐོས་དྲན་པ་དང་༔ རེག་པ་ཙམ་གྱིས་སྐྱེ་འགྲོ་རྣམས༔ ཡིད་
དབང་ཕྲོག་ཅིང་དབང་བྱེད་པའི༔ རིག་བྱེད་ལྷ་མོའི་ང་རྒྱལ་ངང་༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བར་མེད་ཆུ་བོའི་རྒྱུན་བཞིན་བཟླ་བ་གཅེས༔ ས་མ་ཡཱ༔ ཨྠྀི༔ སྒྲུབ་པའི་དུས་སུ་བདག་མདུན་སྤྲོ་བསྡུ་གཅེས༔ ཧྲཱིཿ བདག་མདུན་ཀུ་རུ་ཀུལླེ་ཡི༔ ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་ཉི་མའི་སྟེང་༔ ཏིང་འཛིན་སེམས་དཔའ་ཧྲཱིཿདམར་པོ༔ དེ་མཐར་འབྲུ་བརྒྱད་གཡོན་དུ་འཁོར༔ བདག་བསྐྱེད་སྔགས་ཀྱི་ཕྲེང་བ་ལས༔ སྔགས་ཕྲེང་ཚ་ལ་རྣོ་བ་འཕྲོ༔ སྣ་བུག་གཡོན་ནས་མདུན་བསྐྱེད་ཀྱི༔ ཤངས་བུག་གཡས་ཞུགས་སྲོག་ཡིག་ཧྲཱིཿ གཡོན་བསྐོར་ལམ་མེར་ཞིག་བྱས་པས༔ རང་དབང་མེད་པར་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ལྷ་མོའི་སྐུ་ལས་ནི༔ འོད་དམར་ལྕགས་ཀྱུའི་རྣམ་པ་ཅན༔ གློག་ལྟར་འཁྱུག་ཅིང་ཕྱོགས་བཅུར་ཁྱབ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི༔ སྒོ་གསུམ་ཚེ་བསོད་དཔལ་འབྱོར་སྟོབས༔ སྙན་གྲགས་གདུལ་བྱ་ཕྲིན་ལས་རྣམས༔ འོད་ཟེར་དམར་པོའི་རྣམ་པར་བསྡུས༔ མདུན་བསྐྱེད་སྔགས་ཀྱི་ཕྲེང་བར་ཐིམ༔ སྔགས་ཕྲེང་ཤངས་བུག་གཡོན་ནས་ཐོན༔ བདག་གི་ཤངས་བུག་
གཡས་ནས་ཞུགས༔ ཐུགས་སྲོག་ས་བོན་རྣམས་ལ་ཐིམ༔ བྱིན་རླབས་ནུས་མཐུ་ཆེས་ཆེར་འབར༔ སྣང་སྲིད་མ་ལུས་དབང་འདུས་ཤིང་༔ ཕྲིན་ལས་གང་བརྩམས་ཐོགས་མེད་ཀྱི༔ དངོས་གྲུབ་ཡིད་བཞིན་ཐོབ་པར་བསམས༔ བདག་མདུན་བར་དུ་སྔགས་ཕྲེང་ནི༔ མགལ་མེའི་འཁོར་ལོ་བསྐོར་བ་བཞིན༔ བར་མཚམས་མེད་པར་འཁོར་བའི་ངང་༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ མ་ཡེངས་ཏིང་འཛིན་ངང་ནས་ནན་གྱིས་བཟླ༔ སྒྲུབ་པའི་ཐུན་མཚམས་རྣམས་སུ་མཆོད་བསྟོད་མཐར༔ ལྷ་མོའི་སྐུ་རྟེན་ཚད་ལྡན་རབ་གནས་ཅན༔ ལེགས་འགོད་དེའི་མདུན་རིན་ཆེན་མཎྜལ་ལ༔ ཙནྡན་དམར་པོའི་ཆུ་ཡིས་བྱུགས་ནས་ཀྱང་༔ རླན་དང་མ་བྲལ་ཡོན་ཏན་ལྡན་པར་བྱ༔ ཙནྡན་དམར་པོས་མདོག་སྒྱུར་མེ་ཏོག་གི༔ ཚོམ་བུ་བཀོད་ཅིང་མཎྜལ་བརྒྱ་རྩ་འམ༔ ཡང་ན་ཉེར་གཅིག་ལ་སོགས་དབུལ་བར་བྱ༔ ན་བཟའ་དམར་པོ་དག་ཀྱང་ཅི་ནུས་འབུལ༔ དེ་དག་ཕུལ་རྗེས་འདོད་དོན་གསོལ་འདེབས་བརྩོན༔ རྟགས་མཚན་མ་ཐོབ་བར་དུ་སྒྲུབ་པ་གནད༔ ས་མ་ཡཱ༔ ཨྠྀི༔ བུམ་བསྐྱེད་གསལ་གདབ་བཟླས་པ་བྱ་བ་ནི༔ ཧྲཱིཿ བདག་ཉིད་ལྷ་མོའི་ཐུགས་ཀ་ནས༔ སྔགས་ཕྲེང་གཟུངས་ཀྱི་ཐག་པར་བརྒྱུད༔ བུམ་ལྷའི་ཐུགས་ཀར་ཐིམ་པ་ཡིས༔ རྒྱུད་བསྐུལ་སྔགས་ཕྲེང་དྲག་ཏུ་འཁོར༔ འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས༔ འཁོར་འདས་ལམ་གསུམ་མ་ལུས་ཀུན༔ བྱང་སེམས་དཀར་
དམར་རྣམ་པར་བཀུག༔ བྷནྡྷ་འབར་བའི་བདུད་རྩི་དང་༔ བུམ་ནང་རིག་བྱེད་མཁའ་འགྲོར་ཐིམ༔ ཟག་མེད་དགྱེས་བསྐྱེད་ལྷ་མོའི་སྐུ༔ བདུད་རྩིའི་རྒྱུན་བབས་བུམ་པར་འཁྱིལ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ བརྒྱ་རྩ་ལ་སོགས་བཟླས་མཐར་མཆོད་བསྟོད་བྱ༔ བུམ་ལྷའི་རང་མདངས་རང་འདྲ་དུང་ཞལ་དུ༔ གསལ་བ་བུམ་ལྷར་ཐིམ་པས་བུམ་ལྷ་ཞུ༔ བདེ་ཆེན་བྱང་སེམས་ཟག་མེད་བདུད་རྩིར་བསམ༔ ༀ་ཨཱཿཧཱུྃ༔ བརྗོད༔ དུང་ཆོས་བུམ་པར་བླུགས༔ རང་གི་འཐུང་དང་ཁྲུས་བྱས་དངོས་གྲུབ་ཐོབ༔ བྷནྡྷ་མེ་ལོང་བུམ་པར་དབང་བཞི་ལེན༔ ཁྱད་པར་ཅན་གྱི་བྱིན་རླབས་ཡ་མཚན་འགྲུབ༔ སློབ་མ་རྗེས་འཛིན་དབང་ལ་ཁྱད་པར་དུ༔ བུམ་བཟླས་གནད་དང་ལྡན་པ་ཤིན་ཏུ་གཅེས༔ ས་མ་ཡཱ༔ ཨྠྀི༔ བཟླས་པའི་གནད་ཡིག་འཛབ་ཀྱི་འཕྲུལ་འཁོར་འདི༔ འགྱུར་བ་མེད་པའི་སྙིང་ཁྲག་དྭངས་མ་ཡིན༔ མདོ་སྔགས་བསྟན་པ་འཛིན་དང་འགྲོ་དོན་དུས༔ འགྲོ་འདུལ་སྤྲུལ་སྐུ་རྣམས་ལ་མེད་མི་རུང་༔ སྐུར་འདེབས་ལོག་ལྟ་བདུད་དབང་ཆེ་བའི་དུས༔ ཀུ་རུ་ཀུལླེ་མཆོད་སྒྲུབ་ཡང་ཡང་འབུངས༔ བདུད་ཚོགས་དབང་འདུས་ཐར་པའི་ས་བོན་ཐེབས༔ གཞན་ཡང་ཕྲིན་ལས་ཁྱད་པར་རྣོ་བའི་ཕྱིར༔ གསང་སྔགས་རླུང་འཁོར་བསྐོར་ཞིང་འདོད་གསོལ་སྦྱར༔ དབང་མདོག་དར་རས་ལ་བྲིས་དར་ལྕོག་འཛུགས༔ འདི་དག་གང་ལའང་རབ་གནས་འདོད་གསོལ་གཟབ༔ ཆོས་འདི་སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ས་མ་ཡཱ༔ ཨྠྀི༔ མངྒ་ལཾ༔
གསང་བ་འཕྲུལ་ཡིག་གི་སྐོར་ལས་དབང་ཆེན་ཀུ་རུ་ཀུལླེའི་སྒྲུབ་པ་ལས་སྦྱོར་ཟབ་པའི་མཐར་ཐུག་རླུང་གི་ཞགས་པ།
࿅༔ གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ཀུ་རུ་ཀུལླེའི་སྒྲུབ་པ་ལས་སྦྱོར་ཟབ་པའི་མཐར་ཐུག་རླུང་གི་ཞགས་པ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ སྒྲུབ་པ་ལས་སྦྱོར་ཟབ་པའི་མཐར་ཐུག་ནི༔ བདག་བསྐྱེད་བསྙེན་པ་སོང་བའི་རྣལ་འབྱོར་བས༔ ཙན་དན་དཀྱིལ་འཁོར་གཞུང་བཞིན་ལེགས་གྲུབ་ནས༔ ལྷ་མོའི་རྟེན་ལ་མེ་ཏོག་དམར་པོ་དང་༔ ན་བཟའ་དམར་པོ་ཚོགས་འཁོར་གཏོར་མ་གཟབ༔ དེ་ནས་དམིགས་པའི་འཕྲོ་འདུ་འདི་ལྟར་བསྒོམ༔ ཧྲཱིཿ བདག་ཉིད་ཀུ་རུ་ཀུལླེའི་ཐུགས་ཀ་ནས༔ འོད་དམར་མདུན་བསྐྱེད་ལྷ་མོའི་ཐུགས་ཀར་ཐིམ༔ ཐུགས་དམ་རྒྱུད་བསྐུལ་འོད་དམར་སྣང་སྲིད་ཁྱབ༔ སྐུ་ལས་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ མཛེས་འཛུམ་ཉམས་ལྡན་དར་དང་རིན་ཆེན་བརྒྱན༔ ཨུཏྤལ་ལྕགས་ཞགས་ཐོགས་པ་རྡུལ་ལྟར་འཚུབ༔ རྒྱལ་པོ་བཙུན་མོ་དགེ་བཤེས་ལ་སོགས་པ༔ སྐྱེ་འགྲོ་ཀུན་དང་ཁྱད་པར་དམིགས་ཡུལ་དེ༔ ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགུལ་ནས་ཁྲིད༔ རླུང་ལྟར་མགྱོགས་པའི་ཤུགས་ཀྱིས་མྱུར་དུ་བཀུག༔ མདུན་གྱི་དཀྱིལ་འཁོར་སྟེང་དུ་གན་རྐྱལ་འགྱེལ༔ ཕོ་ཉ་ལྕགས་ཀྱུ་ཐོགས་པའི་ཚོགས་ཀྱིས་བསྐོར༔ ཕོ་ཡི་སྙིང་ག་མོ་ཡི་གསང་བར་
བཏབ༔ རྐྱེན་དེས་བདག་ལ་ཁོ་ཡིད་དབང་མེད་ཆགས༔ རབ་ཏུ་མྱོས་ཤིང་དད་གུས་གདུང་བ་འབར༔ དམིགས་བྱ་དེ་དག་ཚེ་བསོད་བཀྲག་མདངས་རྣམས༔ འོད་དམར་རྣམ་པར་བདག་ལ་ཐིམ་པར་བསམ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ཡང་ལས་སྦྱོར་བྱེ་བྲག་འདི་ལྟར་བཟླ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿ ཆྒཻ་མོ་པཱ་ཤཾ་ཀུ་རུ་ཧོ༔ ཨ་ཀ་ཡ་ཧྲཱིཿསྭཱ་ཧཱ༔ རྟགས་མཐོང་བར་དུ་ནན་གྱིས་སྒྲུབ་པ་གཅེས༔ རྟགས་གསལ་བུམ་པ་དང་ནི་བདུད་རྩི་དང་༔ མེ་ལོང་གཏོར་མ་རྣམས་ལ་དབང་བཞི་ལེན༔ སྒྲུབ་ཤུལ་རྗེས་མི་མངོན་པར་གསང་བར་བྱ༔ ཨྠྀི༔ ལུང་བཞིན་དགོས་པ་རྣམས་སུ་ཚོགས་སྒྲུབ་འབུངས༔ ཐུན་དུ་བཟུང་ཞིང་ནན་བསྐྱེད་བརྩོན་པར་གཅེས༔ ངན་རྟགས་བྱུང་བ་རྟ་མགྲིན་ལྷ་སྔགས་ཀྱིས༔ གཟིར་ཞིང་གུ་གུལ་བདུག་ཅིང་ཡུངས་ཀར་བྲབ༔ བར་ཆད་བགེགས་ཞི་དགེ་བའི་མཚན་མ་འབྱུང་༔ བཟའ་བཏུང་ཟས་གོས་ནོར་སོགས་གང་ལ་ཡང་༔ ལྷ་མོའི་སྙིང་པོ་སྟོང་ངམ་བརྒྱ་ཉེར་གཅིག༔ བཏབ་ནས་གང་ལ་བྱིན་པ་དབང་དུ་འགྱུར༔ ས་མ་ཡཱ༔ ཨྠྀི༔ དགེའོ༔
ལྷ་མོ་རིག་བྱེད་མའི་ཁ་སྐོང་འགའ་ཞིག
࿅༔ ལྷ་མོ་རིག་བྱེད་མའི་ཁ་སྐོང་འགའ་ཞིག་བཞུགས༔ ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཏེ༔ ཡེ་ཤེས་ཁྲོ་ཚོགས་སྐར་ལྟར་འཁྲུགས༔ ཧཱུྃ་ཕཊ་ང་རོའི་འབྲུག་སྟོང་ལྡིར༔ མཚོན་ཆ་སྣ་ཚོགས་ཆར་ལྟར་འབེབས༔ བགེགས་ཚོགས་ལོག་འདྲེན་ཕྱིར་དེངས་ཤིག༔ བཀའ་ལས་འདའ་བྱེད་རྡུལ་དུ་རློགས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ མཚམས་གཅོད་ནི༔ ཧཱུྃ༔ སྟེང་ནས་རྡོ་རྗེ་འབར་བའི་གུར༔ འོག་ནས་རྡོ་རྗེའི་ས་གཞི་སྟེ༔ ཕྱོགས་མཚམས་རྡོ་རྗེའི་ར་བས་བསྐོར༔ མེ་དཔུང་འབར་བའི་ཚོགས་ཆེན་འཁྲིགས༔ དམར་ནག་རབ་འཁྲུགས་ཚྭ་ཚྭ་འཕྲོ༔ མེ་སྒྲ་འུར་འུར་ཆེམ་ཆེམ་འབར༔ སྲུང་བའི་འཁོར་ལོས་གོ་བསྒོ་འོ༔ ཧཱུྃ་བཛྲ་རཀྵ་རཾ་ཛྭ་ལ་རཀྵ་བྷྲུཾ་བྷྲུཾ༔ བདུད་རྩི་ཁཱ་ཧི་ནི༔ ཧཱུྃ༔ དུག་ལྔ་སེལ་བའི་བདུད་རྩི་སྨན༔ དམ་ཚིག་དངོས་གྲུབ་ཆེན་པོའི་རྫས༔ གཙང་དམེ་ཡོངས་བྲལ་མཉམ་པ་ཉིད༔ ཡེ་ཤེས་རོལ་པ་ཆེན་པོ་འདིས༔ སངས་རྒྱས་སྣང་བ་མཐའ་ཡས་མཆོད༔ ཁྲོ་རྒྱལ་དབང་ཆེན་རྟ་མགྲིན་མཆོད༔ ཨོ་རྒྱན་པདྨ་འབྱུང་གནས་མཆོད༔ རིག་འཛིན་བརྒྱུད་པར་བཅས་པ་མཆོད༔ དབང་མཛད་ཀུ་རུ་ཀུལླེ་མཆོད༔ སྣང་
