← Search

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།

རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་བཞི་པའི་དཀར་ཆག

p. 1

༄༅། །རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་བཞི་པའི་དཀར་ཆག་བཞུགས་སོ། །

p. 2

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་འབུམ་པོད་བཞི་པ་ཁྱུང་དང་མགོན་པོ་གསོལ་ཁ་བསང་གསོལ་འདེབས་སོགས་ཐོར་བུ་སྣ་ཚོགས་ཀྱི་དཀར་ཆག་ ༡-༡༢ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ཕྲིན་ལས་དྲག་རྩལ་མེ་ཕྲེང་ ༡༣-༣༠ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་རྒྱུན་ཁྱེར་ ༣༡-༣༢ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དབང་གི་ལོ་རྒྱུས་༣༣-༣༤ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་ ༣༥-༤༢ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་

p. 3

རླབས་དབང་གི་རིམ་པ་མཚམས་སྦྱོར་བཅས་ ༤༣-༥༨ ཁྱུང་ཆེན་མེ་ཕྲེང་ཐོག་རྒོད་ཀྱི་བྱབ་ཆོག་མན་ངག་ ༥༩-༦༤ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་མཐའ་ཀླུ་འདུལ་ཟ་ཡིག་ ༦༥-༦༦ ཁྱུང་དཀར་སྒྲུབ་ཐབས་ནད་གདོན་ཀུན་འཇོམས་ ༦༧-༦༨ ཁྱུང་ནག་དྲག་པོ་གནམ་ལྕགས་སྤུ་གྲི་ནད་གདོན་ཀུན་འཇོམས་ཀྱི་སྒྲུབ་ཐབས་ ༦༩- ༧༢ ཁྱད་ཆོས་དབང་ཆེན་སྙིང་ཐིག་ལས་བྱིན་རླབས་བླ་མའི་ཐུགས་སྒྲུབ་ ༧༣-༨༠ ཁམས་གསུམ་ཆེ་བཙན་མཆོད་ཅིང་བསྙེན་པའི་

p. 4

རིམ་པ་དང་སྨན་མཆོད་ ༨༡-༨༦ བསྙེན་ཐབས་དགོས་འདོད་ཀུན་འབྱུང་ ༨༧-༩༠ སྒྲུབ་ཐབས་ཡིད་བཞིན་ནོར་བུ་ ༩༡-༩༢ ལས་སྦྱོར་རླུང་གི་ཞགས་པ་ ༩༣-༩༤ བླ་རྡོ་ཟབ་པའི་ཡིག་ཆུང་ ༩༥-༩༦ ཟབ་བཅུད་གུད་དུ་སྦས་པ་ ༩༧-༡༠༦ རབ་ཏུ་གསང་བའི་སྲོག་གཏད་ ༡༠༧-༡༡༠ བསྐུལ་བ་དབང་ཆེན་སྙིང་བྱང་ ༡༡༡-༡༢༤ ཁྱད་ཆོས་དབང་ཆེན་སྙིང་ཐིག་གི་ཕྱི་སྒྲུབ་ངག་འདོན་ཕྲིན་ལས་ཐོགས་མེད་ ༡༢༥-༡༣༤ དབང་གི་མེ་མཆོད་སྣོད་བཅུད་འགུགས་པའི་ལྕགས་ཀྱུ་ ༡༣༥- ༡༤༠ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པའི་ལོ་རྒྱུས་གསལ་བྱེད་མེ་ལོང་ ༡༤༡-༡༤༨ བང་མཛོད་ལ་བརྟེན་པའི་སྒྲུབ་པ་ ༡༤༩-༡༥༠ དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྦྱིན་སྲེག་ ༡༥༡-༡༥༨ གསང་སྒྲུབ་ཀྱི་གནད་ཡིག་རབ་ཏུ་སྦས་པ་ ༡༥༩-༡༧༢ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྒྲུབ་མཆོད་ ༡༧༣-༡༨༢ བསྐང་

p. 5

བཤགས་ཕྲིན་ལས་ལྷུན་གྲུབ་ ༡༨༣-༡༨༤ ཞི་བ་དང་ཚེ་སྲིང་བའི་མན་ངག་ ༡༨༥-༡༨༨ བྷནྡྷ་མཚན་ལྡན་ལ་བརྟེེན་ནས་དངོས་གྲུབ་ཆར་ལྟར་འབེབས་པའི་མན་ངག་ ༡༨༩-༡༩༢ ཌཱ་མ་རུ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པའི་མན་ངག་ ༡༩༣-༡༩༤ སྲོག་འཁོར་ཙཀྲའི་རིམ་པ་ ༡༩༥-༡༩༦ ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག་ ༡༩༧-༢༠༠ འཁུ་ལྡོག་གནོན་ཐབས་དང་ཤྭ་འུད་སྒྱུར་བའི་མན་ངག་ ༢༠༡- ༢༠༢ ཕན་བྱེད་ཀྱི་མན་ངག་དང་ཡི་དྭགས་སྒབ་འདྲེ་ཁ་བཅིང་ ༢༠༣-༢༠༤ ཀླུ་ཡི་གནོད་གདུག་སྲུང་ཐབས་དང་སྒབ་འདྲེ་དམ་སྲི་སྡེ་བཞི་མནན་ཐབས་ ༢༠༥-༢༠༨ སྒབ་འདྲེ་མི་ཁ་མནན་ཐབས་ ༢༠༩-༢༡༠ ལྷ་ཆེན་པོའི་སྒྲུབ་ཐབས་རླུང་ཞགས་སྐྱེ་འགྲོ་འགུགས་པའི་ཞགས་པ་ ༢༡༡- ༢༢༠ ལྷ་ཆེན་དབང་ཕྱུག་ཆེན་པོའི་རྒྱུན་ཁྱེར་སྣང་སྲིད་དབང་སྡུད་རླུང་གི་ཞགས་པ་ ༢༢༡-༢༢༢ མགོན་པོ་དམར་པོ་དབང་གི་ཕྲིན་ལས་ཀྱི་སྲོག་དབང་ཟབ་མོ་ ༢༢༣-༢༣༢ དག་སྣང་སྙན་བརྒྱུད་དབང་

p. 6

ཕྱུག་དམར་པོའི་མཆོད་སྒྲུབ་དབང་གི་ལྕགས་ཀྱུ་ ༢༣༣-༢༤༠ མགོན་པོ་དབང་ཕྱུག་དམར་པོའི་བསྐང་བ་ཕྲིན་ལས་ཀུན་འགྲུབ་ ༢༤༡-༢༤༦ སྤུ་གྲི་སྔགས་ཀྱི་གབ་ཡིག་དང་དམིགས་པའི་འཁྲུལ་འཁོར་གཉིས་ ༢༤༧-༢༤༨ མན་ངག་གབ་ཅིང་སྦས་པ་དང་བཟློག་པའི་ཙཀྲ་བྱད་མ་གསད་པའི་ཙཀྲ་སྦས་མཐུ་ཕུང་ཆར་ནག་པོ་རྣམས་ ༢༤༩-༢༥༤ སྲིད་པ་སྤྱི་འདུལ་དབང་ཕྱུག་ནག་པོའི་ཐལ་མོ་རྡེབ་ཆོག་ ༢༥༥-༢༦༠ དགེ་འདུན་འདུ་འཁོར་གྱི་གཏོར་འབུལ་ཕྲིན་བཅོལ་ ༢༦༡-༢༦༤ རྙིང་ལུགས་ཀྱི་བཀའ་སྲུང་ཆོས་སྐྱོང་རྣམས་ལ་གལ་ཆེ་བའི་ཞལ་ཤེས་མ་རིག་མུན་སེལ་ ༢༦༥-༢༦༦ བཀའ་སྲུང་སྤྱིའི་གསོལ་མཆོད་བསྡུས་པ་ ༢༦༧-༢༦༨ ཕུར་སྲུང་རྣམས་ཀྱི་བསྟོད་བསྐུལ་བསྡུས་པ་ ༢༦༩-༢༧༢ དཔལ་མགོན་ཕྱག་བཞིའི་མངའ་གསོལ་ ༢༧༣-༢༧༤ དཔལ་མགོན་མ་ནིང་ནག་པོའི་བསྐུལ་བྱང་དང་མ་ནིང་ཞལ་གསུང་ ༢༧༥-༢༧༨ ནོར་སྒྲུབ་བསྐུལ་བ་ ༢༧༩-༢༨༠ ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ཕྲིན་ལས་ ༢༨༡-༢༨༢ ཕྲིན་བཅོལ་

p. 7

ཁྱེར་བདེ་ ༢༨༣- ༢༨༤ སྲོག་བདག་བཟའ་ཡི་སྒྲུབ་ཐབས་སྤུ་གྲི་གཅིག་ཤུར་གཟའི་བརྒྱུད་འདེབས་ ༢༨༥-༢༨༨ གསང་སྒྲུབ་ཆེན་པོའི་འབོད་པའི་སྔགས་དམིགས་ ༢༨༩-༢༩༠ དྲང་སྲོང་དགྱེས་པའི་བསྟོད་བསྐུལ་ ༢༩༡-༢༩༤ ཤན་པ་དམར་ནག་གི་མཆོད་ཕྲེང་ཕྲིན་ལས་ཐོགས་པ་མེད་པའི་རོལ་གར་ ༢༩༥-༢༩༦ བཀའ་སྲུང་ཤན་དམར་མཆོད་ཐབས་ ༢༩༧-༢༩༨ རྡོར་སེམས་སྙིང་ཐིག་གི་བཀའ་སྲུང་དམ་ཅན་ཤན་དམར་མཆོད་ཐབས་དང་བཀའ་སྲུང་མཆོད་ཐབས་ ༢༩༩-༣༠༠ གནོད་སྦྱིན་ཤན་པ་དམར་ནག་གི་མངའ་གསོལ་ཉུང་བསྡུས་ ༣༠༡-༣༠༢ བཀའ་རྫོགས་པ་ཆེན་པོ་བདེ་མཆོག་འཁོར་ལོའི་བཀའ་སྲུང་སྐྱེས་བུ་ཆེན་པོའི་ཕྱི་ནང་གསང་བའི་མན་ངག་སྤྲོས་བཅས་སྤྲོས་མེད་ཀྱི་ལག་ལེན་འབའ་ཞིག་ ༣༠༣-༣༡༠ རྡོ་རྗེ་ལེགས་པའི་མངའ་གསོལ་༣༡༡-༣༡༢ དམ་ཅན་སྤྱང་ཞོན་གྱི་གསང་སྒྲུབ་གཏོར་འབུལ་ ༣༡༣-༣༡༤ དམ་ཅན་ཁྱེའུ་ཆུང་དཀར་པོའི་སྒྲུབ་ཐབས་སྲིད་གསུམ་གསལ་བྱེད་ ༣༡༥- ༣༡༨ བསྟན་

p. 8

སྲུང་ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་༣༡༩-༣༢༠ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ལས་སྲུང་མ་མཆོད་ཐབས་ ༣༢༡-༣༢༢ རིག་འཛིན་ཨུ་མ་དེ་ཝའི་གསོལ་མཆོད་བསྡུས་པ་ ༣༢༣-༣༢༤ ཀུན་མཁྱེན་ཀློང་རབ་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་མཆོད་ཐབས་ ༣༢༥-༣༢༨ དཔལ་འབར་རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་དཔག་བསམ་ལྗོན་པ་ ༣༢༩-༣༣༢ གཡུ་སྒྲོན་མའི་གསོལ་བསྡུས་ ༣༣༣-༣༣༤ རྡོ་རྗེ་གཡུ་སྒྲོན་མའི་བུམ་གཏེར་བསྐྱེད་ཆོག་ ༣༣༥-༣༣༦ རྡོ་རྗེ་གཡུ་སྒྲོན་མའི་སྤྱན་འདྲེན་གཡང་འགུགས་སྦྲགས་མ་གསང་བའི་བསྐུལ་བྱང་ཆེན་མོ་ ༣༣༧- ༣༥༢ རྡོ་རྗེ་གཡུ་སྒྲོན་མའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་ནོར་བུ་ ༣༥༣-༣༥༨ རྡོ་རྗེ་གཡུ་སྒྲོན་མཆོད་ཐབས་ཁ་ར་ཤག་དང་ཕྲིན་བཅོལ་ ༣༥༩-༣༦༠ ཀུན་མཁྱེན་ཀློང་རབ་ཞབས་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་ཚོགས་མཆོད་བདུད་རྩིའི་བུམ་བཟང་ ༣༦༡-༣༧༢ གབ་སྐུང་ཕུད་པ་ ༣༧༣-༣༧༤ ཞི་བ་བསྡུས་པ་ ༣༧༥-

p. 9

༣༧༦ རྒྱུན་བསང་བཀྲ་ཤིས་ཆར་འབེབས་ ༣༧༧-༣༧༨ ཡེ་ཤེས་མགོན་པོ་སོགས་བསང་བསྡུས་སྣ་ཚོགས་ ༣༧༩-༣༨༢ ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་བསང་མཆོད་ ༣༨༣-༣༨༦ ཨུ་མའི་བསང་མཆོད་འདོད་རྒུ་ཀུན་སྩོལ་ ༣༨༧-༣༩༠ དགེ་བསྙེན་ཉེར་གཅིག་སྲིད་པའི་ལྷ་དགུ་མགུལ་ལྷ་བསྟན་མ་ཡུལ་གཞིས་སྐྱོང་བ་བཅས་ཀྱི་བསང་མཆོད་ ༣༩༡-༣༩༦ བསྟན་མའི་བསང་མཆོད་བར་ཆད་ཀུན་སེལ་ ༣༩༧-༤༠༤ ཡུལ་གར་གནས་ཀྱི་གཞི་བདག་གི་བསང་ ༤༠༥-༤༠༨ གསེར་གྱི་འབྲོང་རི་སྨུག་པོའི་བསང་མཆོད་ ༤༠༩-༤༡༢ རྨ་རྒྱལ་སྤོམ་རའི་བསང་མཆོད་ ༤༡༣- ༤༡༤ ལྷ་གཉན་གེར་མཛོའི་བསང་མཆོད་རྒྱས་བསྡུས་གཉིས་ ༤༡༥-༤༡༦ ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་རྒྱས་བསྡུས་གཉིས་ ༤༡༧-༤༢༠ ཁྲོ་རི་ཟིལ་ཁྲོམ་གྱི་བསང་མཆོད་བསྡུས་པ་ ༤༢༡-༤༢༢ བན་རི་སྙིང་པོའི་གནས་སྲུང་ལྕམ་དྲལ་གྱི་བསང་མཆོད་ ༤༢༣-༤༢༤ ནོར་བུ་རིའི་བསང་མཆོད་ ༤༢༥-༤༢༨ ཡུལ་ལྷ་

p. 10

ཁྱུང་རིའི་བསང་མཆོད་དགོས་འདོད་ཆར་འབེབས་ ༤༢༩-༤༣༠ ཨ་མྱེ་གཅོད་དིལ་གྱི་བསང་མཆོད་ ༤༣༡-༤༣༤ ཟླ་རྒྱལ་དང་རྩེ་མོ་དཔུང་རྒྱན་བསང་བསྡུས་ ༤༣༥-༤༣༦ དྲེལ་འཛོང་རྡོ་རྗེ་དྲག་རྩལ་གྱི་གསོལ་མཆོད་དགེ་ལེགས་རབ་འཕེལ་ ༤༣༧-༤༣༨ མུ་སྟེགས་ཤ་ཟ་ཧོར་མོའི་ལས་ཕྲན་སྣ་ཚོགས་༤༣༩-༤༧༨ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བའི་སྐོར་ལས་སྣ་ཚོགས་ ༤༧༩-༥༠༤ རྩ་གསུམ་གསང་བ་སྙིང་ཐིག་གི་སྔོན་འགྲོ་ཟབ་དོན་འདུས་པ་ ༥༠༥-༥༠༦ གུ་རུའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་ ༥༠༧-༥༠༨ མཚན་བརྒྱད་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་ ༥༠༩-༥༡༤ དྲི་མེད་བཤགས་རྒྱུད་ཀྱི་བརྒྱུད་འདེབས་སྨོན་ལམ་དང་ཟབ་ཆོས་ཞི་ཁྲོའི་བཀའ་བབ་བརྒྱུད་རིམ་གསོལ་འདེབས་ ༥༡༥-༥༢༠ ཟབ་ཆོས་ཞི་ཁྲོའི་ཁྲིད་བརྒྱུད་གསོལ་འདེབས་ ༥༢༡-༥༢༢ སྐྱེ་ཕྲེང་གསོལ་འདེབས་ཞལ་གསུང་མ་ ༥༢༣- ༥༢༦ རིག་རྩལ་ཐོགས་མེད་གླིང་པའི་རྣམ་ཐར་གསོལ་འདེབས་

p. 11

༥༢༧- ༥༣༢ རྣམ་ཐར་གསོལ་འདེབས་བསྡུས་པ་དང་གསོལ་འདེབས་ཞལ་གསུང་མ་ ༥༣༣-༥༣༦ བྱིན་རླབས་འབྱུང་གནས་བླ་མའི་རྣལ་འབྱོར་ ༥༣༧-༥༤༢ ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་སྐུལ་བྱེད་དང་དཔལ་སྨོན་བསྡུས་པ་མཁན་སློབ་ཆོས་གསུམ་གསོལ་འདེབས་བཅས་ ༥༤༣-༥༤༦ ཨོ་རྒྱན་གསོལ་འདེབས་རྒྱང་འབོད་ ༥༤༧-༥༤༨ གུ་རུ་རིན་པོ་ཆེའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ ༥༤༩-༥༥༠ དྲང་པ་དང་རྡོ་རྗེའི་གླུ་ ༥༥༡-༥༥༢ དམག་བཟློག་རྒྱས་པ་དང་བསྡུས་པ་ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་དུས་འཁྲུགས་རྒུད་པ་བཟློག་པའི་གསོལ་འདེབས་ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་བསྟན་རྒྱས་སྨོན་ལམ་བཅས་ ༥༥༣-༥༥༦ འགྲོ་འདུལ་ཆོ་ག་ཡིད་བཞིན་ནོར་བུ་ ༥༥༧-༥༦༠ གནོད་སྦྱིན་ནོར་ལྷ་འདུས་པའི་སྲོག་གཟུངས་ ༥༦༡-༥༦༨ བད་ཁྲག་སྨན་གྱི་བསྡུ་སྦྱོར་ ༥༦༩-༥༧༠ གནས་ཡུལ་བྱིན་འབེབས་ ༥༧༡-༥༨༠ རབ་ཏུ་གནས་པའི་ཆོ་ག་ ༥༨༡-༥༨༢ བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་

p. 12

རླབསསྤྲིན་ཚོགས་ཀྱི་ཁ་སྐོང་ ༥༨༣-༥༨༨ ཚེ་རབས་རྗེས་འཛིན་སྨོན་ལམ་བསོད་ནམས་ཆོས་བཟང་གི་གསུང་དང་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་གསོལ་འདེབས་ ༥༨༩-༥༩༠ ཀློང་ཆེན་པ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་རྣམ་ཐར་རྟོགས་བརྗོད་ ༥༩༡-༦༤༢ གནས་ཆེན་པད་མོ་ཡང་རྫོང་གི་དཀར་ཆག་མཐོང་གྲོལ་ཨུཏྤ་ལའི་མགུལ་རྒྱན་ལས་རབ་རྩལ་གྱི་སྐུ་ཕྲེང་གཉིས་པ་འགྲོ་འདུལ་ཕྲིན་ལས་རྡོ་རྗེའི་གསུང་ ༦༤༣-༦༥༤ རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་བླ་མ་བརྒྱུད་པའི་གསོལ་འདེབས་ ༦༥༥-༦༦༤ སྲུང་འཁོར་སྣ་ཚོགས་ཀྱི་དཔེའུ་རིས་ ༦༦༥-༦༦༦ ཡོད། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་ཆོས་སྐོར་པོད་བཞི་པ་ལ་ཆོས་ཚན་༡༩༧ དང་ཤོག་གྲངས་༣༣༣ གསུང་འབུམ་ཡོངས་རྫོགས་པོད་ལྔ་ལ་ཁྱོན་ཆོས་ཚན་༨༣༨ བཅས་བཞུགས། །

རཏྣ་གླིང་པའི་ཐུགས་སྒྲུབ་དྲག་པོའི་ཆ་ལག་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ཕྲིན་ལས་དྲག་རྩལ་མེ་ཕྲེང་།

p. 13

࿅༔ རཏྣ་གླིང་པའི་ཐུགས་སྒྲུབ་དྲག་པོའི་ཆ་ལག༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ཕྲིན་ལས་དྲག་རྩལ་མེ་ཕྲེང་བཞུགས༔

p. 14

པད་འབྱུང་དམར་ནག་མེ་ཕྲེང་དང་༔ ཡེ་ཤེས་མཚོ་རྒྱལ་དྲག་མོ་རྩལ༔ ཐུགས་ཀྱི་རྣམ་འཕྲུལ་ཁྱུང་དམར་ལ༔ གུས་པས་འདུད་དོ་བྱིན་གྱིས་རློབས༔ སྔོན་དུས་ཆོས་རྒྱལ་ཁྲི་བཙན་ལ༔ ནག་པོ་ཀླུ་ཡིས་མགོ་སྐོར་བཏང་༔ ཨོ་རྒྱན་ཀླུ་འདུལ་དགོངས་པ་དཀྲོགས༔ ཀླུ་ཡིད་དམ་ལ་མ་ཐོགས་པས༔ ནག་པོ་ཀླུ་ཡི་ཟ་ཁ་དར༔ སྡེ་བརྒྱད་ཀུན་ལ་ཀླུ་དབང་ཆེ༔ གདུག་རྩུབ་དུག་རིགས་ལྔ་དང་ལྡན༔ གླེན་ཞིང་ཞེ་ནག་དུད་འགྲོའི་རིགས༔ རྒྱུ་བའི་དུས་དང་འཕྲད་པ་དང་༔ ས་གཉན་རི་བྲག་བཤིག་སློག་བརྐོས༔ མཚོ་དང་ཆུ་མིག་གཉན་པོ་དཀྲུགས༔ ཡུར་དུ་དྲངས་སམ་བསྐྱིལ་བ་དང་༔ ཤ་ཁྲག་དཀར་དམར་ཐབ་ཀྱིས་བསླད༔ གདོལ་སྤྱོད་མི་རུང་ཐོ་ཅོ་བྱས༔ ས་བདག་གཉན་སར་མནའ་ཟོས་དང་༔ ཡང་ན་བན་བོན་མཐུ་མཁན་གྱིས༔ གཏད་ཁྲམ་ལས་འཛུགས་ཀླུ་ལ་

p. 15

གཏད༔ དེ་དག་རྣམས་ཀྱི་རྐྱེན་བྱས་ནས༔ གཉན་རིམས་ལྷོག་རྒོད་རྨ་མཛེ་དང་༔ དྲེག་གྲུམ་རེངས་འཁུམས་ཆུ་ཡི་ནད༔ གཞན་ཡང་མི་རུང་ནད་རྣམས་གཏོང་༔ དུས་སྙིགས་བན་བཙུན་སྡོམ་ཉམས་རྣམས༔ ས་འོག་ལྟོ་འཕྱེ་ཀླུ་རུ་སྐྱེ༔ སྐམ་གཤེར་རི་ཀླུང་ཐམས་ཅད་དུ༔ མང་ཉུང་དབྱར་གྱི་འབུ་སྲིན་ཙམ༔ དེ་ཕྱིར་སྤྱིར་ན་སྡེ་བརྒྱད་དང་༔ སྣ་འདྲེན་རྒྱབ་རྟེན་གདོན་བགེགས་རིགས༔ ཁྱད་པར་ཀླུ་གཉན་ས་བདག་རྣམས༔ ཚར་གཅོད་རྡུལ་དུ་རློག་བྱེད་པའི༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི༔ སྒྲུབ་ཐབས་ཨོ་རྒྱན་ཆེན་པོའི་བཀའ༔ ཕྲིན་ལས་དྲག་རྩལ་ཐོགས་མེད་འདི༔ ཟབ་དོན་གནད་ཀྱི་མན་ངག་ཡིན༔ ས་མ་ཡ༔ འདི་ཉིད་སྒྲུབ་པའི་གནས་བསྟན་པ༔ པདྨས་ཀླུ་འདུལ་སྒྲུབ་གནས་སམ༔ ཡང་ན་རི་ཡི་རྩེ་མོར་བསྒྲུབ༔ མ་གྲུབ་གང་བྱུང་གནས་སམ་ནི༔ དམིགས་བསལ་གདོན་དེའི་གནས་སར་བསྒྲུབ༔ དཀྱིལ་འཁོར་དམར་པོ་པད་འདབ་བཞི༔ དབུས་སུ་ཁྲོཾཿཡིག་

p. 16

དམར་པོ་བྲི༔ ཕྱི་རོལ་རྡོ་རྗེ་མེ་རིས་བསྐོར༔ དམར་གཏོར་རྩེ་ལ་ཁྱུང་སྐུ་གཟུགས༔ མཆོད་པའི་ཡོ་བྱད་རྣམས་ཀྱང་བཤམས༔ དཀྱིལ་འཁོར་གཏོར་མཆོད་ལ་སོགས་པ༔ མ་འབྱོར་ནའང་དམིགས་པས་རུང་༔ དང་པོ་བགེགས་ལ་བཀའ་བསྒོ་བ༔ ཧཱུྃ༔ ང་ནི་དུས་གསུམ་སངས་རྒྱས་ཀྱི༔ ཕྲིན་ལས་རྫོགས་པའི་ཁྱུང་ཆེན་སྐུ༔ ཁྲོ་ཚོགས་ཁྱུང་གི་ཚྭ་ཚྭ་འཕྲོ༔ བགེགས་དང་ཀླུ་གདོན་བྱད་མ་རྣམས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེེ་བཀའ་ལས་འདའ་བྱེད་རྣམས༔ མཐུ་སྟོབས་དྲག་པོས་ཚར་ཆོད་ཅིག༔ ༀ་ཁྲོཾཿགྷ་རུ་ཎ་ཧཱུྃ་བྷྱོ་གནོད་བྱེད་སརྦ་ཨུ་ཙ་ཏ་ཡ་ཕཊ༔ མཚམས་གཅོད་པ་ནི༔ ཧཱུྃ༔ ཁྲོ་ཆེན་ཁྱུང་ལས་འཕྲོས་པ་ཡི༔ གནམ་ལྕགས་ཞུན་མའི་ཕོ་བྲང་གི༔ ཕྱི་རོལ་བསྐལ་པའི་མེ་དཔུང་འབར༔ སྲུང་བའི་འཁོར་ལོའི་གོ་བགོའོ༔ ༀ་ཁྲོཾཿགྷ་རུ་ཎ་བྷྲུཾ་ཛྭ་ལ་རཾ་རཀྵ༔ སྐྱབས་འགྲོ་ནི༔ རྒྱལ་བ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ གདུལ་དཀའ་འབྱུང་པོ་ཀུན་འདུལ་ཁྱུང་གི་སྐུ༔ འཇིགས་བྱེད་ཁྲོ་རྒྱལ་ཁྱེད་ལ་སྐྱབས་སུ་མཆི༔ ཀླུ་གདོན་ས་བདག་ཐུགས་རྗེའི་ཤུགས་ཀྱིས་ཐུལ༔ སེམས་བསྐྱེད་ནི༔ ཧཱུྃ༔ ཁམས་གསུམ་འཁྲུལ་བའི་སེམས་ཅན་ཐམས་ཅད་ཀུན༔ འདོད་

p. 17

ཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་འཁྲུགས༔ དུག་ལྔའི་དབང་གྱུར་འདྲེ་གདོན་བགེགས་ཀྱི་ཚོགས༔ འདུལ་ཕྱིར་ཁྲོ་རྒྱལ་ཁྱུང་ཆེན་བསྒྲུབ་པར་བགྱི༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཀླུ་གཉན་གདོན་ཚོགས་བསྒྲལ་བའི་ཤ་ཁྲག་དང་༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ མཁའ་ལྡིང་གདུག་པ་ཀུན་འདུལ་དགྱེས་པའི་རྫས༔ རྨད་བྱུང་མཆོད་རྫས་མ་ཚང་མེད་པར་གྱུར༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཀ་དག་བརྗོད་དུ་མེད་པའི་ངང་ཉིད་ལས༔ སྐད་ཅིག་རང་ཉིད་གནས་པའི་ཡུལ་དེ་ཉིད༔ ལྕགས་སྲེག་རང་བཞིན་མེ་ལྕེ་འཐབ་འཁྲུགས་འཁོར༔ དེའི་དབུས་བདག་ཉིད་ཁྲོཾཿཡིག་དམར་པོ་གསལ༔ འོད་ཟེར་ཚ་ལ་རྣོ་བ་མང་པོ་འཕྲོས༔ ཀླུ་གཉན་ས་བདག་གདུག་པ་ཅན་རྣམས་ཀུན༔ ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་བྱ་ཁྱུང་དམར་པོ་མེ་ཡི་མདོག༔ ལྕགས་སྲེག་རང་བཞིན་གནམ་ལྕགས་ཁོལ་མའི་སྐུ༔ རྭ་དང་མཆུ་སྡེར་གནམ་ལྕགས་ཨུར་མོའི་གྲུབ༔ སྤྱི་གཙུག་རྭ་བར་ནོར་བུ་འབར་བས་བརྒྱན༔ རལ་ནག་སྤྲུགས་པས་སྣང་སྲིད་ཐོག་ཆར་

p. 18

འཁྲུགས༔ གཡུ་ཡི་གཤོག་པ་འཇའ་ཚོན་ལམས་སེ་ལམ༔ དམར་ཟླུམ་སྤྱན་གསུམ་སྡང་མིག་འོད་ཟེར་འཕྲོ༔ དུང་གི་མཆེ་བ་གློག་སྟོང་འཁྱུག་པའི་ལྗགས༔ ཀླུ་རིགས་སྦྲུལ་ལྔ་ཕྱག་གིས་བཟུང་ནས་སུ༔ མགོ་བོ་ཁར་བཅུག་ཆེམ་ཆེམ་ཁྲུམ་ཁྲུམ་རོལ༔ སྤུ་ལ་མཚོན་ཆའི་ཆར་དང་མེ་ཟེར་འཕྲོ༔ ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི༔ དྲག་རྩལ་མཐུ་སྟོབས་རྫོགས་པའི་ངོ་བོར་གསལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ རི་རབ་ཆེན་པོའི་རི་ཡི་རྩེ་མོ་ན༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ནས༔ འཇིགས་བྱེད་སྤྲུལ་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་ཉིད་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔལ་ཆེན་བཅོམ་ལྡན་འདས༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཐུགས་ཀ་ནས༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་གཤེགས་སུ་གསོལ༔ ༀ་ཁྲོཾཿགྷ་རུ་ཎ་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ བཞུགས་སུ་གསོལ་བ་ནི༔ གང་འདུལ་ཐབས་ཀྱིས་བྱ་ཁྱུང་སྐུ་རུ་སྤྲུལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ གདུག་པའི་སེམས་ཅན་དབང་སྡུད་ཟིལ་གནོན་ཕྱིར༔ བདག་དང་དབྱེར་མེད་བརྟན་པར་བཞུགས་སུ་

p. 19

གསོལ༔ ༀ་ཁྲོཾཿགྷ་རུ་ཊ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཡེ་ཤེས་ཁྲོ་བོ་ཀུན་གྱི་མཐུ་སྟོབས་ནི༔ མཁའ་ལྡིང་རྒྱལ་པོ་ཁྱུང་གི་སྐུར་བཞེངས་པ༔ ཀླུ་གཉན་སྡེ་བརྒྱད་སྲོག་ལ་རྔམ་པའི་ལྷ༔ ཆེ་བཙན་ཁྲོས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཁྲོཾཿགྷ་རུ་ཎ་ཨ་ཏི་པུ་ཧོཿཔྲ་ཏི་ཛཿཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་བའི་ཤ་ཁྲག་འདི༔ ཁྱུང་དམར་མེ་ཕྲེང་ཞལ་དུ་མཆོད་པ་འབུལ༔ གདོན་བགེགས་དབང་པོའི་མེ་ཏོག་འདར་ཞིང་འཁྲིགས༔ གདོན་བགེགས་ཚིལ་ཆེན་དུད་པ་འཐུལ་ཞིང་འཐིབ༔ གདོན་བགེགས་ཞག་རྐང་མར་མེ་འབར་ཞིང་འཚིག༔ གདོན་བགེགས་ཁྲག་མཁྲིས་བྱུག་པ་འཁྲུགས་ཤིང་འཁྱོམ༔ གདོན་བགེགས་ཤ་རུས་ཞལ་ཟས་སྤུངས་ཤིང་ཉིལ༔ གདོན་བགེགས་རྐང་གླིང་ཐོད་རྔ་འབར་འབེར་འུར༔ ཁྱུང་དམར་མེ་ཕྲེང་ཐུགས་དམ་བསྐངས་གྱུར་ཅིག༔ གདོན་བགེགས་འབྱུང་པོ་སྒྲོལ་བའི་ཕྲིན་ལས་མཛོད༔ བརྗིད་ལྡན་དཔལ་གྱི་གཏོར་མ་ཟངས་སེ་ཟང་༔ དམ་རྫས་བདུད་རྩི་འོད་ཕུང་ལྷགས་སེ་ལྷག༔ རཀྟའི་རྒྱ་མཚོ་ལྦུ་ཕྲེང་སྤུངས་སེ་སྤུང་༔ ཆེ་

p. 20

མཆོག་ཁྲོས་པའི་རྒྱལ་པོ་ཁྱོད་ལ་འབུལ༔ བདུད་དང་བར་ཆད་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ༔ ༀ་ཁྲོཾཿགྷ་རུ་ཎ་མ་ཧཱ་སརྦ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་གཟི་བརྗིད་འོད་དཔག་མེད༔ འགྲོ་བའི་དོན་དུ་པདྨ་ཧེ་རུ་ཀ༔ དྲག་རྩལ་ཐོགས་མེད་ཡེ་ཤེས་ཁྱུང་གི་སྐུ༔ གཏུམ་ཆེན་དཔའ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྲ་བརྟན་རང་བཞིན་ལྕགས་སྲེག་དམར་པོའི་སྐུ༔ མི་བཟད་ཁྲོས་པའི་ཁྲོ་ཆེན་རྡོ་རྗེའི་མཆུ༔ སྒྲོ་གཤོག་སྤུ་གྲིའི་རང་བཞིན་རྣོ་ངར་གཏམས༔ ཁྱུང་སྐད་ཏོང་ཏོང་ཀླུ་རྣམས་སྙིང་རྩ་འདར༔ སྣང་སྲིད་སྡེ་བརྒྱད་གདོན་ཚོགས་རྡུལ་དུ་བརླག༔ རྭ་དང་མཆུ་སྡེར་གནམ་ལྕགས་རབ་ཏུ་འབར༔ སྐུ་ལས་གནམ་ལྕགས་ཁྲོ་ཆུའི་ཞུན་ཐིགས་འཕྲོ༔ ཁྱུང་ཆེན་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁྱོད་ནི་ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱི༔ རྣམ་འཕྲུལ་བདག་ཉིད་ཡོན་ཏན་བསམ་མི་ཁྱབ༔ མཐུ་སྟོབས་དྲག་རྩལ་བྱིན་རླབས་རྫོགས་པའི་བདག༔ རྒྱལ་བས་དབང་བསྐུར་བྱིན་བརླབས་ཕོ་ཉར་བསྔགས༔ དེང་འདིར་རྣལ་འབྱོར་བདག་གིས་ཁྱོད་བསྙེན་གྱིས༔ བཅོལ་བའི་

p. 21

ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ སྔགས་དམིགས་ནི༔ ཧཱུྃ༔ རང་ཉིད་ཁྱུང་རྒོད་མེ་ཕྲེང་གི༔ ཐུགས་ཀར་ཡི་གེ་ཁྲོཾཿདམར་པོ༔ མེ་ལྕེ་འབར་ཞིང་མེ་སྟག་ཕྲོམ༔ ཚ་ལ་རྩུབ་པའི་རྣམ་པ་ཡིས༔ ལུས་ཀྱི་ནད་གདོན་ཐམས་ཅད་ཀུན༔ ན་བུན་སྔོ་དམར་རྣམ་པར་དེངས༔ ཀླུ་སྦྲུལ་ས་བདག་སྦལ་པ་དང་༔ གཉན་རྒོད་སྡིག་པ་རྭ་ཅན་གཟུགས༔ དགེ་བསྙེན་ཉ་དང་གཏོད་སྡོམ་གྱི༔ རྣམ་པར་ལུས་ཀྱི་ནང་ནས་དེད༔ བ་སྤུའི་བུ་ག་རྣམས་ནས་ཐོན༔ ཁྱུང་ཆེན་སྐུ་ཡི་མེ་ཟེར་གྱིས༔ གཞོབ་ཐུལ་བསྲེགས་ནས་དངོས་མེད་གྱུར༔ ཏིང་འཛིན་དམིགས་པ་དེ་ཡི་ངང་༔ རིག་པ་རང་བྱུང་དྲག་སྔགས་བཟླ༔ ༀ་ཁྲོཾཿགྷ་རུ་ཎ༔ ནཱ་ག་ལེ༔ དུམ་པ་ལེ༔ པ་ཏི་ཏེ༔ ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ ཛ་ཛ་ཛ༔ ཕཊ་ཕཊ་ཕཊ༔ ཅེས་བཟླས་པས་འཕྲལ་དུ་ནུས་པ་དཔག་ཏུ་མེད་པ་འབྱུང་ངོ་༔ རང་རང་བསྲུང་བ་ལ་སྒོམ་བཟླས་གཅིག་པུས་ཆོག༔ གཞན་བསྲུང་བ་ལ་ཤམ་བུར་འདི་བཏགས་ལ་བཟླའོ༔ སྤུ་ཏ་སྤུ་ཏ༔ ཙ་ལེ་ཙ་ལེ་རཀྵ་རཀྵ་སྭཱ་ཧཱ༔ བསྲུང་བྱ་རྣམས་ཁྱུང་དུ་བསྒོམ༔ ནད་གདོན་བསྲེག་པའི་དམིགས་པ་བྱ༔ ཁྱུང་གི་དྲག་སྔགས་ནི༔ ཁྱུང་ལས་མེའི་བྱ་ཁྱུང་འཕྲོས་པས༔ འབྱུང་པོ་ཐམས་ཅད་འབྲོས་པར་བསམ༔ རྡུལ་དུ་བརླགས་ཤིང་ཚར་བཅད་པར་བསམ་ལ༔ རྩ་

p. 22

སྔགས་ལ་འདི་བཏགས་ལ་བཟླའོ༔ ནཱ་ག་ར་ཙ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ སུ་མ་རཱ་ཙ༔ སུ་ནི་རཱ་ཙ༔ མ་ཙ་རཱ་ཙ༔ ཟ་ཟ་ཏྲིག་ཤྭ་ཏྲིག་ཧྲིང་༔ ཏྲི་དུ་མ་མ༔ རཀྨོ་སརྦ་བིག་ནན༔ ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཀླུ་གཉན་ས་བདག་འབྱུང་པོ་སྡེ་བརྒྱད་སྤྱི་འདུལ་གྱི་དྲག་སྔགས་མཐར་ཐུག་པའོ༔ སྔགས་ཀྱི་ངར་འདོགས་སུ་གུ་གུལ༔ དུག་སྣ་ཚོགས༔ མུ་ཟི༔ ཤ་སྣ༔ ཁྲག་སྣ་ཚོགས༔ རྒྱ་ཚིལ་ཁྱི་ལུད༔ སྤྱང་བྲུན༔ མིའི་བྲུན་རྣམས་བསྲེགས་ལ་དུ་བས་བདུག་གོ༔ དེས་ནི་སྡེ་བརྒྱད་ལ་སོགས་གདོན་རྣམས་བྲོས་ཏེ་ཚར་ཆོད་པར་འགྱུར་རོ༔ ཁྱུང་གི་ལས་མཐའ་དང་ཁ་བསྒྱུར་གྱི་རིགས་དགོས་ན་ཐུགས་སྒྲུབ་དྲག་པོའི་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ཡིག་ཚན་བཞིན་ཤེས་པར་བྱའོ༔ སྐབས་འགའ་ཞིག་ཏུ་དྲག་བསྐུལ་བྱེད་པར་འདོད་ན༔ ཤ་ཁྲག་གིས་བརྒྱན་པའི་གཏོར་མ་ལ༔ གདོན་བགེགས་འགུགས་བསྟིམ་བསྒྲལ་ཞིང་བྱིན་གྱིས་བརླབས་ལ༔ ཧཱུྃ་བྷྱོ༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་དཀྱིིལ་འཁོར་ནས༔ མ་རུངས་གདུལ་དཀའ་ཀླུ་དང་ས་བདག་ཚོགས༔ ཚར་གཅོད་རྗེས་འཛིན་ཁྲོ་ཆེན་མེ་ཡི་ཁྱུང་༔ ཁྲོཾཿལས་གྱུར་པའི་ཡེ་ཤེས་བྱ་ཁྱུང་ནི༔ མཁའ་ལྡིང་འཇིགས་བྱེད་རྒྱལ་པོ་ག་རུ་ཎ༔ གནམ་ལྕགས་ཁྲོ་ཆུ་ཞུན་མའི་ལུས་པོ་ལ༔ རྡེབ་བྱེད་མེ་ཡི་གཤོག་པ་ལྷབས་སེ་ལྷབ༔ སྣང་སྲིད་བསྐལ་པའི་དངོས་ཀུན་སྲེག་པར་བྱེད༔ འཛིན་བྱེད་རྡོ་རྗེའི་སྡེར་མོ་ལྗིབས་སེ་ལྗིབ༔ གདོན་ཚོགས་ལུས་

p. 23

ལ་འདེབས་ཤིང་སྙིང་ལ་གཟིར༔ རྡུང་བྱེད་ཆུ་ཟངས་རྭ་ནི་ཟངས་སེ་ཟང་༔ གདོན་བགེགས་གློ་སྙིང་ཕུད་ཅིང་འཛེར་བར་བྱེད༔ གསེར་གྱི་སྤྱན་མིག་འབར་བ་ཀྱི་ལི་ལི༔ ཚ་ཟེར་འོད་ཀྱིས་ཉི་ཟླའི་མདངས་རྣམས་འཕྲོག༔ རྒྱ་མཚོ་ཆེན་པོ་ཀུན་ཀྱང་གཏིང་ནས་སྐེམ༔ གནམ་ལྕགས་རྡོ་རྗེའི་མཆུ་ནི་ཐམས་སེ་ཐམ༔ དམ་ཚིག་ཉམས་པའི་ཤ་ལ་ཧབ་ཧབ་བྱེད༔ འཇིགས་པའི་གློག་དམར་ལྕེ་ནི་ལྗིབས་སེ་ལྗིབ༔ སྣང་སྲིད་གདོན་ཚོགས་སྙིང་ཁྲག་ཞལ་ལ་འདེབས༔ དུང་གི་སྤུ་གྲིའི་སོ་ནི་ཐམས་སེ་ཐམ༔ གདོན་དང་དམ་སྲིའི་རུས་པ་ཆོམ་ཆོམ་འཆའ༔ རིན་ཆེན་སྣ་ཚོགས་སྤུ་ནི་སྤྲུགས་པ་ལས༔ གནམ་ལྕགས་མཚོན་ཆའི་ཐོག་ཟེར་སྲིད་གསུམ་གཡོ༔ གདོན་དང་འབྱུང་པོའི་མགོ་སྙིང་ཡན་ལག་འཇོམས༔ ཀླུ་རིགས་སྦྲུལ་མགོ་ལྔ་ནི་ཁར་བཅུག་ནས༔ ལག་པས་བཟུང་ཞིང་རྒྱ་མཚོའི་གཏིང་ནས་འདྲེན༔ ཀྲང་ཀྲིང་སྒྲ་སྒྲོག་འཇིག་རྟེན་རླབས་ཀྱིས་བསྐྱོད༔ ཀླུ་གཉན་ས་བདག་འབུམ་ཁྲིའི་སྙིང་རྩ་འགས༔ གཟའ་བརྒྱད་དངངས་ཤིང་ཀླུ་བརྒྱད་ལས་ལ་འཁོལ༔ རྒྱལ་བསེན་

p. 24

འདྲེ་མོའི་སྙིང་ཁྲག་ཁ་ནས་ཕོ༔ བྱད་མ་རྦོད་གཏོང་ས་ལ་སྲེ་ཞིང་འཐག༔ གཤོག་པ་གཡས་པས་རི་རབ་ཐལ་བར་བཤིག༔ ཚངས་པ་ལྷ་ཡི་འདུན་ས་རྣམས་ཀྱང་གཏོར༔ གཤོག་པ་གཡོན་པས་ཉི་ཟླ་ཐང་ལ་འཕེན༔ གནམ་ས་བར་སྣང་རྡུལ་དང་མུན་པར་བྱེད༔ ཐུགས་ལས་རང་འདྲའི་ཁྱུང་ཆེན་བུ་ཡུག་འཚུབས༔ ཕྱོགས་སྐྱོང་གདོན་ཚོགས་མ་ལུས་ཆམ་ལ་འབེབས༔ སྐུ་ཡི་བ་སྤུ་བུ་ག་ཐམས་ཅད་ནས༔ གནམ་ལྕགས་ཁྲོ་ཆུའི་ཞུན་ཐིགས་ཆར་པ་འབེབས༔ མཐུ་ཆེན་སྟོབས་ལྡན་གདོན་གྱི་གཟུགས་ཕུང་བཤིག༔ འབར་བའི་ཁྱུང་ཆེན་འགུལ་བསྐྱོད་ལྡིང་བ་ལས༔ མེ་ལྕེ་ལྷབ་ལྷབ་མེ་སྟག་ཕྲོམ་ཕྲོམ་འཁྲུགས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་མེ་རུ་འབར་༔ མཁའ་ལྡིང་ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་བདག་གི་སྔོན་གྱི་དམ་ཚིག་གིས༔ ཀླུ་སྲིན་ས་བདག་སྡེ་བརྒྱད་འདུལ་བའི་ཕྱིར༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་པོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བསྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་བསྒྲུབ་བོ་མཐུ་མ་ཆུང་༔ གདོན་བགེགས་

p. 25

སྒྲོལ་བའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ཁྲོ་ཆེན་སྤྲུལ་པའི་ཁྱུང་རྒོད་མེ་ཕྲེང་ནི༔ རབ་འབྱམས་ཁྲོ་ཚོགས་ཀུན་གྱི་དབུ་ལ་ལྡིང་༔ ནམ་མཁའི་ཁམས་རྣམས་ཁྱབ་པར་འཕུར་ཞིང་འཕྲོ༔ རྫུ་འཕྲུལ་མཐུ་སྟོབས་རི་རབ་ཐལ་བར་བརླགས༔ དཔལ་ཆེན་ཁྲོ་བོ་ཀུན་དང་གཉིས་སུ་མེད༔ དགྲ་བགེགས་གཤེད་ཆེན་བྱ་ཁྱུང་རྒྱལ་པོ་ཡིས༔ རྒྱལ་རིགས་དཀར་པོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ རྗེའུ་རིགས་སེར་པོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ བྲམ་ཟེ་དམར་པོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་

p. 26

ཏུ་གསོལ༔ དམངས་རིགས་ལྗང་གུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ གདོལ་པ་ནག་པོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ ས་བདག་ས་སྲིན་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ ཆུ་བདག་ཆུ་འདྲེ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ གཉན་རྒོད་དྲག་པོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ ལྷོག་པ་སྤུན་དགུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ གཏོད་དང་གཟེད་རྣམས་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་

p. 27

ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ ནད་བདག་རིམས་བདག་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ མོ་འདྲེ་བསེན་མོ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ གནོད་བྱེད་སྡེ་བརྒྱད་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ ཐེའུ་རང་སྤུན་དགུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ འགོང་པོ་སྤུན་དགུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ རྒྱ་འདྲེ་སྤུན་དགུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ དམ་སྲི་སྤུན་དགུ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་གསོལ༔ དམ་མེད་ཤི་འདྲེ་འདུལ་བའི་དུས་ལ་བབ༔ ལུས་སེམས་ཕྲོལ་ལ་ཤ་ཁྲག་དོན་སྙིང་བཞེས༔ གནོད་བྱེད་གདོན་ཚོགས་མ་ལུས་བསྲེག་ཏུ་

p. 28

གསོལ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་དྲག་རྩལ་གྱིས༔ གནོད་ཅིང་འཚེ་བའི་གདོན་བགེགས་འདི་རྣམས་ཀྱི༔ རྣམ་སྨིན་གཟུགས་ཕུང་གནམ་ལྕགས་མཚོན་ཆས་ཤིག༔ མཐུ་སྟོབས་རྫུ་འཕྲུལ་དབང་དུ་སྡུས་ལ་ཕྲོགས༔ ཤ་ཁྲག་དོན་སྙིང་ལྷག་མ་མེད་པར་བཞེས༔ རྩ་ལག་སྡེ་དཔུང་མ་ལུས་རྩད་ནས་ཆོད༔ ཆེ་མཆོག་སྤྲུལ་པའི་ཁྱུང་ཆེན་དུས་ལ་བབ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ དབང་དྲག་ཁྲོས་པའི་ཁྱུང་ཆེན་དུས་ལ་བབ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ རིགས་གསུམ་སྤྲུལ་པའི་ཁྱུང་ཆེན་དུས་ལ་བབ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ ཁྲོ་འདུས་སྤྲུལ་པའི་ཁྱུང་ཆེན་དུས་ལ་བབ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ ཕོ་ཉ་ལས་

p. 29

མཁན་ཁྱུང་ཆེན་དུས་ལ་བབ༔ དུས་ལ་བབ་པོ་དྲག་པོའི་ཕྲིན་ལས་མཛོད༔ གདོན་དང་ལྟས་ངན་ཆོ་འཕྲུལ་རྡུལ་དུ་རློགས༔ དུག་གསུམ་ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ ཞི་རྒྱས་དབང་དང་མངོན་སྤྱོད་དྲག་པོའི་ལས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡ༔ རྔ་དང་རྐང་གླིང་གི་སྒྲ་སྒྲོགས༔ སྤོས་དང་ཤ་ཆེན་བསྲེག༔ ང་རོ་དང་དྲག་པོས་བསྐུལ་ཞིང་བསྟོད༔ དྲག་པོའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ གཏོར་མ་གདོན་གྱི་ཤ་ཁྲག་ཏུ་དམིགས་ནས་ཁྱུང་ལ་དམར་གཏོར་བྱིན་ན་རྦད་བསྐུལ་དུ་འགྱུར༔ གཏོར་མ་ཁྱུང་གི་དམག་ཚོགས་སུ་དམིགས་ནས་བརྡེགས་ན་བཟློག་པ་ཟོར་གྱི་ལས་སུ་འགྱུར་རོ༔ རཏྣའི་ཐུགས་སྒྲུབ་དྲག་པོའི་བསྟོད་བསྐུལ་རྣམ་རྒྱལ་འབར་མའི་ཁྱུང་གི་བསྐུལ་བ་རྒྱ་གཞུང་ལ་འགྲེལ་འཕྱོངས་སུ་བཏབ་པ་འདི་ཤིན་ཏུ་གཉན་ཞིང་ཟབ་པར་མཆིས་སོ༔ རྗེས་ཀྱི་རིམ་པ་བསྡུ་རིམ་ནི༔ ཧཱུྃ༔ ཁྲོ་ཆེན་དྲག་པོ་ཁྱུང་གི་སྐུར་བཞེངས་ནས༔ ལྷ་སྔགས་ཏིང་འཛིན་འཕྲོ་འདུའི་ཀུན་རྫོབ་རྣམས༔ རིམ་བསྡུས་རིམ་ཡལ་བར་སྣང་བཞིན་དུ་དག༔ དོན་དམ་ཆོས་ཉིད་རྫོགས་པའི་ཀློང་དུ་ཐིམ༔ ཨ་ཨ༔ དབང་ཆེན་རྣམ་འཕྲུལ་ཁྱུང་ཆེན་བསྒྲུབས་པ་ཡིས༔ ནག་པོ་བདུད་ཚོགས་བཅོམ་པའི་དགེ་བ་འདིས༔ བདག་སོགས་

p. 30

འགྲོ་ཀུན་བདུད་ལས་རྣམ་རྒྱལ་ཏེ༔ མཐར་ཐུག་རྣམ་མཁྱེན་གོ་འཕང་ཐོབ་གྱུར་ཅིག༔ བཀྲ་ཤིས་བརྗོད་པ་ནི༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ ཚད་མེད་ཐུགས་རྗེ་ཆེན་པོའི་ཡོན་ཏན་ལས༔ སྣང་སྲིད་འཇིགས་བྱེད་ཁྱུང་ཆེན་སྐུར་སྤྲུལ་པ༔ ཡེ་ཤེས་ཁྲོ་བོ་མཆོག་གི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་ཅི་རིགས་པ་བརྗོད༔ ཨེ་མ་ཁྱུང་དམར་མེ་ཕྲེང་གི༔ སྒྲུབ་ཐབས་གནམ་ལྕགས་ཐོག་རྒོད་ཀྱི༔ ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདི༔ བྱིན་རླབས་ནུས་མཐུ་ཐོགས་པ་མེད༔ སྙིགས་མའི་མཐའ་ལ་ཀླུ་སྲིན་དར༔ ནག་ཕྱོགས་གདོན་བགེགས་དེ་དང་བསྡོངས༔ གཟུགས་ཅན་གཟུགས་མེད་ཀུན་ཏུ་སྤྲུལ༔ བསྟན་དང་འགྲོ་ལ་བར་ཆད་རྩོམ༔ དེ་དག་འདུལ་དང་གཞོམ་པའི་ཕྱིར༔ སྒྲུབ་ཐབས་འདི་ཉིད་གནད་དུ་བསྣུན༔ ནུས་མཐུ་འཕྲལ་དུ་མ་བྱུང་ན༔ ལས་རབ་བདག་གིས་བསླུས་པར་ཟད༔ ཨོ་རྒྱན་བཀའ་ཡིས་བསླུ་མི་སྲིད༔ ཀླུ་གཉན་གཅིག་པུར་མ་ཟད་པའི༔ གདོན་བགེགས་ཀུན་གྱི་གཤེད་པོ་ཡིན༔ སྦྱིན་བདག་དད་པས་བསྐུལ་བ་དང་༔ དུས་ལ་བབ་པར་རིགས་ནས་སུ༔ གསང་སྔགས་ཟབ་མོའི་ལམ་རིམ་བཞིན༔ གནད་ལ་གནད་བསྲེས་འདི་ཉིད་བཤད༔ དགེ་བས་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ ཨྠྀི༔ ཞེས་པ་འདི་ཡང་ས་སྐྱོང་ཆེན་མོ་ཚེ་དབང་ལྷ་མོས་བསྐུལ་བ་ལ་བརྟེན་ནས་རྡོར་སེམས་སྙིང་ཐིག་དུས་ཁྱུང་དམར་དུ་གྱུར་པ༔ ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དུས་ཐུགས་སྒྲུབ་དྲག་པོའི་རིགས་བདག་དང་ཁྱུང་དམར་ཞལ་གཟིགས་བྱུང་བས་སྒྲུབ་ཐབས་འབེབས་པའི་དུས་བབ་ཏུ་རིག་ནས་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་གསལ་བར་ཕབ་པའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བགྱིས་པ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

p. 31

࿅༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་རྒྱུན་ཁྱེར་བཞུགས་སོ༔ བླ་མ་དང་ནི་ཡེ་ཤེས་ཁྱུང་༔ ཁྱེད་ལ་གུས་པས་སྐྱབས་སུ་མཆི༔ གདོན་བགེགས་མ་ལུས་ཚར་བཅད་ནས༔ གཞན་དོན་བསྒྲུབ་ཕྱིར་སེམས་བསྐྱེད་དོ༔ སྟོང་ཞིང་སྙིང་རྗེའི་ངང་ཉིད་ལས༔ རང་རིག་ཡི་གེ་ཁྲོོཾཿདམར་པོ༔ འོད་ཟེར་འཕྲོས་པས་ཀླུ་གཉན་དང་༔ ས་བདག་གདུག་ཅན་ཀུན་ཚར་བཅད༔ ཚུར་འདུས་བདག་ཉིད་ཁྲོ་རྒྱལ་ཁྱུང་༔ སྐུ་ནི་དམར་པོ་མེ་ཡི་མདོག༔ གཤོག་པ་གཡུ་ལས་འཇའ་འོད་འཁྲུགས༔ མཆུ་དང་སྡེར་མོ་གནམ་ལྕགས་འབར༔ སྤྱི་བོར་ནོར་བུའི་རྒྱན་གྱིས་བརྒྱན༔ སྦྲུལ་རིགས་ལྔ་ཡི་མགོ་བོ་ནི༔ ཁར་བཅུག་རྣམ་པའི་སྟབས་ཀྱིས་ཟ༔ ཐུགས་ཀར་ཁྲོོཾཿལས་མེ་འབར་བས༔ ནང་གི་ནད་གདོན་ཕྱིར་དེད་བསྲེགས༔ སྐུ་ལུས་མེ་འོད་ཕྱོགས་བཅུར་འཕྲོས༔ ཕྱི་ཡི་ནད་གདོན་བསྲེགས་ནང་སྦྱངས༔ ཁྱུང་སྐད་ཏོང་ཏོང་སྒྲ་བཏོན་པས༔ ཀླུ་གཉན་ས་བདག་སྙིང་འདར་འབོག༔ བདག་ཉིད་ཕྱོགས་བཅུའི་དུས་གསུམ་གྱི༔ ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱི༔ མཐུ་སྟོབས་རྫོགས་པའི་ང་རྒྱལ་ངང་༔ ༀ་ཁྲོོཾཿགྷ་རུ་

p. 32

ཎཿནཱ་ག་ཁྲོོཾཿརུམ་པ་ལེ༔ པཱ་ཏཾ་ཏེཿཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ ཛ་ཛ་ཛ༔ ཕཊ་ཕཊ་ཕཊ༔ གཞན་དོན་བྱེད་ན་རྩ་སྔགས་ཤམ་བུར༔ ཡུ་ཏ་ཡུ་ཏ༔ ཙ་ལེ་ཙ་ལེ༔ རཀྵ་རཀྵ་སྭཱ་ཧཱ༔ ཁྱུང་དམར་དྲག་སྔགས་འབྱུང་པོ་འུར་དེད་འདི༔ རྩ་སྔགས་ཀྱི་ཤམ་བུར༔ ནཱ་ག་ར་ཙ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ སུ་མ་ར་ཙ༔ སུ་མ་ར་ཙ་ནི༔ མ་ཙ་ར་ཙ༔ ཟ་ཟ་ཏྲིག་ཤྭ་ཏྲིག་ཧྲིང་༔ ཏྲི་རུ་མ་མ་རག་མོ་སརྦ་བིགྣན་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཁྱད་པར་དགོས་དུས་མ་གཏོགས་དྲག་སྔགས་མ་བཟླས་ཀྱང་ཆོག༔ སྔགས་ཆུ་དང་ཁྱུང་རིལ་རྣམས་སྒྲུབ་ན་དང་པོ་དེ་དག་ཁྱུང་ལ་བསྐྱེད་ནས་སྔགས་ནུས་ལྡན་དུ་བསྙེན་ནས་ཕུ་ཡིས་འདེབས་ཤིང་མཐར་ལྷ་ཞུ་བསྟིམ་བྱའོ༔ བསྐྱེད་རིམ་རང་མདངས་འཇའ་ལྟར་ཡལ༔ རྫོགས་རིམ་མི་དམིགས་བློ་འདས་ངང་༔ དགེ་བས་འགྲོ་ཀུན་བར་ཆད་བྲལ༔ བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག༔ ཁྱུང་དམར་བསྡུས་དོན་སྒྲུབ་ཐབས་ཀྱི༔ གནད་ཡིག་ཁུར་བདེ་བཀོད་པ་འདི༔ ལས་རབ་རྩལ་གྱིས་ཡི་གེར་བཀོད༔ ཉམས་སུ་ལོངས་དང་བྱིན་རླབས་ཡོད༔ མངྒ་ལཾ༔

p. 33

࿅༔ གང་ཞིག་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི་གཏེར་ཆེན་རཏྣ་གླིང་པའི་ཐུགས་སྒྲུབ་དྲག་པོའི་རིགས་བདག་ཁྱུང་གི་སྒྲུབ་ཐབས་རིག་རྩལ་ཐོགས་མེད་གླིང་པའམ་དཔའ་བོ་ལས་རབ་རྩལ་ལ་ཡང་གཏེར་དག་སྣང་དུ་བབ་པ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དབང་བསྐུར་སྐབས་སུ་བབ་པ་སྟེ། དེ་ཡང་གཞུང་ལས། ཨེ་མ་ཁྱུང་དམར་མེ་ཕྲེང་གི༔ སྒྲུབ་ཐབས་གནམ་ལྕགས་ཐོག་རྒོད་ཀྱི༔ ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདི༔ བྱིན་རླབས་ནུས་མཐུ་ཐོགས་པ་མེད༔ སྙིགས་མའི་མཐའ་ལ་ཀླུ་སྲིན་དར༔ ནག་ཕྱོགས་གདོན་བགེགས་དེ་དང་བསྡོངས༔ གཟུགས་ཅན་གཟུགས་མེད་ཀུན་ཏུ་སྤྲུལ༔ བསྟན་དང་འགྲོ་ལ་བར་ཆད་བརྩམ༔ དེ་དག་འདུལ་དང་གཞོམ་པའི་ཕྱིར༔ སྒྲུབ་ཐབས་འདི་ཉིད་གནད་དུ་བསྣུན༔ ནུས་མཐུ་འཕྲལ་དུ་མ་བྱུང་ན༔ ལས་རབ་བདག་གིས་བསླུས་པར་ཟད༔ ཨོ་རྒྱན་བཀའ་ཡིས་བསླུ་མི་སྲིད༔ ཀླུ་བཙན་གཅིག་པུར་མ་ཟད་པའི༔ གདོན་བགེགས་ཀུན་གྱི་གཤེད་པོ་ཡིན༔ སྦྱིན་བདག་དད་པས་བསྐུལ་བ་དང་༔ དུས་ལ་བབ་པ་རིག་ནས་སུ༔

p. 34

གསང་སྔགས་ཟབ་མོའི་ལམ་རིམ་བཞིན༔ གནད་ལ་གནད་སྤྲད་འདི་ཉིད་བཤད༔ ཅེས་དང་། འདི་ས་སྐྱོང་ཆེན་མོ་ཚེ་དབང་ལྷ་མོས་བསྐུལ་བ་ལ་བརྟེན་ནས། རྡོར་སེམས་སྙིང་ཐིག་དུས་ཁྱུང་དམར་དུ་གྱུར་པ། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དུས་ཐུགས་སྒྲུབ་དྲག་པོའི་རིགས་བདག་ཁྱུང་དམར་ཞལ་གཟིགས་བྱུང་བའི་སྒྲུབ་ཐབས་འབེབས་པའི་དུས་བབ་ཏུ་རིག་ནས་གསལ་བར་བཀོད་པ་གསུངས་པའི་ཟབ་ཆོས་དེ་ཉིད་ཀྱི་སྨིན་བྱེད་ཀྱི་རིམ་པར་བགྱི་བ་བདག་རྡོ་རྗེ་སློབ་དཔོན་གྱི་སོགས། ལས་རབ་རྩལ་གྱིས་སོ།། །།

ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ།

p. 35

࿅༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་བཞུགས༔

p. 36

པདྨ་ཧེ་རུ་ཀ་དང་སྤྲུལ་པའི་ཁྱུང་ལ་ཕྱག་འཚལ་ལོ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་ནི༔ སྟེགས་དམར་པོའི་ཁར་དཀྱིལ་འཁོར་འབྲི་བའམ༔ ཡང་ན་འབྲུའི་ཚོམ་བུ་བཀོད༔ གཏོར་མ་ཁྱུང་སྐུ་དར་གདུགས་དང་བཅས་པ་སོགས་མཁོ་བའི་ཡོ་བྱད་རྣམས་བཤམ༔ གཞུང་བསྲང་༔ སྔགས་ཀྱིས་ནུས་ལྡན་དུ་བསྒྲུབ༔ ལས་ཀྱི་བུམ་པ་བདུད་རྩི་འཁྱིལ་པའི་ལྷ་སྔགས་ཀྱིས་བསྒྲུབ༔ ཁྲུས་བྱས་བགེགས་བསྐྲད༔ ལོ་རྒྱུས་བརྗོད༔ སློབ་མས་མཎྜལ་འབུལ་ལ༔ གསོལ་བ་གདབ་པ་ནི༔ ཀྱེ༔ བླ་མ་དབང་ལྡན་རྡོ་རྗེ་འཛིན༔ ཐབས་ལ་མཁས་པའི་བདག་ཉིད་ཀྱིས༔ ཡེ་ཤེས་མཁའ་ལྡིང་སྐུར་སྟོན་པ༔ ཁྱེད་ཀྱི་རྗེས་སུ་བདག་འཇུག་གིས༔ བྱིན་རླབས་གནང་བ་བསྩལ་དུ་

p. 37

གསོལ༔ ལན་དུ༔ སངས་རྒྱས་ཐབས་མཁས་རྨད་བྱུང་བས༔ འགྲོ་བ་སྒྲོལ་བའི་ཆོ་འཕྲུལ་སྟོན༔ རྨོངས་པ་ཞེ་ནག་དུད་འགྲོའི་རིགས༔ ཀླུ་སོགས་དུག་ལྔས་བསྐྱེད་པའི་བདག༔ གདོན་བགེགས་མ་ལུས་ཚར་གཅོད་པའི༔ ཁྱུང་གི་བྱིན་རླབས་ཁྱོད་ལ་སྦྱིན༔ དམ་ཚིག་ཡང་དག་བསྲུང་དགོས་སོ༔ དེ་ནས་སྐྱབས་སེམས་འབོག༔ ཡེ་ཤེས་པ་དབབ་པ་ནི༔ ལས་བུམ་གྱི་ཆུ་འཐོར་ཞིང་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་སློབ་མའི་སེམས་ཉིད་ངོ་བོ་ཁྲོཾཿདམར་པོ་ལས་འོད་ཟེར་འཕྲོས༔ ཀླུ་གཉན་ས་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་

p. 38

འདུས་ཡོངས་སུ་གྱུར་པ་ལས་བྱ་ཁྱུང་དམར་པོ་མེ་ཡི་རང་བཞིན་ཅན་གཤོག་པ་གཡུ་དང་རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ༔ སྤྱི་བོར་ནོར་བུས་བརྒྱན་པ༔ སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་ནས་ཟ་བ༔ རྔམ་བརྗིད་འཇིགས་སུ་རུང་ཞིང་བལྟར་མི་བཟོད་པ༔ ལུས་ལ་མེ་འོད་དང་མེ་སྟག་གི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ་བ༔ ཏོང་ཏོང་གི་སྒྲ་སྒྲོག་པས་ཀླུ་གཉན་ས་བདག་གདོན་བགེགས་ཐམས་ཅད་སྙིང་འདར་བར་བྱེད་པའི་བདག་ཉིད་ཅན༔ དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཁྱུང་དམར་མེ་ཕྲེང་གི་ཚོགས་དཔག་ཏུ་མེད་པ་ཆར་ལྟར་དུ་བབས་ཏེ་སློབ་མ་ལ་ཐིམ་པར་གྱུར༔ པར་བསམས་ཏེ༔ གུ་གུལ་གྱིས་བདུག་ཅིང་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་བྱ༔ ཏིཥྛ་བཛྲ༔ གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཁྲོ་རྒྱལ་ཀུན་གྱི་རྣམ་འཕྲུལ་ཏེ༔ ཡེ་ཤེས་བྱ་ཁྱུང་ག་རུ་ཎ༔ གནམ་ལྕགས་མཆུ་སྡེར་ངུར་མོའི་དབལ༔ ཀླུ་དང་གཉན་སོགས་འཇོམས་པར་བྱེད༔ བུ་ཁྱོད་ལུས་ལ་དབང་བསྐུར་བས༔ བར་ཆད་བདུད་ལས་རྒྱལ་བར་ཤོག༔

p. 39

ༀ་ཁྲོཾཿག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱུང་གི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཁྲོ་རྒྱལ་སྤྲུལ་པ་ག་རུ་ཎ༔ ཀླུ་དང་ས་བདག་འདུལ་བའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ གྷ་རུ་ཎ་ཡི་དབང་ཐོབ་ཤོག༔ ༀ་ཁྲོཾཿགྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཧཱུྃ༔ དམ་ཚིག་མཆོག་གི་ཕྲེང་བ་འདི༔ ཁྱུང་དམར་སྔགས་ཀྱི་ངོ་བོ་ཉིད༔ བྱིན་རླབས་འོད་ཀྱི་ཚྭ་ཚྭ་འཕྲོ༔ བུ་ཁྱོད་མགྲིན་པར་སྦྱིན་པ་ཡིས༔ རྩ་ཁམས་སྔགས་དང་ཟེར་གྱིས་ཁྱབ༔ ནད་གདོན་བར་ཆད་ཐམས་ཅད་བསྲེགས༔ རྩ་སྔགས་བརྗོད༔ ཁྲོཾཿཡིག་བརྡ་ཡིག་གམ་ལཉྫ་གསེར་གྱིས་བྲིས་པ་སྙིང་གར་གཏད༔ ཧཱུྃ༔ ཁྱུང་ཆེན་ཐུགས་སྲོག་ཡི་གེ་ཁྲོཾ༔ སྤྲོས་པས་སྣང་སྲིད་མེ་ཡིས་བསྲེགས༔ བསྡུས་པས་ཕུང་ཁམས་མེ་ཟེར་འབར༔ བུ་ཁྱོད་སེམས་ལ་དབང་བསྐུར་བས༔ དངོས་འཛིན་གཉིས་སྣང་ཀུན་སྦྱངས་ནས༔ ཁྱུང་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གདོན་རྣམས་ཀྱི་གཟུགས་བརྙན་བསྡམས་ནས་སྦྱིན་ལ༔ ཧཱུྃ༔ བུ་ཁྱོད་ཁྲོ་རྒྱལ་ཁྱུང་གི་སྐུ༔ འཇིགས་བྱེད་རྒྱལ་པོ་ཆེན་པོ་ཡིན༔ ཀླུ་རིགས་ལྔ་ནི་སྦྲུལ་གྱི་

p. 40

གཟུགས༔ ས་བདག་རྣམས་ནི་སྦལ་པ་སྟེ༔ གཉན་རྒོད་སྡིག་པ་དགེ་བསྙེན་ཉ༔ སྟོད་རྣམས་སྡོམ་གྱི་རྣམ་པ་ཅན༔ འདི་དག་རྣམས་ཀྱི་སྲོག་ཕྲོགས་ལ༔ ཁྱུང་ཆེན་ཁྲོས་པའི་བརྟུལ་ཞུགས་ཀྱིས༔ ཟངས་ཀྱི་རྭ་ཅོས་རྡུང་བར་གྱིས༔ རྡོ་རྗེའི་མཆུ་ཡིས་རྨུག་པར་གྱིས༔ གནམ་ལྕགས་སྡེར་མོས་སྡོམ་པར་གྱིས༔ མེ་ཡི་གཤོག་པས་རྡེབ་པར་གྱིས༔ ལུས་སེམས་སྲོག་དབུགས་ཕྲལ་བྱས་ནས༔ དོན་སྙིང་ཞལ་དུ་གསོལ་ནས་ཀྱང་༔ ལྡང་བ་མེད་པར་ཞབས་སུ་ནོན༔ དྲེགས་ཚོགས་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས་སརྦ་བིགྣན་ནཱ་ག་མ་ཏཱ་ཡ་སྟྭཾ་བྷ་ཡ་ནན་ནན༔ གཏོར་མ་ཐོགས་ལ༔ ཧཱུྃ༔ དམ་རྫས་དཔལ་གྱི་གཏོར་ཆེན་འདི༔ འཇིགས་བྱེད་ཁྱུང་ཆེན་དམར་པོའི་སྐུ༔ ཁྱུང་གི་ཚྭ་ཚྭ་ཐོ་རོ་རོ༔ དྲག་པོའི་མེ་འབར་ལྷབས་སེ་ལྷབ༔ མེ་སྟག་ཚ་ཟེར་ཕྲོམས་སེ་ཕྲོམ༔ རྡོ་རྗེའི་སེར་ཆེན་ཁྲ་ལ་ལ༔ མར་མེ་གཅིག་ལས་གཉིས་ཆད་ཚུལ༔ སྐལ་ལྡན་བུ་ཡི་ལུས་ལ་ཐིམ༔ ནད་གདོན་བར་ཆད་བསྲེགས་གཏོར་སྦྱངས༔ བགེགས་འདུལ་ཁྱུང་ཆེན་འབར་བ་ཡི༔ ཡོངས་རྫོགས་བྱིན་རླབས་དབང་

p. 41

ཐོབ་ཤོག༔ རྩ་སྔགས་བྷ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་པ་བརྗོད་ཅིང་རྗེས་ཀྱི་རིམ་པ་རྣམས་བྱའོ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི༔ བྱིན་རླབས་དབང་གི་རིམ་པ་ཟབ་ཅིང་གཉན་པ་ལས་རབ་རྩལ་གྱིས་བརྗོད་པ་མངྒ་ལཾ༔

ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་མཚམས་སྦྱོར་བཅས།

p. 42
p. 43

࿅༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་མཚམས་སྦྱོར་བཅས་བཞུགས༔

p. 44

པདྨ་གསང་སྔགས་སྤྲུལ་བའི་ཁྱུང་ལ་ཕྱག་འཚལ་ལོ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་བྱིན་རླབས་དབང་གི་རིམ་པ་ནི༔ སྟེགས་དམར་པོའི་ཁར་དཀྱིལ་འཁོར་བྲི་བའམ༔ ཡང་ན་འབྲུའི་ཚོམ་བུ་བཀོད༔ གཏོར་མ་ཁྱུང་སྐུ་དང་དར་གདུགས་དང་བཅས་པ་སོགས་མཁོ་བའི་ཡོ་བྱད་རྣམས་བཤམས༔ གཞུང་བསྲང་༔ སྔགས་ཀྱིས་ནུས་ལྡན་དུ་བསྒྲུབ༔ ལས་ཀྱི་བུམ་པ་བདུད་རྩི་འཁྱིལ་པའི་ལྷ་སྔགས་ཀྱིས་བསྒྲུབ༔ ཁྲུས་བྱ་བགེགས་བསྐྲད༔ དྲི་མེད་དག་པ་ཡེ་ཤེས་ཆུ་འདིས་ནི། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་སྦྱངས་ཏེ། །སློབ་མའི་ལུས་ངག་ཡིད་གསུམ་སྒྲིབ་དག་ནས། །དབང་བཞི་ཡོངས་རྫོགས་སྣོད་དུ་རུང་བར་ཤོག །ཅེས་དང་། ༀ་བཛྲ་ས་ཏྭ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་བཀྲུས།

p. 45

བགེགས་གཏོར་བཤམས་ལ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ལས་གཏོར་མ་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ༀ་ཨཱཿཧཱུྃ་ཧོཿགསུམ། ༀ་སརྦ་བིགྣན་ཨ་ཀརྵྱ་ཛ་ཛཿབགེགས་གཏོར་རྐང་གླིང་དྲིལ་གསིལ་བཏང་ཞིང་ༀ་སརྦ་བིགྣན་གསུམ། ན་མཿསརྦ་ཏ་ཐཱ་སོགས་གསུམ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་

p. 46

གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་བྱིན་རླབས་ཀྱིས་དེང་འདིར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་ས་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག་གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ༀ་སུཾ་བྷ་ནི་སོགས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དྲ་བ་ར་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་སུས་ཀྱང་མི་ཤིགས་པའི་གུར་དུ་གྱུར་པའི་མོས་པ་མཛོད། བཛྲ་རཀྵ་རཀྵ། ལོ་རྒྱུས་བརྗོད། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་

p. 47

སྙམ་པའི་མོས་འདུན་དང་བཅས་ཏེ་ཉན་འཚལ། དེ་ལྟ་བུའི་ཐར་པ་བྱང་ཆུབ་སྒྲུབ་པའི་ལམ་གྱི་མཐུན་རྐྱེན་སྤེལ་ཞིང་འགལ་རྐྱེན་སེལ་བའི་ཆེད་དུ་ལྷག་པའི་ལྷ་ཡེ་ཤེས་ཀྱི་སྲུང་མ་ཁྱད་པར་ཅན་ཞིག་བསྟེན་དགོས་ཏེ། དེ་ལ་ད་ལམ་སྐབས་སུ་བབ་པ་འདི་ལའང་དྲང་དོན་ལྟར་ལོ་རྒྱུས་ཀྱི་བཤད་སྲོལ་མང་ཡང་། ངེས་པའི་དོན་དུ་ཕྱོགས་དུས་ཀྱི་བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱི་ཡོན་ཏན་གྱི་ནུས་མཐུ་བྱིན་རླབས་དྲག་རྩལ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་སྟོབས་ལྡན་ཡེ་ཤེས་ཀྱི་བྱ་ཁྱུང་འབར་བ་འདི་ཉིད་བསྒྲུབ་པའི་ཐབས་ཚུལ་གསར་རྙིང་བཀའ་གཏེར་དག་སྣང་སྲོལ་ཁ་དུ་མ་ཞིག་མཆིས་པ་ལས། འདི་ཉིད་དེ་དག་ཀུན་ལས་ཁྱད་པར་འཕགས་པ་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་ལང་གྲོ་ལོ་ཙཱ་དང་མཁར་ཆེན་མཚོ་རྒྱལ་སོགས་ལས་ལྡན་གྱི་རྗེ་འབངས་རྣམས་ལ་ཡང་ཟབ་ཏུ་གདམས་པ་སྟེ། ཇི་སྐད་དུ། མི་བརྗེད་གཟུངས་ཐོབ་བདག་འདྲ་མཚོ་རྒྱལ་གྱིས༔ གུ་རུ་རྗེ་ལ་ནན་དུ་བཀའ་ལུང་ཞུས༔ ཁྱུང་དམར་

p. 48

མེ་ཕྲེང་ཐོག་རྒོད་སྒྲུབ་པ་འདི༔ བླ་མ་དྲག་པོའི་ལས་ཚོགས་དག་ཏུ་བཀོད༔ ཅེས་དང་། དེ་ལྟར་ཁྱུང་སྒྲུབ་ལས་ཚོགས་བཅས༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ མ་འོངས་དུས་ཀྱི་ཐ་མ་ལ༔ ལས་ཅན་གཅིག་དང་འཕྲད་ནས་ཀྱང་༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ ཅེས་གསུངས་པའི་མན་ངག་དམ་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྙིགས་དུས་ཀྱི་འགྲོ་ལ་སྙིང་བརྩེ་ཕྱིར་ཐུགས་སྒྲུབ་དྲག་པོ་གནམ་ལྕགས་མེ་ཕྲེང་འཁོར་ལོའི་ཆ་ལག་ཐེམ་མེད་གབ་པའི་ཆོས་སྐོར་དུ་ཟབ་ཤོག་གསང་བའི་ངོས་ལ་མཁའ་འགྲོའི་བརྡ་ཡིག་ཏུ་བྲིས་ཏེ་རིན་ཆེན་གསེར་གྱི་དོང་རྩེ་ཅན་གྱི་སྒྲོམ་བུར་བཅུག་ནས། ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་གཏེར་དུ་སྦས་པ་དུས་ཕྱིས་སྙིགས་མ་ལྔ་བཅུ་ཁ་རལ་གྱི་ཚེ་སྤྲུལ་པའི་སྐྱེས་མཆོག་རཏྣ་གླིང་པས་གཏེར་ནས་སྤྱན་དྲངས་ཤིང་འགྲོ་དོན་ཕྱོགས་མེད་དུ་སྤེལ་བ་ལས། དེང་སྐབས་རྩུབ་འགྱུར་ཆེས་སྙིགས་དུས་ཀྱི་ཟབ་ཆོས་སྤྱི་དང་བྱེ་བྲག་གམ་ནུས་པ་ཅུང་ཟད་ཉམས་པའི་ཚེ་གཏེར་ཆེན་རཏྣ་ཉིད་བསམ་བཞིན་མིའི་ཟོལ་བཟུང་བ་རིག་

p. 49

འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་དུ་གྲགས་པ་གང་དེར་རྟེན་འབྲེལ་མཆོག་ཏུ་འགྲིགས་ན་ཟབ་གཏེར་རྒྱ་མཚོ་ལྟ་བུ་ལ་དབང་བསྒྱུར་ཞིང་། འགྲོ་དོན་གོང་མ་ལས་ལྷག་པར་འབྱུང་གསུངས་ཀྱང་། དེ་ལྟར་གྱི་གནད་ཅུང་ཟད་འཕྱུགས་པས་ཆོས་དང་དག་སྣང་བཀའ་བབ་ཀྱི་ཚུལ་དུ་བྱུང་ཞིང་ཐུགས་གཏེར་དགོངས་པའི་ཀློང་རྡོལ་བ་ལས། ད་ལམ་གྱི་སྐབས་སུ་བབ་པ་འདི་ཉིད་ལྟར་ན་རྡོར་སེམས་སྙིང་ཐིག་གི་ལོ་རྒྱུས་བཞིན་རྗེ་ཉིད་ཁྱུང་དམར་དུ་གྱུར་ནས་ཀླུ་གདོན་གདུག་པ་ཅན་བཏུལ་བ་དང་། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་དག་སྣང་སྐབས་ཐུགས་སྒྲུབ་དྲག་པོའི་ཁྱུང་དམར་འཇིགས་སུ་རུང་བ་ཞིག་གི་དབང་བསྐུར་རིགས་བདག་བཞུགས་པའི་ཞལ་མངོན་སུམ་དུ་གཟིགས་པ་སོགས་དང་། གོང་སྨྲོས་ཟབ་གཏེར་ལ་རྣོ་སོ་ངར་འདོན་ལྟ་བུ་ཆུ་བོ་གཉིས་འདུས་གནད་ལ་གནད་སྤྲད་ཀྱི་གདམས་ཟབ་འབེབ་པར་དུས་ལ་བབ་པར་མངོན་པ་དང་། ས་སྐྱོང་སྡེ་དགེས་བསྐུལ་མ་བཅས་པར་བརྟེན་ནས་ལེགས་པར་གཏན་ལ་ཕབ་སྟེ། དེ་ཡང་སྒྲུབ་ཐབས་

p. 50

གཞུང་ལས། ཨེ་མ་ཁྱུང་དམར་མེ་ཕྲེང་གི༔ སྒྲུབ་ཐབས་གནམ་ལྕགས་ཐོག་རྒོད་ཀྱི༔ ཕྲིན་ལས་ཁྲིགས་སུ་བསྡེབས་པ་འདི༔ བྱིན་རླབས་ནུས་མཐུ་ཐོགས་པ་མེད༔ སྙིགས་མའི་མཐའ་ལ་ཀླུ་སྲིན་དར༔ ནག་ཕྱོགས་གདོན་བགེགས་དེ་དང་བསྡོངས༔ གཟུགས་ཅན་གཟུགས་མེད་ཀུན་དུ་སྤྲུལ༔ བསྟན་དང་འགྲོ་ལ་བར་ཆད་རྩོམ༔ དེ་དག་འདུལ་དང་གཞོམ་པའི་ཕྱིར༔ སྒྲུབ་ཐབས་འདི་ཉིད་གནད་དུ་བསྣུན༔ ནུས་མཐུ་འཕྲལ་དུ་མ་བྱུང་ན༔ ལས་རབ་བདག་གིས་བསླུས་པར་ཟད༔ ཨོ་རྒྱན་བཀའ་ཡི་བསླུ་མི་སྲིད༔ ཀླུ་གཉན་གཅིག་པུར་མ་ཟད་པའི༔ གདོན་བགེགས་ཀུན་གྱི་གཤེད་པོ་ཡིན༔ ཞེས་གསུངས་པ་ལྟར་ཀླུ་གཉན་ས་བདག་གཅིག་པུར་མ་ཟད་སྙིགས་དུས་ཀྱི་འདྲེ་གདོན་ལོག་འདྲེན་འབྱུང་པོ་ཐམས་ཅད་ཀྱི་གཤེད་དུ་གྱུར་པའི་མན་ངག་ཟབ་མོ་གབ་པ་མངོན་དུ་ཕྱུང་བ་བྱིན་རླབས་ནུས་པའི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་དབང་བསྐུར་སྒྲུབ་པར་བྱེད་པ་བདག་གིས་བགྱི་འོས་རྣམས་གོང་དུ་གྲུབ་

p. 51

ཟིན། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་བྱིན་རླབས་དབང་ཆོག་དམ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། སློབ་མས་མཎྜལ་ཕུལ་ལ། དེ་ཡང་ཁྱེད་རང་རྣམས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གཙོ་བོ་ཁྱུང་དམར་མེ་ཕྲེང་ཐོག་རྒོད་དང་དབྱེར་མེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། གསོལ་བ་གདབ་པ་ནི། ཀྱེ༔ བླ་མ་དབང་ལྡན་རྡོ་རྗེ་འཛིན༔ ཐབས་ལ་མཁས་པའི་བདག་ཉིད་ཀྱིས༔ ཡེ་ཤེས་མཁའ་ལྡིང་སྐུར་སྟོན་པ༔ ཁྱེད་ཀྱི་རྗེས་སུ་བདག་འཇུག་གིས༔ བྱིན་རླབས་གནང་བ་བསྩལ་དུ་གསོལ༔ ལན་དུ། སངས་རྒྱས་ཐབས་མཁས་རྨད་བྱུང་བས༔ འགྲོ་བ་སྒྲོལ་བའི་ཆོ་འཕྲུལ་སྟོན༔ རྨོངས་པ་ཞེ་ནག་དུད་འགྲོའི་རིགས༔ ཀླུ་སོགས་དུག་ལྔས་བསྐྱེད་པའི་བདག༔ གདོན་བགེགས་མ་ལུས་ཚར་གཅོད་པའི༔ ཁྱུང་གི་བྱིན་རླབས་ཁྱོད་ལ་སྦྱིན༔ དམ་ཚིག་ཡང་དག་བསྲུང་དགོས་སོ༔ དེ་ནས་སྐྱབས་སེམས་འབོག༔ གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་

p. 52

སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་གི་དབུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ཁྲོ་རྒྱལ་ཐམས་ཅད་ཀྱི་བདག་ཉིད་ཁྱུང་དམར་མེ་ཕྲེང་ཐོག་རྒོད་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་བར་དུ་སྐྱབས་སུ་མཆིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། སྐྱབས་འགྲོ་ནི། རྒྱལ་བ་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ གདུལ་དཀའ་འབྱུང་པོ་ཀུན་འདུལ་ཁྱུང་གི་སྐུ༔ འཇིགས་བྱེད་ཁྲོ་རྒྱལ་ཁྱེད་ལ་སྐྱབས་སུ་མཆི༔ ཀླུ་གདོན་ས་བདག་ཐུགས་རྗེའི་ཤུགས་ཀྱིས་ཐུལ༔ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི༔ མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ༔ མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་

p. 53

ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པས། ཐེག་པ་ཐུན་མོང་གི་རྨང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། སེམས་བསྐྱེད་ནི། ཧཱུྃ༔ ཁམས་གསུམ་འཁྲུལ་བའི་སེམས་ཅན་ཀུན༔ འདོད་ཁྲོ་གཏི་མུག་ང་རྒྱལ་ཕྲག་དོག་འཁྲུགས༔ དུག་ལྔའི་དབང་གྱུར་འདྲེ་གདོན་བགེགས་ཀྱི་ཚོགས༔ འདུལ་ཕྱིར་ཁྲོ་རྒྱལ་ཁྱུང་ཆེན་བསྒྲུབ་པར་བགྱི༔ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་

p. 54

ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པ་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་གཟུང་། །ཞེས་སོགས་ཕན་ཡོན་ཚད་མེད་པ་དང་ལྡན་པ་ལགས། ཡེ་ཤེས་པ་དབབ་པ་ནི། ཡེ་ཤེས་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་གྱིས་ཤིག །ལས་བུམ་གྱི་ཆུས་འཐོར་ཞིང་སྔགས་ཀྱིས་སྦྱངས། ༀ་མ་ཧཱ་ཤུ་ནྱ་ཏ་སོགས། ཁྱེད་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མའི་སེམས་ཉིད་ཀྱི་ངོ་བོ་ཁྲོ་བོ་དམར་པོ་ལས་འོད་ཟེར་འཕྲོས། ཀླུ་གཉན་ས་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་བྱ་ཁྱུང་དམར་པོ་མེ་ཡི་རང་བཞིན་ཅན་གཤོག་པ་གཡུ་དང་རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ། སྤྱི་བོར་ནོར་བུས་བརྒྱན་པ། སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་ནས་ཟ་བ། རྔམ་

p. 55

བརྗིད་འཇིགས་སུ་རུང་ཞིང་བལྟར་མི་བཟོད་པ། ལུས་ལ་མེ་འོད་དང་མེ་སྟག་གི་ཚྭ་ཚྭ་ཕྱོགས་བཅུར་འཕྲོ་བ་ཏོང་ཏོང་གི་སྒྲ་སྒྲོགས་པས་ཀླུ་གཉན་ས་བདག་གདོན་བགེགས་ཐམས་ཅད་སྙིང་འདར་བར་བྱེད་པའི་བདག་ཉིད་ཅན། དེའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཁྱུང་དམར་མེ་ཕྲེང་གི་ཚོགས་དཔག་ཏུ་མེད་པ་ཆར་ལྟར་དུ་བབས་ཏེ་སློབ་མ་ལ་ཐིམ་པར་གྱུར། པར་བསམ་སྟེ་གུ་གུལ་གྱིས་བདུག་ཅིང་རོལ་མོ་དང་བཅས་ཏེ་སྤྱན་འདྲེན་བྱ༔ ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ན༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ལས༔ འཇིགས་བྱེད་སྤྲུལ་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་ཉིད་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔའ་ཆེན་བཅོམ་ལྡན་འདས༔ ཡེ་ཤེས་ཁྲོ་བོ་ཁྲོ་མོའི་ཐུགས་ཀ་ནས༔ ཁྱུང་ཆེན་འབར་བའི་ལྷ་ཚོགས་གཤེགས་སུ་གསོལ༔ ༀ་ཁྲོཾཿགྷ་རུ་ཎ་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛ༔ རྩ་སྔགས་དང་ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཁྲོ་རྒྱལ-ཀུན་གྱི་རྣམ་འཕྲུལ་ཏེ༔ ཡེ་ཤེས་

p. 56

བྱ་ཁྱུང་ག་རུ་ཎ༔ གནམ་ལྕགས་མཆུ་སྡེར་ངུར་མོའི་དབལ༔ ཀླུ་དང་གཉན་སོགས་འཇོམས་པར་བྱེད༔ བུ་ཁྱོད་ལུས་ལ་དབང་བསྐུར་བས༔ བར་ཆད་བདུད་ལས་རྒྱལ་བར་ཤོག༔ ༀ་ཁྲོཾཿགྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱ་ཁྱུང་གི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཁྲོ་རྒྱལ་སྤྲུལ་པ་གྷ་རུ་ཎ༔ ཀླུ་དང་ས་བདག་འདུལ་བའི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ ག་རུ་ཎ་ཡི་དབང་ཐོབ་ཤོག༔ ༀ་ཁྲོཾཿག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཕྲེང་མགྲིན་པར་བཞག་ལ༔ ཧཱུྃ༔ དམ་ཚིག་མཆོག་གི་ཕྲེང་བ་འདི༔ ཁྱུང་དམར་སྔགས་ཀྱི་ངོ་བོ་ཉིད༔ བྱིན་རླབས་འོད་ཀྱི་ཚྭ་ཚྭ་འཕྲོ༔ བུ་ཁྱོད་མགྲིན་པར་སྦྱིན་པ་ཡིས༔ རྩ་ཁམས་སྔགས་དང་ཟེར་གྱིས་ཁྱབ༔ ནད་གདོན་བར་ཆད་ཐམས་ཅད་བསྲེགས༔ རྩ་སྔགས་བརྗོད་ཁྲོཾཿཡིག་བརྡ་ཡིག་གམ་ལཉྫ་གསེར་གྱིས་བྲིས་པ་སྙིང་གར་གཏད༔ ཧཱུྃ༔ ཁྱུང་ཆེན་ཐུགས་སྲོག་ཡི་གེ་ཁྲོཾ༔ སྤྲོས་པས་སྣང་སྲིད་མེ་ཡིས་བསྲེགས༔ བསྡུས་པས་ཕུང་ཁམས་མེ་ཟེར་འབར༔ བུ་ཁྱོད་སེམས་ལ་དབང་བསྐུར་བས༔ དངོས་འཛིན་གཉིས་སྣང་ཀུན་སྦྱངས་ནས༔ ཁྱུང་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་

p. 57

བྷི་ཥིཉྩ་ཧཱུྃ༔ གདོན་རྣམས་ཀྱི་གཟུགས་བརྙན་བསྡམས་ནས་སྦྱིན་ལ༔ ཧཱུྃ༔ བུ་ཁྱོད་ཁྲོ་རྒྱལ་ཁྱུང་གི་སྐུ༔ འཇིགས་བྱེད་རྒྱལ་པོ་ཆེན་པོ་ཡིན༔ ཀླུ་རིགས་ལྔ་ནི་སྦྲུལ་གྱི་གཟུགས༔ ས་བདག་རྣམས་ནི་སྦལ་པ་སྟེ༔ གཉན་རྒོད་སྡིག་པ་དགེ་བསྙེན་ཉ༔ གཏོད་རྣམས་སྡོམ་གྱི་རྣམ་པ་ཅན༔ འདི་དག་རྣམས་ཀྱི་སྲོག་འཕྲོག་ལ༔ ཁྱུང་ཆེན་ཁྲོས་པའི་བརྟུལ་ཞུགས་ཀྱིས༔ ཟངས་ཀྱི་རྭ་ཅོས་རྡུང་བར་གྱིས༔ རྡོ་རྗེའི་མཆུ་ཡིས་རྨུག་པར་གྱིས༔ གནམ་ལྕགས་སྡེར་མོས་སྡོམ་པར་གྱིས༔ མེ་ཡི་གཤོག་པས་རྡེབ་པར་གྱིས༔ ལུས་སེམས་སྲོག་དབུགས་ཕྲལ་བྱས་ནས༔ དོན་སྙིང་ཞལ་དུ་གསོལ་ནས་ཀྱང་༔ ལྡང་བ་མེད་པར་ཞབས་སུ་ནོན༔ དྲེགས་ཚོགས་ཀུན་འདུལ་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་བིགྣན་ནཱ་ག་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ གཏོར་མ་ཐོགས་ལ༔ ཧཱུྃ༔ དམ་རྫས་དཔལ་གྱི་གཏོར་ཆེན་འདི༔ འཇིགས་བྱེད་ཁྱུང་ཆེན་འབར་བའི་སྐུ༔ ཁྱུང་གི་ཚྭ་ཚྭ་ཐོ་རོ་རོ༔ དྲག་པོའི་མེ་འབར་ལྷབས་སེ་ལྷབ༔ མེ་སྟག་ཚ་ཟེར་ཕྲོམས་སེ་ཕྲོམ༔ རྡོ་རྗེའི་སེར་ཆེན་ཁྲ་ལ་ལ༔ མར་མེ་གཅིག་ལས་གཉིས་མཆེད་ཚུལ༔ སྐལ་ལྡན་

p. 58

བུ་ཡི་ལུས་ལ་ཐིམ༔ ནད་གདོན་བར་ཆད་བསྲེགས་གཏོར་སྦྱངས༔ བགེགས་འདུལ་ཁྱུང་ཆེན་འབར་བ་ཡི༔ ཡོངས་རྫོགས་བྱིན་རླབས་དབང་ཐོབ་ཤོག༔ རྩ་སྔགས་མཐར་བྷ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ཅིང་རྗེས་ཀྱི་རིམ་པ་རྣམས་བྱའོ༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི༔ བྱིན་རླབས་དབང་གི་རིམ་པ་ཟབ་ཅིང་གཉན་པ་ལས་རབ་རྩལ་གྱིས་བརྗོད་པ༔ མངྒ་ལཾ༔ དགེའོ༔

p. 59

ཁྲོཾ༔ ཁྱུང་ཆེན་མེ་ཕྲེང་ཐོག་རྒོད་ཀྱི་བྱབས་ཆོག་མན་ངག་བཞུགས༔ བླ་མ་དང་ནི་ཡེ་ཤེས་ཁྱུང་༔ གུས་པས་འདུད་དོ་བྱབས་ཆོག་བྲི༔ རིན་ཆེན་བུམ་པའི་ནང་ཉིད་དུ༔ བུམ་རྫས་ཉེར་ལྔ་སྤྱི་ལྟར་དང་༔ དབང་རྫས་གཞུང་བཞིན་འཚོགས་པར་བྱཿསྒྲུབ་བཟླས་མཆོད་ཚོགས་གཞུང་བཞིན་བྱ༔ བསྒྲུབ་བྱའི་དྲི་ཁྲུས་སྦྲུས་་པ་ཡི༔ གླུད་གཟུགས་གྲུ་གང་མཐོ་གང་སོགས༔ ནམ་རྒྱང་ཤིང་རིས་མདའ་འཕང་དང་༔ དཀོར་ནོར་ཡོ་བྱད་འཚོགས་པར་བཤམས༔ བདག་ཉིད་ལྷ་ཡི་ཏིང་འཛིན་ངང་༔ བསྒྲུབ་བྱ་མདུན་དུ་བཀོད་བྱས་ཏེ༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་སུ༔ བུམ་བཅུད་ཡེ་ཤེས་གྷ་རུ་ཎའི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ནི༔ ལྷ་སྔགས་མེ་དཔུང་ཁྲོ་མཚོན་ཆར༔ སིབ་སིབ་ཆར་ལྟར་བབས་ནས་ཀྱང་༔ བསྒྲུབ་བྱའི་ནད་གདོན་བགེགས་ཚོགས་དང་༔ སྟེང་འོག་བར་གསུམ་ལྷ་སྲིན་གྱི༔ བྱད་དུ་བཅུག་ཅིང་ཁྲམ་ལ་འདེབས༔ མི་མཐུན་ཉེས་ཚོགས་ཐམས་ཅད་ཀུན༔ བ་མོར་ཉི་ཟེར་ཕོག་བཞིན་དུ༔ དག་པར་གྱུར་ཅིག་མི་སྣང་གྱུར༔ སྟོང་པར་གྱུར་ཅིག་ཤུདྡྷེ་ཨཱཿཡི་དམ་རྩ་སྔགས་མཐར༔ ༀ་ཁྲོཾཿགྷ་རུ་ཎ་སོགས་ཀྱི་མཐར༔ སློབ་མའི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པའི་སྟེང་གདོན་གཟའ་དང་དྲང་སྲོང་འོག་གདོན་ཀླུ་དང་ས་བདག་བར་གདོན་བཙན་

p. 60

དང་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་དམ་སྲི་གཤེད་འཁྱམས་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ནད་དང་གནོད་པ་བགེགས་དང་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་ནམ་ཉེར་གཅིག་ལ་སོགས་བཟླས་ལ་བཀྲུ་ཁྲུས་ཆུ་བླུད་ནང་དུ་བླུག༔ བྱབས་པ་ནི༔ རང་ཉིད་ཡི་དམ་གྱི་ལྷ་དང་མདུན་བསྐྱེད་ཁྱུང་དམར་གྱི་ཐུགས་ཀར་ཉི་སྟེང་ས་བོན་སྔགས་ཕྲེང་གིས་མཚན་པ་ལས་འོད་ཟེར་མེ་རི་དང་མེ་དཔུང་གི་ཚོགས་འཕྲོས་པས་བསྒྲུབ་བྱའི་ནད་གདོན་བགེགས་ཚོགས་ཐམས་ཅད་རྩྭ་ཕོན་མེས་བསྲེགས་པ་ལྟར་དངོས་མེད་དུ་གཞོབ་ཐུལ་གྱིས་བསྲེགས་པར་བསམ༔ ཡང་གོང་གི་སྔགས་མཐར༔ ཨ་པ་ན་ཡེ་སྭཱ་ཧཱ༔ གྲངས་མང་བརྗོད་ལ་བྱབས༔ དེ་ནས་གླུད་ལ༔ ༀ་སྭ་བྷཱ་ཝས་སྦྱངས་ཏེ༔ སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་དུ་གླུད་ཡས་རྣམས་བཟའ་བཏུང་གོས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར༔ འབྲུ་གསུམ་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ༔ ཧཱུྃ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་བཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་བསམ༔ གྲངས་མང་བརྗོད་ལ་ཁ་ཕྱིར་བསྟན་ལ༔ ཧཱུྃ༔ ང་ནི་

p. 61

དཔལ་ཆེན་ཁྲོ་བོའི་རྒྱལ༔ ང་ནི་གསང་བདག་ཕྱག་ན་རྡོར༔ ང་ནི་ཡེ་ཤེས་ཁྲོཾ༔ གྷ་རུ་ཎ༔ ང་ལས་ཆེ་བཙན་སུ་ཡང་མེད༔ སྟེང་འོག་ཕྱོགས་བཅུའི་གདོན་ཚོགས་དང་༔ བགེགས་རིགས་འབྱུང་པོའི་ཚོགས་རྣམས་དང་༔ རྒྱལ་བསེན་དམ་སྲི་གཤེད་འཁྱམས་རྣམས༔ མི་བས་གླུད་བཟང་འདི་ཁྱེར་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཕྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོགས༔ ཁྲམ་དང་ཤྭ་རྡེལ་རྩིས་ནས་སྤོས༔ ཞི་བ་བྱང་ཆུབ་སེམས་ལྡན་མཛོད༔ ཁྱེད་ཅག་མ་འདུག་རང་གནས་སོང་༔ ལོ་བདུད་དམ་འདྲེ་ལྔའི་ས་ཕྱོགས་སུ་དོར་ལ་གལ་ཏེ་བཀའ་ལ་མི་བརྩི་ཞིང་དམ་ལ་མི་གནས་པར་འདུག་ན༔ མདུན་གྱི་ཁྱུང་གི་གཏོར་ཟོར་ལ་གནོད་བྱེད་འགུགས་བསྟིམས་བྱས་ལ་བསྒྲལ་ཏེ་ཁཱ་ཧིས་འབུལ་ནས་སྐད་ཅིག་གིས་ནད་དུག་མཚོན་ཆའི་ཚོགས་སུ་དམིགས་ནས་ཁྱུང་བསྐུལ་དྲག་ཏུ་གཏོང་༔ ཧཱུྃ༔ ང་ནི་ཡེ་ནས་ཁྲོ་བོའི་རྒྱལ༔ འཁྲུལ་གྲོལ་མ་མྱོང་ཀུན་ཏུ་བཟང་༔ གདོན་བགེགས་འབྱུང་པོའི་ཚོགས་རྣམས་ཉོན༔ རང་བྱས་ལས་ཀྱི་འཁྲུལ་སྣང་ལས༔ གཞན་ལ་གནོད་སྐྱེལ་སྲོག་ཕྲོགས་ཤིང་༔ གླུད་དང་གཏོར་མས་མི་དགྱེས་ཤིང་༔ བཀའ་དང་དམ་ལ་མི་བརྩི་ན༔ ཁྱོད་ཀྱི་མིང་

p. 62

གཟུགས་ལུས་ངན་ལ༔ སྣ་ཚོགས་མཚོན་གྱི་ཆར་པ་འབེབས༔ དུག་ཐུན་གདུག་པའི་ན་བུན་གཏིབས༔ ཡེ་ཤེས་མེ་ལྕེས་གཉིས་སྣང་བསྲེགས༔ རྣམ་ཤེས་རྒྱལ་བའི་ཐུགས་ཀར་འཕོ༔ ཤ་ཁྲག་སྲུང་མས་རྔམ་ཟས་བྱེད༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ རྩ་སྔགས་མཐར་ནཱ་ག་ར་ཙ་སོགས་ཀྱིས་ཟོར་བརྡེག་གོ༔ དེས་ནི་གདོན་ཚོགས་གང་ཡང་མི་ཐུབ་མི་སྲིད་དོ༔ གར་ཐོད་ཐོད་དུ་མི་བྱའོ༔ ཟབ་རྒྱ༔ དེ་ནས་སྲུང་འཁོར་བསྒོམ༔ སློབ་དཔོན་སྐད་ཅིག་གིས་དཔལ་གསང་བའི་བདག་པོའི་སྐུར་ལམ་གྱིས་གསལ་བའི་དཔྲལ་བར་སྐུའི་བྱ་ཁྱུང་དཀར་པོ༔ མགྲིན་པར་གསུང་གི་བྱ་ཁྱུང་དམར་པོ༔ སྙིང་གར་ཐུགས་ཀྱི་བྱ་ཁྱུང་སྔོན་པོ༔ ལྟོ་བར་ཡོན་ཏན་གྱི་བྱ་ཁྱུང་སེར་པོ༔ ལྟེ་བར་ཕྲིན་ལས་ཀྱི་བྱ་ཁྱུང་ལྗང་ཁུ་དེ་ཐམས་ཅད་ཀྱི་གནས་ལྔར་ཡི་གེ་འབྲུ་ལྔས་མཚན་པར་གྱུར༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་ལྔ་བརྗོད་ལ་གོང་བཞིན་སྔགས་ཤམ་ལ༔ མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ ཞེས་བརྗོད་ལ་ཁྱུང་དམར་གྱི་དབང་རང་གཞུང་ལྟར་བསྐུར་རོ༔ དབང་བསྐུར་མི་བྱེད་ན་ཤིས་བརྗོད་སོགས་ཀྱིས་མཐའ་རྒྱས་སུ་བྱའོ༔ དེས་ནི་ནད་གདོན་བར་ཆད་ལས༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ དམ་མེད་ལོག་ལྟ་ཅན་ལ་གསང་༔ སྙིང་རྗེའི་ཡུལ་གྱུར་རྣམས་ལ་སྦྱིན༔ མི་བསླུ་

p. 63

ངེས་སོ་རྡོ་རྗེའི་ཚིག༔ ཟབ་པོ་གཉན་ནོ་ཨྠྀི་རྒྱ༔ སེམས་ཅན་ཡོངས་ལ་ཕན་ཐོགས་ཤོག༔ ཅེས་པ་འདི་ནི་རང་གཞན་ལ་མཁོ་ཕྱིར་སྔགས་བཙུན་པ་སུ་ཁ་ཡ་ག་ར་དང་མཆེད་གྲོགས་དམ་པ་པྲཛྙཱ་རསྨི་ཟུང་གིས་ནན་དུ་བཀྲ་ཤིས་པའི་ལྷ་རེག་དང་ཕྱི་ནང་ཁྲོཾ༔ སྣོད་བཅུད་འབུལ་བའི་ཚིག་རིས་གདངས་སྙན་དང་བཅས་པས་བསྐུལ་ཚེ་སྔགས་འཆང་རྡོ་རྗེ་ཆེ་མཆོག་རྩལ་གྱི་ཡིད་ཀྱི་པདྨོ་ཁ་ཕྱེས་ནས་སྔོན་བྱབས་ཆོག་སོགས་ལག་ལེན་དང་ཆ་རྒྱུས་མེད་ཀྱང་གང་ཤར་ཐོལ་བྱུང་དུ་སྨྲས་པའི་ཡི་གེ་པ་ནི་བདེ་ཆེན་མིང་གིས་བྲིས་པས་བསྟན་དང་འགྲོ་ལ་ཕན་བདེའི་རྒྱུར་གྱུར་ཅིག༔ དགེའོ༔

ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་མཐའ་ཀླུ་འདུལ་ཟ་ཡིག

p. 64
p. 65

࿅༔ ཁྱུང་དམར་མེ་ཕྲེང་ཐོག་རྒོད་ཀྱི་ལས་མཐའ་ཀླུ་འདུལ་ཟ་ཡིག་བཞུགས༔ ཨོ་རྒྱན་རྡོ་རྗེ་དྲག་རྩལ་དང་༔ ཡེ་ཤེས་ཁྱུང་དམར་སྐུ་ལ་འདུད༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ གླེན་པ་ཞེ་ནག་དུད་འགྲོ་ཀླུ༔ སེམས་ཅན་གཞན་ལས་དུག་ལྔ་ཆེ༔ མི་རྣམས་སྤྱོད་པ་རྩིང་བ་ཡིས༔ ཕོག་ཐུག་སོང་བས་གནོད་པ་འབྱུང་༔ རྨ་མཛེ་གཞན་ཡང་ཀླུ་ནད་གཏོང་༔ ཀླུ་འདུལ་དྲག་པོའི་ཟ་ཡིག་འདི༔ རྣོ་ནུས་བྱིན་རླབས་འཕྲལ་དུ་འབྱུང་༔ རྟ་ཕྱག་ཁྱུང་གསུམ་གང་རུང་གི༔ ལས་རུང་བསྙེན་པ་ཐེམ་པ་ཡིས༔ རྒྱ་ཤོག་ངོས་ལ་རྒྱ་སྣག་གིས༔ ཞར་འབྲེལ་ནག་ནོག་མེད་པར་འབྲི༔ རྫས་ལ་ཁྱུང་ལྔ་བྱུག་པར་བྱ༔ ཟིལ་གནོན་ཟ་ཡིག་སྔོན་ལ་གཏོང་༔ སྲོག་གཟེར་ཟ་ཡིག་བར་དུ་གཏོང་༔ ནད་ལས་མ་གྲོལ་བར་དུའོ༔ རྗེས་གཅོད་ཟ་ཡིག་མཐའ་ལ་གཏོང་༔ སྔགས་པའི་ཀླུ་ལ་འགྲས་བཙལ་དུས༔ རང་སྲུང་ནངས་སྔ་ཟིལ་གནོན་བཟའ༔ ཐོ་ཅོའི་ལས་ནི་ཅི་བྱས་ཀྱང་༔ ཀླུ་གཉན་ས་བདག་འཁུ་མི་ནུས༔ འདི་ལྟར་ཟ་ཡིག་རྣམ་གསུམ་ལ༔ ཁྱུང་སྔགས་ཡེ་དྷར་རབ་གནས་བྱ༔ ས་རྗེན་མི་འཇོག་ལག་མི་འགྲིམ༔ འགོམ་ཡུག་མ་སོང་གཙང་མར་སྦྱར༔ ཀླུ་གདོན་ཆེ་དུས་དུས་གསུམ་བརྟེན༔ མིན་ན་ནངས་སྔ་ཐོ་རངས་བཟའ༔ ཀླུ་གཉན་ས་བདག་གནོད་པ་འཇོམས༔ ཡང་ཟབ་མན་ངག་མཐར་ཐུག་བཀོད༔ བདུད་རྒན་ལས་རབ་རྩོམ་པ་འདིས༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ ཁྱུང་དམར་ལས་མཐའ་སྦྱར་བའོ༔ མངྒ་ལཾ༔ ཨགཙིཁྱུངརཾསིཏིཐུནཁྱུངནིཁལརགཤཐུནཁྱུནིནཱགརཛཐིགཐུན༔ ཀླུ་འདུལ་ཟིལ་གནོན་ཁྱུང་གསུམ་མ་འདི་སྔོན་ལ་གཏོང་༔ ཨཡམདུརུཙཤནལཀླུ་བདུད་སྲོག་གཟེར་གྱི་

p. 66

ཟ་ཡིག་བར་དུ་གཏོང་༔ ནད་ལས་མ་གྲོལ་བར་དུ་བཟའོ༔ ཀླུ་བདུད་རྗེས་གཅོད་ཟ་ཡིག་འདི་རྗེས་སུ་གཏོང་༔ ཟ་ཡིག་འདི་རྣམས་གསང་ཞིང་སྤྱོད་ན་མྱུར༔ ཟབ་ཡང་དག་པའོ༔ ནག་པོ་ཀླུ་ཡི་གཤེད་དུ་འགྱུར་བར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔

ཁྱུང་དཀར་སྒྲུབ་ཐབས་ནད་གདོན་ཀུན་འཇོམས།

p. 67

࿅༔ ཁྱུང་དཀར་སྒྲུབ་ཐབས་ནད་གདོན་ཀུན་འཇོམས་བཞུགས༔ རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་འདུད༔ ཁྱུང་དཀར་གནམ་ལྕགས་མཚོན་ཆ་ཡི༔ སྒྲུབ་ཐབས་ནད་གདོན་ཀུན་འཇོམས་འདི༔ དུས་ངན་སྙིགས་མའི་སེམས་ཅན་ལ༔ ཕན་ཕྱིར་བརྩེ་བས་སེམས་བསྐྱེད་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿསྐྱབས་སེམས་ནི༔ བླ་མ་དང་ནི་ཡེ་ཤེས་ཁྱུང་༔ ཁྱེད་ལ་གུས་པས་སྐྱབས་སུ་མཆི༔ ནད་གདོན་མ་ལུས་ཚར་བཅད་ནས༔ གཞན་དོན་འགྲུབ་པར་སེམས་བསྐྱེད་དོ༔ བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ནི༔ རང་ཉིད་བྱ་ཁྱུང་དཀར་པོ་ནི༔ རྭ་དང་མཆུ་སྡེར་གནམ་ལྕགས་འབར༔ སྤུ་དང་སྒྲོ་གཤོག་སྤུ་གྲིས་གཏམས༔ མཐུ་སྟོབས་དྲག་རྩལ་ལྡན་པ་ཡི༔ ལྷ་དང་སྔགས་ཀྱི་འོད་ཟེར་འཕྲོ༔ མེ་དཔུང་མེ་སྟག་ཚྭ་ཚྭ་འཕྲོས༔ ནད་གདོན་གཞོབ་ཐུལ་བསྲེགས་པར་བསམ༔ ནད་བརྒྱ་སྔགས་གཅིག་འདི་བཟླའོ༔ ༀ་ཧུར་ཁྱུང་ཧུར་ཁྱུང་སོད༔ སྦྲུལ་ཁྱུང་སྦྲུལ་ཁྱུང་སོད༔ ནཱ་ག་ནཱ་ག་སོད༔ སྲེ་བ་སྲེ་བ་སོད༔ ཧེ་རྡེར་ཧེ་རྡེར་སོད༔ བུདྡྷ་ཀ་རུ་ནི་ཀ་སོད༔ ཁྱུང་ཀ་རུ་སོད༔ རླུང་བྲམ་ཟེ་ནག་པོ་གཉེན་གྱི་སྲོག་ལ་རྨུགས་ཤིག་རྨུགས་ཤིག་ཧྲཱིཿཙི་ཙ་ཀྲི་ཧ་ལ་སྦ་མེ་སརྦ་མཱ་ར་ཡ་རྦད་སོད་སྭཱ་ཧཱ༔ ནད་

p. 68

བརྒྱ་སྔགས་གཅིག་ཅེས་བྱ་བ༔ སྔགས་རྒོད་མེ་ཡི་སྤུ་གྲི་འདི༔ བཟླས་གྲངས་ཇི་ལྟར་སོང་བ་བཞིན༔ ནུས་མཐུ་དྲག་རྩལ་རྣོ་མྱུར་ཆེ༔ ས་བདག་ཀླུ་གཉན་ལ་སོགས་པའི༔ གདོན་རྣམས་ཐམས་ཅད་འདི་ཡིས་འདུལ༔ གཉན་མཛེ་རིགས་ལ་སོགས་པ་བཞིའི༔ ནད་རིགས་ཐམས་ཅད་འདི་ཡིས་འཇོམས༔ གཏད་སྔགས་སྔགས་ཆུང་གང་མང་བྱ༔ རང་སྲུང་ལྷ་སྔགས་དག་ལ་འབད༔ ས་མ་ཡཱ༔ བསྐྱེད་རིམ་རང་མདངས་འཇའ་ལྟར་ཡལ༔ རྫོགས་རིམ་མི་དམིགས་བློ་འདས་ངང་༔ དགེ་བས་འགྲོ་ཀུན་བར་ཆད་བྲལ༔ བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག༔ ཁྱུང་དཀར་གནམ་ལྕགས་མཚོན་ཆ་དང་༔ ཁྱུང་ནག་མེ་ཡི་སྤུ་གྲི་སོགས༔ དུས་ངན་འགྲོ་ལ་ཕན་པའི་ཕྱིར༔ བདུད་རྒན་ལས་རབ་རྩལ་གྱིས་བཀོད༔ མ་བསྒྲུབས་སྔགས་ལ་ནུས་པ་མེད༔ ནན་ཏན་མཛོད་ཅིག་ཕྱི་རབས་རྣམས༔ མཐའ་ཡི་མི་འཁྲུགས་འདྲེ་གདོན་འཁྲུགས༔ ནད་བཏགས་ཆེ་ཆུང་གོ་ལྡོག་དར༔ དལ་ཡམས་བཅོས་མེད་འབྱུང་བའི་དུས༔ སེམས་ཅན་སྡུག་བསྔལ་སེལ་བར་ཤོག༔ བཀའ་རྒྱ་ཆེའོ༔ བཀྲ་ཤིས༔ བཀྲ་ཤིས༔ དགེའོ༔ དགེའོ༔

ཁྱུང་ནག་དྲག་པོ་གནམ་ལྕགས་སྤུ་གྲི་ནད་གདོན་ཀུན་འཇོམས་ཀྱི་སྒྲུབ་ཐབས།

p. 69

࿅༔ ཁྱུང་ནག་དྲག་པོ་གནམ་ལྕགས་སྤུ་གྲི་ནད་གདོན་ཀུན་འཇོམས་ཀྱི་སྒྲུབ་ཐབས་བཞུགས་སོ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ ཚེ་སྟོད་ཆོས་མཐོང་བསྙེན་པ་ཅན༔ ཚེ་སྨད་བདུད་རྒན་ལས་རབ་ངས༔ སྡུག་བསྔལ་ཅན་ལ་ཕན་འདོགས་ཕྱིར༔ ཁྱུང་ནག་དྲག་པོའི་སྒྲུབ་ཐབས་བཤད༔ སྒྲུབ་པའི་གནས་ནི་པད་འབྱུང་གིས༔ ཀླུ་འདུལ་མཛད་པའི་གནས་མཆོག་གམ༔ ཡང་ན་རི་ཡི་རྩེ་མོར་བསྒྲུབ༔ ཐོག་མར་དེ་ལྟར་བྱ་བ་ལས༔ རྒྱུན་གྱི་གནས་ནི་ངེས་མེད་ཆོག༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་ནས༔ དེང་ནས་བྱང་ཆུབ་མ་ཐོབ་བར༔ རྩ་གསུམ་རྒྱ་མཚོའི་སྤྲུལ་པའི་ཁྱུང་༔ འཁོར་དང་བཅས་ལ་སྐྱབས་སུ་མཆི༔ དོན་གཉིས་འགྲུབ་ཕྱིར་ཁྱུང་ཆེན་བསྒོམ༔ རང་ཉིད་ཁྲོ་ཆུ་ལས་གྲུབ་པའི༔ ཁྱུང་ནག་མེ་ཡི་རལ་པ་ཅན༔ སྤུ་གྲིས་གཏམས་པའི་སྒྲོ་གཤོག་ལ༔ རྭ་དང་མཆུ་སྡེར་གནམ་ལྕགས་ལས༔ ཡོངས་གྲུབ་རྣོ་ངར་རབ་ཏུ་འབར༔ སྤྱན་བསྒྲད་མཆེ་གཙིགས་ཁྱུང་སྐད་སྒྲོགས༔ སྡེ་བརྒྱད་ཀླུ་གདོན་སྙིང་འདར་འགས༔ ཐུགས་ཀར་ཉི་སྟེང་ཁྲོཾཿཡིག་ནག༔ སངས་རྒྱས་ཁྲོ་ཁྱུང་ནུས་སྟོབས་རྫོགས༔ དེ་ལས་མེ་འབར་འཚུབ་ཅིང་འཁྲུགས༔ ནད་གདོན་ན་བུན་སྔོ་དམར་གྱི༔ རྣམ་པར་ཕྱིར་དེད་

p. 70

ལུས་ཀྱི་ནད༔ བ་སྤུའི་བུ་ག་རྣམས་ནས་ཐོན༔ གཞན་ཡང་ལྷ་སྔགས་མེ་དཔུང་འབར༔ དྲག་ཅིང་རྩུབ་པའི་ནད་དང་གདོན༔ ཐལ་བ་བུན་བུན་བསྲེགས་པར་བསྒོམ༔ བྱ་ཁྱུང་རྒྱལ་པོའི་ང་རྒྱལ་གྱིས༔ དྲག་སྔགས་གཅིག་ཆོག་འདི་བཟླའོ༔ ༀ་ལྷང་ལྷང་ཚེར་ཚེར་ཀྲིག་ཀྲིག་ཤག་ཤག་ཤེལ་ཤེལ་ཐུམ་ཐུམ་གས་པུར་ནན་སོད་སོད༔ མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བྱ༔ མཇུག་ཏུ༔ འདིས་མཚོན་དགེ་བས་འགྲོ་བ་རྣམས༔ བར་ཆད་བདུད་ལས་རྒྱལ་གྱུར་ཅིག༔ བདེ་ཞིང་བདེ་བར་སྤྱོད་ནས་ཀྱང་༔ བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག༔ ཁྱུང་ནག་སྔགས་རྒོད་སྤུ་གྲི་འདི༔ ལུས་སམ་སྔགས་ཆུ་ཟས་སྨན་ལ༔ བཏབ་ཅིང་ཁོང་དུ་ཡང་ཡང་འཐུང་༔ དེ་ཡི་ཕན་ཡོན་འདི་ལྟ་སྟེ༔ གག་ལྷོག་དང་ནི་གཟེར་ཐུང་དང་༔ ཆམ་པ་ཡོན་པོ་བྱིན་ལྷོག་དང་༔ རྒྱུ་གཟེར་ནག་པོ་སུམ་སྦྲེལ་དང་༔ མགོ་ཡོར་རིམས་ནད་ཡིན་ནོ་ཅོག༔ མཛེ་དང་དམུ་ཆུ་འབྲས་སྐྲང་འབམ༔ ཀླུ་དང་ས་བདག་གནོད་པའི་རིགས༔ ལྷན་སྐྱེས་རྨ་བརྒྱད་མ་ལུས་པ༔ སྲུང་དང་གསོ་བསད་ཐམས་ཅད་འགྲུབ༔ ཁྱད་པར་འབྲུམ་བུའི་རིགས་གཉན་ཆེ༔ ནད་རིམས་མཐའ་དག་བྱ་བརྒྱ་ནི༔ འུར་གཅིག་གིས་ནི་དེད་པ་བཞིན༔ དྲག་སྔགས་གཅིག་པུ་འདི་ཡིས་འཇོམས༔ སྤྱིར་ནི་སྔགས་རྣམས་གང་ལ་ཡང་༔ གོང་བསྙེན་ཚད་དུ་འཁྱོལ་བ་གཅེསཿཉ་སྟོང་དུས་ཆེན་རྣམས་དང་ནི༔ ཉི་ཟླ་གཟའ་ཡིས་ཟིན་པའི་དུས༔ ནན་གྱིས་བཟླས་པས་བཟླས་གྲངས་

p. 71

འཕེལ༔ སྔགས་ཀྱི་གྲངས་ཚད་རྫོགས་པར་འགྱུར༔ ནུས་བསྐྱེད་ཟ་ཡིག་དབྱངས་གསལ་འབུངས༔ ནུས་པ་འཕྲལ་འཕྲལ་རྩལ་བསྐྱེད་འགྱུར༔ ཐོ་༔ རེངས་ལྟོ་སྟོང་བཟླས་པ་དང་༔ མི་ཚིག་བར་མ་ཆད་པ་ལ༔ ནུས་པ་རྣོ་ཞིང་བྱིན་རླབས་ཆེ༔ ཐེ་ཚོམ་ཡིད་གཉིས་སྤངས་ལ་འཇུག༔ སྔགས་ཀྱི་གྲྭ་ཟུར་མ་ཉམས་དང་༔ བརྒྱ་སྟོང་ཁྲི་འབུམ་ནད་ཚབས་སྦྱར༔ མ་གྲུབ་བར་དུ་ཡང་ཡང་བསྐྱར༔ འདི་དག་མན་ངག་ཀུན་གྱི་འཆིངས༔ ཁྱུང་ནག་དྲག་པོའི་སྒྲུབ་ཐབས་འདི༔ སྲུང་དང་གསོ་བ་བསད་པ་གསུམ༔ ཅིག་ཅར་བསྒྲུབས་པས་ཁྱད་པར་ཟབ༔ དུས་ངན་ཆུ་བྱི་ཆུ་གླང་ལོར༔ ནད་རིམས་མིང་མི་ཐོགས་པའི་དུས༔ རང་གཞན་ཀུན་ལ་ཕན་པའི་དོན༔ བདུད་རྒན་ལས་རབ་རྩལ་གྱིས་སྤེལ༔ འགྲོ་བའི་སྡུག་བསྔལ་སེལ་བར་ཤོག༔ མངྒ་ལཾ༔

ཁྱད་ཆོས་དབང་ཆེན་སྙིང་ཐིག་ལས་བྱིན་རླབས་བླ་མའི་ཐུགས་སྒྲུབ།

p. 72
p. 73

࿅༔ ཁྱད་ཆོས་དབང་ཆེན་སྙིང་ཐིག་ལས༔ བྱིན་རླབས་བླ་མའི་ཐུགས་སྒྲུབ་བཞུགས་སོ༔

p. 74

རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ བྱིན་རླབས་བླ་མའི་ཐུགས་སྒྲུབ་འདི་ནི༔ ཉམས་ལེན་ཀུན་གྱི་མཐར་ཐུག་ཡིན་ནོ༔ ཅིའི་ཕྱིར་ན་གུ་རུ་པདྨ་འབྱུང་གནས་ནི་སྐྱབས་ཀྱི་དམ་པ༔ རྒྱལ་བ་དཀོན་མཆོག་ཐམས་ཅད་ངོ་བོ་གཅིག་ཏུ་འདུས་པའི་བདག་ཉིད༔ གཅིག་ཆོག་ཡིད་བཞིན་ནོར་བུ༔ ཐུགས་བསྐྱེད་དང་ཞལ་བཞེས་སྨོན་ལམ་ཁྱད་པར་ཅན་མངའ་བ་སྟེ༔ དེ་ཕྱིར་པད་འབྱུང་སྒྲུབ་ཐབས་འདི་བརྩོན་འགྲུས་དྲག་པོས་ཉམས་ལེན་ཡུན་བསྲིངས་ན་མཆོག་ཐུན་ལས་བཞི་རབ་འབྱམས་ལ་དབང་ཐོབ་པར་འགྱུར་རོ༔ ཟབ་པའི་མཐར་ཐུག་སྙིང་གི་ཞལ་གདམས་མཁའ་འགྲོའི་སྙིང་ཁྲག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྒྲུབ་པའི་རིམ་པ་ནི༔ གཟའ་སྐར་དགེ་བར་བཀྲ་ཤིས་བྱིན་ཆགས་ཡིད་དང་མཐུན་པའི་གནས་སུ་དབང་གི་མཎྜལ་གྱི་དབུས་སུ་བྷནྡྷ་མཚན་ལྡན་འབྲས་བཀང་བའི་སྟེང་དུ་གུ་རུའི་སྐུ་རྟེན་རབ་གནས་ཅན་བཞུགས༔

p. 75

འཁོར་ཡོངས་རྫོགས་སམ་གཙོ་བོ་དབང་ཕྱུག་གི་སྐུ་བརྙན་ཀྱང་འགོད༔ དར་དམར་དང་རྨ་བྱའི་སྒྲོ་གདུགས་ཕུབ༔ སྨན་གཏོར་རཀྟ་མཆོད་ཚོགས་བཟང་དུ་བཤམས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་༔ མཆོད་པ་རྣམས་བྱིན་གྱིས་བརླབས༔ དེ་ནས་བདག་མདུན་མཉམ་དུ་བསྒོམ་སྟེེ༔ སྟོང་པའི་ངང་ལས་རང་ཉིད་གནས་པའི་ས་ཕྱོགས་ཟངས་མདོག་དཔལ་གྱི་རི་བོའི་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་པདྨ་རཱ་གའི་ཁང་བརྩེགས་ལྟ་ན་སྡུག་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་དཀོན་མཆོག་རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་གནས་ཐུགས་རྗེ་ཆགས་པའི་རང་བཞིན་སྐུ་མདོག་དམར་པོ་ཁྲོ་འཛུམ་བཞད་པ༔

p. 76

ཕྱག་ན་རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས་པ༔ གཡོན་ཕྱོགས་སུ་ཁ་ཾ་བརྟེན་པ༔ བེར་ཕོད་ཆོས་གོས་པད་ཞྭ་གསོལ་བ༔ སག་ལྷམ་དང་བཅས་ཞབས་རྒྱལ་པོའི་རོལ་སྟབས་སུ་བཞུགས་པ༔ བག་དྲོ་ལྷུན་ཆགས་གཟི་བརྗིད་འོད་ཕུང་འབར་བ་སྣང་སྲིད་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བསྒོམ༔ དེའི་མདུན་དུ་བཀའ་སྡོད་ཕོ་ཉའི་ཚུལ་དུ་ལྷ་དབང་ཕྱུག་ཆེན་པོ་དང་བཙུན་མོ་ཨུ་མ་ཞལ་སྦྱོར་དམར་མོ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ་དར་དང་རཏྣ་ཨུཏྤལ་དམར་པོའི་རྒྱན་ཅན་ལྕགས་ཞགས་ཐོགས་པ༔ གཡས་སུ་ཚོགས་བདག་གླང་པོ་ཆེའི་གདོང་ཅན་དམར་པོ་ལྕགས་ཀྱུ་དང་ཟས་གཞོང་ཐོགས་པ་དར་དང་རཏྣས་བརྒྱན་པ༔ གཡོན་དུ་རྣམ་སྲས་དམར་པོ་དར་དང་བེར་ཁྲབ་མནབས་པ༔ གཡས་མདུང་དམར་དང་ལྕགས་ཀྱུ་གཡོན་ནེའུ་ལེ་འཛིན་པ་གནོད་སྦྱིན་དཔའ་བོ་སེངྒེའི་སྟེང་ན་བཞུགས་པ༔ རྒྱབ་ཏུ་ཛམྦྷ་ལ་དམར་པོ་གཡས་ནོར་བུ་དང་ལྕགས་ཀྱུ་གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་འཛིན་ཞིང་རིན་པོ་ཆེ་དང་དར་གྱི་ན་བཟས་སྤྲས་པ༔ དེ་རྣམས་པདྨ་ཉི་ཟླའི་

p. 77

གདན་སྟེང་འོད་དམར་གྱི་ཀློང་ན་བཞུགས་པ་གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པ༔ གཙོ་འཁོར་དེ་དག་གི་སྟེང་གི་ཆ་ལ་བླ་མ་རིག་འཛིན༔ བར་དུ་ཡི་དམ་ཞི་ཁྲོ༔ མདུན་ནས་མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་སྤྲིན་ལྟར་གཏིབས་པ་ཐམས་ཅད་ཀྱང་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་སྐུ་མདོག་དམར་པོ་དབང་གི་ཕྲིན་ལས་མཛད་པར་བསམས༔ གནས་གསུམ་གྱི་འོད་ཟེར་འཕྲོ་འདུས་ཡེ་ཤེས་པ་ཡང་ཡང་བསྟིམ༔ རང་ཉིད་པདྨ་འབྱུང་གནས་ཀྱི་ང་རྒྱལ་དང་གསལ་སྣང་མ་བྲལ་བ་གཅེས་སོ༔ བདག་མདུན་གྱི་ལྷ་ཚོགས་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པའི་རྣམ་པར་ཚ་ཞིང་རྣོ་ལ་མྱུར་བ་ཛཿཛཿཧྲིང་ཧྲིང་གི་སྒྲ་འུར་བའི་རླུང་དམར་པོ་དང་འགྲོགས་པས་འཁོར་འདས་ལམ་གསུམ་ཐམས་ཅད་ཁྱབ༔ ཡར་གནས་རྣམས་ཀྱི་བྱིན་རླབས་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་བདག་མདུན་ལ་ཐིམ༔ འོད་དང་གཟི་བརྗིད་ཆེས་ཆེར་འབར༔ ལྷ་འདྲེ་མི་གསུམ་ཆེ་བཙན་གྲགས་པ་ཅན་ཐམས་ཅད་ཀྱི་སྣང་བ་དབང་དུ་བསྡུས༔ རང་དབང་མེད་པར་བཀུག་དེ་དག་གིས་མོས་

p. 78

གུས་ལྷང་ལྷང་ཁྱེད་ཤེས་ཀྱི་དད་པས་བཀའ་ཉན་བྲན་བྱེད་པར་བསམ༔ ཟས་ནོར་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་མཆོག་ཐུན་དངོས་གྲུབ་ཐམས་ཅད་ཐོགས་པ་མེད་པར་འུབས་ཀྱིས་བསྡུས་ནས་བདག་ཉིད་ཀྱི་གནས་སུ་མི་ཤོང་བར་ཁེངས་པར་དམིགས་སོ༔ མི་ཚིག་གིས་བར་མ་ཆོད་པར༔ ༀ་ཨཱཿཧཱུྃ་ༀ་བཛྲ་གུ་རུ་པདྨ་ཛྙཱ་ན་མ་ཧཱ་དྷེ་ཝ་ཨུ་མ་དྷེ་ཝི་ཨ་ནྲྀ་ཏྲི་ཛཿཙིཏྟ་སིདྡྷི་ཧཱུྃ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཟླས་པའི་སྐྱོན་རྣམས་སྤངས་ཏེ༔ ཐུན་དུ་བཅད་ནས་བསྒྲུབ༔ དེའི་ཚེ་བྱེ་བྲག་གི་དམིགས་བྱ་ཡོད་ནའང་དབང་དུ་བསྡུ་བའི་དམིགས་པ་གནད་དུ་བསྣུན་པར་བྱ༔ སྐབས་སུ་ཚོགས་དང་མཎྜལ་གཏོར་མ་གཟབ༔ གསོལ་འདེབས་བསྙེན་སྒྲུབ་དམ་ཚིག་གཟུང་༔ སྤྱིར་མཚུངས་ལྟར་གྱི་གྲུབ་པའི་མཚན་མ་དངོས་ཉམས་རྨི་ལམ་དུ་བརྟན་པོར་ལན་གསུམ་མ་བྱུང་བར་དུ་བསྐྱར་ཏེ་བསྙེན་ནོ༔ ཁམས་གསུམ་དབང་དུ་སྡུད་པར་བྱེད་པའི་མན་ངག་རྣོ་ལ་མྱུར་བ་བཀྲ་ཤིས་ཤིང་ཚན་ཆེ་བ་མཐའ་བཙན་ཞིང་བྱིན་ཆེ་བ་ཟབ་ཡང་དག་པའི་ཨུ་པ་དེ་ཤ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ མཇུག་ཏུ་འཁོར་རྣམས་ཀྱི་སྔགས་བཟླ་བ་ནི༔ སོ་སོའི་འོད་ཟེར་གྱིས་དངོས་གྲུབ་བསྡུས་པར་དམིགས༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ དབང་ཕྱུག་ཡབ་ཡུམ་གྱི་སྔགས་སོ༔ ༀ་ཧཱུྃ་བྷྲུཾ་ག་ན་པ་ཏི་ཡེ་སྭཱ་ཧཱ༔ ཚོགས་ཀྱི་བདག་པོའི་སྔགས་སོ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ རྣམ་ཐོས་སྲས་ཀྱི་སྔགས་སོ༔ ༀ་ཛམྦྷ་ལ་དྷ་ན་ཨ་མུ་ཀ་ན་སིདྡྷི་ས་མ་ཡ་ཕ་ལ་འདུས་འདུས༔ ནོར་རྫས་རྣམས་བདག་ལ་དུང་དུང་འདུས་འདུས་སྭཱ་ཧཱ༔ ཛམྦྷ་ལའི་སྔགས་སོ༔ དེ་རྣམས་སོ་སོར་

p. 79

རྟགས་མཐོང་བར་བསྙེན་པའམ་ཡང་ན་ཅི་རིགས་བཟླ་བར་བྱའོ༔ དངོས་གྲུབ་ཀྱི་ལྷ་ཁྱད་པར་ཅན་རྣམས་ཀྱི་སྒྲུབ་ཐབས་འཁོར་བསྙེན་གྱི་རིམ་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུན་མཐར་འཁོར་རྣམས་གཙོ་བོ་ལ་བསྡུས༔ དེ་ཡང་རིམ་ཡལ་མི་དམིགས་པའི་ངང་ལ་འཇོག༔ བསྔོ་སྨོན་དང་བཀྲ་ཤིས་བརྗོད༔ དམ་ཚིག་ཏུ་བླ་མ་མཆོད་ཅིང་འགྲོ་ལ་བྱམས་སེམས་བསྒོམ༔ སྦྱིན་གཏོང་དང་དགེ་བའི་ལས་ལ་འབད༔ ལོག་པར་འདྲེན་པའི་གདུལ་བྱ་གཟུགས་ཅན་གཟུགས་མེད་རྗེས་སུ་འཛིན་པ་ལ་མཆོག་ཏུ་ཟབ་པའི་ཐབས་ལམ་འདི་རབ་ཏུ་གསང་ཞིང་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཉམས་སུ་ལོངས་ཤིག༔ གནས་དུས་མཐུན་པ་རྣམས་སུ་ཚོགས་བསྒྲུབས་བྱས་ན་རང་གཞན་གྱི་བསྟན་པའི་རིམ་གྲོ་གཅེས་སོ༔ དེའི་ཚེ་ཐེ་ཚོམ་ཡིད་གཉིས་བྲལ༔ སེམས་ལ་དཔའ་བསྐྱེད༔ མོས་གུས་དང་ལྡན་པས་ཤུགས་ཕྱུང་བར་བྱའོ༔ ཕྱི་འབྱུང་བའི་བཅུད་ཉམས༔ ནང་འགྲོ་བའི་ཚེ་དཔལ་ཉམས༔ དེའི་དུས་སུ་སྟོང་གསུམ་གྱི་བཅུད་ཀྱི་ནུས་པ་ཡོན་ཏན་རང་གཞན་གནས་དང་བཅས་པ་ལ་ཐིམ་པས་ཕྱི་ནང་གི་ཡོན་ཏན་གོང་ནས་གོང་འཕེལ་ཞིང་རྒྱས་པར་མོས་ལ་བསྙེན་ནོ༔ རྣལ་འབྱོར་པ་ལ་ཟས་ནོར་གྱི་ལག་ཕོངས་ཤིང་བཀྲེན་ན་ལྷ་ཀླུ་མིའི་ཡོ་བྱད་འགུགས་པའི་དམིགས་པ་བྱས་ཤིང་སྔགས་ལ་བརྩོན་ན་མྱུར་དུ་དཔལ་དང་ལྡན་པར་འགྱུར་རོ༔ གཞན་གྱི་ལྷ་སྲུང་མཐུ་བོ་ཆེ་དབང་དུ་བྱེད་ནའང་༔ སྔགས་དམིགས་འཕྲུལ་ཤེས་པས་འགྲུབ་པོ༔ དབེན་པའི་གནས་སུ་རྣལ་འབྱོར་པས་འཁོར་དང་ལོངས་སྤྱོད་ཀྱི་དོན་དུ་འདི་ཉིད་རླུང་འཁོར་དང་སྒྲུབ་པ་ལ་རྔོ་ཐོགས་པར་བྱས་ན་ལས་མྱུར་གང་བརྩམས་དོན་འབྲས་ཐོགས་པ་མེད་པར་ངེས་སོ༔ རྒྱབ་རྟེན་དུ་ཚོགས་གཏོར་དང་མཆོད་སྦྱིན་དང་བསང་བརྔན་ལྷ་སྲུང་གསོལ་

p. 80

མཆོད་བྱའོ༔ ལས་བོགས་དབྱུང་ཞིང་ཟས་ནོར་ཆར་ལྟར་འབེབས་པའི་ལས་ནི་སྟེགས་ཀྱི་ཁར་ཤིང་སྣ་ལ་ཁྱིམ་བདག་བཀྲ་ཤིས་པའི་མེ་བཏང་༔ ནང་དུ་ལྷ་ཚོགས་བསྐྱེད༔ རིན་པོ་ཆེ་འབྲུ་སྨན་ཟས་གོས་སྣ་ཚོགས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས༔ ལྷ་ཚོགས་ཀྱི་ཞལ་དུ་ཕུལ་བས་དགྱེས་ནས་དངོས་གྲུབ་སྟེར་བར་བསམས༔ རྩ་སྔགས་རྣམས་ཀྱི་མཇུག་ཏུ༔ ༀ་ཨཱཿཧཱུྃ་སུ་རཏྣ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཛྭ་ལ་རཾ་ཁཱ་ཧི༔ སིདྡྷི་ཧཱུྃ་ཧཱུྃ༔ བརྒྱ་སྟོང་ལ་སོགས་མང་དུ་འབུལ་ཞིང་༔ འདོད་དོན་གསོལ་བ་གདབ༔ མེ་ལྷ་རང་ལ་བསྡུ༔ རྫོགས་རིམ་བསྒོམ༔ བཀྲ་ཤིས་བརྗོད༔ འདིས་ནི་འཕྲལ་དུ་མཆོག་ཐུན་གང་དམིགས་ཆར་དུ་འབེབས་སོ༔ རྒྱུན་དུ་གྲུབ་ན་འདོད་དོན་ཟས་སྒྲུབ་ཀྱི་མཆོག་གོ༔ སྒྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པའི་ལས་བོགས་འདོན་གྱི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྱད་ཆོས་དབང་ཆེན་སྙིང་ཐིག་གི་ཡང་ཟབ་བླ་མའི་ཐུགས་སྒྲུབ་གསང་བའི་མན་ངག་འདིས་བསྟན་པ་དང་སེམས་ཅན་ལ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག༔ དམ་ཚིག་བཀའ་ཡི་རྒྱས་བཏབ་པོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དབང་ཆེན་སྙིང་ཐིག་ལས་ཁམས་གསུམ་ཆེ་བཙན་མཆོད་ཅིང་བསྙེན་པའི་རིམ་པ།

p. 81

࿅༔ དབང་ཆེན་སྙིང་ཐིག་ལས༔ ཁམས་གསུམ་ཆེ་བཙན་མཆོད་ཅིང་བསྙེན་པའི་རིམ་པ་བཞུགས་སོ༔ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་མཆོད་ཅིང་བསྙེན་པའི་ལས་རིམ་ནི༔ མཆོད་པའི་སྤྱན་གཟིགས་རྣམས་ལེགས་པར་བཤམས༔ ལྷའི་གཞུང་བསྲངས་མཆོད་རྫས་བྱིན་གྱིས་བརླབས༔ བདག་བསྐྱེད་གྱི་ལྟོ་བ་དང་མདུན་བསྐྱེད་ཀྱི་ཚོམ་བུའི་དབུས་སུ་ལྷ་ཆེན་པོ་བསྐྱེད་པར་བྱ་སྟེ༔ ཧཱུྃ༔ སྣང་སྲིད་མི་དམིགས་སྟོང་པའི་ངང་ཉིད་ལས༔ བདག་ཉིད་ལྷར་གསལ་སྤྲུལ་པའི་འཁོར་ལོ་དང་༔ མདུན་དུ་རཱ་གའི་ཕོ་བྲང་ཟླ་གམ་དབུས༔ སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿདམར་འོད་མདངས་གཟི་བརྗིད་འབར་བ་ལས༔ ལྕགས་ཀྱུའི་རྣམ་པའི་ཟེར་གྱིས་སྣང་སྲིད་ཁྱབ༔ འཁོར་འདས་སྟོབས་བཅུད་བསྡུས་ཤིང་ཧྲཱིཿལ་ཐིམ༔ ཡོངས་སུ་གྱུར་པས་སྐད་ཅིག་དྲན་རྫོགས་སུ༔ མ་ཧཱ་དྷེ་ཝ་དབང་ཕྱུག་ཆེན་པོ་ནི༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན་གྱིས་མཛེས༔ ཆགས་ཤིང་སྒེག་པའི་ཉམས་ལྡན་སྐུ་མདོག་དམར༔ འཛུམ་པའི་མདངས་ལྡན་བཅུ་དྲུག་ལང་ཚོ་ལྡན༔ ཨུ་མ་ཡུམ་འཁྱུད་ཆགས་པའི་བདེ་སྟོང་འབར༔ ཡབ་ཡུམ་ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ༔

p. 82

འོད་ཟེར་དམར་པོ་འཁྲུགས་པའི་དབུས་ན་རོལ༔ དེ་ཡི་ཕྱོགས་བཞི་པདྨ་འདབ་བཞིའི་སྟེང་༔ ཞི་རྒྱས་དབང་དང་དྲག་པོའི་ཆས་འཛིན་པའི༔ ལས་ཀྱི་དབང་ཕྱུག་དཀར་སེར་དམར་ལྗང་བཞི༔ རིགས་ཀྱི་ཡུམ་འཁྱུད་རིན་ཆེན་རྒྱན་གྱིས་བརྒྱན༔ ཀུན་ཀྱང་ལྕགས་ཀྱུ་དང་ནི་ཞགས་པ་བསྣམས༔ ཁམས་གསུམ་འགུགས་ཤིང་དངོས་གྲུབ་སྡུད་པར་མཛད༔ སྤྲུལ་པའི་ཕོ་ཉ་དྲེགས་ཚོགས་དཔག་མེད་རྣམས༔ ཐམས་ཅད་དབང་གི་ཕྲིན་ལས་སྒྲུབ་པར་གསལ༔ གཙོ་འཁོར་སྤྱི་མགྲིན་སྙིང་གར་ༀ་ཨཱཿཧཱུྃ༔ གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ སྤོས་དང་རོལ་མོ་དབྱངས་དང་བཅས་དར་དམར་གྱིས་གཡབ་ཅིང་༔ ཧྲཱིཿསྐྱོན་བྲལ་བདེ་ཆེན་དག་པ་པདྨའི་རིགས༔ སྤྱན་རས་གཟིགས་དབང་འཇིག་རྟེན་ལྷར་སྤྲུལ་པའི༔ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་མཐུ་བོ་ཆེ༔ དངོས་གྲུབ་རྒྱ་ཆེན་སྩོལ་ཕྱིར་གཤེགས་སུ་གསོལ༔ ཁམས་གསུམ་ཆེ་བཙན་མ་ཧཱ་དྷེ་ཝ་ཁྱོད༔ འདོད་ཆགས་འཁྲུགས་པའི་ཨུ་མ་ཡུམ་དང་བཅས༔ ཚུར་གཤེགས་ཚུར་གཤེགས་སྲིད་གསུམ་ཀུན་གྱི་བདག༔ དབང་གི་ཕྲིན་

p. 83

ལས་མཛད་ཕྱིར་གཤེགས་སུ་གསོལ༔ ཞི་རྒྱས་དབང་དྲག་ལས་༔ མཛད་དབང་ཕྱུག་ཆེ༔ རིགས་ཀྱི་ཡུམ་དང་སྤྲུལ་པའི་འཁོར་དང་བཅས༔ ཚུར་གཤེགས་ཚུར་གཤེགས་ཆོས་སྐྱོང་དམ་ཚིག་ཅན༔ བཀའ་དང་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ༀ་མ་ཧཱ་དྷེ་ཝ་དྷེ་ཝི་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲི༔ དབང་གི་ཕོ་བྲང་འོད་དམར་འཁྲུགས་པའི་ཀློང་༔ ལྷ་མཆོག་མ་ཧཱ་དྷེ་ཝ་འཁོར་དང་བཅས༔ དངོས་གྲུབ་སྩོལ་ཕྱིར་དགྱེས་ཤིང་བརྟན་པར་བཞུགས༔ ༀ་མ་ཧཱ་དྷེ་ཝ་དྷེ་ཝི་ས་མ་ཡ་ཏིཥྠ་ལྷན༔ མཆོད་པ་ནི༔ ཧཱུྃ༔ ལོངས་སྤྱོད་དཔག་ཏུ་མེད་པའི་མཆོད་སྤྲིན་དང་༔ སྤྱན་གཟིགས་སྣ་ཚོགས་རྒྱན་ཕྲེང་དུ་མ་དང་༔ ཛ་གད་ཆང་དང་བདུད་རྩི་ཨ་མྲྀ་ཏ༔ པདྨ་རཀྟ་རྨད་བྱུང་གཏོར་ཆེན་དང་༔ དཀར་དམར་འབྲུ་སྨན་རོ་བརྒྱ་བཟའ་བའི་ཚོགས༔ དབང་ཕྱུག་ཡབ་ཡུམ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ༔ ༀ་མ་ཧཱ་དྷེ་ཝ་ཨུ་མ་དྷེ་ཝི་ར་ཙ་ཧྲཱིཿཡ་ཧ་རི་ནི་ས་པཉྩ་ཨ་མྲྀ་ཏ་རཀྟ་བ་

p. 84

ལིཾ་ཏ་ཁཱ་ཧི༔ སརྦ་པཱུ་ཙ་ༀ་ཨཱཿཧཱུྃ་གྷྲི་ན་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ ཧྲཱིཿལས་བྱུང་བའི་དབང་ཕྱུག་དམར་པོ་ནི༔ དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་སྟོབས་ཀྱིས་འཇིག་རྟེན་ཡོངས་ཀྱི་རྗེ༔ ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཚོགས་བདག་ཆེན་པོ་ཀུན་གྱིས་མཆོད་པའི་གནས༔ སྨོན་ལམ་མཐུ་བཙན་ཐམས་ཅད་ཐོགས་མེད་འགུགས༔ དགོས་འདོད་རེ་བ་སྐོང་བའི་ཡིད་བཞིན་ནོར༔ ལྷ་ཆེན་འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་མཆོག་བདེ་ཆེན་ལང་ཚོ་རྒྱས་པ་ལ༔ ཆགས་པས་སྐུལ་བྱེད་ཨུ་མ་དམར་མོས་འཁྱུད༔ རིགས་བཞིའི་དབང་ཕྱུག་ཡབ་ཡུམ་སྤྲུལ་འཁོར་འགྱེད༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་གིས་མཆོད་བསྟོད་བསྐུལ་ཞིང་ཁྱོད་བསྙེན་གྱིས༔ སྔོན་གྱི་རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་ནོན༔ ལྷ་འདྲེ་མི་གསུམ་དབང་སྡུས་བྲན་དུ་བཀོལ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ མྱུར་བ་ཉིད་དུ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྟོད་

p. 85

མཉེས་ནས་དངོས་གྲུབ་བསྩལ་བར་བསམས༔ ལས་བྱང་གི་རིམ་པ་ཟབ་ཅིང་གཉན་པ་འདི་རབ་ཏུ་གསང་བར་བྱའོ༔ བསྟན་དང་འགྲོ་བ་ཡོངས་ལ་ཕན་ཐོགས་ཤོག༔ དབང་ཕྱུག་དྲེགས་ཚོགས་བཀའ་འདི་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

སྨན་མཆོད།

p. 86

༈ སྨན་མཆོད༔ ཧཱུྃ༔ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ ཉོན་མོངས་དུག་ལྔ་སེལ་བའི་སྨན༔ ཟག་མེད་བདེ་བ་སྐྱེད་པའི་རྫས༔ བླ་མེད་མཆོག་གི་མཆོད་པ་འདིས༔ རིག་འཛིན་རྩ་བརྒྱུད་བླ་མ་མཆོད༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མཆོད༔ དབང་ཕྱུག་མ་ཧཱ་དེ་ཝ་མཆོད༔ དབང་ཆེན་དཔའ་བོ་དཔའ་མོ་མཆོད༔ དམ་ཅན་ཆོས་སྐྱོང་སྲུང་མ་མཆོད༔ སྒྲུབ་པའི་རིག་འཛིན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་དབོན་སྤྲུལ་རིན་པོ་ཆེའི་བཀའ་ཕེབས་པར་བརྟེན་ནས་ལས་རབ་སྨྱོན་པས་བརྗོད༔

དབང་ཆེན་སྙིང་ཐིག་ལས་བསྙེན་ཐབས་དགོས་འདོད་ཀུན་འབྱུང་།

p. 87

࿅༔ དབང་ཆེན་སྙིང་ཐིག་ལས༔ བསྙེན་ཐབས་དགོས་འདོད་ཀུན་འབྱུང་བཞུགས་སོ༔ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དེ་ཡང་ཆེ་བཙན་སྙན་གྲགས་སྟོབས་དང་འབྱོར་པའི་ཕྱིར་ལྷ་ཆེན་མ་ཧཱ་དེ་ཝ་བསྙེན་པར་འདོད་པས༔ མཁའ་འགྲོ་འདུ་བའི་གནས༔ དཀར་ཕྱོགས་དགེ་བསྙེན་ལྷ་ཀླུ་གནས་པའི་ས་ཕྱོགས༔ ཡིད་འོང་མདོག་དམར་ཁ་ནུབ་ཏུ་བསྟན་པའི་གནས་སུ༔ མེ་ཏོག་ཆུ་ཀླུང་ནགས་ཚལ་སྣ་ཚོགས་ལྡན་པའི་གནས་སུ༔ དུས་བཟང་ཡར་ངོའི་འགྲུབ་སྦྱོར་རམ་མར་ངོའི་ཉེར་ལྔའི་གཟའ་སྐར་ཤིས་པ་ལ་འཇུག༔ རང་ལྷའི་ང་རྒྱལ་གྱིས་གཞི་བདག་དང་འབྱུང་པོ་ལ་གཏོར་མ་སྦྱིན་ཞིང་ཕྲིན་ལས་བཅོལ༔ གནས་གཞིས་ཕོ་བྲང་བཀྲ་ཤིས་ས་སྣ་ལ་སྟེགས་བུ་ཟླ་གམ་ཁེབས་ལྡན་བཟོ༔ པད་རག་དང་སིནྡྷུ་ར་མཚལ་ལི་ཁྲི་རྣམས་ཆང་དང་སྨད་འཚོང་མའི་ཆུར་སྦྱངས་ལ་བྱུག༔ དེའི་སྟེང་མེ་ཏོག་དམར་པོའི་ཚོམ་བུ་འགོད༔ དབུས་སུ་བླ་རྡོ༔ མདུན་དུ་སྤོད་ལྡན་གཏོར་མ༔ གཡས་སུ་བདུད་རྩི༔ གཡོན་དུ་རཀྟ༔ མཐའ་སྐོར་དུ་པཱུཙྪ་སྣ་ཚོགས༔ གཞན་ཡང་སྒྲུབ་པ་ལས་སྦྱོར་དབང་

p. 88

སོགས་གང་ལ་གང་དགོས་པའི་ཡོ་བྱད་རྣམས་ཚུལ་བཞིན་དུ་བཤམས༔ རང་སྟན་བདེ་བ་ལ་འཁོད༔ སྐྱབས་སེམས་དང་ཡི་དམ་གྱི་གཞུང་བསྲངས་པ་རྣམས་སྔོན་དུ་འགྲོ་བས༔ རང་ལྷར་གསལ་བའི་ལྟེ་བ་སྤྲུལ་པའི་འཁོར་ལོ་དང་༔ མདུན་གྱི་མཎྜལ་ཟླ་གམ་གྱི་དབུས་སུ༔ དབང་ཕྱུག་ཁམས་གསུམ་གྱི་བདག་པོ་ཡབ་ཡུམ་ལ༔ འཁོར་ཞི་རྒྱས་དབང་དང་དྲག་པོའི་དབང་ཕྱུག་ཡབ་ཡུམ་རྣམས་གསལ་གདབ༔ གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿདམར་གསལ་ལ་དྭངས་པ་བཀྲག་ཅིང་འཚེར་བ་ཚ་ཞིང་རྣོ་བ༔ སྔགས་ཕྲེང་རཱ་གའི་ཕྲེང་བ་ལྟ་བུས་བསྐོར་བ་དང་གཙོ་འཁོར་གྱི་གནས་གསུམ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བ་ཐག་གཟེངས་པ་ལྟ་བུ་ཞིང་ཁམས་ཐམས་ཅད་ཁྱབ་པར་འཕྲོས༔ རྒྱལ་བ་སྲས་བཅས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔ དབང་ཕྱུག་ཆེན་པོའི་གནས་རྣམས་སུ་འཕྲོས་ཐུགས་དམ་གྱིི་རྒྱུད་བསྐུལ༔ དེ་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ཧཱ་དེ་ཝ་ཡབ་ཡུམ་གྱི་སྐུ་དང་ས་བོན་སྔགས་ཕྲེང་ཕྱག་མཚན་དང་འོད་ཕུང་དམར་པོའི་རྣམ་པར་སྤྱན་དྲངས་

p. 89

རང་དང་མདུན་བསྐྱེད་བླ་རྡོ་རྣམས་ལ་ཐིམ་གཟི་བརྗིད་ནུས་མཐུ་ཚེ་དང་༔ བསོད་ནམས་སྟོབས་དང་འབྱོར་པ་གདུལ་བྱ་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོའི་ལྟ་བུ་ལྗོངས་དང་མེ་ཏོག་གི་ཚལ་ལ་ཆར་གྱིས་བྲན་པ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམས་ལ༔ ༀ་མ་ཧཱ་དེ་ཝ་ཨུ་མ་དེ་ཝི་ར་ཙ་ཧྲིཿཡ་ཧ་རི་ནི་ས་ས་མ་ཡཱ་ཛཿཞེས་མི་ཚིག་གིས་བར་མ་ཆོད་པར་བརྩོན་འགྲུས་དང་ལྡན་པས་རབ་ཏུ་བསྙེན་ནོ༔ ཐུན་མཐར་ལྷ་སྔགས་ཀྱི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་འོད་ལྔའི་རྣམ་པར་བསྡུས་ནས་རང་དང་རྟེན་ལ་ཐིམ་པར་བསམ་ཞིང་བཟླས་པ་ཅི་ནུས་བྱ༔ མཐར་མི་དམིགས་པའི་ངང་ལ་རང་བབས་སུ་བཞག་གོ༔ དེ་ལྟར་གྱི་བསྙེན་པ་གྲངས་བསྙེན་འབུམ་ཕྲག་གསུམ༔ རྟགས་བསྙེན་རབ་འབྲིང་ཐ་མ་གང་རུང་བྱ༔ དུས་ནི་བདུན་ཕྲག་གཅིག་གམ་གཉིས་སམ་གསུམ་སོགས་གང་ཟག་གི་དབང་པོ་དང་བསྟུན༔ འོན་ཀྱང་དུས་གྲངས་གཙོ་མི་ཆེ་ཞིང་རྟགས་ཁོ་ན་གཙོ་ཆེའོ༔ རང་སྔར་ལས་སྙན་གྲགས་ཆེ་བ་དང་༔ ཕ་རོལ་གྱིས་

p. 90

བྱམས་ཤིང་འདུད་པ༔ ཟས་ནོར་བསྙེན་བཀུར་འབྱུང་བ་རྣམས་བསྙེན་པའི་འབྲས་བུ་ཡང་དག་པའོ༔ ཁམས་གསུམ་དབང་སྒྱུར་གྱི་མན་ངག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔ ལས་རབ་རྩལ་གྱིས་སོ། །

དབང་ཆེན་སྙིང་ཐིག་ལས་སྒྲུབ་ཐབས་ཡིད་བཞིན་ནོར་བུ།

p. 91

࿅༔ དབང་ཆེན་སྙིང་ཐིག་ལས༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་བཞུགས་སོ༔ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་སྒྲུབ་པའི་རིམ་པ་ནི༔ ཡི་དམ་དང་ལྷ་ཆེན་སྔོན་དུ་བསྙེན་པའི་གང་ཟག་གིས་རྫས་དང་ཡོ་བྱད་བསྙེན་པ་ལྟར་ལ༔ ཁྱད་པར་སྐུ་རྟེན་ཚད་ལྡན་དང་སྒྲུབ་ཡིག་སྔགས་བྱང་གསེར་གྱིས་བྲིས་པ་ལྕགས་ཀྱུ་ཞགས་པ་དམར་པོ་རྣམས་བླ་རྡོ་དང་མཉམ་དུ་འགོད༔ སྟེང་དུ་དར་དམར་གྱི་གུར་ཕུབ༔ ཡི་དམ་གུ་རུའམ་ཐུགས་རྗེ་ཆེན་པོ་ཞི་དྲག་གང་རུང་གི་གཞུང་བསྲང་༔ དབང་ཕྱུག་མཆོད་བསྟོད་བྱ༔ ཁྱད་པར་སྔགས་དམིགས་ནི༔ ལྷ་ཆེན་ཡབ་ཡུམ་གཙོ་འཁོར་གྱི་སྐུ་ལས་འོད་དམར་པོ་ལྕགས་ཀྱུ་དང་ཞགས་པ་དང་ཛཿཡིག་ཕྲེང་མ་ཆད་པའི་རྣམ་པ་སྐར་མདའ་ཆད་པ་ལྟར་ཕྱོགས་བཅུའི་སྣང་སྲིད་ཁྱབ་པར་འཕྲོས༔ སྐྱེ་འགྲོ་གཟུགས་ཅན་གཟུགས་མེད་ཆེ་བཙན་དྲེགས་པ་ཅན་དང་དམངས་རིགས་འབྱོར་ལྡན་ཡོན་ཏན་ཅན་ཐམས་ཅད་རང་དབང་མེད་པར་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ཏེ་ཁྲིད་པ་ལྟ་བུར་བྱས་ཛཿདམར་པོའི་ཞགས་པས་རྒྱབ་ནས་དེད་དེ་བཀུག་ཅིང་དབང་དུ་བསྡུས་བྲན་དུ་བཀོལ༔ ཟས་ནོར་གོས་དར་ནོར་ཕྱུགས་རྐང་འགྲོ་སོགས་གང་ལ་ཅི་འདོད་པའི་དངོས་པོ་རྣམས་ཤིང་ལོ་སྐམ་པོ་རླུང་གིས་དེད་པ་ལྟར་བསྡུས་ནས་

p. 92

བདག་ལ་ཆར་དུ་བབས་པར་བསམ་ལ༔ ༀ་མ་ཧཱ་དེ་ཝ་ཨུ་མ་དྷེ་ཝི་རཱ་ཙ་ཧྲིཿཡ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་སྡུས་སྡུས༔ ལྷའི་གསལ་སྣང་དང་དམིགས་པའི་འཕྲོ་འདུ་ངག་གི་བཟླས་པ་རྣམས་ཡ་མ་བྲལ་བར་ཟུང་འཇུག་ཏུ་འབད་པར་བྱའོ༔ འདི་དག་གི་ཐུན་སྐབས་སུ་མཆོད་བསྟོད་བྱ༔ ཕྲིན་ལས་བཅོལ༔ བསྙེན་སྒྲུབ་ཀྱི་རྟགས་ནི༔ རབ་དངོས་འབྲིང་ཉམས་ཐ་ན་ཐོར་ཁའི་རྨི་ལམ་དུ་ཞལ་མཇལ་བ༔ གསུང་ཐོས་པ༔ ཕྱག་མཚན་རྙེད་པ༔ རང་ལྷའི་སྐུར་གྱུར་སྙམ་པའི་ང་རྒྱལ་སྐྱེ་བ་དང་དཔའ་གདེང་ཐོབ་པ༔ གང་ལ་ཡང་མི་འཇིགས་ཤིང་ལས་གང་བརྩམས་ཐོགས་པ་མེད་པ༔ གཞན་གྱིས་སྙན་པར་བརྗོད་ཅིང་འདུད་པ་ཟས་གོས་དང་མཐུན་རྐྱེན་སྦྱོར་བ༔ ཉི་ཟླ་ཤར་བ་གྱེན་ལ་འགྲོ་བ༔ རྩི་ཤིང་ལོ་འབྲས་སྨིན་པ༔ རྩྭ་དང་ཡུང་མ་ལྕི་བ་བཏུ་བ༔ ཡུལ་དང་ཁང་ཁྱིམ་གསར་པ་ལ་བདག་བྱེད་པ༔ བུད་མེད་བཟང་མོ་དང་སྦྱོར་བ་བྱེད་པ༔ དར་འཕྱར་བ་དུང་འབུད་པ༔ རོལ་མོ་འཁྲོལ་བ༔ ཁྲི་ལ་འདུག་པ༔ ཁྲོམ་བསྡུ་བ༔ དབང་བསྐུར་བ༔ བཀའ་བསྒོ་བ༔ ལུང་བཏང་བ༔ གཏེར་རྙེད་པ༔ ཁྱིམ་ཁལ་དོས་ཀྱིས་གང་བ་སོགས་མདོར་ན་ལེགས་པའི་ལྟས་བཟང་འབྱུང་ངོ་༔ དེ་བྱུང་བ་དང་ཚོགས་དང་གཏོར་མ་གཟབ༔ ཉམས་ཆག་བཤགས་སྐོང་བྱ༔ དངོས་གྲུབ་ལེན༔ ཐུགས་དམ་དྲག་ཏུ་བསྐུལ༔ དལ་བསྡུ་ཤིས་པ་བརྗོད༔ མི་དམིགས་པས་རྒྱས་གདབ༔ སངས་རྒྱས་སྲས་གཅིག་གི་རྒྱུད་མང་དུ་བཀླག༔ དགེ་རྩ་ཅི་ནུས་ལ་འབུངས༔ ལས་ཀྱི་ཤུལ་མི་མངོན་པར་བྱ༔ འདི་ལྟར་སྒྲུབ་པའི་སྐྱེས་བུ་དེ་ཉིད་ཁམས་གསུམ་ཀུན་གྱི་ཆེ་བཙན་དཔལ་དང་འབྱོར་པའི་བདག་པོ་ཉིད་དུ་འགྱུར་བར་གདོན་མི་ཟའོ༔ ཤིན་ཏུ་ཟབ་ཕྱིར་ཆོས་ལྟར་སྤྱོད་པ་རྣམས་ཀྱི་གྲོགས་སུ་ཤོག༔ ས་མ་ཡ༔ རྒྱ༔ ཨྠྀི༔

དབང་ཆེན་སྙིང་ཐིག་ལས་ལས་སྦྱོར་རླུང་གི་ཞགས་པ།

p. 93

࿅༔ དབང་ཆེན་སྙིང་ཐིག་ལས༔ ལས་སྦྱོར་རླུང་གི་ཞགས་པ་བཞུགས༔ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྲིད་གསུམ་བདག་པོ་མ་ཧཱ་དེ་ཝའི་ལས་སྦྱོར་དབང་གི་ཞགས་པ་ནི༔ རྫས་གང་འདོད་པའི་གཟུགས་ཤིན་ཏུ་འདྲ་བར་བྲིས་ལ་སྙིང་གར་ཆྒཻ་ཁུག་ཛཿཔཱ་ཤཾ་ཀུ་རུ་ཧོ༔ ཐ་མར་ལས་སྦྱོར་གྱི་སྔགས་དང་འདོད་གསོལ་བཀོད༔ ཕོ་མོའི་ཟག་རྫས་དང་ནོར་ལ་གང་འདོད་ཀྱི་ཚལ་པ་གཞུག༔ གང་དང་ཅི་འདོད་ཤེས་རབ་རིག་པས་འགྲེས་ཤེས་པར་བྱའོ༔ ལེགས་པར་བལྟེབས་ལ་སྐུད་པ་དམར་པོས་བཅིངས༔ དམིགས་བྱ་འགུགས་བསྟིམ་དྲག་ཏུ་བྱེད༔ བླ་རྡོའི་འོག་ཏུ་འགོད༔ རྐུན་ཆེན་གྱི་སྐྲ་དང་སྨད་འཚོང་མའི་སྐྲའི་ཞགས་པ་དྲངས་སྣེ་ནས་སྲིན་ལག་གིས་ལྟེ་བའི་ཐད་སོར་འཛིན་ཞིང་སྔགས་བཟླས༔ ཐུན་མགོར་སྒྲུབ་པའི་དམིགས་པའི་ཕོ་མོ་ནོར་རྫས་གང་འདོད་དམིགས་རྟེན་ལ་ཡང་ཡང་བསྟིམ་ཞིང་བཟླས་པ་བྱ༔ ཁྱད་པར་དུ་མདུན་བསྐྱེད་དང་༔ བདག་ཡི་དམ་གྱི་ལྟེ་བའི་དབང་ཕྱུག་ཆེན་པོའི་ཐུགས་སྲོག་སྔགས་ཕྲེང་ལས་འོད་ཟེར་དམར་པོ་སྦུ་གུའི་རྣམ་པ་གཞན་སྣང་དང་ཆྒཻ་མོའི་སྲོག་ཡིག་ནྲྀ་ལ་ཟུག་པས་བཀྲག་མེར་གྱིས་སྦུ་གུས་ཆུ་དྲངས་པ་ལྟར་དྲངས་ནས་མདུན་བསྐྱེད་ཀྱི་ལིང་ག་མཚན་མའི་རྟེན་དང་བདག་བསྐྱེད་ཀྱི་ལྟེ་བའི་ལྷ་ལྔ་སོ་སོའི་ས་བོན་ལ་ཐིམ་པར་བསམ་ཞིང་སྔགས་བཟླ༔ ཐུན་མཐར་བདག་གཞན་དབྱེར་མེད་ཀྱི་ངང་དུ་མ་བཅོས་པར་ལྷན་གྱིས་འཇོག་པ་ལ་ནན་ཏན་དུ་བྱའོ༔ ༀ་མ་ཧཱ་དེ་

p. 94

ཝ་ཨུ་མ་དེ་ཝི་ར་ཙ་ཧྲིཿཡ་ཧ་རི་ནི་ས་ཨ་ཏྲི་ནྲྀ་ཛཿཛཿདུང་དུང་སྡུས་སྡུས་ཁུག་ཁུག་སྭཱ་ཧཱ༔ ལས་སྦྱོར་གྱི་སྔགས་འདི་དྲག་ཏུ་རིག་པ་ཧུར་ཕྱུང་ང་རྒྱལ་དང་གཟེངས་བསྟོད་དེ་བཟླ༔ མཁོ་བའི་ཡོ་བྱད་དེའི་དངོས་གྲུབ་མ་ཐོབ་པར་རམ་དམིགས་བྱ་དེ་ཉིད་དབང་དུ་མ་གྱུར་གྱི་བར་དེ་སྲིད་དུ་བསྒྲུབ༔ ཡང་ན་རྟགས་བརྟན་པོར་མ་མཐོང་བར་དུའོ༔ སྤྱིར་ནི་ལྷ་འདྲེ་མི་གསུམ་མཁོ་དགུའི་ནོར་རྫས་མཐའ་དག་ལ་དྲིལ་སྒྲུབ་བྱས་ཀྱང་ཆོག་སྟེ་གནད་ཀྱི་ཞལ་ཤེས་སོ༔ བྱེ་བྲག་སོ་སོ་བ་གང་ཡང་གོང་གིས་ཤེས་སོ༔ དབང་སྡུད་ཐམས་ཅད་ཀྱི་བཅུད་སྙིང་དམ་པ་དབང་ཕྱུག་དཔའ་བོ་ལྷ་ལྔ་དཔའ་མོ་ཡུམ་ལྔ་དང་སྦྲགས་ཏེ་སྒྲུབ་པའི་ཟབ་ཁྱད་རླུང་གི་ཞགས་པ་རྣོ་ལ་མྱུར་བའི་གདམས་པ་གསང་བའི་བཀའ་རྒྱ་ཅན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སངས་རྒྱས་བསྟན་པ་སྲུང་བའི་བཙས་སུ་ཤོག༔ དགེའོ༔

དབང་ཆེན་སྙིང་ཐིག་ལས་བླ་རྡོ་ཟབ་པའི་ཡིག་ཆུང་།

p. 95

࿅༔ དབང་ཆེན་སྙིང་ཐིག་ལས༔ བླ་རྡོ་ཟབ་པའི་ཡིག་ཆུང་བཞུགས༔ རྩ་གསུམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ ལྷ་ཆེན་གྱི་སྲོག་རྟེན་བླ་རྡོ་ནི༔ དར་དམར་རྒྱ་ཤོག་གང་རུང་ལ༔ གསེར་དངུལ་ཟངས་ལྕགས་མཚལ་གང་རུང་ལ་བུད་མེད་རིགས་ལྡན་གཙང་མའི་རཀྟ་སྦྱར་ལ་ཡར་ངོའི་འགྲུབ་སྦྱོར་ལྡན་པ་ལ་འབྲི་སྟེ༔ དབུས་སུ་ཧྲཱིཿཡི་ཁོང་གསེང་དུ་ཨེ་མཉྫུ་ཀུགྟ་ཧཱུྃ༔ ཐ་མར་བསྙེན་སྔགས་མཐར་གང་འདོད་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུའི་ཤམ་བུར་སྦྱར༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ སྒྲུབ་པའི་སྔགས་འགོད༔ དེའི་ཕྱི་རིམ་རྩིབས་བཞིར་ར་ཙ་ཧྲི་ཡ་ལ་ཕྱོགས་སོ་སོའི་སྐྱེ་འགྲོ་དབང་དུ་སྡུས་ཞེས་འདོད་གསོལ་སྦྱར་མཚམས་བཞིར་ཧ་རི་ནི་ས་ལས་བཞིའི་སྒོ་ནས་དབང་གི་གཤམ་དུ་སྦྱར༔ དེའི་ཕྱི་རིམ་ལས་སྦྱོར་ལ་གང་འདོད་ཁ་སྒྱུར་འདོད་གསོལ་བཏགས༔ དེའི་ཕྱི་རིམ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་འབྲི༔ ཕྱུག་འཕན་ཁ་དྲག་གི་འབྲུ་སྨན་ནོར་རྫས་ཟས་གོས་བཏབ་ལ༔ ཡབ་ཡུམ་སྐུའི་བར་དུ་གཞུག༔ དབང་རྟེན་དམར་པོའི་ནང་དུ་འཇུག༔ ལྷར་གསལ་རབ་ཏུ་གནས༔ དུས་ཆེན་ལ་པུཙྪས་མཆོད༔ དངོས་གྲུབ་ཡལ་བར་འགྱུར་བས་གཞན་གྱིས་མ་མཐོང་བར་བཅངས་པ་གཅེས༔ དངོས་གྲུབ་ཐམས་ཅད་རང་དབང་མེད་པར་འདུ༔ དབང་ཕྱུག་ཡབ་ཡུམ་ལུས་དང་གྲིབ་མ་བཞིན་དུ་འདུ་འབྲལ་མེད༔ རབ་ཏུ་གཉན་པས་རང་གི་སྲོག་ལྟར་བཙའ་ཤེས་པར་བྱའོ༔ བླ་རྡོའི་རིམ་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔

དབང་ཆེན་སྙིང་ཐིག་ལས་ཟབ་བཅུད་གུད་དུ་སྦས་པ།

p. 96
p. 97

࿅༔ དབང་ཆེན་སྙིང་ཐིག་ལས༔ ཟབ་བཅུད་གུད་དུ་སྦས་པ་བཞུགས་སོ༔

p. 98

རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ཟབ་མོའི་བཅུད་ཀྱི་སྙིང་ཐིག་བསྟན་པ་འདི༔ ནང་དུ་རང་སེམས་དབང་འདུས་ན༔ སྤྲོས་མེད་སྤྱོད་པ་ཁོང་ནས་འཆར༔ དེ་ཚེ་ཐབས་ཀྱིས་མ་བསྡུས་ཀྱང་༔ ནོར་བུ་དགོས་འདོད་འབྱུང་བ་བཞིན༔ དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ༔ དེ་ཕྱིར་སེམས་ཉིད་གཏན་ལ་ཕོབ༔ རང་ཉིད་གཞན་གྱི་དབང་སོང་ནས༔ ཟས་ནོར་རྙེད་པ་འདོད་ཅིང་བཀྲེན༔ བྱ་ཡི་གྲིབ་མར་ཁྱིས་བསྙེགས་འདྲ༔ དོན་དུ་མི་འགྱུར་ངལ་བའི་རྒྱུ༔ དེ་ཕྱིར་ཆོས་སྤྱོད་སྐྱེས་བུ་རྣམས༔ བག་ཡོད་ཆོག་ཤེས་དྲན་པ་བསྟེན༔ དད་དང་དམ་ཚིག་དཔང་དུ་ཚུགས༔ སེམས་ཉིད་དོན་ལ་གཅིག་དྲིལ་མཛོད༔ དོན་གཉིས་ལྷུན་གྲུབ་བཙན་ས་ཟིན༔ ཞལ་གདམས་ཀུན་གྱི་མཐར་ཐུག་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབང་ཆེན་སྙིང་ཐིག་ཟབ་མོའི་ཆོས༔ སངས་རྒྱས་བསྟན་པའི་འཕེལ་འགྲིབ་དང་༔ སེམས་ཅན་བདེ་སྡུག་ལ་སོགས་

p. 99

པར༔ སྐྱོན་སེལ་ཡོན་ཏན་སྤེལ་ཕྱིིར་བཤད༔ དྲོད་ཐོབ་སྐྱེས་བུའི་ཕྲིན་ལས་དང་༔ མ་སྨིན་བནྡེ་དབང་ཆུང་གིས༔ གདུལ་བྱ་འབྱུང་བའི་ཆ་རྐྱེན་ཏེ༔ ཁབ་ལེན་ལྕགས་ཕྱེའི་རྟེན་འབྲེལ་བཞིན༔ དབང་ཆེན་ཉམས་ལེན་གནད་དུ་འབོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཟབ་པའི་བཅུད་བསྟན་པ༔ བླ་སྒྲུབ་ཟིལ་གནོན་འབྲུ་གཅིག་པ༔ མདུན་དུ་དམིགས་རྟེན་སྐུ་གཟུགས་བཞག༔ རང་ཉིད་པད་འབྱུང་གྲོ་བོ་ལོད༔ དམར་ནག་དྲག་ཁྲོས་སྤྱན་སྟོང་གཏམས༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་འཚེར༔ སྣ་སྒྲས་བག་ཆགས་ནད་གདོན་གཏོར༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུསདགྲ་བགེགས་ལོག་འདྲེན་འདུལ༔ གཡོན་པའི་ཕུར་བུས་གཟིར་བར་བྱེད༔ སྤྱི་བོར་

p. 100

བླ་མ་ཚེ་དཔག་མེད༔ མགྲིན་པར་འཕགས་པ་སྤྱན་རས་གཟིགས༔ ཡན་ལག་བཞི་ལ་མཁའ་འགྲོ་བཞི༔ ཐུགས་ཀར་ཉི་དཀྱིལ་ཧཱུྃ་ཆེན་མཐིང་༔ ཁམས་གསུམ་བསྲེགས་ཅིང་བགེགས་ཚོགས་གཞོམ༔ གར་དང་དུར་ཁྲོད་རྫོགས་པའི་སྐུ༔ བམ་སྟེང་མེ་དཔུང་ཀློང་ན་བཞུགས༔ བདེ་གཤེགས་དཀོན་མཆོག་ཀུན་འདུས་སྐུ༔ རི་རབ་ལ་མཉམ་ཆེ་བའི་སྐུ༔ རང་ཉིད་འགྲན་ཟླ་བྲལ་བ་ཡི༔ གྲོ་ལོད་ང་རྒྱལ་བརྟུལ་ཞུགས་བཅས༔ དངོས་གྲུབ་བསྡུ་དང་བར་ཆད་སེལ༔ ཕྲིན་ལས་བཞི་པོ་གང་འདོད་པའི༔ དམིགས་པའི་ཁ་བསྒྱུར་གང་མོས་བྱ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མཁའ་འགྲོ་བྱེ་བ་འཁོར་བཅས་ཀྱིས༔ གར་འཁྲབ་ཧཱུྃ་གི་སྒྲ་སྒྲོགས་བསྒོམ༔ དབྱངས་ནི་ཞི་དྲག་ཁམས་དང་བསྟུན༔ མི་ཕོད་པ་ལ་ཐོག་བརྫིས་བྱ༔ སྨྱོ་སྤྱོད་བརྟུལ་ཞུགས་གཅེར་བུར་རྒྱུག༔ གར་དང་སྟངས་སྟབས་སྤྱོད་པ་སྐྱོང་༔ རྫོགས་རིམ་ཡེངས་མེད་དམ་ཚིག་བཟུང་༔ བདུན་ནམ་བཅུ་བཞི་ཉེར་གཅིག་བསྙེེན༔ ཚེ་རིང་ནད་སེལ་བྱད་མ་དང་༔ དགྲ་བགེགས་དམ་སྲི་བར་ཆད་ཐུལ༔ ཁམས་གསུམ་དབང་འདུ་ཟིལ་གྱིས་ནོན༔ གཟུངས་དང་ཤེས་རབ་ཏིང་འཛིན་རྡོལ༔ མཐུ་ནུས་ཨོ་རྒྱན་པདྨར་མཉམ༔ འདྲེ་བདུད་འདུལ་བའི་དངོས་གྲུབ་ཐོབ༔ ཀུན་གྱིས་ཡིད་བཞིན་ནོར་བུར་མཐོང་༔ འདི་ནི་རྒྱལ་ཀུན་སྤྱི་སྒྲུབ་ཡིན༔ གཅེས་སོ་ཡིད་ཀྱིས་བརྣག་པར་མཛོད༔ བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས༔ དེ་ཕྱིར་རྒྱུན་གྱི་ཐུགས་དམ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྱིན་རླབས་བླ་མའི་

p. 101

སྒྲུབ་ཐབས་ཚར་རོ༔ ༈ གཉིས་པ་ཟབ་པའི་བཅུད་བསྟན་པ༔ ཞི་སྒྲུབ་འགྲོ་འདུལ་འབྲུ་དྲུག་པ༔ གར་འདུག་གནས་ནི་པོ་ཏ་ལ༔ རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔ དམར་གསལ་ལོངས་སྐུ་ཕྱག་བཞི་པ༔ དང་པོས་ནོར་བུ་ཐལ་མོ་སྦྱར༔ འོག་མས་མུ་ཏིག་ཕྲེང་བ་དང་༔ པདྨ་སྙན་གྱི་ཐད་ཀར་བསྣམས༔ ཉི་ཟླ་འོད་ཀྱི་ཀློང་དུ་བཞུགས༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ༔ ཐུགས་ཀར་ཟླ་དཀྱིལ་ཧྲཱིཿདམར་མཐར༔ ཡི་གེ་དྲུག་པ་བྷིནྡྷུའི་མདོག༔ རང་སྒྲ་སྒྲོགས་དང་འོད་ཟེར་འཕྲོ༔ རྒྱལ་བ་མཆོད་དང་འགྲོ་སྒྲིབ་སྦྱངས༔ དངོས་གྲུབ་མ་ལུས་བསྡུས་པར་བསམས༔ འགྲོ་དྲུག་འཕགས་པའི་སྐུར་གྱུར་ནས༔ ཀུན་ཀྱང་གསང་སྔགས་བཟླ་བར་མོས༔ ༀ་མ་ཎི་པདྨེ་ཧཱུྃ༔ རེས་འགའ་བསྐྱེད་རིམ་ངང་ནས་བཟླ༔ རེས་འགའ་སྤྲོ་བསྡུ་བསྒྱུར་ཞིང་བཟླ༔ རེས་འགའ་རྫོགས་རིམ་ངང་དུ་བཟླ༔ འབུམ་ཕྲག་བདུན་གྱིས་ངེས་པར་འགྲུབ༔ བྱམས་དང་སྙིང་རྗེའི་དམ་ཚིག་གཟུང་༔ རྟག་ཏུ་གསང་སྔགས་འདི་ཉིད་བགྲང་༔ ཕྱི་རུ་ནད་གདོན་བར་ཆད་ཞི༔ ནང་དུ་ཉམས་ཆག་སྡིག་སྒྲིབ་འདག༔ གསང་བ་འགྲོ་ཀུན་ཐུགས་རྗེས་འདུལ༔ འདི་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ དོན་དམ་རང་སེམས་མངོན་དུ་འགྱུར༔ འགྲོ་དོན་བྱེད་ན་མེ་ལོང་ལ༔ འདབ་དྲུག་དབུས་ཧྲཱིཿའདབ་མ་ལ༔ འཇིག་རྟེན་དབང་ཕྱུག་འབྲུ་དྲུག་

p. 102

བཀོད༔ ཧྲཱིཿནི་སྤྱན་རས་གཟིགས་དབང་ལ༔ འབྲུ་དྲུག་ཐུབ་པ་དྲུག་ཏུ་བསྒོམ༔ བསྐྱེད་བསྟིམ་མཆོད་བསྟོད་འཕྲོ་འདུ་བསྒོམ༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿའབྲུ་བདུན་འབུམ་བསྙེན་ལྷ་ཞུ་ནས༔ ཡིག་འབྲུར་གྱུར་དམིགས་མེ་ཏོག་འཐོར༔ འབྲལ་མེད་རང་གི་མགུལ་དུ་འཆང་༔ མཐོང་དང་བཀྲུས་འཐུང་ཐམས་ཅད་གྲོལ༔ ཙན་དན་དཀར་པོ་ཟོལ་མེད་ལ༔ གསེར་གྱི་ཡིག་དྲུག་དབུ་ཅན་འབྲི༔ བཟང་དྲུག་དང་ནི་བདུད་རྩིས་བྱུག༔ འཕགས་པ་བསྐྱེད་བསྟིམ་སྟོང་ཕྲག་བསྙེན༔ དར་ཟབ་ཀྱིས་དྲིལ་ལུས་ལ་བཅངས༔ ཚེ་དང་དཔལ་དང་བསོད་ནམས་འཕེལ༔ ཤི་ཚེ་གདུང་དང་འཇའ་འོད་འབྱུང་༔ སྙིང་ལ་ཕུར་ཅིག་སྐལ་ལྡན་ལས་ཅན་རྣམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཞི་བའི་སྒྲུབ་ཐབས་ཚར་རོ༔ གསུམ་པ་ཟབ་པའི་བཅུད་བསྟན་པ༔ ཡི་དམ་དྲག་སྒྲུབ་འབྲུ་དྲུག་པ༔ དུར་ཁྲོད་དྲག་པོའི་གཞལ་ཡས་སུ༔ ཧཱུྃ་ལས་བདག་ཉིད་པདྨ་དབང་༔ རབ་ཁྲོས་སྤྱི་བོར་རྟ་དབུ་འཚེར༔ བདེ་གཤེགས་བསྐུལ་ཞིང་ལོག་འདྲེན་བརྒྱལ༔ མེ་དཔུང་འབར་བའི་ཀློང་ཡངས་སུ༔ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར༔ ཡབ་ཡུམ་གྲི་ཐོད་དུར་ཁྲོད་ཆས༔ པད་ཉི་བམ་གྱི་གདན་ལ་འགྱིང་༔ སྐུ་མདོག་དམར་པོ་མེ་འོད་འཕྲོ༔ ཐུགས་ཀར་ཉི་སྟེང་ཧཱུྃ་དམར་པོ༔ ཡེ་ཤེས་ས་བོན་འབྲུ་དྲུག་བཀོད༔ འོད་འཕྲོས་བླ་མ་རིག་འཛིན་དང་༔ ཞི་ཁྲོ་སངས་

p. 103

རྒྱས་བྱང་སེམས་རྣམས༔ སྤྱན་དྲངས་སྐུར་ཐིམ་གཟི་བརྗིད་འབར༔ སྡེ་བརྒྱད་སྲོག་ཕྲོགས་བྲན་དུ་བཀོལ༔ རིགས་དྲུག་སྒྲིབ་སྦྱངས་ལྷ་སྐུར་བསྒྱུར༔ ནད་གདོན་བར་ཆད་བསྲེགས་པར་བསམ༔ རྒྱ་འདྲེ་དམ་སྲི་འགོང་པོ་རྣམས༔ ཁྲོ་ཆུང་སྤྲུལ་པས་འགུགས་འཆིང་གཟིར༔ བསྲེགས་སྦྱངས་སྟོང་ཉིད་ནམ་མཁའི་ངང་༔ དབང་གི་རྒྱལ་པོའི་ང་རྒྱལ་དང་༔ སྣང་སྲིད་བདེན་མེད་ཤེས་པ་དང་༔ རང་བྱུང་རང་བབས་བཅོས་མེད་ངང་༔ ༀ་ཧྱ་གྲྀ་ཝ་ཧཱུྃ༔ འབུམ་ཕྲག་བདུན་བཟླས་ཐ་མ་རུ༔ བསྐྱེད་རྫོགས་ཡ་བྲལ་མ་ཡིན་པས༔ ཟུང་འཇུག་རོལ་པའི་ངང་དུ་སྦྱངས༔ གདོན་བགེགས་བར་ཆད་ཐུལ་རྟགས་དང་༔ དངོས་གྲུབ་འཐོབ་པའི་མཚན་མ་འབྱུང་༔ དེ་ཚེ་སྲུང་མ་དམ་མེད་དང་༔ ཡུལ་ལྷ་ནག་པོར་ཕྱོགས་པ་དང་༔ ཡུལ་འདྲེ་གསར་པ་མ་རུངས་དང་༔ སྡེ་བརྒྱད་མཐུ་དང་ལྡན་པ་ལ༔ ཧེ་རུ་ཀ་ཡི་ང་རྒྱལ་གྱིས༔ སྨྱོན་སྤྱོད་བརྟུལ་ཞུགས་དྲག་པོ་དང་༔ དམིགས་པས་གཅུན་དང་ཕྱག་མཚན་བསྡིགས༔ དངོས་ཉམས་རྨི་ལམ་གང་རུང་དུ༔ རྟགས་མཐོང་གསལ་ནས་ལྟ་བས་བཅད༔ ལས་འགྲུབ་ཐོགས་མེད་སྙིང་ཁྲག་འདི༔ མཐར་ཐུག་དོན་ཡིན་མངོན་འཚང་རྒྱ༔ གནད་འདི་གཏེར་ཁ་གསུམ་མིན་པའི༔ སྒྲུབ་ཐབས་ཕུལ་འདི་བསྟན་པ་མེད༔ པད་སྡོང་ལོ་འབྲས་མ་རུངས་ན༔ ཀླུ་སྨན་དཀར་མངར་གཙང་མ་སྦྱར༔ དཀར་ཕྱོགས་ཀླུ་གནས་ཆུ་མིག་ཏུ༔ རྟ་གདོང་ཁྲོས་པའི་ང་རྒྱལ་གྱིས༔ ཀླུ་ཆེན་བརྒྱད་དང་གནས་པོ་

p. 104

བཅས༔ བཀུག་ནས་བཀའ་སྩལ་བརྔན་པ་སྦྱིན༔ ལས་བཅོལ་བཀའ་བསྒོ་རྩ་སྔགས་ཀྱིས༔ ཁྲིད་ནས་སྔགས་འདི་བར་མེད་བཟླ༔ ༀ་ནཱ་ག་ཤ་ཤ་ཤུ་ཤུ་མུ་ལེ་སྭཱ་ཧཱ༔ སྤྲིན་ཆེན་མདོ་དང་ཀླུ་སྤང་སྒྲོགས༔ བསང་བརྔན་ཀླུ་གཏོར་ཆུ་གཏོར་གཏོང་༔ སྤྲིན་འདུ་ཡང་ན་དྲོད་འབེབས་ཤིང་༔ ཡུལ་ཁམས་མུ་གེ་ཞི་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱན་རས་གཟིགས་ཁྲོས་པའི་སྒྲུབ་ཐབས་ཚར་རོ༔ བཞི་པ་ཟབ་པའི་བཅུད་བསྟན་པ༔ འཇིག་རྟེན་དབང་སྡུད་འབྲུ་བཅུ་གསུམ༔ བདག་ཉིད་ལྷ་ཆེན་དབང་ཕྱུག་ནི༔ འོད་དམར་ཀློང་ན་སྐུ་མདོག་དམར༔ གཅེར་བུ་དར་དང་རཏྣས་བརྒྱན༔ འཛུམ་ཁྲོ་ཞི་ཆགས་སྒེག་པའི་ཉམས༔ ལྕགས་ཀྱུ་དང་ནི་ཞགས་པ་བསྣམས༔ པདྨ་ཉི་མའི་གདན་ལ་བཞུགས༔ དེ་ཡི་ཆུང་མ་དཀའ་ཟློག་མ༔ དམར་པོ་གཏེར་བུམ་ནོར་བུ་ཡི༔ ཡབ་ལ་དགྱེས་འཁྲིལ་ལྷ་མོ་འོ༔ འཁོར་ནི་ལྷ་མོ་བྱེ་ས་ཡ༔ དམར་མོ་ཆགས་ཉམས་ལྕགས་ཀྱུ་ཞགས༔ སངས་རྒྱས་ཏིང་འཛིན་སྐྱོད་པར་ནུས༔ ལུས་ཅན་སེམས་ཅན་ལྟ་ཅི་སྨོས༔ གཞོན་ནུ་ཡབ་ཡུམ་གཙོ་འཁོར་གྱི༔ སྐུ་ཡི་ཐུགས་སྲོག་ཟླ་དཀྱིལ་གྱི༔ ཡབ་ཧཱུྃ་ཡུམ་ཧྲཱིཿསྔགས་ཕྲེང་གི༔ འོད་དམར་ལྕགས་ཞགས་སྣང་སྲིད་ཁྱབ༔ ལྷ་ཀླུ་མི་ཡི་དབང་པོ་དང་༔ འགྲོ་བ་ཕོ་མོ་ཟས་ནོར་བཅས༔ སྤྲིན་ལྟར་

p. 105

བསྡུས་ཤིང་ཆར་ལྟར་བབས༔ བདག་ལ་དབང་བའི་མོས་པ་དང་༔ མ་ཧཱ་དེ་ཝའི་ང་རྒྱལ་གྱིས༔ ༀ་ཨ་བྷི་ར་ཀོ་བྷི་ར༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ བཅུ་གསུམ་གྲངས་ལྡན་སྙིང་པོ་སྔགས༔ འབུམ་ཕྲག་གསུམ་མམ་ཡང་ན་ནི༔ མཚན་མ་མ་བྱུང་བར་དུ་བཟླ༔ དམ་ཚིག་སྤྱི་བོར་བླ་མ་བསྒོམ༔ སྙིང་གར་སྤྱན་རས་གཟིགས་དབང་བསྒོམ༔ མི་མོས་མི་གུས་གྱོང་ཞིང་ཁེངས༔ དབང་འདུ་བྲན་དང་ཡང་ཁོལ་འགྱུར༔ སྙིང་པོའི་ནང་ནས་ཡང་སྙིང་ཡིན༔ ཟབ་པའི་ནང་ནས་ཡང་ཟབ་ཡིན༔ གང་འདོད་ཆོས་ནོར་ཆར་ལྟར་འབེབས༔ ཁྱད་པར་མོ་ཆགས་ཀུན་གྱིས་དད༔ དབང་ལྡན་རྒྱལ་པོ་བཀོལ་དུ་ནུས༔ འཇིག་རྟེན་གཞན་རྣམས་ལྟ་ཅི་སྨོས༔ ཕུད་དང་གཏོར་མས་རྒྱུན་དུ་མཆོད༔ གཞན་གྱིས་མི་མངོན་གསང་ཞིང་བསྙེན༔ མཛེ་སྤྲང་ཡིན་ཀྱང་རྒྱལ་སྲིད་འཐོབ༔ དམ་ཚིག་མཆོད་སྦྱིན་གཞན་ལ་གུས༔ སྙན་གྲགས་གདུལ་བྱའི་འུར་ཟིང་ལངས༔ འབྲས་བུ་ཚེ་རབས་རྒྱལ་སྲིད་འཐོབ༔ མཐར་ཐུག་བྱང་ཆུབ་གོ་འཕང་ཉིད༔ ཐེ་ཚོམ་མེད་དོ་ཡིད་ཆེས་བསྐྱེད༔ ཆོས་བདག་ལས་ཅན་ཉེར་གཅིག་ལ༔ གསང་རྒྱ་སྙན་བརྒྱུད་སྐྱུགས་ཤིང་སྤེལ༔ བསྟན་འགྲོའི་དོན་འབྱུང་འགྲོ་དོན་ནི༔ ཐུབ་བསྟན་གནས་ཀྱི་བར་དུ་རྒྱས༔ སེམས་ཅན་ཡོངས་ལ་ཕན་ཐོགས་ཤོག༔ བཀའ་འདི་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀྲ་ཤིས་ཤོག༔