སྲིད་དག་པ་རབ་འབྱམས་མཆོད༔ རང་ལུས་རྩ་ཁམས་ལྷ་ཚོགས་མཆོད༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི་ཁཱཧི༔ ཆད་ཐོ་ནི༔ ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ༔ ཐབས་ཆེན་དཔའ་བོ་དབང་ཆེན་རྟ་མགྲིན་གྱིས༔ ཤེས་རབ་ཡུམ་མཆོག་རིག་བྱེད་ལྷ་མོ་སོགས༔ མ་ཚོགས་མཁའ་འགྲོ་བྱེ་བ་དུང་ཕྱུར་ལ༔ རྒྱུད་ལུང་མན་ངག་རྫོགས་པར་བཤད་པའི་ཚེ༔ དམ་ལ་བཏགས་པའི་དཔའ་བོ་མཁའ་འགྲོའི་ཚོགས༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ སྣང་སྲིད་དབང་སྡུད་ཕྲིན་ལས་འགྲུབ་པར་མཛོད༔ བར་དུ་བསམ་ཡས་དཔལ་གྱི་གཙུག་ལག་ཏུ༔ དབང་ཆེན་རིག་འཛིན་པདྨ་ཐོད་ཕྲེང་གིས༔ བཀའ་བབ་ལས་ལྡན་བོད་ཀྱི་རྗེ་འབངས་ལ༔ པདྨ་གར་དབང་དབང་བསྐུར་བཀའ་གཏད་ཚེ༔ དམ་ལ་བཏགས་པའི་དམ་ཅན་ཕོ་མོའི་ཚོགས༔ དམ་ཚིག་བཀའ་ཡི་ཆད་ཐོ་འདི་བཞེས་ལ༔ སྣང་སྲིད་དབང་སྡུད་ཕྲིན་ལས་འགྲུབ་པར་མཛོད༔ དེ་རིང་སྒྲུབ་པའི་རིག་འཛིན་བདག་ཅག་གིས༔ དབང་མཛད་རིག་བྱེད་ལྷ་མོའི་དཀྱིལ་འཁོར་གྱི༔ ཞལ་ཕྱེས་ལྷ་སྔགས་ཏིང་འཛིན་སྒོམ་
པའི་ཚེ༔ ཆོས་བཞིན་སྐྱོང་བའི་དམ་ཅན་ཆོས་སྐྱོང་རྣམས༔ དམ་ཚིག་བཞིན་དུ་གཏོར་མ་འདི་བཞེས་ལ༔ སྣང་སྲིད་དབང་སྡུད་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་མ་ནི༔ ཧཱུྃ༔ སློབ་དཔོན་ཆེན་པོ་པདྨའི་བཀའ་སྡོད་མ༔ བསྟན་མ་ཡང་མ་སྐྱོང་མའི་ཚོགས་དང་བཅས༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ གཏོར་མའི་བཤལ་ཆུ་དཔལ་གྱི་ཞལ་ཆབ་འདི༔ དགྱེས་པར་བཞེས་ལ་བཅོལ་བའི་ཕྲིན་ལས་སྒྲུབས༔ འཁོར་སྲུང་རྐྱེན་ཟློགས་མེལ་ཚེ་བྱ་ར་མཛོད༔ མ་མ་ཏང་ཏང་ཏིང་ཏིང་ལང་ལང་ལིང་ལིང་བྷྱོ་ས་མ་ཡ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི༔ བྲོ་བརྡུང་ནི༔ དབང་ཆེན་ཀུ་རུ་ཀུལླེའི་བྲོ༔ བར་ཆད་དམ་སྲིའི་སྟེང་དུ་བརྡུང་༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ བདུད་བཞི་འབྱུང་པོ་ཕྱེ་མར་འཐག༔ རྔམ་པའི་བྲོ་རྡུང་ཁྲིགས་སེ་ཁྲིག༔ གཏུམ་པའི་ཕ ཊ་སྒྲ་སངས་སེ་སང་༔ འཇིགས་པའི་རྣམ་འགྱུར་ལམས་སེ་ལམ༔ དགྲ་བགེགས་སྟེང་དུ་ཆེམས་སེ་ཆེམ༔ བདུད་བགེགས་འབྱུང་པོ་མ་ལྡང་ཞིག༔ དགྲ་བགེགས་སརྦ་སྟྭཾ་བྷ་ཡ་ནན༔ ཞེས་ཀུ་རུ་ཀུལླེའི་ཆོ་གའི་
བག་ཆགས་ཞེན་ཆེ་བའི་རྙིང་ལུགས་ལྟར་ཡོད་ཅིང་འདི་དག་རྣམས་ཧ་ཅང་མེད་ཀྱང་ཆད་སྐྱོན་དུ་མི་འགྱུར་ཡང་རྣམ་འདྲེན་ཉི་མ་གྲགས་པ་གསུམ་པས་བཀས་བསྐུལ་ཕེབས་པ་ལ་བརྟེན་ནས་ལས་རབ་རྩལ་གྱིས་སྦྱར་བ་མངྒ་ལཾ༔
ཀུ་རུ་ཀུལླེའི་བསྐང་བ།
࿅༔ ཀུ་རུ་ཀུལླེའི་བསྐང་བ་བཞུགས༔ ཧཱུྃ༔ འོག་མིན་བདེ་ཆེན་རྒྱལ་བའི་ཞིང་༔ ཡེ་ཤེས་དབྱིངས་ཀྱི་སྒྱུ་འཕྲུལ་མ༔ བརྩེ་བས་རྗེས་ཆགས་རིག་བྱེད་མ༔ འདིར་གཤེགས་བརྩེ་བས་དགྱེས་པར་མཛོད༔ ཟག་པ་མེད་པའི་ཏིང་འཛིན་དང་༔ སྲིད་པར་འཕྱན་པའི་འཁྲུལ་རྟོག་རྣམས༔ གཡོ་ཞིང་ཐོགས་མེད་འགུགས་བྱེད་པའི༔ ཁྱེད་ཀྱི་ཕྲིན་ལས་བདག་ལ་ཞུ༔ གང་ལ་ཅི་འདོད་དེ་སྟེར་བ༔ ཐུགས་རྗེ་ཆེ་མངའ་སྒྲོལ་མའི་མཐུ༔ རྒྱལ་བ་ཀུན་ལས་ལྷག་པ་ཅན༔ དེང་འདིར་བདག་ཡིད་རེ་སྐོང་མཛོད༔ ཀུན་བཟང་རོལ་པའི་མཆོད་སྤྲིན་ཆེ༔ འཛད་པ་མེད་པའི་གཏེར་ཆེན་པོ༔ དེང་གི་ཡོ་བྱད་བྱིན་བརླབས་ནས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ ལྷ་སྔགས་ཕྱག་རྒྱ་དམ་ཚིག་རྫས༔ ལྟ་སྤྱོད་ཏིང་འཛིན་རོལ་པ་ཡིས༔ ཀུ་རུ་ཀུལླེའི་ཐུགས་དམ་བསྐང་༔ དམ་སྐོང་མཆོག་ཐུན་དངོས་གྲུབ་སྩོལ༔ ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག༔ འདོད་ཡོན་ཚོགས་ཀྱིས་མཆོད་པའི་མཐུས༔ ཚེ་དང་དཔལ་གྱི་དངོས་གྲུབ་སྩོལ༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་པ་སྔ་
འགྱུར་རང་ལུགས་འཛིན་པའི་སྲོག་ཤིང་དམ་པ་སྤྲུལ་སྐུ་ནམ་མཁས་བསྐུལ་བ་ལ་བརྟེན་ནས་ལས་རབ་རྩལ་གྱིས་སྦྱར་བ་དགེའོ༔
གསང་བ་འཕྲུལ་ཡིག་གི་སྐོར་ལས་དབང་ཆེན་ཀུ་རུ་ཀུལླེའི་ཐུགས་དམ་གནད་བསྐུལ་ཟབ་མོ།
࿅༔ གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ཀུ་རུ་ཀུལླེའི་ཐུགས་དམ་གནད་བསྐུལ་ཟབ་མོ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ མཁའ་འགྲོའི་ཐུགས་དམ་གནད་ནས་བསྐུལ་བ་ནི༔ བཅུད་ལྡན་ཟས་སྣ་གཏོར་མ་བྱིན་གྱིས་བརླབས༔ ཨ་མྲྀ་ཏ་དང་ཞིམ་མ ངར་བཏུང་བ་བྲན༔ ༀ་ཀུ་རུ་ཀུལླེ་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས༔ ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྣ་ཨེ་དཾ་བྷ་ལིངྟ་ཡེ་སྭཱ་ཧཱ༔ ཞེས་པས་གསུམ་མམ་བདུན་གྱིས་བསྔོ་ཞིང་འབུལ༔ དེ་ནས་གདུང་བའི་ཤུགས་ཕྱུང་འདི་ལྟར་བསྐུལ༔ ཧྲཱིཿ ཆོས་སྐུའི་བདག་ཉིད་ཡུམ་ཆེན་མོ༔ སྤྲོས་བྲལ་བདེ་ཆེན་ངང་ཉིད་ལས༔ བརྩེ་བའི་སྙིང་རྗེའི་རང་མདངས་རྩལ༔ སྒྲོལ་མ་ཕྲིན་ལས་མྱུར་མཛད་མ༔ གདུལ་དཀའ་འདུལ་ཕྱིར་བདེ་ཆེན་ཡུམ༔ ཀུ་རུ་ཀུལླེ་སྐུ་བཞེངས་ཤིག༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ཡི༔ ཡེ་ཤེས་ལྔ་ལྡན་མེ་དཔུང་འཕྲོ༔ རྡོ་རྗེ་འབར་བའི་གུར་ཆེན་པོ༔ དེའི་དབུས་དབང་གི་འོད་དམར་ཀློང་༔ པད་ཉི་བམ་གྱི་ཁྲི་སྟེང་དུ༔ ཨུཏྤལ་དམར་པོ་ཧྲཱིཿཡིག་དམར༔ འགྱུར་མེད་ཐུགས་སྲོག་ས་བོན་ལས༔ འཕྲོ་འདུ་སྤྲུལ་པས་འཁོར་འདས་བཅུད༔ ཡོངས་སུ་བསྡུས་པའི་དཔལ་ལྡན་མོ༔ ཞལ་གཅིག་ཕྱག་བཞི་ཞབས་
གཉིས་མ༔ དམར་ལ་བཀྲག་པའི་སྐུ་མདངས་ཅན༔ ཞི་དང་ཁྲོ་དང་ཆགས་པའི་ཉམས༔ དབུ་སྐྲ་གྱེན་བརྫེས་རླུང་གིས་བསྐྱོད༔ སྤྱན་གསུམ་གཡོན་ཕྱོགས་ཟུར་གྱིས་གཟིགས༔ རྣམ་བཞད་མཆེ་གཙིགས་ལྗགས་ཀྱང་གཡོ༔ རྩ་ཕྱག་ཨུཏྤལ་དམར་པོ་ཡི༔ མདའ་གཞུ་སྐྱེ་འགྲོའི་སྙིང་ལ་འབིགས༔ དྲན་པ་མྱོས་ཤིང་ཆགས་པས་འདེབས༔ ལྷག་མའི་ཕྱག་གཉིས་ཨུཏ་དམར་གྱིས༔ མཚན་པའི་ལྕགས་ཀྱུ་ཞགས་པ་ཡིས༔ ཐམས་ཅད་འཛིན་ཅིང་འཆིང་བར་མཛད༔ རང་དབང་མེད་པར་གནས་ནས་འགུགས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོལ༔ སྲིད་གསུམ་ཟིལ་གྱིས་གནོན་པར་ནུས༔ ཐོད་སྐམ་རྩེ་ཕྲན་དབུ་ལ་བཅིངས༔ དབང་རྟགས་ཅོད་པན་དམར་པོས་སྤྲས༔ འོད་དཔག་མེད་མགོན་རིགས་བདག་མཛད༔ དར་དང་རཏྣ་རུས་པས་བརྒྱན༔ ཐོད་རློན་ལྔ་བཅུའི་ཕྲེང་བ་འཕྱང་༔ སྟག་ལྤགས་རློན་པའི་ཤམ་ཐབས་དཀྲིས༔ ནུ་མ་འབུར་ཞིང་པད་མོ་རྒྱས༔ བཅུ་དྲུག་ལང་ཚོས་རབ་ཏུ་རྒྱགས༔ མཐོང་ཐོས་དྲན་རེག་ཡིད་དབང་འཕྲོག༔
རྒྱབ་ཡོལ་ཉི་མའི་དཀྱིལ་འཁོར་འབར༔ མོས་པ་ཙམ་གྱིས་བྱིན་གྱིས་རློབས༔ བདེ་ཆེན་དཔལ་འབར་རིག་བྱེད་མ༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ མྱུར་མགྱོགས་དབང་གི་ཕྲིན་ལས་ཀྱི༔ དུས་ལ་བབ་པོ་ས་མ་ཡ༔ ལྷོ་ཕྱོགས་ཀུ་རུ་ཀུལླེ་ཡི༔ བདེ་ཆེན་གསང་ཕུག་ཕོ་བྲང་ནས༔ བཞེངས་ཤིག་སྐུ་བསྐྱོད་ལས་ལ་གཤེགས༔ འཁོར་འདས་སྣང་སྲིད་ཐམས་ཅད་ཀྱི༔ དཔལ་དང་ཡོན་ཏན་གཟི་བརྗིད་དང་༔ མཐུ་ཆེན་སྟོབས་ལྡན་རྒྱལ་བཙུན་བློན༔ དགེ་བཤེས་བན་སྔགས་དམངས་ཕོ་མོ༔ ཟས་ནོར་ལོངས་སྤྱོད་རྐང་བཞི་ཕྱུགས༔ རང་དབང་མེད་པར་མྱུར་དུ་ཁུག༔ འགྱུར་བ་མེད་པར་དབང་དུ་སྡུས༔ འཕྱུགས་པ་མེད་པར་བདག་ལ་སྩོལ༔ རྗེ་བཙུན་ཀུ་རུ་ཀུལླེ་མ༔ དེང་འདིར་སྒྲུབ་པོ་བདག་ཅག་གིས༔ བསྐུལ་ཞིང་གསོལ་བ་འདེབས་ལགས་ཀྱིས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ དམ་པ་ཆོས་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔
བཅུད་ཅན་ཟས་ཀྱི་དངོས་གྲུབ་སྩོལ༔ གཡང་ཅན་ནོར་གྱི་དངོས་གྲུབ་སྩོལ༔ བརྗིད་ཅན་གོས་ཀྱི་དངོས་གྲུབ་སྩོལ༔ མཛེས་ལྡན་རྒྱན་གྱི་དངོས་གྲུབ་སྩོལ༔ སྲ་བརྟན་གོ་ཁྲབ་དངོས་གྲུབ་སྩོལ༔ འཁོར་འབངས་བུ་སློབ་དངོས་གྲུབ་སྩོལ༔ མཛེས་སྡུག་གྲོགས་ཀྱི་དངོས་གྲུབ་སྩོལ༔ མི་འཛད་གཏེར་གྱི་དངོས་གྲུབ་སྩོལ༔ དགོས་འདོད་ཀུན་འབྱུང་དངོས་གྲུབ་སྩོལ༔ དབང་ཆེན་སྟོབས་ཀྱི་དངོས་གྲུབ་སྩོལ༔ དྲག་རྩལ་མཐུ་ཡི་དངོས་གྲུབ་སྩོལ༔ ཀུ་རུ་ཀུལླེ་བང་མ་བུལ༔ མ་དང་མཁའ་འགྲོ་མཐུ་མ་ཞེན༔ རྗེ་བཙུན་འཕགས་མ་བྱིན་མ་ཆུང་༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་བསྐུལ་ཕྲིན་ལས་ཐོགས་མེད་འགྲུབ༔ རབ་ཏུ་གཅེས་སོ་གསང་བར་བྱ༔ ས་མ་ཡཱ༔ ཁ་ཐམ༔ མངྒ་ལཾ༔
རིག་བྱེད་མའི་གསང་སྒྲུབ་སྙིང་པོ།
࿅༔ རིག་བྱེད་མའི་གསང་སྒྲུབ་སྙིང་པོ་བཞུགས་སོ༔ རྗེ་བཙུན་རིག་བྱེད་མ་ལ་ཕྱག་འཚལ་ལོ༔ ཆོས་ལྡན་སྐྱེས་བུས་གདུལ་བྱ་སྡུད་པ་དང་༔ བསྟན་དང་གང་ཟག་ལ་སྡང་ནག་པོའི་བདུད༔ ཆོས་ལ་མོས་ཤིང་ཐར་པར་སྦྱོར་བའི་ཐབས༔ སྒྲོལ་མ་ཐུགས་རྗེ་མྱུར་མཛད་སྒྲུབ་ཐབས་བསྟན༔ ས་མ་ཡཱ༔ ར་བ་ཡར་ངོའི་འགྲུབ་སྦྱོར་ཉི་ཁྱིམ་ཤིས༔ སྐུ་རྟེན་ཡོ་བྱད་མཆོད་ཚོགས་བཟང་དུ་བཤམས༔ ཆས་དང་ཡོ་བྱད་ཐམས་ཅད་དམར་པོར་བསྒྱུར༔ དེ་ནས་ཉམས་སུ་ལེན་པའི་རིམ་པ་ནི༔ དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་ཐར་པའི་ལམ་དུ་དབང་སྡུད་དོ༔ ༀ་ཨཱཿཧཱུྃ་གིས་འདོད་དགུའི་མཆོད་སྤྲིན་འཁྲིགས༔ སྟོང་པའི་ངང་ལས་རྡོ་རྗེའི་གུར་ཁང་གི༔ ཕྱི་རོལ་དུར་ཁྲོད་ཐ་མ་མེ་དཔུང་གུར༔ དབུས་སུ་པདྨ་ཉི་ཟླ་འབར་བ་དང་༔ བམ་རོ་མགོ་བོ་གཡོན་དུ་བསྟན་པའི་སྟེང་༔ ཐུགས་སྲོག་ཧྲཱིཿདམར་འོད་འཕྲོས་དོན་གཉིས་བྱས༔ སྲིད་ཞིའི་དཔལ་ཡོན་ཀུ་རུ་ཀུལླེ་ཡི༔ རྣམ་པར་དབང་བསྡུས་ཐིམ་པས་སྐད་ཅིག་གིས༔ རིག་བྱེད་དམར་མོ་རྒྱ་སྐག་མེ་ཏོག་མདངས༔ ཞལ་གཅིག་སྤྱན་གསུམ་ཆགས་པས་གཡོན་ཕྱོགས་གཟིགས༔ དབུ་སྐྲ་སྣུམ་འབོལ་གྱེན་བརྫེས་རླུང་གིས་བསྐྱོད༔ ཕྱག་བཞི་དང་པོ་གཉིས་ཀྱིས་ཨུཏྤལ་
ལ༔ དམར་པོའི་མདའ་གཞུ་སྙན་གྱི་ཐད་སོར་འགེངས༔ ལྷག་མའི་ཕྱག་གཉིས་ཨུཏ་དམར་ལྕགས་ཀྱུ་ཞགས༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་མི་རོ་བརྫིས༔ ནུ་འབུར་བྷ་ག་རབ་རྒྱས་བཅུ་དྲུག་གཞོན༔ ཞི་དང་ཁྲོ་ཆགས་བདེ་ཉམས་མཉེན་ལྕུག་སྒེག༔ ཐོད་སྐམ་ལྔ་ལྡན་རྩེ་ཕྲན་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་ཕྲེང་བ་འཕྱངས༔ དར་དཔྱངས་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དཀྲིས༔ རཏྣ་སྣ་ཚོགས་རུས་པའི་རྒྱན་ཆ་འཁྲོལ༔ འོད་དཔག་མེད་མགོན་རིགས་བདག་རྣམ་པར་བཞུགས༔ འོད་འབར་ཉི་མའི་དཀྱིལ་འཁོར་རྒྱབ་ཡོལ་མཛད༔ སྣང་སྟོང་ཟུང་འཇུག་འཇའ་ཚོན་ལྟ་བུའི་ངང་༔ མཐོང་ཐོས་དྲན་རེག་ཆགས་མྱོས་དབང་མེད་འགུགས༔ གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་ག་ཡི༔ འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ ༀ༔ བདེ་ཆེན་འོག་མིན་གནས་དང་པོ་ཏ་ལ༔ འཕགས་ཡུལ་ཀུ་རུ་ཀུལླེའི་ཕུག་པ་ནས༔ སྒྲོལ་མ་རིག་བྱེད་མཁའ་འགྲོ་སྤྱན་འདྲེན་གཤེགས༔ བསྐྱེད་པའི་སྐུ་དང་གཉིས་མེད་བརྟན་པར་བཞུགས༔ རབ་ཏུ་གུས་
པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བས་མཆོད༔ འཁོར་འདས་མཐུ་ཆེན་ཀུན་གྱིས་མགྲིན་གཅིག་ཏུ༔ ཀུ་རུ་ཀུལླེ་རབ་བསྔགས་དང་བས་བསྟོད༔ ཐུགས་ཀར་ཉི་སྟེང་ཨུཏ་དམར་ཧྲཱིཿདམར་མཚན༔ ཐ་མར་གསང་སྔགས་འབྲུ་བརྒྱད་གཡོན་དུ་འཁོར༔ འོད་ཀྱིས་སྲིད་ཞིའི་ལེགས་ཚོགས་མཆོག་ཐུན་དཔལ༔ གང་འདོད་འོད་དམར་རྣམ་པར་དབང་དུ་བསྡུས༔ བདག་ཉིད་ལ་ཐིམ་བདེ་སྟོང་གཟི་བྱིན་འབར༔ ཀུ་རུ་ཀུལླེའི་ང་རྒྱལ་གསལ་སྣང་ངང་༔ བསྙེན་པ་ནི༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སྒྲུབ་པ་དང་ལས་སྦྱོར་ནི༔ ༀ་ཀུ་རུ་ཀུལླེ་ཧྲཱིཿ དམིགས་བསལ་ཡོད་ན་མིང་མེད་ན༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ མི་ཚིག་མ་འདྲེས་དག་གསལ་ནན་གྱིས་བཟླ༔ སྒྲུབ་པའི་རྟགས་མཐོང་དབང་བླང་གཞན་ལ་གསང་༔ ཐུན་མཚམས་མཆོད་བསྟོད་དབང་བཞི་བླངས༔ བསྐྱེད་རིམ་རིམ་བསྡུས་རང་ཡལ་ནམ་མཁའི་ངང་༔ དགེ་བའི་མཐུ་ཡིས་འགྲོ་ཀུན་དབང་བསྡུས་ནས༔ རྣམ་མཁྱེན་ཐར་པའི་ལམ་ལ་སྦྱོར་ནུས་ཤོག༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་སྩོལ༔ སྒྲུབ་ཐབས་ཟབ་མོ་འདི་ཡི་དམ་ཚིག་ཏུ༔ གཞན་བསྟོད་མཆོད་སྦྱིན་ལ་འབུངས་དམན་པར་གཅེས༔ བུད་
མེད་མི་སྨད་ལྷ་སྔགས་དམ་དུ་སྦ༔ ལྷ་སྔགས་བརྩམས་པ་ཙམ་གྱིས་དབང་གི་ལས༔ རྣོ་མྱུར་ཐོགས་པ་མེད་པ་འགྲུབ་པར་འགྱུར༔ མཆོག་ཐུན་དངོས་གྲུབ་མི་ནོར་ཟས་གསུམ་འདུ༔ བརྒྱ་བཟླས་སྔགས་པ་སྟོང་གིས་བུད་མེད་དང་༔ ཁྲི་ཡིས་འབྱོར་ལྡན་སྐྱེ་བོ་དགེ་བཤེས་དང་༔ འབུམ་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འགུགས༔ དེ་ལས་ཆེས་མང་ལྷ་ཀླུ་སྟོབས་ལྡན་འདུད༔ ལས་སྦྱོར་མི་གནང་ལྷ་བསྐྱེད་དབང་སྦྱིན་བྱ༔ ཆིག་སྒྲུབ་ཚོགས་སྒྲུབ་ཡུལ་དུས་གནས་སྐབས་བསྟུན༔ འདི་ནི་བསྟན་འཛིན་སྐྱེས་བུའི་ཆ་རྐྱེན་ནོ༔ དཔའ་བོ་ལས་རབ་བདག་གིས་གསལ་བར་བྱས༔ ལས་འཕྲོ་ལྡན་པ་རྣམས་ལ་ཕན་ཐོགས་ཤོག༔ མངྒ་ལཾ༔
དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་འདོད་འབྱུང་ནོར་བུ།
࿅༔ དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་འདོད་འབྱུང་ནོར་བུ་བཞུགས། ༀ་ཨཱཿཧཱུྃ༔ དཀོན་མཆོག་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད༔ ཌཱཀྐི་ཀུ་རུ་ཀུལླེར་སྐྱབས་སུ་མཆི༔ འགྲོ་ཀུན་གང་འདུལ་ཐབས་ཀྱིས་དབང་བསྡུས་ནས༔ རྫོགས་པའི་བྱང་ཆུབ་ལ་འགོད་སེམས་བསྐྱེད་དོ༔ སྣ་ཚོགས་མཆོད་སྤྲིན་འཛད་མེད་རོལ་བ་ཆེ༔ གནམ་ས་བར་སྣང་མ་ལུས་ཁྱབ་པར་སྤེལ༔ ༀ་ཨཱཿཧཱུྃ༔ སྟོང་ཉིད་སྙིང་རྗེ་ཆེན་པོའི་ཆོ་འཕྲུལ་ལས༔ ཕོ་བྲང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ཡི༔ རྡོ་རྗེའི་གུར་ཁང་ཕྱི་རོལ་མེ་འབར་དབུས༔ སྣ་ཚོགས་པདྨ་ཉི་མ་རོ་གདན་སྟེང་༔ རང་སེམས་ཧྲཱིཿཡིག་ཨུཏ་དམར་ཧྲཱིཿས་མཚན་གྱུར༔ འཕྲོ་འདུས་དོན་གཉིས་བྱས་ཤིང་ཁྱད་པར་དུ༔ བརྟན་གཡོ་ལྷ་མོའི་རྣམ་པར་ཧྲཱིཿལ་ཐིམ༔ ཡོངས་སུ་གྱུར་པའི་རིག་བྱེད་ལྷ་མོ་ནི༔ བཅུ་དྲུག་དར་བབ་དམར་ལ་སྣུམ་པའི་སྐུ༔ ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་ཆགས་པའི་ཉམས༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་རྩེ་ཕྲན་སྤྲས༔ ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤ་ལ༔ དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས༔
འོག་མ་གཉིས་ཀྱིས་ཨུཏ་དམར་ལྕགས་ཞགས་འཛིན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བམ་རོ་བརྫིས༔ སྟག་ལྤགས་ཤམ་ཐབས་མགོ་རློན་དོ་ཤལ་དང་༔ དར་དང་རཏྣ་རུས་པའི་རྒྱན་གྱིས་བརྒྱན༔ སྐུ་ལས་འགུགས་བྱེད་འོད་དམར་ཟེར་ཞགས་འཕྲོ༔ གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་རྣམ་རོལ་ནི༔ ཕྲིན་ལས་མྱུར་མཛད་རྗེ་བཙུན་སྒྲོལ་མ་ཡུམ༔ ཐམས་ཅད་འགུགས་པར་ནུས་མ་གཤེགས་སུ་གསོལ༔ དབང་ལྷ་སྤྱན་དྲངས་རིགས་བདག་དབུར་བརྒྱན་གྱུར༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ འཇིག་རྟེན་གསུམ་ལ་དབང་མཛད་ཁྱོད་ཕྱག་འཚལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཆེན་པོ༔ དབང་མཛད་མཁའ་འགྲོ་ཀུ་རུ་ཀུལླེ་མཆོད༔ དགྱེས་པར་བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ སྐྱེ་མེད་རྣམ་དག་ཆོས་སྐུ་ཡུམ་ཆེན་ནི༔ གདུལ་བྱའི་དོན་དུ་རིག་བྱེད་ལྷ་མོར་བཞེངས༔ ཐབས་ཤེས་དབྱེར་
མེད་པདྨ་གར་གྱི་ཡུམ༔ འདོད་དགུའི་དངོས་གྲུབ་སྡུད་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཨུཏྤལ་ཧྲཱིཿདམར་སྔགས་ཕྲེང་བསྐོར༔ འོད་དམར་ཟེར་གྱིས་འཁོར་འདས་ཐམས་ཅད་བསྡུས༔ བདག་ལ་ཐིམ་པས་བདག་གི་དབང་དུ་གྱུར༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཐུན་མཐར་མཆོད་བསྟོད་དབང་བཞི་བླངས༔ ལྷ་སྔགས་ཏིང་འཛིན་ཆོ་གའི་ཡན་ལག་ཀུན༔ ཉམས་ཆག་ཉེས་པས་གོས་པ་མཐོལ་ལོ་བཤགས༔ ཡེ་ཤེས་སེམས་དཔའ་འོག་མིན་གནས་སུ་གཤེགས༔ དམ་ཚིག་ལྷ་སྐུ་རིམ་བསྡུས་མི་དམིགས་ངང་༔ དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག༔ དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་རིག་བྱེད་ལྷ་མོའི་རྒྱུན་གྱི་རྣལ་འབྱོར་འཁྱེར་བདེ་བ་འདི་ཡང་དགེ་རྩེའི་བླ་མ་རིག་འཛིན་རྒྱ་མཚོའི་གསུང་གིས་བསྐུལ་ངོར་དཔའ་བོ་ལས་རབ་རྩལ་གྱིས་བརྗོད་པ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔ དགེའོ༔ སརྦ་མངྒ་ལཾ༔
རིག་བྱེད་མའི་རྟེན་འབྲེལ་ཚེ་སྒྲུབ།
࿅༔ རིག་བྱེད་མའི་རྟེན་འབྲེལ་ཚེ་སྒྲུབ་བཞུགས་སོ༔ ཧྲཱིཿ སོར་རྟོག་ཡེ་ཤེས་ཌཱཀྐི་མ༔ ཀུ་རུ་ཀུལླེའི་ལྷ་སྔགས་ཀྱི༔ འོད་ཟེར་ཚ་ལ་མྱུར་བ་ཡིས༔ སྣོད་བཅུད་འཁོར་འདས་ཚེ་དཔལ་དང་༔ རང་གི་བླ་ཚེ་ཆད་ཉམས་རྣམས༔ འོད་མདངས་ཟེར་ཞགས་རྣམ་པར་བསྡུས༔ བདག་གི་ལུས་ངག་ཡིད་ལ་ཐིམ༔ ཚེ་བཅུད་བཀྲག་མདངས་བྱིན་རླབས་ཀུན༔ ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག༔ ༀ་ཀུ་རུ་ཀུལླེ་ཧྲཱིཿ ཚེ་བྷྲཱུྃ་ཧྲཱིཿསྭཱ་ཧཱ༔ ༀ་བྷྲཱུྃ་སྭཱ་ཧཱ༔ ཞེས་བཟླའོ༔ ཀུ་རུ་ཀུལླེའི་ཚེ་སྒྲུབ་བླ་ཆེན་ནམ་མཁའ་ལ་བཞེད་པ་འདུག་པའི་རྟེན་འབྲེལ་དུ་རིག་ནས་ལས་རབ་རྩལ་གྱིས་ཕུལ་བ་དགེའོ༔