ཁྱད་ཆོས་དབང་ཆེན་སྙིང་ཐིག་ལས༔ རབ་ཏུ་གསང་བའི་སྲོག་གཏད།

p. 106
p. 107

࿅༔ ཁྱད་ཆོས་དབང་ཆེན་སྙིང་ཐིག་ལས༔ རབ་ཏུ་གསང་བའི་སྲོག་གཏད་བཞུགས་སོ༔ རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ དམ་ཚིག་དང་ལྡན་པའི་སློབ་མ་ལ་སྲོག་གཏད་པར་བྱ་སྟེ༔ དབང་ལ་ཤིས་པའི་གནས་དབེན་པར༔ མཎྜལ་ཟླ་གམ་དམར་པོའི་དབུས་སུ་མེ་ཏོག་དམར་པོའི་ཚོམ་བུ་དང་དབང་ཕྱུག་ཆེན་པོའི་རྟེན་དང་དབང་གི་རྫས་དང་མཆོད་པའི་ཡོ་བྱད་བསགས༔ སློབ་དཔོན་གྱིས་བསྙེན་ཞིང་བཀའ་བསྒོ་གཏོར་མ་འབུལ༔ རྟེན་འབྲེལ་གྱི་ཆེ་བར་སློབ་མས་ཡིད་ཆགས་པའི་མཎྜལ་འབུལ༔ ཁྲུས་བྱས་བགེགས་བསྐྲད༔ སྲུང་འཁོར་བསྒོམ༔ བླ་མས་ལོ་རྒྱུས་སྤྲོ༔ སློབ་མས་གསོལ་བ་གདབ་པ་ནི༔ ཨེ་མ་མཐུ་ཆེན་ཧེ་རུ་ཀ༔ ཁམས་གསུམ་སངས་རྒྱས་ཉིད་སྦྱོར་ཕྱིར༔ གར་དབང་ཁམས་གསུམ་བདག་པོ་ཡི༔ བྱིན་རླབས་དམ་པ་བསྩལ་དུ་གསོལ༔ ལན་དུ༔ ཡང་དག་དོན་ལ་ཁྱོད་མོས་ཤིང་༔ བསྟན་པ་འཛིན་ཞིང་དམན་པ་སྐྱོང་༔ དེ་ལྟར་ནུས་ན་ཁྱོད་ལ་སྦྱིན༔ ཞེས་པའི་ལན་དུ༔ བཀའ་བཞིན་དུ་བསྒྲུབ་པོ༔ དེ་བཞིན་དུ་གནས་སོ༔ རྗེེས་སུ་འཛིན་པར་གནང་དུ་གསོལ༔ ཞེས་ཞུའོ༔ དེ་ནས་སྐྱབས་སེམས་ཡན་ལག་བདུན་པ་འབོགས༔ དམ་ཆུ་བླུད་ལ༔ ལྷ་དང་བླ་མའི་དམ་ཚིག་དང་༔ མཆོད་སྦྱིན་སྔགས་དང་གཏོར་མ་དང་༔ བསྟན་དང་འགྲོ་ལ་ཕན་པའི་ལས༔ སྒྲུབ་དགོས་སྲོག་གི་དྭངས་མ་ཡིན༔ དོན་དེ་

p. 108

བཏང་ན་ཉམས་པར་འགྱུར༔ འགལ་བྱེད་རྡོ་རྗེའི་དམྱལ་བར་ངེས༔ བཛྲ་ས་མ་ཡ་ན་ར་སྐན༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ་ཅིང་བརྟན་པར་བྱ༔ དབང་བསྐུར་བ་ནི༔ གཏོར་མ་ཐོགས་ལ༔ ཧཱུྃ༔ མ་ཧཱ་དེ་ཝ་ལྷ་ཡི་ལྷ༔ ཨུ་མ་དེ་ཝ་ཡུམ་དང་བཅས༔ ཐུགས་དམ་དབང་གིས་སྐུ་བསྐྱོད་ལ༔ སློབ་མ་འདི་ལ་བྱིན་གྱིས་རློབས༔ མཐུ་ཆེན་དབང་གི་དངོས་གྲུབ་སྩོལ༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་སྦྱིན་ཞིང་༔ ཧཱུྃ༔ ཆགས་པའི་རྒྱལ་པོའི་བྱང་སེམས་ནི༔ སྙིང་པོ་སྔགས་ཀྱི་རྣམ་པ་ཅན༔ ཁྱོད་ཀྱི་ངག་ཏུ་སྦྱིན་པ་ཡིས༔ ནུས་པ་མཆོག་དང་ལྡན་པར་ཤོག༔ རྩ་སྔགས་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་རྡོ་སྙིང་གར་བཞག་ལ༔ ཧཱུྃ༔ འཁོར་འདས་སྲོག་གི་ཐིག་ལེ་སྟེ༔ དྲེགས་པའི་དབང་ཕྱུག་བླ་རྡོ་འདི༔ ཆོངས་ཤིག་ལས་ལྡན་སྐལ་བ་ཅན༔ ལྷ་དང་སྐལ་པ་མཉམ་པར་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ འབྲང་རྒྱས་དང་ཚོགས་རྫས་སྣ་ཚོགས་གཏད་ལ༔ ཧཱུྃ༔ ལོངས་སྤྱོད་ཆེན་པོའི་དམ་ཚིག་རྫས༔ ཕུན་ཚོགས་འདོད་ཡོན་ལྔ་དང་ལྡན༔ གང་ལ་ཅི་འདོད་མཁོ་དགུའི་གཏེར༔ ལྷ་ཆེན་དངོས་གྲུབ་ཁྱོད་ལ་སྦྱིན༔ རྩ་སྔགས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་གཏད༔ ཧཱུྃ༔ འགུགས་པར་བྱེད་པའི་

p. 109

ལྕགས་ཀྱུ་དང་༔ འཆིང་བར་བྱེད་པའི་ཞགས་པ་འདི༔ མ་ཧཱ་དེ་ཝའི་༔ ཕྱག་མཚན་ཏེ༔ ཁྱོད་ལ་གཏད་དོ་ལས་གྱིས་ཤིག༔ རྩ་སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་དང་བཀྲ་ཤིས་བརྗོད༔ བཀའ་དྲིན་གཏང་རག་ཚོགས་འཁོར་བྱ༔ དམ་ཚིག་གཟུང་ཞིང་བསྙེན་སྒྲུབ་ལ་འབུངས༔ དམ་མེད་ལུས་ཀྱི་བུ་ལ་ཡང་གསང་བ་གཅེས་སོ༔ བཛྲ་ས་མ་ཡ་བཀའ་རྒྱ༔ དགེའོ༔ ལས་རབ་རྩལ་གྱིས་སོ། །

དབང་ཆེན་སྙིང་ཐིག་ལས་བསྐུལ་བ་དབང་ཆེན་སྙིང་བྱང་།

p. 110
p. 111

࿅༔ དབང་ཆེན་སྙིང་ཐིག་ལས༔ བསྐུལ་བ་དབང་ཆེན་སྙིང་བྱང་བཞུགས་སོ༔

p. 112

རྩ་གསུམ་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ ལྟ་ལོག་མུ་སྟེགས་མ་རུངས་པ་རྣམས་དང་༔ མི་གུས་ཁེངས་དང་སྡང་སེམས་ལྡན་ལ་སོགས༔ མ་དུལ་གདུལ་དཀའི་སེམས་ཅན་གང་ཡང་རུང་༔ རྗེས་སུ་བཟུང་ཞིང་དགེ་བ་ལ་འགོད་ཕྱིར༔ དབང་ཆེན་ལྷ་མཆོག་བསྙེན་ཅིང་སྒྲུབ་པའི་ཚེ༔ ཐུན་སྐབས་ཐུགས་དམ་གནད་ནས་བསྐུལ་བ་ནི༔ གཏོར་མ་བཟའ་བཅའ་བཏུང་བ་སྣ་ཚོགས་བཅས༔ སྨན་རཀ་སྦྲེངས་ཤིང་བདུད་རྩིར་བྱིན་གྱིས་བརླབས༔ རང་ཉིད་ཡི་དམ་ང་རྒྱལ་དྲག་ཏུ་བསྐྱེད༔ རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་མངོན་རྫོགས་ཧེ་རུ་ཀ༔ ཁྲག་འཐུང་རྟ་མཆོག་རོལ་པ་དབང་གི་སྐུ༔ དབང་ཆེན་རྟ་སྐད་སྒྲ་ཡིས་སྲིད་གསུམ་འདུལ༔ དབང་བཅུའི་ཐུགས་འཆང་ཡེ་ཤེས་ལྷ་ཡི་

p. 113

ལྷ༔ ང་ནི་ཡེ་ཤེས་དྭངས་མ་སྙིང་པོའི་ངང་༔ སྣང་སྲིད་དབང་མཛད་ལས་མཁན་ལྷ་ཆེན་པོ༔ ཡབ་ཡུམ་འཁོར་དང་བཅས་པ་དམ་ལ་འདུས༔ ཁམས་གསུམ་དབང་དུ་བསྡུ་བའི་དུས་ལ་བབ༔ ཧཱུྃ༔ འོག་མིན་སྲིད་རྩེ་སུམ་ཅུ་རྩ་གསུམ་གནས༔ ཏི་སེ་མ་ཕམ་གངས་བྲག་དུར་ཁྲོད་ལྗོངས༔ ལྷ་ཀླུ་མི་ཡི་གནས་མཆོག་གར་བཞུགས་ཀྱང་༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཁྲོ་རྒྱལ་རྟ་མཆོག་རོལ་པའི་བཀའ་བཞིན་དུ༔ མི་འདའ་རྡོ་རྗེའི་དམ་ལས་མ་འདའ་བར༔ དབང་གི་མགོན་པོ་ཆེན་པོ་གཤེགས་སུ་གསོལ༔

p. 114

ཁམས་གསུམ་དེད་དཔོན་དབང་ཕྱུག་གཤེགས་སུ་གསོལ༔ སྣང་སྲིད་ཆེ་བཙན་ལྷ་ཆེན་གཤེགས་སུ་གསོལ༔ སྟོབས་ལྡན་གུ་ལང་ནག་པོ་གཤེགས་སུ་གསོལ༔ མུ་སྟེགས་རྒྱལ་པོ་ཏིར་ཏི་གཤེགས་སུ་གསོལ༔ དཔལ་འབར་ཤྲཱི་རལ་ཅན་གཤེགས་སུ་གསོལ༔ ཚོགས་བདག་གཞོན་ནུ་ཆེན་པོ་གཤེགས་སུ་གསོལ༔ རྩེ་གསུམ་ཕྱག་རྒྱ་འཆང་བ་གཤེགས་སུ་གསོལ༔ བདུད་རྩིའི་བདག་པོ་མགྲིན་སྔོན་གཤེགས་སུ་གསོལ༔ ཆགས་མཛད་འདོད་པའི་རྒྱལ་པོ་གཤེགས་སུ་གསོལ༔ བདུད་འཇོམས་སྤྱན་ལས་མེ་འབར་གཤེགས་སུ་གསོལ༔ སྲིད་པ་ཀུན་གྱི་མེས་པོ་གཤེགས་སུ་གསོལ༔ གར་དབང་སྲིད་གསུམ་བདག་པོ་གཤེགས་སུ་གསོལ༔ ལས་མཛད་ཧེ་རུ་ཀ་དཔལ་གཤེགས་སུ་གསོལ༔ དྲང་སྲོང་དཀའ་ཐུབ་སྤྱོད་པ་གཤེགས་སུ་གསོལ༔ ཡུམ་ཆེན་ཨུ་མ་དེ་ཝི་གཤེགས་སུ་གསོལ༔ རིགས་བཞི་དབང་ཕྱུག་ཡབ་ཡུམ་གཤེགས་སུ་གསོལ༔ འཁོར་གྱི་ཉེ་དབང་དྲེགས་ཚོགས་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ སྲིད་གསུམ་ཟིལ་གྱིས་གནོན་

p. 115

ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་ཆར་ལྟར་འབེབས་ཕྱིར་གཤེགས་སུ་གསོལ༔ ཕྲིན་ལས་ཡིད་བཞིན་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ སྙན་གྲགས་སྟོང་ཁམས་འུར་ཕྱིར་གཤེགས་སུ་གསོལ༔ གདུལ་བྱ་སྤྲིན་ལྟར་སྡུད་ཕྱིར་གཤེགས་སུ་གསོལ༔ ལོག་ལྟ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ དྲེགས་ལྡན་ང་རྒྱལ་གཞོམ་ཕྱིར་གཤེགས་སུ་གསོལ༔ བྱང་སེམས་བསམ་ངན་གཞིལ་ཕྱིར་གཤེགས་སུ་གསོལ༔ མཐུ་ཆེན་བྲན་དུ་བཀོལ་ཕྱིར་གཤེགས་སུ་གསོལ༔ དབང་ལྡན་སྟོབས་ནུས་འཕྲོག་ཕྱིར་གཤེགས་སུ་གསོལ༔ བདག་ཉིད་དད་པ་དང་ནི་དམ་ཚིག་གིས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་ཅིག༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ སྤྱན་རས་གཟིགས་ཀྱིས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་

p. 116

བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ རྟ་མཆོག་རོལ་པས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ སློབ་དཔོན་པདྨས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་

p. 117

གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ དྷ་ན་སཾ་སྐྲྀས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ གུ་ཧྱ་ཙནྟྲས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་

p. 118

དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ ཤཱནྟིཾ་གྷརྦྷས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ ཁམས་གསུམ་དེད་དཔོན་དབང་ཕྱུག་ཡབ་ཡུམ་རྣམས༔ རྩ་བརྒྱུད་བླ་མས་བཀའ་དང་དམ་ལ་བཞག༔ བཀའ་དང་དམ་ཚིག་དེ་ལས་མ་འདའ་ཞིག༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་ཕོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ དམར་ཆེན་རཀྟ་འབར་བའི་མཆོད་པ་བཞེས༔ སྐྱེ་འགྲོ་མོ་རྒྱུད་དབང་སྡུས་བདག་ལ་སྩོལ༔ འདོད་འབྱུང་གཏོར་ཆེན་འབར་བའི་མཆོད་པ་བཞེས༔ དངོས་གྲུབ་འདོད་དགུ་དབང་སྡུས་བདག་ལ་སྩོལ༔ མ་ཧཱ་དེ་ཝ་ཡབ་ཡུམ་འཁོར་བཅས་རྣམས༔ བདག་གིས་བསྙེན་ཅིང་བསྒྲུབ་པོ་གོང་མ་གཡེལ༔ བདག་གིས་མཆོད་ཅིང་

p. 119

བསྟོད་དོ་ངོ་མ་ཆུང་༔ བདག་གིས་རྦད་ཅིང་བསྐུལ་ལོ་བང་མ་བུལ༔ འཁོར་འདས་དཔལ་དང་ཡོན་ཏན་དབང་བསྡུས་ནས༔ འདོད་དོན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ དམ་ཚིག་གནད་ནས་བསྐུལ་བའི་རིམ་པ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དབང་ཕྱུག་ལྷ་ལྔ་གནད་ནས་བསྐུལ་བ་ནི༔ ཛ༔ དབུས་ཕྱོགས་ཟླ་གམ་དབང་ཆེན་འབར་བའི་ཀློང་༔ ཁམས་གསུམ་ཆགས་བྲལ་འགུགས་པའི་དཀྱིལ་འཁོར་ནས༔ བདེ་བ་ཆེན་པོ་དབང་ཕྱུག་ལྷ་ཆེན་པོ༔ ཡུམ་ཆེན་ཨུ་མ་དེ་ཝིའི་ཚོགས་དང་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་མཐུ་སྐྱེད༔ ཡོན་ཏན་ཕྲིན་ལས་ནུས་པའི་ཤུགས་ཕྱུངས་ལ༔ ཕྱོགས་བཅུའི་འཁོར་འདས་སྟོང་གསུམ་བྱེ་བ་ཡི༔ ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས་འབྱོར་བཅུད༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོན་ཏན་ཀུན༔ ཐུགས་རྗེ་དབང་མཛད་སྟོབས་ཀྱིས་དབང་དུ་སྡུས༔ རྣལ་འབྱོར་དབང་ཕྱུག་བདག་ལ་མྱུར་དུ་སྩོལ༔ འདོད་པའི་དོན་ཀུན་ཡིད་བཞིན་བསྒྲུབས་ནས་ཀྱང་༔ བདག་ཅག་ཀུན་ལས་རྣམ་པར་རྒྱལ་

p. 120

བར་མཛོད༔ ཛཿཤར་ཕྱོགས་ཟླ་གམ་དབང་ཆེན་འབར་བའི་ཀློང་༔ ཁམས་གསུམ་སྙིང་རྗེས་འགུགས་པའི་དཀྱིལ་འཁོར་ཀློང་༔ འགྱུར་མེད་རྡོ་རྗེ་རིགས་ཀྱི་ལྷ་ཆེན་པོ༔ ཡུམ་ཆེན་བཛྲ་ཨུ་མའི་ཚོགས་དང་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་མཐུ་སྐྱེད༔ ཡོན་ཏན་ཕྲིན་ལས་ནུས་པའི་ཤུགས་ཕྱུངས་ལ༔ ཤར་ཕྱོགས་འཁོར་འདས་སྟོང་གསུམ་བྱེ་བ་ཡི༔ ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས་འབྱོར་བཅུད༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོན་ཏན་ཀུན༔ ཐུགས་རྗེ་ཞི་བའི་སྟོབས་ཀྱིས་དབང་དུ་སྡུས༔ རྣལ་འབྱོར་དབང་ཕྱུག་བདག་ལ་མྱུར་དུ་སྩོལ༔ འདོད་པའི་དོན་ཀུན་ཡིད་བཞིན་བསྒྲུབས་ནས་ཀྱང་༔ བདག་ཅག་ཀུན་ལས་རྣམ་པར་རྒྱལ་བར་མཛོད༔ ཛཿལྷོ་ཕྱོགས་ཟླ་གམ་དབང་ཆེན་འབར་བའི་ཀློང་༔ ཁམས་གསུམ་བྱམས་པས་འགུགས་པའི་དཀྱིལ་འཁོར་ཀློང་༔ འདོད་འབྱུང་རིན་ཆེན་རིགས་ཀྱི་ལྷ་ཆེན་པོ༔ ཡུམ་ཆེན་རཏྣ་ཨུ་མའི་ཚོགས་དང་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་

p. 121

བཞེངས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་མཐུ་བསྐྱེད༔ ཡོན་ཏན་ཕྲིན་ལས་ནུས་པའི་ཤུགས་ཕྱུངས་ལ༔ ལྷོ་ཕྱོགས་འཁོར་འདས་སྟོང་གསུམ་བྱེ་བ་ཡི༔ ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས་འབྱོར་བཅུད༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོན་ཏན་ཀུན༔ ཐུགས་རྗེ་རྒྱས་པའི་སྟོབས་ཀྱིས་དབང་དུ་སྡུས༔ རྣལ་འབྱོར་དབང་ཕྱུག་བདག་ལ་མྱུར་དུ་སྩོལ༔ འདོད་པའི་དོན་ཀུན་ཡིད་བཞིན་བསྒྲུབས་ནས་ཀྱང་༔ བདག་ཅག་ཀུན་ལས་རྣམ་པར་རྒྱལ་བར་མཛོད༔ ཛཿནུབ་ཕྱོགས་ཟླ་གམ་དབང་ཆེན་འབར་བའི་ཀློང་༔ ཁམས་གསུམ་དགའ་བས་འགུགས་པའི་དཀྱིལ་འཁོར་ཀློང་༔ སྐྱོན་བྲལ་པདྨ་རིགས་ཀྱི་ལྷ་ཆེན་པོ༔ ཡུམ་ཆེན་པདྨོ་ཨུ་མའི་ཚོགས་དང་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་མཐུ་སྐྱེད༔ ཡོན་ཏན་ཕྲིན་ལས་ནུས་པའི་ཤུགས་ཕྱུངས་ལ༔ ནུབ་ཕྱོགས་འཁོར་འདས་སྟོང་གསུམ་བྱེ་བ་ཡི༔ ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས་འབྱོར་བཅུད༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོན་ཏན་ཀུན༔

p. 122

ཐུགས་རྗེ་དབང་གི་སྟོབས་ཀྱིས་དབང་དུ་སྡུས༔ རྣལ་འབྱོར་དབང་ཕྱུག་བདག་ལ་མྱུར་དུ་སྩོལ༔ འདོད་པའི་དོན་ཀུན་ཡིད་བཞིན་བསྒྲུབས་ནས་ཀྱང་༔ བདག་ཅག་ཀུན་ལས་རྣམ་པར་རྒྱལ་བར་མཛོད༔ ཛཿབྱང་ཕྱོགས་ཟླ་གམ་དབང་ཆེན་འབར་བའི་ཀློང་༔ ཁམས་གསུམ་སྙོམས་པར་འགུགས་པའི་དཀྱིལ་འཁོར་ཀློང་༔ ཐོགས་མེད་ལས་ཀྱི་རིགས་ཀྱི་ལྷ་ཆེན་པོ༔ ཡུམ་ཆེན་ཀརྨ་ཨུམའི་ཚོགས་དང་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་ནུས་མཐུ་སྐྱེད༔ ཡོན་ཏན་ཕྲིན་ལས་ནུས་པའི་ཤུགས་ཕྱུངས་ལ༔ བྱང་ཕྱོགས་འཁོར་འདས་སྟོང་གསུམ་བྱེ་བ་ཡི༔ ལྷ་ཀླུ་མི་ཡི་ཚེ་དཔལ་སྟོབས་འབྱོར་བཅུད༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཡོན་ཏན་ཀུན༔ ཐུགས་རྗེའི་དབང་མཛད་སྟོབས་ཀྱིས་དབང་དུ་སྡུས༔ རྣལ་འབྱོར་དབང་ཕྱུག་བདག་ལ་མྱུར་དུ་སྩོལ༔ འདོད་པའི་དོན་ཀུན་ཡིད་བཞིན་བསྒྲུབས་ནས་ཀྱང་༔ བདག་ཅག་ཀུན་ལས་རྣམ་པར་རྒྱལ་བར་མཛོད༔ དབང་ཆེན་ལྷ་ལྔའི་བསྐུལ་བྱང་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི༔ ཛ༔ འོད་དམར་

p. 123

ཁོར་ཡུག་བརྡལ་བའི་དཀྱིལ་འཁོར་ནས༔ ཁམས་གསུམ་ཆགས་པས་མྱོས་བྱེད་འདོད་པའི་རྒྱལ༔ གཞན་དབང་འཕྲོག་ཅིང་བདག་གིར་བྱེད་པ་པོ༔ དབང་ཕྱུག་ཡབ་ཡུམ་རིགས་ལྔ་འཁོར་ཚོགས་འབུམ༔ མཐུ་ཆེན་སྟོབས་ལྡན་འཇིག་རྟེན་ཡོངས་ཀྱི་རྗེ༔ ཐུགས་དམ་བསྐུལ་ལོ་ནུས་མཐུའི་རྩལ་ཤུགས་ཕྱུངས༔ དམ་རྫས་ཕུད་དང་གཏོར་མའི་མཆོད་པ་བཞེས༔ ཁྲོ་མཆོག་རྟ་མགྲིན་དཔལ་གྱིས་བཀའ་བསྒོས་བཞིན༔ ཁྱེད་རྣམས་ལས་ཤུགས་བདེན་པའི་རྩལ་ཕྱུངས་ལ༔ ལྷ་འདྲེ་མི་གསུམ་ཁུག་ཛཿདབང་དུ་སྡུས༔ མཆོག་དང་ཐུན་མོང་དངོས་གྲུབ་སྤྲིན་ལྟར་སྡུས༔ ཟས་ནོར་ལོངས་སྤྱོད་མཁོ་དགུ་ཆར་ལྟར་ཕོབ༔ བསྟོད་བཀུར་སྙན་གྲགས་ཕྱོགས་བཅུར་འབྲུག་ལྟར་སྒྲོགས༔ བགེགས་དང་ལོག་འདྲེན་དམ་སྲི་ཆམ་ལ་ཕོབ༔ མི་དང་མི་མིན་བསམ་སྦྱོར་ངན་པ་བཟློག༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེས་ལས་བོགས་དབྱུང་བ་ལྟར་གྱུར་ནས་མྱུར་དུ་འགྲུབ་པོ༔ དེ་ཕྱིར་བསྐུལ་བྱང་མཆོད་བསྟོད་ལ་འབད་པ་གཅེས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་གཅེས་གནད་

p. 124

བསྐུལ་སྔགས་བྱང་ནི༔ ༀ་ཀ་བྷི་ར་ཀོ་བྷི་ར་ཨེ་མཉྫུ་ཀུགྟ་ཧཱུྃ༔ རྩི་བཅུད་དྭངས་མ་ཉི་ལི་ལི༔ ལུས་བཅུད་དྭངས་མ་ན་ར་ར༔ ས་ལ་ཕོབ༔ ས་ལ་རྡོབ༔ ལྷ་འདྲེ་མི་གསུམ་གུམ་གུམ་ཆུམ་ཆུམ༔ གཡའ་གཡའ༔ ཙག་ཙག༔ སད་སད༔ བདག་ལ་འདུས༔ རྡོ་རྗེ་ཅན་རྣམས་དབང་དུ་སྡུས་ཛཿཛཿཝཱ་ཤང་ཀུ་རུ་ཧོ༔ བྷ་ག་ཅན་རྣམས་དབང་དུ་སྡུས་ཛཿཛཿཔཱ་ཤང་ཀུ་རུ་ཧོ༔ ཟས་ནོར་ཅན་རྣམས་དབང་དུ་སྡུས་ཛཿཛཿཝཱ་ཤང་ཀུ་རུ་ཧོ༔ ལོངས་སྤྱོད་ཅན་རྣམས་དབང་དུ་སྡུས་ཛཿཛཿཝཱ་ཤང་ཀུ་རུ་ཧོ༔ ལྷ་འདྲེ་མི་གསུམ་ཨ་ནྲྀ་ཡ་མ་དུ་ཏྲི་ཛཿདབང་དུ་སྡུས་ཛཿཛཿཝཱ་ཤང་ཀུ་རུ་ཧོ༔ སྔགས་འདི་ནམ་ཡིན་བཟླ་མི་རུང་ངོ་༔ གལ་ཆེ་ན་སྲོག་ཏིག་གསང་བའི་སྔགས་འདི་རན་ཙམ་བཟླ་ཞིང་ཡུངས་དཀར་གྱི་ཐུན་གྱིས་དམིགས་རྟེན་བྲབ༔ ཏིང་ངེ་འཛིན་གསལ་ངར་བསྐྱེད༔ ཡུན་རིང་སྒྲུབ་ཀྱང་ལས་འགྱངས་པའམ༔ ནན་ཏུར་གལ་ཤིན་ཏུ་ཆེ་ན་བརྩོན་པ་དྲག་ཏུ་བསྐྱེད་དེ་བཟླས་པས་ས་རྡོ་ཡང་འགུལ་ཞིང་གཡོ་ན་སྐྱེ་འགྲོ་ལ་སྨོས་ཀྱང་ཅི་དགོས༔ སྣང་སྲིད་ཐམས་ཅད་ཆགས་པས་རབ་ཏུ་གཡོས་ཞིང་མྱོས་པར་འགྱུར་རོ༔ གདུལ་བྱ་འུར་ལངས་པར་ཐེ་ཚོམ་མེད་དོ༔ ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་གཡོ་བྱེད་སྨྱོ་བྱེད་ཀྱི་སྔགས་འདི་མང་དུ་བཟླས་ན་རང་ཡང་སྨྱོ་ཞིང་གཟེངས་པར་བྱེད་པས་ཚོད་ཟིན་པར་བྱའོ༔ རབ་ཏུ་གཉན་པས་འཚོ་ཤེས་བྱ༔ སྤེལ་བའི་གནས་མེད་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ༔

ཁྱད་ཆོས་དབང་ཆེན་སྙིང་ཐིག་གི་ཕྱི་སྒྲུབ་ངག་འདོན་ཕྲིན་ལས་ཐོགས་མེད།

p. 125

࿅༔ ཁྱད་ཆོས་དབང་ཆེན་སྙིང་ཐིག་གི་ཕྱི་སྒྲུབ་ངག་འདོན་ཕྲིན་ལས་ཐོགས་མེད་བཞུགས༔

p. 126

ན་མོ་པདྨ་ཀཱ་ར་ཡེ༔ དེ་ཡང་དབང་ཆེན་སྙིང་ཐིག་གི༔ ཕྱི་སྒྲུབ་ངག་འདོན་རིམ་པ་ནི༔ དབེན་པར་རྟེན་མཆོད་འདུ་བྱས་ནས༔ འདི་ལྟར་ཉམས་སུ་ལེན་པར་བྱ༔ ༀ་ཨཱཿཧཱུྃ༔ བདག་སོགས་མཁའ་མཉམ་འགྲོ་བ་སེམས་ཅན་རྣམས༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་སྐྱབས་གནས་ཀུན་འདུས་ངོ་བོ་ཉིད༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷར་སྐྱབས་སུ་མཆི༔ འགྱུར་མེད་བདེ་ཆེན་རང་རིག་དོན་གྱི་ལྷ༔ ཨོ་རྒྱན་དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ འཁོར་འདས་སྣང་གྲགས་རྟོག་ཚོགས་ཀུན་བསྡུས་ནས༔ ཀུན་བཟང་ཀློང་དུ་ཆུབ་པར་སེམས་

p. 127

བསྐྱེད་དོ༔ ༀ་གྱིས་མ་དག་དངོས་པོ་ཡོངས་སུ་སྦྱངས༔ ཨཱཿཡིས་མང་དུ་སྤེལ་ཞིང་མཁའ་ཁྱབ་བཀོད༔ ཧཱུྃ་གིས་སྣ་ཚོགས་འདོད་དགུའི་རོལ་པར་བསྒྱུར༔ རྩ་གསུམ་ལྷ་ཚོགས་དགྱེས་པའི་རྫས་སུ་གྱུར༔ ༀ་ཨཱཿཧཱུྃ༔ གསུམ༔ དམིགས་མེད་སྟོང་པ་ཆེན་པོའི་ངང་ཉིད་ལས༔ དག་པའི་ཞིང་ཁམས་ཟངས་མདོག་དཔལ་རིའི་རྩེར༔ པདྨ་རཱ་གའི་ཁང་བཟང་པདྨ་འོད༔ ངོ་མཚར་རྒྱལ་བའི་ཕོ་བྲང་ཆེན་པོའི་དབུས༔ མི་འཇིགས་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ དཀོན་མཆོག་རྒྱལ་བ་ཀུན་འདུས་པདྨ་འབྱུང་༔ ཐུགས་རྗེས་ཆགས་པའི་

p. 128

རང་བཞིན་སྐུ་མདོག་དམར༔ ཁྲོ་འཛུམ་བཞད་པའི་ཉམས་ལྡན་གཟི་བརྗིད་འབར༔ སྐུ་ལ་གསང་ཕོད་སྣམ་སྦྱར་བེར་ཆེན་གསོལ༔ དབུ་ལ་པད་ཞྭ་སྒྲོ་དར་མེ་ལོང་བརྒྱན༔ ཕྱག་ན་རྡོ་རྗེ་བྷནྡྷ་ཚེ་བུམ་མཚན༔ ཁ་ཾ་གཡོན་བརྟེན་བག་དྲོ་ལྷུན་ཆགས་ཤིང་༔ རྒྱལ་པོ་རོལ་སྟབས་ཞབས་ལ་སག་ལྷྭམ་གསོལ༔ སྣང་སྲིད་ཟིལ་གནོན་སྣང་སྟོང་འོད་ཕུང་འཁྲིགས༔ ཕྱོགས་བཞིར་བཀའ་སྡོད་ཕོ་ཉ་རྣམ་བཞི་ནི༔ མདུན་དུ་དབང་ཕྱུག་ཨུ་མ་ཁ་སྦྱོར་དམར༔ གཞོན་མཛེས་ཆགས་སྒེག་ཉམས་ལྡན་ལྕགས་ཞགས་ཐོགས༔ དར་དང་རཏྣ་ཨུཏྤལ་དམར་པོས་བརྒྱན༔ གཡས་སུ་ཚོགས་བདག་གླང་པོའི་གདོང་ཅན་དམར༔ བརྗིད་པའི་ཉམས་ལྡན་ལྕགས་ཀྱུ་ཟས་གཞོང་འཛིན༔ དར་གྱི་ན་བཟའ་རིན་ཆེན་དུ་མས་བརྒྱན༔ གཡོན་དུ་རྣམ་སྲས་དམར་པོ་བེར་ཁྲབ་གསོལ༔ མདུང་དམར་ལྕགས་ཀྱུ་དང་ནི་ནེའུ་ལེ་བརྟེན༔ དཔའ་བརྗིད་ཉམས་ལྡན་སེང་གེའི་ཁྲི་ལ་བཞུགས༔ རྒྱབ་ཏུ་འཕགས་མཆོག་ཛམ་ལྷ་སྐུ་མདོག་དམར༔ ནོར་བུ་ལྕགས་ཀྱུ་ནེའུ་ལེ་ནོར་སྐྱུགས་འཛིན༔ མིའུ་ཐུང་འགྱིང་

p. 129

སྟབས་དར་དང་རིན་ཆེན་གསོལ༔ བཀའ་སྡོད་ལས་ཀྱི་ཕོ་ཉ་རྣམ་པ་བཞི༔ ཉི་ཟླ་པད་སྟེང་འོད་དམར་ཀློང་ན་བཞུགས༔ གཟི་བརྗིད་ནུས་མཐུ་ཕུན་སུམ་ཚོགས་པར་ལྡན༔ གུ་རུའི་སྟེང་ཕྱོགས་རྩ་བརྒྱུད་བླ་མ་དང་༔ བར་དུ་ཡི་དམ་ཞི་དང་ཁྲོ་བོ་དང་༔ མཐའ་སྐོར་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་འདྲེས་ཡོངས་རྫོགས་སྤྲིན་ཕུང་ལྟ་བུར་འཁྲིགས༔ ཀུན་ཀྱང་དབང་གི་ལས་མཛད་སྐུ་མདོག་དམར༔ ཕྱག་མཚན་ལྕགས་ཀྱུ་དང་ནི་ཞགས་པ་བསྣམས༔ ལྷ་ཚོགས་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་༔ དེ་ཡི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར༔ ཧཱུྃ༔ འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་བྱང་མཚམས༔ རྔ་ཡབ་གླིང་ཕྲན་ཟ་བྱེད་སྲིན་པོའི་ཡུལ༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་བརླབས་པའི༔ གླིང་མཆོག་ཁྱད་པར་ཅན་གྱི་ཕོ་བྲང་ནས༔ རྗེ་བཙུན་པདྨ་འབྱུང་ནས་གཤེགས་སུ་གསོལ༔ ངོ་བོ་ཆོས་ཉིད་དག་པའི་བདེན་པ་དང་༔ སྔོན་བསགས་སྦྱིན་པའི་ཤུགས་དང་སྨོན་ལམ་མཐུས༔ ཚེ་དཔལ་

p. 130

ལོངས་སྤྱོད་སྟོབས་ལ་མངའ་བརྙེས་པའི༔ དབང་ཕྱུག་ཡབ་ཡུམ་ལྷ་ཆེན་ཚོགས་ཀྱི་བདག༔ རྒྱལ་ཆེན་རྣམ་སྲས་མགོན་པོ་ཛམ་བྷ་ལ༔ དངོས་གྲུབ་སྩོལ་བའི་ལྷ་ཚོགས་གཤེགས་སུ་གསོལ༔ རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ༔ རང་ལས་མི་གཞན་གཙོ་འཁོར་ཚུལ་སྣང་ཞིང་༔ རང་དོན་མཐར་ཕྱིན་གཞན་དོན་མཛད་པའི་ངང་༔ རང་རང་གདུལ་བྱར་འདོད་དགུ་ཅི་ཡང་བསྒྱུར༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ དབང་ཆེན་ཕོ་བྲང་འོད་དམར་འཁྱིལ་བའི་ཀློང་༔ མདངས་ལྡན་པདྨ་འོད་འབར་ཉི་ཟླའི་སྟེང་༔ བསྐྱེད་ཅིང་སྤྱན་དྲངས་གསོལ་བ་བཏབ་པའི་ཚོགས༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ རྩ་གསུམ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དང་༔ མཐུ་ཆེན་དབང་ལྡན་དྲེགས་ཚོགས་དམ་ཚིག་ཅན༔ ཉེ་བར་བསྙེན་ཅིང་འདོད་དོན་གསོལ་སླད་དུ༔ རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི༔ ལྷ་ཀླུ་མི་ཡི་ཡོ་བྱད་

p. 131

སྣ་ཚོགས་དང་༔ ཀ་ཆ་དཀོར་ཆ་སྤྱན་གཟིགས་དུ་མ་དང་༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་བཅས༔ གུ་རུ་རྩ་གསུམ་དབང་གི་ལྷ་ལ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ བཞེས་ནས་ཚེ་དང་དབང་གི་དངོས་གྲུབ་སྩོལ༔ ཧྲཱིཿའགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱུར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་རྣམ་སྤྲུལ་རྒྱལ་བའི་བཀའ་སྡོད་ཅིང་༔ འཇིག་རྟེན་གཙོ་བོ་འཇིག་རྟེན་སྐྱོང་བ་པོ༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་དམ་ཚིག་ཅན༔ དབང་མཛད་དབང་གི་ལྷ་ཚོགས་རྣམས་ལ་བསྟོད༔ བདག་མདུན་ལྷ་ཚོགས་འོད་དམར་ལྕགས་ཞགས་ནི༔ ཚ་ཞིང་རྣོ་ལ་མྱུར་བའི་རང་བཞིན་ཅན༔ ཛ་ཛ་ཧྲིང་ཧྲིང་སྒྲ་འབྱིན་རླུང་དམར་དང་༔ འགྲོགས་ཤིང་འཁོར་འདས་ལམ་གསུམ་ཐམས་ཅད་ཁྱབ༔ འཕགས་མཆོད་བྱིན་རླབས་འབྲུ་གསུམ་རྣམ་པར་བསྡུས༔ བདག་མདུན་ལ་ཐིམ་འོད་དང་གཟི་བརྗིད་རྒྱས༔ ལྷ་འདྲེ་མི་

p. 132

གསུམ་ཆེ་བཙན་དྲེགས་པ་ཅན༔ ཐམས་ཅད་སྣང་བ་དབང་བསྡུས་དབང་མེད་བཀུག༔ དེ་དག་བདག་ལ་མོས་གུས་ལྷང་ལྷང་གིས༔ ཁྱེད་ཤེས་དད་པས་བཀའ་ཉན་བྲན་དུ་བྱེད༔ ཟས་ནོར་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དང་༔ མཆོག་ཐུན་དངོས་གྲུབ་གང་འདོད་ཐམས་ཅད་ཀུན༔ སྦུར་མ་རླུང་གིས་དེད་བཞིན་འུབས་ཀྱིས་བསྡུས༔ བདག་གི་གནས་སུ་མི་ཤོང་ཙམ་དུ་ཁོང་༔ ཞེས་བསམ་ལ་མི་ཚིག་གིས་བར་མ་ཆོད་པར་བཟླ༔ ༀ་ཨཱཿཧཱུྃ་ༀ་བཛྲ་གུ་རུ་པདྨ་ཛྙཱ་ན་མ་ཧཱ་དྷེ་ཝ་ཨུ་མ་དྷེ་ཝི་ཨ་ནྲི་ཏྲི་ཛཿཙིཏྟ་སིདྡྷི་ཧཱུྃ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཙོ་བོ་བསྒྲུབ་ཅིང་འཁོར་རྣམས་བསྙེན་འདོད་ན༔ བཀའ་སྡོད་སོ་སོ་ལས་འཕྲོས་འོད་ཟེར་གྱིས་གང་འདོད་དབང་བསྡུས་བདག་ལ་ཕུལ་བར་དམིགས༔ ཨེ་མཉྫུ་ཀུགྟ་ཧཱུཾ༔ དབང་ཕྱུག་དང་༔ ༀ་ཧཱུྃ་བྷྲུཾ་ག་ན་པ་ཏི་ཡེ་སྭཱ་ཧཱ༔ ཚོགས་བདག་དང་༔ ༀ་བྷཻ་ཤྲ་ཝ་ནཱ་ཡེ་སྭཱ་ཧཱ༔ རྣམ་སྲས་དང་༔ ༀ་ཛམྦྷ་ལ་དྷ་ན་ཨ་མུ་ཀ་ན་སིདྡྷི་ས་མ་ཡ་ཕ་ལ་འདུས་འདུས་ནོར་རྫས་རྣམས་བདག་ལ་དུང་དུང་འདུས་འདུས་སྭཱ་ཧཱ༔ ཛམ་ལྷ་སྟེ༔ རན་ཙམ་བཟླ་ཞིང་ཐུན་མཚམས་མཆོད་བསྟོད་བྱ༔ སྟོང་གསུམ་ལྷ་མིའི་དཔལ་འབྱོར་ལེགས་ཚོགས་ཀུན༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དང་༔ དཀོན་མཆོག་

p. 133

རྩ་གསུམ་དབང་གི་ལྷ་ལ་འབུལ༔ བདག་སོགས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག༔ ༀ་མཎྜལ་པཱུ་ཙ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་པདྨ་འབྱུང་གནས་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཀའ་དྲིན་མཚུངས་མེད་ལ་གསོལ་བ་འདེབས་སོ༔ ཐུགས་རྗེ་ཚད་མེད་ལ་གསོལ་བ་འདེབས་སོ༔ སྐུ་དྲིན་འཁོར་མེད་ལ་གསོལ་བ་འདེབས་སོ༔ ད་ལྟ་ཉིད་དུ་སྐད་ཅིག་ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་རུ༔ སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག༔ མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ ཚེ་དང་དབང་གི་དངོས་གྲུབ་སྩོལ་ཅིག༔ དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་གུ་རུ༔ སོགས་འགྲེས༔ སྐུགསུམ་ཀུན་འདུས་ཀྱི་ངོ་བོ་གུ་རུ་སོགས༔ རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་གུ་རུ་སོགས༔ ནོར་ལྷ་ཀུན་འདུས་ཀྱི་ངོ་བོ་སོགས༔ ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་གུ་རུཔདྨ་འབྱུང་ནས་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བཀའ་དྲིན་མཚུངས་མེད་ལ་སོགས༔ ཐུགས་རྗེ་མཚུངས་མེད་སོགས༔ སྐུ་དྲིན་འཁོར་མེད་ལ་སོགས༔ ད་ལྟ་ཉིད་དུ་སྐད་ཅིག་

p. 134

ཉིད་དུ་མྱུར་བ་ཉིད་དུ་འདུག་ས་འདི་རུ་སྟན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག༔ མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ ཚེ་དང་དབང་གི་དངོས་གྲུབ་སྩོལ་ཅིག༔ ཅེས་བརྗོད་ཚོགས་གཏོར་རིམ་པ་གཞན་དུ་ཤེས༔ ཕྱི་སྣོད་གཞལ་ཡས་འཁོར་གྱི་ལྷ་ལ་བསྡུ༔ དེ་ཉིད་གཙོ་བོ་ལ་ཐིམ་རིམ་ཡལ་དུ༔ ཕྲ་ཞིང་ཟབ་པའི་ཡེ་ཤེས་དགོངས་པར་ཐིམ༔ དགེ་བས་རང་གཞན་དོན་གཉིས་མཐར་ཕྱིན་ཞིང་༔ ཟབ་གསང་བསྟན་པ་དར་རྒྱས་ཡུན་རིང་གནས༔ འགྲོ་ཀུན་རྫོགས་པའི་སངས་རྒྱས་གོ་འཕང་མཆོག༔ ཚེགས་དང་དཀའ་བ་མེད་པར་མྱུར་འགྲུབ་ཤོག༔ རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་༔ འདོད་འབྱུང་ནོར་ལྷས་ཡོངས་བསྐོར་ཡིད་བཞིན་ནོར༔ ཚེ་རབས་ཀུན་ཏུ་ནམ་ཡང་མི་འབྲལ་ཞིང་༔ མཆོག་ཐུན་དངོས་གྲུབ་འཕེལ་བའི་བཀྲ་ཤིས་ཤོག༔ དེ་ལྟར་རྩ་བའི་ཚིག་དོན་གཞིར་བཟུང་ནས༔ ངག་འདོན་རིམ་པ་ཕྲིན་ལས་ཐོགས་མེད་དུ༔ དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དེས༔ རང་གཞན་དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག༔ དགེའོ༔

དབང་གི་མེ་མཆོད་སྣོད་བཅུད་འགུགས་པའི་ལྕགས་ཀྱུ།

p. 135

࿅༔ དབང་གི་མེ་མཆོད་སྣོད་བཅུད་འགུགས་པའི་ལྕགས་ཀྱུ་བཞུགས། རྩ་གསུམ་དབང་གི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །དེ་ཡང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་བཤད་པའི་ལས་མྱུར་དུ་འགྲུབ་པར་བྱེད་པ་མེ་མཆོད་ཀྱི་རིམ་པ་ནི། དབང་གི་ཐབ་ཟླ་གམ་དམར་པོ་རྒྱར་ཁྲུ་གང་བ་དཔངས་དེའི་ཕྱེད་དང་མཉམ་པ་མུ་རན་དང་ཁ་ཁྱེར་ལ་སོར་དོ་རེ་ཡོད་པའི་དབུས་སུ་ལྷ་གྲངས་དང་མཉམ་པའི་ཚོན་སྤུངས་སམ་ས་བོན་གང་བདེར་བྱེད་པའི་ཁ་ཁྱེར་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་བའི་སྟེང་དུ་དབང་ལ་ཤིས་པའི་ཤིང་ཟླ་གམ་དུ་བརྩིགས། རྫས་ནི། རཏྣ། འབྲུ་སྨན། ཟས་སྣ། ཁྱད་པར་གྱི་རྫས། ཟླ་མཚན་ནམ་སིནྡྷུ་ར། ཤ་ཆང་། ཚྭ་སྣ། མར་ཁུ། དམིགས་བསལ་དུ་བྱེད་ན་མིང་རུས་ཟག་རྫས་དང་ལྡན་པ་ལ་བདེན་བརྗོད་བརྒྱ་རྩ་བརྒྱད་ཀྱིས་འགུགས་གཞུག་བྱས་པའམ། སྤྱིར་བཏང་དུ་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་ཅེས་པའི་བྱང་བུ་གྲངས་ལྡན་རེ་མདོར་ན་བསྒྱུར་དགོས་པ་རྣམས་ཁ་དོག་དམར་པོར་བསྒྱུར། ལས་ཀྱི་གཞུང་བསྲངས་ནས། རྫས་རྣམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྫས་རྣམས་ༀ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར། པར་བསམ་ལ་འབྲུ་གསུམ་མང་དུ་བརྗོད། སྟོང་པའི་ངང་ལས་ཐབ་ཁུང་ནི། །དབང་གི་ཕོ་བྲང་མེ་དཔུང་འབར། །ཨགྣེ་ཛྭ་ལ་རཾ། ཞེས་མེ་སྦར་དེ་ནས་འཇིག་རྟེན་གྱི་མེ་ལྷ་བསྐྱེད་ཅིང་སྤྱན་འདྲེན་པ་ནི། ༀ། ཚུར་བྱོན་འབྱུང་བ་མེ་ཡི་ལྷ། །ཆིབས་སུ་ར་སྐྱེས་ཁམ་པ་བཅིབས། །མེ་རླུང་བ་

p. 136

དན་ཕྱག་ན་བསྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྣང་སྲིད་དབང་དུ་སྡུད་པ་ཡི། །ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་། །སྲེག་བླུགས་ཞལ་ཟས་མཆོད་པ་བཞེས། །མེ་ལྷ་ཐབ་ཀྱི་དབུས་སུ་མེ་དཔུང་གི་ཀློང་དུ་བཞུགས་པར་གྱུར། །ཛཿཧཱུྃ་བཾ་ཧོ། དེ་ནས། མེ་ལྷའི་ཞལ་དུ་བསྲེག་རྫས་བདུད་རྩིའི་རང་བཞིན་ཕུལ་བས་མཉེས་ནས་དབང་གི་ལས་སྒྲུབ་པར་གྱུར། པར་བསམ་ཞིང་། ༀ་ཨགྣེ་ཡེ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་རྫས་རྣམས་འབུལ། མཆོད་བསྟོད་དང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཕྱི་ནང་གསང་མཆོད་མ་ལུས་ཀུན། །འབར་བ་མེ་ཡི་ལྷ་ལ་འབུལ། །དྲང་སྲོང་ཆེན་པོ་ཁྱེད་ཕྱག་འཚལ། །དབང་གི་ཕྲིན་ལས་འགྲུབ་པར་མཛོད། །བཛྲ་མུས། མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་མཆོད་བསྟོད་ཕྲིན་ལས་ཀྱི་དཔང་པོ་མཛད་པར་གྱུར། ཡེ་ཤེས་མེ་ལྷ་མཆོད་པ་ནི། ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བའི་ནང་། །དབང་གི་ཕོ་བྲང་འོད་དམར་ཀློང་། །ཞེས་སམ་གང་ཡིན་གྱི་འདོན་པ་བསྒྱུར་ཞིང་། བསྟོད་པའི་བར་བྱས་ལ། ཆྒཻ་དབང་གི་ལྷ་ཚོགས་ཀྱི་ཞལ་དུ་སྲེག་རྫས་

p. 137

བདུད་རྩིའི་རང་བཞིན་ཕུལ་བས་དགྱེས་ནས་དབང་གི་ལས་ཐོགས་༔ མེད་དུ་འགྲུབ་པར་གྱུར། རྩ་སྔགས། རཏྣ་སརྦ་སིདྡྷི་ཧཱུྃ་ཛྭ་ལ་རཾ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། སྤྱིར་བཏང་གི་བྱང་བུ་དང་རྫས་རྣམས་གྲངས་ལྡན་དུ་འབུལ། མཆོད་བསྟོད་ནི། མཚན་སྔགས་ཀྱི་མཐར། པཉྩ་རཀྟ་བྷ་ལིངྟ་སརྦ་མ་ཧཱ་པཱུ་ཙ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་ཏྱ་ཤབྟ་པཱུ་ཙ་ཧོ། གཞུང་བཞིན་བསྟོད། ཕྲིན་ལས་བཅོལ་བ་ནི། ན་མོ། མཆོག་གསུམ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཆྒཻ་དབང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པའི་མཐུ་སྟོབས་ཀྱིས་འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་ཟས་ནོར་ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་ཡུལ་ཁམས་དང་བཅས་པ་མྱུར་དུ་ཁུག་ཅིག །ཐུགས་རྗེའི་ཤུགས་ཀྱིས་དབང་དུ་སྡུས་ཤིག །བདག་ལ་དངོས་གྲུབ་སྩོལ་བར་མཛད་དུ་གསོལ་ལོ། །ཞེས་བརྗོད་ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་གཤེགས་གསོལ་ཡོད་ན་འདོན། མེད་ན། ཆྒཻ་ཡེ་ཤེས་པ་གཤེགས་བཛྲ་མུ། དམ་ཚིག་པ་རང་ལ་བསྡུ། སླར་ཡང་། འཇིག་རྟེན་མེ་ལྷ་ཐབ་ཀྱི་ཤར་ལྷོར་

p. 138

བཞུགས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། ༀ་ཨགྣེ་ཡེ་སྭཱ་ཧཱ། ཁམས་གསུམ་སྲིད་གསུམ་སོགས། རྫས་རྣམས་ལན་བདུན་འབུལ། མཆོད་བསྟོད་དང་བཟོད་གསོལ་ནི། ཧཱུྃ། ཕྱི་ནང་གསང་མཆོད་མ་ལུས་ཀུན། །འབར་བ་མེ་ཡི་ལྷ་ལ་འབུལ། །དྲང་སྲོང་ཆེན་པོ་ཁྱེད་ཕྱག་འཚལ། །ཆོ་གའི་ཉམས་ཆག་འགལ་འཁྲུལ་བཤགས། །ཡིག་བརྒྱ་བཟླ། ༀ་ཨགྣེ་ཡེ་དྷེ་ཝ་གཙྪ་མུ། མེ་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། བསྔོ་སྨོན་ནི། ཟག་བཅས་ཟག་མེད་དགེ་བ་ཡིས། །བདག་སོགས་མཁའ་མཉམ་ལུས་ཅན་འགྲོ། །ཚོགས་གཉིས་རབ་རྫོགས་བྱང་ཆུབ་ཀྱི། །འབྲས་བུ་མངོན་དུ་འགྱུར་བར་ཤོག༔ ཤིས་བརྗོད་ཅི་རིགས་དང་བཅས་མཐའ་སྐྱོང་བར་བྱའོ། །མེ་པྲ་བརྟག་པ་ནི། ཞི་ཁྲོའི་སྦྱིན་སྲེག་ཕྲིན་ལས་རང་གྲོལ་ལས། །དབང་གི་མེ་ནི་དམར་པོ་ལྕགས་ཀྱུ་ལྟར། །རང་ལ་འཁོར་ཞིང་འབར་བ་རྟེན་འབྲེལ་བཟང་། །འདུ་ལོང་བསོད་ནམས་འབྱུང་བས་ཚོགས་བསགས་འབད། །ཅེས་སོ། །དེ་ལྟར་མེ་མཆོད་ཀྱི་ཕན་ཡོན་ནི། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ཕྲིན་ལས་བཞི་སྒྲུབ་ལས། དབང་གི་མོས་པ་ཐམས་ཅད་འདུ། །ཤ་ལ་སྦྲང་བུ་འདུ་དང་མཚུངས། །ཞེས་དང་། ཡང་དེ་ཉིད་ལས་འཕྲལ་དུ་མྱུར་བའི་ལས་ནི་སྦྱིན་སྲེག་གཙོ། དེ་ལྟར་ཡང་ལས་རྣམས་ཐམས་ཅད་མེ་བཞིན་འགྲུབ་པར་འགྱུར་རོ། །ཞེས་སོ། །མདོར་ན་ཕྱོགས་དང་

p. 139

དུས་དང་དབང་གི་དམིགས་པའི་སྤྲོ་བསྡུ་སོགས་སྤྱི་མཐུན་ལྟར་ཤེས་པར་བྱའོ། །འདིར་སྨྲས་པ། གསང་ཆེན་རྒྱུད་ལུང་རྒྱ་མཚོའི་སྙིང་པོའི་བཅུད། །རྩ་གསུམ་དགྱེས་བྱེད་མེ་མཆོད་ཆོ་གའི་ཁྲིགས། །མྱུར་བྱེད་དབང་གི་ལྕགས་ཀྱུ་ཆེར་འབར་༔ བས། །སྣོད་བཅུད་འབད་མེད་འགུགས་པའི་སྔགས་པའི་ལས། །རྩ་གསུམ་སྲུང་མ་དང་བཅས་དབང་གི་ཕྲིན་ལས་སུ་འོས་པ་རྣམས་ཀྱི་ལས་སྒོས་སུ་འདོན་པའི་མན་ངག་དབང་གི་མེ་མཆོདབཀླག་ཆོག་ཏུ་བཀོད་པ་སྣོད་བཅུད་འགུགས་པའི་ལྕགས་ཀྱུར་གྲགས་པ་འདི་ཕྲིན་ལས་བསྟན་དར་གྱིས་བརྩམས་པའོ། །ཀུན་ནས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །།

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པའི་ལོ་རྒྱུས་གསལ་བྱེད་མེ་ལོང་།

p. 140
p. 141

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པའི་ལོ་རྒྱུས་གསལ་བྱེད་མེ་ལོང་བཞུགས་སོ༔

p. 142

དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་རླུང་གི་ཞགས་པའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན༔ སྔོན་ཚེ་བསྐལ་པའི་ཐོག་མར་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེའི་བསགས་སྦྱང་དཔག་ཏུ་མེད་པ་བྱས་པའི་རྣམ་དཀར་བདེན་འབྲས་ཀྱི་མཐུ་ལས་གྲུབ་པའི་ལྷ་དབང་ཕྱུག་ཆེན་པོར་གྱུར་པ་ནི༔ སྲིད་པའི་མེས་པོ་ཁམས་གསུམ་གྱི་མངའ་བདག་ཆེ་བཙན་འགྲན་ཟླ་དང་བྲལ་བ༔ མཐུ་སྟོབས་དང་རྫུ་འཕྲུལ་ལ་མངའ་

p. 143

བརྙེས༔ ལུས་ཅན་དང་སེམས་ཅན་དུ་གྱུར་པ་ཐམས་ཅད་དབང་སྒྱུར་བའི་རྗེ་བོར་གྱུར་པ་ཉིད་དེ༔ རྣམ་པ་འཇིག་རྟེན་གྱི་གཙོ་བོར་བསྟན་ཀྱང་དོན་གྱི་ངོ་བོར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་ངེས་པ་ནི༔ མདོ་ཟ་མ་ཏོག་ལས་སྤྱན་རས་གཟིགས་ཀྱི་དཔྲལ་བ་ལས་དབང་ཕྱུག་ཆེན་པོ་བྱུང་བར་བཤད་པ་དང་༔ དབང་ཕྱུག་ཆེན་པོས་འདུལ་བ་ལ་ནི་དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཆོས་འཆད་ཅེས་དང་༔ སྤྱན་རས་གཟིགས་ཀྱི་ལྷའི་བུ་དབང་ཕྱུག་འཇིག་རྟེན་ཁམས་བྱེ་བ་ཞེས་པར་

p. 144

སངས་རྒྱས་བཅོམ་ལྡན་འདས་དབང་ཕྱུག་ཅེས་བྱ་བར་འགྱུར་བ་དང་༔ ལྷ་མོ་ཨུ་མ་འཇིག་རྟེན་གྱི་ཁམས་གངས་ཀྱི་རིའི་གཡས་ཕྱོགས་ངོས་སུ་ཨུ་མའི་དབང་ཕྱུག་ཅེས་པར་སངས་རྒྱས་པར་ལུང་བསྟན་པ་བཞིན་ནོ༔ དེ་ལྟ་བུའི་དབང་ཕྱུག་ཆེན་པོ་དེ་ནི་སྔགས་ནང་པའི་གདུལ་བྱ་སྣོད་ལྡན་རྗེས་སུ་བཟུང་བ་དང་༔ སྔགས་ཕྱི་པའི་སྲུང་མར་གྱུར་པ་ཞིག་སྟེ༔ མདོ་སྔགས་ཀྱི་དབང་དང་དམ་ཚིག་ལ་གནས་ཤིང་ནང་པ་སངས་རྒྱས་པའི་འགྲོ་བ་རྣམས་གང་ལ་གང་འདུལ་དུ་བགྱི་བའི་དབང་གི་ཕྲིན་ལས་སམ་དྲག་པོའི་ཕྲིན་ལས་སུ་བསྔགས་པའི་ཆོས་སྐྱོང་མཐར་ཐུག་པའོ༔ ད་ནི་གདམས་པ་དངོས་ཀྱི་ལོ་རྒྱུས་ཀྱིས་མཚོན་ན༔ དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དམ་པ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གོང་དུ་སྨོས་པའི་དབང་ཕྱུག་འདི་ཉིད་ཀྱིས་ཐོ་འཚམས་པའི་ཚེ༔ སློབ་དཔོན་ཆེན་པོ་པདྨས་མཐུ་སྟོབས་ཀྱི་ནུས་པས་ཁོ་དབང་དུ་བསྡུས་ནས་འཁུ་མི་ནུས་པར་བྱས་ཏེ་དམ་ལ་བཏགས༔ དེའི་ཚེ་ཁོས་སྲོག་སྙིང་ཕུལ་ཞིང་འབངས་སུ་ཁས་བླངས་པ་

p. 145

དང་༔ གཞན་ཡང་སློབ་དཔོན་ཆེན་པོས་ཕྱི་ནང་གི་བླ་མ་མང་དུ་བསྟེན་པ་ལས་བྱུང་བའི་འདི་ཉིད་ཀྱི་སྒྲུབ་ཐབས་མན་ངག་མཐའ་ཡས་པ་ཞིག་ཐུགས་ལ་མངའ་བ་ཡིན༔ དེ་ལྟ་བུའི་གདམས་པ་འདི་ཉིད་སློབ་དཔོན་ཆེན་པོ་པདྨས་བོད་ཆོས་བཞིན་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ རྗེ་འབངས་རྣམས་ལ་ལྷ་ཆེན་གྱི་སྒྲུབ་ཐབས་མན་ངག་རིགས་མི་འདྲ་བ་མང་དུ་བསྩལ༔ དེ་དག་ལས་ཀྱང་འགའ་ཞིག་ཆ་ཙམ་ཞིག་ཁོ་བོས་ཐོབ་ཅིང་༔ ཁྱད་པར་དུ་ཆུ་ལུག་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ནུབ་མོར་བདག་དཔའ་བོ་ལས་རབ་རྩལ་གྱི་རྨི་ལམ་དུ༔ དབང་ཕྱུག་ཆེན་པོ་མི་དམར་པོ་དར་ལ་བབ་པ་མཛེས་འཛུམ་བརྗིད་པའི་ཉམས་ཅན་ཟ་བེར་དམར་པོའི་གོས་བཀྲག་འོད་ལྡན་པ་གསོལ་བ༔ དེ་ཡི་ལག་ནས་ཤོག་དྲིལ་ཞིག་གཏད་བྱུང་བའི་ནང་ན་དབང་ཕྱུག་ཆེན་པོའི་གདམས་སྐོར་དང་༔ གཏེར་རྙིང་འགའ་ཞིག་གི་སྲོག་ཡིག་ཡུལ་སྐད་དུ་ཤོར་ནས་ནོར་བ་རྣམས་ཀྱི་བཅོས་དང་དེ་རྣམས་བྱུང་༔ གཞན་ཡང་ལོ་རྒྱུས་ཀྱི་རིམ་པ་འགའ་ཞིག་མཆིས་ཀྱང་འདིར་དེ་ཙམ་

p. 146

དང་༔ ཁྱད་པར་དུ་ཤིང་གླང་ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔའི་ནུབ་མོ་རྨི་ལམ་དུ་ལྷ་ཆེན་པོ་བདག་གི་ནུ་བོར་བརྫུས་པ་རྨིས་ཤིང་༔ དེས་བདག་ལ་ལྷ་གོས་དར་དཀར་པོ་དྲི་མ་མེད་པ་དཀྱུས་རིང་ཞིང་ཞེང་ཆེ་བ་དང་༔ དངུལ་དཀར་གྱི་མེ་ལོང་འཐུག་ཅིང་བརླིང་བ་མཛུབ་གང་༔ གཞན་ཡང་ཡོ་བྱད་མང་པོ་བྱིན་པ་རྨིས་ཤིང་༔ དེའི་ཐོ་རེངས་ཁར་གཏེར་ལས་བྱུང་བའི་རླུང་ཞགས་དང་༔ དག་སྣང་གི་ཚིག་རང་བྱུང་དུ་ཀློང་རྡོལ་བ་ཆུ་བོ་གཉིས་སྦྲེལ་དུ་བྱས་ན་བསྟན་དང་བསྟན་འཛིན་ཡོངས་ལ་ཕན་པ་རྒྱ་ཆེ་བའི་འདུ་ཤེས་བྱུང་ཞིང་༔ གདམས་སྐོར་ཉེ་བར་ལག་ལེན་དུ་བཏབ་པ་ན་སྣང་བ་ཐམས་ཅད་རླུང་དམར་འཚུབ་མས་གཡེངས་པའི་ཉམས་སྣང་འབྲལ་མེད་བྱུང་ཞིང་༔ འདི་ཉིད་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་ཞིང་༔ གདམས་པ་རྣོ་མྱུར་དང་ལྡན་པའི་ངེས་པ་རྙེད༔ འདི་ཉིད་ཀྱི་དགོས་ཆེད་ནི༔ དྲོད་ཐོབ་ཀྱི་སྐྱེས་བུས་གཞན་དོན་གྱི་ཕྲིན་ལས་མཛད་པའི་ཆ་རྐྱེན་དང་༔ དེར་མ་ཟད་མི་རྣམས་ཀྱིས་གཅིག་གིས་གཅིག་ལ་སྡང་སེམས་ཀྱིས་རྒོལ་བའི་ཞེ་སྡང་རང་ག་མའི་ངན་

p. 147

སོང་གཏིང་རིང་དུ་འཕེན་ཅིང་༔ ཐུགས་རྗེ་དབང་གི་ཕྲིན་ལས་ཀྱིས་དབང་དུ་བསྡུས་ནས་ཆོས་ལ་སྦྱར་ན་བདག་གཞན་གཉིས་མེད་བྱང་ཆུབ་ཐོབ་ཅིང་༔ དེ་ལྟར་མ་ཡིན་ཀྱང་གནས་སྐབས་རང་གཞན་བྱམས་པ་ལ་གནས་ཤིང་༔ མཐར་ཐུག་ལྷ་འདི་ཉིད་ཀྱི་སྒོ་ནས་དབང་དུ་བསྡུས་པའི་སེམས་ཅན་ཐམས་ཅད་ས་བཅུའི་དབང་ཕྱུག་མགོན་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྗེེས་ཟིན་པས་ངན་སོང་སྤངས་ནས་བྱང་ཆུབ་དམ་པ་ཉིད་ཐོབ་པ་གདོན་མི་ཟའོ༔ ཞེས་ཤིན་ཏུ་ཟབ་པའི་གདམས་སྐོར་འདི་ཉིད་བོད་ཆེན་ནོར་འཛིན་གྱི་ཐ་གྲུ་ལ་དབང་སྒྱུར་བའི་ཆོས་རྒྱལ་ཆེན་པོ་སྡེ་དགེའི་ཞལ་ངོ་རྣམས་ཀྱིས་རྟེན་འབྲེལ་གྱི་རྫས་རབ་དཀར་དྲི་མ་མེད་པའི་ལྷ་རྫས་དཀར་པོ༔ ཁམས་གསུམ་དབང་དུ་སྡུད་པའི་བརྡ་རྟགས་དར་དམར་ཡུག་རིང་༔ ལྷ་ཆེན་པོ་ཉིད་ཀྱི་ཕྱག་མཚན་མངོན་སུམ་ལུང་བསྟན་པའི་དངུལ་དཀར་གྱི་མེ་ལོང་༔ སྣང་བའི་དངོས་པོར་སྒྲིབ་གཡོགས་མེད་པར་མངོན་པའི་ཤེལ་སྒོ༔ བཀྲ་ཤིས་པའི་སྣོད་བཟང་དཀར་ཡོལ་ཡུ་རིང་༔ ཕུན་སུམ་ཚོགས་པའི་རྟེན་འབྲེལ་མཚོན་ཟས་སྣ་བཅས་བཀའ་སྩལ་ཕེབས་པས་ཆོས་རྒྱལ་ཆེན་པོའི་བསྟན་སྲིད་འདི་ཉིད་དབང་བཙན་མཐུ་ཆེ་ཞིང་ཀུན་ལས་རྣམ་པར་རྒྱལ་བའི་ཕྱིར་དང་༔ དེ་བཞིན་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་མཆོག་སྤྲུལ་བསྟན་པའི་ཉི་མ་དང་༔ བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་དཔོན་སློབ་ཀྱིས་ཁ་

p. 148

བཏགས༔ གོས་དམར་ཡུག༔ གསེར་སྦྲམ༔ ལྷ་རྫས་སིལ་སྙན་བཅས་གསུང་བསྐུལ་གནང་བས༔ བསྟན་འཛིན་དམ་པ་རྣམས་ཀྱི་བཞེད་དོན་འགྲུབ་པའི་ཆེད་དུ༔ གདོད་མའི་ཀ་དག་ཆེན་པོའི་ཡེ་ཤེས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་ཐུབ་བསྟན་ནོར་བུའི་གླིང་གི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བསོད་ནམས་ཆོས་བཟང་གིས་བགྱིས་པ་འདི་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ ཅེས་སོ།། །།

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་བང་མཛོད་ལ་བརྟེན་པའི་སྒྲུབ་པ།

p. 149

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ བང་མཛོད་ལ་བརྟེན་པའི་སྒྲུབ་པ་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་ཆེན་པོ་ནོར་བུ་བསམ་འཕེལ་གྱི་ལུགས་སུ་ཕྱི་ནང་གསང་གསུམ་དུ་སྒྲུབ་པ་ལ༔ ཕྱི་སྒྲུབ་ནི་འདི་ལྟར་བྱ་སྟེ༔ རང་གི་གནས་གཞིས་ཀྱི་འགོལ་ཞིང་དབེན་པའི་སར༔ གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དུས་སུ༔ ཕྱུག་པོ་གསུམ་གྱི་བང་མཛོད་ཀྱི་ས་ལ་བང་བ་བརྩིག༔ གནས་གཞིས་གསུམ་གྱི་གོ་ཐལ༔ གྲོང་གསུམ་དང་རི་གསུམ་གྱི་ས་བླངས་ལ༔ བང་བ་ལ་ཞལ་བ་བྱ༔ བང་བ་ཁ་དོག་དམར་པོར་བསྒྱུར་ཞིང་སྲ་ཞིང་བརྟན་པའི་ཐབས་ཀྱང་བྱའོ༔ དེ་ནས་རྒྱལ་རིགས་ཕྱུག་པོ་དང་༔ རྗེ་རིགས་ཕྱུག་པོ་དང་༔ དམངས་རིགས་ཕྱུག་པོ་གསུམ་གྱི་ནས་བླངས་ཏེ་བང་བའི་ཁ་འགེངས་པར་བྱའོ༔ ནས་ཀྱི་སྟེང་དུ་དར་དམར་མཐོ་གང་ལ་ནོར་བུབསམ་འཕེལ་གྱི་འཁོར་ལོ་ཟུར་ནས་འབྱུང་བ་ལྟར་བྲིས་ལ་རབ་ཏུ་གནས་ཤིང་དེའི་སྟེང་དུ་བཞུགས་སུ་གསོལ༔ ཕྱུགས་

p. 150

ཀྱི་གཡང་སྤུ་སྣ་ཚོགས་དང་༔ འབྲུ་སྣ་དང་གཡང་རྫས་སྣ་ཚོགས་པ་བཞག༔ ལོ་དུས་ལྟར་གཞུང་བསྲང་ཞིང་བསྙེན་སྒྲུབ་མཆོད་བསྟོད་བྱ༔ རྒྱུན་དུ་རྟེན་དབང་ཕྱུག་ཡབ་ཡུམ་གཙོ་འཁོར་དུ་གསལ་ཞིང་འཛམ་བུའི་གླིང་གི་ཟས་ནོར་གྱི་གཡང་བཅུད་བསྡུ་བར་དམིགས༔ ཤིན་ཏུ་གསང་ན་འགྲུབ་པར་འགྱུར་ཏེ་དངོས་གྲུབ་མྱུར་རོ༔ དེ་ནི་བསམ་འཕེལ་དངོས་གྲུབ་ཀུན་འབྱུང་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས་ཟབ་མོའོ༔ དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་ནོར་བུ་བསམ་འཕེལ་གྱི་ཕྱི་སྒྲུབ་ཨོ་རྒྱན་ཆེན་པོའི་གདམས་པ་ལས་བྱུང་བ་བཞིན་ལས་རབ་རྩལ་བདག་གིས་ལེགས་པར་བཀྲལ་ཏེ་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྦྱིན་སྲེག

p. 151

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྦྱིན་སྲེག་བཞུགས་སོ༔

p. 152

དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ནང་ལྟར་མེ་མཆོད་ལ་བརྟེན་ནས་སྒྲུབ་པ་ནི༔ ཐོག་མར་རྒྱུ་སྐར་རྒྱལ་ལ་འཇུག་ཅིང་རྒྱུན་དུ་རྒྱལ་དགོས་པ་མ་ཡིན་ནོ༔ གང་དུ་བྱ་བའི་གནས་དེར་གཉེན་སྦྱོར་ཚོང་དུས་གཞིས་ཆེན་པོའི་ས་སྣ་ལ༔ མཎྜལ་ཟླ་གམ་མདའ་གང་བ་དཔངས་དེ་ཡི་ཕྱེད་ཡིན་ཅིང་༔ བྲིས་འབུར་གང་ཡང་རུང་སྟེ་སྨད་འཚོང་མའི་ཆུ་དང་ཆང་ཚོན་དམར་བོ་དང་སྦྱར་ནས་བྱུག༔ ནང་དུ་པདྨ་འདབ་བཞིར༔ དབུས་སུ་ཕྱག་མཚན་ནམ་ས་བོན་གྱིས་མཚན་པ༔ པད་འདབ་བཞི་ཕྱོགས་མདོག༔ ཁ་ཁྱེར་མུ་རན་ལ་ལྕགས་ཀྱུ་དང་མེ་རིས་མཚན་པར་བྱ༔ ཙན་དན་དམར་པོ་མཛོ་མོ་ཤིང་ཕུར་མང་སོགས་དབང་ལ་ཤིས་པའི་ཟླ་གམ་དུ་བརྩིག༔ བསྲེག་རྫས་ནི༔ ཟངས་ལ་སོགས་པའི་སྣོད་དུ༔

p. 153

ཕྱེ་མར་རཏྣ་འབྲུ་སྣ་དར་ཟབ་ཤིངཏོག་དམར་པོའི་རིགས་སོགས་ཟས་སྣ་ཚོགས་སྐྱི་ཁྱབ་ཀྱི་རྫས་དང་༔ ཟླ་མཚན་སིནྡྷུ་ར་ཚྭ་སྣ་ཚོགས་བྱེ་བྲག་གི་རྫས་དང་༔ གླང་སྣ་དམར་པོ་ཨུག་ཆོས་དམར་པོ་སོགས་མེ་ཏོག་དམར་བོའི་རིགས༔ དར་རས་དམར་པོ་ཁྱད་པར་གྱི་རྫས་ཏེ༔ དེ་རྣམས་ལེགས་པར་བསྲེས་ལ༔ བྱུང་ན་བདུད་རྩི་ཆོས་སྨན་གྱི་ཆུས་ལེགས་པར་བྲན་པ་མཆོག་ཏུ་ཤིས༔ དམིགས་བྱ་བྱེ་བྲག་ཏུ་ཡོད་ན་དེ་ཉིད་ཀྱི་རུ་བ་མིང་རུས་བླ་དྭགས་ཟག་རྫས་ཅན་རྒྱ་སྐྱེགས་ཀྱིས་བྲིས་ལ༔ བདེན་བརྗོད་སྔོན་དུ་འགྲོ་བས་འགུགས་བསྟིམ་སོགས་ལན་མང་དུ་བྱ༔ སྔོན་དུ་གོང་གནོན་གྱི་ཡི་དམ་དང་༔ དབང་ཕྱུག་ཆེན་པོའི་གཞུང་བསྲངས་ཡོད་ན་དང་༔ མེད་ཀྱང་བདག་བསྐྱེད་དབང་ཕྱུག་དང་༔ མདུན་བསྐྱེད་མེ་ལྷ་དབང་ཕྱུག་ཏུ་བསྐྱེད་པ་འདི་ཉིད་ཀྱིས་འཐུས་སོ༔ གོང་དུ་འདི་ཉིད་ཀྱི་གཞུང་བསྲངས་བར་མ་གྲུབ་ན་སྐད་ཅིག་གིས་བདག་བསྐྱེད་བྱ་བ་ནི༔ ཧཱུྃ༔

p. 154

ཧཱུྃ༔ ཞེས་བརྗོད་པས་སྐད་ཅིག་གིས༔ བདག་ཉིད་དབང་ཕྱུག་ཆེན་པོར་གྱུར༔ གཅེར་བུར་མདོག་དམར་དབུ་སྐྲ་བརྫེས༔ ཕྱག་ན་ལྕག་ཀྱུ་ཞགས་པ་བསྣམས༔ དར་དང་ནོར་བུ་རིན་ཆེན་བརྒྱན༔ སྐུ་ལས་འོད་ཕུང་གཟི་བརྗིད་འབར༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུདཿ༔ ཆེ་བཙན་དབང་གི་རྒྱལ་པོར་གསལ༔ བསྲེག་རྫས་བྱིན་གྱིས་བརླབ་པ་ནི༔ སྭཱ་བྷ་ཝས་སྦྱང་༔ སྟོང་པའི་ངང་ལས་རྫས་རྣམས་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་བར་བསམ་ལ་འབྲུ་གསུམ་མང་དུ་བརྗོད༔ ཨགྣེ་ཛྭ་ལ་རཾ་གྱིས་མེ་སྦར༔ ཧཱུྃ༔ ཧཱུྃ༔ ཞེས་པས་རླུང་གཡབ༔ མེ་ཐབ་མི་དམིགས་སྟོང་པའི་ངང་༔ རཾ་ལས་དབང་གི་ཐབ་ཁུང་ནི༔ ཟླ་གམ་ཁ་ཁྱེར་ལྕགས་ཀྱུས་མཚན༔ འོད་ཕུང་རབ་འབར་ཟེར་ཞགས་འཕྲོ༔ དེའི་ནང་པདྨ་འདབ་ཞིའི་དབུས༔ རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་༔ ཨོྃ་ཡིག་དམར་པོ་འོད་ཟེར་འཕྲོས༔ སྣོད་བཅུད་འོད་དམར་རྣམ་པར་བསྡུས༔ ཨཾ་ལ་ཐིམ་པས་སྐད་ཅིག་གིས༔ དབང་ཕྱུག་དམར་པོ་སྒེག་ཅིང་ཆགས༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་འཛིན༔ སྤྱི་བོར་ཟླ་བ་ཚེས་པས་བརྒྱན༔ དར་དང་རིན་ཆེན་རྒྱན་

p. 155

གྱིས་སྤྲས༔ གཡས་བསྐུམ་གཡོན་བརྐྱང་སྟབས་ཀྱིས་བཞུགས༔ ཨུ་མ་དམར་མོ་མཛེས་ཆ༷གས་འཁྲིལ༔ ཕྱག་གཡས་དུང་དམར་གཡོན་ལྕགས་ཀྱུ༔ རིན་པོ་ཆེ་ཡི་རྒྱན་དང་ལྡན༔ མདུན་དུ་ལྷ་སྲས་གཙུག་ཕུད་དམར༔ ལྕགས་ཀྱུ་ཞགས་འཛིན་བཀའ་སྡོད་ཅིང་༔ ཕྱི་རོལ་འདབ་བཞིར་ཌཱཀྐི་བཞི༔ དཀར་སེར་དམར་ལྗང་རུས་རྒྱན་ཅན༔ གཡས་རྣམས་རྩེ་གསུམ་བ་དན་གཡབ༔ གཡོན་རྣམས་རླུང་གི་ཞགས་པ་འདེབས༔ བསྐལ་པའི་རླུང་གིས་བཏེགས་པ་ཡི༔ ཉི་ཟླའི་གདན་ལ་བཞུགས་པར་བསྒོམ༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སྤྱན་དྲངས་བསྐྱེད་པའི་སྐུ་ལ་ཐིམ༔ ཧཱུྃ་ཧྲཱིཿ ཁམས་གསུམ་དབང་དུ་སྡུད་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་༔ ཡུམ་ཆེན་ཨུ་མ་དེ་ཝ་གཤེགས་སུ་གསོལ༔ སྲས་དང་ཌཱཀྐིའི་འཁོར་ཚོགས་གཤེགས་སུ་གསོལ༔ ཡེ་ཤེས་འབར་བའི་མེ་དང་དབྱེར་མེད་བཞུགས༔ བསྲེག་རྫས་མཆོད་པ་དམ་པ་འདི་བཞེས་ལ༔ མྱུར་མགྱོགས་ཐོགས་མེད་དབང་གི་ཕྲིན་ལས་མཛོདཿ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་

p. 156

ཀོ་བྷི་ར་ཧཱུྃ༔ ཧྲིང་ཧྲིང་ཛཿཛཿ ཨ་ཝེ་ཤ་ཡ་ཨ་ཨ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཨེ་མཉྫུཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ སརྦ་པུ་ཙ་ལ་ཁ་རཾ་ཁཱ་ཧི༔ ལྷ་ཆེན་ཡབ་ཡུམ་འཁོར་བཅས་ལ༔ རྫས་རྣམས་ཕུལ་བས་དགྱེས་ཤིང་མཉེས༔ གང་འདོད་མཁོ་དགུའི་ལོངས་སྤྱོད་ཀྱི༔ དངོས་གྲུབ་ཆར་ལྟར་འབེབས་པར་གྱུར༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཛྭ་ལ་རཾ་ཁཱ་ཧི༔ ཞེས་པའི་སྔགས་ཁོ་ནས་རྫས་རྣམས་འབུལ༔ སྤྱི་ཁྱབ་ཀྱི་འདོད་གསོལ་དུ༔ ཁམས་གསུམ་འགྲོ་ཀུན་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ དམིགས་བསལ་ལ༔ མིང་གི་མཐར༔ སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་འདོད་གསོལ་སྦྱར༔ ལིང་ག་ཡང་འབུལ༔ གྲངས་མང་ཉུང་ཅི་ལྟར་རྫོགས་བའི་མཐར༔ བསྟོད་པ་ནི༔ ཧཱུྃ༔ སྲིད་པ་ཀུན་གྱི་མེས་པོ་ནི༔ ལྷ་ཆེན་དབང་ཕྱུག་ཆེན་པོ་སྟེ༔ ཡུམ་དང་སྲས་དང་འཁོར་ཚོགས་བཅས༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུདཿ༔ སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ གུས་པས་འདུད་དོ་ཕྱག་འཚལ་བསྟོདཿ༔ ལས་བཅོལ་བ་ནི༔ ཧཱུྃ་ཧྲཱིཿ དངོས་གྲུབ་སྟེར་མཛད་ལྷ་ཚོགས་ལ༔ དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར༔ བྱུ་རུའི་ཐོར་ཚུགས་ལྡེམ་སེ་ལྡེམ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔

p. 157

དར་གྱི་ཅོད་པན་པུ་རུ་རུ༔ ཕྱག་གདུབ་ཞབས་གདུབ་སི་ལི་ལི༔ ཕྱག་ན་བྱི་རུའི་གཞོང་བ་བསྣམས༔ དམར་མོ་འབུམ་གྱི་འཁོར་དང་བཅས༔ འདིར་གཤེགས་ཁམས་གསུམ་དབང་དུ་སྡུས༔ སྲིད་གསུམ་ཟིལ་གྱིས་གནོན་པར་གྱིས༔ དབང་གི་དངོས་གྲུབ་བསྩལ་ཏུ་གསོལ༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་དང་༔ སྐྱེ་འགྲོ་མཐོང་ཐོས་དྲན་རེག་སོགས༔ ཁམས་གསུམ་དབང་དུ་འདུས་གྱུར་ཅིག༔ མེ་ལྷའི་ཡེ་ཤེས་པ་གཤེགས༔ གཙྪ་སྭ་བྷ་ཝ་ནཿཾ དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་བར་བསམ༔ སྤྲོ་ན་ཕྱོགས་དང་དུས་དང་བསམ་རྒྱུད་སོགས་དབང་གི་སྦྱིན་སྲེག་སྤྱི་དང་བསྟུན་ནོ༔ རྒྱུན་ཁྱེར་ཡིན་ན༔ ནང་ནུབ་ཐབ་ཏུ་བསྲེག་ཀྱང་ཆོག༔ གྲངས་ནི་གཞུང་རྩ་བ་ལས༔ རྒྱལ་པོ་ལ་ནི་སྟོང་གིས་བསྲེག༔ དམངས་ལ་བརྒྱ་ཡིས་བསྲེག་པར་བྱ༔ མེ་ལྷ་དབང་ཕྱུག་ཆེན་པོར་བསྒོམ༔ བསྲེག་རྫས་དབང་ཕྱུག་མེ་ལྷར་འབུལ༔ ཏིར་ཏི་ཀ་ནི་མཉེས་པ་ཡིས༔ དངོས་གྲུབ་ཆར་ལྟར་འབེབས་པར་འགྱུར༔ ཅེས་དང་༔ ཇི་སྐད་དུ༔ མེ་ནི་ཚག་ཚག་ཚིག་ཚིག་དང་༔ མེ་ལྕེ་འཐོར་ཞིང་སྦྲ་ཡས་རྣམས༔ རང་ལ་ངན་པས་བསྒྲིམ་པར་བྱ༔ འུར་འུར་ཆེམ་ཆེམ་རབ་ཏུ་འབར༔ བཟང་བས་འདོད་དོན་གསོལ་བ་བཏབ༔ དེས་ནི་ཡིད་ལ་གང་བསམ་པ༔ འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་ཤིང་༔ དབང་གི་སྦྱིན་སྲེག་གི་མེ་ནི༔ དམར་པོ་ལྕགས་ཀྱུ་ལྟ་བུ་རང་ལ་འཁོར་ཞིང་འབར་བ་བཟང་བར་བཤད་

p. 158

དོ༔ ནོར་བུ་བསམ་འཕེལ་ནང་སྒྲུབ་ཀྱི་མན་ངག་ཨོ་རྒྱན་ཆེན་པོའི་གདམས་པ་བཞིན་ཕྱག་ལེན་ངག་འདོན་སྔ་འགྱུར་རྙིང་མའི་རིང་ལུགས་ཀྱིས་བརྒྱན་ཏེ་བསྟན་པ་དང་བསྟན་འཛིན་རྣམས་ཀྱི་བཞེད་དོན་འགྲུབ་པའི་སྒོ་ཆེན་པོར་མཐོང་ནས་རིག་རྩལ་ཐོགས་མེད་དཔའ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་ངོ་༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས་གསང་སྒྲུབ་ཀྱི་གནད་ཡིག་རབ་ཏུ་སྦས་པ།

p. 159

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས༔ གསང་སྒྲུབ་ཀྱི་གནད་ཡིག་རབ་ཏུ་སྦས་པ་བཞུགས༔

p. 160

དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ གསང་སྒྲུབ་ཀྱི་གནད་ཡིག་རབ་ཏུ་སྦས་པ་ས་མ་ཡ༔ ཨྠྀིཿ དེ་ལ་དང་པོ་མགོན་པོ་དབང་ཕྱུག་དམར་པོ་སྒྲུབ་པའི་གནས་ནི༔ ཙཱ་རི་དང་ཏི་སེ་ལྟ་བུ༔ དེ་ལྟར་མ་གྲུབ་ན་གངས་རི་བརྟན་ཆགས་ཀྱི་དྲུང་ངམ༔ ཁ་ནུབ་ཏུ་བལྟ་ཞིང་ས་མདོག་དམར་བ༔ མེ་ཏོག་དམར་པོ་སྐྱེ་ཞིང་དྲི་བཟང་དང་ལྡན་པ༔ ཆུ་འབབ་མང་ཞིང་གཡུ་མཚོ་གཏན་འཁྱིལ་ཡོད་པ༔ རི་བྲག་ལ་མགུལ་ལྷ་དགེ་བསྙེན་བསྟན་མ་སོགས་དཀར་ཕྱོགས་སྐྱོང་

p. 161

བའི་གཞི་བདག་ཕྱུག་པོ་གནས་པ་དྭངས་ཤིང་ཡིད་ཆགས་ལ་རབ་ཏུ་དགའ་བའི་གནས་སུ་བསྒྲུབ་པར་བྱའོ༔ དཀྱིལ་འཁོར་གྱི་སྟེགས་བུའི་ས་ནི༔ རྒྱལ་པོའི་ཕོ་བྲང་གི་ས༔ གནས་གཞིས་དགོན་ཆེན་གྱི་ས༔ གྲོང་ཁྱེར་ཆེན་པོའི་འདུས་ཚོགས་ཀྱི་ས༔ ཚོང་འདུས་ཆེན་པོའི་ས༔ ཐམས་ཅད་འགྲིམ་པའི་རྒྱ་ལམ་ཆེན་པོའི་ས༔ གཉེན་སྦྱོར་དང་སྟོན་མོ་ཆེན་པོ་བྱས་པའི་ས་དེ་རྣམས་ལ་བྱའོ༔ ཆག་ཆག་གདབ་པའི་ཆུ་ནི༔ སྨད་འཚོང་མའི་ཆུ༔ ཆང་གི་ཉིང་ཁུ༔ སིནྡྷུ་ར༔ པདྨ་རཀྟ༔ དྲི་བཟང་རྣམས་ཀྱིས་ཆག་ཆག་གདབ༔

p. 162

ཁ་དོག་ནི༔ རྒྱ་མཚལ༔ ལི་ཁྲི༔ བཙག་ལ་སོགས་པས་དམར་པོར་བསྒྱུར༔ དེའི་སྟེང་དུ་མེ་ཏོག་དམར་པོའི་ཚོམ་བུ་མང་དུ་དགྲམ་མོ༔ རྒྱུ་སྐར་ནི༔ ལྷ་ཆེན་པོ་མཆོད་སྒྲུབ་རྟེན་གསུམ་རྦད་བསྐུལ་སོགས་གང་བྱེད་ཀྱང་༔ ཐོག་མར་ཡར་ངོའི་རྒྱལ་ཕུར་དང་ལྡན་པ་རབ་ཡིན་ཅིང་༔ མིན་ཀྱང་རྒྱལ་ངེས་པར་དགོས་ཤིང་དེ་ལ་དབུ་བརྩམ་མོ༔ ཚེས་གྲངས་ནི༔ ཚེས་བཅུ༔ ཚེས་པ་བརྒྱད༔ བཅོ་ལྔ༔ ཉི་ཤུ་ལྔ༔ གནམ་སྟོང་གི་དུས་རྣམས་སུ་འཇུག་པར་བྱའོ༔ གཏོར་མའི་རྒྱུ་ནི༔ ནས་འབྲས་གྲོ་དང་སྲན་མ་དཀར་པོ་རྣམས་རྒྱན་བཏགས་བྱས་ལ་བཅའ༔ དུས་སྐབས་ཀྱི་དབང་གིས་ན༔ དབྱར་གསུམ་མེ་ཏོག་གཏོར་མ་བྱ༔ སྟོན་གསུམ་འབྲུ་ཡི་གཏོར་མ་བྱ༔ དགུན་གསུམ་ཤ་ཁྲག་གཏོར་མ་བྱ༔ དཔྱིད་གསུམ་ཟན་གྱི་གཏོར་མ་བྱ༔ གཞན་ཡང་དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་སྨན་ཤ་ཐུད་ཁུར་བ་ལ་དུ་སོགས་བཟང་ཞིང་གྱ་ནོམ་པ་བྱའོ༔ བཏུང་བ་ནི༔ ཇ་ཆང་འོ་མ་ཁྲག་སྐྱེམས་དང་བཞིའོ༔ བྷན་དྷར་ཆང་ཕུད་ཆོས་སྨན་གྱིས་བྲན་པའི་སྨན་དང་༔ རཀྟ་སོར་ལྔ་པའི་ཕབས་

p. 163

རྒྱུན་དང་ལྡན་པའི་རཀྟ་སོགས་ཕྱི་ནང་གི་མཆོད་པ་རྣམས་བཀོད་ལེགས་པར་བཤམ༔ རྟེན་ནི་དཀྱིལ་འཁོར་གྱི་དབུས་སུ་བླ་རྡོའི་འཁོར་ལོ་དགོད༔ ཁྱད་པར་གྱི་རྟེན་ནི༔ བསྙེན་སྒྲུབ་མཆོད་བསྟོད་སོགས་གང་ལའང་མེད་དུ་མི་རུང་བ་ནི༔ དག་སྣང་ཐུགས་ཀྱི་གཏེར་ཁ་འདི་ཉིད་ཀྱི་རྨི་ལམ་དུ་བྱུང་བའི་ཕྱིར་ཁྱད་ཆོས་ཡིན་ཏེ༔ དངུལ་གྱི་མེ་ལོང་སྒྲུབ་པོ་རང་གི་མཛུབ་གང་བ་དར་དམར་གྱི་འཕན་ཅན་དཀྱིལ་འཁོར་གྱི་དབུས་སུ་དགོད་ཅིང་༔ མ་ཧཱ་དེ་ཝའི་ཐུགས་ཀྱི་རྟེན་དུ་བཅའ༔ བསྙེན་པ་བཟླས་པའི་སྔགས་ཀྱིས་བཏབ༔ རྟག་ཏུ་རང་གི་ལུས་དང་འབྲལ་མེད་དུ་བཅང་༔ དམ་མེད་རྣམས་ལ་གསང་ཞིང་གཞན་གྱི་ལག་མ་འགྲིམ་པར་བྱའོ༔ འདི་ནི་སློབ་དཔོན་ཆེན་པོའི་སྒྲུབ་ཐབས་འདི་ཉིད་དང་འབྲེལ་ཆགས་ཤིང་དག་སྣང་ཟབ་མོའི་མན་ངག་དུས་བབ་ཀྱི་རྫས་ཡིན་པས་རྩོལ་བ་དྲག་པོས་བསྒྲུབས་ཏེ་རབ་ཏུ་གཅེས་པར་བཟུང་ངོ་༔ ཟབ་ཟབ་ཟབ༔ དེ་ནས་གསང་སྒྲུབ་ཀྱི་ཆོ་ག་བཞིན་ལྷ་དང་སྔགས་དང་དམིགས་པའི་འཁྲུལ་འཁོར་དང་ལྡན་པས་

p. 164

ཞག་བདུན་ནམ་བཅུའམ༔ ཉེར་གཅིག་ལ་སོགས་པར་མི་ཚིག་གིས་བར་མ་ཆད་པར་ནན་ཏན་གྱིས་བསྒྲུབས་པས་རབ་དངོས༔ འབྲིང་ཉམས༔ ཐ་ན་རྨི་ལམ་དུ་ཞལ་མཇལ་བ༔ གསུང་ཐོས་པ༔ ལུང་བསྟན་པ༔ བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་འཆར་བ༔ ལྕགས་ཀྱུ་ཞགས་པ་མེ་ལོང་སོགས་རྙེད་པར་རྨིས་པ༔ སྒྲུབ་རྟེན་རྣམས་གཡོ་བ་དང་༔ འགུལ་བ་དང་༔ འཕར་བ་དང་༔ སྒྲ་འབྱིན་པ་དང་༔ མཆོད་རྫས་དང་སྒྲུབ་རྫས་རྣམས་ལ་བག་རྡུལ་མི་ཆགས་ཤིང་བཀྲག་བཟང་བ་དང་༔ སྐབས་སྐབས་སུ་རང་ཉིད་མངོན་དུ་ལྷར་གྱུར་སྙམ་པའི་ང་རྒྱལ་སྐྱེ་བ༔ རྨི་ལམ་དུ་ཁྲི་མཐོན་པོ་ལ་འདུག་པ༔ ཁྲོམ་ཚོགས་འདུ་ཞིང་ཕྱག་འཚལ་བ༔ ཟས་ནོར་འབུལ་བ་བྱེད་པ༔ བུད་མེད་མཚན་ལྡན་གྱིས་ཟས་ནོར་སྟེར་ཞིང་ཉེ་བར་འདུ་བ༔ རྩ་དང་མེ་ཏོག་ལོ་འབྲས་བཟང་པོ་སྨིན་པ༔ ལྕི་བ་དང་ཡུངས་མ་བཏུས་ཤིང་ཁྱིམ་དུ་འཛུད་པ༔ སྤོས་དང་མར་མེ་འཛིན་པ་དང་༔ འོད་མར་འཁྱུག་པ༔ རླུང་ཆེན་པོ་ལྡང་ཤིང་འུར་སྒྲ་འབྱིན་པ༔ དངོས་སུ་ཡང་གཞན་གྱིས་གུས་འདུད་བྱེད་ཅིང་