འདོད་གསོལ།
༈ ཧྲཱི། རྗེ་བཙུན་འཕགས་མ་སྒྲོལ་མ་ཐུགས་རྗེ་ཅན། །ཀུ་རུ་ཀུལླེ་བསྙེན་བསྒྲུབས་མཆོད་བསྟོད་མཐུས། །བདག་ཅག་དཔོན་སློབ་ཚེ་དཔལ་མངའ་ཐང་རྒྱས། །འགྲོ་ཀུན་དབང་སྡུད་བསམ་དོན་ཀུན་འགྲུབ་མཛོད། །བཤད་སྒྲུབ་ཆོས་ཀྱི་བསྟན་པ་རྒྱས་པ་དང་། །ཆེ་བཙན་ཡོན་ཏན་ལྡན་པ་ཀུན་འགྲུབ་ཅིང་། །ལོངས་སྤྱོད་འདོད་དགུའི་འབྱོར་པ་རབ་འཕེལ་ནས། །དགེ་མཚན་སྙན་པའི་གྲགས་པས་ཡོངས་ཁྱབ་མཛོད། །ཅེས་པའི་འདོད་གསོལ་འདི་ནི་ལས་རབ་རྩལ་གྱིས་སྦྱར་བའོ། །
རིག་བྱེད་མའི་དབང་གི་ལོ་རྒྱུས།
༄༅། །དེ་ལ་འདིར་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་སྐྱེད་པའི་ཡུམ་མཆོག་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཀུན་ཏུ་བཟང་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད། ལོངས་སྤྱོད་ཡོངས་སུ་རྫོགས་པ་དང་ཅིར་ཡང་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་མཁའ་དང་མཉམ་པའི་འགྲོ་བ་མ་བསྒྲལ་བ་མཐའ་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་མཛད་པའི་སྐུའི་རྣམ་འགྱུར་དང་མཚན་གྱི་བྱེ་བྲག་ཁམས་དབང་མོས་པའི་ཁྱད་པར་དང་མཚུངས་པར་བསྟན་པ་ལས། དབང་མཛད་པདྨའི་རིགས་ཀྱི་མཁའ་འགྲོ་མའི་ཚུལ་དུ་སྣང་བ་འདི་ལའང་གསར་རྙིང་གི་རྒྱུད་སྡེ་སོ་སོའི་དགོངས་དོན་གྲུབ་པའི་སློབ་དཔོན་རྣམས་ཀྱི་མན་ངག་གིས་བཀྲལ་བ་ཕྱི་ལྷ་མང་དུ་བསྒྲུབ་པ། ནང་ལྷ་དགུར་བསྒྲུབ་པ། གསང་བ་ལྷ་ལྔར་བསྒྲུབ་པ། ཡང་གསང་དཔའ་མོ་གཅིག་པ་དང་ཁྲོ་མོར་བསྒྲུབ་པ། དེ་ཁོ་ན་ཉིད་བདེ་བ་ཆེན་པོར་བསྒྲུབ་པའི་སྒྲུབ་ཐབས་མི་འདྲ་བ་མང་ཞིང་འཕགས་བོད་གཉིས་སུའང་བཀའ་སྲོལ་ཅི་རིགས་བྱོན་པ་ལས། འདིར་སྐབས་སུ་བབས་པ་ནི། ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་༧
རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་ཉིད་ཀྱི་ཉམས་སྣང་ལ་དམ་ཅན་པུ་ཏྲས་ཡིག་ལྡེབ་རིང་ཞིང་ཅུང་ཟད་རྙིང་པའི་པུ་ཏི་ཞིག་གཏད་ནས། ཁྱོད་ས་སྐྱ་པ་བསོད་ནམས་རྒྱལ་མཚན་དུ་གྱུར་པའི་དུས་ལྷག་པའི་ལྷ་འདིས་རྗེས་སུ་བཟུང་བ་ཡིན་ཟེར་བའི་ཡི་གེར་བལྟས་པ་རིག་བྱེད་མའི་ཆོས་སྐོར་ཡིན་ཞིང་། ཁྱད་པར་རྙིང་མའི་ཡུམ་ཀའི་རྒྱུད་དང་། བ་རིའི་མན་ངག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལན་འགར་ཐོབ་པའི་རྐྱེན་གྱིས་ཀ་དག་རིག་པའི་རྩལ་ལས་རྩོལ་མེད་དུ་ཤར་བའི་དབང་ཆེན་ཀུ་རུ་ཀུ་ལླེའི་གསང་སྒྲུབ་མཁའ་འགྲོའི་སྲོག་ཐིག་འདི་ཉིད་ནི། གཞུང་ལས། རྗེ་བཙུན་སྒྲོལ་མ་ཀུ་རུ་ཀུ་ལླེ་ཡི༔ གསང་སྒྲུབ་དབང་སྡུད་མང་ཟབ་མྱུར་མགྱོགས་ཅན༔ བཀྲ་ཤིས་མཐའ་བཙན་བར་ཆད་ཀུན་ཀྱང་སེལ༔ གནས་སྐབས་མཆོག་ཐུན་དངོས་གྲུབ་ཐོགས་མེད་འབྱུང་༔ མཐར་ཐུག་བདེ་ཆེན་དག་པའི་ཞིང་དུ་འགྲོ༔ ཞེས་གསུངས་པ་ལ་སོགས་པའི་ཡོན་ཏན་དཔག་མེད་ལྡན་པའི་གདམས་སྐོར་གྱི་སྨིན་བྱེད་ཟབ་མོ་བགྱི་བ་ལ་ཞེས་སོགས་ཀྱིས་མཚམས་སྦྱར།
གསང་བ་འཕྲུལ་ཡིག་ལས་དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་དབང་གི་རིམ་པ་དངོས་གྲུབ་ཆར་འབེབས།
࿅༔ གསང་བ་འཕྲུལ་ཡིག་ལས༔ དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་དབང་གི་རིམ་པ་དངོས་གྲུབ་ཆར་འབེབས་བཞུགས༔
ཡེ་ཤེས་མཁའ་འགྲོ་ཚོགས་ལ་གུས་པས་འདུད༔ ལས་ཅན་སློབ་མ་སྨིན་བྱེད་རིམ་པ་ནི༔ དཀྱིལ་འཁོར་དབང་རྫས་ཡོ་བྱད་ཚུལ་མཐུན་བསགས༔ གཞུང་བསྲངས་བཟླས་པ་ནན་བསྐྱེད་ཚོགས་མཆོད་འབུལ༔ ལས་ཀྱི་བུམ་པར་བདུད་རྩི་འཁྱིལ་པ་བསྐྱེད༔ བཞུ་བཏུལ་བྱ་ཞིང་སློབ་མ་ཁྲུས་ནས་དབྱུང་༔ ས་མ་ཡཱ༔ དེ་ཡང་བསྟན་ལ་ཕན་ངེས་བུ་གསུམ་ལས༔ མང་བར་མི་བྱ་དད་བརྩོན་དམ་ཚིག་གཅེས༔ གཅེས་ཕངས་ཡོན་བཅས་གསོལ་བ་འདི་ལྟར་གདབ༔ ཧོཿ མཆོག་ཏུ་ངོ་མཚར་བདེ་ཆེན་དབང་གི་དཔལ༔ ཁྱབ་བདག་སྟོན་པ་རྡོ་རྗེ་འཛིན་ཆེན་པོ༔ གར་གྱི་དབང་ཕྱུག་བདག་ལ་དགོངས་སུ་གསོལ༔ རིག་བྱེད་མཁའ་འགྲོའི་བྱིན་རླབས་གནང་བར་ཞུ༔
བགེགས་བསྐྲད་སྲུང་འཁོར་བསྒོམ༔ ལོ་རྒྱུས་བརྗོད་ཅིང་སློབ་མས་མཎྜལ་འབུལ༔ གསོལ་བ་འདེབས་པ་ནི༔ ཨེ་མ་རིག་འཛིན་རྒྱ་མཚོ་ཡི༔ ཐབས་མཆོག་དབང་གི་སྒོ་ཕྱེས་ནས༔ བློ་ཆེན་བརྟུལ་ཞུགས་ལྡན་པ་བདག༔ སྒོ་གསུམ་སྨིན་པའི་བཀའ་དྲིན་ཞུ༔ གསུམ༔ ལན་དུ༔ ཀྱེ་ཧོ་སྲིད་པའི་འཇིགས་པ་དང་༔ ཉེས་པ་མ་ལུས་མཐར་བྱེད་ཅིང་༔ བྱང་ཆུབ་རིགས་སུ་ངེས་བྱེད་པའི༔ ཚུལ་འདི་ཁྱོད་ལ་ཡང་དག་སྦྱིན༔ ཞེས་གནང་བ་སྦྱིན༔ སྐྱབས་སེམས་དང་ཡན་ལག་བདུན་པ་འབོགས༔ དམ་ཚིག་གི་ཆུ་སྦྱིན༔ ཧཱུྃ༔ གསང་བའི་དམ་ཚིག་མ་ཉམས་ཚུལ་བཞིན་སྲུངས ༔ ཚེ་འདི་ཉིད་ལ་གྲུབ་པའི་རིག་
འཛིན་འཐོབ༔ ཉམས་ན་སྒོ་གསུམ་བརླགས་ཤིང་དམྱལ་བར་ལྟུང་༔ དེ་ཕྱིར་སྙིང་ནས་དམ་སྲུངས་བྲོ་བོར་ཅིག༔ བཛྲ་ས་ཡ་མ་ཧཱུྃ༔ ཨི་དན་ཏེ་ན་ར་སྐན༔ ཞེས་བརྗོད་མནའ་ཆུ་ལན་གསུམ་འཐུང་ཞིང་ལྷག་མ་རྒྱབ་ཏུ་བོར༔ ཡེ་ཤེས་བསྐྱེད་བསྟིམ་ནན་གྱིས་བྱ༔ ཏིཥྠ་བཛྲ་གྱིས་བརྟན་པར་བྱའོ༔ བུམ་པ་ཐོགས་ལ༔ ཧྲཱིཿ དབང་ཆེན་ཕོ་བྲང་བུམ་པའི་གཞལ་ཡས་ན༔ རྒྱལ་བའི་ཡུམ་མཆོག་ཀུ་རུ་ཀུལླེ་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ སྣང་སྟོང་ཟུང་འཇུག་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུས་ཁྲུས་བྱ་ངག་ཏུ་འཐུང་༔ བྷནྡྷ་ཐོགས་ལ༔ ཧྲཱིཿ བུ་ཁྱོད་རང་ལུས་ལྷ་མོའི་རང་བཞིན་གྱི༔ རྩ་ཁམས་ཡིག་འབྲུ་སྔགས་ཀྱི་ངོ་བོ་རུ༔ སྨིན་བྱེད་བྱང་སེམས་བདུད་རྩིའི་དབང་བསྐུར་རོ༔ གྲག་སྟོང་རྡོ་རྗེ་ནུས་པའི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཝཱཀྐ་ཨ་བྷི་ཥིཉྩ་སོགས་ལ༔ བདུད་རྩི་བླུད༔ མེ་ལོང་ཆོས་འབྱུང་སྙིང་གར་བཞག༔ ཧྲཱིཿ བུ་ཁྱོད་རྟ་མགྲིན་ངོ་བོར་གསལ་བ་ལ༔ མེ་ལོང་དཀྱིལ་འཁོར་ཀུལླེ་ཡུམ་དུ་གསལ༔ མཉམ་སྦྱོར་དགའ་བཞིའི་དབབ་ལྡོག་དབང་བསྐུར་རོ༔ བདེ་སྟོང་ཟུང་འཇུག་ཕོ་ཉའི་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་སོགས་ལ་སིན་དྷུ་ར་མཐའ་
ནས་བསྡུས་ལ་སྲིན་ལག་གིས་བླངས་སྙིང་གར་ཐིག་ལེ་བྱ༔ དེ་ནས་སློབ་མ་ཆོས་བདུན་གྱི་འཁྲུལ་འཁོར་བཅས་མིག་བར་སྣང་ལ་གཏད་སེམས་བཟོ་མེད་རང་ལུགས་སུ་བཞག༔ ཧྲཱིཿ གདོད་ནས་ཡེ་ཤེས་དགོངས་པ་འཕོ་འགྱུར་མེད༔ བཏང་བཞག་འགྲོ་འོང་ངོས་འཛིན་མཐའ་ཀུན་བྲལ༔ བསྒོམ་མེད་ཡེངས་མེད་ལྷུག་པའི་དབང་བསྐུར་རོ༔ གསལ་སྟོང་བརྗོད་མེད་མཆོག་གི་དབང་ཐོབ་ཤོག༔ སརྦ་དྷརྨཱ་དྷརྟུ་ཨ་ཨཱཿ སློབ་དཔོན་ཐུགས་ཡིད་བསྲེ་ཞིང་དགོངས་པ་སྐྱོང་༔ ཙན་དན་ཕྲེང་བ་སྤྱི་བོར་བཞག་ཅིང་ལག་ཏུ་གཏད་ལ༔ ཧྲཱིཿ སློབ་དཔོན་ཞལ་ནས་སྔགས་ཕྲེང་དམར་པོ་ཐོན༔ སློབ་མའི་ཁར་ཞུགས་སྙིང་དབུས་ཉི་སྟེང་འཁོད༔ སྲོག་མཐར་གཡོན་འཁོར་སྲིད་གསུམ་གཡོ་འགུལ་ལྡེག༔ བྱིན་རླབས་བཟླས་པ་ལུང་གི་དབང་ཐོབ་ཤོག༔ རྩ་སྔགས་བཟླས་ལུང་སྦྱིན། རྟེན་འབྲེལ་སྙིང་པོ་མེ་ཏོག་དང་བཅས་པ་ལན་གསུམ་གྱིས་བརྟན་པར་བྱ༔ མདའ་གཞུ་གཏད་ལ༔ ཧྲཱིཿ ཐབས་མཆོག་ཨུཏྤལ་དམར་པོའི་གཞུ་མོ་ལ༔ ཤེས་རབ་ཨུཏྤལ་དམར་པོའི་མདའ་བཀང་ནས༔ མདེའུ་ཨུཏྤལ་འབུས་ལ་ཁད་པ་ཡིས༔ ཁམས་གསུམ་སྙིང་ལ་འབིགས་པའི་དབང་བསྐུར་རོ༔ རྩ་སྔགས༔ སརྦ་པཱ་ཤང་ཨ་བྷི་ཥིཉྩ་ཧཱུྃ༔ ལྕགས་ཞགས་གཏད་ལ༔ ཧྲཱིཿ སྙིང་
རྗེའི་ལྕགས་ཀྱུས་བརྟན་གཡོ་གནས་ནས་འགུགས༔ བྱམས་པའི་ཞགས་པས་འགྱུར་བ་མེད་པར་འཆིང་༔ རིག་བྱེད་ལྷ་མོའི་ཕྱག་མཚན་ཁྱོད་ལ་སྦྱིན༔ རབ་འབྱམས་དབང་གི་ཕྲིན་ལས་མཐར་ཕྱིན་ཤོག༔ རྩ་སྔགས༔ ཀརྨ་ཨ་བྷི་སོགས༔ དེ་ནས་གཏོར་མ་སྤྱི་བོར་བཞག་ལ༔ ཧྲཱིཿ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིགས་ཀྱི་བདག་པོ་རྒྱལ་བ་འོད་དཔག་མེད༔ སྐལ་ལྡན་བུ་ལ་དབང་བསྐུར་བྱིན་གྱིས་རློབས༔ རྩ་བརྒྱུད་བླ་མ་རྣམས་ཀྱི་དབང་ཐོབ་ཤོག༔ མ་ཆགས་པདྨ་དབང་གི་གཞལ་ཡས་ནས༔ ཡོངས་ལ་དབང་སྒྱུར་པདྨ་ཧེ་རུ་ཀས༔ སྐལ་ལྡན་བུ་ལ་དབང་སྐུར་བྱིན་གྱིས་རློབས༔ ཡི་དམ་རྒྱལ་བ་རྒྱ་མཚོའི་དབང་ཐོབ་ཤོག༔ འཕགས་ཡུལ་ཀུ་རུ་ཀུལླེའི་དབང་ཕུག་ནས༔ བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཡིས༔ སྐལ་ལྡན་བུ་ལ་དབང་བ སྐུར་བྱིན་གྱིས་བརླབས༔ ཡེ་ཤེས་མཁའ་འགྲོ་འབུམ་གྱི་དབང་ཐོབ་ཤོག༔ རྩ་སྔགས༔ བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཡེ་བྲལ་ཞིང་དངོས་གྲུབ་ཕུང་པོར་བསམས༔ གཏོར་རྫས་སློབ་མར་སྦྱིན་ཞིང་གཞན་ལ་བསྡམས༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་བར་བྱ༔ དབང་གི་རྗེས་ཀྱི་བྱ་བ་སྤྱི་དང་མཚུངས༔ བཀའ་དྲིན་འཁུར་ཞིང་བསྙེན་སྒྲུབ་
དམ་བཅའ་གཟུང་༔ ས་མ་ཡཱ༔ ཨྠྀི༔ ཨེ་མ༔ དབང་འདི་ཐོབ་པས་མཆོག་ཐུན་དངོས་གྲུབ་འགྲུབ༔ སྒྲིབ་པ་འདག་ཅིང་ས་ལམ་མངོན་དུ་འགྱུར༔ བསྐྱེད་རྫོགས་བསྙེན་སྒྲུབ་ལས་གསུམ་ཀུན་ལ་དབང་༔ ཤིན་ཏུ་ཟབ་པའི་མན་ངག་དམ་པ་འདི༔ མང་དུ་སྤེལ་ན་རང་གཤེད་རང་ལ་འཁོར༔ དམུ་རྒོད་སེམས་ཅན་འདོད་ཐག་ཐུང་བ་ཡི༔ དབང་སྡུད་ནང་འགྲས་དོན་མེད་ངལ་བའི་རྒྱུ༔ དངོས་གྲུབ་བར་ཆད་ཆེ་ཞིང་བྱིན་རླབས་ཡལ༔ དེ་ཡི་ཕྱིར་ན་གསང་རྒྱ་དམ་དུ་བྱ༔ སངས་རྒྱས་བསྟན་པ་གཉན་པོའི་བཙས་སུ་ཤོག༔ ས་མ་ཡཱ༔ ཨྠྀི༔ རྒྱ༔ མངྒ་ལཾ༔
གསང་བ་འཕྲུལ་ཡིག་གི་སྐོར་ལས་དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་རང་ཉིད་ནུས་པ་ལྡན་བྱེད་བླ་རྡོ་ཙཀྲ།
࿅༔ གསང་བ་འཕྲུལ་ཡིག་གི་སྐོར་ལས༔ དབང་ཆེན་ལྷ་མོ་ཀུ་རུ་ཀུལླེའི་རང་ཉིད་ནུས་པ་ལྡན་བྱེད་བླ་རྡོ་ཙཀྲ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གུས་པས་འདུད༔ རིག་བྱེད་ལྷ་མོའི་བསྙེན་སྒྲུབ་ལས་གསུམ་ལ༔ གཅེས་པའི་མན་ངག་ཟབ་པའི་ཉིང་ཁུ་སྟེ༔ ཐོགས་མེད་འགྲུབ་བྱེད་གསང་བ་ཙཀྲའི་གནད༔ རང་ཉིད་ནུས་ལྡན་བྱེད་པའི་ཐབས་ཀྱི་མཆོག༔ འཁོར་འདས་དབང་སྡུད་ཌཱཀྐིའི་བླ་རྡོ་འདི༔ ཁོག་པའི་སྙིང་དང་འདྲའོ་དམ་དུ་འཆོངས༔ མངོན་སུམ་ཡིད་བཞིན་ནོར་བུ་དངོས་དང་མཚུངས༔ བསྟན་འཛིན་སྐྱེས་བུ་རྣམས་ལ་ཤིན་ཏུ་གཅེས༔ མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོག་ཏུ་བསྟན༔ ས་མ་ཡཱ༔ ཨྠྀི༔ བྱང་ཆུབ་སེམས་དང་ལྡན་པའི་རྣལ་འབྱོར་པས༔ ཡར་ངོའི་རྒྱལ་ཕུར་འཛོམས་པའི་སྔ་དྲོའི་ཆར༔ དར་རས་གྲོ་ག་ཤོག་བུ་གང་ཡང་རུང་༔ མཛུབ་གང་ཙམ་ལ་ཙན་དན་དམར་པོ་དང་༔ རྒྱ་སྐག་བྱུག་ལ་ཁ་དོག་དམར་པོ་བྱ༔ རང་ཉིད་ཁ་ནི་ནུབ་ཏུ་བལྟས་ནས་སུ༔ གུར་གུམ་གི་ཝང་རྒྱ་སྐག་ཞིབ་བཏགས་ལ༔ དར་དམར་ཁུག་བཏུམ་ཟངས་ཀྱི་སྣོད་ནང་དུ༔ གཙང་མའི་པད་རག་དང་ནི་སིནྡྷུ་ར༔ མ་ད་ན་སྦྱར་སྲིན་ལག་གཡོན་པས་མཉམ༔ ཁུ་བ་ཕྱུང་ལ་ཟངས་ཀྱི་སྦུ་གུས་བྲི༔ ལྟེ་བར་མཛེས་པའི་མུ་ཁྱུད་ལྡན་དབུས་ཧྲཱིཿ དེའི་མཐའ་མར་རྗེ་བཙུན་རིག་བྱེད་བརྟན་པར་བཞུགས་ནས་བདག་ཆྒཻེའི་དབང་དུ་ཁམས་གསུམ་ལྷ་ཀླུ་མི་གསུམ་ཟས་ནོར་ལོངས་སྤྱོད་ལེགས་པའི་ཚོགས་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཀུ་ཧོ༔ གཞན་ཡང་འདོད་གསོལ་རིགས་པས་སྦྱར་ཤེས་བྱ༔ དེ་ཕྱིར་མུ་ཁྱུད་རྩིབས་བརྒྱད་ལྡན་པ་ལ༔ རྩ་སྔགས་འབྲུ་བརྒྱད་ༀ་ཀུ་རུ་ཀུལླེ་
ཧྲཱིཿསྭཱ་ཧཱ༔ ཚར་རེ་ཚང་བར་བྲི༔ དེའི་ཕྱི་རོལ་མུ་ཁྱུད་མཛེས་པ་ལ༔ རྟེན་འབྲེལ་སྙིང་པོ་དབྱངས་གསལ་དག་པར་བཀོད༔ དེ་ཡི་ཕྱི་རོལ་མེ་རི་གཡས་འཁོར་བྲི༔ ཡི་གེ་མགོ་ཅན་བྲི་བསུབ་ལྷག་ཆད་སྤངས༔ དཀྱིལ་འཁོར་དབུས་སུ་མཉྫིའི་ཁྲིའུའི་ཁར༔ ཟངས་གཞོང་མེ་ཏོག་དམར་པོས་བཀང་བའི་ཁར༔ ཙཀྲ་གྱེན་དུ་ཁ་བསྟན་བཞག་པ་ཡི༔ ཐ་མར་མཆོད་པའི་ཡོ་བྱད་བཀྲམ་ནས་སུ༔ གཞུང་བསྲང་འཁོར་ལོ་ལྷར་གསལ་བསྙེན་བསྒྲུབས་ནས༔ མཆོད་བསྟོད་དབང་གི་ཕྲིན་ལས་གསོལ་བ་གདབ༔ ལྷ་མོ་འོད་ཞུ་འཁོར་ལོའི་རྣམ་པར་གྱུར༔ དེ་ལས་སངས་རྒྱས་བྱང་སེམས་རྩ་བ་གསུམ༔ འཁོར་ལོའི་རྣམ་པར་སྤྱན་དྲངས་ནན་གྱིས་བསྟིམ༔ མཐོང་ཐོས་དྲན་རེག་བརྟན་གཡོ་སྣང་སྲིད་ཀུན༔ དབང་དུ་སྡུད་པར་ནུས་པའི་འཁོར་ལོ་བསྒོམ༔ རིག་བྱེད་སྙིང་པོ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ཤམ་ཅན་དང་༔ རྟེན་འབྲེལ་སྙིང་པོ་བརྒྱ་དང་རྩ་བརྒྱད་བཟླ༔ མེ་ཏོག་དམར་པོ་གཏོར་ཞིང་རབ་ཏུ་གནས༔ མངའ་གསོལ་བརྟན་བཞུགས་བཀྲ་ཤིས་འདོད་དོན་གསོལ༔ ལྟ་བ་མ་ཉམས་ལེགས་པར་བལྟབས་ནས་སུ༔ ན་ཆུང་གཙང་མས་བཀལ་བའི་སྐུད་པ་ནི༔ སུམ་སྒྲིལ་དབང་མཆོག་སིནྡྷུའི་ཆུར་བཏོན་པས༔ བཅིངས་ཤིང་དར་དམར་གྱིས་དྲིལ་ཟངས་ཁར་བཞུགས༔ གཞན་གྱིས་མི་མཐོང་མི་ལག་མི་བརྒྱུད་པར༔ ཀུ་རུ་ཀུལླེ་དངོས་ཡིན་མོས་པ་བསྐྱེད༔ རང་གི་མཆན་ཁུང་གཡོན་དུ་འབྲལ་མེད་འཆང་༔ རང་ཉིད་ནུས་ལྡན་འཁོར་ལོའི་གདམས་པའོ༔ ས་མ་ཡཱ༔ ཨྠྀི༔ ཨེ་མ་ངོ་མཚར་མཁའ་འགྲོའི་སྙིང་ཁྲག་སྐོར༔ མཐར་ཐུག་མན་ངག་དམ་པ་ཡིད་བཞིན་ནོར༔ ཚུལ་བཞིན་བསྒྲུབས་པས་དངོས་གྲུབ་མ་ཐོབ་ན༔ རྒྱལ་བའི་བཀའ་ཡིས་སེམས་ཅན་བསླུས་པར་ཟད༔ གཞན་ལ་སྤེལ་ན་གདམས་པའི་ནུས་པ་འཆོར༔ ལྐོག་ནོར་ལྟ་བུར་འཚོ་ཤེས་གྱིས་ལ་སྤྱོད༔ བར་ཆད་འཕྲང་ཞི་འདོད་དོན་མ་འགྲུབ་པར༔ འདི་ལ་འབུངས་པ་སྙིང་གི་ཁ་བྱང་ཡིན༔ ས་མ་ཡཱ༔ ཨྠྀི༔ མངྒ་ལཾ༔
གསང་བ་འཕྲུལ་ཡིག་གི་བསྐོར་ལས་དབང་ཆེན་ཀུ་རུ་ཀུལླེའི་སྙིང་བྱང་གསང་བའི་གབ་ཡིག་བཀའ་རྒྱ་ཅན།
࿅༔ གསང་བ་འཕྲུལ་ཡིག་གི་བསྐོར་ལས་༔ དབང་ཆེན་ཀུ་རུ་ཀུལླེའི་སྙིང་བྱང་གསང་བའི་གབ་ཡིག་བཀའ་རྒྱ་ཅན་བཞུགས༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ སྣང་སྲིད་དབང་སྡུད་ཆེན་མོ་ནི༔ བྲི་གཞི་བྲི་གདན་གཞུང་ལྟར་ལ༔ མུ་ཁྱུད་རིམ་པས་བསྐོར་ནས་ཀྱང་༔ དབུས་སུ་ཧྲཱིཿཐ་མར་ཀུ་རུ་ཀུལླེ་ཧྲཱིཿལྷ་གསུམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དམིགས་པའི་ཡུལ་དུ་གྱུར་པ་ཐམས་ཅད་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་རྩ་སྔགས་འབྲུ་བརྒྱད་ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཚར་རེ་འགོད༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཡེ་དྷརྨ་འགོད༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་དམིགས་བསལ་གྱི་ཕོ་ཡོད་ན་དེའི་མིང་ཡིག་ཐོགས་ལ་ཀུ་རུ་ཀུལླེའི་སྒྲོམ་དུ་བཅུག༔ མེད་ན་སྐྱེ་འགྲོ་ཕོ་རྒྱུད་ཅེས་པ་སྒྲོམ་དུ་བཅུག༔ དེའི་ཕྱི་རིམ་མུ་ཁྱུད་ལ་ༀ་གྱིས་བར་མཚམས་མེད་པར་བསྐོར༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་དམིགས་བསལ་མོ་རྒྱུད་ཡོད་ན་དེའི་མིང་ཡིག་ཐོགས་ལ་ཀུ་རུ་ཀུལླེའི་སྒྲོམ་དུ་བཅུག༔ དམིགས་བསལ་མེད་ན་སྲིད་པ་མོ་རྒྱུད་ཅེས་པ་སྒྲོམ་དུ་བཅུག༔ དེའི་ཕྱི་རིམ་མུ་ཁྱུད་ལ་ༀ་གྱིས་བར་མཚམས་མེད་པར་བསྐོར༔ དེའི་ཕྱི་རིམ་མུཁྱུད་ལ༔ ༀ་བྷུདྡྷ་ཀུ་རུ་ཀུལླེ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་པཱ་ཤཾ་ཀུ་རུ་ༀ་སྭཱ་ཧཱ༔ ༀ་བཛྲ་ཀུ་རུ་ཀུལླེ་ལྷ་འདྲེ་མི་
གསུམ་ཟས་ནོར་ལོངས་སྤྱོད་པཱ་ཤཾ་ཀུ་རུ་ཧཱུྃ་སྭཱ་ཧཱ༔ ༀ་རཏྣ་ཀུ་རུ་ཀུལླེ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་པཱ་ཤཾ་ཀུ་རུ་ཏྲཱཾ་སྭཱ་ཧཱ༔ ༀ་པདྨ་ཀུ་རུ་ཀུལླེ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་པཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ༀ་ཀརྨ་ཀུ་རུ་ཀུལླེ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་པཱ་ཤཾ་ཀུ་རུ་ཨཱཿསྭཱ་ཧཱ༔ ཞེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་ༀ་ཀུ་རུ་ཀུལླེ་ཧྲཱིཿ ཧ་རི་ནི་ས་སྭཱ་ཧཱ༔ ལོ་ཀ་སརྦ་པཱ་ཤང་ཀུ་རུ་ཧོ༔ ཞེས་པས་འཁོར་བར་བསྐོར་དེའི་ཕྱི་རིམ་མུ་ཁྱུད་ལ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿལྷ་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿཀླུ་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿམི་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿཡུལ་ལྷ་གཞི་བདག་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿའདྲེ་དང་མི་མ་ཡིན་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྡང་ཞིང་གདུག་སེམས་ལྡན་པའི་དགྲ་མཐུ་བོ་ཆེ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ ༀ་ཀུ་རུ་ཀུལླེ་ཧྲཱིཿལྷ་ཀླུ་མིའི་བདེ་སྐྱིད་ཕྱྭ་གཡང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ༀ་ཀུ་རུ་ཀུལླེ་ཧྲཱི༔ཧ་རི་ནི་ས་འགུལ་འགུལ་མ་མ་ཧྲིཾ་ཧྲིཾ་མ་མ་ཁ་ཤི་མི་སྙིང་སྒུལ་སྒུལ་མི་འགྲམ་ཆོག་ཆོག༔ མི་སེམས་དཀྲུགས་དཀྲུགས༔ ཧྲིང་