p. 165

ཡོ་བྱད་འབུལ་བ༔ སྡང་སེམས་དང་ལྡན་པ་རྣམས་ཀྱང་ཞི་ནས་དགའ་བས་འདུད་པ་དང་༔ སྔར་ལས་ཀྱང་སྙན་གྲགས་ཆེ་ཞིང་གཞན་སྣང་ཟིལ་གྱིས་གནོན་པ་ལ་སོགས་པ་འབྱུང་༔ དེ་རྣམས་ནི་དབང་ཕྱུག་ཆེན་པོ་འགྲུབ་ཅིང་དངོས་གྲུབ་ཐོབ་པའི་རྟགས་ཁྱད་པར་ཅན་ཡིན༔ དེ་ལས་ལོག་པའི་རྟགས་ངན་པ་རྣམས་བྱུང་ན་བསྐང་བཤགས་བྱ༔ ཡིག་བརྒྱ་དང་རྣམ་འཇོམས་བཟླས་ཤིང་ཁྲུས་ནས་འདོན༔ ལྷ་ཡང་ངོ་བོ་ཨོ་རྒྱན་ལ་རྣམ་པ་དབང་ཕྱུག་ཏུ་བསྒོམ༔ ཐུན་མགོ་རྣམས་སུ་རྩ་སྔགས་ཀྱི་མགོར་ༀ་ཨཱཿཧཱུྃགིས་ཁྲིད༔ སྒབ་འདྲེ་མནན་གཟིར་དྲག་ཏུ་བྱ༔ ཚོགས་དང་གཏོར་མ་གཙང་སྦྲ་གཟབ༔ བཟང་ངན་གང་ལའང་རེ་དོགས་ཀྱི་མཚན་མ་མ་ཞུགས་པར་ཡུན་བསྲིངས་ཏེ་བསྒྲུབས་པས་ལྟས་ངན་པ་རྣམས་བཟང་པོར་འགྱུར་ཞིང་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཁྱད་པར་གྱི་མན་ངག་ནི༔ བདག་མདུན་ཁམས་གསུམ་བདག་པོར་གསལ་བའི་ང་རྒྱལ་དང་མ་བྲལ་བ་དང་༔ སྤྱི་བོར་རྒྱལ་བ་ཀུན་འདུས་ཀྱི་ངོ་བོར་པདྨ་འབྱུང་ནས་གཟི་བརྗིད་འོད་ཕུང་

p. 166

འབར་ཞིང་འབྲལ་བ་མེད་པར་རིགས་བདག་ཏུ་བཞུགས་ནས་བྱིན་གྱིས་བརླབས་པར་མོས་པའི་བསྐྱེད་རིམ་ལ་གནས་པ་གལ་ཆེ༔ དེས་ནི་སྒྲུབ་པ་བཀྲ་ཤིས༔ བྱིན་ཆེ༔ མཐའ་བཙན༔ དངོས་གྲུབ་མྱུར༔ བར་ཆད་མི་འབྱུང་༔ གོང་ནོན་ཞིང་འཁུ་ལྡོག་མི་འོང་བའི་གདམས་པ་ཟབ་མོ་ཡིན་ནོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ འདི་ཁོ་ནའོ༔ སྒྲུབ་པའི་རྟགས་རྣམས་རྫོགས་ནས་བླ་རྡོ་ལུས་ལ་བཅང་༔ བསྐྱེད་རིམ་དང་སྔགས་ཀྱི་དམ་བཅའ་བཟུང་༔ ཤུལ་མི་མངོན་པར་བྱའོ༔ ཚོགས་གཏོར་དངོས་གྲུབ་ཀྱི་རྫས་རང་དང་དམ་ཚིག་གཅིག་པ་རྣམས་ཀྱིས་ལོངས་སྤྱད༔ གཞན་ལ་རབ་ཏུ་བསྡམས༔ དབང་སྡུད་ཀྱི་ལས་མཐའ་བཙན་པར་བྱ་བའི་ཕྱིར་རྫོགས་རིམ་ཁོ་ན་ལ་མཉམ་པར་ཡང་ཡང་གཞག༔ མཐའ་ལྟ་བས་བཅད༔ སངས་རྒྱས་སྲས་གཅིག་གི་རྒྱུད་མང་དུ་བཀླག༔ འདི་ཉིད་བསྒྲུབས་པའི་ཕན་ཡོན་གྱི་དགོས་ཆེད་ནི༔ སྒྲུབ་པ་འདི་ཉིད་ལ་ཞུགས་པ་ཙམ་གྱིས་ཡིད་བཞིན་ནོར་བུ་ལས་དགོས་འདོད་འབྱུང་བ་དང་འདྲ༔ འགྲོ་བ་མཐོ་དམན་ཀུན་གྱིས་སྒྲུབ་པ་པོ་རང་ལ་རྒྱལ་པོ་དང་༔

p. 167

རྗེ་དང་༔ བླ་མ་དང་༔ སློབ་དཔོན་དང་༔ ཕ་མ་དང་༔ སྤུན་ཟླ་ལྟ་བུ་གཉན་པ་དང་༔ ཉན་པ་དང་༔ གུས་པ་དང་༔ བརྩེ་ཞིང་གདུང་བ་དང་༔ འབྲལ་མི་ཕོད་པ་དང་༔ རབ་ཏུ་གུས་ཤིང་འདུད་པར་འགྱུར་རོ༔ གཞན་གྱིས་སློབ་དཔོན་འཚོལ་བ་དང་༔ ཆོས་ཞུ་བ་དང་༔ མཁོ་བའི་ཡོ་བྱད་འབུལ་བ་དང་༔ རྟ་དང་ནོར་རྫས་ལ་སོགས་པ་སྟེར་བ་དང་༔ རང་གི་ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ༔ དེ་བཞིན་དུ་ལྷ་ཐམས་ཅད་ཀྱིས་གྲོགས་བྱེད༔ མི་ཕོ་མོ་ཐམས་ཅད་བྲན་དུ་འགྱུར༔ འདྲེ་ངན་ཐམས་ཅད་ཀྱིས་སྐད་ངན་ཙེ་རེ་རེ་བྲོས་ཤིང་བརྒྱལ་བར་འགྱུར་རོ༔ ཚེ་འདི་ཉིད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དམ་པ་ཐོབ་པར་འགྱུར་ཞིང་༔ སྐྱེ་བ་བདུན་གྱི་བར་དུ་རྒྱལ་སྲིད་རིན་པོ་ཆེ་ལ་དབང་བསྒྱུར་བ་ཐོབ་པར་འགྱུར་རོ༔ འདི་ནི་སློབ་དཔོན་དམ་པ་སྨིན་གྲོལ་གྱི་དྲོད་ཚད་བརྙེས་པས་གཞན་དོན་འགྲོ་བ་རྣམས་དབང་དུ་བསྡུས་ནས་ཐར་ལམ་དུ་འཛུད་པའི་ཕྲིན་ལས་ཀྱི་སྒོ་ཆེན་པོའོ༔ འདི་མེད་དྲོད་ཐོབ་སྐྱེས་བུས་ཀྱང་༔ གཞན་

p. 168

དོན་བྱེད་པའི་མཐུ་དང་བྲལ༔ འདི་ནི་ཆོས་སྤྱོད་བཅུའི་ཁྲིམས་འཛིན་པའི་རྒྱལ་རིགས་དང་༔ རྗེའུ་རིགས་རྣམས་ཀྱིས་དགྲ་ཟླ་དང་མཐའ་མི་རྣམས་དབང་དུ་བསྡུས་ནས་མཛའ་བོ་དང་བྲན་དུ་བྱས་ནས་རང་གཞན་གཉིས་ཀ་ཁྲོ་འཁྲུགས་དུག་ལྔའི་ཉེས་པ་དང་བྲལ་ཏེ་གནས་སྐབས་དང་མཐར་ཐུག་ལ་སྦྱོར་བའི་ཕྲིན་ལས་ཀྱི་སྒོ་ཆེན་པོའོ༔ འདི་ཚོགས་གཉིས་སྤེལ་བར་འདོད་པའི་སེམས་ཅན་རྣམས་ཀྱིས་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་བསགས་སྦྱངས་རྒྱ་ཆེན་པོས་ཕན་བདེ་མ་ལུས་པ་འབྱུང་བའི་ཕྲིན་ལས་ཀྱི་སྒོ་ཆེན་པོའོ༔ དེའི་ཕྱིར་ན་བསྟན་པ་དང་སེམས་ཅན་ལ་ཕན་པར་བརྩོན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་ལྷ་འདི་ཉིད་མཆོད་ཅིག༔ རྟེན་ཅིག༔ སྒྲུབས་ཤིག༔ ཆོངས་ཤིག༔ འཇིག་རྟེན་གྱི་ལྷ་ཀུན་ལས་ཀྱང་གཅེས་པར་འདི་རབ་ཏུ་ཟུངས་ཤིག༔ འཇིག་རྟེན་མཆོད་ཅིང་བསྒྲུབས་པས་འགྲུབ་པས༔ གོང་དུ་བཤད་པའི་ཚེས་གྲངས་རྣམས་སུ་མཆོད་པ་བཟང་དུ་བཤམས༔ སྤོས་དང་རོལ་མོ་དབྱངས་དང་བཅས་མཆོད་བསྟོད་བསྐུལ་བ་སོགས་ཕྲིན་ལས་ཀྱི་གཞུང་བསྲང་

p. 169

བར་བྱའོ༔ གཞན་ཡང་བསྐུལ་བའི་དུས་སུ་སྒྲུབ་རྟེན་དར་ལེ་བརྒན་དང་བཅས་ཏེ་གཡབ་བོ༔ གང་འདོད་རང་དབང་མེད་པར་འགྲུབ་པར་བསམ་མོ༔ འདི་བསྒྲུབས་ནས་ཀྱང་རྒྱལ་གྱི་སྐར་མ་ནམ་བྱུང་དུས་སུ་གཏོར་མ་གཏོང་ཞིང་བསྟོད་བསྐུལ་བྱ༔ རྟེན་དྲག་ཏུ་གཡབ་ཅིང་སྔགས་བཟླ༔ དངོས་གྲུབ་འཕྲལ་དུ་ཐིབ་ཐིབ་འབྱུང་༔ ད་ནི་འདིའི་དམ་ཚིག་གི་རིམ་པ་ནི༔ ལོངས་སྤྱོད་ཅི་བྱུང་ཆ་གསུམ་དུ་བགོས་ཏེ༔ ཆ་གཅིག་བླ་མ་དཀོན་མཆོག་ལ་མཆོད༔ ཆ་གཅིག་སེམས་ཅན་ལ་སྦྱིན༔ ཁྱད་པར་དབུལ་ཕོངས་མ་ནུས་པ་ལ་སྦྱིན༔ ཆ་གཅིག་རང་གིས་ལོངས་སྤྱོད༔ ཆོས་དང་མཐུན་པའི་ཡོ་བྱད་ཀྱང་བྱ༔ གཞན་ཡང་ཞྭ་དང་གོས་དང་ཕྲེང་བ་རྣམས་ཀྱང་དམར་པོ་འཆང་༔ གཞན་ལ་སྙན་པར་བརྗོད་པ་དང་༔ མགུ་བར་སྦྱིན་པ་དང་༔ རང་ཡང་གཏོང་ཕོད་དང་ལྡན་པར་བྱའོ༔ གྲུབ་མཐའ་མུ་སྟེགས་པ་ལྟ་བུ་ལའང་རྒོལ་བ་དང་སྨད་པར་མི་བྱ༔ མཐོན་པོ་ལ་སྐུར་འདེབས༔ དམན་པ་ལ་བརྙས་ཆོས༔ གཞན་སུན་འབྱིན་པ་དང་༔ ཞེ་གཅོད་པའི་ཚིག་དང་བྱ་

p. 170

བ་རྣམས་སྤང་བར་བྱའོ༔ དེས་ནི་ཀུན་གྱིས་རྒྱལ་པོ་ལྟ་བུར་ཆེས་ཆེར་བཀུར་བའི་གནས་སུ་བདག་ཉིད་ཆེན་པོར་གྱུར་པ་གདོན་མི་ཟའོ༔ ཨེ་མ་བདག་འདྲ་རིག་རྩལ་ཐོགས་མེད་གླིང་༔ ལས་འཕྲོ་བཟང་བས་བླ་མ་རྗེ་དང་མཇལ༔ བག་ཆགས་སད་པས་སྔ་འགྱུར་ཆོས་མང་འཕྲད༔ སྐལ་པ་བཟང་བས་རྫོགས་ཆེན་ཆོས་ཀློང་རྡོལ༔ ལྷ་ལྟར་བསྟོད་དང་འདྲེ་ལྟར་སྨོད་པ་སོགས༔ དགའ་སྡུག་འཁྲུལ་བ་ཞིག་པས་ངོ་མཉམ་སོང་༔ ཟབ་གཏེར་ཟབ་མོ་པདྨའི་དགོངས་པ་ལ༔ ལག་ལེན་ཕྲ་ཞིབ་གནད་ཀྱི་ཡི་གེར་བཏབ༔ བསྟན་དང་འགྲོ་ལ་ཕན་པའི་སྨོན་ལམ་བརྗོད༔ རང་ངང་རང་དྭངས་ཡེ་ཤེས་དགོངས་པའི་ཀློང་༔ རྩོལ་སྒྲུབ་འཇུར་བུ་མེད་པའི་གུ་ཡངས་པ༔ འཁོར་འདས་ཆོས་ཀྱི་གཡང་ས་དུས་གཅིག་ཆོད༔ ཡེ་ཤེས་འཇིག་རྟེན་སྒྲུབ་ཐབས་མང་དུ་བཀོད༔ མཐར་ཐུག་མགོན་པོ་དམར་པོ་རླུང་ཞགས་སྐོར༔ ཆོས་རྒྱལ་ཆེན་པོ་སྡེ་དགེའི་བསྟན་སྲིད་དང་༔ སངས་རྒྱས་བསྟན་པའི་འཕེལ་འགྲིབ་གསོ་ཕྱིར་བྲིས༔ ཉམས་སུ་ལོངས་དང་བྱིན་རླབས་རྟགས་མཚན་ཡོད༔ མ་བསྒྲུབས་

p. 171

བརྩོན་པས་ཉམས་སུ་མ་བླངས་པར༔ དངོས་གྲུབ་འདོད་ལ་རང་ཉིད་ངལ་བའི་རྒྱུ༔ དེ་ཕྱིར་འབད་པས་སྒྲུབས་ཤིག་སྐལ་ལྡན་རྣམས༔ འོད་དཔག་མེད་དང་རྟ་མཆོག་རོལ་པ་དང་༔ ཚད་མེད་ཐུགས་རྗེའི་བདག་ཉིད་པད་འབྱུང་མཐུས༔ རླུང་ཞགས་སྐོར་འདི་སུ་ཡིས་ཉམས་བླངས་ཀྱང་༔ བར་ཆད་ཀུན་བྲལ་དབང་ཕྱུག་ཆེར་འགྲུབ་ཅིང་༔ དངོས་གྲུབ་ཀུན་ཐོབ་དོན་གཉིས་མཐར་ཕྱིན་ཏེ༔ བསྟན་འགྲོའི་དགེ་ལེགས་རབ་ཏུ་རྒྱས་གྱུར་ཅིག༔ ཅེས་ལས་རབ་རྩལ་གྱིས་ཇི་ལྟར་བཀོད་པ་བཞིན་བསོད་ནམས་ཆོས་བཟང་བདག་གིས་ཡི་གེར་བྲིས་པ་བཀྲ་ཤིས་ཤིང་མཐའ་བཙན་པར་གྱུར་ཅིག༔ དགེའོ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྒྲུབ་མཆོད།

p. 172
p. 173

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་གྱི་སྒྲུབ་མཆོད་བཞུགས་སོ༔

p. 174

དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་རླུང་ཞགས་སུ་གྲགས་པའི་མགོན་པོ་དབང་ཕྱུག་དམར་པོ་སྒྲུབ་མཆོད་ཀྱི་རིམ་པ་ནི༔ གོང་གནོན་པདྨའི་རིགས་ཀྱི་ལྷ་ཞི་ཁྲོ་གང་རུང་གི་གཞུང་བསྲང་བ་དང་༔ འདི་ཉིད་ཀྱི་ཁྱད་པར་གྱི་རྟེན་དང་༔ མཆོད་པ་སོགས་མཁོ་བའི་ཡོ་བྱད་རྣམས་མངོན་པར་འདུ་བགྱིས་ནས༔ མཆོད་པ་བྱིན་གྱིས་བརླབ་པ་ནི༔ བསང་ཆུ་འཐོར་ལ༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ༀ་ཨཱཿཧཱུྃ་གསུམ་ཞུ་བ་ལས༔ མཆོད་རྫས་སོ་སོའི་རྣམ་པ་ལ༔ ངོ་བོ་ཡེ་ཤེས་བདུད་རྩི་ཆེ༔ བྱེད་ལས་མཆོད་ཡུལ་དགྱེས་སྐྱེད་ནུས༔ འཛད་མེད་སྣང་སྲིད་ཁྱབ་པར་སྤེལ༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿགསུམ༔

p. 175

ལྷ་བསྐྱེད་པ་ནི༔ ཡི་དམ་ལྟར་བདག་མདུན་གཉིས་ཀ་དབང་ཕྱུག་ཏུ་བསྐྱེད་དམ༔ ཆོས་སྐྱོང་ལྟར་རང་ཡི་དམ་དང་མདུན་བསྐྱེད་དབང་ཕྱུག་ཏུ་བསྐྱེད་པ་དང་གང་ལྟར་ཡང་༔ ཧཱུྃ༔ མི་དམིགས་སྟོང་པའི་ངང་ཉིད་ལས༔ བྷྲུཾ་ལས་པདྨ་རཱ་ག་ཡི༔ གཞལ་ཡས་ཟླ་གམ་སྒོ་གཅིག་པ༔ དེའི་དབུས་པདྨ་འདབ་བཞི་པའི༔ ལྟེ་བར་རཾ་ལས་ཉི་དཀྱིལ་སྟེང་༔ ཨཱཿཡིག་དམར་པོའི་འོད་ཟེར་འཕྲོས༔ འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས༔ སྣོད་བཅུད་ཐམས་ཅད་འོད་ཟེར་ནི༔ དམར་པོའི་རྣམ་པར་བསྡུས་ནས་ཀྱང་༔ ཐུགས་སྲོག་ས་བོན་ཨཱཾཿལ་ཐིམ༔ ཡོངས་གྱུར་ལྷ་ཆེན་དབང་ཕྱུག་ཆེ༔ སྐུ་མདོག་པདྨ་རཱ་ག་

p. 176

ལྟར༔ དམར་ཞིང་འོད་ཕུང་རབ་ཏུ་འབར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ སྒེག་ཅིང་ཆགས་པའི་ཉམས་དང་ལྡན༔ ཕྱག་གཡས་ཁམས་གསུམ་འགུགས་བྱེད་པའི༔ ལྕགས་ཀྱུ་འཕྱར་བའི་སྟབས་སུ་འཛིན༔ ཕྱག་གཡོན་རླུང་གི་ཞགས་པ་འཛིན༔ རལ་པའི་ཐོར་ཚུགས་ཟླ་ཚེས་སྤྲས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ གཅེར་བུ་ལིང་ག་དམར་པོ་སྒྲེང་༔ གཡས་བསྐུམ་གཡོན་བརྐྱང་བཞེངས་པའི་སྟབས༔ པང་དུ་ཡུམ་ཆེན་ཨུ་མ་དེ༔ དམར་གསལ་མཛེས་ཤིང་ཆགས་པའི་ཉམས༔ གཡས་པས་དུང་དམར་ཡབ་ལ་སྟོབ༔ གཡོན་པས་ལྕགས་ཀྱུ་འཛིན་པའོ༔ རིན་པོ་ཆེ་ཡི་རྒྱན་ཆ་ཅན༔ ཞབས་གཉིས་ཡབ་ལ་བརྟེན་ཏེ་གནས༔ མདུན་དུ་ལྷ་སྲས་གཙུག་ཕུད་ཅན༔ དམར་པོ་ལྕགས་ཀྱུ་ཞགས་པ་འཛིན༔ བཀའ་ཉན་ཕོ་ཉའི་ཚུལ་དུ་གསལ༔ ཕྱོགས་བཞིིའི་པད་འདབ་བཞི་ཡི་སྟེང་༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ བྱང་དུ་ཀརྨ་མཁའ་འགྲོ་ལྗང་༔ ཀུན་ཀྱང་གཅེར་བུ་རུས་རྒྱན་ཅན༔ གཡས་རྣམས་བ་

p. 177

དན་རྩེ་གསུམ་གཡབ༔ གཡོན་རྣམས་འགུགས་བྱེད་ལྕགས་ཀྱུ་འཛིན༔ རླུང་གི་དཀྱིལ་འཁོར་གྱིས་བརྟེན་པའི༔ ཉི་ཟླའི་གདན་ལ་བཞུགས་པའོ༔ ལྷ་ཚོགས་དེ་དག་གནས་གསུམ་གྱི༔ ༀ་དཀར་ཨཱཿདམར་ཧཱུྃ་མཐིང་དང་༔ ཐུགས་ཀའི་ས་བོན་འོད་ཟེར་འཕྲོས༔ ལྷོ་ཕྱོགས་རྒྱ་མཚོའི་སོགས་དང་༔ རང་བཞིན་གནས་ནས་ལྷ་ཆེན་པོ༔ འཁོར་བཅས་བཛྲ་ས་མ་ཛ༔ སྤྱན་འདྲེན་པ་ནི༔ གུ་གུལ་སོགས་སྤོས་དང་རོལ་མོ་གཡབ་དར་བཅས༔ ཧྲཱིཿས་བཅུའི་མགོན་པོ་སྤྱན་རས་གཟིགས༔ འཇིག་རྟེན་དབང་ཕྱུག་སྐུར་བཞེངས་པ༔ ལྷ་ཆེན་མ་ཧཱ་དེ་ཝ་དང་༔ ཡུམ་ཆེན་ཨུ་མ་དེ་ཝི་བཅས༔ སྲས་དང་འཁོར་གྱི་མཁའ་འགྲོའི་ཚོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཚངས་གནས་ཏི་སེ་གྲུབ་པའི་གནས༔ རང་བཞིན་གནས་དང་ཙན་དན་ནགས༔ ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ཤེད་ནས༔ ལྷ་ཆེན་ལྕམ་དྲལ་འཁོར་བཅས་སྤྱོན༔ དབང་ཆེན་རྟ་མགྲིན་དམ་ཚིག་དང་༔ ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ༔ ལྷ་ཆེན་འཁོར་དང་བཅས་པ་རྣམས༔ དངོས་གྲུབ་མྱུར་དུ་སྩོལ་བའི་ཕྱིར༔ གནས་འདིར་

p. 178

བཛྲ་ས་མ་ཛ༔ བཞུགས་སུ་གསོལ་བ་ནི༔ བསྐྱེད་པའི་དམ་ཚིག་སེམས་དཔའ་དང་༔ དབྱིངས་ནས་སྤྱན་འདྲེན་ཡེ་ཤེས་ལྷ༔ ཛཿཧཱུཾ་བཾ་ཧོ་དབྱེར་མེད་གྱུར༔ དམ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ མཆོད་པ་འབུལ་བ་ནི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་དམ་ཚིག་རྫས༔ མཆོད་རྫས་རྣམ་པ་ཇི་སྙེད་ཀྱིས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་མཆོད༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཡུམ་མཆོག་ཨུ་མ་དེ་ཝི་མཆོད༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ལྷ་ཡི་སྲས་མཆོག་གཙུག་ཕུད་མཆོད༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ མུ་སྟེགས་མཁའ་འགྲོ་སྡེ་བཞི་མཆོད༔ མཆོད་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ རྩ་སྔགས་ཨརྒྷཾ་ནས་ཤབྟ་རཱུ་པ་ཤབྟ་གྷནྡྷེ་ར་ས་སྤར་ཤེ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་བྱ་བ་ནི༔ ཧཱུྃ༔ རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན༔ རིན་ཆེན་སྣ་ཚོགས་གཞལ་ཡས་སུ༔ ཡབ་གཅིག་དབང་ཕྱུག་ཆེན་པོ་ནི༔ ཁམས་གསུམ་མ་ལུས་དབང་མཛད་པ༔ སྐུ་མདོག་དམར་པོ་འཛུམ་དང་ལྡན༔

p. 179

སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཉིས་དབང་སྡུད་ཕྱག་རྒྱ་འཛིན༔ སྲིད་གསུམ་མ་ལུས་དབང་དུ་སྡུད༔ ཞབས་གཉིས་དོར་སྟབས་འགྱིང་ཞིང་བརྗིད༔ འགྲོ་བ་མ་ལུས་ཟིལ་གྱིས་གནོན༔ ཞལ་འཛུམ་སྤྱན་གསུམ་རལ་པ་བརྫེས༔ སྲིད་པ་ཀུན་ཏུ་དབང་ཡང་བསྒྱུར༔ བ་སྤུའི་འོད་ཟེར་མཚོན་ཆ་ལས༔ རླུང་ཞགས་ལྕགས་ཀྱུ་ཕྱོགས་བཅུར་འཕྲོས༔ མི་ནོར་ཟས་གསུམ་དབང་དུ་སྡུད༔ དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད༔ གསང་སྒྲ་སྔགས་ཀྱི་ང་རོ་ནི༔ འབྲུག་བཞིན་སྟོང་ཁམས་ཀུན་ཏུ་སྒྲོགས༔ ཁམས་གསུམ་རིགས་དྲུག་དབང་དུ་བསྡུད༔ གསུང་གི་འོད་ཟེར་འཕྲོ་བ་ཡིས༔ འགྲོ་བ་མ་ལུས་དབང་དུ་སྡུད༔ དབང་ཕྱུག་གསུང་ལ་ཕྱག་འཚལ་བསྟོད༔ ཐུགས་མཆོག་ཀུན་ཏུ་མི་གཡོ་བ༔ ནམ་མཁའ་བཞིན་དུ་གསལ་ལ་དག༔ ཐུགས་ཀྱི་འོད་ཟེར་ཀུན་ཏུ་འཕྲོས༔ འགྲོ་བ་ཀུན་གྱི་སྙིང་རྩ་སྒུལ༔ ཐམས་ཅད་མ་ལུས་དབང་དུ་སྡུད༔ དབང་ཕྱུག་ཐུགས་ལ་ཕྱག་འཚལ་བསྟོད༔ ཡུམ་ཆེན་ཨུ་མ་དེ་ཝི་ནི༔ པདྨའི་མདངས་ལྡན་སྐུ་ལ་འཁྲིལ༔ ཕྱག་གཡས་ཡབ་ཀྱི་མགུལ་

p. 180

ནས་འཁྱུད༔ གཡོན་པས་དུང་དམར་གཙོ་ལ་སྟོབ༔ འཛུམ་མདངས་འོད་ཟེར་སྣ་ཚོགས་འགྱེད༔ མི་ནོར་ཟས་གསུམ་དབང་དུ་སྡུད༔ ཨུ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ སྲས་དང་འཁོར་གྱི་ཌཱཀྐི་རྣམས༔ ཁམས་གསུམ་མ་ལུས་ཟིལ་གྱིས་གནོན༔ སྲིད་གསུམ་དབང་སྡུད་ཕྲིན་ལས་མཛད༔ གཙོ་འཁོར་རྣམས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི༔ ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ལས་འོད་ཟེར་འཕྲོས༔ ཁམས་གསུམ་ཐམས་ཅད་དབང་དུ་བསྡུས༔ འོད་ཟེར་དམར་པོའི་རྣམ་པ་རུ༔ བདག་ལ་ཐིམ་པར་བསམ་པའི་ངང་༔ ཨེ་མཉྫུ་ཀུགྟ་ཧཱུྃ་ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང་༔ རང་དབང་མེད་པར་ཁུག་ལ་ཤོག༔ སྨྲ་བ་བཅད་ལ་ནན་གྱིས་བཟླའོ༔ ཁྱད་པར་གྱི་དམིགས་པ་ནི༔ དབང་ཕྱུག་ཆེན་པོའི་དབུ་སྐྲ་དང་༔ སྐུ་ལས་འོད་ཟེར་དཔག་མེད་འཕྲོས༔ རང་གི་གང་འདོད་དེ་ཉིད་དང་༔ ཁམས་གསུམ་ཐམས་ཅད་དབང་དུ་བསྡུས༔ དམིགས་པ་དེ་ལྟར་གསལ་

p. 181

ཞིང་བཟླ༔ སྒྲུབ་ལུགས་འདི་ཡི་ཟབ་ཁྱད་ཡིན༔ བསྐུལ་བ་ནི༔ རྟེན་རྫས་གཡབ༔ དགོངས་པ་གསལ༔ ཧྲཱིཿདབང་ཕྱུག་ཡབ་ཡུམ་གཤེགས་སུ་གསོལ༔ བཞུགས་ནི་རྒྱ་མཚོའི་གླིང་ན་བཞུགས༔ བསྐྱོད་ནི་གླིང་བཞིའི་མཁའ་ལ་བསྐྱོད༔ སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་༔ འགྲོ་བ་ཐམས་ཅད་དབང་དུ་སྡུད༔ རིན་ཆེན་ནོར་བུ་གཏེར་གྱི་བདག༔ ལྷ་སྲིན་ཐམས་ཅད་བྲན་དུ་འཁོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བྷ་ལིང་མཆོད་པ་འདི་བཞེས་ལ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱེད༔ སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་དུ་ཕོབ༔ འགྲོ་ཀུན་བདག་གི་དབང་དུ་སྡུས༔ ལྷ་སྲས་གསེར་གྱི་གཙུག་ཕུད་ཅན༔ མཁའ་འགྲོ་རྣམ་བཞིའི་འཁོར་དང་བཅས༔ བྷ་ལིང་མཆོད་པ་འདི་བཞེས་ལ༔ ནམ་མཁའི་ཁམས་ལ་བསྐྱོད་དེ་གཤེགས༔ བ་དན་ལྕགས་ཀྱུས་མི་སྙིང་སྒུལ༔ ལྕགས་གཞུ་ལྕགས་མདས་སྙིང་ཁྲག་ཕོས༔ མེ་ལོང་འོད་ཀྱིས་མྱོས་སུ་ཆུག༔ རླུང་གི་ཞགས་པས་དབང་དུ་སྡུས༔ བྲེང་བྲེང་དུང་དུང་དབང་ཆེན་ཁུག༔ མི་

p. 182

རྣམས་ཐམས་ཅད་དབང་དུ་སྡུས༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ༔ དུས་ལ་བབ་པོ་ས་མ་ཡཱ༔ ཞེས་བསྐུལ་ཞིང་ཕྲིན་ལས་བཅོལ་བས༔ དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་བསམ༔ རྗེས་ཀྱི་རིམ་པ་ནི༔ རྟེན་གྱི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ༀ་སུཔྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿས་མེ་ཏོག་འཐོར༔ རྟེན་མེད་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས༔ གཙྪ་སྭ་བྷཱ་ཝ་ནཾ༔ ཞེས་བརྗོད་གཤེགས་སུ་གསོལ༔ རྫོགས་རིམ་ངང་ལ་མཉམ་པར་གཞག༔ བསྔོ་སྨོན་དང་ཤིས་བརྗོད་ནི༔ འདི་ལྟར་བདག་གིས་དབང་ཆེན་བསྒྲུབས་པའི་མཐུས༔ འགྲོ་ཀུན་ཐར་པའི་ལམ་ལ་དབང་བསྡུས་ནས༔ བདག་ཅག་མཆོག་ཐུན་དངོས་གྲུབ་མངོན་གྱུར་ཏེ༔ དོན་གཉིས་མཐར་ཕྱིན་འགྲུབ་པའི་བཀྲ་ཤིས་ཤོག༔ འདི་ཉིད་ཐོག་མར་ལག་ལེན་དུ་བཏབ་པའི་ཉིན་པར་སྣང་བ་ཐམས་ཅད་རླུང་གིས་གཡོ་བའི་ཉམས་འཁོར་ཡུག་ཏུ་བྱུང་བའི་ལྟས་ཤིན་ཏུ་ལེགས་པ་དང་བཅས་པས་རྣོ་ནུས་དང་བྱིན་རླབས་ཚད་མེད་པ་དང་ལྡན་པའོ༔ དབང་སྡུད་ཐམས་ཅད་ཀྱི་རྒྱལ་པོ་ནོར་སྒྲུབ་ཐམས་ཅད་ཀྱི་ཡང་བཅུད་ལྷ་ཆེན་དབང་ཕྱུག་ཆེན་པོའི་གདམས་སྐོར་ལས་ནོར་བུ་བསམ་འཕེལ་གྱི་གསང་སྒྲུབ༔ སློབ་དཔོན་ཆེན་པོ་པདྨའི་མན་ངག་ཇི་བཞིན་དུ་བདག་དཔའ་བོ་ལས་རབ་རྩལ་གྱིས་ལག་ལེན་དུ་གསལ་བར་བཀོད་པ་འདིས་བསྟན་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག༔ ཡི་གེ་པ་ནི་བསོད་ནམས་ཆོས་བཟང་བདག་གིས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་བསྐང་བཤགས་ཕྲིན་ལས་ལྷུན་གྲུབ།

p. 183

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ བསྐང་བཤགས་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ཧཱུྃ༔ ཕྱི་ནང་གསང་བའི་མཆོད་སྤྲིན་དང་༔ ཁྱད་པར་སྨན་གཏོར་རཀྟ་དང་༔ གྷ་ན་ཚོགས་ཀྱི་ཡོ་བྱད་དང་༔ དད་པ་དང་ནི་དམ་ཚིག་གིས༔ གུ་རུ་པདྨའི་ཐུགས་དམ་བསྐང་༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་༔ ཨུ་མ་དེ་ཝིའི་ཐུགས་དམ་བསྐང་༔ ལྷ་སྲས་གཙུག་ཕུད་ཐུགས་དམ་བསྐང་༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཁྱེད་རྣམས་ཐུགས་དམ་བསྐངས་གྱུར་ཅིག༔ བདག་གི་གཡར་དམ་སོར་སྩོལ་ཅིག༔ ཉམས་ཆག་ཉེས་བྱས་མཐོལ་ལོ་བཤགས༔ ཕྱིན་ཆད་སྒྲིབ་པར་མ་གྱུར་ཅིག༔ ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་བར་ཆད་ཐམས་ཅད་སོལ༔ ཚེ་བསོད་

p. 184

དཔལ་འབྱོར་རྒྱས་པར་མཛོད༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ ཁམས་གསུམ་བདག་གི་དབང་དུ་སྡུས༔ སྲིད་གསུམ་བདག་གི་ཟིལ་གྱིས་ནོན༔ བསྟན་པ་དར་ཞིང་རྒྱས་པར་མཛོད༔ སྡང་བའི་དགྲ་བོ་རྩད་ནས་ཆོད༔ གནོད་པའི་བགེགས་དཔུང་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་དེ་ཝའི་བསྐང་བ་འདི༔ དཔའ་བོ་ལས་རབ་རྩལ་གྱིས་སྦྱར༔ བསྟན་དང་འགྲོ་ལ་ཕན་ཐོགས་ཤོག༔ བཀྲ་ཤིས་བྱིན་ཆེ་མཐའ་བཙན་ཤོག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་ཞི་བ་དང་ཚེ་སྲིང་བའི་མན་ངག

p. 185

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ ཞི་བ་དང་ཚེ་སྲིང་བའི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ ནད་གདོན་སྡིག་སྒྲིབ་ཞི་བ་དང་༔ ཚེ་རིང་བ་དང་༔ ཞི་རྒྱས་ཀྱི་ལས་ནི༔ དབང་ཕྱུག་ཆེན་པོ་དངོས་གྲུབ་ཀུན་གྱི་བདག་པོ་ཡིན་ཏེ་ཕྲིན་ལས་དགོས་དགུ་འགྲུབ༔ དཔེར་ན་ཡིད་བཞིན་ནོར་བུ་ལྟ་བུའོ༔ དེ་ཡང་ཤོག་བུ་ལ་སྨན་སྣ་ཚོགས་དང་དུང་གིས༔ ༀ་ཨཱཿཧཱུྃ་ཀ་བྷི་ར་ཀོ་བྷི་ར་ཧཱུཾ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲི་ཛ༔ ཞི་བའི་ཤམ་བུ་ནི༔ ཞི་བ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ འདི་འཆང་བ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག༔ རྒྱས་པ་ལ༔ ཧཱུྃ་བྷྲཱུྃ་ནྲི་ཛཿའི་འཕྲོར༔ འདི་འཆང་བ་པོ་ལ་ཚེ་རིང་བར་གྱུར་ཅིག༔ ཅེས་བྲིས་ལ་གསེར་རམ་དུང་ངམ་དངུལ་ལམ་ལྕགས་སམ་ར་གན་གྱི་རྡོ་རྗེ་རྩེ་དགུ་པའི་ནང་དུ་གཞུག༔ དེ་རྟེན་ནང་དུ་བསྩལ༔ ཡང་ན་རང་གི་ལུས་ལ་བཅངས༔ དེ་ཡིས་ཚེ་རིང་ནད་མེད་འགྱུར༔ དུས་མིན་འཆི་བ་བསྲུང་བར་འགྱུར་རོ༔ དང་པོ་བསྒྲུབ་པ་ནི༔ རང་དང་རྟེན་དེ་ཉིད་དབང་ཕྱུག་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ དབུ་སྐྲ་ཐོར་ཚུགས་ལ་ཟླ་བའི་རྒྱན་གྱིས་སྤྲས་པ༔ ཞི་འཛུམ་བརྗིད་པའི་ཉམས་ཅན༔ ལྷ་རྫས་ཀྱི་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ༔

p. 186

པདྨ་དང་ཟླ་བའི་གདན་ལ་དོར་སྟབས་སུ་བཞུགས་པ༔ གཡས་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ༔ ཡུམ་ཨུ་མ་དེ་ཝི་རྒྱན་དང་སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བ༔ འཁོར་གྱི་མཁའ་འགྲོ་སྡེ་བཞི་ཐམས་ཅད་ཀྱང་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་ཉམས་ཅན༔ གཡས་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ༔ གཙོ་བོའི་ཐུགས་ཀར་ཟླ་བའི་དབུས་སུ་ཨཱཾ་དམར་པོའི་ཐ་མར་ཞི་བ་ལ་སྔགས་ཕྲེང་དཀར་པོ་དང་༔ ཚེ་བསྲིང་བ་ལ༔ སྔགས་ཕྲེང་སེར་པོ་གསེར་གྱི་མདོག་ཅན༔ དེ་ལས་འོད་ཟེར་དཀར་པོ་འཕྲོས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་ཟླ་འོད་ཤར་བ་ལྟ་བུར་བསམ་ལ༔ ཞི་བར་གྱུར་ཅིག་སྔགས་ཤམ་ཅན་བཟླས་པ་ནི་ཞི་བའོ༔ ས་བོན་དང་ཚེའི་སྔགས་ཕྲེང་ཤམ་བུ་དང་བཅས་པ་ལས་འོད་དམར་པོ་སེར་པོ་འཕྲོས་ནམ་མཁས་གར་ཁྱབ་ཁྱབ༔ འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་འོད་ཟེར་ལྔ་ལྡན་དང་༔ སྐུ་དང་ཡིག་འབྲུའི་རྣམ་པར་སླར་བསྡུས་ཏེ་མདུན་བསྐྱེད་རྡོ་རྗེ་ལྷར་བསྐྱེད་པ་ལ་བསྟིམ༔ ཞི་བ་དང་ཚེ་བསྲིང་བའི་སྔགས་ཤམ་ཅན་གང་འདོད་བསྒྲུབ་པར་བྱ་སྟེ༔ ཞག་གསུམ་མམ༔ བདུན་ཕྲག་གཅིག་ཏུ་མི་ཚིག་གིས་བར་མ་ཆོད་པར་བཟླ༔ རྡོ་རྗེ་དང་པོ་སྒྲུབ་དུས་སྟེགས་དཀར་པོ་འབྲུ་ཚོམ་ཅན་གྱི་སྟེང་དུ་བཞག༔ ཞག་གྲངས་ཐེམས་ནས་ཡེ་དྷརྨ་བརྒྱ་རྩ་བརྒྱད་

p. 187

ཀྱིས་རབ་ཏུ་གནས་ཤིང་༔ ཤིས་པ་བརྗོད༔ མེ་ཏོག་འཐོར༔ དར་རས་དྲི་མ་མེད་པས་དྲིལ༔ རྡོ་རྗེའི་དབུས་སུ་བསྲུང་བྱ་གསལ་བཏབ༔ ནང་གཞུག་གི་སྔགས་མགོ་མཇུག་མ་ལོག་པར་འཆང་བར་བྱའོ༔ དེས་ནི་དགོས་ཆེད་ཐམས་ཅད་འགྲུབ་བོ༔ ཨོ་ཊི་ཡ་ནའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་མན་ངག་ལས་ཇི་ལྟར་བྱུང་བ་བཞིན་ལ་ལག་ལེན་གྱིས་བརྒྱན་ཏེ་ལས་རབ་རྩལ་གྱིས་བཀོད་པ་ཤིན་ཏུ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་བྷནྡྷ་མཚན་ལྡན་ལ་བརྟེེན་ནས་དངོས་གྲུབ་ཆར་ལྟར་འབེབས་པའི་མན་ངག

p. 188
p. 189

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ བྷནྡྷ་མཚན་ལྡན་ལ་བརྟེེན་ནས་དངོས་གྲུབ་ཆར་ལྟར་འབེབས་པའི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྷནྡྷ་ལ་བརྟེན་ནས་ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་གདམས་པ་ཟབ་མོ་ནི༔ རབ་དུམ་བུ་གཅིག་པ་སྐྱོན་གང་ཡང་མེད་ཅིང་ཡོན་ཏན་གང་ཡང་ལྡན་པ༔ ཡང་ན་དུམ་བུ་གསུམ་པ་དབྱིབས་ནོར་བུ་སུམ་སྒྲོམ་གྱི་གཟུགས་སུ་ཡོད་པ་སྟེ༔ མདོར་ན་ཐོད་པ་མཚན་ལྡན་ནི་ཡིད་བཞིན་གྱི་ནོར་བུ་ཡིན་ཅིང་༔ རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བ་སྟེ༔ སྤང་བླང་གི་གནད་རྣམས་ཐོད་བརྟག་གི་ཡི་གེ་རྣམས་ལས་ཤེས་པར་བྱའོ༔ དེ་ལྟ་བུའི་ཐོད་པ་དེ་ལ་དབང་ཕྱུག་ཆེན་པོའི་མན་ངག་གིས་མ་བསྒྲུབས་ན༔ རྒྱལ་བུ་ཡིན་ཀྱང་རྒྱལ་སར་མ་བཏོན་པ་ལྟ་བུ་དབང་ཆུང་བ་དང་༔ ཡིད་བཞིན་གྱི་ནོར་བུ་ཡིན་ཀྱང་ངོ་ཤེས་ཤིང་མཆོད་བསྟོད་བཀུར་སྟི་མ་བྱས་ན་རྡོ་བ་ཕལ་དང་འདྲ༔ དེའི་ཕྱིར་ན་འདི་ལ་གཅེས་པར་ཟུངས༔ རཏྣ་ལྔ་བསྲེས་སྣག་ཚ་ཡིས༔ བྷནྡྷ་མཚན་ལྡན་གྱི་ནང་དུ་སྔགས་འདི་བྲིའོ༔ ༀ་ཨཱཿཧཱུྃ་ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ བྷ་སུ་དྷ་རི་ཆྒཻ་མོ་དང་བསོད་ནམས་ཆོས་ནོར་ཟས་མི་ཐམས་ཅད་ཕི་ཤི་ན་ཧཱུྃ་པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིའོ༔ ཚེ་རིང་བསོད་ནམས་གྲགས་འབྱོར་བཙན་ཕྱུག་འཕན་དར་ཅན་གྱི་ལག་ནས་བྱུང་བའི་རིན་ཆེན་འབྲུ་སྨན་སོགས་གཡང་རྫས་སྣ་ཚོགས༔ བརྒྱུད་པ་དམ་སེལ་མེད་ཅིང་གཙང་མའི་བྱིན་རྟེན་སྣ་ཚོགས་སོ་སོར་དར་དམར་རམ་དར་སེར་གྱིས་ཐུམ་

p. 190

བྱས་ཏེ་བྷནྡྷའི་ནང་དུ་བསྩལ༔ དར་རས་ཤོག་བུ་གང་རུང་ལ་རྡོ་རྗེ་རྒྱ་གྲམ་བྲིས༔ རྡོ་རྗེའི་ལྟེ་བར་ཧ་རི་ནི་ས་དང་བསོད་ནམས་ཆོས་ནོར་ཟས་མི་སོགས་དང་གང་འདོད་ཀྱི་མིང་བྲིས་ནས་སརྦ་ཕི་ཤི་ནི་ཧཱུྃ༔ པུཥྚིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲི༔ དེས་ནི་ཐོད་པའི་ཁ་ཆོད་བྱ༔ བྷནྡྷའི་ཕྱི་ནས་ཚས་ཀྱིས་དྲིལ༔ སྟེགས་ཀྱི་ཁར་ཚོམ་བུ་མང་དུ་བཀོད་པའི་དབུས་སུ་གཞུག༔ ཚོགས་གཏོར་མཆོད་པ་བཟང་དུ་བཤམས༔ བགེགས་བསྐྲད་སྲུང་འཁོར་བསྒོམ༔ བྷནྡྷ་ཡི་གེ་རྫས་དང་བཅས་པ་མགོན་པོ་དམར་པོ་དབང་ཕྱུག་རླུང་ཞགས་གཞུང་ལྟར་བསྐྱེད༔ མཆོད་བསྟོད་དང་ཆོ་གའི་གཞུང་བསྲང་༔ གོང་གི་བྷནྡྷའི་སྔགས་བཟླ༔ ཐོད་པ་དེ་ཡིད་བཞིན་ནོར་བུ་དངོས་སུ་བསམས༔ ལྷ་ཆེན་གཙོ་འཁོར་གྱི་རྣམ་པར་བསྐྱེད་བསྟིམ་དང་ལྷ་ཀླུ་མིའི་ནོར་བུ་སྣ་ཚོགས་རིན་ཆེན་རྣམ་ལྔ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་སྣང་སྲིད་རབ་འབྱམས་ཀྱི་ཚེ་བསོད་ནམས་ཟས་ནོར་ལོངས་སྤྱོད་རྒྱལ་བ་དཀོན་མཆོག་རྒྱ་མཚོའི་བྱིན་རླབས་དང་ཆོས་ཀྱི་དངོས་གྲུབ་ཐམས་ཅད་མདོར་ན་རང་གིས་གང་འདོད་པའིི་དངོས་པོ་ཐམས་ཅད་སོ་སོའི་གཟུགས་དང་འོད་ཟེར་བཀྲག་མདངས་འབར་བའི་རྣམ་པར་རྒྱ་མཚོ་ལ་ཆར་པ་བབས་པ་ལྟར་ཐོད་པ་ལ་སིབ་སིབ་ཐིམ་པར་བསམ་པ་ནི་སྒྲུབ་པའི་དམིགས་པའོ༔ ཡང་ཐོད་པ་ལས་རང་གིས་གང་འདོད་པའི་གཙོ་བོར་གྱུར་པའི་དངོས་གྲུབ་ཀྱི་ཆར་ཆེན་བབས་པས་རང་གི་ཁང་ཁྱིམ་དང་ལུང་པ་ཐམས་ཅད་ཕྱུར་བུར་གང་བར་བསམ་མོ༔ ལས་སྦྱོར་གྱི་དམིགས་པའོ༔ སྒྲུབ་པ་ལས་སྦྱོར་གང་ལའང་སྔགས་བཟླས་པ་ཁྱད་མེད་དོ༔ དེ་ལྟར་ཞག་གསུམ་མམ༔ ལྔའམ་བདུན་ནམ་ལ་སོགས་པར་བསྒྲུབ་ཅིང་ཚོགས་འཁོར་དང་མཆོད་བསྟོད་བྱ༔ མཐར་དབང་ཕྱུག་ཆེན་པོ་འོད་དུ་ཞུ་ནས་༔

p. 191

ཐོད་པའི་རྣམ་པར་གྱུར་པར་བསམས༔ དབྱངས་གསལ་དང་ཡེ་དྷར་བརྒྱ་རྩ་བརྗོད་ཅིང་རབ་གནས་མེ་ཏོག་འཐོར༔ བཀྲ་ཤིས་འདོད་གསོལ་སྨོན་ལམ་སོགས་རྒྱས་པར་བྱའོ༔ ཐོད་པ་སུས་ཀྱང་མི་མཐོང་བར་ཕུག་ཏུ་སྦ༔ གཞན་གྱི་ལག་མི་འགྲིམ༔ དེས་ནི་ཚེ་དང་བསོད་ནམས་རྒྱས་ནས་དངོས་གྲུབ་གང་འདོད་ཀྱི་ཆར་ཆེན་པོ་འབབ་པར་འགྱུར་རོ༔ སྐབས་སུ་མཆོད་པ་དང་འདོད་པའི་དོན་ལ་གསོལ་བ་བཏབ་པས་དོན་ཐམས་ཅད་འགྲུབ་བོ༔ འདི་ནི་ཤིན་ཏུ་བཀྲེན་པོར་གྱུར་པའི་མིས་ཚུལ་བཞིན་བསྒྲུབས་ནའང་རྒྱལ་པོ་ཆེན་པོའི་བསོད་ནམས་དང་འཕྲལ་དུ་ལྡན་པར་འགྱུར་རོ༔ ཚེ་དང་བསོད་ནམས་རྒྱས་པའི་ཁ་བསྒྱུར་ཟབ་མོ་ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱི་མན་ངག་ལ་ལག་ལེན་རྣམ་པར་བཀྲ་བར་བྱས་ཏེ་རིག་རྩལ་ཐོགས་མེད་ལས་རབ་རྩལ་བདག་གིས་ལེགས་པར་བཀོད་པ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་ཌཱ་མ་རུ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པའི་མན་ངག

p. 192
p. 193

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ ཌཱ་མ་རུ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པའི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་ཆེན་པོ་སྒྲུབ་པའི་རྣལ་འབྱོར་པས༔ ཌཱ་མ་རུ་ལ་བརྟེན་ནས་སྣང་བ་དབང་དུ་སྡུད་པ་ནི༔ སེང་ལྡེང་དམར་པོའི་ཌཱ་མ་རུའི་ནང་དུ་བུད་མེད་གཙང་མའི་པད་རཀ་མཚལ་དང་སྦྱར་ལ་སྔགས་འདི་བྲིའོ༔ ༀ་ཨཱཿཧཱུྃ་ཀ་བྷི་ར་ཧཱུྃ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཨ་ནྲི་ཏྲི་ཛཿཨ་ཀར་ཤ་ཡ་ཛཿཨ་ཀར་ཤ་ཡ་ཛ༔ པཱ་ཤཾ་ཀུ་རུ་ཡེ་ཧཱུྃ༔ སྒུལ་སྒུལ༔ མ་མ་ཁ་ཤི་ཁ་ཤི༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ ཧྲིང་ཧྲིང་སྡུས་སྡུས༔ མ་མ་ཁ་ཤི་བཾ་ཧཱུྃ་ཛ༔ ཞེས་བྲིས་ནས་གུ་གུལ་གྱིས་བདུག༔ བགེགས་བསྐྲད༔ དར་དམར་གྱིས་དྲིལ༔ རང་དབང་ཕྱུག་ཆེན་པོར་བསྒོམ༔ ཕྱི་ཌཱ་མ་རུའི་རྣམ་པ་ལ་ངོ་བོ་དབང་ཕྱུག་ཆེན་པོ་སྔགས་དང་སྒྲ་དབྱེར་མེད་པ་མཐོང་ཐོས་དྲན་རེག་ཐམས་ཅད་དབང་དུ་བསྡུ་བའི་ནུས་ལྡན་དུ་བསྒོམ་ཞིང་གོང་གི་སྔགས་ནན་ཏན་དུ་བཟླས་ཤིང་ཌཱ་མ་རུ་ལ་བཏབ༔ ཁམས་གསུམ་དབང་དུ་འདུས་པར་འགྱུར་རོ༔ སྐབས་སྐབས་སུ་རང་དབང་ཕྱུག་ཆེན་པོའི་ཏིང་འཛིན་ང་རྒྱལ་བརྟན་ཅིང་གཅེར་རྒྱུག་བྱ༔ ཌཱ་མ་རུ་དཀྲོལ༔ སྔགས་བཟླ༔ དེས་ནི་ལྷ་རྣམས་ཐམས་ཅད་གྲོགས་སུ་འོང་༔ འདྲེ་རྣམས་སྐད་ངན་འདོན༔ མི་རྣམས་ཐམས་ཅད་བྲན་དུ་འགྱུར༔ འགྲོ་བ་ཐམས་ཅད་སྨོས་ཅི་དགོས༔ ཁམས་གསུམ་

p. 194

དབང་དུ་བསྡུ་བའི་ཁ་བསྒྱུར་རོ༔ ཌཱ་མ་རུ་གཞན་གྱི་ལག་མི་འགྲིམ་པར་བྱའོ༔ ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས་མཚོ་རྒྱལ་དང་རྡོ་རྗེ་སྤྲེའུ་ཆུང་ལ་གདམས་པ་ཤིན་ཏུ་གསང་བར་བྱའོ༔ གུ་རུ་རིན་པོ་ཆེའི་རྒྱ་གཞུང་ཁྱད་པར་ཅན་ལ་ཅུང་ཟད་འགྲེལ་བར་བྱས་ཏེ་རིག་འཛིན་སྔགས་ཀྱི་བརྟུལ་ཞུགས་འཛིན་པ་ལས་རབ་རྩལ་གྱིས་བཀོད་པ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས་སྲོག་འཁོར་ཙཀྲའི་རིམ་པ།

p. 195

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས༔ སྲོག་འཁོར་ཙཀྲའི་རིམ་པ་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་ཆེན་པོ་ཆགས་ཤིང་འཁོར་བའི་རྟེན༔ ནོར་བུ་བསམ་འཕེལ་གྱི་སྤྱི་ཆིངས་གནད་ཀྱི་མན་ངག་ལས༔ དར་དམར་རམ་རྒྱ་ཤོག་ལ་རབ་འབྲིང་ཐ་མའི་སྣག་ཚས་བྲི་བར་བྱ་སྟེ༔ དབུས་སུ་ནོར་བུ་སུམ་སྒྲོམ་བྲི༔ ནོར་བུ་དབུས་མ་ལ་ༀ་མ་ཧཱ་དེ་ཝ་ཧཱུྃ་བྲི༔ གཡས་ལ་ཨུ་མ་དེ་ཝི་ཧྲིཾ༔ གཡོན་ལ་ཧ་རི་ནི་ས་ཛ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ རང་གིས་གང་འདོད་ཀྱི་མིང་གི་མཐར་པཱ་ཤཾ་ཀུ་རུ་ཧོ༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ བཛྲ་ཌཱ་ཀི་ནི་བཛྲ་སིདྡྷི་ཧཱུྃ༔ ཤར་ཕྱོགས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་ཁུག༔ རཏྣ་ཌཱཀྐི་ནི་རཏྣ་སིདྡྷི་ཧཱུྃ༔ ལྷོ་ཕྱོགས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་ཁུག༔ པདྨ་དྷཱཀྐི་ནི་པདྨ་སིདྡྷི་ཧཱུྃ༔ ནུབ་ཕྱོགས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་ཁུག༔ ཀརྨ་དྷཱཀྐི་ནི་ཀརྨ་སིདྡྷི་ཧཱུྃ༔ བྱང་ཕྱོགས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་རང་དབང་མེད་པར་ཁུག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཨ་ཏྲི་ནྲི་ཛ༔ འགྲོ་

p. 196

བ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཕྱྭ་གཡང་དངོས་གྲུབ་ཡིད་ལ་གང་འདོད་ཐམས་ཅད་ཁུག་ཛ༔ སརྦ་པཱ་ཤཾ་ཀུ་རུ་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲི༔ མཛེས་པའི་མུ་ཁྱུད་དང་བཅས་པ་བྱའོ༔ རྫས་ནི་ལྔ་ལྔ་ཉེར་ལྔའི་བུམ་རྫས༔ ཨུག་ཆོས་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས༔ ཙན་དན་སོགས་ཤིང་དམར་པོའི་རིགས༔ སིནྡྷུ་ར་སོགས་ས་དམར་པོའི་རིགས༔ དམ་ཚིག་སེལ་མེད་ཀྱིས་བསྒྲུབས་པའི་བདུད་རྩི་ཆོས་སྨན༔ བླ་མ་དགེ་བཤེས་རྒྱལ་བློན་བཙུན་མོ་སོགས་ཁ་དྲག་བསོད་ནམས་ཅན་གྱི་ལག་ནས་བྱུང་བའི་རིན་ཆེན་འབྲུ་སྨན༔ གཞན་ཡང་ཕྱུག་འཕན་གྱི་ལག་ནས་བྱུང་བའི་གཡང་རྫས་རྣམས་བསགས༔ འཁོར་ལོ་ཆགས་ལེགས་པར་བྱས་ཏེ་དར་དམར་གྱིས་བཏུམ༔ ཙན་དན་དམར་པོའི་ཕོ་མཚན་ཚད་དང་ལྡན་པའི་ནང་དུ་གཞུག༔ དེ་ལ་ལྷ་ཆེན་བསྐྱེད་བསྟིམ་ཡང་ཡང་བྱ་ཞིང་རབ་ཏུ་གནས་ཤིང་ཤིས་པར་བརྗོད༔ སྐྱེ་འགྲོ་སུས་ཀྱང་མཐོང་ཚོར་དང་མ་རེག་པར་གཅེས༔ རང་གི་ལུས་ལ་བཅངས་ཤིང་ཞག་བདུན་བསྒྲུབ༔ འདི་ནི་ནོར་བུ་བསམ་འཕེལ་གྱི་སྒྲུབ་པ་ཐམས་ཅད་ལ་ཤིན་ཏུ་གཅེས་པའི་སྲོག་རྩ་ལྟ་བུའོ༔ རྟག་ཏུ་རྟེན་དེ་ཉིད་ཁམས་གསུམ་གྱི་ཆེ་བཙན་དངོས་སུ་བསམ་ཞིང་གཅེས་སྤྲས་དང་མཆོད་བསྟོད་བསྙེན་སྒྲུབ་སོགས་བཀུར་བསྟི་རྒྱུན་མི་ཆད་པར་བྱའོ༔ དེས་ནི་ལུས་དང་གྲིབ་མ་བཞིན་དུ་ལྷ་དང་འབྲལ་བ་མེད་པར་འགྲོགས་པར་འགྱུར་རོ༔ ཡིད་བཞིན་ནོར་བུ་ལྟར་དགོས་འདོད་ཡིད་བཞིན་དུ་འགྲུབ་པོ༔ སློབ་དཔོན་ཆེན་པོ་པདྨའི་མན་ངག་ལས་བྱུང་བ་བཞིན་དཔའ་བོ་ལས་རབ་བདག་གིས་གསལ་བར་བཀོད་པ་རབ་ཏུ་གསང་བར་བྱའོ༔ བསོད་ནམས་ཆོས་བཟང་གིས་ཡི་གེ་བྱས་པའོ༔ སརྦ་མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག

p. 197

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག་ནི༔ རྒྱལ་དང་ལྡན་པའི་དུས་སུ་དར་རས་ཤོག་བུ་གང་རུང་ལ༔ མཚལ་དང་གཙང་མའི་རཀྟ་གི་ཝང་ག་བུར་བྱིའུ་ནས་ཟན་གྱི་ཀླད་པ་ཁོ་ཤོག་འབྲུ་གུ་རྣམས་སྦྱར་ནས་མུ་ཁྱུད་རིམ་པར་བསྐོར༔ ལྟེ་བར་ཨཱཾཿདེའི་མཐའ་མར་ༀ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ ཆྒཻ་འམ་གང་འདོད་པཱ་ཤཾ་ཀུ་རུ་ཧོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ༀ་མ་ཧཱ་དེ་ཝ་ཧཱུྃ༔ དབང་ཕྱུག་ཆེན་པོ་ཧྲི་ཨེ་མཉྫུ་ཀུགྟ་ཀ་བྷི་ར་ཀོ་བྷི་ར་ཧཱུྃ་ཛ༔ ཆྒཻ་འམ་འགྲོ་བ་ཕོ་མོ་ཟས་ནོར་ལོངས་སྤྱོད་དབང་དུ་སྡུས་ཤིག་སྭཱ་ཧཱ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་ཀ་བྷི་ར་ཚང་བར་བྲི༔ རྩིབས་མཆན་ལ་མཉྫུ་ཀུགྟ་ཚང་མ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ཁྱོན་ཡངས་པ་ལ༔ ༀ་ཨཱཿཧཱུྃ་ཀ་བྷི་ར་ཀོ་བྷི་ར་ཧཱུཾ་ཛ༔ ཨེ་མཉྫུ་ཀུགྟ་ཧཱུྃ་ཛཿཨ་ཏྲི་ནྲི་ཧྲིཾ་ཧྲིཾ་ཛཿབྷ་སུ་པཱ་ཤཾ་ཀུ་རུ་ཨང་ཀུ་ཤ་ཛ་ཛཿༀ་ཨཱཿཧཱུཾ་ཀ་བྷི་ར་ཀོ་བྷི་ར་ཧཱུྃ་ཛཿཨེ་མཉྫུ་ཀུགྟ་ཧཱུྃ་ཛ༔ ཨ་ནྲི་ཏྲི་ཧྲིཾ་ཧྲིཾ་ཛཿཨ་ཀ5་ཡ་ཧཱུྃ་ཛ༔ བྷ་སུ་པཱ་ཤཾ་ཀུ་རུ་ཨང་ཀུ་ཤ་ཧྲིཾ་པཱ་ཤཾ་ཀུ་རུ་ཧཱུྃ་ཛཿཛ༔ ཟས་ནོར་ལོངས་སྤྱོད་དངོས་གྲུབ་གང་འདོད་ཀྱི་འདོད་གསོལ་བྱ༔

p. 198

དམིགས་བསལ་གྱི་འགྲོ་བ་ཕོ་མོ་ལ་འདི་བྲི༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཆྒཻ་མོ་རང་དབང་མེད་པར་ཁུག་ལ་ཤོག༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ དབྱངས་གསལ་རྟེན་འབྲེལ་སྙིང་པོ་འདོད་གསོལ་ཅན་བྲི༔ སྟེང་དུ་ཞལ་ཁེབས་ཀྱི་ཚུལ་དུ་གུ་རུ་སིདྡྷི་སོགས་རྩ་གསུམ་གྱི་སྔགས་རྣམ་འཇོམས་ཀྱི་གཟུངས་བྲི༔ རླུང་འཁོར་འདི་ཉིད་གནམ་བལྟ་ཡིག་མགོ་ནང་དུ་བསྟན༔ ས་བལྟ་ཡིག་མགོ་ཕྱིར་བསྟན༔ དེ་ལྟར་སྤྱིི་ཁྱབ་བཞིན་ཕོ་འཁོར་མོ་འཁོར་མང་དུ་བྲིས་ཏེ༔ རབ་བརྒྱ་རྩ་བརྒྱད༔ འབྲིང་ལྔ་བཅུ་རྩ་བརྒྱད༔ ཐ་མ་ཉེར་གཅིག༔ ཤིན་ཏུ་ཉུང་ནའང་བདུན་དགོས་སོ༔ དེ་ནས་འཁོར་ལོ་ལ་བགེགས་བསྐྲད༔ ཁྲུས་གསོལ༔ འཁོར་ལོ་ཡིག་འབྲུ་རྣམས་མགོན་པོ་དམར་པོ་བསྐྱེད་བསྟིམ་ཡང་ཡང་བྱ༔ བསྙེན་ཅིང་བསྒྲུབས་ནས་མཆོད་བསྟོད་ཚོགས་གཏོར་གཟབ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ནུབ་ཕྱོགས་སམ་རང་གི་ཁམས་དང་མཐུན་པའི་གནས་སུ་གཡས་བསྐོར་བྱ༔ འཁོར་ལོའི་སྟེང་དུ་གནོན་བྱེད་ཀྱི་ཐབས་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་དང་༔ གདུང་རིང་བསྲེལ་ལ་སོགས་པ་བཞུགས་སུ་གསོལ༔ འཁོར་ལོའི་གཤོག་པ་ལ་མྱུར་བྱེད་ཀྱི་ཐབས་མཁའ་འགྲོ་སྡེ་བཞིའི་སྐུ་དང་ས་བོན་འདོད་གསོལ་བྲི༔ འབེབས་བྱེད་ཀྱི་ཐབས་འཁོར་ལོའི་སྟེང་ཁེབ་ཀྱི་འོག་ཏུ་རིན་ཆེན་འབྲུ་སྨན་དར་ཟབ་སོགས་སྒྲོམ་བུར་གཞུག་སྟེེ་བཙུགས༔ སྒབ་འདྲེ་མནན་པའི་ཐབས་གཞུང་དུ་བཤད་པ་བཞིན་ཚུལ་དུ་བསྒྲུབས་ནས༔ འཁོར་ལོའི་འོག་ཏུ་དོང་བྲུས་ཏེ་མནན༔ བྱིན་རླབས་ཁ་གསོ་ཞིང་བསྐྱར་ཆོག་ཏུ་འགྱུར་བའི་ཕྱིར་བསྙེན་སྒྲུབ་ཀྱི་སྔགས་བཟླ་ཞིང་མཆོད་བསྟོད་དང་བསྐུལ་བ་རྣམས་བྱ༔ བར་ཆད་མི་འབྱུང་ཆུན་པའི་ཐབས་རྣམ་འཇོམས་བཟླའོ༔ དེ་ལྟ་བུའི་འཁོར་ལོ་འདི་ནི་

p. 199

སྟོབས་ལྡན་རླུང་གི་༔ འཁོར་ལོའི་ཕྲིན་ལས་མྱུར་མགྱོགས་ཞེས་བྱ་སྟེ་དངོས་གྲུབ་ཆར་ལྟར་འབེབས་ཤིང་གང་འདོད་ཡིད་བཞིན་དུ་འགྲུབ་བོ༔ ཤིན་ཏུ་ཟབ་ཕྱིར་རབ་ཏུགསང་བར་བྱའོ༔ གུ་རུ་ཨོ་རྒྱན་ཆེན་པོའི་མན་ངག་ལ༔ གནད་ལ་གནད་དུ་སྤྲོད་དེ་ལས་རབ་རྩལ་བདག་གིས་གསལ་བར་བཀོད་པ་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་འཁུ་ལྡོག་གནོན་ཐབས།

p. 200
p. 201

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ འཁུ་ལྡོག་གནོན་ཐབས་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་བནྡྷེ་བུ་ཆུང་ལྷ་སྔགས་ཏིང་འཛིན་མ་འབྱོངས་པ་དང་༔ ཡི་དམ་སྔགས་ལ་ནུས་པ་མ་ཐེམས་པས་ཁམས་གསུམ་གྱི་ཆེ་བཙན་ལས་ལ་བཀོལ་པས་འཁུ་ལྡོག་བྱུང་བའམ༔ གཞན་ཡང་རྣལ་འབྱོར་པ་དག་གིས་འདི་ཉིད་སྒྲུབ་པའི་ཚེ་འཁུ་ཞིང་ལྡོག་པའི་རྟགས་བྱུང་ན༔ སྐབས་སུ་སྔགས་འདི་བརྒྱའམ་ཉེར་གཅིག་བཟླས་པས་འཁུ་ལྡོག་མི་འབྱུང་ངོ་༔ རང་བདེ་མཆོག་ཡབ་ཡུམ་མམ༔ རྟ་མགྲིན་དུ་གསལ་བའི་བསྐྱེད་རིམ་དང་ངའོ་སྙམ་པའི་ང་རྒྱལ་བརྟན་པོས༔ ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ སུ་ཏྲི་པཱ་ཤ་ནི་ས་མ་ཡ༔ ཏྲི་བཛྲ་ཏྲི་བཛྲ་ཏྲི་བཛྲ༔ མ་ཐ་མ་ཐ་མ་ཐ༔ མ་ཧཱ་དེ་ཝ་ཨུ་མ་དེ་ཝི་ཧུར་ཐུམ༔ བཛྲ་ཨང་ཀུ་ཤ་ཛཿཛ༔ དམ་ཚིག་ལ་འདུས་འདུས༔ འདའ་དཀའ་འདའ་དཀའ་འདའ་དཀའ༔ ཞེས་བཟླས་པས་འཁུ་ལྡོག་ཞི་བར་འགྱུར་རོ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་ཐམས་ཅད་ལ་མེད་དུ་མི་རུང་བའི་ཟབ་གནད་ཡང་དག་པའོ༔ ཤིན་ཏུ་སྦས་པའི་ལྐོག་ཡིག་གལ་པོ་ཆེ་ཨོ་རྒྱན་སངས་རྒྱས་གཉིས་པའི་ཡིག་ཆ་ལས་བྱུང་བ་བཞིན་ལས་རབ་རྩལ་བདག་གིས་གསལ་བར་བཀོད་པ་སྦས་རྒྱ༔ ཡི་གེ་པ་ནི་བསོོད་ནམས་ཆོས་བཟང་ངོ་༔ སརྦ་མངྒ་ལཾ༔

མགོན་པོ་དམར་པོ་དབང་ཕྱུག་རླུང་གི་ཞགས་པ་ལས་ཤྭ་འུད་སྒྱུར་བའི་མན་ངག

p. 202

༈ མགོན་པོ་དམར་པོ་དབང་ཕྱུག་རླུང་གི་ཞགས་པ་ལས༔ ཤྭ་འུད་སྒྱུར་བའི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་གི་མན་ངག་ཤྭ་འུད་སྒྱུར་པ་ནི་ཤིང་སྐྱེར་བ་སེ་བ་སྐྱི་བ་གསུམ་བུད་མེད་ཀྱི་དོར་མའི་གཞོབ་ཐལ་གོ་སའི་ཐལ་བ་དེ་རྣམས་འཇིམ་པ་ལ་བསྲེས་ལ་སྲིད་མེས་ཀྱི་གཟུགས་འཆོས་དོད་པར་བཅོས་ལ་མཚལ་གྱིས་དམར་པོ་བྱ༔ དེའི་ཁོག་པར་སྲན་དཀར་ལ་སྔགས་འདི་བཏབ༔ ༀ་དྷ་ན་དུ་དྷྲི་དྷྲི་བྷྱོ༔ པྲ་མ་དུན་ཏི་ཧྲཱི་བྷྱོ༔ སྐྱེར་པའི་བྱང་བུ་ལ་ཡི་གེ་དབུ་ཅན་གྱི༔ ཨེ་རྒྱ་པ་ར་ཧ་ན་བཟློག༔ སྐྱ་ཐོར་ལ་བྷྱོ༔ ཡི་གེ་དབུ་ཅན་བྲིས་ལ་སྲིད་མེས་ཀྱི་ནང་གཞུག་བྱ༔ མིས་མི་མཐོང་བར་ཤྭ་འུད་འོང་བའི་ཕྱོགས་སུ་བསྟན་ལ་སྦའོ༔ དེ་ལས་ཤྭ་འུད་སྒྱུར་བར་ཐེ་ཚོམ་མེད༔ འདི་ཡང་མན་ངག་ཡིག་ཆུང་ཡིན༔ དཔའ་བོ་ལས་རབ་རྩལ་གྱིས་བྲིས༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་ཕན་བྱེད་ཀྱི་མན་ངག

p. 203

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ ཕན་བྱེད་ཀྱི་མན་ངག་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་ཆེན་པོའི་ཕན་བྱེད་ཀྱི་གདམས་ངག༔ ལུག་ནག་པོའི་སོག་བལ་ལ་སྲུང་སྐུད་མདུད་པ་ཉེར་གཅིག་བྱ། ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་སྔོན་པོ་གཡས་ཌཱ་མ་རུ་དང་གཡོན་ཁ་ཾ་བཟུང་བ་ཉེར་གཅིག་བསྐྱེད༔ རང་དེ་ལྟ་བུ་ཞིག་བསྐྱེད༔ མདུད་པ་རེ་ལ་སྔགས་བརྒྱ་རེ་འདེབས༔ ༀ་ཨ་ཏི་ནག་པོ་ནན༔ དུར་ཏི་ནག་པོ་སོད༔ ཅེས་བཟླས་ལ༔ བཞོ་མ་བཏུབ་ན་རྭ་ལ་འདོགས༔ འོ་མ་མ་སྟེར་ན་རྣ་བ་གཡོན༔ འཁྲབ་ན་མཇུག་མ་ལ༔ ཞོ་ཉེས་ན་ཟོ་བ༔ ཆང་ཉེས་ན་ཆང་སྣོད༔ ཐིག་ལེ་འཛག་ན་སྐེད་པ་ལ༔ བྱིས་པ་མཚན་མོ་ངུ་ན་སྐེད་པ་ལ༔ འཁྲུ་ན་རྐང་པ་ལ་བཏག་གོོ༔ གྲང་བ་ལ་མར་ལ་བསྔགས་ནས་སྐེད་པ་ལ་བྱུག་གོ༔ ཞེས་དབང་ཕྱུག་ཆེན་པོའི་མན་ངག་ལས་ཕྲན་ལས་རབ་རྩལ་གྱིས་མཆན་དུ་བཏབ་པའོ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་ཡི་དྭགས་སྒབ་འདྲེ་ཁ་བཅིང་།

p. 204

༈ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ ཡི་དྭགས་སྒབ་འདྲེ་ཁ་བཅིང་བཞུགས༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ སྤྱིར་ནོར་སྒྲུབ་ཀྱི་རིགས་མཐའ་དག་དང་༔ ཁྱད་པར་མ་ཧཱ་དེ་ཝ་སྒྲུབ་པའི་རྣལ་འབྱོར་པ་ལ་མེད་དུ་མི་རུང་བའི་ཡིག་སྣ་ཁྱད་པར་ཅན་འདི་ཁོ་ནའོ༔ དེ་ཡང་ཟས་ནོར་གང་བསྒྲུབས་ཀྱང་ཡི་དྭགས་སྒབ་འདྲེ་ཁ་བཅིང་བ་ནི༔ ནོར་སྒྲུབ་སྔགས་ཤམ་ལ་
འདི་བཏགས་ལ་བཟླའོ༔ ཏྲི་མཱ་ར་ཡ་ཐུམ་རིལ་རྦད་ཡ༔ རུ་ལུ་རུ་ལུ༔ མ་མ་ནི་མུཾ་རྦད༔ བཛྲ་ཡཀྴ་ཏྲི་ཐུཾ་རིལ་རྦད༔ ཧུ་ལིང་བཛྲ་ནཱ་ག་རཱ་ཛ༔ ནཱ་གུ་ཧུ༔ ཏྲི་ཐུཾ་རིལ༔ གནོད་བྱེད་ཁ་ཐཾ་ཁ་ཐཾ༔ མཆུ་ཆིངས་མཆུ་ཆིངས་རྦད་སོད༔ ཅེས་བཟླས་པས་ཟ་འདྲེ་རྣམས་གནོད་མི་སྲིད་དོ༔ ཟས་ནོར་ལ་ཡི་དྭགས་དང་སྒབ་འདྲེས་གནོད་པ་དང་༔ ཀ་ཅའི་རྗེས་ལ་དཀོར་བདག་ངན་པ་འཁྲི་བ་ཐམས་ཅད་ལ་འདི་ཉིད་ཟབ་ཅིང་༔ དེ་ཡང་གནོད་ཚབས་ཆེ་ན་འབུམ་མམ་ཁྲི་བཟླ༔ གནོད་ཚབས་འབྲིང་ན་ཁྲིའམ་སྟོང་བཟླ༔ གནོད་ཚབས་ཆུང་ན་སྟོང་ངམ་བརྒྱ་བཟླ༔ རྒྱུན་དུ་ཡི་དམ་དྲག་པོའི་སྔགས་ཤམ་དུ་བཏགས་ནས་ཉེར་གཅིག་ཆག་མེད་བྱས་ན་སྲིས་རྐུན་ཟ་འདྲེ་གོད་ཀའི་གནོད་པ་ལས་རྒྱལ་ལོ༔ གུ་གུལ་དང་ཐུན་རྫས་ལ་བསྔགས་ནས་ཡོ་བྱད་འདྲེ་ཅན་ལ་བདུག་བྲབས་བྱས་ན་བགེགས་རིང་དུ་འབྲོས་པར་འགྱུར་རོ༔ ནོར་ལྷ་སྤྱི་ཆིངས་ཀྱི་གོད་འདྲེ་བར་ཆད་ཐམས་ཅད་ཁ་བཅིང་བའི་དྲག་སྔགས་ཨོ་རྒྱན་ཆེན་པོའི་མན་ངག་མགོན་པོ་དབང་ཕྱུག་དམར་པོའི་ཆ་ལག་ཏུ་ལས་རབ་རྩལ་གྱིས་གདམས་པའོ༔ བསོད་ནམས་ཆོས་བཟང་ཡི་གེ་པའོ༔

མགོན་པོ་དམར་པོ་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས་ཀླུ་ཡི་གནོད་གདུག་སྲུང་ཐབས།

p. 205

࿅༔ མགོན་པོ་དམར་པོ་རླུང་གི་ཞགས་པ་ནོར་བུ་བསམ་འཕེལ་ལས༔ ཀླུ་ཡི་གནོད་གདུག་སྲུང་ཐབས་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ མ་ཧཱ་དེ་ཝའི་ལས་མཐའ་ཡིག་ཆུང་༔ ནཱ་ག་ཀླུ་ཡི་གནོད་གདུག་སྲུང་ཐབས་ནི༔ ཁ་རླངས་ཀྱི་དུག་འཇོམས་པ་ལ༔ ཕག་རྒོད་ཀྱི་མཆེ་བ༔ རེག་དུག་འཇོམས་པ་ལ་གཟུགས་མོའི་བྱི་ཐུར༔ བསམ་དུག་འཇོམས་པ་ལ་རྟེན་འབྲེལ་སྙིང་པོ་གསེར་གྱིས་བྲིས༔ ཚེར་དུག་འཇོམས་པ་ལ་གླ་བའི་མཆེ་བ༔ མཐོང་དུག་འཇོམས་པ་ལ་རྨ་བྱའི་མདོངས༔ དེ་ལྔ་བསྡེབས་ཏེ་ལུས་ཀྱི་རྔུལ་དང་མ་བྲལ་བར་བཅིངས་ན་ཀླུའི་གནོད་དུག་ཐམས་ཅད་སྲུང་༔ ཕན་བྱའི་མན་ངག་ལས་རབ་རྩལ་གྱིས་གདམས་པའོ༔ མངྒ་ལཾ༔

p. 206

༈ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ སྒབ་འདྲེ་དམ་སྲི་སྡེ་བཞི་མནན་ཐབས་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ ད་ནི་དབང་ཕྱུག་ཆེན་པོའི་སྒབ་འདྲེ་དམ་སྲི་སྡེ་བཞི་མནན་ཐབས་བསྟན་ཏེ༔ བར་ཆད་སྒབ་འདྲེ་འདི་མ་མནན་ན་དངོས་གྲུབ་མི་ཐོབ་ཅིང་བཀྲ་མི་ཤིས༔ བར་ཆད་སྣ་ཚོགས་བྱེད་པར་འགྱུར་རོ༔ དེ་ཡི་མནན་ཐབས་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་གསུངས་པ་བཞིན་བྱ་སྟེ༔ དུག་ཤོག་ལ་དུག་ཁྲག་གིས་མི་ཡི་བླ་རྐུན་བྱིས་པའི་གཟུགས༔ འཕུང་འདྲེ་བསེ་རག་རི་བོང་མགོ༔ ཟས་ལ་གནོད་བྱེད་བསེན་མོའི་གཟུགས༔ ནོར་ལ་གནོད་བྱེད་དོམ་གྱི་མགོ༔ འདི་བཞིའི་གཟུགས་བཞི་ཕྱོགས་བཞི་ལ་བྲིས༔ མགོ་བཞི་ནང་དུ་འོང་བར་བྱ༔ ཡན་ལག་རྣམས་ལྕགས་སྒྲོག་གིས་བསྡམ༔ གཡོ་འགུལ་མེད་པར་བཅིངས་པར་བསམ༔ དབུས་སུ་རྡོ་རྗེ་རྒྱ་གྲམ་བྲི༔ གསེར་རྡོར་རྒྱ་གྲམ་འཁོར་བས་དེ་རྣམས་ཐར་དུ་མེད་པར་བསམ༔ རྒྱ་གྲམ་སྟེང་དུ་མ་རེག་ཙམ་དབང་ཕྱུག་ཡབ་ཡུམ་རིགས་བཞིའི་ཌཱཀྐི་བཅས་བཞུགས་པར་བསམ་ལ་སྔགས་འདི་བཟླ༔ ༀ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མ་དེ་ཝི་ཧྲཱིཿམི་ལ་ཀུ་རུ༔ བསེ་རག་ཤན་ཏྲི༔ གོད་འདྲེ་ཙཀྲ༔ བསེན་མོ་རུ་ཏྲི༔ ཀ་ཡ་ཤ་ཏྲི༔ གནོད་བྱེད་ནན་ནན་ཀུ་རུ་ཡེ་སྭཱ་ཧཱ༔ རང་རང་སྙིང་གར་ཏྲི་ཛཿཡིག་མཐར་སྲོག་སྔགས་ཁུག་ཛ༔ བཏགས་ལ་བསྐོར༔ གཟུགས་ཀྱི་ཐ་མར་མི་ལ་ཀུ་རུ་སོགས་སྔགས་ཀྱིས་བསྐོར༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས་དགུག་༔

p. 207

གཞུག་དྲག་ཏུ་བྱ༔ སྔགས་ལ་ནན་ཏན་དུ་འབད༔ ཞག་གསུམ་སྒྲུབ་བམ༔ ཡང་ན་རྟགས་དང་བསྟུན་ནས་ཐུབ་རྟགས་བྱུང་ན་མནན་པར་བྱ༔ མནན་ལིང་དེ་འདྲ་བ་ཚར་བཞི་བྱས་ཏེ༔ གཅིག་རང་གི་ཞབས་སུ་མནན༔ གཅིག་སྒོ་ཐེམ་གྱི་ཞབས་སུ་མནན༔ གཅིག་ལམ་རྒྱ་གྲམ་དུ་མནན༔ གཅིག་ཟམ་པའི་ཞབས་སུ་མནན༔ སྣོད་ནི་ར་རུ་དག་ལ་བྱ༔ ཡང་ན་རི་བོང་ཐོད་པར་གཞུག༔ ཕྱིས་ཀྱང་ཉི་ཐལ་ལ་སྔགས་བརྒྱ་རེ་བཟླ༔ དེའི་རྗེས་དང་མནན་པའི་དུས་སུ༔ བདག་གི་ཚེ་དང་བསོད་ནམས་ཁ་རྗེ་དབང་ཐང་དཔལ་དང་འབྱོར་པ་བཀྲག་དང་གཟི་མདངས་ཟས་ནོར་ལོངས་སྤྱོད་གྲགས་པ་དང་སྙན་པ་ཁམས་གསུམ་དབང་དུ་སྡུད་པ་ལ་བར་ཆད་བྱེད་པའི་སྒབ་འདྲེ་བསེ་རག་ཕོ་མོ་ཐམས་ཅད་ནན་ནན༔ ཞེས་བརྗོད་བསྐལ་པ་སྟོང་དུ་མི་ཐར་བར་བསམ་མོ༔ དེས་ནི་བཀྲ་ཤིས་ཤིང་དངོས་གྲུབ་མྱུར༔ འདྲེ་གདོན་མ་ལུས་པ་ཞི་བར་འགྱུར༔ བར་ཆད་གང་ཡང་མི་ལྡང་ངོ་༔ འདི་ཡང་མན་ངག་གནད་གཅིག་ཡིན༔ གཞན་ལ་མི་བསྟན་དམ་པར་བྱ༔ གབ་གསང་སྦས་པ་ཡང་དག་པ་བརྒྱུད་འཛིན་བྱུང་ན་སྟེར་བར་བྱའོ༔ སྔགས་པ་སྒབ་མི་དྲོ་བ་དང་༔ སྨན་པ་ཕན་ཐོགས་ཆུང་བ་དང་༔ སྡུད་བྱ་ཟ་བསོད་ཆུང་བ་དང་༔ ཁྱིམ་དུ་སྲིད་མི་ཆགས་ཤིང་ཟས་ནོར་དང་རྟ་ཕྱུགས་ལ་གོད་བརླག་ཡེ་འདྲོག་མང་བ་དང་༔ གཞན་ཡང་ཉེས་བརྗོད་དང་ཁ་སྨྲས་མང་བ་ཐམས་ཅད་ལ་མནན་པ་འདི་ནན་ཏན་དུ་བྱ་བ་གལ་ཆེ་ཞིང་༔ བཞི་མནན་མ་ཐུབ་ཀྱང་ཐེམ་འོག་ཏུ་མནན་པས་ཀྱང་གྲུབ་པོ༔ དེས་ནི་བར་ཆད་ཐམས་ཅད་འཇོམས་པར་འགྱུར་རོ༔ མན་ངག་

p. 208

གནད་ཀྱི་ཡི་གེ་ལས་རབ་བརྩལ་གྱིས་བཀོད་པ་འདིས་བདུད་དཔུང་ཐམས་ཅད་འཇོམས་པར་གྱུར་ཅིག༔ ༈ ཡང་འདྲ་ཙམ་མི་འདྲ་ཙམ་གྱིས་ཁྱད་ཞུགས་པ་འདི་ཡང་གནོན་དགོས་ཏེ༔ མ་མནན་ན་བར་ཆད་གནོད་བྱེད་ཀྱིས་དངོས་གྲུབ་མི་ཐོབ་ཅིང་བཀྲ་མི་ཤིས་པར་འགྱུར་རོ༔ དུག་ཤོག་ལ་དུག་ཁྲག་གིས་ལིང་ག་བྲིས་ཏེ༔ མི་ལ་བླ་རྐུན་བྱི་བའི་གཟུགས༔ འཕུང་འདྲེ་བསེ་རག་རི་བོང་མགོ༔ གོད་འདྲེ་གནོད་བྱེད་བྱ་ཡི་མགོ༔ ཟས་ལ་གནོད་བྱེད་སྲེ་མོང་མགོ༔ འདི་བཞི་མགོ་བསྣོལ་སྔགས་ཀྱིས་བསྐོར༔ ༀ་མི་ལ་ཀུ་རུ་བསེ་རག་ཤནྟ༔ གོད་འདྲེ་ཙིནྡྷ༔ བསེན་མོ་རུ་ཏྲི༔ ཀ་ལ་ཤན་ཏྲ༔ གནོད་བྱེད་འབྱུང་པོ་ནན༔ ཞེས་ལིང་གའི་སྲོག་ཡིག་ཏྲི་བྱ༔ མཐའ་ལ་སྔགས་དང་དམོད་པ་དང་ཛ་ཁྲམ་གྱིས་བསྐོར༔ ཡི་དམ་དྲག་པོ་གང་རུང་ངམ༔ ཁྱད་པར་དུ་ཕྲིན་ལས་ཀྱི་ལྷ་ཡཀྴ་མེ་དབལ་གྱི་སྒོ་ནས་གནད་ལ་དབབ་ཅིང་གཟིར༔ དགུག་གཞུག་ནན་དུ་བྱ༔ རྭ་རུའམ་རི་བོང་གི་ཐོད་པར་གཞུག༔ མི་ལ་ཀུ་རུའི་སྔགས་ཀྱིས་སྒྲུབ་ཅིང་ཐུན་གྱིས་བྲབ༔ ཞག་སུམ་སོང་ནས་སྒོ་ཐེམ་འོག་ཏུ་མནན༔ བསྐལ་པ་སྟོང་དུ་མི་ལྡང་བར་བསམ༔ ཕྱིས་ཀྱང་བརྒྱ་རེ་བརྒྱ་རེ་བཟླ༔ བཀྲ་ཤིས་དོན་འགྲུབ་བསམ་པ་འཕེལ༔ གོད་འདྲེ་གནོད་བྱེད་ཐམས་ཅད་ཞི་བར་འགྱུར་རོ༔ འདི་ཡང་མན་ངག་རྩ་བ་ཡིན་པས་གཞན་ལ་མི་བསྟན་ཅིང་དམ་དུ་སྦོས་ཤིག༔ ཁྲག་འཐུང་ལས་རབ་རྩལ་གྱིས་བཀོད་པ་ཛ་ཡནྟུ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས་སྒབ་འདྲེ་མི་ཁ་མནན་ཐབས།

p. 209

࿅༔ མགོན་པོ་དམར་པོ་དབང་གི་ཕྲིན་ལས་དབང་ཕྱུག་རླུང་ཞགས་ནོར་བུ་བསམ་འཕེལ་ལས༔ སྒབ་འདྲེ་མི་ཁ་མནན་ཐབས་བཞུགས་སོ༔ དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དབང་ཕྱུག་རླུང་ཞགས་ཀྱི་སྒབ་འདྲེ་མནན་པའི་ཐབས་ལ༔ རྫས་ནི༔ ཞུ་མཁན༔ གཙོད་རྒྱ་སྐྱེགས་བྲ་བོ་ཉུང་ལོ་སྒོག་སྐྱ༔ མེ་ལོང་དུམ་བུ། རུས་པ་ལ་ཕུག་སྐམ་པོ་རམ་བུ་གོ་གསུམ་ཐལ་བ་འབུ་ལྐོག་སྐམ་པོ༔ རྫས་རྣམས་བསགས་ལ་སྔགས་ཚར་གསུམ་བཏབ་ལ༔ རེ་ནག་གི་སྒྱེའུར་བཅུག༔ ཁམ་བུའི་བྱང་བུ་ལ་སྔགས་འདི་ཚར་དགུ་བྲིས་ཏེ་གྲིས་བཞར་ནས་སྒྱེའུར་བླུགས༔ བྷྱོ་བྱུར་དེད་དགྲ་ལ་མི་ཁ་བསྒྱུར༔ མཱ་ར་ཡ་ཧུར་ཐུམ་རྦད་རྦད༔ དྲིལ་དྲིལ༔ ཐུམ་ཐུམ༔ ཤིག་ཤིག༔ བྷྱོ་བྷྱོ༔ བཟློག་བཟློག༔ བརྒྱའི་མི་ཁ་བཟློག༔ སྟོང་གི་བྲ་མཆུ་བཟློག༔ གོད་འདྲེ་མཱ་ར་ཡ་ནན༔ ཞེས་ལིང་ག་ཆེན་པོ་ཞིག་གི་རྒྱབ་ཏུ་མཆོད་རྟེན་བང་རིམ་དགུ་པ༔ ལིང་གའི་མགོ་དང་མཆོད་རྟེན་གྱི་ཤམ་སྦྱར་ཏེ་བྲི༔ བང་རིམ་དང་པོ་ལ༔ མཁའ་ལ་རྒྱུ་བའི་མི་ཁ་ནན༔ གཉིས་པ་ལ༔ ས་ལ་རྒྱུ་བའི་མི་ཁ་ནན༔ གསུམ་པ་ལ༔ བར་སྣང་ལ་རྒྱུ་བའི་མི་ཁ་ནན༔ བཞི་པ་ལ༔ མེ་ལྟར་འབར་བའི་མི་ཁ་ནན༔ ལྔ་པ་ལ༔ ཆུ་ལྟར་འབྲུབ་པའི་མི་ཁ་ནན༔ དྲུག་པ་ལ༔ སྐྱེ་བོའི་མདའ་གྲལ་དུ་གླེང་བའི་མི་ཁ་ནན༔ བདུན་པ་ལ༔ བུད་མེད་ཀྱི་འཕང་གྲལ་དུ་

p. 210

གླེང་བའི་མི་ཁ་ནན༔ ཞེས་བྲིའོ༔ ལིང་གའི་ཐ་མར་སྔགས་ཕྲེང་གིས་བསྐོར༔ སྤྱི་བོར་ཧཱུྃ་ནན༔ མགྲིན་པར་ལཾ་ནན༔ སྙིང་གར་ནྲི་ཏྲི་ནན༔ ལྟེ་བར་ཛཿནན༔ འདོམས་སུ་མི་ཁ་མཱ་ར་ཡ་ནན༔ དཔུང་པ་གཡས་ལ་སྟྭཾ་བྷ་ཡ་ནན༔ གཡོན་ལ་འབྱུང་བཞི་ཚེ་ནན༔ ཡན་ལག་ལྷུ་བཞི་ལ་ཛཿཛཿབྲིའོ༔ འབྲུ་ནག་གི་གཏོར་མ་ཟུར་གསུམ་པ་ཞིག་ལོགས་གཉིས་ནག་པོ་བྱ༔ གཅིག་དམར་པོ་བྱ༔ སྒྱེའུའི་མར་ཞབས་སུ་བཞག་ལ་རྡོག་པས་མཉེའོ༔ ཞག་གསུམ་བསྒྲུབས་ལ་མར་ངོའི་གཟའ་རྒྱུ་ཕྱོགས་ཀྱི་ལམ་དུདོང་གྲུ་གསུམ་བྲུས་ལ་མནན་ནོ༔ རྡོ་རྗེ་རྒྱ་གྲམ་གྱིས་ཁ་གཅད་དོ༔ རང་ཡི་དམ་དུ་བསྒོམས་ལ་བྲོ་ལན་གསུམ་བརྡུང་ངོ་༔ ཟབ༔ ཞལ་ཤེས་ནི་བདེན་སྟོབས་བརྗོད་ཅིང་དགུག་གཞུག་དྲག་ཏུ་བྱ༔ དྲག་སྔགས་དམོད་བཅོལ་ཐུན་གྱིས་བྲབ༔ སྒྲུབ་ཞག་རྫོགས་ནས་ཡི་དམ་གྱི་བསྐུལ་བ་དྲག་ཏུ་གཏོང་ཞིང་གཏོར་མ་སྒྱེའུ་ལིང་ག་དང་བཅས་པར་རྡེག༔ གདམས་པ་འདི་ནི་ཤིན་ཏུ་གནད་ཆེ་སྟེ༔ བཟང་པོར་གྲགས་པ་ཡེ་མངའི་མི་ཁ་དང་༔ ངན་འདོན་བཏགས་སྐུར་ལྷན་སྦྱོར་གྱི་མི་ཁ་དང་༔ བཟང་བྱས་ངན་དུ་མཐོང་བའི་མི་ཁ་དང་༔ མི་ཡི་ཁྱུ་ནས་བུད་པའི་མི་ཁ་དང་༔ མི་ཁ་དང་གཏམ་ངན་གྱི་གླེང་བརྗོད་དང་༔ བརྒྱ་ཁ་མང་དང་སྟོང་མིག་མང་གིས་བརྗོད་པ་དང་༔ གླེང་བ་དང་༔ བྱུར་དང་ཁ་མཆུ་ཟུག་པ་ཐམས་ཅད་ནོན་པར་འགྱུར་རོ༔ དེའི་ཕྱིར་རྣལ་འབྱོར་པ་དང་༔ སྐྱེ་བོ་ཕལ་པ་ལའང་མི་ཁ་གནོན་པ་གནད་ཆེ་ཞིང་༔ ཁྱད་པར་དུ་མགོན་པོ་དབང་ཕྱུག་དམར་པོ་དབང་གི་ཕྲིན་ལས་སུ་བསྒྲུབ་པ་ལ་མེད་དུ་མི་རུང་བའི་ཆ་ལག་གོ༔ ཞེས་གུ་རུ་ཨོ་རྒྱན་ཆེན་པོའི་མན་ངག་ལས་རབ་རྩལ་གྱིས་བཀོད་པའོ༔ ཕྱི་རབས་འགྲོ་ལ་ཕན་ཐོགས་ཤོག༔

ལྷ་ཆེན་པོའི་སྒྲུབ་ཐབས་རླུང་ཞགས་སྐྱེ་འགྲོ་འགུགས་པའི་ཞགས་པ།

p. 211

࿅༔ ལྷ་ཆེན་པོའི་སྒྲུབ་ཐབས་རླུང་ཞགས་སྐྱེ་འགྲོ་འགུགས་པའི་ཞགས་པ་ཞེས་བྱ་བ་བཞུགས་སོ༔

p. 212

དབང་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་ཀུན་ལས་ཆེས་ཟབ་པ༔ རྒྱ་གར་མཁས་པ་པད་འབྱུང་ལུགས༔ མང་དུ་ཐོས་པའི་སྙིང་པོའི་བཅུད༔ དབང་ཆེན་བཀའ་བབ་ལས་རབ་ཀྱིས༔ སེམས་ཅན་དོན་དུ་བཞག་པ་ཡིན༔ ཀུན་དང་ཐུན་མོང་མ་ཡིན་པས༔ ཤིན་ཏུ་གསང་བའི་དམ་ཚིག་ཡིན༔ དགོས་འདོད་འབྱུང་བའི་ནོར་བུ་འདྲ༔ སྒྲུབ་ཐབས་ཀུན་ལས་འདི་ཉིད་མྱུར༔ མན་ངག་ཀུན་གྱི་སྙིང་ཐིག་ཡིན༔ ས་མ་ཡ༔ ད་ནི་སྙིགས་མའི་སྙིགས་མར་ཐུག༔ མི་ནག་དྲེགས་པ་སྟོབས་ཆེན་གྱིས༔ ཆོས་བྱེད་བྲན་དུ་འཁོལ་བའི་དུས༔ རྣལ་འབྱོར་དམ་ལྡན་རྒྱབ་རྟེན་དུས༔ ཕ་རོལ་སྟོབས་འཕྲོག་ལས་འདི་དགོས༔ གཞན་ཡང་བན་དེ་བུ་ཆུང་གིས༔ སྒྲུབ་པའི་མཐུན་རྐྱེན་དམན་པའི་དུས༔ འདི་བགྱིས་ཡིད་བཞིན་ནོར་བུ་འདྲ༔ གཞན་ཡང་སྐྱེ་འགྲོའི་ཚེ་བསོད་བྲི༔ ལོངས་སྤྱོད་འབྱོར་པ་དཀོན་པའི་དུས༔ འདི་ནི་དཔག་

p. 213

བསམ་ལྗོན་ཤིང་འདྲ༔ དགོས་འདོད་ཐམས་ཅད་འདི་ལས་འབྱུང་༔ དངོས་གྲུབ་དྲོད་རྟགས་ཐོན་པ་ཡིན༔ བཤེས་གཉེན་སྐྱེས་བུ་དམ་པ་ཡིས༔ བསྟན་དང་འགྲོ་དོན་བརྩམ་པའི་དུས༔ སྐྱེ་འགྲོ་ལས་ངན་དབང་ཆེ་བས༔ ཉན་ཅིང་འདུད་པ་ཤིན་ཏུ་དཀའ༔ དེ་དུས་ལྷ་སྔགས་འདི་ལ་འབུངས༔ སངས་རྒྱས་བསྟན་དང་འགྲོ་དོན་འགྲུབ༔ འདི་ཉིད་ཤིན་ཏུ་མ་གསང་ན༔ བན་དེ་སྔགས་པ་ཟོལ་ཅན་དེས༔ སྐྱེ་འགྲོ་འགུགས་སྔགས་ཀྱིས་བཀུག་ནས༔ ལོག་པའི་ལམ་ལ་སྦྱོར་ཞེས་ནི༔ སྐྱེ་འགྲོ་དུག་ལྔས་རྒྱགས་པས་བསྒྲག༔ གཏམ་ངན་མི་ཁ་དེ་ཡིས་ནི༔ ལས་ཅན་ཕྲིན་ལས་ཉམས་པར་འགྱུར༔ དེ་ཕྱིར་བུ་ལའང་རབ་ཏུ་གསང་༔ ས་མ་ཡ༔ ཇི་ལྟར་བསྒྲུབ་པའི་རིམ་པ་ནི༔ དབེན་ཞེང་མེ་ཏོག་དམར་པོའི་ཚལ༔ ས་མདོག་དམར་ཞིང་ནུབ་ཏུ་ཕྱོགས༔ འཚེ་བ་མེད་པའི་གནས་སུ་བསྒྲུབ༔ སྐྱབས་སུ་འགྲོ་དང་སེམས་བསྐྱེད་པས༔ ཐམས་ཅད་འགུགས་པའི་ཕྱག་རྒྱ་ནི༔ མ་ཧཱ་

p. 214

དྷེ་ཝ་འདི་ལྟར་བསྒོམ༔ ཕོ་བྲང་ཟླ་གམ་སྒོ་གཅིག་པ༔ དམར་པོ་འོད་དམར་འཁྲུགས་པའི་དབུས༔ རླུང་དཀྱིལ་ཉི་ཟླའི་གའུའི་སྟེང་༔ བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ སྐུ་མདོག་དམར་པོ་གཟི་བརྗིད་འབར༔ ཞལ་ནི་ཁྲོ་ཆགས་ཞི་འཛུམ་ཉམས༔ སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས༔ རལ་པ་སྣུམ་པོ་གྱེན་དུ་བརྫེས༔ དེ་ལ་ཟླ་བ་ཚེས་པས་བརྒྱན༔ རྒྱགས་པའི་ཉམས་ལྡན་དཔའ་བོ་ཆེ༔ ཕྱག་གཡས་འགུགས་བྱེད་ལྕགས་ཀྱུ་བསྣམས༔ ཕྱག་གཡོན་འཆིང་བྱེད་ཞགས་པ་ཐོགས༔ རིན་པོ་ཆེ་ཡི་རྩེ་ཕྲན་དང་༔ མགུལ་རྒྱན་དོ་ཤལ་གདུ་བུ་ཅན༔ རླུང་གི་དཀྱིལ་འཁོར་དབུས་ན་བཞུགས༔ ཞལ་ནས་ཧྲིཾ་ཧྲིཾ་ཛ་ཛ་སྒྲོག༔ ཡུམ་ཆེན་ཆགས་ལྡན་ཨུ་མ་དེ༔ དམར་པོ་ལྕགས་ཀྱུ་ཞགས་པ་འཛིན༔ ལང་ཚོ་རབ་རྒྱས་བཞད་ཉམས་ལྡན༔ དབུ་སྐྲ་ཐོད་ཕྲེང་རྩེ་ཕྲན་མཛེས༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་པར༔ རླུང་གི་ད་ལ་འཁྲུགས་པའི་དབུས༔ རང་མདངས་ལས་བྱེད་མཁའ་འགྲོ་བཞི༔ ཀུན་ཀྱང་དམར་པོ་ཁྲོ་ཆགས་ཉམས༔ གཅེར་བུ་ལྕགས་ཀྱུ་ཞགས་པ་འཛིན༔ བརྟན་གཡོ་སྣང་སྲིད་འགུགས་

p. 215

པར་བྱེད༔ བདག་ཉིད་ལྷ་ཡི་ང་རྒྱལ་དང་༔ གསལ་སྣང་དག་དང་མ་བྲལ་བྱ༔ ལྷ་བསྐྱེད་བསྟན་པའི་མནྟྲའོ༔ ས་མ་ཡ༔ དེ་ནས་འགུགས་བྱེད་དམིགས་པ་ནི༔ གཙོ་འཁོར་རྣམས་ལས་རང་འདྲ་བའི༔ སྤྲུལ་པ་ཡང་སྤྲུལ་གནམ་ས་ཁྱབ༔ ལྷ་འདྲེ་མི་གསུམ་མཐུ་ཆེན་ཀུན༔ ཟས་ནོར་ལོངས་སྤྱོད་གང་དང་གང་༔ མཆོག་དང་ཐུན་མོང་དངོས་གྲུབ་ཚོགས༔ རང་ལ་མཁོ་བའི་ཅི་འདོད་ཀུན༔ རླུང་གི་ད་ལས་བསྐྱོད་ཅིང་གཡེངས༔ ལྕགས་ཀྱུས་བཟུང་ནས་དབང་མེད་བཀུག༔ རང་གི་གནས་ཁང་ཐམས་ཅད་གང་༔ གཡོ་འགུལ་འཕོ་འགྱུར་མེད་པ་རུ༔ རང་གི་དབང་དུ་འདུས་པར་ནི༔ འཆིང་བྱེད་ཞགས་པས་དམ་དུ་བཅིངས༔ ལུས་ཅན་དང་ནི་སེམས་ཅན་རྣམས༔ བདག་ལ་དགའ་བས་ཡིད་འོང་ནས༔ རང་དབང་མེད་པར་ཆགས་པར་བསམ༔ དམིགས་པའི་འཕྲུལ་འཁོར་གནད་ཡིག་ཡིན༔ ས་མ་ཡ༔ དབང་ཕྱུག་བླ་རྟེན་སྲོག་འཁོར་ནི་དར་རས་ཤོག་བུ་དམར་པོ་ལ༔ རྒྱུ་སྐར་རྒྱལ་ལ་བབ་པའི་ཉིན༔ རྒྱ་སྐྱེགས་དང་ནི་པད་རག་དང་༔ ཤིང་དང་མེ་ཏོག་དམར་པོ་ཡི༔ ཁུ་བ་སིནྡྷུ་ར་དང་སྦྱར༔ རབ་འབྲིང་ཐ་མའི་སྣག་ཚ་ལ༔ སྦྱར་ཏེ་ཆད་ལྷག་མེད་པར་བྲི༔ དབང་ཕྱུག་ཡབ་ཡུམ་སོ་སོ་ཡི༔ ལྟེ་བར་ཨཱཾ་བྲི་མཐའ་སྐོར་དུ༔ སྔགས་རྒོད་དག་གིས་བསྐོར་ནས་སུ༔ དམོད་

p. 216

བཅོལ་འདོད་གསོལ་ཅི་མོས་བྱ༔ དམ་སེལ་མེད་པའི་ཨ་མྲྀ་ཏ༔ རིན་ཆེན་རྣམ་པ་སྣ་ཚོགས་དང་༔ དབང་ཆེན་ཟག་རྫས་ནང་དུ་བཏབ༔ སོ་སོར་བལྟེབས་ཤིང་ཁ་སྦྱར་ནས༔ ཆིངས་ཀྱིས་བཅིངས་ཤིང་མཎྜལ་སྟེང་༔ བཞག་ལ་དབང་ཕྱུག་ཡབ་ཡུམ་དུ༔ བསྐྱེད་ཅིང་འགུགས་བསྟིམ་ནན་དུ་བྱ༔ སྔགས་རྒོད་དང་ནི་ཡེ་དྷར་མས༔ རབ་ཏུ་གནས་ཤིང་མེ་ཏོག་འཐོར༔ མཆོད་འབུལ་ཕྲིན་བཅོལ་ཤིས་པ་བརྗོད༔ ཟངས་ཀྱི་དབང་རྟེན་ནང་དུ་བཅལ༔ དབང་ཆེན་ཕྱུག་པོའི་ཟས་གོས་བཅས༔ རང་གི་མཆན་འོག་གཡོན་དུ་བཅངས༔ མ་དག་འགྲོ་བས་མཐོང་མི་རུང་༔ དེ་བཞིན་མིི་ལག་འགྲིམ་མི་བྱ༔ ས་རྗེན་དག་ལ་གཞག་མི་བྱ༔ རྒྱལ་ཉར་ནམ་འཕྲོད་རབ་གནས་སྐྱོལ༔ འདི་ཉིད་སུ་ཡི་ལུས་ལ་བཅངས༔ དབང་ཕྱུག་ལུས་དང་གྲིབ་བཞིན་འགྲོགས༔ བསོད་ནམས་དབང་ཐང་སྙན་གྲགས་འཕེལ༔ གཞན་སྣང་ཐམས་ཅད་ཟིལ་གྱིས་གནོན༔ ཡང་ཁོལ་ཙཀྲའི་གབ་ཡིག་ཡིན༔ ས་མ་ཡ༔ གསང་བའི་སྔགས་རྒོད་འདི་ལྟ་སྟེ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ ཨ་ཀ5་ཡ་ཧྲིང་ཛཿསྐྱེ་འགྲོ་སེམས་ཅན་དྷེ་ཝ་དྷེ་ཝི་ཡི་སེམས་དབང་དུ་སྡུས༔ སརྦ་དང་ཛ༔ ཙིཏྟ་བྲེང་བྲེང་དུང་དུང་ཧྲིང་ཧྲིང་ཀ་ན་ཀ་ན་ནི་རི་གྷུ་རུ་ཤ་ཡཾ་གཡེང་གཡེང་ཁཾ་ཁཾ་ཙག་ཙག་དུང་དུང་རྒྱལ་པོ་བཙུན་མོ་དམངས་ཡུལ་འཁོར་གྲོང་ཁྱེར་སྐྱེ་བོ་ཕོ་མོ་དབང་དུ་སྡུས་ཤིག་སརྦ་པཱ་ཤཾ་ཀུ་རུ་ཡཾ་སྭཱ་ཧཱ༔ ཕྱི་ནི་ཉི་ཟླ་རླུང་ཞོན་གྱི༔ ཁྲོམ་དང་རྒྱལ་ཁམས་དབང་སྡུད་པའི༔ སྔགས་རྒོད་ཤིན་ཏུ་རྣོ་བའོ༔ རླུང་གི་ཤུགས་ཅན་སྐྱེ་འགྲོ་ཀུན༔ འགུགས་

p. 217

པར་བྱེད་པའི་ཞགས་པའོ༔ ཞག་བདུན་བསྒྲུབས་པས་ཐམས་ཅད་ཁུག༔ ས་དང་རྡོ་ཡང་འཕར་ཡོང་ངོ་༔ མན་ངག་ཤིན་ཏུ་ཟབ་པའོ༔ སྒྲུབ་པོར་བུད་མེད་ཐམས་ཅད་མོས༔ ཕོ་ཚོགས་སྐྱེས་པ་ཐམས་ཅད་ཀུན༔ རང་དབང་མེད་པར་ཁུག་པར་ངེས༔ ཁམས་དང་རྒྱལ་ཁམས་གཡོ་བར་འགྱུར༔ ཁྲོམ་དུ་ཚོགས་པ་ཐམས་ཅད་ཀུན༔ ངུ་བ་དང་ནི་འཁྲབ་པ་འོང་༔ ཐམས་ཅད་སྣང་བ་འགྱུར་ནས་སྟོར༔ ཁུ་ཡིས་འདེབས་ཤིང་གར་བྱེད་ཡོང་༔ མཚན་ལྡན་དང་ནི་དད་པ་ཅན༔ གང་ཞིག་ངུ་ནས་རྗེས་འབྲང་འགྱུར༔ ཕྱུག་པོ་རྣམས་ཀྱི་སྙིང་འཕར་ཡོང་༔ དྲེགས་པ་ཅན་རྣམས་བྲན་དུ་འགྱུར༔ ས་རྡོ་འཕར་ཞིང་འབྱུང་བཞི་འཁྲུགས༔ འཇིག་རྟེན་མི་ནོར་གཡོ་བར་བྱེད༔ དབང་ཕྱུག་སྒྲུབ་ཐབས་མང་ཡོད་ཀྱང་༔ ཤིན་ཏུ་ཟབ་པ་འདི་ཁོ་ན༔ རྣོ་མྱུར་རླུང་གི་ཞགས་པ་ཡིན༔ དམ་མེད་སྡིག་ཅན་རྣམས་ལ་སྦོས༔ འཆལ་ན་རང་ལ་བར་ཆད་ཡོང་༔ དབང་སྡུད་སྔགས་རྒོད་མང་ཡོད་ཀྱང་༔ མཐར་ཐུག་མན་ངག་འདི་འདྲ་དཀོན༔ ས་མ་ཡ༔ ལས་མྱུར་བོགས་སུ་འདོན་པའི་ཕྱིར༔ ཕྲིན་ལས་མེ་ཡི་ལས་མཐའ་བསྟན༔ བྱེ་བྲག་དམིགས་བྱ་ཡོད་ན་ནི༔ ནྲི་ལ་མིང་དང་ཁུག་ཛཿས་བསྐོར༔ ཕོ་མོ་གང་ལ་བྱ་བ་དེའི༔ ཟག་རྫས་དག་ནི་ནན་གྱིས་བྱུག༔ རཱུ་པ་དེ་ཡི་མཐའ་མ་ལ༔ རཾ་དང་ཡཾ་གིས་བར་མེད་བསྐོར༔ མཐའ་ལ་རླུང་གི་ཞགས་པ་བྲི༔ དགུག་གཞུག་ནན་བྱས་ཕྱག་རྒྱས་བཅིངས༔ ཐབ་ནི་ཟླ་གམ་དམར་པོ་བྱ༔ ཁ་ཁྱེར་ལྕགས་ཀྱུ་བྲི་བར་བྱ༔ བྲིས་པའམ་རྩིག་ཐབ་བརྐོས་ཐབ་རུང་༔ སྨད་ཚོང་ཆུ་ཡི་ཆག་ཆག་གདབ༔ དབུས་སུ་ལྷ་གྲངས་ཚོམ་བུ་བཀོད༔ ཙནྡན་དམར་པོ་མཛོ་མོ་ཤིང་༔ དབང་ལ་འོས་པའི་ཤིང་དག་གིས༔ ཟླ་གམ་དུ་ནི་བརྩིག་པར་བྱ༔ རིན་ཆེན་ཟངས་ཀྱི་སྣོད་ནང་དུ༔ གི་ཝང་པདྨ་རཀྟ་

p. 218

དང་༔ སིནྡྷུ་ར་དང་ཤ་ཆང་ཚྭ༔ མེ་ཏོག་གླང་སྣ་ཨུག་ཆོས་སོགས༔ ཤིང་ཏོག་མེ་ཏོག་དམར་པོའི་རིགས༔ དཀར་གསུམ་མངར་གསུམ་ཨ་མྲྀ་ཏ༔ རིན་ཆེན་འབྲུ་སྣ་གོས་དར་སྦྱར༔ སྦྱང་སྤེལ་སྔགས་ཀྱི་བྱིན་གྱིས་བརླབས༔ མེ་ནང་མ་ཧཱ་དེ་ཝ་བསྒོམ༔ འཁོར་བཅས་གསལ་བཏབ་ནན་གྱིས་བསྟིམ༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ སྲེག་རྫས་མདུན་བསྐྱེད་ཞལ་དུ་ནི༔ དགྱེས་ནས་ཕྲིན་ལས་ཐོགས་མེད་བསམས༔ སྔགས་རྒོད་རླུང་གི་ཤུགས་ཅན་བཟླ༔ ན་ན་ཁ་དྷེ་ཛྭ་ལ་རཾ་ཁཱ་ཧི༔ ཆྒཻ་ཝཱ་ཤང་ཀུ་རུ་ཧོ༔ བརྒྱ་སྟོང་ཉེར་གཅིག་གང་རུང་འབུལ༔ མཐར་ནི་དམིགས་བྱའི་ལིང་ག་འབུལ༔ འདོད་གསོལ་བཅོལ་གཏད་དྲག་ཏུ་བྱ༔ མཐར་ནི་ལྷ་གཤེགས་དམིགས་མེད་བཞག༔ འདིས་ནི་ལས་ལ་བོགས་ཐོན་ཅིང་༔ བརྩམས་པས་ཕྲིན་ལས་མྱུར་དུ་འགྲུབ༔ ལས་སྦྱོར་ཟབ་པའི་རྣོ་སོའོ༔ ས་མ་ཡ༔ ད་ནི་རླུང་ལ་ལས་བཅོལ་བ༔ སྟོབས་ལྡན་ཕོ་ཉ་མྱུར་མགྱོགས་ནི༔ རབ་ནི་སྔགས་རྒོད་བརྒྱ་རྩ་བརྒྱད༔ འབྲིང་ནི་ལྔ་བཅུ་ཙམ་རེ་བྱ༔ ཐ་མ་ཉི་ཤུ་རྩ་གཅིག་རུང་༔ ཁ་བསྒྱུར་འདོད་གསོལ་རིག་པས་བསྟུན༔ གསེར་ཟངས་ལྕགས་ཀྱི་དྲེགས་པ་དང་༔ མཆིལ་པའི་ཀླད་པ་ད་བྱིད་ཤ༔ དེ་ཕོའི་ཟེ་བའི་ཁྲག་རྣམས་བྱུང་༔ སྔགས་རྒོད་རླུང་གི་ཤུགས་ཅན་འདོན༔ དབྱངས་གསལ་ཡེ་དྷར་རབ་ཏུ་གནས༔ སྟེང་དུ་གུ་རུ་སིདྡྷི་དང་༔ རྟ་མགྲིན་བསྙེན་པ་རྣམ་འཇོམས་གཟུངས༔ གོང་གནོན་ཟབ་པའི་མན་ངག་གཅེས༔ ཞབས་ན་དབྱངས་གསལ་རྟེན་འབྲེལ་སྙིང་༔ བརྟན་བྱའི་སྔགས་ཀྱིས་བསྡམ་ཐབས་བྱ༔ གཟའ་སྐར་ཚེས་པ་བཟང་པོར་ནི༔ རླུང་ལ་ལས་བཅོལ་བསང་བརྔན་བྱ༔ ཚོགས་དང་གཏོར་མ་གཟབ་པར་བྱ༔ སྟོབས་ལྡན་རླུང་གི་འཁོར་ལོ་འདིས༔ དབང་གི་ལས་རྣམས་ཐོགས་མེད་འགྲུབ༔ དངོས་གྲུབ་ཐམས་ཅད་ཆར་ལྟར་

p. 219

འབེབས༔ བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ༔ རླུང་ཞོན་ཡང་ཁོལ་སྦས་པའོ༔ ས་མ་ཡ༔ ད་ནི་གཏོར་མ་འབུལ་བ་ནི༔ འབྲུ་ཟན་སྣ་ཚོགས་བཤོས་བུ་དང་༔ དཀར་གསུམ་མངར་གསུམ་ཤ་ཆང་དང་༔ ལ་དུ་ལ་ཕུག་ཁུར་བ་སོགས༔ འདོད་དགུའི་ཟས་སྣ་ཅི་འབྱོར་བཤམས༔ ༀ་ཨཱཿཧཱུྃ༔ གིས་སྦྱང་སྤེལ་བསྒྱུར༔ ནམ་མཁའ་མཛོད་ཀྱིས་རྒྱ་ཆེར་སྤེལ༔ སྔགས་ནི་ཉེར་གཅིག་དག་གིས་འབུལ༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་ཧ་རི་ནི་ས་གྷྲིཧྣ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཉེར་གཅིག་དག་ཏུ་དབུལ་བར་བྱ༔ ལས་བཅོལ་སྤོས་བདུག་རོལ་མོ་འཁྲོལ༔ ལྷ་ཚོགས་གཙོ་འཁོར་ཐམས་ཅད་ཀུན༔ དགྱེས་ཤིང་རབ་མཉེས་ཚིམ་ནས་ཀྱང་༔ གང་འདོད་དངོས་གྲུབ་སྩོལ་བར་དམིགས༔ བསོད་ནམས་དཔལ་དང་ནུས་པ་བསྐྱེད༔ གཏོར་མའི་མན་ངག་ཟབ་པའོ༔ ས་མ་ཡ༔ ཡང་ན་ལས་སྦྱོར་བྱ་བ་ནི༔ ཐོ་རེངས་བྱ་རོག་མ་གྲགས་གོང་༔ གང་ལུས་སྤོས་ཆུས་ཁྲུས་ནས་ཕྱུང་༔ གོས་མེད་གཅེར་བུ་དག་ཏུ་བྱ༔ ལག་པ་གཡས་སུ་དབང་རྟེན་ཐོགས༔ གཡོན་དུ་ལྕགས་ཀྱུ་ཞགས་པ་འཛིན༔ ལུས་ལ་ཐལ་ཆེན་བྱུག་ནས་སུ༔ ཡུལ་ལྷ་གཞི་བདག་ཡུལ་ཁམས་སོགས༔ མ་ཧཱ་དྷེ་བའི་ང་རྒྱལ་གྱིས༔ རླུང་དམར་ཞགས་པས་བཀུག་ནས་སུ༔ ཤིང་ལོ་རླུང་གིས་བསྡུས་པ་བཞིན༔ ཡོམ་ཡོམ་ཚུབ་ཚུབ་བསྡུས་པར་བསམས༔ སྣང་སྲིད་བདག་གི་དབང་དུ་བསམས༔ ངག་ཏུ་སྔགས་རྒོད་བཟླ་བཞིན་དུ༔ ཕྱག་མཚན་གཡབ་ཅིང་འཆམ་སྟབས་བྱ༔ སྔགས་ལ་ནུས་པ་སོང་བ་ན༔ སྣང་སྲིད་སྐྱེ་འགྲོ་ཐམས་ཅད་ཀུན༔ གཡོ་ཞིང་འཕར་ཏེ་རང་ལ་འདུད༔ དཀར་ཕྱོགས་ལྷ་དང་གཞི་བདག་འདུ༔ ནག་ཕྱོགས་འདྲེ་བདུད་

p. 220

བྲན་དུ་འཁོལ༔ འདི་ནི་ཟབ་པའི་གནད་ཅིག་ཡིན༔ ས་མ་ཡ༔ འདི་ཉིད་སྒྲུབ་པའི་དམ་ཚིག་ཏུ༔ དཀོན་མཆོག་དང་ནི་བླ་མ་མཆོད༔ འཇིག་རྟེན་སྐྱེ་འགྲོ་ཕོ་མོ་ལ༔ བཟའ་བཏུང་བྱ་དགས་མགུ་བར་བྱ༔ མཐར་ཐུག་དམ་པའི་ཆོས་ལ་སྦྱར༔ སྐུ་གསུང་ཐུགས་རྟེན་བཞེངས་པ་དང་༔ གྲུ་ཟམ་འཛུགས་དང་ལམ་འཕྲང་བཅོས༔ གཞན་ལ་ཕན་པའི་ལས་ལ་བརྩོན༔ མུ་སྟེགས་གྲུབ་མཐའ་འཛིན་པ་ལའང་༔ གུས་པར་བྱ་ཞིང་བསྙེན་པར་བསྟོད༔ རང་ལ་སུས་དམན་སུས་སྡང་ལ༔ ལྷག་པར་བྱམས་དང་སྙིང་རྗེ་བསྒོམ༔ ཆོས་དང་ཟང་ཟིང་ཕན་ཡང་གདགས༔ འདི་ཉིད་ཚུལ་བཞིན་སྒྲུབ་པ་ལ༔ ལྷ་དབང་བརྒྱ་བྱིན་མན་ཆད་ནས༔ གཅན་གཟན་ཕྲ་མོ་ཡན་ཆད་ནས༔ དགའ་ཞིང་གུས་ཏེ་བྱམས་པར་འགྱུར༔ ངག་ཏུ་སྔགས་རྒོད་ནན་ཏན་བཟླ༔ ཆགས་མེད་ཞེན་མེད་དམ་ཚིག་གཟུང་༔ ཟླ་དུས་ཞག་དུས་གཏོར་མཆོད་གཟབ༔ དེས་ནི་བསམ་པ་ཡིད་བཞིན་འགྲུབ༔ ཞལ་གདམས་གནད་ཀྱི་ཡི་གེ་ཡིན༔ ས་མ་ཡ༔ ཨེ་མ་བདག་འདྲ་ལས་རབ་ཀྱིས༔ ས་བཅུད་ཡུལ་བཅུད་གསོ་བའི་ཕྱིར༔ ནོར་ལྷའི་སྒྲུབ་སྐོར་མང་བསྟན་ཀྱང་༔ སེམས་ཅན་བསོད་ནམས་དམན་པ་ཡིས༔ ཁྱི་ལ་སྐར་མ་བསྟན་པ་བཞིན༔ མགོ་ནག་མི་ལ་མཁོ་མ་བྱུང་༔ འོན་ཀྱང་ཕྱི་མའི་བན་སྔགས་རྣམས༔ སྡུག་དོགས་སེམས་ཀྱིས་མ་བཟོད་ནས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཁྲི་སྲོང་ལྡེའུ་བཙན་ལ་གནང་བའི༔ མན་ངག་ནང་ནས་མན་ངག་བསྡུས༔ ཟབ་པའི་ནང་ནས་ཡང་ཟབ་བཀོལ༔ རང་ཉིད་ནད་ཀྱིས་འཆི་བ་ཡི༔ དབང་དུ་གྱུར་ཀྱང་ཕྱི་རབས་དོན༔ སྙིང་རུས་བརྩོན་འགྲུས་དྲག་པོས་བཀོད༔ འདི་ནི་ཉམས་སུ་སུས་བླང་བ༔ བཀྲ་ཤིས་མཐའ་བཙན་དོན་འགྲུབ་ཤོག༔ ཤིན་ཏུ་ཟབ་པའི་ཡི་གེ་འདི༔ དབང་ཆེན་ཕོ་ཉ་རྣམས་ལ་གཏད༔ བཀའ་འདི་སྲུངས་ཤིག་ས་མ་ཡཱ༔ ཨྠྀི༔ ལྷ་ཆེན་སྒྲུབ་ཐབས་རླུང་གི་ཞགས་པ་སྐྱེ་འགྲོ་འགུགས་པའི་ཞགས་པ་རྫོགས་སོ༔ བསོད་ནམས་ཆོས་བཟང་བདག་གིས་སྐྱེན་པར་བྲིས་པའོ༔ མངྒ་ལཾ༔

ལྷ་ཆེན་དབང་ཕྱུག་ཆེན་པོའི་རྒྱུན་ཁྱེར་སྣང་སྲིད་དབང་སྡུད་རླུང་གི་ཞགས་པ།

p. 221

࿅༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་རྒྱུན་ཁྱེར་སྣང་སྲིད་དབང་སྡུད་རླུང་གི་ཞགས་པ་བཞུགས་སོ༔ བླ་མ་དང་དབང་ཕྱུག་ཆེན་པོ་ལ་ཕྱག་འཚལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་ཡང་ཉམས་སུ་ལེན་པའི་གང་ཟག་དམ་ཚིག་དང་ལྡན་པས༔ ཧྲཱིཿདབང་ཆེན་རྟ་མཆོག་དཔལ་ལ་སྐྱབས་སུ་མཆི༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ སྐད་ཅིག་རླུང་གིས་བཏེགས་པའི་པད་ཉིའི་སྟེང་༔ བདག་ཉིད་མ་ཧཱ་དེ་ཝ་སྐུ་མདོག་དམར༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་རླུང་ཞགས་འདེབས༔ ཨུ་མ་དམར་མོ་ལྕགས་ཀྱུ་དུང་ཁྲག་སྟོབ༔ ཞི་ཁྲོའི་ཉམས་ལྡན་མཁའ་འགྲོ་འཁོར་བཅས་གསལ༔ སྐུ་ལས་རླུང་ཞགས་ལྕགས་ཀྱུ་ཕྱོགས་བཅུར་འཕྲོས༔ ལྷ་འདྲེ་མི་གསུམ་སྙིང་ག་ནས་བཟུང་ནས༔ དབང་མེད་བཀུག་ཅིང་དབང་བསྡུས་བྲན་དུ་བཀོལ༔ བདག་ཉིད་ཀུན་ལས་རྣམ་པར་རྒྱལ་བར་གྱུར༔ ཨེ་མཉྫུ་ཀུགྟ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང་༔ རང་དབང་མེད་པར་ཁུག་ལ་ཤོག༔ ཅེས་བཟླས་མཐར༔ བསྐྱེད་རིམ་དམིགས་མེད་ཆོས་ཉིད་ངང་༔ དགེ་བས་འགྲོ་བ་མ་

p. 222

ལུས་ཀུན༔ ཐར་པའི་ལམ་དུ་དབང་བསྡུས་ནས༔ གྲུབ་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་པས་རྒྱུན་ཁྱེར་དཔལ་མི་ཡི་དབང་པོ་ས་སྐྱོང་སྡེ་ལྕམ་དྲལ་དང་ས་སྐྱོང་ཆེན་མོ་གང་གིས་ཉམས་སུ་བཞེས་རྒྱུར་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག༔ མངྒ་ལཾ༔

མགོན་པོ་དམར་པོ་དབང་གི་ཕྲིན་ལས་ཀྱི་སྲོག་དབང་ཟབ་མོ།

p. 223

༄༅། །མགོན་པོ་དམར་པོ་དབང་གི་ཕྲིན་ལས་ཀྱི་སྲོག་དབང་ཟབ་མོ་བཞུགས་སོ། །

p. 224

དབང་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་དབང་ཕྱུག་དམར་པོ་རླུང་ཞགས་ཀྱི་སྲོག་གཏད་ཟབ་མོ་བསྐུར་བར་མོས་ན་བླ་མ་དམ་པའི་ཞལ་རྒྱུན་ལྟར་ལག་ཏུ་བླང་བ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ཡོ་བྱད་བཤམ་པ་ནི། རྒྱུ་སྐར་རྒྱལ་ཡོད་པའི་ཚེ་དབེན་པའི་གནས་སུ་སྟེགས་བུ་ཁྲུ་གང་གྲུ་བཞི་པ། བཅུད་དཀར་དམར་དང་དྲི་བཟང་གིས་ཆག་ཆག་གདབ། མཎྜལ་ཟླ་གམ་དམར་པོ་སྒོ་གཅིག་པ་མུ་ཁྱུད་དང་ལྡན་པའི་ནང་དུ་པདྨ་འདབ་བཞི་ཚོམ་བུ་དང་བཅས་པ་དེའི་སྟེང་དུ་མཉྫི་ལ་ཟངས་གཞོང་མེ་ཏོག་དམར་པོས་བཀང་བའི་དབུས་སུ་ཁྱད་པར་གྱི་རྟེན་རྫས་དར་དམར་གྱི་གུར་ཕུབ་ལ་བཞགཤར་དུ་མེ་ལོང་དང་རྩེ་གསུམ། ལྷོར་རྒྱུད་ཀྱི་གླེགས་བམ་སྒྲུབ་ཡིགནུབ་ཏུ་བྱང་སེམས་དཀར་དམར་ཆང་དང་སྦྱར་བའི་ཐོད་པ། བྱང་དུ་ཞགས་པ་

p. 225

མདུན་དུ་རྟེན་གཏོར་སྲིད་མེས་ཀྱི་གཟུགས་སམ་རིན་པོ་ཆེ་འབར་བའི་དབྱིབས་ཅན་དམར་པོ་སྐུ་གཟུགས་དང་མདའ་དར་གྱིས་བརྒྱན་ཅིང་ཟས་ཕུད་སྣ་ཚོགས་ཀྱིས་བྲན་པ་བཞག །རྟེན་རྫས་མེད་ན་དེ་ཉིད་དབུས་སུ་བཀོད། གང་ལྟར་ཡང་མདུན་དུ་འབུལ་གཏོར་དང་སྨན་རཀ་ཉེར་སྤྱོད་ལྔ་དང་ཚོགས་རྫས་ཀྱང་བཤམས། མདུན་དུ་རྡོར་དྲིལ་མེ་ཏོག་སྒྲུབ་ཡིག་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ལ་སྒྲུབ་མཆོད། དབང་གཉིས་ཀྱི་དང་པོ་ལས་གཞུང་བསྲང་ཞིང་བདག་མདུན་ཕྲིན་ལས་གཅིག་གིས་བསྒྲུབ་ཅིང་བཟླས་པ་ནན་ཏན་བྱས་པའི་མཐར་མཆོད་བསྟོད་གཏོར་འབུལ་བསྐུལ་བ་བཅས་ཀྱི་མཇུག་ཏུ། བདག་གིས་ལྷ་ཆེན་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་རྣམས་རྗེས་སུ་འཛིན་པར་བྱ་བས་ཁྱེད་ཀྱི་ཐུགས་རྗེ་བརྩེ་བས་

p. 226

ཀྱང་བྱིན་གྱིས་བརླབས་ནས་རྗེས་སུ་གཟུང་བར་མཛད་དུ་གསོལ། ཅེས་གསོལ་བ་གདབ་པོ། །གཉིས་པ་ལ་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད། མཚམས་སྦྱོར་ནི། ཀུན་སློང་ཀུན་སྤྱོད་གསལ་གདབ་ལ་དེ་ལ་གསན་བྱའི་དབང་གི་རིམ་པ་ནི་འདི་ལྟ་སྟེ། གཞུང་ལས། དཔལ་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། །མགོན་པོ་དམར་པོ་དབང་གི་ཕྲིན་ལས་ཞེས་པ་ནས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་པའི་བར་དང་། དེ་ལྟ་བུའི་ཟབ་མོ་དག་སྣང་དང་། ལུང་བཞིན་ཉེ་བརྒྱུད་གཏེར་མ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་བྱེད་པའི་རིམ་པ་ལ་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས་འདིར་གཏེར་སྟོན་ཆེན་པོ་པདྨ་ལས་འབྲེལ་རྩལ་དང་། འགྲོ་མགོན་རཏྣ་གླིང་པ་གཉིས་ཀྱི་གཏེར་ཁ་དང་མཐུན་པའི་དབང་བསྐུར་སྲོག་གཏད་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་དང་སོགས་སྦྱར་ལ་མཎྜལ་ཕུལ་ནས། ཀྱཻ། དབང་ཕྱུག་ལུང་བསྟན་བླ་མ་རྗེ། །ཁམས་གསུམ་དབང་དུ་སྡུད་པའི་ཕྱིར། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཡི། །དབང་བསྐུར་དམ་པ་བདག་ལ་སྩོལ། །ཅེས་གསོལ་བ་གདབ། སློབ་དཔོན་

p. 227

གྱིས། རིགས་ཀྱི་བུ་དག་ཚུར་ཉོན་ཅིག །སྣང་སྲིད་ཟིལ་གྱིས་གནོན་བྱེད་ཅིང་། །ཁམས་གསུམ་མི་ནོར་དབང་སྡུད་པའི། །དབང་ཆེན་དབང་འདི་ཁྱོད་ལ་བསྐུར། །གུས་པས་སེམས་ཀྱིས་དང་དུ་ལོངས། །ཞེས་གནང་བ་སྦྱིན། ཡན་ལག་བདུན་པ་གང་འོས་ཀྱིས་ཚོགས་བསགས། དེ་རྣམས་རྗེས་གནང་སྔོན་འགྲོ་ཡིན། དངོས་གཞི་ལ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་གི་ལུས་ལ་ཕོག་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མ་ལྷ་ཆེན་དུ་བསྐྱེད་པ་མངོན་རྟོགས་བཞིན་དམིགས་པ་འབོགས། ཡེ་ཤེས་པ་སྤྱན་འདྲེན་དང་སྔགས་བཟླ་ཞིང་རོལ་ཆེན་བྱ། སྦྱར་སྤོས་ཀྱིས་བདུག་སྟེ་བྱིན་ཕབ་པོ། །དེ་ནས་མདུན་གྱི་གསང་རྟེན་ནམ་མེད་ན་སྐུ་གཟུགས་སྤྱི་བོར་བཞག་ལ། ཧཱུྃ། དབང་ཆེན་སྐུ་ནི་མཚོན་བྱེད་པའི། །སྲིད་པ་གསུམ་གྱི་མེས་པོ་འདིས། །ཁམས་གསུམ་ཐམས་ཅད་དབང་དུ་སྡུད། །དབང་ཕྱུག་སྐུ་ཡི་དབང་བསྐུར་རོ། །རྩ་སྔགས་ལན་གསུམ་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་དབང་ཕྱུག་སྐུའི་དབང་འདི་བསྐུར་བས་གཟུགས་སུ་སྣང་བ་ཐམས་ཅད་དབང་དུ་

p. 228

འདུས་ཤིང་སྐུའི་དངོས་གྲུབ་ཐོབ་པ་ཡིན་ནོ། །བྱང་སེམས་ལྕེ་ཐོག་ཏུ་བཞགཨཱཿདབང་ཕྱུག་གསུང་ནི་མཚོན་བྱེད་པ། །བྱང་སེམས་དཀར་དམར་བདུད་རྩི་འདི། །ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས། །དབང་ཕྱུག་གསུང་གི་དབང་བསྐུར་རོ། །རྩ་སྔགས་དང་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿསྔར་བཞིན་ལས། གསུང་གི་དབང་འདི་བསྐུར་བས། སྙན་གྲགས་ཀྱིས་ཀུན་ཏུ་ཁྱབ་སྟེ། ཁྱབ་ཚད་དབང་དུ་འདུས་ཤིང་གསུང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །མེ་ལོང་དང་རྩེ་གསུམ་གཏད་ལ། ཧཱུྃ། དབང་ཕྱུག་ཐུགས་ནི་མཚོན་བྱེད་པ། །དངུལ་དཀར་མེ་ལོང་ཁ་ཾ་ག །ཕྱག་མཚན་དམ་པ་འདི་གཏད་པས། །དབང་ཕྱུག་ཐུགས་ཀྱི་དབང་ཐོབ་ཤོག །སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དབང་ཕྱུག་ཐུགས་ཀྱི་དབང་འདི་བསྐུར་བས། རིག་པས་ཁྱབ་ཚད་དབང་དུ་འདུས་ཤིང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །རྒྱུད་ཀྱི་གླེགས་བམ་གཏད་ལ། ཧོ། དབང་ཕྱུག་མཛེས་པའི་གསང་རྒྱུད་འདི། །ཡོན་ཏན་ཐམས་ཅད་འདི་ལས་བྱུང་། །དབང་ཆེན་མཆོག་གི་དངོས་གྲུབ་མཆོག །གསང་བ་རྒྱུད་ཀྱི་དབང་བསྐུར་རོ། །རྩ་སྔགས་དང་གུ་ཎ་ཨ་བྷི་ཥིཉྩ་ཏྲཱཾ། ཡོན་ཏན་གྱི་དབང་འདི་

p. 229

བསྐུར་བས། དབང་ཕྱུག་གི་ཡོན་ཏན་བརྒྱད་སོགས་རྒྱུད་ལ་འབྱོར་ཞིང་ལྷ་ཆེན་ཡོན་ཏན་གྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞགས་པ་གཏད་ལ། ཧོ། མྱུར་བྱེད་རླུང་གི་ཞགས་པ་ཡིས། །ཐམས་ཅད་དབང་དུ་སྡུད་བྱེད་པ། །ཉི་ཟེར་ཞགས་པ་འདི་གཏད་པས། །དབང་ཕྱུག་ཕྲིན་ལས་དབང་ཐོབ་ཤོག །སྔགས་དང་ཀརྨ་ཨ་བྷི་ཥིཉྩ་ཧཱ། ཕྲིན་ལས་ཀྱི་དབང་འདི་བསྐུར་བས། སྣང་དང་མི་སྣང་མི་ནོར་ཟས་གསུམ་དབང་དུ་འདུས་ནས་སྣང་སྲིད་གཡོ་འགུལ་ནུས་པ་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ནས་བཟླས་ལུང་སྦྱིན་པ་ནི། བླ་མའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་བ་ཞལ་ནས་ཐོན་པའི་འོད་ཀྱིས་འཁོར་འདས་ཀྱི་ཡོན་ཏན་དང་ནུས་མཐུ་ཐམས་ཅད་བསྡུས་སྔགས་ཕྲེང་དང་འདྲེས་པ་སློབ་མའི་ཁར་ཞུགས་སྙིང་གའི་ས་བོན་གྱི་མཐའ་བསྐོར་དུ་འཁོད་པ་ལ་དམིགས་ནས་སྔགས་ཀྱི་རྗེས་ཟློས་ལན་གསུམ་གཞུག །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས་སོགས་ཀྱིས་མེ་ཏོག་འབུལ། ཕྲེང་བ་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སོགས་བརྗོད། ལྷ་ཆེན་དབང་ཕྱུག་ཆེན་པོའི་རིག་སྔགས་ཀྱི་ནུས་མཐུ་

p. 230

ཐམས་ཅད་སློབ་མ་འདིའི་རྒྱུད་ལ་འབྱོར་བར་གྱུར་ཅིག །ཅེས་བརྗོད། སྐབས་འདིར་གཏོར་དབང་བྱེད་ན། གཏོར་མ་ལྷ་ཆེན་ལྕམ་དྲལ་འཁོར་བཅས་གསལ་བ་ལ་མོས་གུས་དུང་དུང་བྱས་པས་དགྱེས་ཤིང་ཆགས་པའི་བཞད་སྒྲ་དང་བཅས་འུར་འུར་བྱོན་ཏེ་ཁྱོད་རང་གི་སྤྱི་བོར་བཞུགས། དེ་རྣམས་ལ་བླ་མས་བཀའ་བསྒོས་པའི་ཕྲིན་ལས་བཞི་སོགས་རང་གི་འདོད་དོན་ཐམས་ཅད་ཐོགས་མེད་དུ་སྒྲུབ་པའི་མོས་པ་མཛོད། དེ་ནས་རོལ་མོའི་སྒྲ་དང་སྦྱར་ཏེ། ཧྲཱིཿདབང་ཆེན་གཏོར་མའི་དབང་མཆོག་འདི། །སྐལ་ལྡན་ཁྱེད་ལ་བསྐུར་བ་ཡིིས། །སྣང་གྲགས་དབང་དུ་འདུ་བ་དང་། །སྲིད་གསུམ་ཟིལ་གྱིས་གནོན་ནུས་པའི། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་དེ་བ་ཧཱུྃ། དབང་ཕྱུག་ཆེན་པོ་ཧྲིང་། ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ་ཛཿཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ༔ ཞེས་དང་བཀའ་བསྒོ་དྲག་ཏུ་བྱས་པའི་མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་བསམ། དེ་ལྟར་དབང་ཆེན་གཏོར་མའི་དབང་བསྐུར་བས། སྣང་སྲིད་ཟིལ་གནོན་དབང་ཆེན་སྐུའི་དབང་ཐོབ། སྣང་གྲག་དབང་འདུས་བཀའ་བཙན་གསུང་གི་དབང་ཐོབ།

p. 231

རིག་སྟོང་མཐའ་བྲལ་རྩལ་ཆེན་ཐུགས་ཀྱི་དབང་ཐོབ། ཡོན་ཏན་རེ་སྐོང་ཕྲིན་ལས་སྣང་སྲིད་གཡོ་འགུལ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་གདབ་ཅིང་གཏོར་ཟན་ཅུང་ཟད་དངོས་གྲུབ་ཀྱི་དོན་དུ་སྦྱིན། འདིའི་སྒྲུབ་པ་ལ་བརྩོན་པར་བྱེད་ཅིང་། སྣོད་མིན་ལ་གསང་། སྐལ་ལྡན་རེ་རེ་ཙམ་ལ་སྤེལ་བ་སོགས་དམ་ཚིག་ལ་གནས་པར་བྱའོ། །ཞེས་གདམས་པ་ཁས་བླངས། མཎྜལ་ཡོན་འབུལ་སོགས་གཞན་དང་འདྲ། ཚོགས་མཆོད་བྱ། སླར་ཡང་ལས་དང་མཐུན་པའི་ཡོན་འབུལ༔ གསུམ་པ་རྗེས་ཀྱི་རིམ་པ་ནི། མདུན་བསྐྱེད་ལ་གཏང་རག་གི་མཆོད་བསྟོད་དང་། བཟོད་གསོལ། གཤེགས་བསྡུ་ཤིས་བརྗོད་སྨོན་ལམ་རྣམས་ཀྱིས་མཐའ་རྒྱས་པར་བྱའོ། །ཡང་གཏོར་དབང་རྐྱང་པར་བསྐུར་ན། གསོལ་འདེབས་རྒྱུན་བཤགས་ཙམ་སྔོན་དུ་འགྲོ་བས། གཏོར་མ་མདུན་བསྐྱེད་བཞིན་དམིགས་པ་ཕོག །ཡེ་ཤེས་པ་སྤྱན་དྲངས་ལ་མཆོད། དེ་ནས་གཏོར་དབང་སྔར་ལྟར་བསྐུར་བས་དགོས་པ་འགྲུབ་པོ། །དེ་ལྟར་མགོན་པོ་དབང་ཕྱུག་དམར་པོ་མྱུར་མགྱོགས་འགུགས་བྱེད་རླུང་གི་ཞགས་པ་ཟབ་གཏེར་དག་སྣང་གཉིས་འདྲེས་ཀྱི་དབང་ཟབ་མོ་འདི་ནི་གཞུང་དུ་གསལ་ཁ་གནང་མི་འདུག་པས་བདག་སོགས་སློབ་འབངས་རྣམས་ཀྱིས་གསོལ་བ་ཡང་ཡང་བཏབ་པས་ཐམས་ཅད་ལ་འདི་ལྟར་ལས་འབྲེལ་རྩལ་དང་རཏྣ་གཉིས་ཀྱི་གཏེར་ཁ་དང་མཐུན་པའི་དབང་འདོད་འཇོའི་བུམ་བཟང་གི་ནང་ལྟར་བྱས་པས་འཐུས་གསུངས་པའི་ཞལ་རྒྱུན་དང་བསྟུན་པར་དག་སྣང་ཆོས་སྐོར་བཀའ་བསྡུ་བྱེད་སྐབས་ཉམས་མཚར་ལྟ་བུར་འབྱིན་འཇུག་ཅུང་ཟད་དགོས་པ་རྣམས་མ་གཏོགས་ཐམས་ཅད་སྨིན་གླིང་གཏེར་ཆེན་གྱི་ལྗགས་

p. 232

བསྒྲིགས་བསླད་མེད་སོར་བཞག་ནས་ཀུ་སུ་ལུ་རྒན་པོ་རིག་འཛིན་རྒྱ་མཚོ་པདྨ་དབང་ཆེན་རྩལ་གྱིས་ནག་ཟླའི་མར་ངོའི་དབང་གི་དུས་ཆེན་ཉིན་ཟིན་བྲིས་སུ་བགྱིས་པ་འདིས་ཀྱང་ཟབ་གསང་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་སརྦ་མངྒ་ལཾ། ཛ་ཡནྟུ། དགེའོ།། །།

དག་སྣང་སྙན་བརྒྱུད་དབང་ཕྱུག་དམར་པོའི་མཆོད་སྒྲུབ་དབང་གི་ལྕགས་ཀྱུ།

p. 233

࿅༔ དག་སྣང་སྙན་བརྒྱུད་དབང་ཕྱུག་དམར་པོའི་མཆོད་སྒྲུབ་དབང་གི་ལྕགས་ཀྱུ་བཞུགས་སོ༔

p. 234

དབང་མཛད་ལྷ་ལ་གུས་པས་ཕྱག་འཚལ་འདུད༔ བསྟན་འཛིན་སྐྱེས་བུའི་འགྲོ་དོན་རྒྱས་པ་དང་༔ མཐུན་རྐྱེན་དངོས་གྲུབ་ཆར་ལྟར་འབེབས་བྱའི་ཕྱིར༔ དབང་ཕྱུག་ཆེན་པོའི་མཆོད་སྒྲུབ་འདི་བཞིན་ནོ༔ ས་མ་ཡ༔ དབང་གི་གནས་སུ་དབང་གི་མཎྜལ་སྟེང་༔ ལྷ་གྲངས་ཚོམ་བཀོད་དེ་སྟེང་དཔལ་གཏོར་ནི༔ གཙོ་འཁོར་ལྔ་པ་ཟས་སྣ་དར་གདུགས་བཅས༔ ཕྱི་ནང་མཆོད་པ་སྤྱན་གཟིགས་བཟང་དུ་བཤམས༔ དཀར་ཕྱོགས་མཆོད་ཅིང་ནག་ཕྱོགས་བསྐྲད་བྱས་ནས༔ སྲུང་འཁོར་བསྒོམ་ཞིང་སྐྱབས་འགྲོ་སེམས་བསྐྱེད་བྱ༔ བསྐྱེད་པའི་རིམ་པ་འདི་ལྟར་གསལ་གདབ་པོ༔ ཧཱུྃ༔ དབང་གི་ཕ་ོབྲང་མཚན་ཉིད་ལྡན་པའི་དབུས༔ ཧཱུྃ་ལས་བདག་མདུན་དབང་ཕྱུག་ཆེན་པོ་ནི༔

p. 235

གཅེར་བུ་རལ་པ་གྱེན་བརྫེས་རྩེ་ཕྲན་སྤྲས༔ ཆགས་པའི་ཉམས་ལྡན་ཁྲོ་འཛུམ་སྤྱན་གསུམ་པ༔ ཕྱག་གཡས་སྣང་སྲིད་མྱོས་བྱེད་མེ་ལོང་འཕྱར༔ གཡོན་པས་དབང་གི་རླུང་ཞགས་དམར་པོ་འདེབས༔ སྐུ་མདོག་དམར་གསལ་ཉི་མ་འབུམ་ལྟར་འཚེར༔ ཞབས་གཉིས་དོར་སྟབས་ཉི་ཟླ་པད་སྟེང་འགྱིང་༔ རང་འདྲའི་ཡུམ་ཆེན་ཨུ་མ་དགྱེས་པར་འཁྲིལ༔ ཕྱག་གཉིས་ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ ཡབ་ཡུམ་རང་འོད་ཀློང་དུ་གཟི་བརྗིད་འབར༔ དེ་ཡི་སྤྱི་བོར་པད་འབྱུང་དཀར་དམར་ཞལ༔ རྡོ་རྗེ་བྷནྡྷ་བསྣམས་ཤིང་ཁ་ཾ་

p. 236

བརྟེན༔ ཟ་བེར་ཕོད་ཀ་ཆོས་གོས་པད་ཞྭ་གསོལ༔ སྣང་སྲིད་ཟིལ་གནོན་བདེ་གཤེགས་ཀུན་འདུས་སྐུ༔ ཉི་ཟླ་པད་སྟེང་འོད་ལྔའི་དབུས་ན་བཞུགས༔ ཕྱི་རོལ་རྩིབས་བཞིར་དྷཱཀྐི་དམར་མོ་བཞི༔ ལྕགས་ཀྱུ་ཞགས་འཛིན་གཅེར་བུ་གར་སྟབས་སྒྱུར༔ གཙོ་འཁོར་ཀུན་གྱི་གནས་གསུམ་འོད་ཟེར་གྱིས༔ བསྐྱེད་པའི་ལྷ་ཚོགས་མ་ལུས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་པའི༔ དབང་ཕྱུག་ཆེན་པོ་ཡབ་ཡུམ་གཤེགས་སུ་གསོལ༔ ལྷ་རྣམས་ཀུན་གྱི་རྗེ་གཅིག་ལྷ་ཆེན་པོ༔ མ་ཧཱ་དེ་ཝ་ཆེན་པོ་གཤེགས་སུ་གསོལ༔ བསྟན་པའི་བཀའ་སྲུང་ལེགས་ལྡན་ཚོགས་ཀྱི་བདག༔ འཁོར་བཅས་དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ༔ ཕྲིན་ལས་ལྷུན་གྱིས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་ལ་རྟགས་མཚན་སྟོན་ཕྱིར་གཤེགས་སུ་གསོལ༔ ཐུགས་དམ་དམ་ཚིག་བསྐུལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་མ་ཧཱ་དེ་ཝ་ས་མ་ཡ་ཛཿཛཿཛཿཧཱུྃ་བཾ་ཧོ༔ བཞུགས་གསོལ་ནི༔

p. 237

ཧཱུྃ༔ མཛེས་ལྡན་ཉི་ཟླ་པདྨ་འབར་བའི་གདན༔ ཡེ་ཤེས་རང་འོད་འོད་ལྔ་འཁྲུགས་པའི་དབུས༔ ཉམས་དགའ་ཡིད་འོང་གནས་མཆོག་དམ་པ་འདིར༔ ལྷ་མཆོག་དབང་ཕྱུག་ཆེན་པོ་བཞུགས་སུ་གསོལ༔ ཧཱུྃ་མ་ཧཱ་དེ་ཝ་ས་མ་ཡ་ཏིཥྛ་ལྷན༔ ཨ་ཝེ་ཤ་ཡ་ཨཱཿཕྱག་འཚལ་བ་ནི༔ ཧཱུྃ༔ ཆགས་པ་དམར་པོ་འཇིག་རྟེན་ལས་ཀྱི་ལྷ༔ མཐུ་ཆེན་སྟོབས་ལྡན་སུ་ཡང་བྲན་དུ་བྱེད༔ འཆི་མེད་དབང་པོས་སྤྱི་བོར་བཀུར་བའི་གནས༔ དངོས་གྲུབ་གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ༔ ཧཱུྃ་མ་ཧཱ་དེ་ཝ་ན་མོ་ཨ་ཏི་པུ་ཧོ་པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ ལྷ་དང་མི་ཡི་ཉེ་བར་སྤྱོད་པ་ཡི༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང་༔ སྨན་རཀ་དམ་རྫས་ཚོགས་གཏོར་སྤྱན་གཟིགས་རྣམས༔ དབང་གི་ལྷ་ཚོགས་འཁོར་དང་བཅས་ལ་འབུལ༔ ཚོགས་རྗེ་ཚོགས་བདག་འཁོར་བཅས་ཐུགས་དམ་བསྐང་༔ མི་འཛད་དངོས་གྲུབ་ཆེན་པོ་ཆར་ལྟར་ཕོབ༔ ཧཱུྃ་མ་ཧཱ་དེ་ཝ་བཛྲ་པུཥྤེ་སོགས་ཤབྟ་པཉྩ་རཀྟ་བ་ལིང་ཏ་ག་ན་ཙཀྲ་སརྦ་པཱུཙྪ་ས་མ་ཡ་ཧོ༔ བསྟོད་པ་ནི༔ ཧཱུྃ༔ ཆོས་དབྱིངས་ངང་ལས་སྙིང་རྗེའི་གར་མཁན་

p. 238

མཆོག༔ གང་འདུལ་ཕྲིན་ལས་དབང་མཛད་ལྷ་ཆེན་པོ༔ ཆགས་པའི་ཚུལ་གྱིས་ལུས་ཅན་ཀུན་ཡིད་འགུགས༔ བསྟན་པའི་བཀའ་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད༔ སྒྱུ་མའི་ངང་ལས་གང་གི་སྐུར་བཞེངས་ཚེ༔ འཇིག་རྟེན་ཀུན་གྱི་སྐྱབས་གྱུར་མཆོད་པའི་གནས༔ གཟི་བརྗིད་འོད་ཕུང་རབ་འབར་ཆེ་བཙན་རྒྱལ༔ དབང་ཕྱུག་དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བདེ་བ་རྒྱས་ཕྱིར་ཨུ་མ་དམར་མོར་འཁྱུད༔ སྤྲུལ་པ་འགྱེད་ཕྱིར་ཌཱཀྐིའི་འཁོར་གྱིས་བསྐོར༔ དྲན་པ་ཙམ་གྱིས་དངོས་གྲུབ་སྟེར་བའི་ལྷ༔ མཐུ་ཆེན་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི༔ ༀ་མ་ཧཱ་དེ་ཝ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་བཟླའོ༔ ལས་ལ་བསྐུལ་བ་ནི་སྤོས་བསྲེགས་རོལ་མོ་བསྒྲགས༔ གཡབ་དར་གྱིས་གཡབ་ཅིང་༔ ཧཱུྃ༔ ཁམས་གསུམ་གཡོ་བ་རླུང་གི་དཀྱིལ་འཁོར་ནས༔ ལྷ་ཆེན་དབང་ཕྱུག་ཡབ་ཡུམ་འཁོར་བཅས་རྣམས༔ དབྱིངས་ནས་བཞེངས་ཤིག་སྐུ་བསྐྱོད་ཕྲིན་ལས་མཛོད༔ བསྙེན་སྒྲུབ་མཆོད་བསྟོད་དམ་ཚིག་འབྲེལ་བའི་ལྷ༔ སྲིད་པའི་བདག་པོ་མ་ཧཱ་དེ་ཝ་ཉིད༔ བདག་ལ་དངོས་གྲུབ་སྩོལ་བའི་དུས་ལ་བབ༔ དུས་ལ་བབ་

p. 239

པོ་བཛྲ་ས་མ་ཡ༔ སྔོན་གྱི་ཞལ་བཞེས་མ་གཡེལ་དམ་ཚིག་དགོངས༔ པདྨའི་བཀའ་སྡོད་དབང་ཆེན་སྤྲུལ་པ་མཆོག༔ སྐུ་མདོག་དམར་པོ་ཆགས་པ་རྒྱས་པའི་ཞལ༔ ཁྱོད་ཀྱི་སྟོབས་ཀྱིས་གཞན་སྣང་ཟིལ་གྱིས་གནོན༔ ཟིལ་གནོན་ཁྱོད་ཀྱིས་སྣང་སྲིད་ཟིལ་གྱིས་གནོན༔ ཟིལ་གྱིས་ནོན་ལ་བདག་ལ་དངོས་གྲུབ་སྩོལ༔ ལས་ཤུགས་སྟོབས་ཀྱིས་འགྲོ་ཀུན་དབང་དུ་སྡུད༔ དབང་མཛད་ཁྱོད་ཀྱིས་ཐམས་ཅད་དབང་དུ་སྡུས༔ དབང་དུ་བསྡུས་ལ་བདག་ལ་དངོས་གྲུབ་སྩོལ༔ གཟི་བརྗིད་འོད་ཀྱིས་སྟོང་ཁམས་གཡོ་བར་བྱེད༔ གཡོ་བྱེད་ཁྱོད་ཀྱིས་སྣང་སྲིད་ད་གཡོས་ཤིག༔ གཡོས་ཤིག་སྒུལ་ཅིག་བདག་ལ་དངོས་གྲུབ་སྩོལ༔ ཆགས་པའི་ཉམས་ཀྱིས་ཐམས་ཅད་དྲན་ཡིད་འགུགས༔ འགུགས་བྱེད་ཁྱོད་ཀྱིས་སྐྱེ་དགུ་མྱུར་དུ་ཁུག༔ མྱུར་དུ་བཀུག་ནས་བདག་ལ་དངོས་གྲུབ་སྩོལ༔ སྨོན་ལམ་དབང་གིས་ཆེ་བཙན་རྣམ་པར་རྒྱལ༔ དབང་ཆེན་ཁྱོད་ཀྱིས་ཕ་རོལ་དབང་ཕྲོགས་ཤིག༔ གཞན་དབང་ཕྲོགས་ལ་བདག་ལ་དངོས་གྲུབ་སྩོལ༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་སྡེ་དཔོན་པ༔

p. 240

དྲེགས་ཆེན་ཁྱོད་ཀྱི་དགྲ་བགེགས་རྟེན་དང་ཕྲོལ༔ མཐུ་སྟོབས་དྲག་པོའི་དངོས་གྲུབ་བདག་ལ་སྩོལ༔ ཕྱག་གཡས་མེ་ལོང་འོད་ཀྱིས་སྲིད་པ་མྱོས༔ དྲན་པ་མྱོས་པར་གྱིས་ལ་འདིར་སྐྱོད་ཅིག༔ གཡོ་བའི་རླུང་གི་ཞགས་པས་ཁམས་གསུམ་ཆིངས༔ དམིགས་ཡུལ་བདག་གི་དབང་དུ་དམ་པར་ཆིངས༔ དུས་ལ་བབ་པོ་དབང་ཕྱུག་ཡབ་དང་ཡུམ༔ མཁའ་འགྲོ་འཁོར་ཚོགས་ལས་ལ་ད་གཤེགས་ཤིག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཀུན༔ དབང་དུ་བསྡུས་ལ་འདིར་ཁུག་བདག་ལ་སྩོལ༔ ཁམས་གསུམ་སྲིད་པ་མ་ལུས་ཐམས་ཅད་ལས༔ ཆེ་བཙན་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་དྲག་ཏུ་བསྟོད་ཅིང་བསྐུལ་བ་ཡི༔ དབང་གི་ཕྲིན་ལས་མྱུར་མགྱོགས་ཐོགས་པ་མེད༔ རྗེས་རིམ་གཤེགས་བསྡུ་བསྔོ་སྨོན་བཀྲ་ཤིས་བརྗོད༔ ས་མ་ཡ༔ ཟབ་མྱུར་གསང་བ་དབང་ཕྱུག་དམར་པོ་འདི༔ ཆོས་སྐྱོང་སྲུང་མ་ཀུན་གྱི་མཐར་ཐུག་ཡིན༔ དབང་སྡུད་ནོར་སྒྲུབ་ཡང་སྙིང་གཅེས་ཟབ་འདི༔ བསྟན་འཛིན་སྐྱེས་བུའི་སྙིང་ལ་ཆིག་བརྒྱུད་ལས༔ གཞན་དུ་དམ་ཚིག་བཀའ་ཡི་རྒྱས་བཏབ་པོ༔ ས་མ་ཡ༔ བདག་ཕྲིན་ལས་བསྟན་དར་གྱི་རྨི་ལམ་བརྡ་ལས་བྱུང་བ་བཞིན་བཀོད་པའོ༔ སརྦ་མངྒ་ལཾ༔ དགེའོ༔

མགོན་པོ་དབང་ཕྱུག་དམར་པོའི་བསྐང་བ་ཕྲིན་ལས་ཀུན་འགྲུབ།

p. 241

࿅༔ མགོན་པོ་དབང་ཕྱུག་དམར་པོའི་བསྐང་བ་ཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་བཞུགས༔ མགོན་པོ་རླུང་གི་ཞགས་པའི་བསྐང་བ་ནི༔ མཆོད་པ་དང་སྤྱན་གཟིགས་བཟང་དུ་བཤམས༔ ཚོགས་དང་སྨན་རཀ་གསོ་བྲན་བྱས་ལ༔ སྤོས་བཏུལ་རོལ་མོ་བསྒྲག༔ གདུང་བའི་ཤུགས་ཕྱུང་ལ༔ ཧཱུྃ༔ བདེ་ཆེན་དག་པའི་ཞིང་ཁམས་ནས༔ འོད་དཔག་མེད་མགོན་ཐུགས་དམ་བསྐང་༔ བསྐང་ངོ་ཉམས་ཆག་དག་གྱུར་ཅིག༔ སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ ཁྲོས་པའི་སྐུར་སྟོན་རྟ་མཆོག་དཔལ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ པདྨ་ལས་འཁྲུངས་རྫུས་སྐྱེས་སྐུ༔ མཆོག་གི་སྤྲུལ་སྐུ་པདྨ་འབྱུང་༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ བྱིན་རླབས་ཡེ་ཤེས་རྩལ་དང་ལྡན༔ དངོས་ཉམས་བརྒྱུད་པའི་བླ་མ་རྣམས༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ ཆེ་བཙན་དབང་གི་གཟི་བརྗིད་འབར༔ དབང་ཕྱུག་ཆེན་པོ་ལྷ་ཡི་ལྷ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་

p. 242

ཀྱི༔ ཡིད་འཕྲོག་ལྷ་མོ་ཨུ་མ་དེ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ འགུགས་པར་བྱེད་པའི་ཕྲིན་ལས་བདག༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ འཆིང་བར་བྱེད་པའི་ལས་བྱེད་མ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ སེམས་ཅན་རྣམས་ནི་རྨོངས་བྱེད་མ༔ པདྨའི་རིགས་ཀྱི་མཁའ་འགྲོ་མ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ ཁེངས་སེམས་འཇོམས་ཤིང་མྱོས་པར་བྱེད༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་༔ ཉམས་ཆག་ཐམས་ཅད་དག་གྱུར་ཅིག༔ ཁམས་གསུམ་ཀུན་ལ་དབང་མཛད་པའི༔ འཁོར་ཚོགས་སྤྲུལ་པའི་ཐུགས་དམ་བསྐང་༔ ཧཱུྃ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྨད་བྱུང་གཏོར་མ་རི་ལྟར་བརྗིད༔ ཛ་གད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྱོམས༔

p. 243

ཚོགས་ཀྱི་ཞལ་ཟས་གྲམ་ལྟར་སྤུངས༔ མེ་ཏོག་སྣ་ཚོགས་མདངས་དང་ལྡན༔ དྲི་ཞིམ་ངད་ལྡན་སྤྲིན་ལྟར་གཏིབས༔ སྣང་བ་གསལ་བྱེད་སྒྲོན་མེ་འབར༔ བཟང་པོའི་དྲི་ལྡན་བྱུག་པའི་མཆོག༔ བཟའ་བཅའ་བཏུང་བའི་བྱེ་བྲག་བཀོད༔ སྙན་པའི་དབྱངས་དང་རོལ་མོའི་སྒྲ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན༔ མཛེས་བརྗིད་སྤུ་སྡུག་སྲོག་ཆགས་རིགས༔ འབྲུ་སྨན་རིན་ཆེན་དར་ཟབ་དང་༔ གོ་ཁྲབ་མཚོན་ཆའི་རིགས་བྱེད་དང་༔ ཕྱི་ནང་གསང་བའི་སྒྲུབ་རྫས་དང་༔ ལྷ་སྔགས་ཏིང་འཛིན་ཕྱག་རྒྱ་དང་༔ དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི༔ སྣང་སྲིད་རབ་འབྱམས་མཆོད་རྫས་ཀྱིས༔ རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ དབང་ཕྱུག་ཡབ་ཡུམ་ཐུགས་དམ་བསྐང་༔ མཁའ་འགྲོའི་འཁོར་ཚོགས་ཐུགས་དམ་བསྐང་༔ ཆོས་སྐྱོང་དམ་ཅན་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཆོས་ཉིད་ལྟ་བས་ཐུགས་དམ་

p. 244

བསྐང་༔ རང་གསལ་སྒོམ་པས་ཐུགས་དམ་བསྐང་༔ ལམ་ཁྱེར་སྤྱོད་པས་ཐུགས་དམ་བསྐང་༔ མངོན་གྱུར་འབྲས་བུས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ དམ་ཚིག་ཉམས་ཆག་དག་གྱུར་ཅིག༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ༔ སྟོབས་དང་གཟི་བརྗིད་དངོས་གྲུབ་སྩོལ༔ སྙན་དང་གྲགས་པའི་དངོས་གྲུབ་སྩོལ༔ དཔལ་དང་དབང་ཐང་དངོས་གྲུབ་སྩོལ༔ བརྗིད་ལྡན་གོས་ཀྱི་དངོས་གྲུབ་སྩོལ༔ མཛེས་ལྡན་རྒྱན་གྱི་དངོས་གྲུབ་སྩོལ༔ སྲ་བརྟན་གོ་ཁྲབ་དངོས་གྲུབ་སྩོལ༔ བཅུད་ལྡན་ཟས་ཀྱི་དངོས་གྲུབ་སྩོལ༔ དཀར་མངར་འབྲུ་སྨན་དངོས་གྲུབ་སྩོལ༔ རིན་ཆེན་དར་ཟབ་དངོས་གྲུབ་སྩོལ༔ ལོངས་སྤྱོད་མཁོ་དགུའི་དངོས་གྲུབ་སྩོལ༔ ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ༔ ལྷ་ཆེན་ཡབ་ཡུམ་འཁོར་དང་བཅས༔ བདག་ལ་མགོན་ཞིང་སྟོང་གྲོགས་མཛོད༔ དམ་འདས་འཁུ་ལྡོག་མ་བྱེད་ཅིག༔ སྡང་བའི་དགྲ་བོ་རྩད་ནས་ཆོད༔ གནོད་བྱེད་བགེགས་ཀྱི་སྡེ་དཔུང་ཐུལ༔

p. 245

ཟ་འདྲེ་ཕུང་སྲིའི་༔ རྒྱུན་ལམ་ཆོད༔ བྱད་ཕུར་གཏད་ཁྲམ་ཡེ་འདྲོག་ཟློག༔ གཏམ་ངན་མི་ཁ་བྲ་མཆུ་སྒྱུར༔ སྒབ་འདྲེ་དམ་སྲི་རྡུལ་དུ་རློགས༔ བདག་དང་དཀར་ཕྱོགས་ཡར་ལ་བསྟོད༔ བདུད་དང་ནག་ཕྱོགས་མར་ལ་སྨོད༔ མཐའ་དམག་མཚོན་འཁྲུགས་ཁ་ནོན་ཅིག༔ རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ༔ ལེགས་ལྡན་དབང་ཕྱུག་ལྕམ་དྲལ་རྣམས༔ འདིར་འདུས་སྒྲུབ་པོ་བདག་ཅག་གིས༔ མཆོད་སྒྲུབ་བསྟེན་པ་ཆུད་མ་གསོན༔ འབོད་དོ་ལྷ་ཆེན་སྙན་མ་སྲ༔ གཡབ་པོ་ལེགས་ལྡན་སྤྱན་མ་རྟུལ༔ བསྟེན་ནོ་དབང་ཕྱུག་རྒྱང་མ་རིང་༔ སྒྲུབ་པོ་དབང་ཆེན་སྙིང་མ་རིང་༔ མཆོད་དོ་ཚོགས་བདག་ངོ་མ་ཆུང་༔ བསྐུལ་ལོ་ཆོས་སྐྱོང་ངང་མ་རིང་༔ བཅོལ་ལོ་ལས་མཁན་གོང་མ་གཡེལ༔ རྦད་དོ་ཕོ་ཉ་བང་མ་བུལ༔ སྐུ་གསུམ་རིག་འཛིན་པད་འབྱུང་གི༔ བཀའ་དང་དམ་ལས་མ་འདའ་བར༔ སྒྲུབ་པའི་རིག་འཛིན་བདག་ཅག་གིས༔ ཁམས་གསུམ་དབང་སྡུད་ལས་འདི་བཅོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྲིད་གསུམ་ཟིལ་གནོན་ལས་འདི་བཅོལ༔

p. 246

བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྟན་པ་སྲུང་བའི་ལས་འདི་བཅོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཙུག་ལག་སྲུང་བའི་ལས་འདི་བཅོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་བཙུན་སྡེ་སྐྱོང་ལས་འདི་བཅོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཆོས་སྒྲུབ་མཐུན་རྐྱེན་ལས་འདི་བཅོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཞན་ཡང་བཤགས་ཚིག་ཡིག་བརྒྱ་བརྗོད༔ མགོན་པོ་དབང་ཕྱུག་དམར་པོའི་བསྐང་བ་ཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་ལས་རབ་རྩལ་གྱིས་ཇི་ལྟར་བརྗོད་པ་བཞིན་དུ་བསོད་ནམས་ཆོས་བཟང་བདག་གིས་ཡི་གེར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔

སྤུ་གྲི་སྔགས་ཀྱི་གབ་ཡིག

p. 247

࿅༔ སྤུ་གྲི་སྔགས་ཀྱི་གབ་ཡིག་ནི། ས་བྱི་ནག་པོ་ཆུ་ཀར་ཤིག༔ བྷུ་ཏི་ནག་པོ་ཙ་ལི་ལི༔ གྷར་ཤིག་ནག་པོ་ཙ་དམར་སྲོག་ལ་རྦད༔ ཁ་རུ་པ་སྙིང་ལ་རྦད་ཡ༔ ཏིང་ཤིག་སྲོག་ལེན་ནག་པོའི་སྲོག་ལ་རྦད༔ གཏོར་ནག་ཏི་ཏི་ཀི་ཀཾ་ཧ་ར་ནག་པོའི་སྙིང་ལ་རྦད༔ བན་བོན་སྔགས་པའི་མནན་གཏད་བསམ་ངན་སྦྱོར་རྩུབ་བཟློག༔ ཅེས་སོ༔ ས་མ་ཡ༔ སྡེ་བརྒྱད་རང་ཤ་རང་གིས་མི་ཟ་ཕྱིར་དང་ཤིན་ཏུ་དྲག་ཅིང་རྣོ་བའི་ཕྱིར༔ གོང་དུ་ཨ་ཡ་མ་དུ་རུ་ཙ་ཤ་ན་སྦྱར༔ སྔགས་རྒོད་ང་གཉིས་པ་ལ་འགྱུར་བ་མེད༔ ཟབ་བོ༔ ཨྠྀི༔ རྒྱུད་འཇམ་ཕྱིར་རྒྱུན་དུ་མི་སྦྱར༔ གསང་བ་གལ་ཤིན་ཏུ་ཆེའོ༔ སྔགས་ཀྱི་སྒྱུར་ཁའི་མདེའུ་ནི༔ འགུགས་སྔགས་ནི་ཆྒཻ་མོའི་བླ་སྲོག་རྣམ་པར་ཤེས་པ་བཛྲ་ཨངྐུ་ཤ་ཁུག་ཛ༔ ནྲྀ་ཏྲི་ཛཿཧཱུྃ་བཾ་ཧོ༔ བསད་སྔགས་ཆྒཻ་མོ་མཱ་ར་ཡ་ནྲྀ་ཏྲི་ཧུར་ཐུཾ་རྦད་རྦད་སོད་སོད༔ བསྐྲད་པ་ལ་ཆྒཻ་མོ་ཨུ་ཙ་ཏ་ཡ་ཕཊ༔ བསྲེག་པ་ནི་ཆྒཻེ་མོ་ཛྭ་ལ་རཾ་རཾ་ཁཱ་ཧི་ཁཱ་ཧི༔ མཱ་ར་ཡ་མཱ་ར་ཡ༔ མནན་པ་ནི་ཆྒཻ་མོ་ༀ་ལཾ་ཨཱཿལཾ་ཧཱུྃ་ལཾ་ཀཱ་ཡ་ཝཱཀྐ་ཙིཏྟ་སྟྭཾ་བྷ་ཡ་ནན༔ བཟློག་གཞུང་དུ་ཤེས༔ སྔགས་ཀྱི་སྒྱུར་ཁའི་ལྡེའུ་མིག་སྦས་རྒྱ༔

དམིགས་པའི་འཕྲུལ་འཁོར།

p. 248

༈ དམིགས་པའི་འཕྲུལ་འཁོར༔ འགུགས་པའི་དམིགས་པ་ནི་གཙོ་འཁོར་རང་འདྲ་བའི་ཕོ་ཉས་བཀུག་ནས་འགུགས་འཆིང་སྡོམ་མྱོས་སྐྱོབ་བྱེད་ཀྱི་ལྷ་དང་བྲལ་ནས་ཧོཾ་གྱི་ལིངྒ་ལ་བསྟིམ་པར་བསམ༔ བསད་པ་ནི༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་གྱིས་ནད་མཚོན་གྱི་ཆར་ཕབ་པས་རྡུལ་དུ་བརླགས་པར་བསམ༔ བསྐྲད་པ་ནི་ལས་རླུང་ལ་བསྐྱོན་ནས་ཕོ་ཉས་བསྐྲད་དེ་སྟོང་གསུམ་གྱི་ཕ་མཐར་བསྐྲད་པར་བསམ༔ བསྲེག་པ་ནི༔ བསྐལ་པའི་མེའི་ཀློང་དུ་ལྷ་ཚོགས་བསྒོམ༔ ལིངྒ་ཤ་ཁྲག་དུག་སྣ་ཐུན་སྣ་འབུལ་ཞིང་དགྲ་བགེགས་གཞོབ་ཐུལ་བསྲེགས་པར་བསམ༔ མནན་པ་ནི༔ ཆྒཻེ་མོའི་གནས་གསུམ་དུ༔ རི་རབ་ནག་པོ་གསུམ་གྱི་མགོ་ཐུར་དུ་བསྟན་ནས༔ མནན་པའི་སྟེང་དུ་རྡོ་རྗེའི་རྒྱ་གྲམ་རེ་འཁོར་ཞིང་མི་ལྡང་བར་བསམ༔ སྔགས་ཆུ་ནི༔ ལྷ་ཡི་སྐུ་ལས་བབས་པའི་ཁྲོ་ཆུ་ངར་ལྡན་དུ་བསམ༔ མཐར་ལྷ་ཞུ་ཞིང་བསྟིམ༔ དམིགས་པའི་འཕྲུལ་འཁོར་སྦས་རྒྱ༔ སྔགས་བདག་དཔའ་བོ་ལས་རབ་རྩལ་གྱི་ཐུགས་ཀྱི་ཆོས་སྡེ་ལས་ཕབ་པའི་ཡི་གེ་པ་བསོད་ནམས་ཆོས་བཟང་ང་ོ༔ དགེའོ༔

མན་ངག་གབ་ཅིང་སྦས་པ།

p. 249

࿅༔ མན་ངག་གབ་ཅིང་སྦས་པ་བཞུགས་སོ༔ དབང་ཕྱུག་ཆེན་པོ་གདུག་པ་ཀུན་འདུལ་ལ་ཕྱག་འཚལ་ལོ༔ བྱད་དང་ནད་གདོན་སྲུང་བའི་ཙཀྲ་ནི༔ ཡར་ངོའི་འགྲུབ་སྦྱོར་དང་ལྡན་པའི་དུས་སུ༔ བྲི་གཞི་རྒྱ་ཤོག་ལ་རྒྱ་སྣག་གིས་དབུས་སུ་ཧཱུྃ༔ ཐ་མར་དུ་སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་ནད་དང་གདོན་དང་དགྲ་བགེགས་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ དེའི་ཕྱི་རིམ་མུ་ཁྱུད་ལ་ༀ་མ་ཧཱ་དྷེ་ཝ་ཧཱུྃ་ཕཊ༔ མ་མ་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་འཆང་བ་ལ་ལྷའི་གདོན་ཚོགས་ལས་རཀྵ༔ གཤིན་རྗེའི་ཁྲམ་ཁ་ལས་རཀྵ༔ མ་མོའི་དལ་ཡམས་ལས་རཀྵ༔ བདུད་ཀྱི་ཞགས་པ་ལས་རཀྵ༔ རྒྱལ་པོའི་སྨྱོ་འབོག་ལས་རཀྵ༔ བཙན་གྱི་ཇག་སྣ་ལས་རཀྵ༔ གཟའ་ཡི་ཧུར་ཐུཾ་ལས་རཀྵ༔ ཀླུ་ཡི་གདུག་རྩུབ་ལས་རཀྵ༔ ཞེས་སོ་སོར་ཤམ་བུ་སྦྱར༔ དེའི་ཕྱི་རོལ་མུ་ཁྱུད་ལ༔ ས་བྱི་ནག་པོ་ཆུ་ཀར་ཤིག༔ བྷུ་ཏི་ནག་པོ་ཙ་ལི་ལི༔ གྷར་ཤིག་ནག་པོ་ཙ་དམར་སྲོག་ལ་རྦད༔ ཁ་རུ་པ་སྙིང་ལ་རྦད་ཡ༔ ཏིང་ཤིག་སྲོག་ལེན་ནག་པོའི་སྲོག་ལ་རྦད༔ གཏོར་ནག་ཏི་ཏི་ཀི་ཀཾ་ཧ་ར་ནག་པོའི་སྙིང་ལ་རྦད༔ སྔགས་རྒོད་ང་གཉིས་བྲི༔ ཤམ་

p. 250

བུར་གནོད་བྱེད་སྤྱིའམ་དམིགས་བསལ་ཡོད་ན༔ གནོད་བྱེད་དེལ་མི་ཚུགས་པར་རཀྵ་རཀྵ༔ དེའི་ཕྱི་རོལ་མུ་ཁྱུད་ལ༔ ཨཱ་ལི་གཡས་སུ་འཁོར་བ་དང་༔ ཀཱ་ལི་གཡོན་དུ་འཁོར་བར་བྱ༔ དེའི་ཕྱི་རོལ་མུ་ཁྱུད་ལ་རྡོ་རྗེ་དང་མེ་རི་མཛེས་པའི་ཚོན་གྱིས་བྱུག༔ རྫས་ནི་གླང་ཆེན་གྷི་ཝང་ངོ་༔ རབ་གནས་ཙཀྲ་དབང་ཕྱུག་ནག་པོ་བསྐྱེད་ཅིང་ཐུགས་ཀའི་ཧཱུྃ་ཡིག་ནག་པོའི་ཧ་ཁོག་གི་ནང་དུ་བསྲུང་བྱ་བསྒོམ༔ རང་སྔགས་རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་ཏུ་གནས་ཤིང་མེ་ཏོག་འཐོར༔ མི་ལག་མི་འབྲེལ་ས་རྗེན་མི་བཞག༔ ལུས་ཀྱི་དྲོད་དང་མ་བྲལ་བར་བྱ༔ བན་བོན་བྱད་མ་ལྷ་འདྲེ་སྡེ་བརྒྱད་སྟོང་གིས་མི་ཚུགས་ཏེ་རྡོ་རྗེའི་གུར་དུ་ཚུད་པ་འདྲ༔ བསྐལ་པའི་མེ་དཔུང་འབར་བའི་རང་བཞིན་དུ་མཐོང་ངོ་༔ སྲུང་བའི་མན་ངག་གབ་ཅིང་སྦས་པ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེ་ལས་ཕབ་པའི་ཡི་གེ་བ་བསོད་ནམས་ཆོས་བཟང་ངོ་༔ ༈ བཟློག་པའི་ཙཀྲ་ཐུན་མོང་མ་ཡིན་པ་ནི༔ ལྟེ་བར་བྱད་མའི་ལིང་ག་མིང་རུས་བླ་དྭགས་གཟེར་ཡིག་སྤྱི་ལྟར་ལ༔ སྙིང་གར་ནྲི་ཏྲིའི་མཐར་དགྲ་བགེགས་བྱད་མ་ཆྒཻ་མོའི༔ སྔགས་ཀྱི་ནུས་པ་རང་གཤེད་རང་ལ་ཕོབ་ཅིག༔ རྫས་ཀྱི་ནུས་པ་རང་གཤེད་རང་ལ་ཕོབ་ཅིག༔ བསྟེན་པའི་ལྷ་སྲུང་རང་གཤེད་རང་ལ་ཕོབ་ཅིག༔ བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་རང་གཤེད་རང་ལ་ཕོབ་ཅིག༔ དེའི་ཕྱི་རོལ་མུ་ཁྱུད་ལ་ༀ་མ་ཧཱ་དེ་ཝ་ཧཱུྃ༔ བྱད་མ་རྦོད་གཏོང་ཐམས་ཅད་ཨེ་ས་ན་ཡ་བྷྱོ་

p. 251

བཟློག༔ དེའི་ཕྱི་རིམ་རྩིབས་༔ བརྒྱད་ལ་ཨཡམདུརུཙཤན་འབྲུ་བརྒྱད་འགོད༔ ཤམ་བུར་རིམ་པ་བཞིན༔ ལྷའི་བྱད་ཁ་བྷྱོ་བཟློག༔ གཤིན་རྗེའི་བྱད་ཁ་བྷྱོ་བཟློག༔ མ་མོའི་བྱད་ཁ་བྷྱོ་བཟློག༔ རྨུ་དང་བདུད་ཀྱི་བྱད་ཁ་བྷྱོ་བཟློག༔ རྒྱལ་པོ་དང་འགོང་པོའི་བྱད་ཁ་བྷྱོ་བཟློག༔ བཙན་དང་ཐེའུ་རང་གི་བྱད་ཁ་བྷྱོ་བཟློག༔ གཟའ་དང་རྒྱུ་སྐར་གྱི་བྱད་ཁ་བྷྱོ་བཟློག༔ ཀླུ་དང་ས་བདག་གི་བྱད་ཁ་བྷྱོ་བཟློག༔ དེའི་ཕྱི་རིམ་མུ་ཁྱུད་ལ་ས་བྱི་ནག་པོ་ཆུ་ཀར་ཤིག༔ བྷུ་ཏི་ནག་པོ་ཙ་ལི་ལི༔ གྷར་ཤིག་ནག་པོ་ཙ་དམར་སྲོག་ལ་རྦད༔ ཁ་རུ་པ་སྙིང་ལ་རྦད་ཡ༔ ཏིང་ཤིག་སྲོག་ལེན་ནག་པོའི་སྲོག་ལ་རྦད༔ གཏོར་ནག་ཏི་ཏི་ཀི་ཀཾ་ཧ་ར་ནག་པོའི་སྙིང་ལ་རྦད༔ བན་བོན་སྔགས་པའི་མནན་གཏད་བསམ་ངན་སྦྱོར་རྩུབ་བཟློག༔ སོགས་ལ་དགྲ་བགེགས་བྱད་མ་བཟློག་པའི་སྔགས་ཤམ་སྒྱུར༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཀི་ས་ཡ་བྱས་པས་བར་མཚམས་མེད་པར་བཀོད༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨེ་ས་བྷྱོ་བཟློག༔ ཅེས་པས་བར་མཚམས་མེད་པར་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་སྲིད་མེ་ནག་པོ་མེ་རླུང་འཐབས་པས་བསྐོར༔ ཡིག་མགོ་ཐམས་ཅད་ནང་དུ་བསྟན༔ ཐོག་ལྕགས་དང་མཚོན་སྣ་ཚོགས་ཀྱི་བརྡར་ཕྱེ་རྫས་སུ་བྱུག༔ ལིང་ག་དགྲ་བགེགས་མངོན་སུམ་དུ་བསྐྱེད་བསྟིམ་བྱ༔ ཁོའི་ལྷ་སྔགས་རྫས་ཀྱི་

p. 252

ནུས་པ་རང་ལ་སྨིན་ཏེ་རང་གཤེད་རང་ལ་དབབ་པར་བསམ༔ རང་སྔགས་རྣམས་བརྒྱ་བཟླས་ཤིང་ཐུན་རྫས་སྣ་ཚོགས་རབ་ཏུ་གནས་པར་བྱ༔ གདོན་བགེགས་དང་མཐའ་དམག་སོགས་བསྒྱུར་ཤེས་པར་བྱའོ༔ ཟོར་གྱི་ནང་དུ་གཞུག་པའི་འཁོར་ལོའོ༔ ཞལ་ཤེས་མན་ངག་འདི་ཟློག་བསད་ཀྱི་སྐབས་ཡིན་ལ་གཏོར་བཟློག་རྐྱང་བ་ལ་ལིངྒ་དོར་ལ་ས་བོན་ཧཱུྃ་ཡིག་ཏུ་བསྒྱུར་ནས་རབ་གནས་བཅས་གཏོར་རྩེར་སྲུང་ཟློག་གི་ཙཀྲ་སྤྱི་ལྟར་རོ་ས་མ་ཡ༔ ༈ བྱད་མ་བསད་པའི་ཙཀྲ་ནི༔ དགྲ་བགེགས་ཀྱི་ལིངྒ་དངོས་འདྲ་བ་སྐྱེ་མཆེད་དོད་པར་གནས་ཡིག་དང་བླ་དྭགས་སྤྱི་ལྟར་རོ༔ སྲོག་ཡིག་དགྲ་ལ་ནྲྀ་བགེགས་ལ་ཏྲི་གཉིས་ལ་ནྲྀ་ཏྲི་ཛ༔ དགུ་ཁྲམ་གྱིས་བསྐོར༔ དགྲ་བགེགས་བྱད་མ་ཆྒཻ་མོའི་བླ་སྲོག་རྣམ་པར་ཤེས་པ་ཁུག་ཅིག་ཆིངས་ཤིག༔ ཛཿཧཱུྃ་བཾ་ཧོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ རྩིབས་བརྒྱད་རྩིབས་རྩེ་ནང་དུ་བསྟན༔ རྩིབས་རྣམས་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་རིམ་བཞིན་དུ་ཤམ་བུར༔ ལྷ་ཐམས་ཅད་དགྲ་བགེགས་འདིའི་གཤེད་དུ་ཕོབ་ཅིག༔ ཛཿཛཿབཀའ་ཆད་ཕོབ་ཅིག༔ གཤིན་རྗེ་ཐམས་ཅད་དགྲ་བགེགས་འདི་ལ་ཁྲམ་ཁ་ཕོབ་ཅིག་ཛ་ཛཿབཀའ་ཆད་ཕོབ་ཅིག༔ མ་མོ་ཐམས་ཅད་ཀྱིས་དགྲ་བགེགས་འདི་ལ་དལ་ཡམས་ཕོབ་ཅིག་ཛ་ཛཿབཀའ་ཆད་ཕོབ་ཅིག༔ དམུ་བདུད་ཐམས་ཅད་ཀྱིས་དགྲ་བགེགས་འདི་ལ་ཞགས་པ་ནག་པོ་ཕོབ་ཅིག་ཛ་ཛ༔ རྒྱལ་པོ་ཐམས་ཅད་ཀྱིས་

p. 253

དགྲ་བགེགས་འདི་ལ་སྨྱོ་འབོག་ཕོབ་༔ ཅིག་ཛ་ཛ༔ བཀའ་ཆད་ཕོབ་ཅིག༔ བཙན་ཐམས་ཅད་ཀྱིས་དགྲ་བགེགས་འདི་ལ་གློ་བུར་དྲག་པོ་ཕོབ་ཅིག་ཛ་ཛ༔ བཀའ་ཆད་ཕོབ་ཅིག༔ གཟའ་ཐམས་ཅད་ཀྱིས་དགྲ་བགེགས་འདི་ལ་ཀིང་ཀང་ཧུར་ཐུམ་ཕོབ་ཅིག་ཛ་ཛ༔ བཀའ་ཆད་ཕོབ་ཅིག༔ ཀླུ་ཐམས་ཅད་ཀྱིས་དགྲ་བགེགས་འདི་ལ་མཛེ་ཤུ་ཕོལ་མིག་ཕོབ་ཅིག༔ རྩིབས་མཆན་རྣམས་སུ་མཚོན་ཆ་སྣ་ཚོགས་རྩེ་ནང་དུ་བསྟན་པ་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ སྔགས་རྒོད་ང་གཉིས་པའི་ཐ་མ༔ བསད་པ་མནན་པ་བསྲེག་པ་སོགས་གང་འདོད་སྔགས་ཤམ་བསྒྱུར༔ དེའི་ཕྱི་རིམ་མུ་ཁྱུད་ལ་ཨེ་ཧུར་ཐུཾ་ཛ༔ ཞེས་པས་བར་མཚམས་མེད་པར་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་ལ་མཱ་ར་ཡ་རྦད༔ ཅེས་བསད་པ་སྟེ་བསྲེག་པ་དང་མནན་པ་སྔགས་དེའི་མཐར་སོད་དང་ནན་དང་རཾ་ཞེས་བསྒྱུར་དེའི་ཕྱི་རིམ་དུ་མནན་ན༔ རི་རབ་ནག་པོ་བང་རིམ་གསུམ་པ་དང་བར་མཚམས་སུ་ནན་དང་བསད་པ་ཛཿནན་ཁྲམ་གསུམ་བསྲེག་པ་མེ་རི་རཾ་གྱིས་མཚན་པས་བསྐོར༔ དགྲ་ལ་ཟག་རྫས༔ བགེགས་ལ་འདྲེ་འཚུབ་ཀྱི་ས༔ བྱད་མ་ལ་ལྷ་སྲུང་གི་རྟེན་གྱི་རིས་ལོ་གཏོར་སྔགས་ནུས་སྒྲུབ་པའི་ཐུན་རྣམས་བྱུག༔ དམེ་མཛེ་དུག་ཁྲག་སོགས་ཀྱིས་ཀྱང་བྱུག་ཧོམ་དུ་གཞུག་གཟུ་དཔང་དང་གསེར་སྐྱེམས་བཏང་བསྐུལ་བ་དྲག་ཏུ་བཏང་འགུགས་བསད་ཀྱི་རྟགས་ཐོན་པར་བསྒྲུབ༔ མི་ཁའི་རྫས་དང་བཅས་ཏེ་ཐོད་ངན་ནང་དུ་སྡོམ༔ ཕུང་རེས་དྲིལ་རྩང་དང་ཚོན་སྐུད་ཀྱིས་

p. 254

བསྡམ༔ རི་སྣ་ཐུར་རྒྱུག་གམ་རྒྱ་གྲམ་གྱི་ལམ་མམ་ལྷ་ཁང་དང་མཆོད་རྟེན་བྱིན་ཅན་གྱི་འོག་ཏུ་མནན༔ བྲོ་ཡི་རྒྱས་གདབ༔ མི་དམིགས་པའི་ངང་དུ་འཇོག༔ ཡང་ན་སྲེག་པ་ཧོམ་གྱི་ལས་སྦྱོར་སྤྱི་ལྟར་རོ༔ དགྲ་བགེགས་བྱད་མ་བསད་པའི་ཙཀྲ་ས་མ་ཡ༔ ཁ་ཐཾ་གུ་ཧྱ༔ རྒྱ་རྒྱ་རྒྱ༔ ལས་རབ་རྩལ་གྱིས་སོ༔ ༈ སྦས་མཐུ་ཕུང་ཆར་ནག་པོ་ནི༔ གཡག་རྭའི་ནང་དུ་བོང་བ་ལ་འབྲི་ཚིལ་མ་བཞག༔ དེའི་སྟེང་དམིགས་བྱའི་རྟུག་པ་བཞག༔ དེའི་སྟེང་དུ་འབུ་ར་རོག་པོ་བཞག་ལ་ཀླུ་གཏད་བྱ༔ འབུས་རྟུག་པ་ཟོས་ནས་བོང་བ་ལ་འཐུང་རན་དགྲ་བོ་འཆིའོ༔ བཙན་ཐབས་ཀྱི་གབ་ཡིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་སྤྲོས་མེད་དུ་ཉམས་སུ་ལེན་ན༔ བདག་དབང་ཕྱུག་གཞུང་བཞིན་བསྒོམ༔ དགྲ་བགེགས་ཐལ་མོ་རྡེབ་པའི་བར་དུ་སྒོང་ལྤགས་བཅར་བ་ལྟར་བསམ༔ ཡང་ན་མེ་ཟེར་གྱིས་བསྲེགས་པར་བསམ༔ ཡང་ན་སྤྲུལ་པ་དང་སྡེ་བརྒྱད་འཁོར་ཚོགས་ཀྱིས་གནོད་བྱེད་ཆྒཻ་དེ་འགུགས་པ་དང་བསད་པ་དང་བཅིང་བ་དང་བསྐྲད་པ་དང་མནན་པ་དང་ཧབ་ཐོབ་ཏུ་ཟོས་པ་སོགས་དམིགས་པའི་འཕྲུལ་འཁོར་གང་འདོད་པ་ཁ་བསྒྱུར༔ སྔགས་རྒོད་ནག་པོ་བྱད་མ་སྙིང་འབྱིན་ང་གཉིས་པ་དྲག་ཏུ་བཟླ༔ གལ་ཆེན་ལ་ཐུན་དུ་བཅད༔ རྒྱུན་གྱི་ཉམས་ལེན་ལ་ཉེར་གཅིག་རེ་བཟླ་ཞིང་ཐལ་མོ་རྡེབ་པས་འགྲུབ་པོ༔ འདི་ཉིད་ཀྱི་སྔགས་ཆུ་བྱས་ཏེ་བཀྲུས་ཤིང་འཐུང་ན་བྱད་གྲོལ་གྱི་མཆོག་ཏུ་འགྱུར༔ ནད་རིགས་བཞི་བརྒྱ་རྩ་བཞི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ སྡེ་བརྒྱད་འབྱུང་པོ་ལ་སོགས་ལོག་པར་འདྲེན་པ་ཐམས་ཅད་འདིས་མི་ཐུབ་པ་དང་མི་བཟློག་པ་གང་ཡང་མེད་དོ༔ ལས་གང་ལ་ཡང་སྔགས་དང་དམིགས་པའི་ཁ་བསྒྱུར་བྱས་པས་ཐེ་ཚོམ་མེད་པར་འགྲུབ་བོ༔

p. 255

སྲིད་པ་སྤྱི་འདུལ་དབང་ཕྱུག་ནག་པོའི་ཐལ་མོ་རྡེབ་ཆོག་བྱད་མ་སྙིང་འབྱིན་བཞུགས་སོ། །ཧཱུྃ། སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྙིང་རྗེའི་ངང་ལས་སྐད་ཅིག་གིས། །བྱད་མ་དགྲ་བགེགས་བསྣོལ་བའི་སྟེང་། །བདག་ཉིད་དབང་ཕྱུག་ནག་པོ་ནི། །ཞལ་གཅིག་ནག་ལ་རྔམ་ཞིང་ཁྲོ། །སྐུ་མཆོག་རི་རབ་ཚད་མཉམ་པ། །རྒྱན་མེད་གཅེར་བུ་ལིང་ག་སྒྲེང་། །ཞབས་གཉིས་ཉ་སུག་ཧྲིང་ངེ་བཞེངས། །ཕྱག་གཉིས་ནམ་མཁའ་ས་གཞི་ཡི། །བར་དུ་གནོད་ཅིང་འཚེ་བ་ཡི། །བན་བོན་མནན་གཏད་བསམ་ངན་འཆང་། །གཟུགས་ཅན་གཟུགས་མེད་སེམས་འཆང་ཀུན། །ཐལ་མོ་ཆ་ལང་བརྡབས་པ་ཡིས། །སྒོང་ལྤགས་བཅར་བ་བཞིན་དུ་བསྒོམ། །ཕྱོགས་མཚམས་ལྷ་སྲིན་སྡེ་བརྒྱད་ཚོགས། །ཀུན་ཀྱང་སྤྲུལ་པ་ཡང་སྤྲུལ་བཅས། །བྱད་མ་དགྲ་བགེགས་འཇོམས་ལ་དཔའ། །བདག་ཉིད་སྲིད་པ་སྤྱི་འདུལ་གྱི། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །བསྲུང་བྱ་ལྷ་དང་ལྷ་མོར་གསལ། །སྲུང་བྱེད་ཁྲོ་ཚོགས་རང་འདྲ་བའི། །དཔག་མེད་ཕྱི་རོལ་

p. 256

ཞལ་གཟིགས་ནས། །བཟློག་པའི་དྲག་སྔགས་འབྲུག་ལྟར་ལྡིར། །ས་བྷི་ནག་པོ་ཆུ་ཀར་ཤིག །བྷུ་ཏི་ནག་པོ་ཙ་ལི་ལི། །གྷར་ཤིག་ནག་པོ་ཙ་དམར་སྲོག་ལ་རྦད༔ ཁ་ལ་རུ་པ་སྙིང་ལ་རྦད་ཡ༔ ཏིང་ཤིང་སྲོག་ལེན་ནག་པོ་སྲོག་ལ་རྦད༔ གཏོར་ནག་ཏི་ཏི་ཀཱིང་ཀཱང་ཧ་ར་ནག་པོའི་སྙིང་ལ་རྦད༔ བན་བོན་སྔགས་པའི་བསམ་ངན་སྦྱོར་རྩུབ་བཟློག༔ ཅེས་ཉེར་གཅིག་བཟླ། ན་མོ་ཆོས་སྐུ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །རིགས་བདག་འོད་དཔག་མེད་མགོན་ལ་སོགས་ཆོས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ལོངས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །གུ་རུ་མཚོ་སྐྱེས་རྡོ་རྗེ་སྤྲུལ་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། རིག་འཛིན་ཤཱནྟིཾ་གྷརྦྷ་ལ་ཕྱག་འཚལ་ལོ། །དམོད་པ་གྲུབ་པའི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བཀའ་བདེན་པ་དང་། ལང་གྲོ་དཀོན་མཆོག་འབྱུང་གནས་ལ་ཕྱག་འཚལ་ལོ། །རྗེ་འབངས་ལོ་པཎ་གྲུབ་ཐོབ་

p. 257

རྣམས་ཀྱི་བཀའ་བདེན་པ་དང་། ཁྲག་འཐུང་དཔའ་བོ་ལས་རབ་ལ་ཕྱག་འཚལ་ལོ། །ཟབ་མོ་དག་སྣང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། རྩ་བའི་ཆོས་བདག་རྣམ་གཉིས་ལ་ཕྱག་འཚལ་ལོ། །དབང་ལུང་མན་ངག་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དབང་ཆེན་རྟ་ཕག་ཡབ་ཡུམ་ཕྱག་འཚལ་ལོ། །ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དབང་ཕྱུག་སྲིད་པ་སྤྱི་འདུལ་ལ་ཕྱག་འཚལ་ལོ། །ཤྲྀ་རལ་པ་ཅན་སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་སྔགས་བདག་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། །སྒོས་དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བསྡོ་བ། གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན།

p. 258

ལྷས་གཉའ་ནས་ཇག་པ་རྩོམ་པ། ལྷས་འོག་ནས་རྐུན་མ་རྩོམ་པ། འགྲོ་ལམ་དུ་རྩང་འཛུགས་པ། ཟ་ལམ་དུ་དུག་གཡོ་བ། དོ་བསྡོ་ཞིང་ཕོད་བཙུགས་པ་འགྲས་འཛིན་ཅིང་ཡ་བོར་ཚོལ་བའི་མཐའ་དགྲ་དང་འཁྲུག་རྩོད་མི་ཁ་དང་། གྱོད་སྣ་སློང་བ། བྱུར་སྲི་དང་སྐེག་ངན་ལངས་པ་མོ་ངན་རྨི་ལྟས་མཚན་མ་ངན་པ་བཀའ་དང་དམ་ལ་མི་གནས་ཤིང་རིགས་ལ་བསྙེགས་པ་རྣམས་དང་། ཁྱད་པར་དུ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་བྱད་ཁ་ཕུར་ཁ་གཏད་ཁ་ཁྲམ་ཁ་བཏང་བའི་སྡེ་བརྒྱད་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་རྣམས་ཀྱིས་ཁོ་རང་གི་མཐུ་དང་ནུས་པ་ཐམས་ཅད་རང་གཤེད་རང་ལ་ཕོབ་ཅིགརང་སྲོག་རང་གིས་ཆོད་ཅིགརང་ཤ་རང་གིས་ཟོ་ཞིགརང་ཁྲག་རང་གིས་འཐུང་ཞིགསྣང་ཞིང་སྲིད་པའི་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། ཁོ་རང་གི་གཤེད་དུ་ཕོབ་ཅིགཕྱིར་བཟློག་པར་གྱུར་ཅིགམེད་པར་གྱུར་ཅིགཞི་བར་གྱུར་ཅིགརབ་ཏུ་ཞི་བར་གྱུར་ཅིགཨ་ཡ་མ་དུ་རུ་ཙ་ཤ་ན། ས་བྱི་ནག་པོ་ཆུ་ཀར་ཤིགབྷུ་ཏི་ནག་པོ་ཙ་ལི་ལི། གྷར་ཤིག་ནག་པོ་༔ ཙ་དམར་

p. 259

སྲོག་ལ་རྦད། ཁ་ལ་རུ་པ་སྙིང་ལ་རྦད་ཡ། ཏིང་ཤིང་སྲོག་ལེན་ནག་པོ་སྲོག་ལ་རྦད། གཏོར་ནག་ཏི་ཏི་ཀཱིང་ཀཱང་ཧ་ར་ནག་པོའི་སྙིང་ལ་རྦད། བན་བོན་སྔགས་པའི་བསམ་ངན་སྦྱོར་རྩུབ་བཟློགཧཱུྃ། བདག་ཉིད་དབང་ཕྱུག་ཆེན་པོ་ཡི། །ཕྱག་གཉིས་གནམ་ས་ཆ་ལང་བརྡབ། །དགྲ་བགེགས་བྱད་མ་ལྷ་སྲུང་ཀུན། །དམིགས་མེད་ཐལ་བ་རྡུལ་བཞིན་བརླག །རྣམ་པར་ཤེས་པ་ཧཱུྃ་དུ་གྱུར། །འོག་མིན་དབང་དྲག་རོལ་པའི་ཞིང་། །ཁྲོ་རྒྱལ་རྟ་མགྲིན་ཐུགས་ཀར་ཐིམ། །རྒྱལ་བའི་སྲས་སུ་སངས་རྒྱས་གྱུར། །དགེའོ། །བཀྲ་ཤིས། །དཔའ་བོ་ལས་རབ་རྩལ་གྱིས་སོ། །