ཧྲིང་༔ མ་མ་ཁ་ཤི་བམ་སྭཱ་ཧཱ༔ ནྲི་ཨ་ཀ་ཡ་ཧྲིང་ཧྲིང་༔ ཛཿཛཿ འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་བཀྲ་ཤིས་ཕུན་ཚོགས་པ་ཐམས་ཅད་མྱུར་དུ་བདག་ལ་ཁུག་ཛ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལིས་བསྐོར༔ དེའི་ཕྱི་རིམ་དུ་འོད་ཟེར་གྱི་ལྕགས་ཀྱུ་དམར་པོས་འཁོར་བར་བསྐོར༔ སྤྱིར་གྱི་རྫས་དང་བྲི་ཐབས་སོགས་རང་ཉིད་ནུས་ལྡན་བྱེད་པའི་ཙཀྲ་ཇི་བཞིན་ལ༔ ཁྱད་པར་གྱི་བྲི་གཞི་དབང་ལྡན་རྒྱལ་བཙུན་ལག་ནས་བྱུང་བའི་དར་རམ་ཤོག་བུ་དམར་པོ༔ རང་གི་སྲིན་ལག་གཡོན་པའི་ཁྲག་བྲི་རྫས་ལ་བསྲེ༔ རབ་གནས་སོགས་གཞུང་དང་འདྲ༔ དེའི་ཉིན་རང་གི་བྲན་མོ་སོགས་ངེས་པར་མཉེས་པར་བྱ་བ་ནི་རྟེན་འབྲེལ་ལོ༔ འདི་ནི་སུ་ཡི་ལུས་ལ་འཆང་བ་ལ༔ འདོད་དོན་ཀུན་འགྲུབ་ཡིད་བཞིན་ནོར་བུ་འདྲ༔ མཛེ་ཡུགས་དམ་ཉམས་གྲིབ་ཅན་དག་ལ་འཛེམ༔ དབང་སྡུད་གསང་བའི་ཡང་ཁོལ་དམ་པའོ༔ ས་མ་ཡཱ༔ ཁྱད་པར་རྫས་ཀྱི་གབ་ཡིག་བསྟན་པ་ནི༔ བུད་མེད་མ་གོས་སྐྱེས་པ་གཙང་མ་ཡི༔ བྱང་སེམས་ཏི་ལ་དཀར་པོ་སྐྱོན་མེད་དང་༔ སྐྱེས་པས་མ་གོས་བུ་མོ་གཙང་མ་ཡི༔ ཐོག་མར་བབ་པའི་པདྨ་རཀྟ་དང་༔ མི་ཡི་ཁ་ནས་བྱུང་བའི་སྲིན་བུ་དང་༔ རང་བྱུང་མཚལ་དང་འབྲས་སྦྱར་རིལ་བུ་དྲིལ༔ དབང་ལྡན་དར་དམར་གྱིས་དྲིལ་ཟངས་ཁར་བཅུག༔ དེ་ཉིད་ཀུ་རུ་ཀུལླེ་དངོས་སུ་བསྐྱེད༔ མཐོང་ཐོས་དྲན་རེག་འགུགས་པའི་ནུས་ལྡན་བསམས༔ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ འབུམ་ཕྲག་གསུམ་བཟླས་དེ་ནི་བསྙེན་པ་ཡིན༔ ལྷ་མོ་འོད་ཞུ་རིལ་བུ་འོད་ཕུང་འབར༔ འགྲོ་
ཀུན་ཆགས་ཤིང་མྱོས་པའི་ནུས་ལྡན་བསམས༔ ༀ་ཀུ་རུ་ཀུལླེེ་ཧྲཱིཿལོ་ཀ་སརྦ་པཱ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ༔ རང་ཉིད་ལྷ་མོའི་ང་རྒྱལ་ངང་ནས་ནི༔ འབུམ་ཕྲག་གསུམ་བཟླས་ཐུན་གྱི་མཚམས་རྣམས་སུ༔ ཕུ་ཡིས་གདབ་ཅིང་རླུང་མ་ཤོར་བར་བྱ༔ ཆང་ལ་བཏབ་ཅིང་གཞན་ལ་སྦྱིན་པར་བྱ༔ ཐོགས་པ་མེད་པར་རང་གི་དབང་དུ་འདུ༔ བཟའ་བཏུང་ལ་སྦྱར་ཁྲོམ་དང་སྟོན་མོར་འགྱེད༔ འགྲོ་ཀུན་དགའ་བའི་ཡིད་ཀྱིས་ཐོགས་མེད་འདུ༔ ཤིན་ཏུ་གསང་བའི་མན་ངག་དམ་པའོ༔ ས་མ་ཡཱ༔ བཅོ་ལྔའི་ཟླ་བ་ཤར་ནས་ནམ་ལངས་བར༔ རང་ཉིད་རིག་བྱེད་ལྷ་མོའི་ང་རྒྱལ་དང་༔ ཆགས་པའི་སེམས་དང་ལྕགས་ཀྱུའི་ཕྱག་རྒྱ་བཅས༔ འབྲུ་བརྒྱད་སྔགས་ལ་དམིགས་བྱའི་མིང་ཐེམས་བཅུག༔ མི་ཚིག་བར་མ་ཆོད་པར་བཟླས་པ་ན༔ ཚངས་པའི་བུ་མོ་དག་ཀྱང་འགུགས་ནུས་ན༔ མི་ཡུལ་འགྲོ་བ་ཕོ་མོ་སྨོས་ཅི་དགོས༔ གསང་བའི་ལས་འདི་གཞན་ལ་སྤེལ་མི་རུང་༔ ས་མ་ཡཱ༔ ཆང་དང་པདྨ་རཀྟ་ལན་ཚྭ་དང་༔ མེ་ཏོག་ཤིང་ཐོག་དམར་པོ་སྣ་ཚོགས་སྦྱར༔ བྱང་དུ་ཕྱོགས་པར་ཆས་གོས་དམར་པོ་གྱོན༔ དབང་དཀྱིལ་ཟླ་གམ་མཛོ་མོ་ཤིང་བརྩིགས་ཏེ༔ དགོང་མོའི་དུས་དུ་སྨད་འཚོང་མེ་སྦར་ནས༔ མེ་ནང་རིག་བྱེད་ལྷ་མོ་གསལ་བར་བསྐྱེད༔ གང་འདོད་སྤྱིའམ་སྒོོས་ཀྱི་མིང་སྦྱར་ནས༔ བརྒྱ་སྟོང་ཁྲི་འབུམ་དམིགས་བྱའི་ཡུལ་དང་བསྟུན༔ འབུལ་ཞིང་ཕྲིན་ལས་བཅོལ་ཞིང་གསོལ་བ་གདབ༔ མེ་ལྷ་གཤེགས་ཤིང་མི་དམིགས་ངང་དུ་བཞག༔ ཐལ་བ་དབང་ལྡན་ཁ་ཕྱོགས་ཆུ་བོར་འདེབས༔ དབང་སྡུད་འགུགས་བྱེད་རླུང་གི་ལྕགས་ཀྱུ་ཡིན༔ ཁྱད་པར་རྫས་ནི་དམིགས་བྱའི་ཟག་རྫས་དང་༔ གཟུགས་དང་མིང་བྱང་སྲེག་པ་གབ་ཡིག་ཡིན༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་དག་སྣང་སྙན་བརྒྱུད་ཀྱི་སྐོར་རྣམས་སྐྱབས་མགོན་
གསུམ་པ་མཆོག་སྤྲུལ་རིན་པོ་ཆེ་དང་དབོན་རིན་པོ་ཆེའི་མཆོག་སྤྲུལ་དང་༔ ཁྱད་པར་བླ་མ་ནམ་མཁའ་མཆོག་གྲུབ་ཀྱིས་ཡང་ཡང་བཀས་བསྐུལ་བ་དང་༔ གཞན་ཡང་མོས་ལྡན་གྱི་སློབ་འབངས་དང་སྦྱིན་བདག་རྣམས་ཀྱིས་ལན་དུ་མར་དག་སྣང་སྐོར་ཚང་བར་དགོས་ཞེས་སྦྱར་བ་ལ་བརྟེན་ནས་ཤིན་ཏུ་ཟབ་པའི་གདམས་ངག་འདི་སོགས་ཞི་རྒྱས་དབང་དྲག་གི་མན་ངག་མཐའ་ཡས་པ་ཞིག་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པས་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔ མངྒ་ལཾ༔
ཀུ་རུ་ཀུལླེའི་དབང་གི་སྦྱིན་སྲེག་ངག་འདོན།
࿅༔ ཀུ་རུ་ཀུལླེའི་དབང་གི་སྦྱིན་སྲེག་ངག་འདོན་བཞུགས་སོ༔ སྦྱིན་སྲེག་གི་ངག་འདོན་ནི༔ རྫས་རྣམས་སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་རྫས་རྣམས་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ་འབྲུ་གསུམ་མང་དུ་བརྗོད༔ སྤྲོ་ན་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ཡང་བྱ༔ སྟོང་པའི་ངང་ལས་ཐབ་ཁུང་ནི༔ དབང་གི་ཕོ་བྲང་མེ་དཔུང་འབར༔ ཨགྣེ་ཛྭ་ལ་རཾ༔ ཞེས་མེ་སྦར༔ དེ་ནས་འཇིག་རྟེན་མེ་ལྷ་བསྐྱེད་ཅིང་སྤྱན་འདྲེན་པ་ནི༔ ༀ༔ ཚུར་བྱོན་འབྱུང་བ་མེ་ཡི་ལྷ༔ སྐུ་མདོག་དམར་པོ་མདངས་ལྡན་ཞལ༔ ཆིབས་སུ་ར་སྐྱེས་ཁམ་པ་བཅིབས༔ མེ་རླུང་བ་དན་ཕྱག་ན་བསྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་པ་ཡི༔ ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་༔ སྲེག་བླུག་ཞལ་ཟས་མཆོད་པ་བཞེས༔ མེ་ལྷ་ཐབ་ཀྱི་དབུས་སུ་མེ་དཔུང་གི་ཀློང་དུ་བཞུགས་པར་གྱུར༔ ཛཿཧཱུྃ་བཾ་ཧོ༔ དེ་ནས་མེ་ལྷའི་ཞལ་དུ་སྲེག་རྫས་བདུད་རྩིའི་རང་བཞིན་ཕུལ་བས་མཉེས་ནས་དབང་གི་ལས་སྒྲུབ་པར་གྱུར་པར་བསམས་ཤིང་༔ ༀ་ཨགྣེ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་
ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་རྫས་རྣམས་ཕུལ༔ མཆོད་བསྟོད་དང་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཕྱི་ནང་གསང་མཆོད་མ་ལུས་ཀུན༔ འབར་བ་མེ་ཡི་ལྷ་ལ་འབུལ༔ དྲང་སྲོང་ཆེན་པོ་ཁྱོད་ཕྱག་འཚལ༔ དབང་གི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་མུཿས་མེ་ལྷའི་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་ཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར༔ ཡེ་ཤེས་པ་མཆོད་པ་ནི༔ ཧཱུྃ༔ དམ་ཚིག་མེ་ལྷའི་ལྟོ་བའི་ནང་༔ དབང་གི་ཕོ་བྲང་འོད་དམར་ཀློང་༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་༔ བསྐོར་བའི་དབུས་སུ་པདྨ་དམར༔ འདབ་བརྒྱད་ལྟེ་བར་ཉི་མའི་སྟེང་༔ ཧྲཱིཿདམར་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་ཧྲཱིཿལ་ཐིམ་གྱུར་ལས༔ སྒྲོལ་མ་རྗེ་བཙུན་ཀུལླེ་མ༔ སོགས་བསྟོད་པའི་བར་བྱས་ལ༔ ཀུ་རུ་ཀུལླེེའི་ལྷ་ཚོགས་ཀྱི་ཞལ་དུ་སྲེག་རྫས་བདུད་རྩིའི་རང་བཞིན་ཕུལ་བས་དགྱེས་ནས་དབང་གི་ལས་ཐོགས་མེད་དུ་སྒྲུབ་པར་གྱུར༔ ༀ་ཀུ་རུ་ཀུལླེ་ཧྲཱིཿའཁོར་འདས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་ན་ཆྒཻ་གང་འདོད་པཱ་ཤཾ་ཀུ་རུ་ཡེ་ཧོ༔ སྤྱིར་བཏང་གི་བྱང་བུ་དང་རྫས་རྣམས་བརྒྱ་སྟོང་སོགས་འབུལ༔ དེ་ནས་མཆོད་བསྟོད་བྱ༔ ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་
࿅༔ཧྲཱིཿ དངོས་གྲུབ་སྟེར་མཛད་ལྷ་ཚོགས་ལ༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ བྱུ་རུའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ དར་གྱི་ཅོད་པན་པུ་རུ་རུ༔ ཕྱག་གདུབ་ཞབས་གདུབ་སི་ལི་ལི༔ ཕྱག་ན་བྱུ་རུའི་གཞོང་པ་བསྣམས༔ དམར་མོ་འབུམ་གྱི་འཁོར་དང་བཅས༔ འདིར་གཤེགས་ཁམས་གསུམ་དབང་དུ་སྡུས༔ སྲིད་གསུམ་ཟིལ་གྱིས་གནོན་པར་གྱིས༔ དབང་གི་དངོས་གྲུབ་བསྩལ་དུ་གསོལ༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ ཧྲཱིཿཔཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད༔ ཡི་གེ་བརྒྱ་པས་ནོངས་པ་གསོལ༔ གཤེགས་གསོལ་འདོན་ནམ༔ ཡང་ན་ཀུ་རུ་ཀུལླེའི་ཡེ་ཤེས་པ་གཤེགས༔ བཛྲ་མུ༔ དམ་ཚིག་པ་རང་ལ་ཐིམ་པར་གྱུར༔ པར་བསམ༔ སླར་ཡང་འཇིག་རྟེན་མེ་ལྷ་ཐབ་ཀྱི་ཤར་ལྷོར་བཞུགས་པ༔ བཛྲ་ས་མ་ཛཿས་སྤྱན་དྲངས༔ ༀ་ཨགྣེ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་འབུལ༔ མཆོད་བསྟོད་བཟོད་གསོལ་ནི༔ ཧཱུྃ༔ ཕྱི་ནང་གསང་མཆོད་མ་ལུས་ཀུན༔ འབར་བ་མེ་ཡི་ལྷ་ལ་