དགེ་འདུན་འདུ་འཁོར་གྱི་གཏོར་འབུལ་ཕྲིན་བཅོལ།

p. 260
p. 261

࿅༔ དགེ་འདུན་འདུ་འཁོར་གྱི་གཏོར་འབུལ་ཕྲིན་བཅོལ་བཞུགས༔ ཧྲཱིཿསྐུ་གསུམ་རྒྱལ་བའི་ཡུམ་མཆོག་མཚོ་རྒྱལ་མ༔ དཀར་དམར་མཛེས་འཛུམ་བོད་མོའི་ཆས་ཀྱིས་སྤྲས༔ མཉམ་བཞག་བྷནྡྷ་བདུད་རྩི་ནོར་བུས་མཚན༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿརྒྱལ་ཀུན་སྙིང་རྗེའི་སྤྱན་ལས་ཡོངས་སུ་སྤྲུལ༔ དཀར་ལྗང་མདངས་ལྡན་ལོངས་སྐུ་ཡིད་བཞིན་ནོར༔ རྗེ་བཙུན་སྒྲོལ་མ་མཆེད་གཉིས་ལྷག་པའི་ལྷ༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿགསང་བ་ཡེ་ཤེས་བདེ་བའི་མཆོག་སྦྱིན་མ༔ དམར་མོ་ཕྱག་བཞི་ཞི་ཁྲོའི་ཉམས་དང་ལྡན༔ ཐུགས་རྗེས་རྗེས་ཆགས་དབང་གི་མཁའ་འགྲོ་མ༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿསྒྲོལ་མ་རིག་བྱེད་དམར་གསལ་ཕྱག་བཞི་མ༔ ཨུཏྤལ་མདའ་གཞུ་ལྕགས་ཞགས་ཕྱག་རྒྱ་ཅན༔ དྲན་པས་བུ་ལ་འདོད་པའི་དཔལ་སྟེར་ཡུམ༔ གུས་པས་

p. 262

ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿརྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ནི༔ སྐུ་གསུམ་མཁའ་འགྲོའི་རྣམ་འཕྲུལ་བསམ་མི་ཁྱབ༔ རིགས་ལྔའི་མཁའ་འགྲོ་སྡེ་བརྒྱད་ཌཱཀྐི་འབུམ༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿསེང་གདོང་མཐིང་ནག་རིགས་ལྔའི་སེང་གདོང་ཡུམ༔ གྲི་ཐོད་ཕྱག་རྒྱ་དབང་མཛད་ལྕགས་ཞགས་འདེབས༔ སྤྲུལ་པ་སེང་གེ་མེ་དབལ་ནག་མོ་སྤྲོ༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿརྒྱལ་ཀུན་གྱིས་བསྔགས་ནོར་རྒྱུན་གསེར་ཆེན་མདངས༔ བི་ཛ་པུ་ར་འབྲས་ཀྱི་སྙེ་མ་བསྣམས༔ ཕྱེད་སྐྱིལ་དར་དང་རིན་ཆེན་དུ་མས་བརྒྱན༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿགནོད་སྦྱིན་ཕག་གདོང་སེར་མོ་གྲི་ཐོད་འཛིན༔ ཁ་ཾ་མཆན་བཙུགས་ལས་བཞིའི་ཕག་གདོང་བཅས༔ རྒྱལ་བའི་ཞལ་

p. 263

མཐོང་སྒྲུབ་ལ་ནོར་སྟེར་མོ༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཧྲཱིཿཟས་ནོར་གོས་སྦྱིན་དབྱུག་གུ་མཆེད་སྡེ་གསུམ༔ རྒྱལ་བའི་ཐུགས་བསྐྱེད་ལས་གྲུབ་གནོད་སྦྱིན་མོ༔ ཤ་ཟ་རལ་ཅན་དབང་གི་ལྷ་མོ་མཆོག༔ གུས་པས་ཕྱག་འཚལ་དམ་རྫས་མཆོད་གཏོར་བཞེས༔ སྣང་སྲིད་མ་ལུས་དབང་སྡུད་ཕྲིན་ལས་མཛོད༔ ཅེས་ལས་རབ་རྩལ་གྱིས་སོ༔

རྙིང་ལུགས་ཀྱི་བཀའ་སྲུང་ཆོས་སྐྱོང་རྣམས་ལ་གལ་ཆེ་བའི་ཞལ་ཤེས་མ་རིག་མུན་སེལ།

p. 264
p. 265

࿅༔ རྙིང་ལུགས་ཀྱི་བཀའ་སྲུང་ཆོས་སྐྱོང་རྣམས་ལ་གལ་ཆེ་བའི་ཞལ་ཤེས་མ་རིག་མུན་སེལ་བཞུགས། ལར་རྙིང་ལུགས་ཀྱི་ཆོས་སྐྱོང་འདི་རྣམས་ལ། རྟེན་གཏོར་སྟོད་ལྷ་ཚོགས་གཙོ་འཁོར་དང་། སྨད་མཆོད་པར་ཤེས་པ་དང་། བསྐང་མདོས་སོགས་དེ་དག་གི་མཁོ་དགུའི་ཡོ་བྱད་དང་། སྲུང་མ་དེའི་གནས་གཞིའི་ཕོ་བྲང་དང་བཅས་པར་ཤེས་དགོས། ཐུན་གཏོར་དང་རྒྱུན་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་འགུགས་བསྟིམས་བྱིན་གྱིས་བརླབས་ཤིང་ཡིད་ཆེས་པར་ཞལ་བསྟབ་བྱ། ལར་ཟོར་འཕེན་པའི་རིགས་རྣམས་ལ་གཏོར་མ་དམ་ཅན་དྲེགས་པའི་དམག་ཚོགས་སུ་གསལ། རང་སྲུང་མ་དེའི་རིགས་བདག་ཆེ་མཆོག་གང་ཡིན་གྱི་ང་རྒྱལ་བརྟན་ཅིང་། རང་མ་ཉེས་པ་དང་དགྲས་ཉེས་པ་བསྒྲགས། ལིང་ག་ལ་དགྲ་བགེགས་འགུགས་བསྟིམས་བསྒྲལ་ཞིང་དམག་ལྟོའི་ཚུལ་དུ་འབུལ། སྲུང་མ་འཁོར་བཅས་རང་ཧེ་རུ་ཀའི་བཀའ་ཉན་གསུང་སྡོད་བྲན་དང་ཡང་འཁོར་གྱི་ཚུལ་དུ་གནས་པ་དེ་ཉིད་བཀའ་དང་དམ་ཚིག་རྗེས་སུ་དྲན་ནས་མཐུ་སྟོབས་ནུས་པའི་དཔུང་ཚོགས་དཔའ་རྔམ་འཁྲུགས་པའི་ཞེ་སྡང་དང་བཅས་ནས་གནམ་ས་འཁྲུགས་པའི་ཐོག་སེར་བཞིན་དུ། ནད་མཚོན་དུག་རླངས་ཐན་ལྟས་ཀྱི་ཆར་དྲག་པོ་རབ་ཏུ་གཡོས་ཏེེ་དགྲ་བོའི་གནས་གཞིས་ཡུལ་མཁར་དང་བཅས་པ་ལ་བརྒྱབ་པས་མི་བསད། ནོར་བརླགས། ལྷ་སྲུང་རང་གཤེད་དུ་ཕབ། ཡུལ་ཁམས་སྟེང་འོག་བརྗེས། གྲོག་ཚང་ལ་སེར་བ་བརྒྱབ་པ་བཞིན་དུ་བཏང་སྟེ་རྡུལ་དུ་བརླགས་ནས་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་བསམ། འདི་ནི་དྲག་བསྐུལ་དང་ཟོར་གྱི་དམིགས་པ་ཡིན་གྱིས། ཆོས་སྐྱོང་སྒྲུབ་མཁན་རྣམས་ལ་གོང་གནོན་ཡི་དམ་ལྟ་བ་གྱད་ཀྱི་ལྷ་དབང་དང་དམ་ཚིག་ཕྱི་ནང་གསང་བའི་བླ་རྡོ་བསྐང་གསོལ་རྒྱུན་གཏོར་

p. 266

དུས་གཏོར་སོགས་ཆག་མེད་དང་། འབོད་རྦད་བསད་གསུམ་གྱི་རྫས་དང་སྔགས་དམིགས་ལོག་གནོན་གནད་ལ་དབབ་པ། ཤི་ས་བསྟན་པ། ཞུད་ཁ་སྲུང་བའི་མན་ངག་གི་གནད་རྣམས་ལ་ལག་ལེན་ཞིབ་ཅིང་གནད་དུ་འགྲོ་བ་ཞིག་དགོས་པ་འདྲའོ། །དགེ་རྒན་བསྟན་འཕེལ་གྱིས་བསྐུལ་ངོར་ཕྲིན་ལས་ཀྱིས་སྦྱར་བའོ། ། ༈ ཆོས་སྲུང་གི་གཏོར་མ་རྣམས་ལ། ཤ་ཁྲག་དང་བྷ་ལིང་བསྣན། ཐུན་གཏོར་གསར་དུ་བཤམས་པ་ལ་ཕུད་རྒོད་གཏོར་ཆུ་གཙང་བྲན། རཾ་ཡཾ་ཁཾ་གིས་བསང་སྦྱངས། ན་མོ་དཀོན་མཆོག་གསུམ་གྱི་ཞེས་དགྲ་བགེགས་དགུག་གཞུག་ལན་མང་དུ་བྱ་ཞིང་། དེ་ནས་ཛཿཧཱུྃ་བཾ་ཧོས་ཐོག་དྲངས་ཕྱག་རྒྱ་བཞིའི་སྔགས་དང་འབེབས་པ་དང་དབྱེ་བའི་སྔགས་ཀྱང་བྱ་དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་བའི་སོགས་བརྗོད། སྦྱངས་སྤེལ་བསྒྱུར་ཞིང་། འབྲུ་གསུམ་བརྗོད་ལ་སྨན་རཀ་གིས་བྲན་ཅིང་སྤེལ། དེ་ནས་གཞུང་བསྲངས་ཤིང་མཆོད་ཐབས་སོགས་བྱ། ༢ཡང་ཚོགས་ཀྱི་སྐབས་རྣམས་སུ་ཚོགས་རྫས་ལ་བསང་ཆུ་གཏོར་དེ་རྗེས་སྨན་རཀ་སྦྲེངས་ཤིང་བྱིན་གྱིས་བརླབས། བསྐང་བའི་དུས་ལྷ་གྲངས་ལ་ཚོགས་རྫས་སྣ་ཚང་འབུལ། དེ་སྐབས་སུ་ཡང་སྨན་རཀ་གིས་མ་བྲན་ན་ཆད་པའི་སྐྱོན་ཆེའོ། །ཡང་ཆོས་སྐྱོང་རྣམས་ཀྱི་བསྐང་མདོས་རྒྱས་པར་གྲུབ་མེད་ན། ཚོགས་རྫས་མཁོ་དགུའི་ཡོ་བྱད་འཕྲོ་བར་བསམས་ཤིང་སྨན་རཀ་བཅས་བསྐང་བཤགས་བཏོན་ཀྱང་ཆོག་པ་ཕྱག་ལེན་དུ་ཡོད། གསོལ་ཁ་གྲངས་ཅི་ཙམ་འདོན་པར་སྨན་རཀ་གཏོར་གསུམ་གསོ་བྲན་དགོས། ཡང་དྲག་བསྐུལ་འགའ་ཞིག་གི་སྐབས་འབོད་རྦད་བསད་པ་སོགས་སོ་སོའི་དྲིལ་སྔགས་ཡོད་ན་དྲག་ཏུ་བཟླས་ཤིང་། དེ་རྗེས་གཏོར་མ་དགྲ་ཕྱོགས་སུ་གཏོར་བ་ཡིན། མངྒ་ལཾ། ཞེས་ལས་རབ་རྩལ་གྱི་ཞལ་ཤེས་རང་གི་བརྗེད་ཐོར་བཀོད་པའོ། །དགེའོ། །

བཀའ་སྲུང་སྤྱིའི་གསོལ་མཆོད་བསྡུས་པ།

p. 267

࿅༔ བཀའ་སྲུང་སྤྱིའི་གསོལ་མཆོད་བསྡུས་པ་བཞུགས༔ རྩ་གསུམ་སྲུང་མར་བཅས་ལ་ཕྱག་འཚལ་ལོ༔ གནས་སྐབས་བྲེལ་བའི་དུས་འགའ་ཞིག་ཏུ་གཏོར་ཚོགས་གཞན་ཟས་ཀྱི་ཁ་ཕུད་ཇ་མཆོད་ཀྱང་རུང་སྟེ་སྙན་པའི་ངག་དང་གུས་པའི་ཡིད་ཀྱིས་འདི་ལྟར་རོ༔ ༀ༔ ཞིང་འདིར་ལྷ་དང་གཞལ་ཡས་ཁང་དུ་གྱུར༔ ཟབ་ཡངས་རིན་ཆེན་སྣོད་དུ་སྦྱར་བའི་རྫས༔ རཾ་ཡཾ་ཁཾ་གིས་འབག་རྩོག་བསྲེགས་གཏོར་བཀྲུས༔ ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ རང་བཞིན་གནས་ནས་བླ་མ་ཡི་དམ་དང་༔ མཁའ་འགྲོ་ཆོས་སྐྱོང་འདིར་གཤེགས་དགྱེས་པར་བཞུགས༔ དངོས་སམ་ཡིད་ལས་སྤྲུལ་པའི་མཆོད་པའི་ཚོགས༔ གང་ལ་ཅི་འདོད་དགོས་དགུའི་ཆར་པ་འདིས༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས༔ རིག་འཛིན་རྩ་བ་བརྒྱུད་པའི་བླ་མ་མཆོད༔ དབང་ཆེན་རྟ་མགྲིན་དྲེགས་པ་ཟིལ་གནོན་སོགས༔ ཡི་དམ་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་མཆོད༔ དབྱིངས་ཀྱི་ཡུམ་ཆེན་རྡོ་རྗེ་ཕག་མོ་སོགས༔ མཁའ་འགྲོ་དཔའ་བོ་དཔའ་མོ་རྒྱ་མཚོ་མཆོད༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པ་ཡི༔ སྤྱན་སྔར་ཁས་བླངས་འཇིག་རྟེན་སྐྱོང་

p. 268

རྣམས་མཆོད༔ ཕོ་རྒྱུད་ཆེ་བཙན་དཔལ་མགོན་ཕྱག་བཞི་མཆོད༔ མོ་རྒྱུད་ཆེ་བཙན་དཔལ་ལྡན་ལྷ་མོ་མཆོད༔ གཉིས་མེད་ཆེ་བཙན་མ་ནིང་ནག་པོ་མཆོད༔ གསང་བདག་བཀའ་སྡོད་ཁྱབ་འཇུག་ཆེན་པོ་མཆོད༔ བསྟན་པའི་བཀའ་སྲུང་རྡོ་རྗེ་ལེགས་པ་མཆོད༔ ཆོས་འཁོར་དཀོར་སྲུང་རྒྱལ་པོ་སྐུ་ལྔ་མཆོད༔ ཟབ་གཏེར་གཉེར་འཛིན་སྤུ་གྲི་མཆེད་གསུམ་མཆོད༔ དྲག་རྩལ་ཐོགས་མེད་རོལ་པ་སྐྱ་བདུན་མཆོད༔ སྙིང་ཉེ་དམ་གཙང་བསྟན་མ་བཅུ་གཉིས་མཆོད༔ ཡུལ་འདིའི་དཀར་ཕྱོགས་སྐྱོང་བའི་གཞི་བདག་མཆོད༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག༔ ཉེས་ལྟུང་སྒྲིབ་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་ཅག་དཔོན་སློབ་བར་ཆད་ཀུན་ཞི་ཞིང་༔ བསྟན་པ་དར་ཞིང་ཕྲིན་ལས་རྒྱས་པ་དང་༔ མགྲོན་རྣམས་རང་བཞིན་ཆོས་དབྱིངས་ཀློང་དུ་མུཾ་མགོན་ཞིང་བདག་ལ་སྟོང་གྲོགས་མཛོད༔ དགེ་བས་དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་པའི་མཆོད་ཐབས་འདི་གནད་འདུས་པའི་ཕྱིར་ཕྲིན་ལས་སམ་ལས་རབ་རྩལ་གྱིས་སྦྱར་བ་མངྒ་ལཾ༔ དགེའོ༔

ཕུར་སྲུང་རྣམས་ཀྱི་བསྟོད་བསྐུལ་བསྡུས་པ།

p. 269

࿅༔ ཕུར་སྲུང་རྣམས་ཀྱི་བསྟོད་བསྐུལ་བསྡུས་པ་བཞུགས། གཏོར་མ་འགུགས་བསྟིམ་བྱིན་གྱིས་བརླབས་ལ། ཛ་བྷྱོ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཡི་སྲུང་མར་དམ་བཅས་ཤིང་། །ད་ལའི་བར་ཁྱམས་སྐྱོང་མཛད་པའི། །མཐུ་རྩལ་ཅན་རྣམས་གནས་འདིར་བྱོན། །བྷྱོ། ཤྭ་ན་མུ་ཁའི་དུས་ལ་བབ། །དཔལ་ཆེན་ཁྲོ་རྒྱལ་རྣམས་ཀྱི་བཀའ་ཉན་ཞིང་། །བསྟན་པའི་རཱུ་ཏྲ་སྒྲོལ་བར་དམ་བཅས་པའི། །ཕུར་པའི་ལས་མཁན་སྲུང་མ་བཅུ་གཉིས་དང་། །བརྣག་པའི་ལས་ལ་མ་གཡེལ་དམ་ཅན་རྣམས། །གསང་སྔགས་གཉན་གྱི་སྲུང་མ་མཐུ་བོ་ཆེ། །དཔལ་གྱི་བཀའ་ཉན་ཤྭ་ན་མཆེད་བཞི་ནི། །ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ། །གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ། །ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ། །གཡུ་ཡི་ཁྱི་མོ་ཟུག་པའི་སྒྲ་སྒྲོག་མ། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། །སྨན་གཏོར་རཀྟའི་མཆོད་གཏོར་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློག་བར་ཆད་ཐམས་ཅད་སོལ། །བཀའ་དང་བསྟན་པ་སྲུང་བའི་ལས་མཛོད་ཅིག །བྷྱོ། བདག་ཉིད་ཆེན་

p. 270

མོའི་དུས་ལ་བབ། །དགྲ་བོའི་སྲོག་གཅོད་རེ་ཏི་མཆེད་བཞི་ནི། །འཇིགས་བྱེད་མཐིང་ནག་རྡོ་རྗེ་རེ་མ་ཏི། །གསོད་བྱེད་སེར་ནག་རྡོ་རྗེ་རེ་མ་ཏ། །ཟ་བྱེད་དམར་ནག་རྡོ་རྗེ་རེ་མ་ཛ། །སྲོག་གཅོད་ལྗང་ནག་རྡོ་རྗེ་རེ་མ་ཛུ། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། །སྨན་གཏོར་རཀྟའི་མཆོད་གཏོར་འདི་བཞེས་ལ། །འཁོར་སྲུང་རྐྱེན་བཟློག་བར་ཆད་ཐམས་ཅད་སོལ། །བཀའ་དང་བསྟན་པ་སྲུང་བའི་ལས་མཛོད་ཅིག །བྷྱོ། ས་བདག་ཆེན་མོའི་དུས་ལ་བབ། །སྲོག་གཅོད་ནག་མོ་བསེ་ཡི་བུ་མོ་བཞི། །བདུད་ཀྱི་བུ་མོ་ཡ་བྱིན་མཐུ་མོ་ཆེ། །གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན། །བཙན་གྱི་བུ་མོ་བསེ་བྱིན་རྫུ་འཕྲུལ་ཅན། །ཀླུ་ཡི་བུ་མོ་ཕག་བྱིན་གདུག་རྩུབ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། །སྨན་གཏོར་རཀྟའི་མཆོད་གཏོར་འདི་བཞེས་ལ། །འཁོར་སྲུང་རྐྱེན་བཟློག་བར་ཆད་ཐམས་ཅད་སོལ། །བཀའ་དང་བསྟན་པ་སྲུང་བའི་ལས་མཛོད་ཅིག །ཛ། མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་བཞི། །འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས། །

p. 271

འཆིང་གིང་ནག་པོ་འཆིང་བའི་ཞགས་པ་ཐོགས། །སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་འཕྱར། །ཟ་གིང་སྔོན་པོ་དུག་གི་མཆེ་བ་གཙིགས། །མགྱོགས་ཤིང་རྒྱུག་པའི་གློག་དམར་གདུག་པའི་ཚོགས། །སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཁས་བླངས་བཞིན། །སྨན་གཏོར་རཀྟའི་མཆོད་གཏོར་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློག་བར་ཆད་ཐམས་ཅད་སོལ། །བཀའ་དང་བསྟན་པ་སྲུང་བའི་ལས་མཛོད་ཅིག །སྡོང་ལྷ་མཆེད་གསུམ། ཀྱེ། བདུད་ཀྱི་ཡུལ་ནས་སྤྱན་འདྲེན་ནོ། །བཙན་གྱི་ཡུལ་ནས་སྤྱན་འདྲེན་ནོ། །ཀླུ་ཡི་ཡུལ་ནས་སྤྱན་འདྲེན་ནོ། །མེ་རླུང་རྒྱ་མཚོའི་ཀློང་དུ་བཞུགས། །ཕྱག་འཚལ་མཆོད་འབུལ་ལས་བཅོལ་ལོ། །ༀ་ཡཾ་ཡཾ་ཞུར་ཞུར། ཐིག་ཐིག་དམག་དཔོན་ཆེན་པོ་མཆེད་གསུམ་འཁོར་དང་བཅས་པའི་ཞལ་དུབྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྡོང་ལྷ་མཆེད་གསུམ་འཁོར་བཅས་ཀྱིས། །སྔོན་ཚེ་ཨོ་རྒྱན་བཀའ་བཞིན་དུ། །ཕུད་གཏོར་མཆོད་པ་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློག་བར་ཆད་ཐམས་ཅད་སོལ། །བཀའ་དང་བསྟན་པ་སྲུང་བའི་ལས་མཛོད་ཅིག །སྲུང་མ་མཆོད་

p. 272

ཐབས་གཏེར་གཞུང་གི་བསྟོད་བསྐུལ་ཚིག་ཆ་ཤས་ལ་གསར་བརྩམ་འགའ་ཞིག་དང་བཅས་པ་ཁྱེར་བདེ་བར། དཔའ་བོ་ལས་རབ་རྩལ་གྱིས་མཛད་དོ། །མངྒ་ལཾ། དགེའོ།། །།

དཔལ་མགོན་ཕྱག་བཞིའི་མངའ་གསོལ།

p. 273

࿅༔ དཔལ་མགོན་ཕྱག་བཞིའི་མངའ་གསོལ་བཞུགས༔ ཧཱུྃ༔ རྒྱལ་བ་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ གདུག་པ་འདུལ་ཕྱིར་དབང་ཆེན་རྟ་མཆོག་དཔལ༔ བསྟན་པ་སྲུང་མཛད་དཔལ་མགོན་ཕྱག་བཞི་པ༔ ས་བཅུའི་མགོན་པོ་མཆོག་ལ་ཕྱག་འཚལ་བསྟོད༔ ནག་པོ་མེ་འབར་མ་རུངས་ཀུན་གྱི་གཤེད༔ མཐུ་སྟོབས་དྲག་རྩལ་མངའ་བདག་དྲེགས་ཚོགས་འདུལ༔ སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་སྟོན་པ༔ དཔལ་ཆེན་འཁོར་བཅས་བདག་ལ་ཉེ་བར་དགོངས༔ དམ་རྫས་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ འཁོར་འདས་ཡོངས་ཀྱི་སྤྱི་རྗེར་མངའ་གསོལ་ལོ༔ ཁྱེད་མཆོད་ཁྱེད་གསོལ་ཁྱེད་སྒྲུབ་ཁྱེད་བརྟེན་གྱིས༔ སྔོན་གྱི་དམ་བཅའ་ཞལ་གྱིས་བཞེས་པ་བཞིན༔ བསྟན་དང་བསྟན་འཛིན་སྐྱོང་བའི་ཕྲིན་ལས་མཛོད༔ ནད་གདོན་བར་ཆད་འཇིགས་བརྒྱད་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་རྒྱས་པར་མཛོད༔ ལྷ་འདྲེ་མི་གསུམ་དབང་དུ་འདུ་བར་མཛོད༔ དགྲ་བགེགས་དམ་སྲི་ཚར་གཅོད་མངོན་སྤྱོད་མཛོད༔ མདོར་ན་འདི་ནས་བྱང་ཆུབ་སྙིང་

p. 274

པོའི་བར༔ དཔལ་མགོན་མཐུ་ཆེན་ཁྱེད་དང་མི་འབྲལ་ཞིང་༔ བར་ཆད་ཀུན་ཞི་བསམ་དོན་ཀུན་འགྲུབ་ཅིང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཞེས་པ་འདི་རང་ལུགས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལྟ་གྲུབ་གཙང་མ་འཛིན་མཛད་བླ་མ་རིག་འཛིན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་རྐྱེན་བྲལ་ནམ་མཁའི་རྣལ་འབྱོར་པ་ལས་རབ་རྩལ་གྱིས་བརྗོད་པ་དགེའོ༔

དཔལ་མགོན་མ་ནིང་ནག་པོའི་བསྐུལ་བྱང་།

p. 275

࿅༔ དཔལ་མགོན་མ་ནིང་ནག་པོའི་བསྐུལ་བྱང་བཞུགས་སོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་ཁྲོས་པའི་སྐུ༔ འབར་བའི་ཁྲོ་རྒྱལ་གཟི་བརྗིད་ཅན༔ ཆེ་མཆོག་མ་ཧཱ་ཀཱ་ལ་ཡ༔ མ་ནིང་ནག་པོ་དབྱིངས་ནས་བཞེངས༔ གཏུམ་དྲག་ཁྲོས་པའི་དྲག་ཤུལ་གྱིས༔ སྙིགས་མའི་དམ་སྲི་རྒྱལ་བསེན་རྣམས༔ སོད་ཅིག་སྒྲོལ་ཅིག་དབྱིངས་སུ་རོལ༔ ༀ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿབཛྲ་ས་མ་ཡ་ཛཿཧཱུྃ༔ ཆེ་མཆོག་ནག་པོ་མཐུ་བོ་ཆེ༔ སྐུ་མདོག་ཆར་སྤྲིན་འཐིབས་པའི་མདོག༔ འོད་ཟེར་ཉི་མ་འབུམ་ལྟར་འབར༔ གད་རྒྱངས་རི་རབ་འབུམ་ཉིལ་སྒྲ༔ ཁྱེད་ལ་ཕྱག་འཚལ་དགྱེས་པར་བཞུགས༔ ༀ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿས་མ་ཡ་ཏིཥྛ་ལྷན༔ དགྲ་བགེགས་ཤ་ཡི་རི་བོའི་གཏོར་མ་འདི༔ དཔལ་མགོན་མ་ནིང་འཁོར་དང་བཅས་ལ་འབུལ༔ དགྲ་བགེགས་ཁྲག་གི་རྒྱ་མཚོའི་གཏོར་མ་འདི༔ དཔལ་མགོན་མ་ནིང་འཁོར་དང་བཅས་ལ་འབུལ༔ དགྲ་བགེགས་རུས་པའི་གྲམ་ཁྲོད་གཏོར་མ་འདི༔ དཔལ་མགོན་མ་ནིང་འཁོར་དང་བཅས་ལ་འབུལ༔ དགྲ་བགེགས་དབང་པོའི་

p. 276

དོན་སྙིང་གཏོར་མ་འདི༔ དཔལ་མགོན་མ་ནིང་འཁོར་དང་བཅས་ལ་འབུལ༔ སྣང་སྲིད་ཀུན་བཟང་མཆོད་སྤྲིན་ཆེན་པོའི་ཚོགས༔ དཔལ་མགོན་མ་ནིང་འཁོར་དང་བཅས་ལ་འབུལ༔ བསྟན་དགྲ་དགྲ་བགེགས་ཐམས་ཅད་ཚར་ཆོད་ཅིག༔ ༀ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷུ་ཧྱ་རཾ་སིདྡྷི་ཧཱུྃ་ཛཿམཱཾ་ས་ཙིཏྟ་རཀྟ་གོ་རོ་ཙ་ན་བྷ་སུ་ཏ་ཀིང་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཉྩ་རཀྟ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིི༔ མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཧཱུྃ༔ ཀུན་ཏུ་བཟང་པོ་ཁྲོས་པའི་སྐུ༔ དཔལ་འབར་ཆེ་མཆོག་ཧེ་རུ་ཀ༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ བདུད་དང་དམ་སྲི་ཀུན་གྱི་གཤེད༔ མ་ནིང་ནག་པོ་གཟི་བརྗིད་ཅན༔ ཡེ་ཤེས་འཇིག་རྟེན་མགོན་པོའི་རྗེ༔ ཁྱོད་ལ་ཕྱག་འཚལ་གུས་པས་འདུད༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ ཐུགས་དམ་གཉན་པོ་བསྐངས་གྱུར་ཅིག༔ གཟི་བརྗིད་ནུས་མཐུ་ཡོན་ཏན་བསྐྱེད༔ སྔ་འགྱུར་བསྟན་དང་བསྟན་འཛིན་ལ༔ སྡང་བའི་དགྲ་བོ་རྩད་ནས་ཆོད༔ གནོད་པའི་བགེགས་དཔུང་རྡུལ་དུ་རློག༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྷྱོ༔ ཀུན་བཟང་ཧེ་རུ་ཀ་༔ དཔལ་མ་ནིང་ཁྱོད༔ ཐུགས་

p. 277

དམ་གཡེལ་ཞིང་དམ་ཚིག་མ་དགོངས་ན༔ ཟབ་དོན་རྫོགས་ཆེན་སྙིང་པོའི་བསྟན་པ་འདི༔ བདུད་དང་བར་ཆད་རཱུ་ཏྲའི་དབང་གྱུར་ན༔ ཐུགས་དམ་དམ་ཚིག་ཉམས་པར་མི་འགྱུར་རམ༔ དེ་ཕྱིར་ཐུགས་དམ་དམ་ཚིག་དུས་ལ་བབ༔ སྨོན་ལོག་བདུད་ཀྱི་བར་ཆད་ཐམས་ཅད་ཐུལ༔ བསྟན་པ་དར་ཞིང་བསྟན་འཛིན་རྒྱས་པ་དང་༔ རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་དཔལ་མགོན་མ་ནིང་ནག་པོའི་མཆོད་ཐབས་འདི་ལྕགས་ཁྱི་ཟླ་བ་བཅུ་གཉིས་པའི་དམར་ཕྱོགས་ས་སྐྱོང་སྡེ་དགེའི་རིམ་གྲོ་གུ་རུ་ཞི་བའི་སྒྲུབ་ཆེན་སྐབས་སྲུང་མ་ཉིད་ཀྱིས་བསྐུལ་བྱང་བྱུང་བ་ལ་བརྟེན་ནས་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་གསང་བདག་ནོར་བུ་གཟི་འབར་བདག་གིས་བགྱིས་སོ༔ རྒྱས་པ་བྱེད་དུས་རཏྣའི་གཏེར་གཞུང་ལྟར་དགོས་སོ༔ མངྒ་ལཾ༔

མ་ནིང་ཞལ་གསུང་།

p. 278

བྷྱོ༔ ཡེ་ཤེས་འཇིག་རྟེན་མགོན་པོ་མཐུ་སྟོབས་ཅན༔ ཆེ་མཆོག་མགོན་པོ་མ་ནིང་ནག་པོ་ཞེས༔ ཁྲོས་པའི་དྲག་ཤུལ་གཤིན་རྗེ་འབུམ་ལས་རྔམ༔ སྐུ་ནི་མུན་འཐིབས་ཆར་སྤྲིན་ནག་པོ་ལ༔ དྲག་པོའི་ང་རོ་འབྲུག་སྟོང་སྒྲོགས་པའི་སྒྲ༔ ཐུགས་ཉིད་བདེ་ཆེན་ཡེ་ཤེས་དག་པའི་ངང་༔ འོད་ཟེར་ཉི་མ་བྱེ་བ་དུས་གཅིག་བཞིན༔ དགྱེས་པའི་ཞལ་བཟང་ཟླ་བ་འབུམ་ལས་གསལ༔ མཆོད་དོ་བསྟོད་དོ་མ་ནིང་ལྷ་ཡི་ལྷ༔ དེང་འདིར་བདག་གི་བསམ་པ་ཀུན་འགྲུབ་མཛོད༔ ཅེས་དཔལ་མགོན་ཉིད་ཀྱིས་་གསུངས་སོ༔ འདི་ཡང་ལས་རབ་རྩལ་གྱིས་སོ༔

ནོར་སྒྲུབ་བསྐུལ་བ།

p. 279

࿅༔ ཀྱཻ། དད་པ་དང་ནི་དམ་ཚིག་གིས། །བོས་སོ་དམ་ཅན་སྙན་མ་སྲ། །དམ་དུ་བཅས་ཤིང་དར་དམར་གྱིས། །གཡབ་པོ་དམ་ཅན་སྤྱན་མ་རྟུལ། །བླ་རྡོ་སྤྱན་གཟིགས་སྲོག་འཁོར་བཅས། །བརྟེན་ནོ་དམ་ཅན་རྒྱང་མ་རིང་། །སྔགས་དང་ཏིང་འཛིན་འཕྲོ་འདུ་ཡིས། །བསྒྲུབ་པོ་དམ་ཅན་སྙིང་མ་སྲ། །བདག་ཅག་མ་རིག་ལུས་ཅན་གྱིས། །འགལ་ཀྱང་དམ་ཅན་ཐུགས་མ་ཁྲོ། །ཕུད་མཆོད་དམ་བསྒྲགས་ལས་བཅོལ་ལོ། །བསྐུལ་ལོ་དམ་ཅན་བང་མ་བུལ། །ཞི་རྒྱས་དབང་དྲག་ཕྲིན་ལས་ལ། །རྦད་དོ་དམ་ཅན་སྒབ་མ་ལྗི། །བདག་ནི་གདུང་སེམས་དམ་ཚིག་ཅན། །ཁྱོད་ནི་མཐུ་སྟོབས་རྫུ་འཕྲུལ་བདག །སྔོན་ཚེ་ཕྱག་ན་རྡོ་རྗེ་དང་། །པད་འབྱུང་རིག་འཛིན་བརྒྱུད་པར་བཅས། །ཀུན་གྱིས་བཀའ་ཡི་སྲུང་མར་བསྐོས། །རེ་ལྟོས་དཔུང་དུ་ཁྱོད་སྦྲན་གྱིས། །བསྟན་པ་སྲུང་བའི་ཆོས་སྐྱོང་མཛོད། །མཐུན་རྐྱེན་སྦྱོར་བའི་སྦྱིན་བདག་མཛོད། །ནད་དུག་སེལ་བའི་སྨན་པ་མཛོད། །ཁང་ཁྱིམ་སྲུང་བའི་དཀོར་བདག་མཛོད། །རྟ་ཕྱུགས་འཚོ་བའི་རྫི་བོ་མཛོད། །བྱེས་ལམ་བགྲོད་

p. 280

པའི་ལམ་ལྷ་མཛོད། །ཕྱྭ་གཡང་འགུགས་པའི་ནོར་ལྷ་མཛོད། །དགྲ་བགེགས་སྒྲོལ་བའི་ལས་མཁན་མཛོད། །བཟང་དང་ལེགས་པ་བརྒྱ་དང་སྤྲོད། །ཉེས་དགུ་མི་མཐུན་ཕྱོགས་ཀུན་བཟློག །དུས་ལ་བབ་པོ་ས་མ་ཡ། །ཞེས་བཅོལ་གཏད་དྲག་ཏུ་བྱའོ། །དམ་ཅན་ནོར་སྒྲུབ་ཀྱི་མཆོད་སྒྲུབ་རིམ་པ་འདི་དད་ལྡན་དགེ་སློང་བསྟན་འཕེལ་གྱིས་བསྐུལ་བ་ལ་བརྟེན་ནས་བབས་ཅོལ་དུ་བདག་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག །

ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ཕྲིན་ལས།

p. 281

ཞིང་སྐྱོང་ཀུན་དགའ་གཞོན་ནུའི་ཕྲིན་ལས་བཞུགས་སོ༔ ཧཱུྃ༔ ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་མཐུན་སྤྱོད་དཔལ་གྱི་ཙཱ་རི་ཏྲ༔ རབ་འཇིགས་དུར་ཁྲོད་ཆེན་པོ་རྟག་ཏུ་རོལ༔ གྷ་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ༔ རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་ཞེས༔ ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ༔ ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་༔ སྲོག་བདག་ཆེན་པོ་ཁྱོད་ལ་བདག་བསྟོད་དོ༔ མེ་རླུང་དབུས་ན་དགྲ་བགེགས་གདན་སྟེང་དུ༔ དར་ནག་བེར་གྱོན་རྟ་ནག་རྟིང་དཀར་བཅིབས༔ རུ་དར་ནག་པོ་དམར་གཏོར་ནམ་མཁར་ཕྱར༔ སྡེ་བརྒྱད་དབང་ཕྱུག་ཁྱོད་ལ་བདག་བསྟོད་དོ༔ བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་ཞལ༔ མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན༔ བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན༔ ནག་པོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ༔ དབུགས་བྲལ་བསྣོལ་མ་ཅང་ཤེས་དམར་པོའི་སྟེང་༔ དར་དམར་བེར་གྱོན་བདུད་མོ་སེང་གདོང་མ༔ གཡས་གཡོན་ཕྱག་ན་རྩེ་གསུམ་དགྲ་སྙིང་འཛིན༔ དམ་ཉམས་སྲོག་གཅོད་

p. 282

ཁྱོད་ལ་བདག་བསྟོད་དོ༔ ཤིན་ཏུ་མི་བསྲུན་བམ་རོ་ཕོ་མོ་དང་༔ ཚར་གཅོད་ཕན་འདོགས་བྱེད་པ་དྲག་པོའི་ཚོགས༔ བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས༔ བསྟན་སྲུང་འཁོར་དང་བཅས་ལ་བདག་བསྟོད་དོ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ མངྒ་ལཾ༔

རེ་མ་ཏིའི་ཕྲིན་བཅོལ་ཁྱེར་བདེ།

p. 283

࿅༔ རེ་མ་ཏིའི་ཕྲིན་བཅོལ་ཁྱེར་བདེ་ནི། བྷྱོ༔ སྣང་སྟོང་ཟུང་འཇུག་ཡེ་ཤེས་བདེ་བ་ཆེ༔ སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏི༔ རྒྱལ་བས་དབང་བསྐུར་སྤྱི་བོར་མི་བསྐྱོད་བརྒྱན༔ སྐུ་གསུམ་དོན་མཚོན་སྤྱན་གསུམ་དྲག་ཏུ་བསྒྲད༔ མཚན་མའི་སྐྱོན་བྲལ་མཐིང་ནག་གཅེར་བུ་མོ༔ དུར་ཁྲོད་ཆས་བརྒྱན་དུར་ཁྲོད་གནས་ཀུན་ཉུལ༔ ཉི་ཟླ་སྦྲུལ་དང་དུང་སེང་རྨ་བྱས་བརྒྱན༔ རེ་ལྡེ་མི་རྩིབ་གསེར་གྱི་དྲིལ་ཆུང་འཁྲོལ༔ མགོ་དང་ཞིང་ལྤགས་སྦྲུལ་གྱི་སྒ་ཆ་དང་༔ གསེར་གཡུའི་སྲབ་མཐུར་ཁྲམ་བམ་ནད་རྐྱལ་དང་༔ མཚོན་གྲུ་དང་བཅས་དྲེའུ་དང་རྒྱ་བོང་ཞོན༔ ཞལ་དུ་བམ་གསོལ་ཞབས་ལ་ལྕགས་སྒྲོག་མཛེས༔ བརྡ་རྟགས་ཕྱག་མཚན་སྣ་ཚོགས་ཕྱག་ན་བསྣམས༔ འཁོར་དུ་དྲེགས་ཚོགས་མ་མོ་བྱེ་བས་བསྐོོར༔ བསྐལ་པའི་རླུང་ནག་འཚུབ་མའི་དབུས་ན་བཞུགས༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་ཆེན་མ༔ དབྱིངས་ཀྱི་རྒྱལ་མོ་དུས་བཞིར་དབང་སྒྱུར་བདག༔ འཁོར་བཅས་འདིར་གཤེགས་དགྱེས་ཤིང་བརྟན་པར་བཞུགས༔ ཁྱོད་ལ་ཕྱག་འཚལ་བཅོལ་བའི་

p. 284

ཕྲིན་ལས་མཛོད༔ ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་སྤྲུལ་དང་༔ ཁྱད་པར་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ མ་ཁྱོད་གཙོ་མོ་འཁོར་བཅས་མངའ་གསོལ་ལོ༔ སྡང་བའི་དགྲ་སོད་གནོད་པའི་བགེགས་དཔུང་ཐུལ༔ ཚེ་སྲིངས་དཔལ་སྐྱེད་བསྟན་པའི་རྒྱལ་མཚན་ཕྱོར༔ སྙན་དང་གྲགས་པའི་བ་དན་ཕྱོགས་བཅུར་སྒྲོན༔ གདུལ་བྱ་ལྷ་འདྲེ་མི་གསུམ་དབང་དུ་སྡུས༔ ནག་པོའི་ཕྱོགས་ཀྱི་མི་དང་མི་མིན་ཆོམས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་བསྒྲུབ་ཏུ་གསོལ༔ ཞེས་པ་འདི་སྐྱབས་མགོན་༧དབོན་རིན་པོ་ཆེའི་ཡང་སྲིད་རིན་པོ་ཆེས་འདི་ལྟར་གྱིས་ཞེས་བཀའ་ཕེབས་པར་བརྟེན་ནས་བཀོད་པའོ༔ ལས་རབ་རྩལ་གྱིས་སོ༔ ཛ་ཡན་ཏུ༔

སྲོག་བདག་གཟའ་ཡི་སྒྲུབ་ཐབས་སྤུ་གྲི་གཅིག་ཤུར་གཟའི་བརྒྱུད་འདེབས།

p. 285

༄༅། །སྲོག་བདག་གཟའ་ཡི་སྒྲུབ་ཐབས་སྤུ་གྲི་གཅིག་ཤུར་གཟའི་བརྒྱུད་འདེབས་བཞུགས་སོ། །ན་མོ་གུ་རུབྷྱཿམངོན་སངས་རྒྱས་པ་རིན་ཆེན་སྙིང་པོའི་ཞབས། །ཞིང་འདིའི་འདྲེན་པ་རྒྱལ་དབང་ཤཱཀྱ་ཐུབ། །ཁྱབ་བདག་ཆེན་པོ་དཔལ་ལྡན་རྡོ་རྗེ་འཆང་། །དང་པོའི་སངས་རྒྱས་གསུམ་ལ་གསོལ་བ་འདེབས། །མཐུ་སྟོབས་ནུས་པའི་དབང་ཕྱུག་གསང་བའི་བདག །གསང་ཆེན་རྒྱུད་སྡེའི་ལྷ་མཆོག་རྟ་མགྲིན་དཔལ། །མ་རུངས་ཀུན་འདུལ་འཇམ་དཔལ་གཤིན་རྗེ་གཤེད། །ལྷག་པའི་ལྷ་མཆོག་གསུམ་ལ་གསོལ་བ་འདེབས། །མཆོད་བསྟོད་བཀའ་བབ་གྷུ་ཧྱ་ཙནྡྲ་དང་། །སྡེ་བརྒྱད་སྲོག་འཕྲོག་རྡོ་རྗེ་ཐོད་ཕྲེང་རྩལ། །དཔལ་ཆེན་ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ། །དྲེགས་པའི་སྲོག་འཕྲོག་གསུམ་ལ་གསོལ་བ་འདེབས། །མཐུ་སྟོབས་རྡོ་རྗེའི་ཐོག་འབེབས་དཀོན་མཆོག་འབྱུང་། །ཟབ་གཏེར་རྒྱ་མཚོའི་དབང་སྒྱུར་རཏྣ་གླིང་། །རིགས་ཆོས་སྲས་ཀྱི་ཐུ་བོ་ཚེ་དབང་གྲགས། །གྲུབ་པའི་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །རིམ་གཉིས་མངོན་གྱུར་ངག་དབང་གྲགས་པ་རྗེ། །

p. 286

དཀྱིལ་འཁོར་བདག་ཉིད་ཀུན་དགའ་གྲགས་པའི་མཚན། །གར་དབང་ཆེན་པོ་ཀུན་དགའ་བསྟན་འཛིན་དཔལ། །བྱིན་རླབས་རྩལ་ལྡན་གསུམ་ལ་གསོལ་བ་འདེབས། །བརྒྱུད་པའི་སྲོལ་འཛིན་བཀྲ་ཤིས་དབང་ཕྱུག་དང་། །ཡོངས་འཛིན་དབང་པོ་ཀརྨ་དོན་ཡོད་དཔལ། །མན་ངག་བཀའ་བབ་ཀརྨ་ཆགས་མེད་རྗེ། །རིག་འཛིན་ཆེན་པོ་གསུམ་ལ་གསོལ་བ་འདེབས། །འགྲོ་དོན་མཐར་ཕྱིན་གྲུབ་དབང་རྫོགས་ཆེན་པ། །སྨིན་གྲོལ་དྲོད་ཐོབ་སྐྱེས་མཆོག་ནམ་མཁའ་འོད། །དམ་པས་རྗེས་བཟུང་བླ་མ་བདེ་ཆེན་མཚན། །ཆོས་སྐྱོང་བྲན་བཀོལ་གསུམ་ལ་གསོལ་བ་འདེབས། །སྔགས་ཀྱི་དོན་གཟིགས་དཔའ་བོ་པདྨའི་མཚན། །སྔགས་འཆང་ཆེན་པོ་རྡོ་རྗེ་སྟོབས་མཆོག་རྩལ། །སྔགས་བདག་དམ་པའི་སྒོ་འབྱེད་བླ་མ་རྗེ། །སྔགས་འཆང་མཐུ་ཆེན་གསུམ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །སྲིད་དང་ཞི་དང་ལྷ་འདྲེ་བཏབ་པོ་འཚལ། །ཐམས་ཅད་རོ་མཉམ་རང་རིག་གདོད་མའི་ངང་། །ཀུན་བཟང་ཀློང་དུ་སྲོག་དབང་ཐོབ་པར་ཤོག །སྒོ་

p. 287

གསུམ་ཐ་མལ་འཛིན་པ་ཀུན་སྤངས་ནས། །ལྷ་སྔགས་ཏིང་འཛིན་རོལ་པར་ཡོངས་སྨིན་ཞིང་། །གཉེན་པོ་སྟོབས་ཀྱི་ལྷ་མཆོག་མངོན་གྱུར་ནས། །ཁྱབ་འཇུག་ཆེན་པོ་བྲན་བཞིན་བྱེད་པར་ཤོག །དྲེགས་པའི་སྡེ་དཔོན་མཐུ་ཆེན་རཱ་ཧུ་ལ། །དྲག་པོའི་སྦྱོར་བ་ཤིན་ཏུ་མི་བཟོད་པ། །དུག་གི་སྤུ་གྲི་འབར་བའི་གནམ་ལྕགས་མཚོན། །བསྟན་དགྲའི་སྲོག་གི་གཤེད་དུ་ཐེབས་པར་ཤོག །ཅེས་པ་འདི་སྔགས་འཆང་ཕྲིན་ལས་བསྟན་དར་རམ་དཔའ་བོ་ལས་རབ་རྩལ་དུ་གྲགས་པས་བསྟོད་པའོ།། །།

གསང་སྒྲུབ་ཆེན་པོའི་རིམ་པ་ལ་དང་པོ་འབོད་པའི་སྔགས་དམིགས།

p. 288
p. 289

ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། གསང་སྒྲུབ་ཆེན་པོའི་རིམ་པ་ལ་དང་པོ་འབོད་པའི་སྔགས་དམིགས་ནི། རང་ཡི་དམ་གྱི་མདུན་དུ་གཟའ་བདུད་གཙོ་འཁོར་འཇིགས་ཤིང་རྔམ་པ་དེ་ཡི་ཐུགས་ཀར་སྲོག་ཡིག་ཀྵ་ནག་པོ་དེ་ལས་འོད་འཕྲོས་རང་བཞིན་གྱི་གནས་ནས་དྲང་སྲོང་ཆེན་པོ་སྤྱན་དྲངས། མདུན་བསྐྱེད་ལ་གཉིས་མེད་དུ་ཐིམ། དེ་དག་གི་བཀའ་ཉན་ཞིང་གསུང་སྡོད་པའི་ཚུལ་དུ་གྱུར། ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡཾ་ཟ་འགྲམ༔ ཧ་ཧི་ཡོ་གེ་ཤ་ལ་ཛཿཛཿཞེས་བཟླ། ཡང་། བདག་རྡོ་རྗེ་གཏུམ་པོའི་ཐུགས་ཀ་ནས་ཀྱང་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་དྲང་སྲོང་རྒྱུ་བའི་ཕྱོགས་ནས་རང་དབང་མེད་པར་བཀུག་ནས་མདུན་བསྐྱེད་ཀྱི་དམ་ཚིག་པ་ལ་བསྟིམ། དེས་བདག་གི་བཀའ་ཉན་ཅིང་གསུང་སྡོད་དུ་གྱུར་པར་བསམ་ལ། གོང་བཞིན་འབོད་སྔགས་བཟླ། ཐུན་མཐར་མཆོད་བསྟོད་ནི། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི། །རྔམས་བརྗིད་དྲག་པོའི་མཆོད་པ་སྣ་ཚོགས་དང་། །དམ་རྫས་སྨན་རཀ་གཏོར་མ་ལ་སོགས་པ། །དྲང་སྲོང་ཆེན་པོ་འཁོར་དང་བཅས་ལ་མཆོད། །རཱ་ཧུ་ལ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་

p. 290

ཏ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི། དམ་ཉམས་དགྲ་བགེགས་བསྒྲལ་བའི་མཱཾ་ས་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྔམས་ཆེན་སྲིན་པོ་འདུལ་བའི་སྟོབས་མངའ་བ། །ཐོག་སེར་ལས་ཀྱི་མངའ་བདག་དགྲ་ཕུང་བྱེད། །ལྕམ་དྲལ་འགལ་བྱེད་འདུས་པའི་འཁོར་བཅས་ལ། །རྣལ་འབྱོར་གདུང་བའི་སེམས་ཀྱིས་ཕྱག་འཚལ་བསྟོད། །གཞན་ཡང་སྤྲོ་ན་བསྟོད་པ་ཅི་རིགས་བྱའོ། །སྒྲུབ་པའི་དུས་ཡིན་ན་གཞུང་བཤད་བཞིན་འབོད་པའི་རྟགས་ལན་གསུམ་བརྟན་པོར་མཐོང་ཞིང་ཐུགས་སུ་མ་ཆུད་ཀྱི་བར་དུ་ནན་གྱིས་བཟླའོ། །ཡང་དབང་ཐོབ་དམ་ཚིག་དང་ལྡན་པ་དག་གིས་སྲུང་མ་འདི་ཉིད་གཙོ་བོར་བྱེད་པ་ཡིན་ན་རྒྱུན་དུ་སྔགས་དམིགས་འདི་བཞིན་ཉམས་སུ་བླངས་ཀྱང་འགྲུབ་བོ། །དེ་ནི་བསྙེན་པའི་རིམ་པའོ། །

དྲང་སྲོང་དགྱེས་པའི་བསྟོད་བསྐུལ།

p. 291

༄༅། །ན་མོ་པདྨ་ཀཱ་ར་ཡེ། དྲང་སྲོང་དགྱེས་པའི་བསྟོད་བསྐུལ་ནི། ཧཱུྃ། གསང་བའི་བདག་པོ་ཡ་མནྟ་ཀ་དང་། །དབང་ཆེན་རྟ་མཆོག་ཐུགས་རྗེའི་རྣམ་རོལ་ལས། །བསྟན་སྲུང་དབང་པོ་ཆེན་པོ་ཡོངས་བཞེངས་པའི། །དྲང་སྲོང་ཆེན་པོ་ཁྱབ་འཇུག་ཁྱེད་ལ་བསྟོད། །ཀ་དག་ཀུན་བཟང་ཆོ་འཕྲུལ་རོལ་པ་ལས། །ཁྭ་གདོང་འཇིགས་པའི་སྲིན་པོ་མགོ་དགུ་པ། །ག་ན་བཞུགས་ཀྱང་དུག་རླངས་ངད་པ་འགྱེད། །ང་རྒྱལ་དྲག་པོ་མེ་ལྟར་འབར་ལ་བསྟོད། །ཅ་ཅོའི་སྒྲ་འབྱིན་སྡེ་བརྒྱད་འཁོར་དུ་བཀོལ། །ཆ་ལུགས་མི་བསྲུན་མིག་སྟོང་ཕྱོགས་བཅུར་གཟིགས། །ཇ་ཧོང་མེ་ཕྲེང་འཁྲུགས་པའི་ཀློང་ན་རྔམ། །ཉ་རྒྱས་ཟླ་བ་ཟས་སུ་ཟ་ལ་བསྟོད། །ཏ་ལ་བྲེག་བཞིན་དགྲ་བོ་རྗེས་མེད་གཏོར། །ཐ་མའི་དུས་འདིར་ཕྲིན་ལས་ལྷག་པར་རྣོ། །ད་ལྟ་མཆོད་སྒྲུབ་རྦད་བསྐུལ་བྱེད་ཙམ་གྱིས། །ན་འཆིའི་མཚོན་ཆ་དགྲ་ལ་འདེབས་ཁྱོད་བསྟོད། །པ་ཝ་སངས་ལྟར་འོད་འཕྲོ་ཐོག་སེར་བདག །ཕ་རོལ་བསྟན་དགྲའི་གཤེད་དུ་ཆེས་ཆེར་དཔའ། །བ་དན་བཞིན་དུ་བདག་གིས་ཁྱོད་ཕྱར་གྱིས། །མ་རུངས་ཐལ་བར་

p. 292

བརླག་པར་མཛད་ལ་བསྟོད། །ཙ་སྦུར་བསྲེགས་བཞིན་དགྲ་སྡེ་ཅིག་ཅར་འཇོམས། །ཚ་གྲང་འཁྲུགས་པའི་ང་རོས་ས་གསུམ་གཡོ། །ཛཿཡིས་འབོད་ཅིང་བྷྱོ་ཡིས་རྦད་པའི་ཚེ། །ཝ་ལེར་དྲག་པོའི་ཕྲིན་ལས་མཛད་ལ་བསྟོད། །ཞ་རེངས་འཁྲུགས་པའི་ཀླུ་གདོན་འབྱུང་པོ་དང་། །ཟ་བྱེད་ལྷ་འདྲེ་འབུམ་གྱི་དམག་ཚོགས་ཀྱིས། །འ་འུར་འཁྲུགས་པས་སྟོང་གསུམ་དངངས་སྐྲག་བྱེད། །ཡ་མནྟ་ཀའི་སྤྲུལ་པ་མཆོག་ལ་བསྟོད། །རཱ་ཧུ་ལ་ཁྱོད་པདྨའི་དམ་ཚིག་ཅན། །ལ་ལུང་གནམ་ས་བར་སྣང་ཁྱབ་པར་རྒྱུ། །ཤ་ཁྲག་ཟས་ལ་རབ་དགའ་བསྟན་ལ་འདུད། །ས་གནས་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཧ་ཧ་བཞད་པའི་གད་མོ་རབ་སྒྲོག་ཅིང་། །ཨ་ཏིའི་བསྟན་དང་བསྟན་འཛིན་སྐྱོང་བའི་ལྷ། །དེང་འདིར་བདག་གི་མཆོད་བསྟོད་དགྱེས་པར་བཞེས། །གང་བཅོལ་སྒྲུབས་ཤིག་ལས་མཁན་ཁྱོད་ལ་བསྟོད། །ཨོ་ཊི་ཡ་ནའི་པཎ་ཆེན་པད་འབྱུང་གི། །བསྟན་དང་བསྟན་འཛིན་སྦྱིན་བདག་བཅས་པ་ལ། །ནག་པོའི་བསམ་སྦྱོར་འཆང་བའི་ལྷ་མིན་སྡེ། །ཚངས་དབང་ཁྱོད་ཀྱིས་རྡོ་རྗེས་ཕམ་པར་

p. 293

མཛོད། །གསང་བདག་རྟ་མཆོག་དཔལ་དང་གཤིན་རྗེ་གཤེད། །རིན་ཆེན་སྙིང་པོ་ཐུབ་དབང་རྡོ་རྗེ་འཆང་། །རོམ་བུ་གྷུ་ཧྱ་པད་འབྱུང་རྗེ་འབངས་བཅས། །རཏྣ་གླིང་པ་བརྒྱུད་པའི་རིག་འཛིན་ཚོགས། །ཀུ་མ་རཱ་ཛ་ཀློང་ཆེན་རབ་འབྱམས་པ། །གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན་བཅས། །པདྨའི་གདུང་འཚོབ་ཉི་གྲགས་རིམ་བྱོན་གྱི། །སྤྱན་སྔར་ཁས་བླངས་དམ་མནོས་སྲོག་ཕུལ་ཞིང་། །བསྟན་དང་བསྟན་འཛིན་སྐྱོང་བར་ཆད་བོར་ཏེ། །ཕྲིན་ལས་སྒྲུབ་མཛད་ཆོས་སྐྱོང་དམ་ཚིག་ཅན། །གཟའ་བདུད་དུག་གི་སྤུ་གྲི་ནག་པོ་ཁྱོད། །ཆད་ཐོ་འདི་བཞེས་བདག་གི་ཕྲིན་ལས་སྒྲུབས། །མཐུ་དང་དྲག་པོའི་དངོས་གྲུབ་སྩོལ་བ་དང་། །རྫོགས་ཆེན་བཤད་སྒྲུབ་ཡུན་དུ་གནས་པ་དང་། །བདག་ཅག་དཔོན་སློབ་བར་ཆད་ཐམས་ཅད་སོལ། །བསྟན་དགྲ་དམ་ཉམས་ཚར་གཅོད་ཕྲིན་ལས་མཛོད། །ཅེས་རྫོགས་ཆེན་བཀའ་ཡི་བྱ་ར་བ་ཆོས་སྐྱོང་རཱ་ཧུ་ལའི་བསྟོད་བསྐུལ་ཕྲིན་ལས་རྩལ་ལྡན་ཞེས་བྱ་བ་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་རྣལ་འབྱོར་པ་ཕྲིན་ལས་བསྟན་དར་གྱིས་སྦྱར་བའོ། །དགེའོ།། །།

ཤན་པ་དམར་ནག་གི་མཆོད་ཕྲེང་ཕྲིན་ལས་ཐོགས་པ་མེད་པའི་རོལ་གར།

p. 294
p. 295

࿅༔ ཤན་པ་དམར་ནག་གི་མཆོད་ཕྲེང་ཕྲིན་ལས་ཐོགས་པ་མེད་པའི་རོལ་གར་བཞུགས་སོ༔ གུ་རུ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཤན་པ་དམར་ནག་མཆོད་པའི་རིམ་པ་ནི༔ མཆོད་རྫས་སོགས་མཐོང་བརྒྱུད་ལྟར་ལེགས་པར་བཤམས་ཤིང་༔ བྷྱོ༔ རིག་འཛིན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཐོག་མར་སྨོན་ལམ་ལས་ཀྱིས་མཆེད་དུ་འབྲེལ༔ བར་དུ་དམ་ཚིག་རྡོ་རྗེའི་གཡར་དམ་འཛིན༔ ཐ་མར་པད་འབྱུང་བསྟན་དང་བསྟན་འཛིན་ལ༔ བུ་བཞིན་བརྩེ་བའི་སྲུང་མ་དམ་ཚིག་ཅན༔ བཤན་པ་དམར་ནག་འཁོར་བཅས་གཤེགས་སུ་གསོལ༔ རབ་འཇིགས་དུར་ཁྲོད་ཁྲག་ཞག་འཁྲུགས་པའི་དབུས༔ བསྐལ་མེ་འབར་བའི་ཀློང་འདིར་བཞུགས་སུ་གསོལ༔ ཕྱི་མཆོད་ཉེར་སྤྱོད་ནང་མཆོད་འདོད་ཡོན་ལྔ༔ གསང་མཆོད་སྨན་གཏོར་རཀྟ་དམ་ཚིག་རྫས༔ བསྟན་བཤིག་དམ་ཉམས་མགོ་སྙིང་ཀླད་ཁྲག་བཅས༔ སྙིང་རྗེ་མེད་པའི་དམ་ཅན་བཤན་པའི་ཚོགས༔ ཕོ་མོ་ལྕམ་དྲལ་བཀའ་སྡོད་ཡང་འཁོར་བཅས༔ རྔམ་ཁྲོས་ཞེ་སྡང་འཁྲུགས་པའི་ཚོགས་ལ་འབུལ༔ ལྟ་བའི་རྒྱལ་པོ་རྫོགས་པ་ཆེན་པོ་ཡི༔ ཆོས་ཚུལ་བསྟན་པ་རྒྱས་པའི་སྡོང་གྲོགས་

p. 296

མཛོད༔ བསྟན་དགྲ་གདུག་པ་ཅན་ཀུན་ཚར་ཆོད་ཅིག༔ ཨེ་ཧེ་མེ་རུ་ཙེ་ས་མ་ཡ་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བྷ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིང་ནི་རི་ཏི་ལ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ བྷྱོ༔ ཡ་ང་འཇིགས་སུ་རུང་བའི་དུར་ཁྲོད་དུ༔ སྐྱི་གཡའ་བྱེད་པའི་ཤ་ཟ་བྱེ་བའི་དབུས༔ བཤན་པ་དམར་ནག་སྲིན་པོ་ཁྲོས་པའི་ཞལ༔ ཕྱག་བཞི་གྲི་ཐོད་རལ་གྲི་ཙིཏྟ་འཛིན༔ ཆིབས་སུ་མཁའ་ལྡིང་རྒྱལ་པོ་ཁྱུང་ལ་ཆིབས༔ ཡུམ་ཆེན་སྲིན་མོ་གཉིས་མེད་རོལ་བའི་ཚུལ༔ དྲེགས་བྱེད་ཀུན་གྱི་གཙོ་ལ་ཕྱག་འཚལ་བསྟོད༔ ལས་རབ་རྩལ་གྱིས་སོ།། །།

བཀའ་སྲུང་ཤན་དམར་མཆོད་ཐབས།

p. 297

࿅༔ བཀའ་སྲུང་ཤན་དམར་མཆོད་ཐབས་བཞུགས༔ ལྷོ་ནུབ་ལྔ་ཡབ་གླིང་གི་ཕོ་བྲང་དུ༔ རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྨོན་ལམ་ལས་སད་དཔའ་བོ་ལས་རབ་ལ༔ དམ་ཅན་ཤན་པའི་སྲོག་གཏད་མཛད་པའི་ཚེ༔ གནོད་སྦྱིན་དམར་པོ་སྒེག་པའི་ཆ་ལུགས་ཅན༔ དར་ལྗང་སྨད་གཡོགས་དར་དང་རིན་ཆེན་བརྒྱན༔ ཕྱག་བཞི་ནོར་བུ་གཏེར་བུམ་ལྕགས་ཞགས་འཛིན༔ དམ་བཞིན་གནས་ཤིང་གྲིབ་བཞིན་འགྲོགས་པའི་ཚུལ༔ དངོས་གྲུབ་ཉེ་བའི་ལྷ་ལ་ཕྱག་འཚལ་བསྟོད༔ བྷྱོ༔ ཕྱི་ལྟར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ནང་ལྟར་གནོད་སྦྱིན་བཤན་པ་དམར་པོ་ནི༔ གསང་བ་གཟའ་རྒོད་དམར་པོ་སྲོག་གི་བདག༔ དྲེགས་པའི་ཡང་རྗེ་ནམ་མཁའི་ཁམས་ལ་དབང་༔ མཐུ་ཆེན་གསང་བའི་ལྷ་ལ་ཕྱག་འཚལ་བསྟོད༔ ཤ་ཁྲག་བརྒྱན་པའི་དམ་རྫས་ཕུད་གཏོར་བཞེས༔ དགྱེས་པའི་ཚུལ་གྱིས་མགོན་ཞིང་སྡོང་གྲོགས་མཛོད༔ གུས་པའི་ཚུལ་གྱིས་བཀའ་དང་བསྟན་པ་སྲུངས༔ བཞད་པའི་ཚུལ་གྱིས་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཆགས་པའི་ཚུལ་གྱིས་གདུལ་བྱ་དབང་དུ་

p. 298

སྡུས༔ རྔམ་པའི་ཚུལ་གྱིས་དགྲ་སྡེ་ཆམ་ལ་ཕོབས༔ ཁྲོས་པའི་ཚུལ་གྱིས་དམ་ཉམས་སྙིང་ཁྲག་འཐུངས༔ དཔའ་བའི་ཚུལ་གྱིས་བགེགས་དང་ལོག་འདྲེན་ཐུལ༔ མྱུར་བའི་ཚུལ་གྱིས་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ བདག་ནི་པདྨའི་རྗེས་འཇུག་ཆོས་བཞིན་སྐྱོང་༔ ཁྱོད་ནི་པདྨའི་བཀའ་སྡོད་དམ་བཞིན་སྲུང་༔ བཀའ་ཡི་ཆད་ཐོའི་གཏོར་མ་འདི་བཞེས་ལ༔ སྤྱི་སྒོས་བསྟན་པའི་བར་ཆད་ཐམས་ཅད་ཟློག༔ སྣང་སྲིད་དལ་ཡམས་མ་མོའི་ཁ་རླངས་ཟློག༔ བྱད་ཟོར་ཕུར་ཁ་རིག་སྔགས་ཆོ་འཕྲུལ་ཟློག༔ མཐའ་དམག་གཡོས་ཆེན་ལྷ་འདྲེའི་ཁེངས་ལོག་ཟློག༔ ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཟློག༔ རྣམ་བཞིའི་ལས་ཀྱི་ཕྲིན་ལས་དུས་ལ་བབ༔ མི་འདའ་རྡོ་རྗེའི་དམ་ཚིག་དུས་ལ་བབ༔ དུས་ལ་བབ་པོ་བཛྲ་ས་མ་ཡ༔ ཞེས་ཕུད་མཆོད་དམ་བསྒྲགས་ཕྲིན་ལས་བཅོལ་བར་བྱའོ༔ རྒྱས་སྤྲོ་སྲོག་ག་དུར་སོགས་མན་ངག་རཏྣ་གླིང་པའི་གཏེར་བྱོན་ལྟར་བྱའོ༔ རྩ་བའི་མཆོད་ཐབས་འདི་ཐོས་བསམ་སྒོམ་པར་མངོན་དུ་བརྩོན་པ་བསོད་ནམས་ཆོས་བཟང་གིས་བསྐུལ་བར་བརྟེན་ནས་དཔའ་བོ་ལས་རབ་རྩལ་གྱིས་བཀོད་པ་དགེ་བར་གྱུར་ཅིག༔ སརྦ་མངྒ་ལཾ༔

རྡོར་སེམས་སྙིང་ཐིག་གི་བཀའ་སྲུང་དམ་ཅན་ཤན་དམར་མཆོད་ཐབས།

p. 299

࿅༔ རྡོར་སེམས་སྙིང་ཐིག་གི་བཀའ་སྲུང་དམ་ཅན་ཤན་དམར་མཆོད་ཐབས་བཞུགས་སོ༔ ཧཱུྃ༔ རྒྱལ་བ་རིག་འཛིན་རྣམས་ཀྱི་བཀའ་སྡོད་མཆོག༔ ཤན་དམར་ལྕམ་དྲལ་འཁོར་བཅས་གཤེགས་སུ་གསོལ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས༔ དགྲ་བགེགས་ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ་དང་༔ མིང་སྲིང་ལྕམ་དྲལ་བཞིན་དུ་གདུང་བར་མཛོད༔ སྲུང་སྐྱོབ་མེལ་ཚེ་གཡེལ་བ་མེད་པ་དང་༔ ཚེ་སྲིངས་དཔལ་སྐྱེད་བསམ་དོན་ཀུན་འགྲུབ་མཛོད༔ སྡང་བའི་དགྲ་རྣམས་རྩད་ནས་གཅོད་པ་དང་༔ གནོད་པའི་བགེགས་རྣམས་མ་ལུས་འདུལ་བར་མཛོད༔

བཀའ་སྲུང་མཆོད་ཐབས།

p. 300

༈ བཀའ་སྲུང་མཆོད་ཐབས་ནི། བཤོས་བུ་ཟླུམ་པོ་དང་ཟུར་གསུམ་རྣམས་བཤམས་ལ༔ ཧཱུྃ༔ རྒྱལ་བའི་བཀའ་སྡོད་བསྟན་པ་སྲུང་མཛད་གཙོ༔ རིག་འཛིན་བདག་དང་གཡར་དམ་གཅིག་པའི་ལྷ༔ དབང་ཕྱུག་ཡབ་ཡུམ་རྣམ་སྲས་ཡིད་བཞིན་ནོར༔ ཛམ་ལྷ་དམར་ནག་དཔལ་མགོན་རེ་མ་ཏི༔ ཤན་དམར་རྡོར་ལེགས་ལྷ་བཙན་རྡོ་རྗེ་འབར༔ དགེ་བསྙེན་ཆེན་པོ་ཡེ་ཤེས་དྲག་པོ་རྩལ༔ ཚུར་གཤེགས་ཚུར་གཤེགས་ཐམས་ཅད་མཉམ་པར་བཞུགས༔ མཐུན་རྫས་ལོངས་སྤྱོད་མཆོད་པ་འདི་བཞེས་ལ༔ ཚེ་དཔལ་སྟོབས་འབྱོར་མངའ་ཐང་འཕེལ་བར་མཛོད༔ གདུག་པའི་དགྲ་བགེགས་བསྟན་ལ་གནོད་བྱེད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་མ་གཙང་སར་གཤེགས༔ ལས་རབ་རྩལ་གྱིས་སོ༔ དགེའོ༔ བཀྲ་ཤིས༔

གནོད་སྦྱིན་ཤན་པ་དམར་ནག་གི་མངའ་གསོལ་ཉུང་བསྡུས།

p. 301

࿅༔ གནོད་སྦྱིན་ཤན་པ་དམར་ནག་གི་མངའ་གསོལ་ཉུང་བསྡུས་བཞུགས་སོ༔ ཧཱུྃ༔ རྒྱལ་བ་རིག་འཛིན་རྣམས་ཀྱི་བཀའ་སྲུང་མཆོག༔ ཤན་དམར་དྲག་པོའི་ཕྲིན་ལས་གནམ་ལྕགས་ཐོག༔ བསྟན་དགྲའི་སྲོག་ལ་རྣོ་བར་མངའ་གསོལ་ལོ༔ གནོད་སྦྱིན་ཀུན་གྱི་དེད་དཔོན་མཐུ་ཆེ་བ༔ བདེ་གཤེགས་དབང་བསྐུར་རིན་ཆེན་གཏེར་ལ་དབང་༔ བསམ་དོན་སྒྲུབ་པའི་ནོར་བུར་མངའ་གསོལ་ལོ༔ རྒྱུད་སྡེའི་སྔགས་འཆང་རྣལ་འབྱོར་བྱ་ར་བ༔ དམ་ཚིག་འབྲལ་མེད་འཆང་བའི་ཡལ་གམ་ཅན༔ དམ་ཅན་ཡོངས་ཀྱི་གཙོ་བོར་མངའ་གསོལ་ལོ༔ རིང་ནས་སྨོན་ལམ་མཐུ་ཡིས་བདག་དང་འབྲེལ༔ ཅི་བཅོལ་ལས་ཉན་མྱུར་མགྱོགས་ཕོ་ཉ་བ༔ ཚེ་རབས་འགོ་བའི་སྲུང་མར་མངའ་གསོལ་ལོ༔ འདི་ལྟར་མངའ་གསོལ་བྱས་པའི་བདེན་འབྲས་ཀྱིས༔ ཞི་རྒྱས་དབང་དང་དྲག་པོ་ལ་སོགས་པའི༔ ཕྲིན་ལས་ཐོགས་མེད་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་པད་བཀྲས་བསྐུལ་བ་ལྟར་ཕྲིན་ལས་ཀྱིས་སྨྲས་པའོ༔ དགེའོ༔

བཀའ་རྫོགས་པ་ཆེན་པོ་བདེ་མཆོག་འཁོར་ལོའི་བཀའ་སྲུང་སྐྱེས་བུ་ཆེན་པོའི་ཕྱི་ནང་གསང་བའི་མན་ངག་སྤྲོས་བཅས་སྤྲོས་མེད་ཀྱི་ལག་ལེན་འབའ་ཞིག

p. 302
p. 303

࿅༔ བཀའ་རྫོགས་པ་ཆེན་པོ་བདེ་མཆོག་འཁོར་ལོའི་བཀའ་སྲུང་སྐྱེས་བུ་ཆེན་པོའི་ཕྱི་ནང་གསང་བའི་མན་ངག་སྤྲོས་བཅས་སྤྲོས་མེད་ཀྱི་ལག་ལེན་འབའ་ཞིག་བཞུགས་སོ། །

p. 304

དཔལ་ཆེན་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ཡང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པའི་དམ་ཅན་འདི་ཉིད་གནས་དགོན་གཙུག་ལག་ཁང་སོགས་བསྟན་པ་སྲུང་བའི་དོན་ཆེན་པོ་ཕྱི་ནང་གསང་བའི་བླ་རྡོ་གཞུང་ལྟར་དང་། དྲག་པོ་སྒྲུབ་པའི་ལས་གཞུང་རྩ་བར་བཤད་པ་བཞིན་ཚུལ་བཞིན་དུ་བསྒྲུབ་པ་ནི་མཆོག་དམ་པའོ། །ཁྱད་པར་དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་ཤིན་ཏུ་མི་བསྲུན་པ་ལ་སོགས་པ་ནི་ཞལ་ཤེས་དཔེའུ་རིས་ལ་སོགས་པ་ལས་གསལ་བ་བཞིན་ནོ། །དམ་ཅན་རྡོ་རྗེ་ལེགས་པ་འདི་ཉིད་དང་། དཔལ་ཆེན་མ་ཧཱ་ཀཱ་ལ་ནས་བཟུང་ཕྲ་ཞིང་ཕྲ་བའི་དྲེགས་པ་ལས་བྱེད་རྣམས་དབང་དུ་སྡུད་ཅིང་དམ་ལ་འཛུད་པ་ལ་བྱིན་རླབས་བླ་མའི་རྣལ་འབྱོར་དང་ཡི་དམ་བསྙེན་སྒྲུབ་དབང་དང་དམ་ཚིག་ལ་དབང་འབྱོར་པ་གལ་ཆེ། ཁྱད་པར་འདི་ཉིད་སྤྲོས་བཅས་དང་། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གསུམ་གྱིས་འདིར་བསྟན་པ་

p. 305

ནི་སྙན་བརྒྱུད་ཤིན་ཏུ་གསང་བའོ། །དེ་ལ་སྤྲོས་བཅས་ནི། འོག་གཞི་ཕུང་ས་དགུའི་སྣ་ལ་གྲུ་གསུམ་ཧོམ་ཁུང་ཚད་དང་ལྡན་པ། དེའི་ནང་དུ་དགྲ་བགེགས་ཀྱི་ལིངྒ་སྤྱི་ཁྱབ་ལྟར་ལ་མིང་རུས་དགུག་གཞུག་དྲག་སྔགས་ཅན། ལིངྒ་སྦྱངས་ཁྲུས་སྤྱི་མཐུན་ལྟར་ཚར་བ་དང་། ཟག་རྫས་ཀྱིས་བྱུག་ཅིང་། དགུག་གཞུག་ཧོམ་དུ་འཛུད་པ་སོགས་སྤྱི་ལྟར་བྱའོ། །བདག་ཡི་དམ་མདུན་བསྐྱེད་དམ་ཅན་དུ་གསལ་ཅིང་དྲག་ལ་རྩུབ་པ་དང་ཁྲོ་ཞིང་མྱུར་བའི་ལས་མཁན་རྣམས་ཀྱིས་དགྲ་བགེགས་འགུགས་སྒྲོལ་གསོད་གཏུབ་ཀྱི་ལས་བྱེད་པར་བསམས་ཤིང་བཛྲ་སཱ་དྷུ་ཙ་ཧྲིང་སོགས་དྲིལ་སྒྲུབ་ཀྱི་སྤུ་གྲི་ལ་གཅིག་ཤུར་དུ་བཟླའོ། །ཐུན་དུ་བཅད་པའང་བྱའོ། །ཕུང་ཤུལ་གྱི་སའི་མཎྜལ་གྲུགསུམ་པ་ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩེགས་ཤིང་ནང་དམ་ཅན་བསྐྱེད་བསྟིམ་མཆོད་ཅིང་བསྟོད་དེ་དགྲ་བོའི་མིང་རུས་དུག་ཤིང་ལ་བྲིས་པ་དང་ལིངྒ་དང་ཟག་རྫས་དང་གྲིར་ཤི་

p. 306

བའི་ཤ་ཁྲག་དང་། གཏོར་མ་ཤ་ཁྲག་གིས་བྱུགས་པའི་གྲུགསུམ་པ་དང་། གཞན་ཡང་དྲག་པོའི་རྫས་རྣམས་དགྲ་བགེགས་མངོན་སུམ་དུ་དམིགས་ཤིང་བསམ་པ་གཞན་གྱིས་བར་མ་ཆོད་པར་རང་ཡི་དམ་དང་མེ་ལྷ་དོན་དུ་བསྲེག་རྫས་དགྲ་བགེགས་དངོས་སུ་འབུལ་བར་བསམས་ཤིང་། དམ་ཅན་གསང་བའི་སྤུ་གྲིའི་མཇུག་ཏུ་དགྲ་བགེགས་བླ་ཚེ་སྲོག་གསུམ་མཱ་ར་ཡ། ཁཱ་ཧི་ཁཱ་ཧི་ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་དགྲ་སྟོབས་ཅན་ལ་འབུམ་ཕྲག་འབུལ། འབྲིང་ལ་ཁྲི་འབུལ། ཆུང་བ་ལ་སྟོང་འབུལ། དགྲ་བོ་ཤིན་ཏུ་དམན་ཅིང་བསོད་ནམས་དམན་པ་ལ་བརྒྱ་རྩ་བརྒྱད་ཀྱིས་ཆོག །རང་ཧེ་རུ་ཀའི་ང་རྒྱལ་བསྐྱེད། དམ་ཅན་ལ་དམ་བསྒྲགས་ལས་བཅོལ། མཐར་མེ་ལྷ་བསྡུ་ཞིང་མི་དམིགས་པའི་རྒྱས་གདབ། ཐལ་ས་མནན་པའི་ལས་སོགས་སྤྱི་ལྟར་འགྲེས་སོ། །དེ་ཡང་བསྟན་དགྲ་དང་མཐའ་དམག་ཆེན་པོ་བཟློག་པའི་ལས་བྱེད་ན་བསྐང་གསོལ་སོགས་ཀྱིས་བཅས་གཞུང་ལྟར་ལ་ལྕགས་སོགས་བྷནྡྷའི་སྣོད་དུ་འབྲུ་ནག་གི་བཤོས་བུ་དམ་ཅན་གྱི་ཞལ་ཅན་མཐིང་ནག་ཁྲོས་པ་ལ་འཁོར་སྡེ་བརྒྱད་ཀྱི་གཏོར་མ་གྲུགསུམ་གཙོ་འཁོར་མེ་རི་ཤ་སྫར་མཚེ་ཡུངས་དཔལ་འབར་གྱིས་བརྒྱན་པ་རྔམས་ལྡན་དུ་བྱེད། སྐྱེས་བུ་ར་ཞོན་སྤྱི་ལྟར་དུ་གཞུང་བསྲང་། བདག་ཧེ་རུ་ཀ་དང་མདུན་བསྐྱེད་དམ་ཅན་གྱི་ཐུགས་ཀ་ནས་སྐྱེས་བུ་ཆེན་པོ་རང་འདྲ་བའི་ཕོ་ཉ་དམ་ཅན་ཡང་སྤྲུལ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་གང་བར་སྤྲོས་ཏེ་ཤ་ཁྱི་དང་ལིངས་པས་རི་དྭགས་ལ་བཀྱེས་པ་བཞིན་དུ་དགྲ་བོའི་བླ་ཚེ་སྲོག་གསུམ་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་བསྟིམ། ཕོ་ཉས་ཚོགས་ཀྱིས་བསྒྲལ་བར་དམིགས་ཤིང་བཛྲ་སཱ་དྷུ་ཙ་ཧྲིང་སོགས་བར་མཚམས་མེད་པར་བཟླ་ཞིང་བསྒྲལ་བསྟབ་དང་བསྐུལ་བ་སོགས་བྱའོ། །

p. 307

འདི་དག་ལ་སོགས་པའི་རིམ་པ་ནས་བཟུང་སྤྲོས་བཅས་དང་། སྤྲོས་མེད་ནི། བདག་མདུན་གཏོར་མ་དམ་ཅན་དུ་གསལ་བས་དགྲ་བགེགས་འགུགས་སྒྲོལ་གྱི་ལས་བྱེད་པར་བསམས་ཤིང་ལིངྒར་འགུགས་ཤིང་བསྒྲལ་ཁཱ་ཧི་དང་བསྐུལ་རྐྱང་ཤིན་ཏུ་དྲག་པོར་བྱའོ། །ཤིན་ཏུ་སྤྲོས་མེད་ནི་བདག་མདུན་དམ་ཅན་རྟ་ནག་ལ་ཆིབས་པ་ཡེ་ཤེས་དང་ལས་ཀྱི་མགོན་པོའི་ཚོགས་ཐམས་ཅད་འཁོར་དུ་སྡུད་ཅིང་བྲན་དུ་འགྱེད་པ། དེའི་ཕོ་ཉ་ལས་མཁན་དྲག་རྩུབ་ཀྱིས་དགྲ་བགེགས་རྡུལ་དུ་བརླགས་པར་བསམས་ཤིང་སྤུ་གྲི་དྲག་ཏུ་བཟླས་ཤིང་ང་རྒྱལ་མ་ཡེངས་པ་དང་། ཞྭ་གོས་ནག་པོ་དང་བསྐུལ་རྐྱང་དྲག་པོ་མཚོན་ཟོར་སྣ་ཚོགས་དང་བཅས་དགྲ་ཕྱོགས་སུ་གཏད། དགྲ་བགེགས་རྡུལ་དུ་བརླག་པའི་བརྟུལ་ཞུགས་དང་བཅས་པས་མངོན་སྤྱོད་ཀྱི་ལས་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ། དེའི་སྲས་ཨོ་རྒྱན་བསྟན་འཛིན། མཆོག་སྤྲུལ་གཉིས་པ་སྔགས་འཆང་རྡོ་རྗེ་སྟོབས་མཆོག་རྩལ་སོགས་རྗེ་བླ་མ་རིམ་བརྒྱུད་གསུམ་དང་། ངེད་ཀྱི་མི་རབས་ཀྱིས་དེ་བཞིན་ང་དང་རིམ་པ་གསུམ་གྱི་བར་དུ་ཕྱག་ལེན་ཆེར་མ་བཏབ་ཀྱང་། དེང་ཕྱིན་ཆད་ནི་སེམས་ཅན་དམུ་རྒོད། བདུད་ཚོགས་གྲངས་མང་། སྔགས་སྟོབས་ཀྱི་ནུས་པ་ཤོར། ཅི་བྱ་གཏོལ་མེད་དུ་གྱུར་པའི་དུས་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་ལེགས་པ་དྲག་ཅིང་གཏུམ་པ་མགར་ནག་གོ་གྱོན་མཚོན་ཐོགས་དམག་ཆས་ཅན་བསྟན་པ་འཛིན་ནམ་སྙམ་པའི་སྐྱེས་བུའི་ཕྲིན་ལས་སུ་བྱེད་གྱུར་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་ཕྱག་བཞེས་བཏབ་པ་ཡིན། དེ་བཞིན་ཕྱི་ནང་གསང་བའི་ཕྱག་བཞེས་ཀྱང་དྲག་ཏུ་བྱོས། །ཅེས་ཆང་རྒན་དཔའ་བོ་ལས་རབ་རྩལ་གྱིས་གང་བྱུང་དུ་བྱས་པའི་ཟིན་

p. 308

བྲིས་སོ། ། ༈ ཁྱད་པར་གྱི་བསྟོད་པ་ནི། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་། །ཧེ་རུ་ཀ་དཔལ་ཡོངས་ཀྱི་མངོན་སྤྱོད་ཤུགས། །སྣང་སྲིད་དྲེགས་ཚོགས་སྡེ་བརྒྱད་གདུག་རྩུབ་རྩལ། །ཡོངས་སུ་རྫོགས་པའི་རྡོ་རྗེ་ལེགས་པ་ནི། །དཔལ་མགོན་མཐིང་ནག་བཟོད་པར་དཀའ་བའི་སྐུ། །གདོད་ནས་ཀུན་བཟང་ཁྲོས་པའི་རྩལ་ཡིན་ཕྱིར། །ཚངས་སོགས་འཇིག་རྟེན་མཐུ་ཆེན་ཐམས་ཅད་ཀུན། །ཁྲོས་པ་ཙམ་གྱིས་བརླག་པར་ཚེགས་མེད་ན། །མི་ཡུལ་ཉེས་པ་བྱས་པའི་ཚང་བཅུ་རྣམས། །སྐད་ཅིག་ཙམ་གྱིས་འཇོམས་པ་སྨོས་ཅི་དགོས། །དམན་པའི་ལུས་ཅན་དམ་བཅས་ཉམས་པ་ན། །རྒྱལ་བས་ཁྲེལ་ཅིང་འགྲོ་བས་ཁྲེལ་བགད་གནས། །གསང་བདག་ཁྲོས་པའི་དཔའ་བོ་མགར་བ་ནག །དམ་བཅའ་བཏང་བ་ཐུབ་བསྟན་འཇིག་པའི་ལྟས། །ངེད་ཅག་སྒྲུབ་པའི་རྣལ་འབྱོར་སྙིང་ནས་རྨོངས། །ཀྱེ་མ་ཀྱི་ཧུད་མཐུ་སྟོབས་གཟི་བརྗིད་བསྐྱེད། །སྐད་ཅིག་ཙམ་ཡང་ཡུད་ཀྱང་མ་འགོར་བར། །བསྟན་པའི་དགྲ་བོ་རྗེས་ཤུལ་མེད་པར་ཐོངས། །རྡོ་རྗེ་འཛིན་པའི་ཞལ་མཐོང་ཁྱོད་ཉམས་ན། །ཤ་

p. 309

ཁྲག་དྲྭ་བའི་ལུས་ཅན་ངེད་ཅི་ནོངས། །བསྟན་སྲུང་མཐུ་ཡིས་བསྟན་དགྲ་མི་སྒྲོལ་ན། །སྔོན་གྱི་རྒྱལ་བའི་དམ་བཅའ་མི་འགལ་ལམ། །ཡི་ཆད་སྙིང་ནས་ཡུས་པའི་ཚིག་འདི་དག །བསྐུལ་ཞིང་གསོལ་ཚེ་དགྲ་ལ་མཐུ་མེད་པར། །རང་ལ་འཁུ་བའི་རྩུབ་འགྱུར་ལྷག་པར་ཆེ། །ཀུན་བཟང་ཧེ་རུ་ཀ་དཔལ་གདུང་རྒྱུད་ངས། །དམ་ཉམས་ཡོངས་ལ་དམ་ཅན་བཏགས་བཏགས་དང་། །མཆོད་དང་གཏོར་མ་ཆུད་ཟོས་བྱས་བྱས་དང་། །རང་དོན་རྡོ་རྗེ་གསུམ་དུ་བསྒྲུབས་བསྒྲུབས་རྣམས། །ཡི་ཆད་སྙིང་ནས་ཁྲེལ་ཞིང་ཡུས་ཡུས་ནས། །མཆི་མ་འདོར་ཞིང་བྱས་པའི་ལས་ལ་འགྱོད། །ངེད་ཀྱིས་བསྐུལ་ཞིང་འོ་དོད་མ་བོས་ཀྱང་། །དམ་ཅན་ཁྱེད་ཀྱིས་ཕྲིན་ལས་མ་བསྒྲུབས་ན། །ཧེ་རུ་ཀ་དཔལ་དམ་ཚིག་ཆུད་རེ་ཟོས། །ཐུབ་བསྟན་གཉན་པོ་འཇིག་པའི་དམ་ཉམས་དགྲའི། །རྩ་ལག་སྡེ་དང་བཅས་པ་རྨིང་མེད་དུ། །བྱེད་པ་འདི་ནི་དམ་ཅན་ཁྱེད་ཀྱི་ལས། །རང་དོན་རྡོ་རྗེ་གསུམ་གྱི་ཉམས་ལེན་དང་། །གཞན་དོན་ཕྲིན་ལས་བཞི་ཡིས་འཇུག་པ་ནི། །གཡེལ་མེད་

p. 310

སྒྲུབ་འདི་རིག་འཛིན་བདག་གི་ལས། །ཆོས་སྐྱོང་མཐུ་མེད་རྒྱུ་འབྲས་བདེན་པ་མེད། །ཡི་ཆད་བདག་ཅག་མྱ་ངན་སྡུག་གིས་ནོན། །རཱུ་ཏྲ་མེ་ལྟར་འབར་ཏེ་འཕྱ་ཞིང་བགད། །བདག་ཅག་དགྲ་ཡིས་ཉེན་ནོ་རྡོ་རྗེ་ལེགས། །ཐུབ་བསྟན་འཇིག་ཏུ་ཉེའམ་དཔལ་མགོན་རྣམས། །དམ་ཉམས་དམྱལ་བར་འཇིགས་སོ་དམ་ཅན་རྣམས། །མཐུ་དང་ནུས་པ་སྟོན་ཅིག་མཐུ་ཆེན་རྣམས། །རྒྱལ་བའི་བསྟན་པ་ཉམས་པའི་ངན་བསྒྲགས་དང་། །ཆོས་སྐྱོང་དམ་ཚིག་ཉམས་པའི་གཏམ་ངན་གྱིས། །འཛམ་གླིང་འཇིག་རྟེན་ཕོ་མོའི་ཚོགས་ཁྲོད་དུ། །བན་སྔགས་ལྷ་མེད་ངེད་ཀྱང་ཤི་བ་འདྲ། །ཆོས་སྐྱོང་ཁྲེལ་མེད་ཁྱེད་རྣམས་ཁྲེལ་ཅིང་བཞད། །མཐུ་སྟོབས་ཡོད་ན་དགྲ་བགེགས་རྡུལ་དུ་རློགས། །ངས་བྱས་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །མངྒ་ལཾ། ཞེས་པ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་སོ།། །།

p. 311

࿅༔ རྡོ་རྗེ་ལེགས་པའི་མངའ་གསོལ་བཞུགས༔ ཧཱུྃ་ཡ༔ དབང་ཆེན་པདྨ་ཧེ་རུ་ཀ༔ འཇིགས་ཚུལ་རྔམ་ཁྲོ་འབར་བའི་ཞལ༔ དྲེགས་ཆེན་མཐུ་ལྡན་ཡོངས་ཀྱི་གཙོ༔ དཔལ་མགོན་ཆེན་པོ་དམ་ཚིག་ཅན༔ ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་ཡང་༔ རྣམ་འཕྲུལ་སྣ་ཚོགས་བསམ་མི་ཁྱབ༔ མཚན་ནི་རྡོ་རྗེ་ལེགས་པ་རྩལ༔ འཛམ་གླིང་གནམ་ས་ཕྱེད་ལ་དབང་༔ ལས་སུ་སངས་རྒྱས་བསྟན་པ་སྲུང་༔ སྟོང་གསུམ་སྐད་ཅིག་ཡུད་ཀྱིས་བསྐོར༔ གཙུག་ལག་ཆོས་འཁོར་སྲུང་མ་ཆེ༔ ཚུར་བྱོན་ཚུར་བྱོན་ད་ཚུར་བྱོན༔ ཛ་གད་བདུད་རྩི་མཚོ་ལྟར་བསྐྱིལ༔ དམ་རྫས་གཏོར་མ་རི་ལྟར་སྤུངས༔ དགྲ་བགེགས་ཤ་རི་ཁྲག་མཚོ་བཅས༔ དམ་ཅན་མཆེད་འཁོར་ཡང་སྤྲུལ་ལ༔ འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ གཞན་ཡང་མཆོད་སྒྲུབ་བསྐང་རྟེན་རྫས༔ དངོས་འབྱོར་ཡིད་སྤྲུལ་རྒྱ་ཆེན་འདིས༔ ཐུགས་དམ་གཉན་བསྐང་མངའ་གསོལ་ལོ༔ ཁྱེད་ལ་བདག་གིས་ལས་བཅོལ་གྱིས༔ ཨོ་རྒྱན་ཆེན་པོའི་བཀའ་བཞིན་དུ༔ བསྟན་པ་གཉན་གྱི་བྱ་ར་མཛོད༔ བསྟེན་ན་མཐའ་བཙན་བཀྲ་ཤིས་ཤིང་༔

p. 312

བསྒྲུབས་ན་སྙིང་ཉེ་དངོས་གྲུབ་ཆེ༔ རྦད་ན་ལས་མྱུར་དྲག་རྩལ་རྒོད༔ བཅོལ་ན་ཉན་ཞིང་དམ་ཚིག་གཙང་༔ དྲེགས་པའི་སྡེ་དཔོན་ཀུན་ལས་ཀྱང་༔ ཁྱེད་ནི་ཁྱད་པར་གསང་སྔགས་ཀྱི༔ གཏེར་བདག་ཆོས་སྐྱོང་ཆེན་པོ་སྟེ༔ དམ་ཅན་ཁྱོད་ལ་ཕྱག་འཚལ་བསྟོད༔ བདག་ཅག་སྒྲུབ་པའི་རིག་འཛིན་གྱི༔ ཚེ་དཔལ་འབྱོར་པ་རྒྱས་པར་མཛོད༔ སྣོད་བཅུད་ཡོན་ཏན་དབང་དུ་སྡུས༔ གདུག་པའི་དགྲ་བགེགས་རྩད་ནས་ཆོད༔ བསྟན་དང་བསྟན་འཛིན་བུ་བཞིན་སྐྱོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དབོན་རིན་པོ་ཆེ་མཆོག་ཞལ་བསྟན་པའི་ཉི་མས་བཀའ་ཕེབས་ལ་བརྟེན་ནས་ཆོས་སྐྱོང་འདི་ཉིད་ཀྱིས་ལས་སྒྲུབ་པ་ཞལ་གྱི་མཚམས་པར་བྱུང་བའི་རྣལ་འབྱོར་པ་སྔགས་འཆང་སྨྱོན་པའི་བརྟུལ་ཞུགས་ཅན་དཔའ་བོ་ལས་རབ་རྩལ་གྱིས་སྤྲོས་བཞིན་བྲིས་པ་དགེའོ༔

p. 313

དམ་ཅན་སྤྱང་ཞོན་གྱི་གསང་སྒྲུབ་གཏོར་འབུལ་བཞུགས་སོ༔ ཛཿཧཱུྃ་བཾ་ཧོ། བཛྲ་ས་དྷུ་ས་མ་ཡ༔ ཧས་བྱ་ཧུས་བྱ་གླེ་གད་མ་ཨ་བེ་ཤ་ཛ་ཛ༔ ཀྱཻ༔ ཚུར་བྱོན་བཛྲ་ས་དྷུ་ས་མ་ཡ་བཛྲ་སྐྱེས་མཆོག་ཐིག་ལེ་རྩལ༔ བཛྲ་གིང་ཀ་ར་ཧྲིང་ཧྲིང་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་ཕུལ་ལ། ཀྱཻ། མེས་པོ་གནམ་རུ་རུམ་གྱི་རྗེ། །ཕྱི་མོ་ས་ལེར་མེར་གྱི་བདག༔ ཕ་ནི་བདུད་ལ་མ་ནི་སྲིན༔ བདུད་སྲིན་འཚོགས་པའི་མཐུ་བོ་ཆེ། །ལྷོ་ནུབ་སྲིན་པོའི་འཇིག་རྟེན་གྱི༔ མཱ་ལ་ཡ་ཡི་ཤར་ཕྱོགས་ནས༔ སྲིན་མོ་ཁ་ཡི་བྲག་ཕུག་ནས༔ རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས༔ དགྲ་བླ་ཉག་གཅིག་སྐུ་བཞུགས་པ༔ ལྕེ་སྤྱང་ནག་པོ་མགོ་དགུའི་སྟེང་༔ སྐུ་མདོག་དར་དཀར་རལ་ག་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ ཕྱག་གཡས་ཞགས་པ་དམར་པོ་ཐོགས༔ གཡོན་ན་དབྱུག་ཐོ་འབར་བ་བསྣམས༔ ཞལ་ནས་གདུག་པའི་སྔགས་སྒྲ་སྒྲོགས༔ སྐུ་ལས་མེ་ཡི་ཚྭ་ཚྭ་འཕྲོ༔ སྐྱེས་བུ་དེ་ཡི་བཀའ་ཉན་ནི༔ སྡེ་བརྒྱད་བཙན་འཁོར་གོ་ཁྲབ་ཅན༔ སུམ་བརྒྱ་དྲུག་ཅུ་སི་ལི་ལི༔ ཐོག་སེར་བུ་ཡུག་ཐུ་ལུ་ལུ༔

p. 314

མེ་འོད་མཚོན་ཆ་ཡ་ལ་ལ༔ རྣལ་འབྱོར་བདག་གི་བྷ་ལིང་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡང་ཅིག་ཐུགས་ཀྱི་སྤྲུལ་པ་ནི༔ རླུང་ནག་འཚུབ་མའི་ནང་ཤེད་ན༔ མོན་པ་ནག་པོ་འཇིགས་གཟུགས་ཅན༔ སེམས་ཅན་སྲོག་གི་ཤན་པ་ནི༔ སྒྲོལ་གིང་ཆེན་པོ་སྐུ་སྐྱོད་ཅིག༔ སྟོང་དཔོན་ཆེན་པོ་སྐུ་སྐྱོད་ཅིག༔ སྲོག་བདག་ཆེན་པོ་སྐུ་སྐྱོད་ཅིག༔ གནས་མཆོག་འདི་རུ་དགྱེས་མཛོད་ལ༔ སྒྲུབ་མཆོག་བདག་གི་བྷ་ལིང་བཞེས༔ དགྲ་དང་བགེགས་རྣམས་མེད་པ་དང་༔ བསམ་པ་ཐམས་ཅད་འགྲུབ་པར་མཛོད༔ དམ་ཚིག་གཉན་པོ་རབ་དགོངས་ལ༔ རྣལ་འབྱོར་བདག་གི་ལས་མཛོད་བསྙེན༔ བསྙེན་སྒྲུབ་རིག་འཛིན་བསྒོམ་པ་ལ༔ བར་དུ་གཅོད་པ་ཞི་བར་མཛོད༔ ཚེ་དང་དཔལ་འབྱོར་རབ་བརྟན་ཅིང་༔ འཁོར་དང་འབྱོར་པ་རྒྱས་པར་མཛོད༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད༔ ལས་རབ་རྩལ་གྱིས་སོ།། །།

དམ་ཅན་ཁྱེའུ་ཆུང་དཀར་པོའི་སྒྲུབ་ཐབས་སྲིད་གསུམ་གསལ་བྱེད་དངོས་གྲུབ་བུམ་བཟང་།

p. 315

࿅༔ དམ་ཅན་ཁྱེའུ་ཆུང་དཀར་པོའི་སྒྲུབ་ཐབས་སྲིད་གསུམ་གསལ་བྱེད་དངོས་གྲུབ་བུམ་བཟང་བཞུགས་སོ༔ དང་པོ་བདག་བསྐྱེད་ནི༔ པད་ཟླའི་སྟེང་དུ་ཧཱུྃ་ལས་བདག༔ རྡོར་སེམས་དཀར་པོ་རྡོར་དྲིལ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྐྱིལ་ཀྲུང་གིས་བཞུགས་སྣང་སྟོང་སྐུ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས༔ འཕྲོ་འདུས་འོད་ཀྱིས་དོན་གཉིས་བྱས༔ ཚུར་འདུས་བྱིན་རླབས་དཔལ་དུ་འབར༔ ༀ་བཛྲ་ས་ཏྭ་མ་ཡཱ༔ སོགས་བརྗོད༔ མཆོད་པ་བྱིན་བརླབ་ནི༔ རཾ་ཡཾ་ཁཾ་གིས་མཆོད་རྫས་བསྲེགས་གཏོར་སྦྱངས༔ ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ ༀ་ཨཱཿཧཱུྃ༔ ལན་གསུམ་བྱ༔ མདུན་བསྐྱེད་ནི༔ མདུན་དུ་གནོད་སྦྱིན་ནོར་གྱི་བདག༔ ཁྱེའུ་ཆུང་མཛེས་ཤིང་ཡིད་འོང་བ༔ དཀར་པོ་ནོར་བུ་གཏེར་བུམ་འཛིན༔ དར་ཟབ་ན་བཟའ་རིན་ཆེན་བརྒྱན༔ བདག་ལ་དགའ་འདུད་བྲན་གྱི་ཚུལ༔ ལོངས་སྤྱོད་འདོད་དགུ་སྡུད་ཅིང་འབུལ༔ སྲོག་སྔགས་ནི༔ ༀ་ཏྲིའུཏྲིའུམྱུར་ཤོག༔ ཡ་ཏི་དྲུང་དྲུང་ཏྲི༔ ཅི་ནུས་བཟླ༔ ཤམ་བུ་ནི༔ སིདྡྷི་ས་མ་ཡཱ་ཧཱུྃ༔ ཞེས་དང༔ ཙཀྵུ་ཙཀྵུ་ཕྱེ་སྭཱ་ཧཱ༔ ཞེས་དང་༔ སརྦ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲིལ་སྔགས་སྦྲག་པའི་སྔགས་ཤམ་ནི༔ སིདྡྷི་ཙཀྵུ་པཱ་ཤཾ་ས་མ་ཡེ་

p. 316

སྭཱ་ཧཱ༔ སྤྱན་འདྲེན་པ་ནི༔ ཛ༔ གནོད་སྦྱིན་མཐུ་ཆེན་ཐམས་ཅད་ཀྱི༔ ལས་མཁན་ཕོ་ཉ་མྱུར་མགྱོགས་ཅན༔ ཁྱེའུ་ཆུང་དཀར་པོ་ནོར་གྱི་བདག༔ རྒྱགས་སྐྱེལ་དངོས་གྲུབ་ཉེ་བའི་ལྷ༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ མཐུན་རྐྱེན་གྲོགས་དང་བཅས་ཏེ་བྱོན༔ བརྩེ་ཞིང་གདུང་བའི་ཡིད་ཀྱིས་བྱོན༔ བཀའ་ཉན་གུས་པའི་ཚུལ་གྱིས་བྱོན༔ ༀ་ཏྲིའུ་ཏྲིའུ་མྱུར་ཤོག༔ ཡ་ཏི་དྲུང་དྲུང་ཏྲི༔ ཨཱ་ཏྲི་ས་མ་ཡ་དམ་ཛ༔ དམ་བཞག་ནི༔ རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་བསྟན་ལ༔ ལས་མཁན་ཕོ་ཉ་ཁྱེའུ་ཆུང་ཁྱོད༔ ཀུན་བཟང་ཆེ་མཆོག་པད་འབྱུང་གི༔ བཀའ་དང་དམ་ལས་མ་འདའ་བར༔ བདག་ལ་དངོས་གྲུབ་ཀུན་སྩོལ་ཅིག༔ མཆོད་པ་ནི༔ ཧཱུྃ༔ གཏེར་ལ་དབང་སྒྱུར་གནོད་སྦྱིན་ཆེ༔ ལས་ལ་དབང་སྒྱུར་ཁྱེའུ་ཆུང་ལ༔ དགྱེས་པའི་མཆོད་ཚོགས་འབུལ་བ་ནི༔ དྭངས་གསལ་རྙོགས་པ་མེད་པ་ཡི༔ སྐོམ་པའི་གདུང་སེལ་ཆུ་རྒྱུན་དང་༔ བཟང་ཤིང་དྲི་ལྡན་བསྲེགས་པ་ཡི༔ དུད་པའི་སྤྲིན་གྱི་མཆོད་པ་འབུལ༔ འབྲུ་བཅུད་སྙིང་གི་སྐྱེམས་མཆོག་ཆང་༔ རིན་ཆེན་སྦྱར་བའི་ཡོན་ཏན་ཅན༔ རྒྱ་ཇ་ངད་ལྡན་ལ་སོགས་པ༔ ༔ གཙང་མའི་ཕུད་ཀྱི་

p. 317

མཆོད་པ་འབུལ༔ མེ་ཏོག་རྩི་ཤིང་སྣ་ཚོགས་ཀྱི༔ དཔལ་གྱི་སྙིང་པོ་བསྡུས་པ་ཡི༔ དཀར་གསུམ་མངར་གསུམ་དག་དང་ནི༔ ཤིང་ཐོག་རྣམས་ཀྱི་མཆོད་པ་འབུལ༔ རོ་བཅུད་ནུས་ལྡན་གཏོར་མ་ལ༔ མཐུན་པའི་རྫས་དང་རྒྱན་གྱིས་སྤྲས༔ བཟའ་བཏུང་བྱེ་བྲག་མང་པོས་བྲན༔ བདུད་རྩིར་སྤེལ་བའི་མཆོད་པ་འབུལ༔ དེ་ལྟར་དངོས་འབྱོར་ཡིད་སྤྲུལ་གྱིས༔ ནོར་བདག་ཁྱེའུ་ཆུང་ཐུགས་དམ་བསྐང་༔ འཁོན་པ་སྦྱང་ལ་ཉམས་ཆག་བཤགས༔ དངོས་གྲུབ་རྒྱ་ཆེར་བསྩལ་དུ་གསོལ༔ ༀ་ཨཱཿཧཱུྃ་གིས་བྱིན་བརླབས་པའི༔ འཛད་མེད་བདུད་རྩིའི་བཟའ་བཏུང་གཏེར༔ ནོར་བདག་ཁྱེའུ་ཆུང་ཁྱོད་ལ་འབུལ༔ དགྱེས་ཤིང་བཞེས་ཏེ་ཚིམ་གྱུར་ཅིག༔ ༀ་ཏྲིའུ་སོགས༔ ན་མཿསརྦ་ཏ་ཐཱ་ག་ཏ་སཾ་བྷ་ར་སཾ་བྷ་ར་ༀ་མ་ཧཱ་བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ཞེས་གསུམ་མམ་བདུན་གྱིས་འབུལ༔ བསྟོད་བསྐུལ་ནི༔ ཧཱུྃ༔ གནོད་སྦྱིན་ཡོངས་ཀྱི་ལས་མཁན་ནི༔ དགེ་བསྙེན་ཆེན་པོ་དམ་ཚིག་ཅན༔ ནོར་གྱི་བདག་པོ་ཁྱེ་འུ་ཆུང་༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མྱུར་མགྱོགས་ཕོ་ཉ་ལས་ལ་རྦད༔ དམ་རྫས་མཆོད་གཏོར་

p. 318

འདི་བཞེས་ལ༔ ཡིད་བཞིན་རཏྣ་ཁུག་དྲོངས་ཤིག༔ ལྷ་འདྲེ་མི་གསུམ་ཁུག་དྲོངས་ཤིག༔ འགྲོ་བ་བཟང་མོ་ཁུག་དྲོངས་ཤིག༔ ནོར་རྣམས་ཐམས་ཅད་ཁུག་དྲོངས་ཤིག༔ ཟས་རྣམས་ཐམས་ཅད་ཁུག་དྲོངས་ཤིག༔ འབྲུ་རྣམས་ཐམས་ཅད་ཁུག་དྲོངས་ཤིག༔ བྲན་ཕྱུགས་ཐམས་ཅད་ཁུག་དྲོངས་ཤིག༔ ཐམས་ཅད་དབང་སྡུས་བདག་ལ་སྩོལ༔ ཚེ་དབང་བུ་ནོར་དངོས་གྲུབ་སྩོལ༔ རྣོ་མཐོང་མངོན་ཤེས་དངོས་གྲུབ་སྩོལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཁྲི་ཤོར་རྒྱལ་མོའི་མཚོ་སྔོན་འགྲམ་ན་ཡེ་ཤེས་གྲགས་པ་བྱུང་བ་དང་༔ ས་སྤྲེལ་ཧོར་ཟླ་དང་པོའི་ཉེར་གཉིས་ནུབ་ལ་ཡང་ཁྱེའུ་ཆུང་གི་མཚན་མ་མཐོང་བྱུང་བ་ལ་བརྟེན་ནས་ཉེར་གསུམ་བྱང་ཚ་མེ་ལོང་གདོང་དུ་མགྱོགས་པར་བྲིས་ཏེ་ལས་རབ་རྩལ་གྱིས་སྦྱར་བ་དགེའོ༔

བསྟན་སྲུང་ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད།

p. 319

࿅༔ བསྟན་སྲུང་ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་བཞུགས༔ ཧཱུྃ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་རོལ་པའི་རྩལ༔ རིགས་ལྔའི་རང་མདངས་ཆོས་རྒྱལ་སྐུ་ལྔ་ནི༔ བསྟན་པ་བསྲུང་ཕྱིར་ཆོ་འཕྲུལ་བསམ་མི་ཁྱབ༔ དམ་ཚིག་བཞིན་དུ་གནས་འདིར་གཤེགས་སུ་གསོལ༔ དམ་ཉམས་རཱ་ཏྲའི་གློ་སྙིང་བསྒྲལ་བ་ཡི༔ མགོ་སྙིང་དབང་པོ་ཤ་ཁྲག་གཏོར་མ་བཞེས༔ གཞན་ཡང་མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ སྲིད་གསུམ་དྲེགས་རྗེའི་གཙོ་བོར་མངའ་གསོལ་ལོ༔ ཉེས་བྱས་མཐོལ་བཤགས་དགྱེས་དགོངས་བརྩེ་བར་མཛོད༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་བཀའ་སྲུང་བཞིན༔ ཨོ་རྒྱན་ཆེན་པོའི་དམ་ཚིག་གཡར་དམ་ཅན༔ གཙུག་ལག་དབེན་གནས་ཆོས་འཁོར་སྐྱོང་བའི་བདག༔ ལི་བྱིན་སྐུ་ལྔ་འཁོར་དང་བཅས་ལ་བསྟོད༔ རྒྱ་འདྲེ་འགོང་པོ་གཤིན་འདྲེ་དམ་མེད་ཚོགས༔ འདུལ་ཕྱིར་ཁྱོད་ཀྱི་མཐུ་སྟོབས་རྩལ་ཕྱུངས་ལ༔ ནག་ཕྱོགས་བདུད་ཀྱི་སྡེ་དཔུང་རྩད་ནས་ཆོད༔ བདག་ཅག་འཁོར་སྲུངས་རྐྱེན་བཟློག་བར་ཆད་སོལ༔ ཁྱད་པར་སྨོན་ལོག་དམ་སྲི་མིར་བརྫུས་པའི༔

p. 320

སྔ་འགྱུར་བསྟན་ལ་བར་ཆད་རྩོམ་པའི་བདུད༔ ཕྱོགས་བཞི་མཚམས་བརྒྱད་ཕྱི་ནང་གར་མཆིས་ཀྱང་༔ མིང་ཙམ་བརྡ་ཙམ་མེད་པར་ཚར་ཆོད་ཅིག༔ སྔོན་དུས་བོད་ཡུལ་མུན་སེལ་སྒྲོན་མེ་མཆོག༔ དག་པའི་མཁན་སློབ་ཆོས་རྒྱལ་མི་ཡི་རྗེས༔ པེ་ཧར་སྐུ་ལྔ་བསྟན་སྲུང་ཆེན་པོར་བསྐོས༔ དེ་ཕྱིར་བདག་ཅག་ཁྱོད་ལ་དཔུང་འཚལ་གྱིས༔ བསམ་དོན་ལྷུན་གྱིས་འགྲུབ་པའི་སྡོང་གྲོགས་མཛོད༔ ཅེས་པ་འདི་རིགས་སད་པའི་སྐྱེས་བུ་བླ་མ་རིག་འཛིན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་བློ་འདས་གུ་ཡངས་ཨ་ཏིའི་རྣལ་འབྱོར་ལས་རབ་རྩལ་གྱིས་གང་བྱུང་དུ་སྦྱར་བ་དགེའོ༔ མངྒ་ལཾ༔

ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ལས་སྲུང་མ་མཆོད་ཐབས།

p. 321

༄༅། །ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་ལས་སྲུང་མ་མཆོད་ཐབས་བཞུགས་སོ། །ཧཱུྃ། ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །བདུད་ནག་སྲོག་གི་སྤུ་གྲི་དང་། །བཙན་དམར་ལས་ཀྱི་སྤུ་གྲི་དང་། །ཀླུ་བདུད་དུག་གི་སྤུ་གྲི་དང་། །གདུག་པའི་སྤུ་གྲི་མཆེད་གསུམ་པོ། །འདིར་བྱོན་ཕུད་དང་གཏོར་མ་བཞེས། །འཁོར་སྲུངས་རྐྱེན་ཟློགས་ཕྲིན་ལས་སྒྲུབས། དུ་བཾ་ཏྲི་ཤུ་ལ་ནཱ་ག་ར་ཙ་ཧཱུྃ་ཧཱུྃ་ཛཿཧཱུྃ་བཾ་ཧོཿཔཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི། གསུམ། ཧཱུྃ༔ པདྨའི་བཀའ་སྡོད་དམ་ཚིག་ཅན། གནས་ཆེན་བརྒྱད་ཀྱི་བདག་པོ་སྟེ། །མཚན་དང་རྣམ་འགྱུར་དེ་ལྟར་མངའ། །དགེ་བསྙེན་སྨྱོ་ཁ་དམ་ཚིག་ཅན། །འདིར་བྱོན་ཕུད་དང་གཏོར་མ་བཞེས། ནཱ་ག་རཀྴ་ཀྲོ་ཏ་པ་ཙ་ལ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི། གསུམ། བྷྱོ། རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་ཀྱིས། །སྣང་སྲིད་འཁོར་འདས་བདེ་ཆེན་དག་པའི་ཞིང་། །ཚེ་དཔག་མེད་པའི་རོལ་པར་ཡོངས་བཞེངས་ཚེ། །གྲུབ་རྟགས་ངོ་མཚར་ལྟས་བཟང་མངོན་སུམ་དུ། །དམ་རྫས་གཏོར་མ་འདོད་པའི་དོན་གཉེར་

p. 322

ཅན། །སྤུ་གྲི་མཆེད་གསུམ་ཀླུ་བདུད་སྨྱོ་ཁ་བཅས། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །སྔ་འགྱུར་བསྟན་དང་བསྟན་འཛིན་སྲུང་བ་དང་། །བར་ཆད་ཀུན་ཞི་བསམ་དོན་ཀུན་འགྲུབ་མཛོད། །ཅེས་པ་འདི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར་གྱི་སྒྲུབ་ཆེན་སྐབས་སུ་སྲུང་མ་འདི་དག་མཆོད་དགོས་པའི་ཚུལ་བྱུང་བས་ཕྱིན་ཆད་ཚེ་སྒྲུབ་འདི་བསྙེན་སྒྲུབ་མཆོད་ཚོགས་ཆེན་པོ་བྱེད་པའི་དུས་སུ་གཏེར་གཞུང་ལྟར་མཆོད་ཐབས་རྒྱས་པའམ། ཡང་ན་བསྡུས་པ་འདི་མེད་དུ་མི་རུང་། །ལས་རབ་རྩལ་གྱིས་སོ།། །།

རིག་འཛིན་ཨུ་མ་དེ་ཝིའི་གསོལ་མཆོད་བསྡུས་པ།

p. 323

༄༅། །རིག་འཛིན་ཨུ་མ་དེ་ཝིའི་གསོལ་མཆོད་བསྡུས་པ་བཞུགས་སོ༔ ཧྲཱིཿརྡོ་རྗེ་རིན་ཆེན་པདྨ་ལས་དང་ནི༔ དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་མོ༔ རིག་འཛིན་མཁའ་འགྲོ་ཨུ་མ་འཁོར་དང་བཅས༔ སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་ཡེ་ཤེས་རོལ་པ་གཅིག་ཏུ་བཞུགས༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟ་དང་༔ རྣམ་དག་ཏིང་འཛིན་དག་པའི་མཆོད་པ་བཞེས༔ དགྱེས་པར་སྐོང་མཛོད་མཆོག་གི་དངོས་གྲུབ་ཞུ༔ ཧཱུྃ་ཀའི་སྲས་མོ་དཔལ་མོ་འཛོམས་པ་སྐྱིད༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་གིས༔ སྨིན་ལམ་དབང་དུས་དགའ་བཞིའི་དྲོད་ཚད་གཏད༔ རྗེ་བཙུན་མཁའ་འགྲོའི་དབང་མོར་བསྔགས་ཁྱོད་བསྟོད༔ ཡེ་ཤེས་ལས་གྲུབ་གྲངས་མེད་ཌཱཀྐིའི་གཙོ༔ སངས་རྒྱས་གླིང་པའི་ཐབས་ལམ་བགྲོད་པའི་གྲོགས༔ ཚེ་གཡང་བྱིན་ཆེན་འབེབས་པའི་མངའ་བདག་མོས༔ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་མཛོད༔ འཇིག་རྟེན་ལས་གྲུབ་དྲེགས་པ་ཡོངས་ཀྱི་གཙོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔

p. 324

ཉམས་པའི་ཤ་ལ་ཟ་བའི་ཁ་མོ་ཆེ༔ བསྟན་ལ་གནོད་བྱེད་ལོག་འདྲེན་ཚར་ཆོད་ཅིག༔ ཅེས་པ་རྒྱས་པ་མཚོ་རྒྱལ་མཆོག་གི་སྤྲུལ་སྐུའི་དག་སྣང་ལྟར་ལ་སྒྲུབ་ཐབས་སོགས་རྒྱས་སྤྲོས་ཡོད་ཀྱང་སྐབས་དུས་ཀྱི་དབང་གིས་འདི་ལྟར་རྩ་གསུམ་ཚེ་ཡི་སྒྲུབ་ཐབས་ཀྱི་བཀའ་སྲུང་དུ་འཁྱེར་བདེ་བར་དཔའ་བོ་ལས་རབ་རྩལ་གྱིས་སོ༔

ཀུན་མཁྱེན་ཀློང་རབ་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་མཆོད་ཐབས།

p. 325

࿅༔ ཀུན་མཁྱེན་ཀློང་རབ་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་མཆོད་ཐབས་བཞུགས་སོ། །རཾ་ཡཾ་ཁཾ། གསུམ། མཆོད་རྫས་འདོད་དགུའི་རོལ་པར་གྱུར། ༀ་ཨཱཿཧཱུྃ་གསུམ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། བདག་ཉིད་པདྨ་འབྱུང་གནས་ཀྱི། །མདུན་རྒྱབ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟང་སྟེ། །དེའི་ནང་རིན་ཆེན་ཁྲི་སྟེང་དུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་བརྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། །གཡོན་ན་དངུལ་དཀར་མེ་ལོང་འཛིན། །དར་ཐོད་མེ་ལོང་ཕྲེང་རྒྱན་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བསྒོམ། །སྙིང་ཁའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །སྨན་བཙུན་མཆེད་ལྔ་གཤེགས་སུ་གསོལ། །ཁམས་གསུམ་དབང་དུ་སྡུད་

p. 326

ཕྱིར་སྤྱོན། །སྲིད་གསུམ་ཟིལ་གྱིས་གནོན་ཕྱིར་སྤྱོན། །ཟས་ནོར་ཆར་ལྟར་འབེབས་ཕྱིར་སྤྱོན། །བསམ་དོན་ཡིད་བཞིན་འགྲུབ་ཕྱིར་སྤྱོན། །ༀ་བཛྲ་པྲ་མོ་ཧ་ས་མ་ཡ་ཛ་ཛཿདཔལ་འབར་རྡོ་རྗེ་གཡུ་སྒྲོན་མ། །རྣམ་པར་འཕྲུལ་བའི་འཁོར་ཚོགས་བཅས། །ཐོགས་མེད་གཟིགས་པའི་མཐུ་མངའ་བས། །བདག་ལ་དགོངས་ཤིག་དགྱེས་པར་མཛོད། །དཀར་གསུམ་མངར་གསུམ་འབྲུ་སྨན་དང་། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །དངོས་འབྱོར་ཡིད་སྤྲུལ་སྣ་ཚོགས་ཀྱིས། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་མཆོད། །བཞེས་ནས་དངོས་གྲུབ་ཆར་ལྟར་ཕོབ། །བར་ཆད་སོལ་ལ་ཕྲིན་ལས་སྒྲུབས། །ༀ་བཛྲ་པྲ་མོ་ཧ་སརྦ་པཱུ་ཙ་ས་མ་ཡ་ཧོ། བདག་ཉིད་པདྨའི་འོད་ཟེར་ནི། །སྨན་བཙུན་ཆེན་མོ་མཆེད་ལྔ་ལ། །ཕོག་པས་དེ་དག་སྐུ་གསུང་ཐུགས། །དགྱེས་པས་རིན་ཆེན་ཆར་འབེབས་ཤིང་། །འདོད་རྒུའི་བསམ་པ་བསྒྲུབས་པར་བསམ། །ༀ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ། ཐུན་མཐར་དཀར་གསུམ་མངར་གསུམ་གྱི་གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ༀ་བཛྲ་པྲ་མོ་ཧ་བྷ་༔ ལིང་ཏ་ཁ་ཁ་ཁཱ་

p. 327

ཧི་ཁཱ་ཧི། ལྔའམ་བདུན་གྱིས་འབུལ། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བརྗོད་དགྱེས་པས་དོན་སྒྲུབ་པར་བསམ། ཀྱཻ། སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །གཙོ་འཁོར་སྤྲུལ་པར་བཅས་པ་དགོངས་སུ་གསོལ། །རིག་འཛིན་བདག་གིས་དེང་འདིར་ཁྱེད་བསྙེན་གྱིས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་བར་མཛོད། །སྔོན་དུས་པད་འབྱུང་རྗེ་དང་མཚོ་རྒྱལ་དང་། །ཀུན་མཁྱེན་འཇིག་རྟེན་སྒྲོན་མེ་ཀློང་ཆེན་པས། །བཀའ་བསྒོས་དམ་བསྒྲགས་ཕྲིན་ལས་བཅོལ་བ་བཞིན། །གཙང་ལྡན་གཏོར་མ་འདོད་དགུར་བྱིན་བརླབས་པས། །རབ་ཏུ་དགྱེས་ཤིང་བརྩེ་བས་བཞེས་སུ་གསོལ། །ཐུགས་དམ་བསྐང་ངོ་མངའ་གསོལ་གཟི་བྱིན་བསྐྱེད། །

p. 328

སྒྲུབ་པའི་རིག་འཛིན་རྣལ་འབྱོར་དཔོན་སློབ་ཀྱི། །འཁོར་སྲུངས་རྐྱེན་ཟློག་ཕྱི་ནང་བར་ཆད་སོལ། །སྣང་ཞིང་སྲིད་པའི་ཟས་ནོར་ཆར་ལྟར་ཕོབ། །ཁམས་གསུམ་འགྲོ་བ་ཕོ་མོ་དབང་དུ་སྡུས། །བཀའ་དང་བསྟན་སྲུང་འཁོར་དང་ལོངས་སྤྱོད་སྤེལ། །ཚེ་དཔལ་མི་ནོར་རིགས་རྒྱུད་ཕྱྭ་གཡང་ཁུག །འདོད་པའི་དོན་སྒྲུབ་བཅོལ་པའི་ཕྲིན་ལས་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །ཀློང་ཆེན་རབ་འབྱམས་ཞབས་ཀྱིས་རྗེས་སུ་བཟུང་བ་ཆོས་དབྱིངས་དྲི་མེད་རྩལ་གྱིས་སྦྱར་བ་དགེའོ།། །།

དཔལ་འབར་རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་དཔག་བསམ་ལྗོན་པ།

p. 329

༄༅། །དཔལ་འབར་རྡོ་རྗེ་གཡུ་སྒྲོན་མའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་དཔག་བསམ་ལྗོན་པ་བཞུགས། གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ། །དེ་ཡང་རྡོ་རྗེ་གཡུ་སྒྲོན་མཆོད་པར་འདོད་པས་གཏོར་མ་བྱིན་གྱིས་བརླབས། རང་ཉིད་ལྷའི་ང་རྒྱལ་ལ་གནས་པས། ཧཱུྃ་བྷྱོ། དཔལ་འབར་ལྷ་མོ་རྡོ་རྗེ་གཡུ་སྒྲོན་མ། །མཆེད་སྡེ་གཙོ་འཁོར་བྲན་དང་ཕོ་ཉར་བཅས། །མིང་པོས་འབོད་དོ་ད་ཚུར་གཤེགས་སུ་གསོལ། །སྲིང་མོ་དམ་ཅན་མ་གཡེལ་དམ་ལ་སྤྱོན། །གནས་ཡུལ་ཆོས་གཏེར་སྲུང་བའི་དབང་མོ་ཆེ། །ཚེ་གཡང་རིགས་རྒྱུད་སྤེལ་བའི་མངའ་བདག་མོ། །རྡོ་རྗེ་ཐོད་ཕྲེང་དམ་ཚིག་རྗེས་དགོངས་ལ། །དགྱེས་ཤིང་བརྩེ་བའི་ཚུལ་གྱིས་གྲོགས་མཛོད་ཅིག །གཙང་སྦྱར་བཤོས་བུ་དཀར་དམར་བཟའ་བཏུང་ཚོགས། །འདོད་དགུ་ཅིར་ཡང་འཆར་བའི་མཆོད་པའི་ཚོགས། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་འབུལ། །ཁྱད་པར་དམ་ཚིག་བདུད་རྩིའི་མཆོད་པ་འདིས། །སྨན་བཙུན་ཆེན་མོའི་ཐུགས་དམ་བསྐངས་གྱུར་ཅིག །འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་མཉེས་པར་མཛོད། །ཚེ་དང་དཔལ་འབྱོར་སྟོབས་ཀྱི་དངོས་གྲུབ་སྩོལ། །བཅོལ་ཞིང་རེ་བའི་

p. 330

དོན་ཀུན་མྱུར་དུ་སྒྲུབས། །བྷྱོ། པདྨ་ཐོད་ཕྲེང་གསང་བའི་དགྱེས་སྡེ་མ། །རིག་འཛིན་གསང་སྔགས་ནང་གི་བཀའ་སྲུང་མ། །རྣལ་འབྱོར་བདག་ལ་འགོ་ཞིང་སྙིང་ཉེ་མ། །མཆོད་བསྟོད་འདི་བཞེས་རྡོ་རྗེ་གཡུ་སྒྲོན་མ། །མཛེས་འཛུམ་ཡིད་འཕྲོག་ཟླ་བ་བཞད་པའི་ཞལ། །དར་དང་རིན་ཆེན་རྒྱན་སྤྲས་ཕྱེད་སྐྱིལ་བཞུགས། །མདའ་དར་མེ་ལོང་ཚེ་ཡི་བུམ་པ་བསྣམས། །སྤྲིན་དང་ན་བུན་འཇའ་ཟེར་ཀློང་ན་བཞུགས། །རེས་འགའ་སྣང་སྲིད་གཏན་ལ་འབེབས་མཛད་མ། །ལྡེམ་འཁྱུག་འགྱིང་ཆགས་སེར་མོ་ཁྲོ་འཛུམ་མ། །དར་དང་རིན་ཆེན་རྒྱན་ལྡན་མེ་ལོང་བསྣམས། །ཞོལ་ཆེན་འབྲོང་གཡག་རྔམ་པ་ཆིབས་སུ་བཅིབས། །མཆེད་འཁོར་བྲན་དང་ཡང་བྲན་མང་པོས་བསྐོར། །གཞན་ཡང་དབང་ཕྱུག་དཔལ་ལྡན་ལྷ་མོ་ཁྱོད། །དབང་དང་དྲག་པོའི་ཆ་ལུགས་ཅིར་ཡང་སྟོན། །ཞི་རྒྱས་དབང་དྲག་ཕྲིན་ལས་ཅིར་ཡང་མཛད། །གུས་པས་འདུད་དོ་སྲིང་མོ་དམ་ཅན་མ། །སྤྲོ་བས་བསྟོད་དོ་སྨན་བཙུན་འཕྲུལ་མོ་ཆེ། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །གསང་༔ སྔགས་སྔ་

p. 331

འགྱུར་བཀའ་དང་བསྟན་པ་སྐྱོངས། །རིག་འཛིན་མཆེད་ལྕམ་ཚེ་དང་དཔལ་འབྱོར་སྤེལ། །འཁོར་དང་ལོངས་སྤྱོད་གདུལ་བྱ་དབང་དུ་སྡུས། །བདུད་དང་དམ་སྲིའི་གློ་སྙིང་ཁོང་ནས་ཕྱུངས། །ནག་ཕྱོགས་སྡེ་དཔུང་མགོ་འཕང་མར་ལ་སྨོད། །དམ་ཉམས་དགྲ་བོར་བཀའ་ཆད་ཐོག་ལྟར་ཕོབ། །རང་གཞན་ལེགས་ཉེས་སྤང་བླང་མངོན་ཤེས་སྟོན། །ལྷ་ཀླུ་མི་ཡི་བདེ་འབྱོར་ཕྱྭ་གཡང་ཁུག །བདག་ཅག་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་བསྟན་པའི་ཉི་མས་རྡོ་རྗེ་གཡུ་སྒྲོན་མཆོད་ཐབས་གྱིས་ཞེས་བཀའ་ཕེབས་པ་ལ་བརྟེན་ནས་ཆང་རྒན་ལས་རབ་རྩལ་གྱིས་གྲོང་ཚིག་དུམ་ཆོད་བྱས་ཏེ་བྲིས་ནས་ཕུལ་བ་དགེ་བར་གྱུར་ཅིག་མངྒ་ལཾ།། །།

གཡུ་སྒྲོན་མའི་གསོལ་བསྡུས།

p. 332
p. 333

࿅༔ གཡུ་སྒྲོན་མའི་གསོལ་བསྡུས་བཞུགས། ན་མོ་གུ་རུ། འཁྲུལ་སྣང་དག་སྣང་དུ་བཏགས་པའི་གསོལ་ཁ་ནི། རྔ་བརྡུང་སྤོས་བཏང་བཤོས་སྐྱེམས་བཤམས་ལ། བྷྱོ། བན་གྱི་རྡོ་རྗེ་གཡུ་སྒྲོན་མ། །བོན་གྱི་ཉི་འོད་འབར་མ་ཞེས། །གསང་མཚན་རྡོ་རྗེ་ཟུ་ལེ་མ། །ཨོ་རྒྱན་པདྨའི་དམ་ཅན་མ། །སྔགས་འཆང་ང་ཡི་སྲིང་གཅིག་མ། །མཚར་སྡུག་འོད་ཆགས་མཛེས་འཛུམ་ཞལ། །དར་ལྗང་ན་བཟའ་ལྷབས་མ་ལྷུབ། །རིན་ཆེན་རྒྱན་ཆ་སི་ལི་ལི། །མེ་ཏོག་རྒྱན་ཕྲེང་འོད་དུ་འཚེར། །སྐུ་ནི་ལྡེམ་ལ་འཁྱུག་ཉམས་ཅན། །འགྱིང་ཞིང་འགྱིང་ཞིང་བདེ་ཉམས་ལྡན། །འདུར་ཞིང་འདུར་ཞིང་ཉེ་བའི་ཚུལ། །གར་དང་གར་གྱི་འཆམ་སྟབས་མཛད། །བྲོ་རྡུང་ཁྲིག་ཁྲིག་གླུ་གཞས་འཐེན། །གསང་བགྲོས་བྱེད་ཅིང་ཐོལ་གླུ་ལེན། །རྒྱང་ནས་འགྱིང་ཞིང་ཉེ་བར་འདུད། །ཟུར་གྱིས་བལྟ་ཞིང་ཟོལ་གྱིས་འགྲོགས། །ཕྱག་ན་རྔ་ཆུང་བྲེང་བྲེང་རྡུང་། །སྔོན་རབས་དམ་ཚིག་གླེང་མོལ་འདོན། །འཇའ་དང་འོད་དུ་ཀྱི་ལི་ལི། །སྤྲིན་དང་ཁུ་འཕང་ཐིབས་སེ་ཐིབ། །དུས་གསུམ་ནོར་མེད་ཁྱོད་ཀྱིས་ཤེས། །བདག་གིས་ལེགས་

p. 334

ཉེས་ཁྱོད་ལ་འདྲི། །མ་གསང་མ་སྦེད་དྲང་པོར་ཤོད། །ཚེ་གཡང་རིགས་རྒྱུད་ཁྱོད་ལ་མངའ། །བདག་ལ་ཚེ་གཡང་རིགས་རྒྱུད་སྩོལ། །མ་གཡེལ་མ་འགྱངས་སྙིང་ཉེ་མོ། །འདིར་སྤྱོན་ཕུད་དང་གཏོར་མ་བཞེས། །གསོལ་ལོ་མཆོད་དོ་གཡུ་སྒྲོན་མ། །ཕྲིན་ལས་སྒྲུབས་ལ་བར་ཆད་སོལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཟབ་ཟབ་ཟབ། སྨྱོན་པའི་འཁྲུལ་ངག་མངྒ་ལཾ། ཞེས་མཆོག་སྤྲུལ་བསྟན་པའི་ཉི་མ་ལ་ཝ་རྒན་གྱིས་ཕུལ་བ་དགེའོ།། །།

རྡོ་རྗེ་གཡུ་སྒྲོན་མའི་བུམ་གཏེར་བསྐྱེད་ཆོག

p. 335

༄༅། །རྡོ་རྗེ་གཡུ་སྒྲོན་མའི་བུམ་གཏེར་བསྐྱེད་ཆོག་བཞུགས་སོ། །ཨོ་རྒྱན་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །རྫས་ལྡན་གཏེར་བུམ་ལྷ་མོའི་ང་རྒྱལ་གྱིས་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་ཕྱི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་འཕྲུལ་གྱི་ཁང་བཟང་ཡངས་ཤིང་རྒྱ་ཆེ་བ་མཚོ་དང་ནེའུ་གསེང་། སྨན་དང་མེ་ཏོག་གི་ཚལ་འཇའ་གུར་གྱི་འོད་ཁྱིམ་སྤྲས་ཤིང་དྲི་བཟང་པོའི་ངད་ལྡང་བ། འོད་འབར་ཞིང་བྱིན་འཐིབས་པ་ཉམས་དགའ་སྤྲོ་བའི་གཞལ་ཡས་ཁང་དུ་གྱུར། ༀ་ཨཱཿཧཱུྃ། གསུམ། ཕོ་བྲང་དེའི་དབུས་སུ་རྡོ་རྗེ་གཡུ་སྒྲོན་མཆེད་ལྔ་ཕྱི་ནང་བློན་པོ་བྲན་དང་ཡང་འཁོར་ཐམས་ཅད་ཁྲོམ་ཚོགས་པ་ལྟ་བུར་བཞུགས་པ། གཙོ་བོའི་དབུའི་སྟེང་ན་གུ་རུ་པདྨ་རིགས་ཀྱི་བདག་པོའི་རྣམ་པར་བཞུགས་པ་གཙོ་འཁོར་ཐམས་ཅད་གསལ་བ་བརྟན་པ་གཟི་བརྗིད་འཕྲོ་བ་བག་དྲོ་ཞིང་ལྷུན་ཆགས་པ། བདག་ལ་དགྱེས་ཤིང་དགའ་བས་རབ་ཏུ་འདུད་པར་གྱུར། ༀ་ཨཱཿཧཱུྃ། གསུམ། བུམ་རྫས་རིན་ཆེན་འབྲུ་སྨན་དར་ཟབ་ལྷ་ཀླུ་མི་གསུམ་གྱི་མཁོ་དགུའི་ཡོ་བྱད་མ་ཚང་བ་མེད་པ།

p. 336

ནོར་བུ་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་སོགས་སྲིད་པའི་དཔལ་འབྱོར་མང་ཞིང་རྒྱ་ཆེ་བ་རྒྱུ་བཟང་བ། བཀོད་ལེགས་པ་མཁོ་དགུའི་འབྱོར་པ། མཛེས་དགུས་བརྒྱན་པ། ཁམས་གསུམ་བཀྲ་ཤིས་པའི་ཕྱྭ་གཡང་དངོས་གྲུབ་ཐམས་ཅད་འདུས་པའི་རང་བཞིན་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་ཨཱཿཧཱུྃ། གསུམ། དེ་ནས་སྔགས་དྲུག་ཕྱག་དྲུག་ཅི་ནུས་བྱའོ། །ཞེས་དབོན་རིག་འཛིན་རྣམ་སྤྲུལ་མཆོག་གིས་བསྐུལ་བ་ལ་བརྟེན་ནས་གདན་ས་ཆེན་པོ་རུ་དམ་དུ༧ལས་རབ་རྩལ་གྱིས་སྦྱར་བ་དགེའོ།། །།

རྡོ་རྗེ་གཡུ་སྒྲོན་མའི་སྤྱན་འདྲེན་གཡང་འགུགས་སྦྲགས་མ་གསང་བའི་བསྐུལ་བྱང་ཆེན་མོ།

p. 337

༄༅། །རྡོ་རྗེ་གཡུ་སྒྲོན་མའི་སྤྱན་འདྲེན་གཡང་འགུགས་སྦྲགས་མ་གསང་བའི་བསྐུལ་བྱང་ཆེན་མོ་བཞུགས་སོ། །

p. 338

ཀྱཻ། དེ་རིང་བཀྲ་ཤིས་གནས་འདི་རུ། །དངོས་གྲུབ་མ་ལུས་འབྱུང་བའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །མཚན་ནས་འབོད་དོ་ད་ཚུར་སྤྱོན། །ཨོ་རྒྱན་པདྨའི་བཀའ་བྱུང་གིས། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །ཀློང་ཆེན་རབ་འབྱམས་བཀའ་བྱུང་གིས། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །རྣལ་འབྱོར་བདག་གིས་དམ་བསྒྲགས་ཀྱིས། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །མཆོད་དོ་བསྟོད་དོ་

p. 339

དབུ་འཕང་བསྟོད། །ཚེ་དཔལ་སྟོབས་འབྱོར་ཕྱྭ་གཡང་ཁུག །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ། །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཀྱཻ། དད་པ་དང་ནི་དམ་ཚིག་གིས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ཕྱྭ་གཡང་བདག་མོ་གཤེགས་སུ་གསོལ། །སྟེང་ཕྱོགས་ཚངས་པ་ལྷ་ཡུལ་ནས། །ལྷ་ཡི་ནང་ནས་ལྷ་མོ་མཆོག །ལྷ་མོ་མེ་ཏོག་མནྡྷ་ར། །རྡོ་རྗེ་གཡུ་སྒྲོན་སྤྱན་

p. 340

འདྲེན་ནོ། །ཕྱྭ་གཡང་བདག་མོ་གཤེགས་སུ་གསོལ། །སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་རྣམས། །བདག་དང་ཡོན་གྱི་བདག་པོ་ལ། །གཡང་དུ་ཁུག་ལ་བཅུད་དུ་ཕོབ། །ཚེ་རིང་ནད་མེད་དངོས་གྲུབ་སྩོལ། །བར་གྱི་འཇིག་རྟེན་མི་ཡུལ་ནས། །ཡུལ་ལྷའི་ནང་ནས་བསྟན་མའི་མཆོག །སྨན་བཙུན་ཆེན་མོ་དཔལ་འབར་མ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །མི་ཡི་བདེ་སྐྱིད་ཕྱྭ་གཡང་རྣམས། །བདག་དང་ཡོན་གྱི་བདག་པོ་ལ། །གཡང་དུ་ཁུག་ལ་བཅུད་དུ་ཕོབ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །འོག་ཕྱོགས་ཀླུ་ཡི་ནང་ཤེད་ནས། །ཀླུ་ཡི་ནང་ནས་ཀླུ་མོ་མཆོད། །ཀླུ་མོ་ནོར་བདག་སྤྱན་ཡངས་མོ། །རྡོ་རྗེ་གཡུ་སྒྲོན་གཤེགས་སུ་གསོལ། །འོག་ཕྱོགས་ཀླུ་ཡི་ནོར་གཡང་རྣམས། །བདག་དང་ཡོན་གྱི་བདག་པོ་ལ། །གཡང་དུ་ཁུག་ལ་བཅུད་དུ་ཕོབ། །ལོངས་སྤྱོད་འདོད་རྒུའི་དངོས་གྲུབ་སྩོལ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས། །མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ། །ལྷ་ཀླུ་མི་ཡི་ཕྱྭ་གཡང་ཁུག །བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ། །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། །

p. 341

ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཀྱཻ། ཕྱྭ་གཡང་དངོས་གྲུབ་འབེབས་པའི་ཕྱིར། །མ་ཅིག་རྡོ་རྗེ་གཡུ་སྒྲོན་མ། །མ་ལྟར་བྱམས་ཤིང་ད་ཚུར་སྤྱོན། །གཡང་དང་དངོས་གྲུབ་མ་ཆུང་ཞིག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །སྲིང་ལྟར་གདུང་ལ་ད་ཚུར་སྤྱོན། །གཡང་དང་དངོས་གྲུབ་མ་ཆུང་ཞིག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །གྲོགས་གཅིག་རྡོ་རྗེ་གཡུ་སྒྲོན་མ། །གྲོགས་ལྟར་བརྩེ་ཞིང་ད་ཚུར་སྤྱོན། །གཡང་དང་དངོས་གྲུབ་མ་ཆུང་ཞིག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །བྲན་གཅིག་རྡོ་རྗེ་གཡུ་སྒྲོན་མ། །བྲན་ལྟར་ཉན་ཅིང་ད་ཚུར་སྤྱོན། །གཡང་དང་དངོས་གྲུབ་མ་ཆུང་ཞིག །ཁུག་ཡེ་ཁུག་ཡེ་ཕྱྭ་དང་གཡང་། །ལྷ་རྒུད་མི་རྒུད་སྐྱོབ་པའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ལྷ་དང་མི་ནི་དར་བར་མཛོད། །དཔལ་ཉམས་བཅུད་ཉམས་གསོ་བའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །དཔལ་དང་

p. 342

སྟོབས་བཅུད་རྒྱས་པར་མཛོད། །ཕྱྭ་འཁྱམས་གཡང་འཁྱམས་འགུགས་པའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ཕྱྭ་དང་གཡང་རྣམས་ཁུག་པར་མཛོད། །ཚེ་སྲོག་ཆད་པ་མཐུད་པའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །བླ་ཚེ་ཁུག་ལ་སྲོག་ཚེ་མཐུད། །ནོར་ཕྱུགས་གོད་ཁ་གཅོད་པའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །གོད་ཁ་ཆོད་ལ་ཕྱུགས་སྒབ་སྤེལ། །གདུལ་བྱ་ཕྲིན་ལས་རྒྱས་པའི་ཕྱིར། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །བསྟན་དང་བསྟན་འཛིན་འཕེལ་བར་མཛོད། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས། །མཆོད་དོ་བསྟོད་དོ་ལས་བཅོལ་ལོ། །མ་གཡེལ་མ་འདའ་ས་མ་ཡ། །ཕྱྭ་གཡང་དངོས་གྲུབ་ཁུག་པར་མཛོད། །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ། ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཀྱཻ། མི་མངོན་ནམ་མཁའི་ནང་ཤེད་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ཤེལ་གུར་འཇའ་འོད་ཀློང་ཡངས་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །གངས་

p. 343

དཀར་ལྷུན་བརྗིད་རྩེ་མོ་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །གཡའ་སྤང་སྨན་གྱི་སྐྱེད་ཚལ་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །གཡུ་མཚོ་མེ་ཏོག་གླིང་ཆེན་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །དབེན་རི་སྒྲུབ་གནས་བྱིན་ཅན་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ཆོས་དང་ནོར་གྱི་གཏེར་གནས་ནས། །རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །ཁྱོད་ལ་མོས་པ་མང་ལགས་ཀྱང་། །གདུང་སེམས་འགྱུར་བ་མེད་པ་ང་། །ཁྱོད་ལ་འབོད་པ་མང་ལགས་ཀྱང་། །དམ་ཚིག་ཚུལ་བཞིན་ལྡན་པ་ང་། །ཁྱོད་ལ་མཆོད་པ་མང་ལགས་ཀྱང་། །གཙང་སྦྱོར་ཅི་ནུས་བྱེད་པ་ང་། །དེ་ཕྱིར་མ་གཡེལ་དམ་ཅན་མ། །སྨན་བཙུན་ཆེན་མོ་གཡུ་སྒྲོན་ཁྱེད། །ཟླ་བའི་ཞལ་བཟང་ངོམ་ཞིང་སྤྱོན། །དགྱེས་པའི་འཛུམ་མདངས་བཞད་ཅིང་སྤྱོན། །མངོན་ཤེས་མེ་ལོང་སྟོན་ཅིང་སྤྱོན། །གསུང་སྙན་ཐོལ་ཐོལ་སྨྲ་ཞིང་སྤྱོན། །དགའ་ཞིང་བརྩེ་བའི་སེམས་ཀྱིས་སྤྱོན། །མཐུན་ཞིང་འགྲོགས་པའི་ཚུལ་དུ་བཞུགས། །མདའ་དར་ལྔ་ལྡན་འདི་ན་ཡོད། །འདི་ལ་འཁོར་ཞིང་

p. 344

འདི་ལ་བཞུགས། །པྲ་གསལ་མེ་ལོང་འདི་ལ་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །བླ་རྡོ་སྐུ་བརྙན་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །དཀར་མངར་མཆོད་པ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །ཕྱེ་མར་ཟས་ཕུད་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །ཇ་ཆང་འོ་སྐྱེམས་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །གཡུ་ཤུག་བསང་དུད་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །སྤོས་དཀར་དྲི་བཟང་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །མེ་ཏོག་མཆོད་ཚོགས་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །རྔ་གླིང་རོལ་མོ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །སྤྱན་གཟིགས་མཛེས་དགུ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །ལོངས་སྤྱོད་མཁོ་དགུ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །ཞལ་ཟས་འདབ་དགུ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །མཆོད་རྫས་སྣ་དགུ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་

p. 345

བཞུགས། །གཡང་རྫས་འདོད་དགུ་འདི་ན་ཡོད། །འདི་ལ་འཁོར་ཞིང་འདི་ལ་བཞུགས། །དངོས་སུ་ཅི་འབྱོར་ལེགས་པར་བཤམས། །མ་ཚང་བ་རྣམས་ཡིད་སྤྲུལ་ནས། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་ལ། །མཆོད་དོ་བསྟོད་དོ་དགྱེས་པར་མཛོད། །བཅོལ་ལོ་ལྟོས་སོ་སྨན་བཙུན་མོ། །བདག་ལ་མགོན་ཞིང་ཉེ་བར་མཛོད། །དཔལ་འབར་ལྷ་མོ་གཡུ་སྒྲོན་མ། །མཆེད་སྡེ་འཁོར་དང་བཅས་པ་རྣམས། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །སྒྲུབ་པའི་ཚེ་ན་སྙིང་མ་རིང་། །བསྙེན་པའི་ཚེ་ན་རྟགས་མ་བུལ། །བསྐུལ་བའི་ཚེ་ན་སྒབ་མ་ལྗི། །རྦད་པའི་ཚེ་ན་མཐུ་མ་ཆུང་། །མངག་པའི་ཚེ་ན་བང་མ་བུལ། །བཅོལ་བའི་ཚེ་ན་ལས་མ་འགྱངས། །དུས་ལ་བབ་པོ་ས་མ་ཡ། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །དཔོན་གཡོག་འཁོར་དང་བཅས་པ་ཡི། །མཐུ་སྟོབས་ནུས་པའི་ཤུགས་ཕྱུང་ལ། །སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི། །ཚེ་ཡི་གཡང་ཁུག་མི་ལ་སྩོལ། །ནོར་གྱི་གཡང་ཁུག་ཕྱུགས་ལ་སྩོལ། །

p. 346

བཀྲག་མདངས་གཡང་ཁུག་གོས་ལ་སྩོལ། །ཞིམ་བཅུད་གཡང་ཁུག་ཟས་ལ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །བདག་དང་རྒྱུ་འབྱོར་ཡོན་བདག་གི། །གནས་གཞིའི་གཡང་རྟེན་རྣམས་ལ་ཕོབ། །མི་ནོར་ལོངས་སྤྱོད་རྣམས་ལ་བསྟིམ། །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ། །ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཨོ་རྒྱན་ཆེན་པོའི་བྱིན་རླབས་དང་། །རྡོ་རྗེ་གཡུ་སྒྲོན་དམ་ཚིག་གིས། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །བཀྲ་ཤིས་རྟགས་བརྒྱད་རྣམ་པར་སྤྱོན། །རྒྱལ་སྲིད་རྫས་བརྒྱད་རྣམ་པར་སྤྱོན། །རྒྱལ་སྲིད་སྣ་བདུན་རྣམ་པར་སྤྱོན། །ནོར་བུ་ཆ་བདུན་རྣམ་པར་སྤྱོན། །དགོས་འདོད་ཀུན་འབྱུང་རྣམ་པར་སྤྱོན། །བསམ་འཕེལ་ཡིད་བཞིན་རྣམ་པར་སྤྱོན། །དབང་གི་རྒྱལ་པོའི་རྣམ་པར་སྤྱོན། །སྤྲིན་ཕུང་བཞིན་དུ་ཐིབས་སེ་ཐིབ། །སྦྲང་ཆར་བཞིན་དུ་སི་ལི་ལི། །ཉི་ཟླ་བཞིན་དུ་ལྷགས་སེ་ལྷག །འཇའ་ཚོན་

p. 347

བཞིན་དུ་ལམས་སེ་ལམ། །རི་བོ་བཞིན་དུ་སྒ་ར་ར། །རྒྱ་མཚོ་བཞིན་དུ་མེ་རེ་རེ། །རྩི་ཤིང་བཞིན་དུ་སྤུངས་སེ་སྤུང་། །ན་བུན་བཞིན་དུ་ཐུ་ལུ་ལུ། །འཚུབ་མ་བཞིན་དུ་ཀྱི་ལི་ལི། །མཛད་མེད་གཏེར་གྱི་ཕྱྭ་གཡང་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ། །ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཤྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཧཱུྃ། སྐུ་མཆོག་རྣམ་སྣང་རིགས་ཀྱི་རྡོ་རྗེ་གཡུ་སྒྲོན་མས། །བདེ་གཤེགས་སྐུ་ཡི་བྱིན་རླབས་དང་། །དབུས་ཕྱོགས་སྐྱེ་འགྲོའི་ཚེ་དཔལ་གཡང་ཁུག་ཅིག །བདག་དང་རྒྱུ་འབྱོར་ཡོན་བདག་ལ། །དཔལ་དང་གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །ཐུགས་མཆོག་རྡོ་རྗེ་རིགས་ཀྱི་རྡོ་རྗེ་གཡུ་སྒྲོན་མས། །བདེ་གཤེགས་ཐུགས་ཀྱི་བྱིན་རླབས་དང་། །ཤར་ཕྱོགས་སྐྱེ་འགྲོའི་ཚེ་དཔལ་གཡང་ཁུག་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་དང་གཡང་གི་དངོས་གྲུབ་སྩོལ། །ཡོན་ཏན་རིན་ཆེན་རིགས་ཀྱི་རྡོ་རྗེ་གཡུ་སྒྲོན་

p. 348

མས། །བདེ་གཤེགས་ཡོན་ཏན་བྱིན་རླབས་དང་། །ལྷོ་ཕྱོགས་སྐྱེ་འགྲོའི་ཚེ་དཔལ་གཡང་ཁུག་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་དང་གཡང་གི་དངོས་གྲུབ་སྩོལ། །གསུང་མཆོག་པདྨ་རིགས་ཀྱི་རྡོ་རྗེ་གཡུ་སྒྲོན་མས། །བདེ་གཤེགས་གསུང་གི་བྱིིན་རླབས་དང་། །ནུབ་ཕྱོགས་སྐྱེ་འགྲོའི་ཚེ་དཔལ་གཡང་ཁུག་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་དང་གཡང་གི་དངོས་གྲུབ་སྩོལ། །ཕྲིན་ལས་ཀརྨ་རིགས་ཀྱི་རྡོ་རྗེ་གཡུ་སྒྲོན་མས། །བདེ་གཤེགས་ཕྲིན་ལས་བྱིན་རླབས་དང་། །བྱང་ཕྱོགས་སྐྱེ་འགྲོའི་ཚེ་དཔལ་གཡང་ཁུག་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དཔལ་དང་གཡང་གི་དངོས་གྲུབ་སྩོལ། །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། །ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཤྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཧཱུྃ། གུ་རུ་ཐོད་ཕྲེང་རིགས་ལྔའི་བྱིན་རླབས་དང་། །རྡོ་རྗེ་གཡུ་སྒྲོན་མཆེད་ལྔའི་མཐུ་རྩལ་གྱིས། །ལྷ་ཆེན་བརྒྱད་ཀྱི་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་

p. 349

དང་གཡང་ཁུག་ཅིག །ཀླུ་ཆེན་བརྒྱད་ཀྱི་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །གཟའ་དང་རྒྱུ་སྐར་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །གླིང་བཞི་མི་ཡི་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །ཕྱོགས་སྐྱོང་བཅུ་ཡི་ཕྱྭ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །མགུལ་ལྷ་རྣམས་ཀྱི་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །བསྟན་མ་རྣམས་ཀྱི་ཕྱྭ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །ས་བདག་ཡུལ་ལྷའི་ཚེ་དང་གཡང་རྣམས་ཁུག །ཁུག་ཡེ་ཕྱྭ་དང་གཡང་ཁུག་ཅིག །མི་ལ་ཚེ་ཡི་གཡང་ཁུག་ཅིག །ནོར་ལ་ཕྱུགས་ཀྱི་གཡང་ཁུག་ཅིག །གོས་ལ་མདངས་ཀྱི་གཡང་ཁུག་ཅིག །ཟས་ལ་བཅུད་ཀྱི་གཡང་ཁུག་ཅིག །ཕྱྭ་ནི་མ་བྲོས་གཡང་ནི་མ་ཉམས་ཤིག །ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། །ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། །གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། །སྡུས་སྡུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། །འཕེལ་འཕེལ་སརྦ་པུཥྚིཾ་ཀུ་རུ་ཡེ་

p. 350

སྭཱ་ཧཱ། །ཧཱུྃ། རི་རབ་ཆེན་པོའི་ཤར་ཕྱོགས་ནས། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ལྷ་ནི་རྡོ་རྗེའི་རིགས་ཡིན་ཏེ། །མདོག་ནི་དཀར་པོ་ཞི་བའི་ལས། །ཕྱག་མཚན་ཕྱག་ན་པི་ཝང་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །ཁ་ནས་འབོ་རུ་མ་འཇུག་ཅིག །ཞབས་ནས་ཟགས་སུ་མ་འཇུག་ཅིག །ཟུར་ནས་རལ་དུ་མ་འཇུག་ཅིག །འཐོར་འདྲོགས་ཤོར་གོད་མ་གཏོང་ཞིག །ལྷ་གཡང་རྟེན་ལ་འཁོར་བར་མཛོད། །ཕྱྭ་དང་གཡང་གི་སྒོ་སྡོམས་ཤིག །ཧཱུྃ། རི་བོ་ཆེན་པོའི་ལྷོ་ཕྱོགས་ནས། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ལྷ་ནི་རིན་ཆེན་རིགས་ཡིན་ཏེ། །མདོག་ནི་སྔོན་པོ་རྒྱས་པའི་ལས། །ཕྱག་མཚན་ཕྱག་ན་རལ་གྲི་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །ཁ་ནས་འབོ་རུ་མ་འཇུག་ཅིག །ཞབས་ནས་ཟགས་སུ་མ་འཇུག་ཅིག །ཟུར་ནས་རལ་དུ་མ་འཇུག་ཅིག །འཐོར་འདྲོགས་ཤོར་གོད་མ་གཏོང་ཞིག །ལྷ་གཡང་རྟེན་ལ་འཁོར་བར་མཛོད། །ཕྱྭ་དང་གཡང་གི་སྒོ་སྡོམས་

p. 351

ཤིག །ཧཱུྃ། རི་རབ་ཆེན་པོའི་ནུབ་ཕྱོགས་ནས། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །ལྷ་ནི་པདྨའི་རིགས་ཡིན་ཏེ། །མདོག་ནི་དམར་པོ་དབང་གི་ལས། །ཕྱག་མཚན་ཕྱག་ན་སྦྲུལ་ཞགས་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །ཁ་ནས་འབོ་རུ་མ་འཇུག་ཅིག །ཞབས་ནས་ཟགས་སུ་མ་འཇུག་ཅིག །ཟུར་ནས་རལ་དུ་མ་འཇུག་ཅིག །འཐོར་འདྲོགས་ཤོར་གོད་མ་གཏོང་ཞིག །ལྷ་གཡང་རྟེན་ལ་འཁོར་བར་མཛོད། །ཕྱྭ་དང་གཡང་གི་སྒོ་སྡོམས་ཤིག །ཧཱུྃ། རི་རབ་ཆེན་པོའི་བྱང་ཕྱོགས་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ལྷ་ནི་ལས་ཀྱི་རིགས་ཡིན་ཏེ། །མདོག་ནི་ལྗང་ཁུ་དྲག་པོའི་ལས། །ཕྱག་མཚན་ཕྱག་ན་བེ་ཅོན་བསྣམས། །ཁྱོད་ལ་ཕྱག་འཚལ་མཆོད་ཅིང་བསྟོད། །ཕྱྭ་དང་གཡང་གི་དངོས་གྲུབ་རྣམས། །ཁ་ནས་འབོ་རུ་མ་འཇུག་ཅིག །ཞབས་ནས་ཟགས་སུ་མ་འཇུག་ཅིག །ཟུར་ནས་རལ་དུ་མ་འཇུག་ཅིག །འཐོར་འདྲོགས་ཤོར་གོད་མ་གཏོང་ཞིག །ལྷ་གཡང་རྟེན་ལ་འཁོར་བར་མཛོད། །ཕྱྭ་དང་གཡང་གི་སྒོ་སྡོམས་

p. 352

ཤིག །བཀྲ་ཤིས་རྒྱས་པ་བྱའོ། །མི་རྒུད་ལྷ་རྒུད་དཔལ་ཉམས་གཡང་ཉམས་པ། །གསོ་ཕྱིར་རྡོ་རྗེ་གཡུ་སྒྲོན་བསྐུལ་བྱང་འདི། །ལས་རབ་རྩལ་གྱིས་གབ་སྦས་མེད་པར་བཀོད། །དགེ་བས་དཔལ་འབྱོར་ཕྱྭ་གཡང་རྒྱས་པར་ཤོག །སརྦ་མངྒ་ལཾ། ཛ་ཡན་ཏུ་བྷ་ཝན། དགེའོ།། །།

རྡོ་རྗེ་གཡུ་སྒྲོན་མའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་ནོར་བུ།

p. 353

༄༅། །རྡོ་རྗེ་གཡུ་སྒྲོན་མའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་འདོད་འབྱུང་ནོར་བུ་བཞུགས་སོ། །རིག་འཛིན་རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་འབྱོར་ལྡན་གྱི་རྫས་དང་། ཆོས་ཀྱི་དངོས་གྲུབ་ཐོབ་པའི་རྫས་བསགས་ལ། བུམ་གཏེར་ལྟ་བུའི་དབང་དུ་བྱས་ན། དབུས་སུ་གཡུ་སྒྲོན་བསྐྱེད། བུམ་པ་གཞལ་ཡས་ཁང་དུ་ནང་བཅུད་སྲིད་ཞིའི་དཔལ་འབྱོར་འཛད་མེད་ཀྱི་གཏེར་དུ་ཆོས་ལ་སྔགས་དྲུག་ཕྱག་དྲུག་བརྒྱ་རྩ་སོགས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་ལ། ཀྱཻ། སྐུ་གསུམ་ཡོན་ཏན་ཨོ་རྒྱན་རྗེ་ལ་རྫོགས། །བོད་འབངས་དབུལ་ཕོངས་ཉེན་ལ་ཐུགས་རྗེས་གཟིགས། །བདག་ཅག་གདུང་བས་འབོད་དོ་གུ་རུ་རྗེ། །ཞལ་བཞེས་དམ་བཅའ་བཙན་པོ་དེར་དགོངས་ལ། །སངས་རྒྱས་གཞན་ལས་ཐུགས་རྗེ་མྱུར་བའི་མཐུས། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཞིང་ཁམས་ཀྱི། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན། །དེ་རིང་གནས་འདིར་ཕྱྭ་དང་གཡང་དུཁུག །རྫོགས་ལྡན་ཡར་འཕེལ་ཚེ་གཡང་དངོས་གྲུབ་སྩོལ། །ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། ཀྱཻ། ཨོ་རྒྱན་རྡོ་རྗེ་འཆང་དེ་སྒྱུ་མའི་འཕྲུལ། །དབྱིངས་ཡུམ་མནྡྷ་ར་དེ་གཡུ་སྒྲོན་མ། །སྟོང་གསུམ་ལྷ་ཡུལ་ཚེ་དཔལ་བསོད་ནམས་སྟོབས། །རྒྱུད་བསྐུལ་གསོལ་

p. 354

འདེབས་བྱེད་ཀྱིས་བདག་ཅག་ལ། །དེང་འདིར་ཐོགས་པ་མེད་པར་བསྩལ་ནས་ཀྱང་། །ལྷ་ཡུལ་བདེ་སྐྱིད་དཔལ་འབྱོར་གཡང་ལེན་ནོ། ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། ཀྱཻ། ཨོ་རྒྱན་ཆེན་པོ་རྒྱལ་བ་ཀུན་གྱི་དངོས། །དབང་ཕྱུག་དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་མ། །ཟུང་འཇུག་བདེ་ཆེན་དོན་གྱི་རྣལ་འབྱོར་མ། །འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀྱི། །ཆོས་གཡང་མི་གཡང་དཔལ་འབྱོར་ཚེ་ཡི་གཡང་། །དེང་འདིར་ཕྱྭ་དང་གཡང་དུ་མྱུར་དུ་ཁུག །ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། ཀྱཻ། ཨོ་རྒྱན་རྡོ་རྗེ་འཆང་དེ་ཆོས་ཀྱི་སྐུ། །དབྱིངས་ཡུམ་བདག་མེད་མ་དེ་གཡུ་སྒྲོན་མ། །སྣང་སྲིད་ཆོས་དབྱིངས་ཀློང་དུ་དབང་སྡུད་པའི། །གུ་རུ་ཨོ་རྒྱན་ཆེན་པོའི་མཐུ་སྟོབས་ཀྱིས། །དེང་འདིར་མོས་པའི་རིག་འཛིན་བདག་ཅག་ལ། །སྟེང་ཕྱོགས་ལྷ་ཡི་ཚེ་དཔལ་ཕྱྭ་གཡང་ཁུག །འོག་ཕྱོགས་ཀླུ་ཡི་ཚེ་དཔལ་ཕྱྭ་གཡང་ཁུག །གླིང་བཞི་མི་ཡི་ཚེ་དཔལ་ཕྱྭ་གཡང་ཁུག །ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། ཀྱཻ། ཨོ་རྒྱན་པདྨ་འབྱུང་ནས་ཀྱི། །སྤྲུལ་པས་སྟོང་གསུམ་འཇིག་རྟེན་ཁེངས། །དབང་ཕྱུག་རྡོ་རྗེ་གཡུ་སྒྲོན་

p. 355

གྱི། །སྤྲུལ་པས་སྟོང་གསུམ་འཇིག་རྟེན་ཁེངས། །འདི་དག་ཀུན་རྫོབ་བདེན་མིན་ཏེ། །ཆོས་ཉིད་བདེན་པའི་སྟོབས་དང་ལྡན། །ཀུན་ལས་ཆེར་བསྔགས་ཁྱད་དུ་འཕགས། །ཆོས་དབྱིངས་རྣམ་དག་བདེན་པའི་མཐུས། །སྐྱེ་འཆི་མེད་པའི་ཚེ་གཡང་ཁུག །འཕེལ་འགྲིབ་མེད་པའི་དཔལ་གཡང་ཁུག །འདུ་འབྲལ་མེད་པའི་གྲོགས་གཡང་ཁུག །བགྲེས་རྒུད་མེད་པའི་སྟོབས་གཡང་ཁུག །ཐར་ལམ་བགྲོད་པའི་ཆོས་གཡང་ཁུག །བདེ་འབྱོར་ལྡན་པའི་སྐྱིད་གཡང་ཁུག །གང་བསམ་འགྲུབ་པའི་ནོར་གཡང་ཁུག །བསྟན་པ་རྒྱས་པའི་ཆོས་གཡང་ཁུག །ཚེ་རིང་ནད་མེད་སྐྱིད་གཡང་ཁུག །ས་འོག་ས་སྟེང་ནོར་གཡང་ཁུག །དོན་གཉིས་མཐར་ཕྱིན་ཆོས་གཡང་ཁུག །མཆོག་ཐུན་རབ་འབྱམས་སྐྱིད་གཡང་ཁུག །ལྷ་ཀླུ་མི་ཡི་ནོར་གཡང་ཁུག །ཕྱྭ་ཁུག་ཡེ། གཡང་ཁུག་ཡེ། ༀ་མ་མ་འདུར་འདུར་སྨན་སིལ་སིལ་ཏུ་ཏུ་མ་ཏིང་ཛཿལམ་ཏིང་མ་མ་རུ་ཛཿཕྱྭ་གཡང་དཔལ་འབྱོར་པཱ་ཤཾ་ཀུ་རུ་ཧོཿༀ་ཧྲཱིཿབཛྲ་པྲ་མོ་ཧ་ཧྲིཾ་ཛཿལྷ་འདྲེ་མི་གསུམ་གྱི་ཕྱྭ་གཡང་བཀྲ་ཤིས་དཔལ་

p. 356

འབྱོར་སརྦ་མ་མ་པཱ་ཤཾ་ཀུ་རུ་ཧོ། ཞེས་སྤྲོ་བསྡུས་དམིགས་པ་དང་ལྡན་པར་བྱའོ། །དེ་ནས། ཧཱུྃ། ཨོ་རྒྱན་པདྨ་ཐོད་ཕྲེང་དང་། །ཆོས་རྒྱལ་རྗེ་འབངས་སྨོན་ལམ་གྱིས། །བདག་ཅག་རིག་འཛིན་རྗེ་འབངས་རྣམས། །དེང་འདིར་བྱང་ཆུབ་སྙིང་པོའི་བར། །ཚེ་རིང་ནད་མེད་བདུད་དགྲ་བྲལ། །བདེ་ཞིང་སྐྱིད་པར་རྟག་སྤྲོ་ཞིང་། །རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས། །བདུད་དགྲ་ཐམས་ཅད་ཕམ་པར་ཤོག །རྒྱལ་བའི་བསྟན་དང་བསྟན་འཛིན་དང་། །ཆོས་ཀྱི་དགེ་མཚན་རྒྱས་པར་མཛོད། །རྒྱལ་ཆེན་མཐུ་ལྡན་རྣམ་བཞི་དང་། །སྲིད་པར་སྤྱོད་པའི་ཕྱོགས་སྐྱོང་བ། །ལྷ་ཀླུ་བསྟན་མ་མཐུ་ཆེན་ལྡན། །ཐུབ་དབང་པདྨའི་བསྟན་འཛིན་དང་། །ཆོས་ཀྱི་དགེ་མཚན་རྒྱས་པར་ཤོག །ཅེས་དང་རྗེ་བླ་མ་པདྨ་ཀུན་བཟང་ཐེག་མཆོག་རྒྱ་མཚོས་བདག་ལ་ཤིས་པ་བསྩལ་པ། བཀྲ་ཤིས་གང་ཞིག་ཉིན་མོར་བྱེད་པའི་མཆོག །ངོ་མཚར་མཆོག་གི་སྣང་བ་སྦྱིན་མཛད་པ། །མགོན་གྱུར་རྣམ་པ་མང་པོའི་བཀྲ་ཤིས་དེས། །དེང་འདིར་ལྟོས་བཅས་རྣམས་ལ་བཀྲ་ཤིས་ཤོག །ཅེས་དང་། ཐུབ་དབང་སྒྲ་གཅན་འཛིན་ནས། །བྷོ་དྷི་ས་ཏྭའི་བར་དུ། །བསྟན་པ་དར་ཞིང་

p. 357

རྒྱས་པའི། །བཀྲ་ཤིས་དེང་འདིར་ཞུའོ། །རོལ་མོ་དང་མེ་ཏོག་འཐོར་ལ། ཀུན་བཟང་རྡོ་རྗེ་འཆང་དང་། །པདྨ་འབྱུང་གནས་བར་དུ། །ཐེག་མཆོག་བསྟན་པ་རྒྱས་པའི། །བཀྲ་ཤིས་དེང་འདིར་ཞུའོ། །སྔར་བཞིན་རོལ་མོ་དང་བཅས་མེ་ཏོག་འཐོར། ཆོས་རྒྱལ་མེས་དབོན་རྣམས་དང་། །ཁྲི་སྲོང་ཡབ་སྲས་བར་དུ། །ཆོས་སྲིད་བསྟན་པ་རྒྱས་པའི། །བཀྲ་ཤིས་དེང་འདིར་ཞུའོ། །འབངས་རིགས་ཉེར་ལྔ་སོ་ཟུར། །གནུབས་སོགས་བཀའ་གཏེར་བརྒྱུད་པའི། །མཁས་ཤིང་གྲུབ་པའི་ཡོན་ཏན། །བཀྲ་ཤིས་དེང་འདིར་ཞུའོ། །ཉང་ཆེན་ཡབ་སྲས་ཆོས་དབང་། །སྤྲུལ་པའི་གཏེར་སྟོན་ཆོས་བདག །རིག་འཛིན་བརྒྱུད་པར་བཅས་པའི། །བཀྲ་ཤིས་དེང་འདིར་ཞུའོ། །གྲུབ་དབང་རྒྱལ་བ་རྒྱ་མཚོ། །སྤྱི་དང་ཁྱད་པར་རྣམ་འདྲེན། །རིག་འཛིན་བརྒྱུད་པར་བཅས་པའི། །བཀྲ་ཤིས་དེང་འདིར་ཞུའོ། །པད་འབྱུང་དབྱིངས་ཡུམ་སྒྲོན་མ། །ཟུང་འཇུག་སྙིང་རྗེའི་གཏེར་གྱི། །བདེ་སྐྱིད་བཀྲ་ཤིས་ཞུའོ། །རྫོགས་རིམ་བཀྲ་ཤིས་རྒྱས་པར་བྱའོ། །ཞེས་སྐྱབས་མགོན་དབོན་རིན་པོ་ཆེ་མཆོག་སྤྲུལ་བསྟན་པའི་ཉི་མའི་གསུང་གིས་བསྐུལ་བྱང་ལ་བརྟེན་ནས་ལས་རབ་རྩལ་གྱིས་སྦྱར་བ་

p. 358

དགེའོ། །བཀྲ་ཤིས།། །།

རྡོ་རྗེ་གཡུ་སྒྲོན་མཆོད་ཐབས་ཁ་ར་ཤག

p. 359

༄༅། །རྡོ་རྗེ་གཡུ་སྒྲོན་མཆོད་ཐབས་ཁ་ར་ཤག་ཅེས་བྱ་བ་བཞུགས་སོ། །རྡོ་རྗེ་གཡུ་སྒྲོན་མཆོད་པ་ལ་ཐོག་མར་སྤྱན་འདྲེན་ཅིང་མཆོད་པ་ནི། ཧཱུྃ་བྷྱོ། པདྨ་འབྱུང་གནས་བདུད་འདུལ་རྡོ་རྗེ་ཡི། །དམ་ཚིག་འཆང་མཛད་རྡོ་རྗེ་གཡུ་སྒྲོན་མ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཕྱི་ནང་གསང་མཆོད་གསེར་སྐྱེམས་འདོད་ཡོན་བཞེས། །བར་ཆད་རྐྱེན་བཟློག་ཚེ་གཡང་དངོས་གྲུབ་སྩོལ། །བྷྱོ་སརྦ་དྷཱཀྐི་ནི་སརྦ་བཛྲ་ས་མ་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿབཛྲ་ས་མ་ཡ་དཔལ་རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་འབུལ། ཧཱུྃ། དོན་དམ་དབྱིངས་ཉིད་ཆོས་སྐུར་དག་པའི་ཀློང་༔ རྣམ་རོལ་མ་འགགས་རྡོ་རྗེ་གཡུ་སྒྲོན་མ། །གནས་གཏེར་ཆོས་སྐྱོང་བཀའ་ཡི་བྱ་ར་བ། །དཔལ་འབར་མཁའ་འགྲོའི་གཙོ་ལ་ཕྱག་འཚལ་བསྟོད། །ཉེས་བྱས་ཉམས་ཆག་མ་ལུས་མཐོལ་ལོ་བཤགས། །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སྒྲུབས། །བདུད་དང་དམ་སྲི་བྱད་མ་རྡུལ་དུ་རློགས། །པདྨའི་དམ་བཞིན་ཕྲིན་ལས་འགྲུབ་པར་མཛོད། །རྡོ་རྗེ་གཡུ་སྒྲོན་

p. 360

མཆོད་ཐབས་ཁ་ར་ཤག་བྱ་བ་དཔའ་བོ་ལས་རབ་རྩལ་གྱིས་མཛད་པའོ།། །། ༈ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་། །ཀུན་མཁྱེན་ངག་གི་དབང་ཕྱུག་ཀློང་རམ་ཞབས། །བཀའ་གཏེར་རྒྱ་མཚོའི་དབང་བསྒྱུར་རཏྣ་གླིང་། །བརྒྱུད་པར་བཅས་པ་བླ་མའི་བཀའ་བཞིན་དུ། །སྙིང་ཉེ་སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་གྱིས། །ཆོས་དབྱིངས་དྲི་མེད་རིག་ཆོས་འཛིན་བཅས་དང་། །བདག་ཅག་དཔོན་སློབ་རིག་པ་འཛིན་པ་རྣམས། །ཚེ་རིང་དཔལ་འཕེལ་བསམ་དོན་ཀུན་འགྲུབ་ཅིང་། །བསྟན་པ་དར་ཞིང་ཕྲིན་ལས་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་རྟག་ཏུ་འཕེལ་བར་མཛོད། །ལས་རབ་རྩལ་གྱིས་སོ། །གཡུ་སྒྲོན་གསོལ་བསྡུས།

ཀུན་མཁྱེན་ཀློང་རབ་ཞབས་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་ཚོགས་མཆོད་བདུད་རྩིའི་བུམ་བཟང་།

p. 361

༄༅། །ཀུན་མཁྱེན་ཀློང་རབ་ཞབས་ཀྱི་རྡོ་རྗེ་གཡུ་སྒྲོན་མའི་ཕྱི་སྒྲུབ་ལ་བརྟེན་པའི་ཚོགས་མཆོད་བདུད་རྩིའི་བུམ་བཟང་བཞུགས་སོ། །

p. 362

ཚོགས་ཀྱི་ཡོ་བྱད་ཤ་ཆང་སོགས་འདུ་བར་འོས་པ་ཀུན་མ་ཚང་མེད་པར་བཤམས་ལ། ཧོ། བདེ་བ་ཆེན་པོའི་རང་བྱུང་བྷནྡྷ་རུ། །ཚོགས་ཀྱི་ཡོ་བྱད་རིགས་ལྔའི་དམ་ཚིག་རྫས། །སྤང་བླང་བྲལ་བའི་མཆོད་སྦྱིན་འཛད་མེད་གཏེར། །འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ཧཱུྃ། ཆོས་སྐུ་ཡུམ་ཆེན་ཀུན་བཟང་དབྱིངས་ཉིད་ལས། །ལོངས་སྐུ་ཕག་གདོང་རིགས་ལྔའི་སྒྱུ་འཕྲུལ་གར། །སྤྲུལ་སྐུ་མཆོག་ཐུན་ཆར་འབེབས་གཡུ་སྒྲོན་མ། །སྟོན་ཆེན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས། །བཛྲ་པྲ་མོ་ཧ་ས་མ་ཡ་ཛཿཛཿཧཱུྃ། ཐབས་ཤེས་

p. 363

བཟའ་བཅའ་བཏུང་བ་ཡང་དག་རྫས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་འཆར་བའི་དཔལ། །ཟག་བཅས་ཟག་མེད་སྣ་ཚོགས་ཉམས་སྣང་བཅས། །ཌཱ་ཀིའི་རྗེ་མོ་གཡུ་སྒྲོན་མཆོད་པར་འབུལ། །བཛྲ་པྲ་མོ་ཧ་སརྦ་པཱུ་ཙ་ག་ན་ཙཀྲ་ལ་ཁཱཧི། །བསྐང་བཤགས་ནི། ཧཱུྃ། འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས། །ཏིང་ངེ་འཛིན་གྱིས་རྣམ་འཕྲུལ་བཀོད་པ་ནི། །དབང་པོ་དྲུག་ལ་འདོད་དགུར་འཆར་བའི་རྫས། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཞལ་སྐྱེམས་དང་། །དཀར་མངར་འོད་ཕུང་སྤྲིས་མར་ཆགས་པའི་ཞོ། །ཆུ་དང་ཐང་ལས་སྐྱེས་

p. 364

པའི་མེ་ཏོག་རིགས། །རང་བྱུང་ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །ཉི་ཟླ་ལ་སོགས་སྣང་བྱེད་སྒྲོན་མེའི་འོད། །བཟང་དྲུག་དལ་འགྲོས་བརླན་པའི་དྲི་ངད་ཆབ། །ཤིང་ཐོག་རྩི་ཐོག་གཡོས་སུ་སྦྱར་བའི་ཟས། །འབུད་དཀྲོལ་བརྡུང་དང་གླུ་ཡི་འགྱུར་ཁུག་སྒྲ། །ཉེར་སྤྱོད་འདོད་པའི་ཡོན་ཏན་ཚོགས་ཀྱིས་བསྐང་། །ཕྱེ་མར་བསང་སྤོས་དར་ཚོན་སྣ་ལྔའི་སྤྲིན། །སྐྱེད་ཚལ་མ་རྨོས་ལོ་ཏོག་འབྲོང་གཡག་ཞོལ། །ཐལ་དཀར་གཡང་མོ་ལུག་དང་ཚེ་ཚེ་ར། །མགྱོགས་པའི་བང་དང་རྫུ་འཕྲུལ་རླུང་གི་ཤུགས། །རྩལ་གསུམ་ལྡན་པའི་ཅང་ཤེས་དྲེ་འུ་སྔོ། །ཤ་རྐྱང་མ་ཧེ་འདོད་འཇོ་བ་དང་མཛོ། །ནམ་མཁའ་ལྡིང་དང་རྨ་བྱ་ཟློས་གར་ཅན། །ངང་པ་ཁྲུང་ཁྲུང་བཞད་དང་མཁའ་འགྲོའི་བྱ། །གནག་སྣུམ་ཡན་ལག་དམར་དང་སེར་བ་སོགས། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐངས་གྱུར་ནས། །བྱ་བ་སྤྱོད་ལམ་ཉེས་དང་འབག་རྩོག་ཤོར། །རྟག་གཏོར་རྒྱུན་གཏོར་ཆག་དང་གསོལ་མཆོད་གཡེལ། །ཐབ་གཞོབ་མི་འཁོན་ལྷ་འཁོན་བྱུང་བ་སོགས། །ཐུགས་དང་འགལ་བ་ཐམས་ཅད་སོར་

p. 365

ཆུད་ནས། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཡིག་བརྒྱ་བཟླ། ཨེ། རང་ངོ་མ་ཤེས་གཟུང་འཛིན་འཁྲུལ་བའི་དགྲ། །འཁོར་འདས་རོ་མཉམ་སྲས་མཆོག་ཕུར་བུས་བསྒྲལ། །དུག་གསུམ་ཤ་ཁྲག་རུས་པའི་ཕུང་པོ་འདི། །རྩ་གསུམ་དཀྱིལ་འཁོར་མ་མོ་མཁའ་འགྲོར་འབུལ། །སརྦ་ནྲི་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད། ༀ་བཛྲ་པྲ་མོ་ཧ་ཨེ་དཾ་བྷ་ལིང་ཏ་པཱུ་ཛ་ཧོ་ཁ་རཾ་ཁཱ་ཧི། ཞེས་ཟས་སྐལ་དུ་བསྔོས་ནས་ལྕོགས་པའི་ལས་བཅོལ་བ་ནི། ཧཱུྃ་བྷྱོ། བདེ་སྟོང་མཁའ་འགྲོའི་གཙོ་མོ་གཡུ་སྒྲོན་མ། །རྣམ་འགྱུར་གར་དགུའི་ཚུལ་བསྟན་དྲག་རྒྱལ་འབར། །བཅོམ་ལྡན་གདུགས་དཀར་ལྷ་མོའི་སྐུར་བཞེངས་པ། །རབ་དཀར་ཆུ་འཛིན་སྤུངས་པའི་ལྷུན་པོ་ཆེ། །སྟོང་ཕྲག་དབུ་ཕྱག་ཞབས་ཀྱི་དཀྱིལ་འཁོར་ལ། །བྱེ་བ་འབུམ་ཕྲག་དུ་མའི་སྤྱན་བསྒྲད་ཅིང་། །འགལ་བྱེད་ཚོགས་ལ་མ་རུངས་སྐྱེད་མཛད་གང་། །ཁྱོད་ཞལ་དྲན་ཅིང་གསོལ་བ་བཏབ་པའི་མོད། །སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས། །བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་། །ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུག་པའི་

p. 366

རྐྱེན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་། །བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ། །འདོད་དོན་གསོལ་བའི་ཐོག་མར་མངའ་གསོལ་ནི། བདེ་ཆེན་ཀུན་ཏུ་བཟང་མོའི་ཀཻ་ལ་ཤར། །རྗེས་ཆགས་ཉི་གཞོན་འཆར་ཀའི་བརྟུལ་ཞུགས་ཀྱིས། །དམར་སེར་འཁྱུད་པའི་འཇོ་སྒེག་ལང་ཚོའི་ཉམས། །སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན་མར་ཤར། །མཐོ་རིས་བུ་མོའི་གྲོང་ཁྱེར་ཉམས་དགའ་བར། །ལྷ་མོ་ཡིད་འོང་མེ་ཏོག་མནྡྷ་རར། །ཤིན་ཏུ་མཛེས་པའི་ལང་ཚོའི་འཇིག་རྟེན་གྱིས། །བསྟན་པ་འཕྲོག་པའི་བྱེད་པོ་ཁྱོད་ལས་སུ། །དུས་སྦྱོར་བཅུ་གཉིས་དག་པའི་རྟེན་འབྲེལ་རྩལ། །འཇིག་རྟེན་བསྟན་མའི་སྣང་ཆར་བསྟན་མོད་ཀྱང་། །མཁའ་སྤྱོད་དག་པའི་ཞིང་ན་ཝཱ་ར་ཧི། །དངོས་གྲུབ་ཀུན་གྱི་བདག་པོར་མངའ་གསོལ་ལོ། །ཤིན་ཏུ་ཆགས་པ་ཆེན་པོའི་ཡེ་ཤེས་མེས། །ཐབས་མཆོག་བདེ་བ་ཆེན་པོའི་དཔའ་བོ་ལ། །སྦྱར་བའི་སྣང་སྲིད་དབུ་མར་དག་པའི་གྲོང་། །ས་ལམ་ཡོངས་བགྲོད་ཕོ་ཉར་མངའ་གསོལ་ལོ། །ཁྱད་པར་ལྔ་བརྒྱའི་ཐ་མར་

p. 367

སྐྱེས་པའི་མཐུས། །ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་དར་བའི་ཚེ། །དབང་དང་དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་སྐྱོང་བའི་མ་མོར་མངའ་གསོལ་ལོ། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བསྟེན་ཅིང་། །དུས་མེད་རིག་པའི་ངང་དུ་རོ་གཅིག་ན། །འདུ་འབྲལ་མེད་པའི་དམ་ཚིག་ཉེར་དགོངས་ནས། །དངོས་གྲུབ་ཆེན་པོའི་དགའ་སྟོན་གསར་པས་སྐྱོངས། །མཚུངས་པ་མེད་པའི་མཛེས་སྡུག་ལང་ཚོའི་དཔྱིད། །སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པའི་མོད། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་སྟོན་ཞིང་། །རྣམ་བཞིའི་ཕྲིན་ལས་ཡོངས་འདུས་འབྲས་སྨིན་མཛོད། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། སྟོབས་བཅུའི་བདག་ཉིད་སྟོན་པ་སངས་རྒྱས་དང་། །དེ་ཡི་བསྟན་པ་ལུང་དང་རྟོགས་པའི་ཆོས། །དེ་འཛིན་རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི། །ལམ་སྲོལ་བཏོད་པའི་མདོ་སྔགས་བཤད་སྒྲུབ་སྡེ། །ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི། །ཡོན་བདག་

p. 368

གྱིས་ལ་རྟག་ཏུ་མེལ་ཚེས་སྐྱོངས། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་དང་། །འཇིག་རྟེན་ཡང་དག་ལྟ་ལ་གུས་པ་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །འཇིག་རྟེན་ཁམས་སུ་ནད་མཚོན་མུ་གེ་དང་། །སད་སེར་བཙའ་ཐན་དུས་ཀྱི་རྒུད་པ་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས་པ་སོགས། །བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །དབང་པོ་དྲུག་ལ་བཞེད་དགུར་འཆར་བའི་རྫས། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་ཀུན། །བུམ་པ་བཟང་དང་དཔག་བསམ་ཤིང་ལྟར་སྤེལ། །ཆོས་ཉིད་རང་བཞིན་ཞི་ལས་མ་གཡོས་ཀྱང་། །ལོག་པར་འདྲེན་པའི་དགྲ་འདྲེ་བྱུར་གསུམ་དང་། །རྦད་འདྲེ་རྦོད་གཏོང་བསམ་སྦྱོར་ངན་པ་ཀུན། །རྡོ་རྗེ་དྲག་རྒྱལ་འབར་མའི་མཚོན་ཆས་ཐུལ། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །ཡིད་ལ་འཁྲུག་པ་སྟེར་བའི་མི་མཐུན་ཕྱོགས། །སྲུངས་ལ་ཚེ་དང་ལོངས་སྤྱོད་དབང་ཐང་ཀུན། །ཟླ་བ་

p. 369

ཡར་གྱིས་གང་བ་བཞིན་དུ་མཛོད། །གཞི་ལ་བག་ཕེབས་བཀྲ་ཤིས་དགེ་ལེགས་སྤེལ། །བྱེས་སུ་ལ་ཆུ་འཕྲང་དང་ཆོམ་རྐུན་སྲུངས། །ཇི་ལྟར་སྨོན་པའི་རེ་འབྲས་ཡིད་བཞིན་དུ། །འགྲུབ་པའི་ནོར་བུ་རིན་ཆེན་ཁྱོད་ཀྱིས་མཛོད། །ཅེས་བརྗོད། ཧཱུྃ། མ་མོ་མཁའ་འགྲོའི་བཀའ་སྡོད་ཕོ་ཉ་རྣམས། །འདོད་ཡོན་ཚོགས་ཀྱི་འབག་ལྷག་འདི་བཞེས་ལ། །སྙིང་པོའི་རང་ལུགས་ཕྱོགས་བཅུར་རྒྱས་པ་དང་། །སྒྲུབ་པའི་བར་ཆད་བསྲུང་ཞིང་དགྲ་གེགས་ཐུལ། །ཨུཙྪིཥྚ་བ་ལིང་ཏ་ཁཱ་ཧི། །འབུལ་གཏོར་ལ་སྤོས་དང་དཔལ་འབར་འཛུགས་གསེར་སྐྱེམས་དང་བཅས་བཏེགས་ལ། ཀྱཻ། སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་སྒྲོན་མ། །སོགས་གཞུང་ལྟར་གྱེར། ཆད་བསྟན་བྲོ་བརྡུང་ནི། ཧཱུྃ། སྔོན་ཚེ་བར་དང་ཐ་མའི་དུས་ཚིགས་ལ། །བརྒྱུད་གསུམ་རིག་འཛིན་གྲུབ་པ་བརྙེས་རྣམས་ཀྱི། །དམ་ཚིག་ལ་གནས་སྲུང་མ་ཕྱིི་ནང་ཀུན། །མཆོད་གཏོར་བཞེས་ལ་བསྟན་དགྲ་ཟས་སུ་ཟོ། །ཟབ་གསང་བསྟན་པ་ནམ་མཁའི་ཕ་མཐར་སྤེལ། །རྣལ་འབྱོར་བྱང་ཆུབ་ལམ་གྱི་སྟོང་གྲོགས་མཛོད། །བྷྱོ། བདུད་དང་གནོད་སྦྱིན་སྨན་མོའི་ཆས་འཛིན་པའི། །གངས་

p. 370

རི་ཅན་གྱི་ཡུལ་ལྷ་བཅུ་གཉིས་པོ། །མཐུན་པའི་བཤོས་བུ་བདུད་རྩིའི་བཤལ་ཆུ་བཞེས། །བསམ་དོན་མྱུར་འགྲུབ་འགལ་ཟླ་ཞི་བར་མཛོད། །མ་མ་ཧྲིཾ་ཧྲིཾ་བ་ལིང་ཏ་ཁཱ་ཧི། ཧཱུྃ། བྱང་ཆུབ་སྒྲུབ་ལ་འཚེ་བའི་དགྲ་བགེགས་ཀུན། །རྣམ་ཐར་གསུམ་ལྡན་དབྱིངས་སུ་རྒྱས་བཏབ་ཅིང་། །དབང་དང་དྲག་ཤུལ་རོལ་བའི་བྲོ་བརྡུངས་པས། །བྱང་ཆུབ་བར་དུ་ལྡང་བར་མ་གྱུར་ཅིག །སྟཱཾ་བྷ་ཡ་ལཾ་ནན། མཆོད་བསྟོད་བྱས་ལ། ཧོ། རྒྱལ་བ་ཀུན་ཡུམ་བཅོམ་ལྡན་ལྷ་མོ་ལྔའི། །ཐུགས་ཀྱི་དཔའ་བོ་འོད་ལྔའི་ཀློང་དཀྱིལ་ནས། །མཆོག་ཐུན་དངོས་གྲུབ་མི་ཟད་ཡིད་བཞིན་ནོར། །སྒྲུབ་མཆོག་བདག་ལ་དེང་འདིར་བསྩལ་དུ་གསོལ། །རྩ་སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོ། རྗེས་ཆོག་ནི། ཧཱུྃ། ཡེ་ཤེས་དབྱིངས་ལས་དྲངས་པའི་མཁའ་འགྲོའི་ཚོགས། །སྒྲུབ་རྫས་མདའ་དར་བླ་རྡོའི་ངོ་བོར་བཞུགས། །དམ་རྫས་ལྷ་སྐུ་དམིགས་མེད་བློ་འདས་ངང་། །བརྟན་གཡོ་སྣོད་བཅུད་དཔལ་དུ་ཡོངས་སྨིན་ནས། །རྫོགས་ལྡན་དུས་བཞིན་ཕྱྭ་གཡང་ཚེ་བསོད་རྒྱས། །འགྲོ་ཀུན་འོད་གསལ་སྙིང་པོའི་དོན་རྟོགས་ཤོག །

p. 371

ཧཱུྃ། ཀུན་ཁྱབ་འགྱུར་མེད་དོན་དམ་བདེ་བ་ཆེའི། །མཐའ་ཀླས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་ལས། །དོན་གཉིས་འདོད་དགུ་ཡིད་བཞིན་སྩོལ་མཛད་པ། །རྩ་གསུམ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་པའང་འཇིགས་མེད་གླིང་པ་དང་། འཇམ་དབྱངས་མཁྱེན་བརྩེའི་གསུང་ལ་གཞི་བྱས་རང་འདོད་ཚོགས་མཆོད་ཉུང་ངུ་གསར་བྲིས་བཅས་འཆི་མེད་བྱང་ཆུབ་སྒྲུབ་པའི་དགའ་ཚལ་བཀྲ་ཤིས་དུང་དཀར་དབེན་པའི་རི་ངོགས་སུ་ཆོས་གཟུགས་རྣམ་གཡེང་མཁན་གྱིས་སྤེལ་བ་སརྦ་མངྒ་ལཾ།། །།