འབུལ༔ དྲང་སྲོང་ཆེན་པོ་ཁྱོད་ཕྱག་འཚལ༔ ཆོ་གའི་ཉམས་ཆག་འགལ་འཁྲུལ་བཤགས༔ ཡིག་བརྒྱ་བཟླ༔ ༀ་ཨགྣེ་ཡེ་དྷེ་ཝ་གཙྪ་མུ༔ མེ་ལྷའི་ཡེ་ཤེས་པ་རང་བཞིན་གནས་སུ་གཤེགས༔ དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམ་ལ༔ བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བྱའོ༔ ལུང་ལས༔ འདི་ཡི་གཙོ་བོ་དབང་གི་སྦྱིན་སྲེག་སྟེ༔ མེ་ཏོག་དམར་པོའི་རིགས་དང་མངར་གསུམ་དང་༔ ཆང་སོགས་ཟས་སྣ་འབྲུ་རིགས་ཤིང་ཐོག་རྣམས༔ ཐམས་ཅད་བསྲེས་ལ་ཁ་དོག་དམར་པོར་བསྒྱུར༔ མར་ཁུ་ཡམ་ཤིང་གཉིས་པོ་སོང་ནས་ནི༔ རྩ་སྔགས་ཤམ་བུར་མིང་སྤེལ་ཅན་དེ་ཉིད༔ འབྲུ་སྔགས་མ་དགོས་བརྒྱ་སྟོང་ཕུལ་བའི་མཐུས༔ ཞེས་དང་༔ ཡང་འདི་ལྟར་དབང་གི་སྦྱིན་སྲེག་སྤྱི་ལྟར་བྱས་པའི་ཚེ༔ སྲེག་རྫས་གཙོ་བོ་མེ་ཏོག་དམར་པོ་ལ༔ རྩ་སྔགས་ཆྒཻ་པཱ་ཤཾ་ཀུ་རུ་ཧོ༔ སྦྱར་ལ་བརྒྱ་སྟོང་ཅི་མང་བསྲེགས་བྱས་པས༔ མྱུར་དུ་དབང་དུ་འདུ་བར་རྒྱུད་ལས་གསུངས༔ ཞེས་སོ༔ ཕྲིན་ལས་བཅོལ་བ་ནི༔ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན༔ ཀུ་རུཀུལླེ་བསྙེན་སྒྲུབ་མཆོད་པའི་མཐུས༔ རིག་པ་འཛིན་པའི་རྣལ་འབྱོར་བདག་ཅག་གི༔ དབང་གི་འཁོར་ལོ་ཆེ་བཙན་དྲེགས་ལྡན་དང་༔ འགྲོ་བ་ཕོ་མོ་ཟས་ནོར་ཀུན་འདུ་ཞིང་༔ དཔལ་དང་ལོངས་སྤྱོད་བཀྲ་ཤིས་སྙན་གྲགས་དང་༔ ཆོས་སྲིད་འཁོར་འབངས་ཡོན་ཏན་ལེགས་པའི་ཚོགས༔ གོང་ནས་གོང་འཕེལ་ནུབ་མེད་བརྟན་པར་མཛོད༔ དགེའོ༔
ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་རྗེ་བླ་མས་དངོས་སུ་གནང་བ།
࿅༔ ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་རྗེ་བླ་མས་དངོས་སུ་གནང་བ་བཞུགས༔ དཀོན་མཆོག་གསུམ་དངོས་བླ་མ་ལ་ཕྱག་འཚལ་ལོ༔ དཔལ་འབྱོར་ལོངས་སྤྱོད་བདེ་སྐྱིད་ནོར་གྱི་རྒྱུན༔ འཕེལ་ཞིང་རྒྱས་བྱེད་ལྷ་མོ་ནོར་རྒྱུན་མའི༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་འདི་ལྟར་རོ༔ ན་མོ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ སེམས་ཅན་དབུལ་ཕོངས་ཞི་བར་སེམས་བསྐྱེད་དོ༔ རིན་ཆེན་སྣ་ཚོགས་གཅལ་བཀྲམ་ཞིང་ཁམས་མཆོག༔ འདོད་ཡོན་བསམ་གྱིས་མི་ཁྱབ་འཁྲིགས་པའི་དབུས༔ པད་ཟླ་གཏེར་གྱི་བུམ་པ་བསྣོལ་བའི་སྟེང་༔ རང་སེམས་བཾ་ཡིག་གསེར་གྱི་མདངས་འདྲ་ལས༔ ནོར་རྒྱུན་སེར་མོ་ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་མཆོད་སྦྱིན་བརྐྱངས་པའི་སྟབས་ཀྱིས་ནི༔ རིན་ཆེན་སྣ་ཚོགས་ཆར་འབེབས་གཏེར་བུམ་བསྣམས༔ ཕྱག་གཡོན་འབྲས་ཀྱི་སྙེ་མ་ལོ་འབྲས་རྒྱས༔ ལང་ཚོ་གཞོན་ཞིང་ཡིད་འོང་སྒེག་པ་མོ༔ དར་གྱི་ན་བཟའ་རཏྣའི་རྒྱན་གྱིས་མཛེས༔ བླ་མ་རིན་ཆེན་འབྱུང་ལྡན་དབུ་ལ་བརྒྱན༔ མཛའ་བའི་སྐྱེ་བོ་རྣམས་ཀྱིས་ཡོངས་བསྐོར་བརྩེ༔ ཞབས་གཉིས་སེམས་མའི་སྐྱིལ་མོ་ཀྲུང་གིས་
བཞུགས༔ ཐུགས་ཀར་ཟླ་སྟེང་བཾ་ཡིག་སེར་པོ་ལས༔ འོད་འཕྲོས་གནོད་སྦྱིན་གནས་ནས་ཡེ་ཤེས་པ༔ སྤྱན་དྲངས་ཛཿཧཱུྃ་བཾ་ཧོ་དམ་ཡེ་འདྲེས༔ རང་ལས་སྤྲུལ་པའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ རང་ཉིད་གནས་གསུམ་ༀ་དཀར་ཨཱ༔དམར་དང་༔ ཧཱུྃ་མཐིང་གསལ་ལ་འཚེར་བའི་རྣམ་པར་གྱུར༔ ཐུགས་ཀར་ཟླ་སྟེང་བཾ་མཐར་སྔགས་ཕྲེང་ལས༔ གསེར་སྦྱངས་དབུར་འདྲའི་འོད་ཀྱིས་འཁོར་འདས་ཁྱབ༔ རྒྱལ་བ་ཀུན་མཆོད་བྱིན་རླབས་རང་ལ་ཐིམ༔ སེམས་ཅན་ཉམ་ཐག་སྡུག་བསྔལ་དབུལ་ཕོངས་བསལ༔ འོད་ཟེར་རང་གི་གནས་བཞིའི་ལོངས་སྤྱོད་ལ༔ ཕོག་པས་ཐམས་ཅད་ཡིད་བཞིན་ནོར་བུ་དང་༔ མཁོ་བའི་དངོས་པོ་བསམ་མི་ཁྱབ་པས་གང་༔ འོད་ཟེར་གཟི་བརྗིད་ཡོན་ཏན་གོང་འཕེལ་འགྱུར༔ ༀ་བྷཱ་སུ་དྷ་རི་རཏྣ་དྷཀྵེ་ཏྲེ་སྭཱ་ཧཱ༔ ༀ་བྷཱ་སུ་དྷ་རི་ནི་བཾ་སྭཱ་ཧཱ༔ ༀ་བྷཱ་སུ་དྷ་རི་ནི་སྭཱ་ཧཱ༔ སྔགས་ཚན་གསུམ་སོ་སོར་ནན་གྱིས་བཟླ༔ སྐབས་སུ་ནོར་རྒྱུན་མའི་མདོ་གཟུངས་སྒྲོགས༔ དཀོན་མཆོག་མཆོད་དང་དབུལ་ཕོངས་སྦྱིན་གཏོང་འབུངས༔ དགེ་བའི་ལས་ལ་དམ་བཅའ་བརྟན་པར་བྱ༔ འདི་བཞིན་སྒྲུབ་ལ་འབད་པའི་བསོད་ནམས་དང་༔ འབྱོར་པ་དངོས་སུ་འཕེལ་ཞིང་རྒྱས་པ་དང་༔ དཔལ་དང་བཀྲ་ཤིས་ཡོན་ཏན་
སྐལ་བཟང་འགྱུར༔ ཐུན་མཐར༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང་༔ ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ༔ བདག་སོགས་འགྲོ་ཀུན་དབུལ་བ་རྒྱུན་ཆད་ནས༔ ཆོས་དང་ཟང་ཟིང་དཔལ་ལ་སྤྱོད་པར་ཤོག༔ བསྐྱེད་རིམ་མི་དམིགས་རིམ་བསྡུའི་རང་ཡལ་ངང་༔ དགེ་བས་འགྲོ་ཀུན་ཚོགས་གཉིས་མྱུར་རྫོགས་ཤོག༔ རྣམ་མཁྱེན་གོ་འཕང་བདེ་བླག་འགྲུབ་པ་དང་༔ བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཟབ་པོ༔ དྲི་བཟང་ཆབ་དང་འོ་མ་ལ་སོགས་པར༔ ལྷ་མོ་བསྐྱེད་བསྟིམ་བཞུ་བཏུལ་སྔགས་ཀྱིས་བསྙེན༔ རི་ཀླུང་ཁང་ཁྱིམ་ནོར་རྫས་ལོངས་སྤྱོད་ལ༔ གཏོར་བས་བཀྲ་ཤིས་བྱིན་ཆགས་དགེ་ལེགས་འཕེལ༔ རིན་ཆེན་འབྲུ་སྨན་ཟས་སྣ་འཕན་ཕྱུག་རྫས༔ རིན་ཆེན་བུམ་པར་བསྩལ་ནས་དེ་ཡི་དབུས༔ ལྷ་མོའི་སྐུ་དང་སྙིང་པོ་ཡེ་དྷར་བཅས༔ འདོད་གསོལ་སྨོན་ལམ་གང་འདོད་རྒྱས་པར་བྲི༔ བུམ་པར་ཕོ་བྲང་རྫས་དང་ཡོ་བྱད་མཛོད༔ སྔགས་དྲུག་ཕྱག་དྲུག་དག་གིས་ནན་ཏན་བརླབས༔ སྐུ་དང་སྙིང་པོ་ནོར་རྒྱུན་བསྐྱེད་བསྟིམ་བསྙེན༔ དར་སྣས་དྲིལ་ལ་བཀྲ་ཤིས་མངའ་གསོལ་བྱ༔ ཁྱིམ་མམ་མཛོད་དམ་རྒྱབ་རི་ཕྱུགས་ལྷས་སུ༔ སྦས་པས་མི་ནོར་ཚེ་བསོད་དཔལ་འཕེལ་འགྱུར༔ གཟའ་སྐར་ཉི་ཁྱིམ་དགེ་བ་དག་དང་བསྟུན༔ ཟབ་པོ༔ རིན་ཆེན་སྣག་ཚས་གཟུངས་རྣམས་དབུ་ཅན་བྲི༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་འདོད་གསོལ་གཅེས༔ ཕྱུག་འཕན་ཟས་གཡང་བུམ་རྫས་ཉེར་ལྔ་བྱུག༔ རབ་གནས་བསྙེན་དང་
མཆོད་བསྟོད་ཕྲིན་ལས་བཅོལ༔ གཟའ་སྐར་དགེ་བར་རླུང་ལ་ཆོས་འཁོར་བྱ༔ ཚེ་དཔལ་ཟས་ནོར་ལོངས་སྤྱོད་རྒྱས་པར་འགྱུར༔ ཟབ་པོ༔ བདག་གི་འདྲེན་པ་ཉི་གྲགས་སྤྲུལ་པའི་སྐུ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་མྱ་ངན་ལས་འདས་ནས་ལོ་བཅོ་ལྔ་པ་ཤིང་འབྲུག་ཟླ་བ་གཉིས་པའི་ཚེས་ལ་རྗེ་དེ་ཉིད་ཀྱིས་དགྱེས་པས་དངོས་སུ་གནང་བ་ལྟར་འགྲོ་ལ་ཕན་ཕྱིར་རང་བྱུང་ཙཱ་རིའི་དྲུང་དུ་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ མངྒ་ལཾ༔
ལྷ་མོ་ལོ་གྱོན་མ།
༈ ༀ། ལྷ་མོ་ཀུན་གྱི་མཆོག་གྱུར་ལོ་གྱོན་མ། །སེམས་ཅན་ནད་གདོན་མ་ལུས་ཐམས་ཅད་སེལ། །འཇིགས་པ་ཀུན་ལས་རྣམ་རྒྱལ་དཔལ་ལྷ་མོ། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ༀ་པི་ཤ་ཙི་པར་རྞ་ཤ་བ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧཱ། ནད་རིམས་གདོན་བགེགས་ཐམས་ཅད་སརྦ་པ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལས་རབ་རྩལ་གྱིས་སྦྱར་བའོ། །
ཕག་གདོང་སེར་མོ།
࿅༔ ཕག་གདོང་སེར་མོ་ནི༔ ཧཱུྃ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་དུ་བྷྲུཾ་སེར་གྱུར་པ་ལས༔ རིན་ཆེན་ཁང་པ་ཤིན་ཏུ་མཛེས༔ འདོད་པའི་རྒྱལ་པོས་གང་བར་བསམ༔ དེ་ནས་ཐུགས་ཀའི་འོད་ཟེར་གྱིས༔ གཏེར་ལ་དབང་བའི་གནོད་སྦྱིན་ནི༔ བཀུག་སྟེ་ཁང་པ་དེ་ལ་བསྟིམ༔ དེ་ནས་རིན་ཆེན་ཁང་པའི་སྟེང་༔ པཾ་ལས་མྱུར་བའི་སྒྲོམ་བུའི་ནང་༔ རིན་ཆེན་སྣ་ལྔའི་ཁང་པ་གསལ༔ དེ་སྟེང་ཨ་ལས་ཟླ་བ་འོ༔ དེ་ཡི་སྟེང་དུ་ཡི་གེ་བཾ༔ གསེར་མདོག་གུར་གུམ་ལྟ་བུ་འོ༔ དེ་ལས་མྱུར་བའི་གནོད་སྦྱིན་མོ༔ གསེར་གྱི་མདོག་འདྲ་གཡས་གྲི་གུག༔ གཡོན་པས་ཐོད་ཁྲག་རབ་བསྣམས་ཤིང་༔ ཁ་ཾ་ག་ལ་རབ་ཏུ་འཁྱུད༔ ཕག་གི་གདོང་ཅན་མུ་ཏིག་ཕྲེང་༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ དེ་ཡི་མདུན་ནས་གཡས་སྐོར་དུ༔ ཕག་གདོང་དཀར་སེར་དམར་ལྗང་བཞི༔ རྒྱན་དང་ཕྱག་མཚན་གཙོ་དང་འདྲ༔ རང་གི་མདུན་དུ་གསལ་བར་བསྐྱེད༔ དེ་དག་ཐུགས་ཀའི་འོད་ཟེར་གྱིས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ༔ མདུན་གྱི་ལྷ་ལ་ཐིམ་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་
གནོད་སྦྱིན་བཀོད་གླིང་ནས༔ གནོད་སྦྱིན་ཆེན་པོ་ཕག་གདོང་ལྔ༔ བཅོམ་ལྡན་ཐུབ་པའི་བཀའ་བཞིན་དུ༔ ད་ལྟ་ཉིད་དུ་འདིར་བྱོན་ཅིག༔ ༀ་བཛྲ་ཡཀྵི་དྷ་རི་ནི་ཧཱུྃ་ཛཿ ཕག་གདོང་ལྷ་མོ་སྡེ་ལྔའི་ཚོགས༔ དགྱེས་ཤིང་བརྟན་པར་བཞུགས་ནས་སུ༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ སྨོན་ལམ་དག་པས་སངས་རྒྱས་མཇལ༔ བསོད་ནམས་སྟོབས་ཀྱིས་དཔལ་འབྱོར་ཕྱུག༔ ཐུགས་བསྐྱེད་རྒྱ་ཆེས་རྗེས་འཇུག་སྐྱོང་༔ གནོད་སྦྱིན་ཆེན་པོར་ཕྱག་འཚལ་བསྟོད༔ དེ་ནས་མདུན་གྱི་ལྷ་མོ་ཡི༔ སྙིང་ཁའི་དཀྱིལ་གྱི་འོད་ཟེར་དང་༔ ལྕགས་ཀྱུ་ཐོགས་པའི་ལྷ་མོ་ཡིས༔ རྒྱལ་བློན་འབངས་དང་ཀླུ་ལ་སོགས༔ སྙིང་གི་དཀྱིལ་ནས་བཀུག་གྱུར་ཏེ༔ སྣང་སེམས་འགུལ་འགུལ་བྱེད་པར་གྱུར༔ བདག་ལ་ཤིན་ཏུ་འདུད་པར་བསྒོམ༔ ས་འོག་གཏེར་དང་འཁྲུལ་འཁོར་རྣམས༔ བར་ཆད་མེད་པར་སྟེར་བར་གྱུར༔ ༀ་ཨཱཿཧཱུྃ༔ བཛྲ་ཡཀྵི་དྷ་རི་ནི་ཧཱུྃ་ཛཿ རཏྣ་སིདྡྷི་སྭཱ་ཧཱ༔ རཾ་ཡཾ་ཁཾ༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ ཁཾ་ལས་བདུད་རྩིའི་རྒྱ་མཚོར་གྱུར༔ ༀ་ཨཱཿཧཱུྃ༔
གསུམ༔ ཤིན་ཏུ་མདངས་ལྡན་ཁ་དོག་གསལ༔ གནོད་སྦྱིན་མོ་ཡིས་གསོལ་བར་གྱུར༔ ༀ་ཨཱཿཧཱུྃ་བཛྲ་ཡཀྵ་དྷ་ར་ནི་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གསུམ་མམ་བདུན་བརྗོད༔ གཏོར་མས་མཉེས་ནས་འདོད་པའི་དོན༔ ཆར་རྒྱུན་ལྟ་བུར་སྟེར་བར་གྱུར༔ ཧཱུྃ༔ གནོད་སྦྱིན་ཆེན་པོ་ཕག་གདོང་མ༔ གསེར་གྱི་མདོག་འདྲ་གུར་གུམ་མདངས༔ དྲན་པས་དཔལ་སྟེར་དངོས་གྲུབ་སྦྱིན༔ གཙོ་དང་འཁོར་དུ་བཅས་པ་རྣམས༔ གནས་འདིར་བརྒྱན་པའི་གཏོར་མ་བཞེས༔ ཐུབ་པས་ཇི་ལྟར་བཀའ་བསྒོས་དང་༔ ཁྱེད་རྣམས་ཁས་བླངས་དམ་བཅས་པའི༔ ཐ་ཚིག་དེ་རིང་བདག་གིས་བསྐུལ༔ ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ཟས་ནོར་ཆོས་གསུམ་ཆར་ལྟར་ཕོབ༔ ལོངས་སྤྱོད་འདོད་ཡོན་དངོས་གྲུབ་སྩོལ༔ བདེ་སྐྱིད་དཔལ་འབྱོར་ཕྱྭ་གཡང་ཁུག༔ དུས་ལ་བབ་པོ་ས་མ་ཡཱ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དགེའོ༔ ལས་རབ་རྩལ་གྱིས་སོ༔
བདུད་འདུལ་མཁའ་འགྲོའི་རྒྱུན་ཁྱེར་འཇིགས་མེད་གོ་ཆ།
࿅༔ བདུད་འདུལ་མཁའ་འགྲོའི་རྒྱུན་ཁྱེར་འཇིགས་མེད་གོ་ཆ་བཞུགས།
བླ་མ་དང་གཉིས་སུ་མེད་པ་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ཡང་རྒྱུན་ཁྱེར་གྱི་རྣལ་འབྱོར་ཁྱེར་བདེ་ཇི་ལྟར་ཉམས་སུ་བླང་བ་ནི། ༀ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་སིང་ཧ་མུ་ཁ་ལ་གསོལ་བ་འདེབས། །གུ་རུ་སེང་གེ་སྒྲ་སྒྲོགས་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །རིག་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། །ཆོས་བདག་བློ་གྲོས་
རྒྱ་མཚོ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་ལ་གསོལ་བ་འདེབས། །འབུམ་ཕྲག་དཔའ་བོ་མཁའ་འགྲོ་ལ་གསོལ་བ་འདེབས། །བཀའ་གཏེར་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས། །ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ། ཧཱུྃ། སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྟོང་ཉིད་སྙིང་རྗེའི་རང་མདངས་ལས། །རང་རིག་གྲི་གུག་ཧཱུྃ་གིས་མཚན། །དེ་ལས་འབྱུང་ལྔ་ཡུམ་ལྔའི་ཀློང་། །ཀེང་རུས་རི་རབ་བསྐལ་མེ་
འབར། །དེ་སྟེང་དྲག་པོའི་ཕོ་བྲང་དབུས། །ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །རིག་པ་ཧཱུྃ་གི་འཕྲོ་འདུ་ལས། །རང་ཉིད་བདུད་འདུལ་མཁའ་འགྲོ་མ། །མཐིང་ནག་གཅེར་བུ་སེང་གེའི་གདོང་། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །རལ་པ་ཁམ་ནག་སྤྲིན་ལྟར་གཏིབས། །སྤྱན་གསུམ་སྡང་མིག་རབ་ཏུ་བགྲད། །སྨ་ར་སྨིན་མ་དམར་སེར་འབར། །འཁོར་ལོས་མཚན་པའི་གྲི་གུག་གཡས། །ལྕང་ལོས་མཚན་པའི་ཐོད་ཁྲག་གཡོན། །གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིང་། །གར་དང་དུར་ཁྲོད་དཔལ་ཆས་རྫོགས། །ནུ་མ་འབུར་ཞིང་བྷ་ག་རྒྱས། །ཁ་ཾ་ཀ་ལ་བདེ་བར་འཁྱུད། །མེ་དཔུང་དམར་ནག་ཀློང་དཀྱིལ་དུ། །བདེ་སྟོང་ཟུང་དུ་འཇུག་པ་ཡི། །སྤྱི་གཙུག་དྲག་རྩལ་ཡབ་ཡུམ་བརྒྱན། །ཕྱི་རོལ་རྩིབས་བརྒྱད་མཁའ་འགྲོ་བརྒྱད། །སྒོ་བཞིར་སྒོ་མ་རྣམ་པ་བཞི། །འབུམ་ཕྲག་མཁའ་འགྲོ་གྲངས་མེད་གསལ། །ཧཱུྃ། ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་དང་། །ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས། །མ་མོ་མཁའ་འགྲོ་ཀུན་གྱི་གཙོ། །བདུད་འདུལ་མཁའ་
འགྲོ་སེང་གདོང་མ། །ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས། །རིགས་བཞི་མཁའ་འགྲོའི་དཔུང་དང་བཅས། །ལས་བྱེད་མཁའ་འགྲོ་འབུམ་གྱིས་བསྐོར། །སེང་ཧ་མུ་ཁ་འཁོར་བཅས་རྣམས། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ནོ། །ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ། །དྲག་རྩལ་འཇིགས་པའི་རྩལ་འགྱེད་ཅིང་། །བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །དྲག་པོའི་ཕོ་བྲང་ཆེན་པོའི་དབུས། །འབར་བའི་གདན་ལ་བཞུགས་སུ་གསོལ། །སྐུ་གསུམ་ཡེ་ཤེས་ཌཱཀྐི་མར། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །འདོད་ཡོན་ལྔ་དང་ཕུང་པོ་ལྔ། །འབྱུང་བ་ཤ་ལྔ་བདུད་རྩི་ལྔ། །དགྲ་བགེགས་ཕུང་ཁམས་དུག་ལྔའི་རྫས། །སྣང་གྲག་དྲན་རྟོག་མཆོད་པ་བཞེས། །བདུད་རྩི་སྨན་གཏོར་རཀྟས་མཆོད། །ཧཱུྃ། ཆོས་སྐུའི་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གཙོ། །ཡེ་ཤེས་ལས་གྲུབ་དབྱིངས་ཀྱི་ཌཱཀྐི་མ། །བདུད་དང་མུ་སྟེགས་ལོག་འདྲེན་དགྲ་བགེགས་གཤེད། །བདུད་འདུལ་སེང་གདོང་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དྲག་མོ་རྩལ་ལ་ཕྱག་
འཚལ་ལོ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །འཁོར་ཚོགས་མཁའ་འགྲོ་རྒྱ་མཚོར་ཕྱག་འཚལ་བསྟོད། །ལྷ་ཚོགས་ཐུགས་སྲོག་སྔགས་ཕྲེང་འཁོར། །འབུམ་ཕྲག་མཁའ་འགྲོ་དབང་དུ་སྡུས། །ཅི་བཅོལ་ལས་རྣམས་ཀུན་བྱེད་ཅིང་། །དངོས་གྲུབ་ཐོགས་མེད་སྩོལ་བར་བསམ། །ཧཱུྃ། བཛྲ་ཌཱཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ། ༈ ཕོ་བྲང་གནམ་ལྕགས་ཚ་རྔམ་འཁྲུགས། །ཕྱི་རོལ་སྲུང་གུར་རིམ་པ་བཅུ། །ལྷ་སྔགས་དམིགས་པའི་འཕྲོ་འདུ་ཡིས། །དངོས་གྲུབ་སྡུད་ཅིང་བར་ཆད་སྲུང་། ཧཱུྃ་བཛྲ་ཌཱཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག་རཀྵ་རཀྵ་སིདྡྷི་སྭཱ་ཧཱ། ཧཱུྃ་བཛྲ་དྷཀྐཱི་སིངྷ་མུ་ཁ་ཧ་རི་ནི་ས་བཛྲ་ཧ་དེ་དུ་ལིང་ནག་མོས་སྲུངས ། ཨེ་བུ་ཏ་མ་ཕཊ། རང་དང་བསྲུང་བྱ་ནོར་རྫས་བྲན། །ཀུན་ཀྱང་ལྷ་དང་གཞལ་ཡས་ཁང་། །གུར་ཁང་འཁོར་འཁྲུགས་སྤྱོད་པ་དང་། །དྲག་རྩུབ་ཁྲོ་བོའི་ཚོགས་རྣམས་ཀྱིས། །དགྲ་བགེགས་རྡུལ་དུ་བརླགས་པར་བསམ། །ཧཱུྃ་བཛྲ་ཌཱ་ཀི་ནི་སིངྷ་མུ་ཁ་ཧ་རི་ནི་ས་ཨ་ཀ་ས་མ་ར་
ཙ་ཤ་ད་ར་ས་མ་ར་ཡ་ཕཊ། དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག །བདུད་འདུལ་མཁའ་འགྲོ་གཙོ་འཁོར་ཐམས་ཅད་ཀྱི། །ཕྱག་གཉིས་གནམ་ལྕགས་གསེར་ཟངས་འཁོར་ལོ་དང་། །ཉི་མ་ཟླ་བ་ཆ་ལང་བརྡབ་པའི་བར། །གནོད་བྱེད་བྱད་མ་རྡུལ་བཞིན་བརླགས་པར་གྱུར། ། ༈ བདེན་སྟོབས་བརྗོད། ཡང་ན་བཟློག་སྔགས་ཤམ་དུ། དགྲ་བགེགས་བྱད་མ་ལྷ་སྲུང་བྱད་ཁ་ཕུར་ཁ་གཏད་ཁྲམ་རྦོད་གཏོང་རྨི་ལྟས་མཚན་མ་ངན་པ་དང་བཅས་པ་ཐམས་ཅད་བྷྱོ་ཟློག་ཅིག །ཐལ་རྡེབ་དང་བཅས་ལན་གསུམ་བྱ། དགྲ་བགེགས་རྡུལ་དུ་བརླགས་ཤིང་དམིགས་མེད་གྱུར། །བསྐྱེད་རིམ་རིམ་བསྡུས་དམིགས་མེད་བློ་འདས་ངང་། །སླར་ཡང་སྲུང་གུར་རྡོ་རྗེ་མཁའ་འགྲོའི་སྐུ། །ཡོངས་བཞེངས་རྡོ་རྗེ་གསུམ་གྱི་རོལ་པར་ཤར། །དགེ་བས་གནས་སྐབས་བདུད་ལས་རྣམ་རྒྱལ་ཞིང་། །མཐར་ཐུག་མཁའ་སྤྱོད་དབང་མོའི་ས་ཐོབ་ཤོག །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་དང་། །སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་བཀྲ་ཤིས་ཤོག །ཅེས་བདུད་འདུལ་སེང་གདོང་
རྒྱུན་ཁྱེར་མདོར་བསྡུས་འདི་ལྟར་གྱིས་ཤིག་གསུངས་པ་དབོན་རིན་པོ་ཆེ་ལ་མཆོག་སྤྲུལ་བསྟན་པའི་ཉི་མས་བཀའ་སྩལ་ཕེབས་པར་བརྟེན་ནས་སངས་རྒྱས་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་ལེན་པ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ། །དགེའོ།། །