གབ་སྐུང་ཕུད་པ།

p. 372
p. 373

༄༅། །གབ་སྐུང་ཕུད་པ་ནི། ཆོས་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །དམ་ལས་མ་འདའ་དམ་ཚིག་དྲན་པར་མཛོད། །གསོལ་མཆོད་འདོད་དོན་རྣལ་འབྱོར་བསམ་དོན་བཞིན། །ཐུགས་དམ་གནད་བསྐུལ་དགྲ་རྐུན་ར་མདའ་མཛོད། །རྟགས་མཚན་མ་ངེས་སྣ་ཚོགས་དགྲ་ལ་སྟོན། །གབ་སྐུང་ཕུད་ལ་རང་ནོར་རང་ལག་སྤྲོད། །དགྲ་དཔུང་ཆོག་ལ་དཔའ་རྟགས་ཁྱེར་ལ་ཤོག །དགྲ་ལས་རྣམ་རྒྱལ་ལས་བཞི་མྱུར་འགྲུབ་མཛོད། །དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ།། །།

ཞི་བ་བསྡུས་པ།

p. 374
p. 375

࿅༔ ཞི་བ་བསྡུས་པ་བཞུགས་སོ། །ༀ་ཨཱཿཧཱུྃ༔ ཀྱེ༔ དད་པ་དང་ནི་དམ་ཚིག་གིས༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས༔ ཡུལ་ལྷ་གནས་བདག་གཞི་བདག་རིགས༔ སྡེ་བརྒྱད་ལན་ཆགས་བགེགས་རིགས་མགྲོན༔ མ་ལུས་འཁོར་བཅས་སྤྱན་འདྲེན་ནོ༔ རང་རང་དགྱེས་པའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་དང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད༔ ཐུགས་དང་འགལ་བའི་ཉེས་པ་བཤགས༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཡམས་ནད་རིམས་ནད་ཞི་བར་མཛོད༔ གློ་གོར་ཧོན་གསུམ་ཞི་བར་མཛོད༔ རླུང་མཁྲིས་བད་ཀན་ཞི་བར་མཛོད༔ ཕོ་གདོན་མོ་གདོན་ཞི་བར་མཛོད༔ ཀླུ་ནད་གཉན་ནད་ཞི་བར་མཛོད༔ ས་བདག་ནད་རྣམས་ཞི་བར་མཛོད༔ གཞི་བདག་ཕྲག་དོག་ཞི་བར་མཛོད༔ བཙའ་སད་སེར་གསུམ་ཞི་བར་མཛོད༔ གྲ་སྐྱ་འབུ་སྲིན་ཞི་བར་མཛོད༔ མི་ནད་རྟ་ནད་ཞི་བར་མཛོད༔ ནོར་ནད་ལུག་ནད་ཞི་བར་མཛོད༔ ཞི་བའི་ལས་ཀུན་འགྲུབ་པར་མཛོད༔ ༀ་ཨ་ཀ་ནི་

p. 376

ནི་ཀ་ནི་ཨ་བྷི་ལ་མན་དྷ་ལེ་མཎྜ་ལེ་མ་ཡེ་སྭཱ་ཧཱ༔ ཞེས་སྔགས་དང་བཅས་གྲངས་གསོག་པར་བྱའོ༔ ལས་རབ་རྩལ་གྱིས་སོ༔ བསང་གསུར་གང་ལའང་སྦྱར་ཆོག་གོ༔ མངྒ་ལཾ༔

རྒྱུན་བསང་བཀྲ་ཤིས་ཆར་འབེབས།

p. 377

༄༅། །རྒྱུན་བསང་བཀྲ་ཤིས་ཆར་འབེབས་བཞུགས་སོ། །རཾ་ཡཾ་ཁཾ་གིས་མི་གཙང་ཉེས་སྐྱོན་སྦྱངས། །ༀ་ཨཱཿཧཱུྃ་གིས་མཆོད་སྤྲིན་མཁོ་དགུར་སྤེལ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་འདིར་གཤེགས་ས་མ་ཛཿདག་བྱེད་བདུད་རྩི་མཉེས་བྱེད་མཆོད་ཚོགས་བསང་། །འབུལ་གྱིས་དགྱེས་པར་དགོངས་ནས་བཞུགས་སུ་གསོལ། །ཀྱེ། སངས་རྒྱས་ཐུབ་ཆེན་པདྨ་འབྱུང་གནས་སོགས། །རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་བསང་། །རྒྱུད་སྡེ་བཞི་དྲུག་ཆེ་མཆོག་དཔལ་དགུ་སོགས། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་བསང་། །དབྱིངས་ཀྱི་ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་བསང་། །དཔལ་མགོན་ཕྱག་བཞི་མ་ནིང་སྔགས་སྲུང་མ། །ཁྱབ་འཇུག་དམ་ཅན་རྡོར་ལེགས་བཅས་པ་སོགས། །ཆོས་རྒྱལ་སྐུ་ལྔ་བཙན་རྒོད་མཆེད་བདུན་དང་། །ཇོ་བོ་ལྷ་བཙན་ལེགས་རྩལ་མཆེད་གསུམ་བསང་། །པདྨའི་དམ་ལྡན་མགུལ་ལྷ་དགེ་བསྙེན་དང་། །དྲེགས་སྡེ་བརྒྱད་དང་བསྟན་མ་སྐྱོང་མ་

p. 378

བསང་། །འཛམ་གླིང་ཡུལ་གྲུ་ཀུན་གྱི་གཞི་བདག་དང་། །ཁྱད་པར་ཡུལ་འདིའི་གཞི་བདག་གནས་བདག་སོགས། །ཕན་མཛད་གྲོགས་མཛད་དགྲ་ལྷ་ཕྲག་ལྷ་དང་། །ཕ་མེས་མི་རབས་རྒྱུད་ཀྱི་སྲུང་མ་བསང་། །མི་གཙང་བཙོག་གྲིབ་མ་ལུས་དག་གྱུར་ཅིག །སྲིད་ཞིའི་མགྲོན་ཀུན་མཆོད་པས་ཚིམ་གྱུར་ཅིག །འཁོར་འདས་ཀུན་གྱི་བདེ་སྐྱིད་དཔལ་འབྱོར་གཡང་། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །བསང་གི་མཆོད་ཡུལ་གྱུར་པ་ཁྱེད་རྣམས་ཀྱིས། །བདག་ཅག་མི་ནོར་འཁོར་བཅས་སྲུང་སྐྱོབ་མཛོད། །བར་ཆད་ཀུན་སེལ་བསམ་དོན་ཐམས་ཅད་སྒྲུབས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །མགྲོན་རྣམས་རང་བཞིན་གནས་སུ་བཛྲ་མུ། །དོན་གཉིས་མཐར་ཕྱིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྤྱི་བསང་ཉུང་བསྡུས་འདི་ལས་རབ་རྩལ་གྱིས་སྦྱར་བ་མངྒ་ལཾ།། །།

p. 379

࿅༔ ཡེ་ཤེས་མགོན་པོ་ནི། ཧཱུྃ། ས་བཅུའི་དབང་ཕྱུག་བསྟན་སྲུང་ཡོངས་ཀྱི་གཙོ། །དཔལ་མགོན་ཕྱག་བཞི་འཁོར་བཅས་བསང་ངོ་མཆོད། །བསྟན་དང་བསྟན་འཛིན་འཕེལ་ཞིང་རྒྱས་པ་དང་། །རྣལ་འབྱོར་སྒྲུབ་པོའི་དགོངས་བཞེད་ཀུན་འགྲུབ་ཤོག ། ༈ དཔལ་མགོན་མ་ནིང་ནི། ཀྱེ། ལྷ་ཆེན་དཔལ་འབར་མ་ནིང་གཙོ་དང་འཁོར། །ཆོས་ཀྱི་དབྱིངས་ནས་འདིར་གཤེགས་དགྱེས་པར་བཞུགས། །བཟང་ཤིང་ཕྱེ་མར་ཕུད་ཀྱིས་བསང་ངོ་མཆོད། །ཀུན་བཟང་པདྨ་འབྱུང་ནས་བཀའ་བསྒོས་བཞིན། །པདྨའི་རིང་ལུགས་སྒྲུབ་པའི་སྡེ་འདི་སྐྱོངས། །བར་ཆད་ཀུན་ཞི་བསམ་དོན་ཀུན་འགྲུབ་མཛོད། ། ༈ ཞིང་སྐྱོང་ནི། ཧཱུྃ། དབང་ཕྱུག་ཡབ་ཡུམ་ཕྲིན་ལས་དྲག་པོའི་སྲས། །དམ་ཚིག་མི་འདོར་མཁའ་སྤྱོད་ཞིང་སྐྱོང་མགོན། །རྣལ་འབྱོར་སྲུང་མ་ཆེན་པོ་བསང་ངོ་མཆོད། །རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། ། ༈ ལྷ་མོ་ནི། བྷྱོ། སྟོང་ཉིད་རྣམ་དག་ཤེས་རབ་དབྱིངས་ཀྱི་ཡུམ། །དཔལ་ལྡན་ལྷ་མོ་བཀའ་གཏེར་སྲུང་མ་མཆོད། །གུས་པས་བསང་འབུལ་སྔ་འགྱུར་རྡོ་རྗེ་

p. 380

ཐེག །དར་ཞིང་རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད། ། ༈ གཟའ་བདུད་ནི། ཧཱུྃ། གཏུམ་ཆེན་མཐུ་སྟོབས་མེ་འབར་བདུད་སྡེའི་གཤེད། །གཟའ་རྒོད་སྤྲུལ་འཁོར་བཅས་པ་བསང་ངོ་མཆོད། །རྫོགས་ཆེན་བསྟན་ལ་འཚེ་བའི་བདུད་སྡེའི་དཔུང་། །དྲག་རྩལ་མངོན་སྤྱོད་འབར་བས་ཚར་ཆོད་ཅིག ། ༈ དམ་ཅན་ནི། ཀྱེ། ཡེ་ཤེས་འཇིག་རྟེན་ཞིང་ཀུན་སྐྱོང་མཛད་ཕྱིར། །དྲེགས་པའི་ཚུལ་སྟོན་དམ་ཅན་རྡོ་རྗེ་འཛིན། །སྐྱེས་བུ་དགྲ་ལྷ་ཆེན་པོ་བསང་ངོ་མཆོད། །མི་མཐུན་ཉེས་དགུའི་མུན་པ་ཞི་བ་དང། །ཚེ་དཔལ་འབྱོར་པ་ཡར་ངོའི་ཟླ་ལྟར་རྒྱས། །འཁོར་འདས་སྐྱེ་འགྲོ་མ་ལུས་དབང་དུ་སྡུས། །གདུག་པའི་དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད། ། ༈ དམ་ཅན་ཁྱེའུ་ཆུང་བསང་ནི། ཀྱེ། ཀུན་བཟང་ཆེ་མཆོག་པད་འབྱུང་དམ་གནས་པའི། །གནོད་སྦྱིན་ཡོངས་ཀྱི་ཕོ་ཉ་མྱུར་མགྱོགས་ཅན། །དམ་ཅན་ཁྱེའུ་ཆུང་དཀར་པོ་བསང་ངོ་མཆོད། །དཀོར་ནོར་འདོད་དགུ་ཆར་བཞིན་འབེབས་པར་མཛོད། །ལས་རབ་རྩལ་གྱིས་སོ།། །། ༈ ཆོས་རྒྱལ་ནི། ཧཱུྃ། རིགས་ལྔའི་རྣམ་འཕྲུལ་ཆོས་འཁོར་སྐྱོང་བའི་

p. 381

བདག །ཆོས་རྒྱལ་དྲེགས་ཚོགས་འཁོར་དང་བཅས་ལ་བསང་། །པད་འབྱུང་རྟ་མཆོག་རོལ་པས་བཀའ་བསྒོས་བཞིན། །བདག་གི་ལས་བཞིའི་ཕྲིན་ལས་སྒྲུབ་པ་དང་། །གཙུག་ལག་ཆོས་འཁོར་སྒྲུབ་སྡེ་སྐྱོང་བར་མཛོད། །འདི་ཡན་ཡེ་ཤེས་མགོན་པོ་ནས་བཟུང་མ་ནིང་མ་གཏོགས་ཐམས་ཅད་རྒྱ་རོང་མཆོག་གི་དབོན་སྤྲུལ་གྱིས་གསུང་བསྐུལ་ལྟར་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག ། ༈ ཆོས་རྒྱལ་གྱི་བསང་མཆོད་ནི། ཀྱེ། སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་འཁོར་དང་བཅས། །དམ་ཚིག་དབང་གིས་གནས་འདིར་མྱུར་དུ་སྤྱོན། །བཟང་ཤིང་ཕྱེ་མར་ཕུད་ཀྱིས་བསང་ངོ་མཆོད། །པད་འབྱུང་རྟ་མཆོག་རོལ་པས་བཀའ་བསྒོས་བཞིན། །བདག་ཅག་ལས་བཞིའི་ཕྲིན་ལས་འགྲུབ་པ་དང་། །གཙུག་ལག་ཆོས་འཁོར་སྒྲུབ་སྡེ་སྐྱོང་བར་མཛོད། །ཅེས་དཔལ་མགོན་མ་ནིང་དང་རྒྱལ་ཆེན་གྱིས་བསང་མཆོད་ཉུང་ངུ་འདི་སྐྱབས་མགོན་མཆོག་གི་བཀའ་སྩལ་ཕེབས་པ་ལ་བརྟེན་ནས་ལས་རབ་རྩལ་གྱིས་ཕོ་བྲང་ཆེན་པོ་ལྷུན་གྲུབ་སྟེང་དུ་སྦྱར་བ་དགེའོ། ། ༈ འབར་བ་སྤུན་བདུན། ཀྱེ། རྩ་གསུམ་དཀྱིལ་འཁོར་དབང་དུས་ཨོ་རྒྱན་རྗེའི། །དམ་ཚིག་གིས་བཅིངས་སྨིན་གྲོལ་དབང་ནོད་པའི། །འབར་བ་སྤུན་བདུན་འཁོར་བཅས་

p. 382

བསང་ངོ་མཆོད། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། ། ༈ གྲི་བཙན་ནི། ཧཱུྃ། དབང་ཆེན་རང་མདངས་གྲི་བཙན་དགྲ་འཇོམས་རྩལ། །ཕྲིན་ལས་རྣོ་མྱུར་དྲག་རྩལ་གློག་ལྟར་མྱུར། །ལེགས་ཉེས་དམ་ཚིག་རྗེས་གཅོད་གཡར་དམ་ཅན། །དགྱེས་མཆོད་བསང་གསུར་དམ་རྫས་མཆོད་པ་བཞེས། །གཏེར་ཆེན་ཆོས་རྒྱལ་ཉི་གྲགས་བརྒྱུད་པར་བཅས། །ཕྲིན་ལས་རྒྱས་ཤིང་སྐུ་ཚེ་བརྟན་པ་དང་། །བསྟན་ལ་གནོད་བྱེད་ཐམས་ཅད་ཚར་ཆོད་ཅིག །དགེའོ།། །།དཔའ་བོ་ལས་རབ་རྩལ་གྱིས་སོ། །

ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་བསང་མཆོད།

p. 383

༄༅། །ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་བསང་མཆོད་བཞུགས། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཞིང་སྐྱོང་རྒྱལ་བ་ཐོད་དཀར་བསང་གིས་མཆོད་པའི་རིམ་པ་ནི། ཧཱུྃ། བདག་ཉིད་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །སྣང་སྲིད་ཟིལ་གནོན་བྱིན་རླབས་འོད་ཕུང་འབར། །རཾ་ཡཾ་ཁཾ་གིས་བསང་རྫས་ཉེས་སྐྱོན་སྦྱངས། །ༀ་ཨཱཿཧཱུྃ་གིས་གང་འདོད་མཆོད་སྤྲིན་འཕྲོ། །ཀྱེ། གནས་མཆོག་སྲིང་མོ་རྫོང་གི་ཞིང་སྐྱོང་མགོན། །རྒྱལ་བ་ཐོད་དཀར་མཆེད་སྡེ་འཁོར་ཚོགས་བཅས། །རྣལ་འབྱོར་བདག་གིས་མཆོད་ཕྱིར་སྤྱན་འདྲེན་ནོ། །དམ་ཚིག་བཞིན་དུ་མྱུར་དུ་གཤེགས་སུ་གསོལ། །རབ་ཏུ་དགྱེས་པའི་ཚུལ་གྱིས་བརྟན་པར་བཞུགས། །བསྟན་སྲུང་ཆེན་པོར་མངའ་གསོལ་གུས་པས་འདུད། །དགྲ་བགེགས་ཤ་ཁྲག་དབང་པོ་དོན་སྙིང་བཅས། །མཆོད་པར་འབུལ་ལོ་རྔམ་པའི་ཚུལ་གྱིས་བཞེས། །བཟང་ཤིང་སྣ་ཚོགས་དུད་པ་སྤྲིན་ལྟར་གཏིབས། །ཇ་ཆང་འོ་ཞོའི་བཏུང་བ་མཚོ་ལྟར་བསྐྱིལ། །ཕྱེ་མར་འབྲུ་བཅུད་ཟས་སྣ་རི་ལྟར་སྤུངས། །རྔམ་བརྗིད་སྙན་དབྱངས་རོལ་མོ་འབྲུག་ལྟར་ལྡིར། །ཏིང་

p. 384

འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །གཉན་ཆེན་རྒྱལ་བ་ཐོད་དཀར་བསང་ངོ་མཆོད། །མཆེད་སྡེ་བཙུན་མོ་འཁོར་འབངས་བསང་ངོ་མཆོད། །ཐུགས་དམ་དགྱེས་བསྐོང་ཉམས་ཆག་བྱང་གྱུར་ཅིག །སྔོན་དུས་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་བཀའ། །བར་དུ་ཉི་མ་གྲགས་པ་རྩལ་གྱི་ལུང་། །དེ་རིང་རིག་པ་འཛིན་པ་བདག་གིས་མཆོད། །དམ་ཚིག་བཞིན་དུ་ཚུལ་བཞིན་ཕྱག་འཚལ་ལོ། །བསྟན་པ་དར་ཞིང་ཕྲིན་ལས་རྒྱས་པ་དང་། །བར་ཆད་ཀུན་ཞི་བཞེད་དོན་ཀུན་འགྲུབ་ཅིང་། །ལས་བཞིའི་རབ་འབྱམས་ཡིད་ལ་རེ་བ་རྣམས། །ཐོགས་པ་མེད་པར་ལྷུན་གྱིས་འགྲུབ་པར་མཛོད། །སྙིགས་མའི་བདག་ཅག་རྨོངས་ཤིང་མི་ཤེས་པས། །རང་གཞན་ལེགས་ཉེས་བླང་དོར་སྟོན་པའི་ཕྱིར། །དམིགས་པའི་རྟེན་དུ་བྱས་པའི་གང་ཟག་གི། །སྒོ་གསུམ་བརླབས་ཤིང་འཁྲུལ་མེད་སྨྲ་བར་མཛོད། །ལྷ་ཀླུ་མི་གསུམ་བདེ་སྐྱིད་དཔལ་འབྱོར་གཡང་། །མཆོག་གསུམ་སྲུང་མའི་བདེན་པས་གནས་འདིར་ཁུག །གཉན་རྗེ་རྒྱལ་བ་ཐོད་དཀར་འཁོར་བཅས་ཀྱིས། །མགོན་ཞིང་རྟག་ཏུ་དགེ་

p. 385

࿅༔ ལེགས་འཕེལ་གྱུར་ཅིག །ཅེས་པ་འདི་ནི་སྐྱབས་མགོན་རིན་པོ་ཆེ་ཉི་མ་གྲགས་པ་གསུམ་པས་འདི་ལྟར་གྱིས་ཞེས་བཀའ་སྩལ་ཕེབས་པ་ལ་བརྟེན་ནས་སྤྲང་རྒན་དཔའ་བོ་ལས་རབ་རྩལ་གྱིས་གང་དྲན་བྲིས་ཏེ་ཕུལ་བ་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །།

ཨུ་མའི་བསང་མཆོད་འདོད་རྒུ་ཀུན་སྩོལ།

p. 386
p. 387

༄༅། །ཨུ་མའི་བསང་མཆོད་འདོད་རྒུ་ཀུན་སྩོལ་བཞུགས་སོ། །བསང་རྫས་རྣམས་བྱིན་གྱིས་བརླབས་ལ་རང་ཡི་དམ་གྱི་ང་རྒྱལ་ལ་གནས་པས། ཀྱེ། སྟོང་དང་སྙིང་རྗེ་ཡེ་ཤེས་རོལ་པ་ལས། །གཟུགས་སྐུ་འགྲོ་བའི་དོན་མཛད་མཁའ་འགྲོ་མ། །ཡོངས་ལ་དབང་སྒྱུར་རིག་འཛིན་ཨུ་མ་དེ། །ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ། །རང་མདུན་ནམ་མཁའ་འོད་ཕུང་ཀློང་དུ་བཞུགས། །དམ་ཚིག་ཡེ་ཤེས་མཉམ་པ་ཉིད་ཕྱག་འཚལ། །ཉེས་ཀུན་དག་བྱེད་ལྷ་ཡི་ཆུ་བོའི་ཁྲུས། །འདོད་པའི་ཡོན་ཏན་ལྷ་མིའི་བདེ་འབྱོར་དང་། །ཁྱད་པར་ཡིད་ལ་གང་འདོད་བྱེ་བྲག་རྫས། །མཆོག་ཏུ་བླ་མེད་མཆོད་པའི་ཡོ་བྱད་ཚོགས། །དངོས་འབྱོར་ཡིད་སྤྲུལ་འཆར་བའི་མཆོད་པ་འདིས། །དབྱིངས་ཕྱུག་རིག་འཛིན་ཨུ་མ་བསང་ངོ་མཆོད། །སྲིད་པ་དུས་བཞིའི་རྒྱལ་མོ་བསང་ངོ་མཆོད། །སྣང་སྲིད་དྲེགས་པ་སྡེ་བརྒྱད་བསང་ངོ་མཆོད། །བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་ངོ་མཆོད། །ཟག་མེད་བདེ་ཆེན་མཆོད་པས་མཉེས་གྱུར་ཅིག །འོག་མིན་ཞིང་དུ་རྒྱལ་ཀུན་སྐྱེད་མཛད་ཡུམ། །རིག་འཛིན་རྒྱལ་བ་རྣམས་ཀྱི་ཕྱག་རྒྱ་

p. 388

མཆོག །འཇིག་རྟེན་དྲེགས་ཚོགས་ཡོངས་ཀྱི་ལྕམ་སྲིང་ཚུལ། །ཕྲིན་ལས་འདོད་རྒུར་བསྒྱུར་ལ་ཕྱག་འཚལ་བསྟོད། །དད་བརྩོན་གདུང་ཤུགས་དྲག་པོས་རབ་ཏུ་འདུད། །སྙན་བརྗིད་དབྱངས་དང་སྣ་ཚོགས་རོལ་མོ་བཅས། །མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་འདེབས། །རྣམ་བཞིའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །བོད་ཡུལ་ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །ཨོ་ཊི་ཡ་ནའི་པཎ་ཆེན་པད་འབྱུང་གིས། །སྔ་འགྱུར་ཆོས་ཚུལ་བཀའ་གཏེར་ཟབ་མོའི་ཆོས། །དར་ཞིང་རྒྱས་ལ་ཡུན་རིང་གནས་པར་མཛོད། །བོད་ལྗོངས་སྤྱི་དང་ཁྱད་པར་རོང་མོ་ལྗོངས། །ས་ལ་དབང་སྒྱུར་ཆོས་སྐྱོང་རྒྱལ་པོའི་རིགས། །སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་པ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཁྱད་པར་དམ་ཚིག་གཅིག་པ་བདག་ཅག་གིས། །ཁྱོད་ལ་མཆོད་དང་ཕྲིན་ལས་བཅོལ་བ་ནི། །རང་ལུགས་སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །ཆོས་སྲིད་བསྟན་པ་དར་རྒྱས་བརྟན་པར་མཛོད། །བསྟན་དང་བསྟན་པ་འཛིན་ལ་རྒོལ་བ་ཡི། །སྨོན་ལམ་ལོག་པའི་དམ་སྲི་

p. 389

࿅༔ བདུད་ཀྱི་ཚོགས། །མི་དང་མི་མིན་གདུག་པ་གར་བྱུང་ཡང་། །མཐུ་སྟོབས་དྲག་པོས་ཚར་ཆོད་རྨང་མེད་མཛོད། །ལྷ་ཀླུ་མི་དབང་མཐུ་ཆེན་སྟོབས་རྣམས་དང་། །རྣམ་འདྲེན་སྟོང་རྩའི་ཐུགས་བསྐྱེད་སྨོན་ལམ་དཔལ། །ཐུགས་རྗེ་འགོག་མེད་ཤུགས་ཀྱིས་དབང་བསྡུས་ནས། །བདག་ཅག་སྒྲུབ་པོར་མྱུར་སྩོལ་ལས་མཛོད་ཅིག །ཅེས་པ་འདི་ཡང་དཔལ་ས་ལ་དབང་སྒྱུར་པ་སྡེ་དགེ་རྒྱལ་པོས་བསྟན་འགྲོ་ལ་ལེགས་སྟེར་སྒྲུབ་སྡེ་བཞེངས་པའི་ས་གཞི་བྱིན་གྱིས་བརླབས་ཚེ་ཕྲིན་གསོལ་ཆེད་གཏད་བཅས་༧རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་མཛད་པའོ།། །།

དགེ་བསྙེན་ཉེར་གཅིག་སྲིད་པའི་ལྷ་དགུ་མགུལ་ལྷ་བསྟན་མ་ཡུལ་གཞིས་སྐྱོང་བ་བཅས་ཀྱི་བསང་མཆོད།

p. 390
p. 391

༄༅། །དགེ་བསྙེན་ཉེར་གཅིག་སྲིད་པའི་ལྷ་དགུ་མགུལ་ལྷ་བསྟན་མ་ཡུལ་གཞིས་སྐྱོང་བ་བཅས་ཀྱི་བསང་མཆོད་བཞུགས་སོ། །གུ་རུ་པདྨ་ཀཱ་ར་ཡེ། དགེ་བསྙེན་གཞི་བདག་རྣམས་ཇི་ལྟར་མཆོད་པའི་ཐབས་ནི། རང་ཉིད་པདྨ་འབྱུང་གནས་ཀྱི་བསྐྱེད་རིམ་དང་ལྡན་པས་མཆོད་རྫས་རྣམས་ལ། རཾ་ཡཾ་ཁཾ། གསུམ། བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་དགུའི་སྤྲིན་ཆེན་པོར་གྱུར། ༀ་ཨ་ཀཱ་རོ། སོགས། དེ་ནས་རྔ་ལ་སོགས་པ་བརྡུངས་ལ། ཀྱེ། ཞང་ཞུང་གེ་ཁོད་ཐང་ལྷ་རྡོ་རྗེ་ལེགས། །བུ་ལེ་གངས་དང་མང་གར་ལྷ་རྒོད་གངས། །དྷར་སྒོ་ལྷ་བཙན་ལྷོ་ན་བཟང་ར་དང་། །ཤབ་ཀྱི་དགེ་བསྙེན་ལྷོ་ཧབ་ཀྱི་ཁྱུང་བདུད། །སྤ་གྲོ་བྲག་སྐྱེས་ཁ་རི་སྨྱོན་ཁ་དང་། །གནོད་སྦྱིན་གང་བཟང་མཁར་ནག་ནམ་ར་བཙན། །སྤོམ་ར་ཤམ་པོ་འོད་དེ་གུང་རྒྱལ་དང་། །རོང་བཙན་ཨ་བསེ་རྒྱལ་བ་གསལ་རྗེ་གངས། །དགེ་བསྙེན་ཉེར་གཅིག་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །དྲི་བཟང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་དང་། །ཕུད་གཏོར་ལ་

p. 392

སོགས་མཐུན་པའི་དམ་རྫས་འདི། །དགེ་བསྙེན་ཉེར་གཅིག་འཁོར་དང་བཅས་ལ་མཆོད། །དགྱེས་པར་བཞེས་ནས་པདྨའི་རང་ལུགས་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བདག་ཅག་རིག་འཛིན་སྒྲུབ་པོ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །འཕེལ་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསམ་པའི་དོན་ཀུན་ཐོགས་མེད་འགྲུབ་པ་དང་། །བདག་ཅག་སྒྲུབ་པོའི་བསྟན་དང་སྡེར་བཅས་ལ། །འཁུ་བའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀུན། །རྡུལ་དུ་རློགས་ལ་མིང་ཡང་མེད་པར་མཛོད། །ལྷ་ཆེན་ཚངས་པ་གཙུག་ན་རིན་ཆེན་དང་། །སྲིད་པ་ཡུལ་སྨན་དྲི་ཟ་ཟུར་ཕུད་ལྔ། །གྲུལ་བུམ་དབང་ཆེན་འདབ་བཟང་སྦྲུལ་མགོ་དགུ། །གནོད་སྦྱིན་གང་བཟང་འདོམ་ར་ལྷ་ཆེན་པོ། །ས་ལོ་མོན་གྱི་ཡི་དྭགས་རྒྱལ་མོ་སོགས། །སྲིད་པའི་ལྷ་དགུ་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །དྲི་བཟང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་

p. 393

དང་། །ཕུད་གཏོར་ལ་སོགས་མཐུན་པའི་དམ་རྫས་འདི། །སྲིད་པའི་ལྷ་དགུ་འཁོར་དང་བཅས་ལ་མཆོད། །དགྱེས་པར་བཞེས་ནས་པདྨའི་རང་ལུགས་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བདག་ཅག་རིག་འཛིན་སྒྲུབ་པོ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །འཕེལ་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསམ་པའི་དོན་ཀུན་ཐོགས་མེད་འགྲུབ་པར་མཛོད། །བདག་ཅག་སྒྲུབ་པོའི་བསྟན་དང་སྡེར་བཅས་ལ། །འཁུ་བའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀུན། །རྡུལ་དུ་བརླགས་ནས་མིང་ཡང་མེད་པར་མཛོད། །འོ་དེ་གུང་རྒྱལ་འཕགས་མ་ཚང་དགུ་དང་། །བྲག་རྗེ་བཙན་པ་ཤར་གྱི་རྨ་སྤོམ་ར། །ལྷོ་ཡི་འཛམ་བུ་ཀྱུ་རུ་ནུབ་ཐང་ལྷ། །བྱང་གི་བུ་ལེ་ཤར་ལྷོའི་མགྱོགས་ཆེན་དང་། །ལྷོ་ནུབ་དྭགས་ལྷ་ནུབ་བྱང་ཙམ་ཆེན་དང་། །བྱང་ཤར་ན་ར་བཙན་པ་ཇོ་བྲག་ལྷ། །དབུས་ཀྱི་ཇོ་བོ་ཁུང་པ་ལ་སོགས་པའི། །མགུལ་ལྷ་བཅུ་གསུམ་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ། །

p. 394

དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །དྲི་བཟང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་དང་། །ཕུད་གཏོར་ལ་སོགས་མཐུན་པའི་དམ་རྫས་འདི། །མགུལ་ལྷ་བཅུ་གསུམ་འཁོར་དང་བཅས་ལ་མཆོད། །དགྱེས་པར་བཞེས་ནས་པདྨའི་རང་ལུགས་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བདག་ཅག་རིག་འཛིན་སྒྲུབ་པོ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །འཕེལ་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསམ་པའི་དོན་ཀུན་ཐོགས་མེད་འགྲུབ་པར་མཛོད། །བདག་ཅག་སྒྲུབ་པོའི་བསྟན་དང་སྡེར་བཅས་ལ། །འཁུ་བའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀུན། །རྡུལ་དུ་བརླགས་ནས་མིང་ཡང་མེད་པར་མཛོད། །རྡོ་རྗེ་ཀུན་གྲགས་རྡོ་རྗེ་གཡའ་མ་སྐྱོང་། །རྡོ་རྗེ་ཀུན་བཟང་རྡོ་རྗེ་བགེགས་ཀྱི་གཙོ། །རྡོ་རྗེ་སྤྱན་གཅིག་རྡོ་རྗེ་དཔལ་གྱི་ཡུམ། །རྡོ་རྗེ་དྲག་རྒྱལ་རྡོ་རྗེ་ཀླུ་མོ་ནི། །རྡོ་རྗེ་བོད་སྐྱོང་རྡོ་རྗེ་སྨན་གཅིག་མ། །རྡོ་རྗེ་གཡའ་བསིལ་རྡོ་རྗེ་ཟུ་ལེ་མ། །བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་

p. 395

པདྨའི་བཀའ་བཞིན་དུ། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །དྲི་བཟང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་དང་། །ཕུད་གཏོར་ལ་སོགས་མཐུན་པའི་དམ་རྫས་འདི། །བསྟན་མ་བཅུ་གཉིས་འཁོར་དང་བཅས་ལ་མཆོད། །དགྱེས་པར་བཞེས་ནས་པདྨའི་རང་ལུགས་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བདག་ཅག་རིག་འཛིན་སྒྲུབ་པོ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །འཕེལ་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསམ་པའི་དོན་ཀུན་ཐོགས་མེད་འགྲུབ་པར་མཛོད། །བདག་ཅག་སྒྲུབ་པོའི་བསྟན་དང་སྡེར་བཅས་ལ། །འཁུ་བའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀུན། །རྡུལ་དུ་བརླགས་ནས་མིང་ཡང་མེད་པར་མཛོད། །དེ་རིང་སྒྲུབ་པའི་གནས་མཆོག་དམ་པ་འདིར། །རི་ཀླུང་ཆུ་བྲག་ལྗོན་ཤིང་ལ་གནས་པའི། །གཞི་བདག་གནས་བདག་ལྷ་ཀླུ་བདུད་བཙན་གཉན། །སྨན་དང་མ་སང་འཁོར་དང་བཅས་པ་རྣམས། །སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ། །དམ་ཚིག་དབང་གིས་

p. 396

གནས་འདིར་གཤེགས་སུ་གསོལ། །དྲི་བཟང་སྣ་ཚོགས་བསྲེགས་པའི་དུད་སྤྲིན་དང་། །ཕུད་གཏོར་ལ་སོགས་མཐུན་པའི་དམ་རྫས་འདི། །སྨན་དང་བསྟན་མ་འཁོར་དང་བཅས་ལ་མཆོད། །དགྱེས་པར་བཞེས་ནས་པདྨའི་རང་ལུགས་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བདག་ཅག་རིག་འཛིན་སྒྲུབ་པོ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་ཕུན་ཚོགས་ཡོན་ཏན་ཀུན། །འཕེལ་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསམ་པའི་དོན་ཀུན་ཐོགས་མེད་འགྲུབ་པར་མཛོད། །བདག་ཅག་སྒྲུབ་པོའི་བསྟན་དང་སྡེར་བཅས་ལ། །འཁུ་བའི་བསམ་སྦྱོར་འཆང་བའི་དགྲ་བགེགས་ཀུན། །རྡུལ་དུ་བརླགས་ནས་མིང་ཡང་མེད་པར་མཛོད། །ཅེས་པའི་བསང་གི་རིམ་པ་ཕྲིན་ལས་བསྟན་དར་བདག་གིས་སྦྱར་བ་མངྒ་ལཾ།། །།

བསྟན་མའི་བསང་མཆོད་བར་ཆད་ཀུན་སེལ་བདུད་རྩིའི་ཆར་འབེབས།

p. 397

༄༅། །བསྟན་མའི་བསང་མཆོད་བར་ཆད་ཀུན་སེལ་བདུད་རྩིའི་ཆར་འབེབས་བཞུགས་སོ། །

p. 398

ན་མོ་གུ་རུ་པདྨ་ཀཱ་ར་ཡེ། བསྟན་མའི་བསང་མཆོད་ཀྱི་རིམ་པ་ནི། བསང་རྫས་རྣམས་བཟང་དུ་བཤམས། སྤྲོ་ན་སྔགས་དྲུག་ཕྱག་དྲུག་དང་བཅས་པས་བྱིན་གྱིས་བརླབས་ལ། ལོང་སྐབས་ཀྱི་བསྡུ་ན། རཾ་ཡཾ་ཁཾ། གིས་བསྲེགས་གཏོར་བཀྲུས་ༀ་ཨཱཿཧཱུྃ། གིས་སྦྱངས་སྤེལ་བསྒྱུར། རོལ་མོ་དབྱངས་དང་བཅས། ཧཱུྃ། རིག་འཛིན་པདྨ་འབྱུང་གནས་ཀྱི། །བཀའ་དང་བསྟན་པ་སྲུང་མཛད་པའི། །བསྟན་མ་ཆེན་མོ་གཤེགས་སུ་གསོལ། །དྲི་བཟང་ངད་ལྡན་སྨན་སྤོས་ཤིང་། །འདོད་དགུའི་ཟས་བཅུད་བཟའ་བཏུང་གོས། །མཁོ་དགུའི་དཔལ་གཏེར་རིན་ཆེན་འབྲུ། །འབར་བའི་ཞུགས་སུ་སྦར་བའི་བསང་། །སྔགས་

p. 399

དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །ཕྱི་ལྟར་དག་བྱེད་ལྷའི་བདུད་རྩི། །ནང་ལྟར་མཆོད་སྤྲིན་ཀུན་བཟང་ལྟར། །གསང་བ་བདེ་ཆེན་ཏིང་འཛིན་དཔལ། །འདི་ཉིད་མཆོད་ཅིང་འབུལ་བའི་གནས། །ཧཱུྃ། ཡུལ་ནི་རྡོ་རྗེ་བྲག་དམར་གྱི། །སྲིང་གཅིག་གངས་དཀར་ཤ་མེད་མ། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་རྨ་ཆེན་སྤོམ་ར་ན། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་བཅིབས། །བསང་ངོ་

p. 400

མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་འདི་མ་ཧཱ་དེ་ཝ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་དབུ་རུ་སྙིང་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་ལྷོ་ཕུག་དེ་སྙིང་ན། །སྲིང་གཅིག་སྐྱི་མཐིང་ཡང་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་པེ་ཤ་དེ་ཝ་ན། །སྲིང་གཅིག་ཨུག་ཆོས་གཡར་མོ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཙ་ཏི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །

p. 401

བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་ན་ལེན་ཤིང་ལན་ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་དྲེལ་རྟ་རྐང་གསུམ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་ཀོང་ཡུལ་ཀོང་ཕུག་ན། །གངས་ཀྱི་ཡུམ་ཆེན་གཡུ་བུན་མ། །ཆིབས་སུ་སྟག་མོ་རི་བཀྲ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་མང་ཡུལ་མར་ངོས་ན། །ཆེ་ཞེ་གཙུག་འཆང་འོད་འབར་མ། །ཆིབས་སུ་འབྲོང་བུ་དར་མ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་དབུ་རུ་སྙིང་ཚལ་གྱི། །བྱང་གི་མ་ཏིང་ཏིང་ལོར་བཙུན། །ཆིབས་སུ་འབྲོང་ཆེན་འགྱིང་བ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ནི་གནུབས་ཡུལ་དགའ་ཚལ་གྱི། །བར་ལྷ་བཙད་པོ་གདུག་པ་འདུལ། །ཆིབས་སུ་དོམ་བུ་ཐོང་ཀར་བཅིབས། །བསང་ངོ་མཆོད་དོ་བར་

p. 402

ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། གངས་རི་ཤེལ་གྱི་ཟུར་ཕུད་ན། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །ཆིབས་སུ་སེང་ཆེན་འགྱིང་བ་བཅིབས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། གནས་མཆོག་ཁམས་ཀྱི་སྲིང་རྫོང་ནས། །ལྷ་སྨན་ཡང་མ་བྱང་ཆུབ་སྒྲོན། །ཆིབས་སུ་འགྲོས་མགྱོགས་གནའ་བ་བཅིབས། །ཡང་མ་བཅུ་གཉིས་འཁོར་གྱིས་བསྐོར། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་འདིའི་ཉིན་སྲིབ་ཕུ་མདའ་ཡི། །རི་ཀླུང་ཆུ་བྲག་ལྗོན་ཤིང་ལ། །རྟེན་བཅས་གཞི་བདག་གནས་བདག་རྣམས། །བསང་ངོ་མཆོད་དོ་བར་ཆད་སོལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ཡུལ་ལྷ་བསྟན་མ་ཁྱེད་རྣམས་ལ། །འདོད་དོན་ཕྲིན་ལས་བཅོལ་བ་ནི། །མཚོ་སྐྱེས་རྡོ་རྗེའི་རང་ལུགས་འདི། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །དྲིན་ཅན་བླ་མ་རྡོ་རྗེ་འཛིན། །སྐུ་ཚེ་མཛད་ཕྲིན་གོང་འཕེལ་ནས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་བསོད་རྒྱས་པའི་ཕྲིན་

p. 403

ལས་མཛོད། །ནད་གདོན་མི་མཐུན་ཀུན་ཞི་ཞིང་། །ཁ་དྲག་བཙན་ཕྱུག་འཛོམས་པ་དང་། །བཀྲ་ཤིས་དགེ་ལེགས་ཡོན་ཏན་རྣམས། །རྟག་ཏུ་རྒྱས་པའི་ཕྲིན་ལས་མཛོད། །ཁམས་གསུམ་ལྷ་འདྲེ་མི་གསུམ་གྱི། །སྒོ་གསུམ་དཔལ་འབྱོར་མཐུ་སྟོབས་དང་། །ཟས་ནོར་ལོངས་སྤྱོད་མ་ལུས་ཀུན། །དབང་དུ་འདུ་བའི་ཕྲིན་ལས་མཛོད། །རིག་པ་འཛིན་པ་བདག་ཅག་གི། །རིགས་དང་བསྟན་ལ་འཁུ་བ་ཡི། །དགྲ་བགེགས་མ་ལུས་ཆམ་ལ་ཕོབ། །ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད། །མདོར་ན་རིག་འཛིན་ཨོ་རྒྱན་རྗེས། །བཀའ་དང་དམ་ལ་བཏགས་པའི་ཚེ། །དམ་བསྒྲགས་གཉེར་གཏད་བཀའ་བསྒོས་པའི། །ཐ་ཚིག་གཉན་པོ་བདག་གིས་བསྐུལ། །དུས་ལ་བབ་པོ་མ་སྲིང་ཚོགས། །བསང་མཆོད་འདི་ཡིས་མཉེས་གྱུར་ཅིག །ཕྲིན་ལས་མ་ལུས་ལྷུན་གྲུབ་ནས། །དངོས་གྲུབ་ཐོགས་མེད་འབྱུང་བར་ཤོག །ཅེས་བསྟན་མ་བཅུ་གཉིས་དང་ཚེ་རིང་མཆེད་ལྔ་ཡང་མ་ཡུལ་གྱི་གཞི་བདག་བཅས་ཀྱི་བསང་མཆོད་རིམ་པ་འདི་ཡང་ཕྲིན་ལས་བསྟན་དར་གྱིས་སྦྱར་བའོ་དགེའོ།། །།

ཡུལ་གར་གནས་ཀྱི་གཞི་བདག་གི་བསང་།

p. 404
p. 405

༄༅། །ཡུལ་གར་གནས་ཀྱི་གཞི་བདག་གི་བསང་ནི། རང་ལྷར་གསལ་བས་བསང་རྫས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཀྱེ། རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་གིས། །སྣང་སྲིད་དྲེགས་ཚོགས་དམ་ལ་བཏགས་པའི་ཚེ། །རིག་འཛིན་མཆོག་དེའི་ཞལ་མཐོང་དམ་མནོས་པའི། །ཡུལ་འདིའི་ཡུལ་ལྷ་གཞི་བདག་གནས་བདག་སོགས། །བསང་གི་མཆོད་པའི་མགྲོན་ལ་སྤྱན་འདྲེན་ནོ། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །དམ་ཚིག་གཉན་ལ་མ་འདའ་ས་མ་ཡ། །དགའ་མགུ་རངས་པའི་ཚུལ་གྱིས་བཞུགས་འཚལ་ལོ། །ཉེས་པའི་སྐྱོན་སེལ་དག་བྱེད་ལྷ་ཆུས་ཁྲུས། །གང་ལ་ཅི་འདོད་འཆར་བ་མཆོད་པའི་རྫས། །ཟག་མེད་བདེ་བའི་དཔལ་སྟེར་ཏིང་འཛིན་བསྐྱེད། །འདི་འདྲའི་ཡོན་ཏན་བསྔགས་ལྡན་ཆོ་ག་འདིས། །བསང་ངོ་མཆོད་དོ་ཡུལ་ལྷ་གཞི་བདག་བསང་། །བརྔན་ནོ་འབུལ་ལོ་དགྱེས་ཤིང་ཚིམ་གྱུར་ཅིག །དེ་རིང་སྒྲུབ་པའི་གནས་མཆོག་དམ་པ་འདིར། །གཡས་རི་གཡོན་རི་མདུན་རི་རྒྱབ་རི་དང་། །ལ་གསུམ་ལུང་གསུམ་ཕུ་མདའ་སྟོད་སྨད་ཀྱི། །རི་ཀླུང་ཆུ་བྲག་ལྗོན་ཤིང་

p. 406

ལ་གནས་པའི། །ལྷ་ཀླུ་དགེ་བསྙེན་བཙན་བདུད་དམུ་དང་གཉན། །སྨན་དང་མ་སང་ལ་སོགས་འཁོར་དང་བཅས། །འདིར་གཤེགས་བསང་གི་མཆོད་པ་དམ་པ་བཞེས། །བར་ཆད་ཀུན་སེལ་བསམ་དོན་ཡིད་བཞིན་སྒྲུབས། །མདོར་ན་མིང་དང་མཚན་དུ་མ་ཐོས་ཀྱང། །ཡུལ་ལ་ང་དབང་ས་ལ་ང་བཙན་ཞེས། །ཨེ་མཆོད་ཨེ་བསྟོད་རེ་བའི་གཞི་བདག་དང་། །ཀི་ལ་རྒྱུག་དང་བསྭོ་ལ་འགྲིམ་པ་དང་། །ཆ་ལ་རྔམ་ཞིང་ལས་ལ་མྱུར་བ་དང་། །མཆོད་ན་མགོན་ཞིང་ཆད་ལ་བཙན་པ་དང་། །བསྒོ་བར་ཉན་ཞིང་བཅོལ་ན་སྒྲུབ་པ་ཡི། །དཀར་ཕྱོགས་སྐྱོང་བའི་གཞི་བདག་གནས་བདག་དང་། །དཀོར་བདག་སྲུང་མ་འཁོར་བཅས་མྱུར་དུ་བྱོན། །བསང་ངོ་མཆོད་དོ་དགྱེས་ཤིང་མཉེས་གྱུར་ཅིག །སྔོན་དུས་ཨོ་རྒྱན་ཆེན་པོའི་དམ་ཚིག་དང་། །བར་དུ་རིག་འཛིན་རྣམས་ཀྱི་ཐ་ཚིག་དང་། །དེ་རིང་བདག་གིས་མཆོད་ཅིང་བཅོལ་བའི་དོན། །ཡུལ་ལྷ་གཞི་བདག་འགོ་བའི་ལྷ་སྲུང་གིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས། །འགྲོ་ན་མ་བཅག་སྡོད་ན་མ་སྡང་ཞིག །

p. 407

ཁ་འཛིན་སྡོང་གྲོགས་དཔའ་ཡ་དཔུང་གྲོགས་མཛོད། །ཞིམ་མངར་རོ་བཅུད་ལྡན་པའི་འཚོ་བ་སྦྱོར། །བསམ་དོན་ཡིད་བཞིན་སྒྲུབ་པའི་མཐུན་རྐྱེན་སྒྲུབས། །ཕར་འགྲོའི་སྐྱེལ་མ་ཚུར་འོང་བསུ་མ་མཛོད། །ནད་སོལ་རྐྱེན་སྒྱུར་བགེགས་ཐུལ་གོད་ཁ་ཟློག །དཔལ་གཡང་བཙན་ཕྱུག་འཕན་དར་དངོས་གྲུབ་སྩོལ། །ཆོས་སྲིད་བསྟན་པ་དར་ཞིང་རྒྱས་པར་མཛོད། །དགྲ་བོའི་ཁ་ཁོག་ངོ་ལོངས་དཔུང་པ་ཆོག །མགོ་ཆོད་སྙིང་ཕྱུང་བུ་རྟ་ཕམ་དུ་ཆུག །བདག་ཅག་རྣམ་པར་རྒྱལ་བའི་རུ་མཚོན་ངོམ། །གནས་མགྲོན་དམ་ཚིག་ལེགས་སྲུང་ཡོན་བདག་གི། །འགལ་འཁྲུལ་ཉེས་ཚོགས་བསང་གིས་དག་གྱུར་ཅིག །འཁོན་སྦྱངས་འགྲས་བསྡུམས་ཞི་བའི་སེམས་ལྡན་ཞིང་། །བཀྲ་ཤིས་ཕུན་ཚོགས་དགེ་ལེགས་གོང་འཕེལ་ཤོག །ཅེས་ཡུལ་གར་གནས་ཀྱི་ཡུལ་ལྷའི་བསང་མཆོད་ཁྱེར་བདེ་འདི་༧རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

གསེར་གྱི་འབྲོང་རི་སྨུག་པོའི་བསང་མཆོད་དགོས་འདོད་ཀུན་འབྱུང་།

p. 408
p. 409

༄༅། །གསེར་གྱི་འབྲོང་རི་སྨུག་པོའི་བསང་མཆོད་དགོས་འདོད་ཀུན་འབྱུང་བཞུགས་སོ། །གུ་རུ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ལྷ་གཉན་འབྲོང་རི་སྨུག་པོའི་བསང་མཆོད་ནི། ཕྱེ་མར་དང་ཟས་སྣ་གསེར་སྐྱེམས་འབྲུ་སྨན་དར་ཟབ། གཡག་ལུག་ར་གསུམ་གྱི་གཟུགས་བརྙན། བཟང་ཤིང་སྣ་ཚོགས་ཀྱི་དུད་པ་བཏང་ཞིང་། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ལ་རང་ལྷའི་ང་རྒྱལ་དང་ལྡན་པས་རོལ་མོ་དབྱངས་དང་བཅས་པས། ཀྱེ། དེ་རིང་བཀྲ་ཤིས་དུས་བཟང་འདིར། །ཡུལ་ལྷ་གཉན་པོའི་དབུ་འཕང་བསྟོད། །དད་པ་དང་ནི་དམ་ཚིག་གིས། །རི་རྒྱལ་འབྲོང་རི་ལ་གནས་པའི། །ཡུལ་ལྷ་ཟོ་དོར་མཐུ་བོ་ཆེ། །འཁོར་དང་ཡང་གཡོག་བཅས་པ་རྣམས། །མཆོད་ཕྱིར་བསྒྲུབ་ཕྱིར་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །འགྱིང་བརྗིད་དཔལ་གྱི་འབྲོང་རི་ལ། །གནས་གཏེར་དགེ་མཚན་མང་པོར་ལྡན། །དཔལ་འབར་མ་ཧཱ་ཀཱ་ལ་བཞུགས། །ལྷ་རྣམས་ཀྱིས་མཆོད་ཚོགས་ཀྱི་བདག །ས་གསུམ་དྲེགས་པ་ཀུན་གྱི་རྗེ། །བཟང་ཤིང་སྣ་ཚོགས་དུད་པས་བསང་། །ཕྱེ་མར་བཅུད་ལྡན་ཟས་

p. 410

ཀྱིས་མཆོད། །འོ་ཞོ་ཇ་ཆང་གསེར་སྐྱེམས་འདྲེན། །རིན་ཆེན་འབྲུ་སྨན་དར་ཟབ་འབུལ། །གཡག་ལུག་ར་གསུམ་ནོར་དུ་སྦྱིན། །གོ་མཚོན་སྣ་ཚོགས་སྤྱན་གཟིགས་འབུལ། །དཔལ་ཆེན་ཚོགས་ཀྱི་བདག་པོ་དང་། །ཡུམ་ཆེན་ཡཀྴ་བཻ་ཏ་ལི། །དཔལ་ཆེན་ཕོ་རྒྱུད་མོ་རྒྱུད་ཚོགས། །དྲེགས་པ་སྡེ་བརྒྱད་ཕོ་ཉར་བཅས། །ལྷ་ཀླུ་བདུད་བཙན་སྨན་དང་གཉན། །དམུ་དང་མ་སང་ལ་སོགས་པའི། །ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །བསང་མཆོད་འདི་ཡིས་ཁྱབ་གྱུར་ཅིག །བསང་མཆོད་འདི་ཡིས་ཚིམས་གྱུར་ཅིག །བསང་མཆོད་འདི་ཡིས་མཉེས་གྱུར་ཅིག །བསང་མཆོད་འདི་ཡིས་བསྐངས་གྱུར་ཅིག །ཉེས་བྱས་འཁོན་བཅུག་མཐོལ་ལོ་བཤགས། །ཡེ་ཤེས་འཇིག་རྟེན་དྲེགས་ཚོགས་རྣམས། །མི་མཇེད་ཞིང་མགོན་ཐུབ་དབང་དང་། །འཇིག་རྟེན་དབང་ཕྱུག་སྲོང་བཙན་རྗེ། །སངས་རྒྱས་གཉིས་པ་པདྨ་འབྱུང་། །རྣམ་སྣང་སྤྲུལ་བ་བཻ་རོ་སོགས། །རྩ་བ་བརྒྱུད་པའི་བླ་མ་ཡི། །བཀའ་དང་དམ་ལས་མ་འདའ་བར། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་

p. 411

སོལ། །མཐུན་རྐྱེན་ཕྲིན་ལས་ཐམས་ཅད་སྒྲུབས། །བསྟན་པ་སྤེལ་ལ་གང་ཟག་སྲུངས། །དགྲ་གདོན་བྱད་མ་ཆམ་ལ་ཕོབས། །ནད་མཚོན་མུ་གེའི་བསྐལ་པ་ཟློག །བདུད་དང་བསེ་རག་ཕྱིར་ལ་ཕུད། །གཡང་དང་དངོས་གྲུབ་ནང་དུ་ཁུག །དགེ་ལེགས་བརྒྱ་ཡི་བ་དན་ཕྱོར། །སྙན་གྲགས་བརྒྱ་ཡི་རོལ་མོ་སྒྲོགས། །བདེ་སྐྱིད་བརྒྱ་ཡི་མཚོ་མོ་སྐྱིལ། །བཀྲ་ཤིས་བརྒྱ་ཡི་མེ་ཏོག་གཏོར། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །ལྷ་དང་མི་གཉིས་གཡས་སུ་རྒྱལ། །དགྲ་དང་འདྲེ་གཉིས་གཡོན་དུ་ཕམ། །རྣལ་འབྱོར་བསམ་དོན་ཀུན་འགྲུབ་ཤོག །ཅེས་བརྗོད་མགྲོན་རྣམས་གཤེགས་གསོལ་བྱའོ། །ཚུལ་འདི་རྒྱ་རོང་དབོན་རིན་པོ་ཆེ་མཆོག་སྤྲུལ་དཔོན་སློབ་ཀྱིས་བསྐུལ་བ་ལ་བརྟེན་ནས་བློ་འདས་རྫོགས་པ་ཆེན་པོའི་མན་ངག་ལ་ཐོས་པ་དང་བསམ་པ་དང་སྒོམ་པས་ལེགས་པར་སྦྱངས་པ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག།། །།

རྨ་རྒྱལ་སྤོམ་རའི་བསང་མཆོད།

p. 412
p. 413

༄༅། །རྨ་རྒྱལ་སྤོམ་རའི་བསང་མཆོད་བཞུགས། ཀྱེ། རིག་འཛིན་པདྨའི་སྤྱན་སྔར་དམ་བཅས་པའི། །ལྷ་གཉན་རྨ་ཆེན་སྤོམ་ར་འཁོར་དང་བཅས། །དད་པའི་ཡིད་ཀྱིས་བསང་གི་མགྲོན་གཉེར་གྱིས། །བརྩེ་བས་མཁྱེན་ནས་རྫུ་འཕྲུལ་སྟོབས་ཀྱིས་སྤྱོན། །དགྱེས་པའི་རྣམ་འགྱུར་ངང་ནས་བཞུགས་སུ་གསོལ། །མཐུ་ཆེན་དགྲ་ལྷའི་དབང་པོ་ཁྱོད་ཕྱག་འཚལ། །དངོས་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྤྲིན། །ཟག་མེད་བདེ་བས་ཚིམ་ནུས་མཆོད་པ་འབུལ། །ཡེ་ཤེས་འབར་བའི་མེ་ལ་བཟང་དགུའི་ཤིང་། །རོ་མཆོག་ནུས་པར་ལྡན་པའི་བཟའ་བཏུང་རིགས། །བསྲེགས་པའི་དུད་སྤྲིན་གནམ་སའི་ཁྱོན་གང་བ། །ཀུན་བཟང་རོལ་པར་བྱིན་བརླབས་མཁོ་དགུ་ཡིས། །ལྷ་མཆོག་རྨ་ཆེན་སྤོམ་ར་བསང་ངོ་མཆོད། །ཡུམ་ཆེན་གོང་སྨན་ལྷ་རི་བསང་ངོ་མཆོད། །སྲས་ལྕམ་མིང་སྲིང་བཅོ་བརྒྱད་བསང་ངོ་མཆོད། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་ངོ་མཆོད། །སྨན་མོ་སུམ་བརྒྱ་དྲུག་ཅུ་བསང་ངོ་མཆོད། །སྲིང་ལྕམ་བཞི་བཅུ་ཞེ་གཉིས་བསང་ངོ་མཆོད། །བསྟན་པ་ཕྱོགས་བཅུར་

p. 414

རྒྱས་པའི་ཕྲིན་ལས་མཛོད། །རབ་དཀར་ཟླ་བའི་ཞལ་མངའ་དཔའ་བོའི་སྐུ། །གསེར་གྱི་ཁྲབ་རྨོག་གསོལ་ཞིང་འཁོར་གསུམ་སྤྲས། །རྟ་མཆོག་གྲོ་ཞུར་རྒྱན་མཛེས་རླུང་ཤུགས་ཞོན། །མདུང་རིང་ཞགས་པ་འཛིན་ལ་ཀུན་ནས་བསྟོད། །དེ་ལྟར་མཆོད་བསྟོད་ཕུལ་བའི་བྱིན་རླབས་ཀྱིས། །སྔ་འགྱུར་བསྟན་པའི་བཞེད་སྲོལ་རྒྱས་པ་དང་། །དེ་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །ཆོས་སྲིད་ཡར་ངོའི་ཟླ་བཞིན་འཕེལ་བར་མཛོད། །བདག་ཅག་ཚེ་རིང་ནད་མེད་བཀྲ་ཤིས་ཤིང་། །མཁོ་དགུའི་ལོངས་སྤྱོད་ཕྱྭ་གཡང་འཕེལ་བ་དང་། །དགྲ་བགེགས་ཉེར་འཚེའི་གཡུལ་ལས་རྣམ་རྒྱལ་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །རྨ་ཆེན་སྤོམ་རའི་བསང་མཆོད་ཉུང་ངུར་བསྡུས་པ་འདི་ཡང་བླ་མའི་བྱིན་རླབས་ཐོབ་པ་ག་ཎི་དྷི་ས་ག་རས་སྦྱར་བའོ། ། ༈ རྨ་རྒྱལ་ནི། ཀྱེ་སྨུག་པོ་ལྡོང་གི་དགྲ་ལྷ་བོད་ཆེན་སྐྱོང་། །པདྨའི་དམ་འཛིན་རྨ་གཉན་སྤོམ་ར་ཆེ། །ཡུམ་སྲས་བློན་འབངས་བཅས་པ་བསང་ངོ་མཆོད། །རྨ་གཡང་འདོད་རྒུ་ཁུ་ཡེ་བདག་ལ་སྩོལ། །ལས་རབ་རྩལ་གྱིས་སོ།། །།

ལྷ་གཉན་གེར་མཛོའི་བསང་མཆོད་རྒྱས་བསྡུས་གཉིས།

p. 415

༄༅། །ལྷ་གཉན་གེར་མཛོ་བསང་བར་འདོད་པས་བཟང་ཤིང་ཕྱེ་མར་སྐྱེམས་ཕུད་བཅས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། རང་ཉིད་ལྷའི་ང་རྒྱལ་ལ་གནས་པས། ཀྱེ། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱི། །ཞལ་མཐོང་དབང་བསྐུར་སྲུང་མ་དམ་ཚིག་ཅན། །བོད་ཆེན་ཟླ་རྒྱུད་སྐྱོང་བའི་མཐུ་བོ་ཆེ། །དཀར་ཕྱོགས་སྐྱོང་བ་གཉན་ཆེན་གེར་མཛོ་ཁྱོད། །འཁོར་བཅས་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །ཕྱི་ལྟར་མི་གཙང་སྐྱོན་སྦྱང་ལྷ་ཆུའི་ཁྲུས། །ནང་ལྟར་དགོས་འདོད་མཁོ་དགུ་ཚང་བའི་རྫས། །གསང་བ་ཟག་མེད་བདེ་བས་ཚིམ་བྱེད་པའི། །གསང་མཆོད་དམ་པ་དངོས་འབྱོར་ཡིད་སྤྲུལ་འདིས། །ལྷ་ཆེན་གེར་མཛོ་གཉན་པོ་བསང་ངོ་མཆོད། །ཕོག་ཐུག་ཉེས་འགལ་མ་ལུས་མཐོལ་ལོ་བཤགས། །དགྱེས་པའི་ཞལ་ངོམ་འདོད་དགུའི་དངོས་གྲུབ་སྩོལ། །ཀྱེ། སྔོན་ཚེ་དྲེགས་པའི་སྲོག་འཕྲོག་ཨོ་རྒྱན་རྗེ། །དཔལ་ཆེན་ཁྲག་འཐུང་རྔམ་པའི་སྐུར་བཞེངས་ནས། །གཉན་ཆེན་མཆེད་འཁོར་བཅས་པ་དབང་བསྡུས་ནས། །འདའ་དཀའ་རྡོ་རྗེའི་

p. 416

གཡར་དམ་ཕོག་པ་དང་། །བར་དུ་རིག་འཛིན་བརྒྱུད་པར་བཅས་པ་དང་། །དེ་རིང་སྔགས་འཆང་བདག་གི་བཀའ་བཞིན་དུ། །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པ་ཡི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་མཛོད། །རྒྱལ་ཁམས་ཀུན་དང་ཁྱད་པར་ཡུལ་ཕྱོགས་འདིར། །ནད་མཚོན་མུ་གེའི་བསྐལ་ངན་ཞི་བ་དང་། །ཚེ་དཔལ་དགེ་བཅུའི་ལེགས་ཚོགས་འཕེལ་བར་མཛོད། །མཐའ་འདྲེའི་ཆོ་འཕྲུལ་དམ་མེད་འབྱུང་པོ་དང་། །བསྟན་དགྲའི་ཚོགས་ཀུན་དྲག་པོའི་སྟོབས་ཀྱིས་ཆོམས། །བདག་ཅག་དཔོན་སློབ་མི་མཐུན་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་ཕྲིན་ལས་མཛད་དུ་གསོལ། །ཅེས་མཆོག་སྤྲུལ་ནམ་མཁས་བསྐུལ་ངོར་དཔའ་བོ་ལས་རབ་རྩལ་གྱིས་གང་བྱུང་བཀོད་པ་དགེ་བར་གྱུར་ཅིག།། །། ༈ གེར་མཛོ་ནི། ཀྱེ། པད་འབྱུང་ཞལ་མཐོང་རྡོ་རྗེའི་གཡར་དམ་ཅན། །གཉན་ཆེན་གེར་མཛོ་བདེ་ཆེན་སྐྱོང་བའི་གཙོ། །བསང་ངོ་མཆོད་དོ་སྔ་འགྱུར་ཐེག་པ་ཡི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་མཛོད། །དགེའོ།། །།ལས་རབ་རྩལ་གྱིས་སོ། །

ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས།

p. 417

༄༅། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཀྱེ། རྡོ་རྗེ་གཡུང་དྲུང་རྩལ། །ཟླ་ལྟར་དཀར་བའི་ཞལ། །མཛེས་འཛུམ་བརྗིད་ཉམས་ལྡན། །དུང་ཁྲབ་དུང་རྨོག་གསོལ། །གངས་རི་ལྟ་བུར་གསལ། །རྣམ་མང་རྒྱན་གྱིས་བརྒྱན། །འཇའ་ཚོན་ཤར་བ་འདྲ། །ངང་པ་གཡུ་རྔོག་ཆིབས། །རྟ་བཟང་རླུང་ལས་མགྱོགས། །བ་དན་དཀར་པོ་དང་། །སྦ་ལྕག་ཚིགས་གསུམ་བསྣམས། །ལྷ་དམག་ཆས་པ་འདྲ། །ཡུལ་ལྷ་ཟོ་དོར་དང་། །ལྷ་སྨན་གཉན་ལ་སོགས། །འཁོར་ཚོགས་དུ་མར་བཅས། །བདག་ལ་བརྩེར་དགོངས་ནས། །བསང་གི་མགྲོན་ལ་བྱོན། །དགྱེས་པའི་ཞལ་འཛུམ་སྟོན། །བརྩེ་བས་གསུང་བཟང་སྨྲོས། །བཤམས་པའི་མཆོད་པ་བཞེས། །མཐུན་པའི་དངོས་གྲུབ་སྩོལ། །ཡུལ་ལྷའི་དབུ་འཕང་བསྟོད། །ངོ་སོ་དགུང་ལས་མཐོ། །ཡར་ཡར་གཟི་བརྗིད་བསྐྱེད། །བསྭོ་བསྭོ་ལྷ་རྒྱལ་ལོ། །བདུད་རྩི་ཤིང་ལྔ་ཡི། །དུད་པ་སྤྲིན་ལྟར་གཏིབས། །འབྲུ་སྨན་དཀར་གསུམ་གྱི། །ཕྱེ་མར་རི་ལྟར་བརྗིད། །ཇ་ཆང་གསེར་སྐྱེམས་ཀྱི། །

p. 418

བཏུང་བ་མཚོ་ལྟར་བསྐྱིལ། །རྔམས་བརྗིད་རོལ་མོ་ཡི། །སྙན་དབྱངས་འབྲུག་ལྟར་ལྡིར། །མདའ་དར་རུ་མཚོན་སོགས། །སྤྱན་གཟིགས་སྐར་ལྟར་བཀྲམ། །ཡུལ་ལྷ་མཚན་གསོལ་བ། །རི་རྒྱལ་ཟིལ་ཁྲོམ་བསང་། །ཡུལ་ལྷ་གཉན་པོ་བསང་། །ལྷ་ལ་མཚན་གསོལ་བ། །རྡོ་རྗེ་གཡུང་དྲུང་རྩལ། །འཁོར་དང་སྤྲུལ་པ་བཅས། །པདྨས་དམ་མནོས་པའི། །ཆོས་བོན་སྲུང་མ་དང་། །ཕོ་ཉ་ལས་མཁན་བཅས། །ཨོ་རྒྱན་བཀའ་བཞིན་དུ། །དགེ་བསྙེན་དམ་ཚིག་སྲུངས། །བསྔོས་པ་ཇི་བཞིན་དུ། །མཆོད་པའི་དམ་རྫས་བཞེས། །བདག་ཅག་འཁོར་བཅས་ཀྱི། །ཚེ་དང་དཔལ་འབྱོར་དང་། །འཁོར་དང་གྲགས་པ་སྤེལ། །ནད་རིམས་བར་ཆད་དང་། །མི་མཐུན་འགལ་རྐྱེན་སོལ། །གཞིས་ལམ་བྱེས་གསུམ་དུ། །མཐུན་རྐྱེན་སྡོང་གྲོགས་མཛོད། །སྡང་བའི་དགྲ་བོ་ལ། །བཀའ་ཡི་ཆད་པ་ཆོད། །ཕ་རོལ་བན་བོན་གྱི། །བྱད་དང་རྦོད་གཏོང་ཟློགས། །རྟག་ཏུ་སྡོང་གྲོགས་མཛོད། །ཡུན་དུ་བསྟན་པ་སྤེལ། །བཟང་པོ་བརྒྱ་དང་སྤྲོད། །ངན་པ་སྟོང་དང་བསྣོལ། །རང་གི་རྒྱལ་ཁ་བསྟོད། །དགྲ་ཡི་

p. 419

བུ་རྟ་ཆིངས། །བཅོལ་བའི་ལས་རྣམས་ཀུན། །ཐོགས་མེད་འགྲུབ་པར་མཛོད། །ཕྱྭ་གཡང་དཔལ་འབར་གྱི། །བཀྲ་ཤིས་གཡང་དུ་འཁྱིལ། །བདེ་སྐྱིད་དགའ་སྟོན་གྱི། །དངོས་གྲུབ་༔ བསྩལ་དུ་གསོལ། །བཛྲ་མུ། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསང་མཆོད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་ཚུལ་ལ་མི་ཕྱེད་པའི་སྐལ་བཟང་རྙེད་པ་ཕྲིན་ལས་བསྟན་དར་བདག་གིས་སྦྱར་བ་དགེའོ།། །།

ཟིལ་ཁྲོམ་བསང་བསྡུས།

p. 420

༈ ཟིལ་ཁྲོམ་ནི། ཀྱེ། ངོ་མཚར་གནས་མཆོག་སྦས་ཡུལ་རོང་མོ་ལྗོངས། །སྐྱོང་མཛད་དཀར་ཕྱོགས་རྡོ་རྗེ་གཡུང་དྲུང་རྩལ། །ཕུན་ཚོགས་འདོད་དགུའི་མཆོད་པས་བསང་ཞིང་བརྔན། །བསམ་དོན་ཀུན་འགྲུབ་བཀྲ་ཤིས་རྒྱས་པར་མཛོད། །ཅེས་འབར་བ་སྤུན་བདུན་དང་གྲི་བཙན་གེར་མཛོ་ཟིལ་ཁྲོམ་བཅས་ཀྱི་བསང་འདི་དབོན་སྤྲུལ་རིན་པོ་ཆེས་གསུང་བསྐུལ་ལྟར་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག།། །།

ཁྲོ་རི་ཟིལ་ཁྲོམ་གྱི་བསང་མཆོད་བསྡུས་པ།

p. 421

༄༅། །ཁྲོ་རི་ཟིལ་ཁྲོམ་གྱི་བསང་མཆོད་བསྡུས་པ་བཞུགས། གཏོར་མ་ལ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཀྱེ། ཡང་དག་རྫོགས་པའི་སངས་རྒྱས་ཞལ་མཐོང་ཞིང་། །ཨོ་རྒྱན་ཆེན་པོའི་དམ་ཚིག་ལ་གནས་པའི། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་འཁོར་དང་བཅས། །ཕྲིན་ལས་ཡིད་བཞིན་བསྒྲུབ་ཕྱིར་འདིར་གཤེགས་ཤིག །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །ཇ་ཆང་གསེར་སྐྱེམས་འོ་བསྐོལ་གཙང་མའི་ཕུད། །རིན་ཆེན་འབྲུ་སྨན་དཀར་གཏོར་བརྗིད་ལྡན་དང་། །དངོས་འབྱོར་ཡིད་སྤྲུལ་བསང་མཆོད་སྣ་ཚོགས་འབུལ། །ཀྱེ། རྟ་མཆོག་ངང་པ་སྤྲིན་དཀར་ཆད་འདྲའི་སྟེང་། །ལྷ་གཉན་དཀར་པོ་ཟླ་བ་རྒྱས་འདྲས་ཞོན། །དར་དང་རིན་ཆེན་རྒྱན་སྤྲས་འཛུམ་མཛེས་ལྡན། །དཀར་ཕྱོགས་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་གཉན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ། །བཙུན་མོ་སྲས་དང་འཁོར་ཚོགས་མ་ལུས་བཅས། །བདག་གིས་མཆོད་བསྟོད་ཕུལ་བས་དགྱེས་མཛོད་ལ། །བར་ཆད་ཀུན་སེལ་མཐུན་རྐྱེན་ཀུན་འགྲུབ་ཤོག །ཅེས་པ་འདི་ལྷ་རུ་དཔོན་པོ་དབང་རྒྱལ་གྱིས་བསྐུལ་ངོར་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ།། །།

བན་རི་སྙིང་བོའི་གནས་སྲུང་ལྕམ་དྲལ་གྱི་བསང་མཆོད།

p. 422
p. 423

༄༅། །བན་རི་སྙིང་བོའི་གནས་སྲུང་ལྕམ་དྲལ་གྱི་བསང་མཆོད་ནི། རཾ་ཡཾ་ཁཾ། གིས་འབག་རྩོག་བསྲེགས་གཏོར་བཀྲུས། ༀ་ཨཱཿཧཱུྃ། གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར་བར་བསམ་ལ། ཀྱེ། དེ་རིང་ཡར་ངོའི་བཀྲ་ཤིས་གནས་མཆོག་འདིར། །དྲེལ་འཛོང་ཅང་ཤེས་སྨུག་པོ་ཆིབས་སུ་བཅིབས། །གཡས་པས་མདུང་དར་གཡོན་པས་གཏེར་བུམ་བསྣམས། །སྐུ་མདོག་སྨུག་ལ་རབ་ཏུ་བཞད་པའི་ཞལ། །དེ་ཡི་སྨོན་ལམ་མཐིང་གསལ་གཏེར་བུམ་འཛིན། །རོལ་བའི་འདུག་སྟངས་དར་དང་རིན་ཆེན་བརྒྱན། །ཡུལ་གྱིས་མིང་བཏགས་ཁམས་སུག་ཅེས་ཀྱང་བྱ། །བཙན་གྱི་སྔགས་བཙུན་ཅང་ཏེའུ་ལྕགས་ཀྱུ་འཛིན། །དར་གྱི་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །གཞན་ཡང་ཡུལ་ལྷའི་འཁོར་ཚོགས་དཔག་མེད་རྣམས། །མཆོད་དོ་གསེར་སྐྱེམས་མགྲོན་ལ་གཤེགས་སུ་གསོལ། །ཕྱི་ལྟར་ཉེས་ཀུན་སེལ་བའི་བདུད་རྩིའི་ཁྲུས། །ནང་ལྟར་ཡིད་ལ་གང་འདོད་མཆོད་པའི་སྤྲིན། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་ལ་མཆོད། །བདག་ཅག་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །བསམ་དོན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །

p. 424

བསང་མཆོད་འདི་ལས་རབ་རྩལ་གྱིས་སྦྱར་བ་དགེའོ།། །།

ནོར་བུ་རིའི་བསང་མཆོད།

p. 425

༄༅། །ནོར་བུ་རིའི་བསང་མཆོད་བཞུགས། ཀྱཻ། ས་འཛིན་ནོར་བུ་རི་ཡི་དབུས། །ནོར་འཛིན་ཀླུ་ཡི་གྲོང་ཁྱེར་གཙོ། །མཛོད་འཛིན་གཏེར་གྱི་ལྡེ་མིག་བདག །ནོར་འཛིན་རྫ་རྒྱལ་འཕན་ཕྱུག་གི། །སྒོ་སྲུང་ཚེ་འཛིན་དགེ་བསྙེན་ཆེ། །མཆོང་མདོག་དར་གོས་རིན་ཆེན་བརྒྱན། །ཕྱག་གཡས་བ་དན་དཀར་པོོ་ནི། །མཐོང་བྱེད་ནམ་མཁའི་དབྱིངས་སུ་ཕྱར། །གཡོན་པས་གཏེར་གྱི་བུམ་པ་བསྣམས། །གྱི་ལིང་གཡུ་རྔོག་གསེར་སྒའི་སྟེང་། །རོལ་སྟབས་འགྱིང་ཞིང་སྒོ་ཁང་དུ། །སྨན་སྒྲོ་གཏེར་སྒོ་འབྱེད་བྱེད་ཀྱི། །གསེར་དངུལ་གཡུ་བྱུར་བཻཌཱུའི། །ལྡེ་མིག་བརྒྱ་ཕྲག་དུ་མ་བཀལ། །འཁོར་གསུམ་དཔའ་བོ་སྟག་ཆས་བསྐོར། །གསེར་གྱི་རྣ་ཆ་གདུ་བུ་དང་། །དུང་མདོག་ལྭ་ཐོད་དབུ་ལ་མཛེས། །རོལ་དུ་ཤྭ་བ་སྨུག་ཆུང་ཁྲིད། །མདུན་དུ་ཀླུ་མོ་ཡིད་འོང་སྨན། །རཏྣའི་རྒྱན་སྤྲས་ཆང་བུམ་གཡོན། །རྩྭ་མཆོག་ཀུ་ཤའི་ཆུན་པོ་གཡས། །ཟློས་གར་སྒྱུར་བྱེད་རྨ་བྱ་བཅིབས། །ཤྭ་བ་ཡུ་མོ་རོལ་དུ་ཁྲིད། །ནང་བློན་ཛཾ་ལྷ་རིགས་ལྔ་དང་། །ཕྱི་འཁོར་ལྷ་ཀླུ་དགེ་བསྙེན་ཆེ། །སྤྲིན་ཚོགས་ལྟ་བུར་

p. 426

གཏིབས་པ་རྣམས། །སྐུ་མདོག་ཆ་ལུགས་མ་ངེས་ཀྱང་། །རེས་འགའ་མདའ་དར་མདུང་དར་དང་། །རེས་འགའ་ལྡེ་མིག་ནོར་བུ་གཡས། །གཡོན་རྣམས་སྨན་གཞོང་འོ་ཆང་གིས། །བཀང་བའི་གསེར་ངུར་སྐྱོགས་བཟང་ཐོགས། །ཁྱེད་རྣམས་དགྱེས་པ་སྐྱེད་བྱེད་དུ། །བདག་ཉིད་ལྟ་བུའི་རྒྱལ་པོ་ནི། །ཀུན་བཟང་པདྨ་ཀཱ་ར་ཡིས། །བྱིན་གྱིས་བརླབས་པའི་མཆོད་པའི་སྤྲིན། །ལྷ་ཤིང་འབྲུ་སྨན་དར་ཟབ་གོས། །མེ་ཡི་ཆོ་གས་སྦྱངས་པ་ཡི། །དུད་སྤྲིན་ནམ་མཁའི་ཁམས་གང་བས། །དུད་པའི་ཆ་ཤས་ལས་འཕྲོས་པའི། །ཁང་བཟང་མལ་ཆ་སྐྱེད་མོས་ཚལ། །ཡིད་འོང་དགའ་མ་རི་དྭགས་ཁྱུ། །གོ་མཚོན་རྔོག་ཆགས་གནག་ལུག་སྡེ། །བྱ་གཅན་ཆུ་གནས་ལ་སོགས་པའི། །ས་གཞི་ཁེབས་པའི་སྤྱན་གཟིགས་དང་། །འབྲུ་སྨན་དཀར་གསུམ་མངར་གསུམ་དང་། །ཤིང་ཐོག་བཟའ་བ་རི་ལྟར་སྤུངས། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །ནོར་བུའི་རྒྱན་ཕྲེང་དར་ཟབ་གོས། །མི་ཟད་ཡུན་གནས་མཆོད་པའི་ཚོགས། །ནམ་མཁའ་མཛོད་དུ་མཉམ་པར་འབུལ། །དགྲ་གྱོད་དབུལ་བཀྲེས་མི་

p. 427

མཐུན་ཕྱོགས། །གོད་ཡམས་བསེ་རག་སྲི་རྐུན་དང་། །མཐའ་འདྲེ་འབྱུང་པོ་རྒྱུ་ལམ་སོགས། །མི་མཐུན་ཆེ་ཕྲ་ཁྱོད་མཐུས་ཆོམས། །ཚེ་ནོར་འདོད་དགུའི་དཔལ་གཡང་དང་། །རྐང་བཞི་ཕྱུགས་རིགས་ཟས་ཞིང་བཅུད། །སྲིད་གསུམ་ཕྱྭ་གཡང་མ་ལུས་པ། །བདག་ཅག་མཆོད་བསྟོད་རྩོམ་བྱེད་དང་། །ས་ཡུལ་ལྗོངས་འདིར་རྒྱུ་བ་ཡི། །ལྟོས་བཅས་ཚོགས་ལ་འབད་མེད་དུ། །ལྷུན་གྲུབ་ཆར་བཞིན་འབེབས་པར་མཛོད། །དྲང་སྲོང་ཐུབ་པ་ཆེན་པོ་ཡི། །རྗེས་འཇུག་ངུར་སྨྲིག་འཆང་བའི་སྡེ། །བཤད་སྒྲུབ་འཁོར་ལོ་བཞི་ལྡན་ཞིང་། །ཆོས་སྲིད་བསྟན་པ་རྒྱས་པར་མཛོད། །ཚེ་དབང་རིག་འཛིན་བླ་མ་ཡིས། །བཀའ་བསྒོས་གཉེར་གཏད་ཕྲིན་ལས་སྒོ། །ཟབ་གསང་ཆོས་ཀྱི་ལྡེ་མིག་དང་། །ནོར་ཕྱུགས་གཡང་གི་མཛོད་སྒོ་སོགས། །ཇི་ལྟར་འཁྲུལ་མེད་ཁྱེད་ཀྱིས་ཕྱེས། །ཟླ་ཀླུང་དཀར་པོ་བདེ་ལྡན་ལྗོངས། །འཁོད་པའི་བླ་དཔོན་ཆེ་དགུ་དང་། །འབངས་རིགས་སྡེར་གཏོགས་རིགས་གྱུར་ལ། །ཚེ་ཆོས་ནོར་སྲིད་འབྱོར་པ་ཀུན། །མི་ཉམས་གོང་འཕེལ་སྡོང་གྲོགས་མཛོད། །

p. 428

ཀྭི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་རྫ་རྒྱལ་མཛོད་བརྒྱའི་སྒོ་སྲུང་ནོར་བུ་རི་ཡི་དགེ་བསྙེན་ལ་ལྡེ་མིག་རིན་ཆེན་སྣ་ལྔའི་གཏེར་སྒོ་འབྱེད་པའི་རྟེན་འབྱུང་ལེགས་པར་གྲུབ་པའི་སྒོ་དང་པོར་མེ་སྟག་ཟླ་བ་དང་པོའི་ཚེས་ལྔ་ལ་པདྨའི་གསུང་རིག་རྩལ་ཐོགས་མེད་གླིང་པས་སོ། །དགེའོ།། །།

ཡུལ་ལྷ་ཁྱུང་རིའི་བསང་མཆོད་དགོས་འདོད་ཆར་འབེབས།

p. 429

༄༅། །ཡུལ་ལྷ་ཁྱུང་རིའི་བསང་མཆོད་དགོས་འདོད་ཆར་འབེབས་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ༔ ཀྱཻ། འབོད་དོ་གཤེགས་ཤིག་ཡུལ་ལྷའི་རྒྱལ། །ཁྱུང་རི་ཞེས་བྱ་གྲགས་པའི་བདག །མི་སྔོན་རྟ་སྔོན་ནོར་བུ་དང་། །ནེ་འུ་ལེ་བསྣམས་སྦྲུལ་ཞགས་འཁྱུག །དཔའ་ཆས་འཁོར་གསུམ་ཁྲ་ལ་ལ། །དགྱེས་སྡེ་ཀླུ་ཡི་བུ་མོ་བཞི། །ཀུན་ཀྱང་ཐལ་སྦྱར་ནོར་བུ་འཛིན། །ཀྱེ་ཧོ་འདིར་གཤེགས་མཆོད་སྤྲིན་བཞེས། །རེ་འགའ་ལྷ་གཡག་ཞོལ་ཆེན་བཅིབས། །དར་གྱི་ན་བཟའ་ལྷུབས་སེ་གསོལ། །སྐབས་རེར་བདུད་བཙན་ཚུལ་བཟུང་སྟེ། །སྐྱེ་དགུ་ཀུན་ལ་ཡེ་འདྲོག་གཏོང་། །མ་འཁུ་དམ་ལས་མ་ལྡོག་པར། །འདིར་བྱོན་བསང་གི་མཆོད་སྤྲིན་བཞེས། །ཁྱེད་ཀྱི་འཁོར་དུ་གནས་པ་ཡི། །ཕོ་ཉ་གནོད་སྦྱིན་གཏེར་སྦྱིན་བརྒྱ། །ནོར་སྤེལ་ཀླུ་ཡིི་ཁྱེ་འུ་བརྒྱ། །གཏུམ་དྲག་བདུད་ཀྱི་སོ་བ་བརྒྱ། །ཚེ་ལེན་བཙན་གྱི་ཇག་པ་བརྒྱ། །གསོ་བྱེད་སྨན་གྱི་སྡེ་ཚོགས་བརྒྱ། །ཀུན་ཀྱང་མ་ངེས་སྣ་ཚོགས་གཟུགས། །འདིར་གཤེགས་འདིར་བྱོན་བསང་མཆོད་བཞེས། །ཀྱཻ། དགེ་བསྙེན་འཁོར་དང་བཅས་པ་

p. 430

ལ། །བདུད་རྩི་ཅན་གྱི་ཤིང་གསུམ་དང་། །ཕྱེ་མར་ཇ་ཆང་འོ་ཕུད་ཕྲུམ། །རིན་ཆེན་དར་ཟབ་དཀོར་ནོར་རིགས། །འདོད་རྒུ་མེ་ལ་བསྲེགས་ཏེ་འབུལ། །གཞན་ཡང་དུད་སྤྲིན་པ་ཏྲ་ལས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན། །སྤྱན་གཟིགས་ཡུལ་མཁར་ཅིར་ཡང་སྣང་། །སྲིད་ན་འོས་པའི་མཆོད་རྫས་ནི། །ནམ་མཁའ་ཇི་སྲིད་འཛད་མེད་གཏེར། །ཏིང་འཛིན་རྡོ་རྗེས་གར་གྱིས་འཕྲུལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །འགལ་བ་བཤགས་ཤིང་འགྲས་པ་བསྡུམ། །རྒྱལ་བསྟན་འཛིན་སྐྱོང་གྲོགས་དག་གྱིས། །ནད་མུག་མཚོན་གྱི་བསྐལ་པ་བཟློག །འབྲུ་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །རྟ་ཕྱུགས་རྐང་འགྲོས་འཕེལ་བར་མཛོད། །བདེ་སྐྱིད་རྫོགས་ལྡན་དགའ་སྟོན་སྤེལ། །ཞི་ཞིང་བྱམས་པའི་སེམས་ལྡན་པས། །འགོ་ཞིང་སྡོང་གྲོགས་མ་གཡེལ་ཅིག །དཔའ་བོ་ལས་རབ་རྩལ་གྱིས་བྲིས་པ་དགེ་བར་གྱུར་ཅིག།། །།

ཨ་མྱེ་གཅོད་དིལ་གྱི་བསང་མཆོད།

p. 431

༄༅། །ཨ་མྱེ་གཅོད་དིལ་གྱི་བསང་མཆོད་བཞུགས་སོ། །ན་མོ་པདྨ་ཀཱ་ར་ཡ། རྡོ་རྗེ་གཅོད་དིལ་ཞེས་པ་པདྨའི་བཀའ་སྡོད་དམ་ཅན་དཔལ་གྱི་རྡོ་རྗེའི་བསང་མཆོད་ལ་སྤྲོ་བས་བདག་ཡི་དམ་ལྷའི་ཏིང་འཛིན་དང་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཤིང་། ཀྱེ། པདྨའི་སྒྲུབ་གནས་ལྷ་རི་གཉན་པོ་ཡི། །ཞིང་སྐྱོང་ཡུལ་པས་མཚན་གསོལ་གཅོད་དིལ་ཞེས། །པདྨའི་བཀའ་སྡོད་དཔལ་གྱི་རྡོ་རྗེ་རྩལ། །སྦྱིན་དང་སྙིང་རྗེའི་ཤུགས་ལ་དབང་འབྱོར་ཞིང་། །དཀར་ཕྱོགས་སྐྱོང་བ་ཕྱི་ལྟར་དགེ་བསྙེན་ཚུལ། །ནང་ལྟར་པདྨ་དབང་གི་དམ་ཚིག་ཅན། །གསང་བ་ས་ཐོབ་གནོད་སྦྱིན་ལྔས་རྩེན་གྲགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཀྱེ། དེ་རིང་ལྷ་ལ་མཆོད་པ་བྱེད། །ལྷ་ཁྱེད་དབུ་འཕང་ཡར་ཡར་བསྟོད། །བསང་གི་མཆོད་པ་བཞེས་སུ་གསོལ། །དེ་རིང་འདྲེ་ལ་བཀར་བར་བྱེད། །འདྲེ་དང་བདུད་རྣམས་མར་ལ་སྨོད། །ཀྱེ། དེ་རིང་ངོ་མཚར་དགའ་བའི་གནས་མཆོག་འདིར། །དྲི་བཟང་སྣ་དགུའི་དུད་པ་སྤྲིན་ལྟར་འཐིབས། །དངོས་འབྱོར་ཡིད་སྤྲུལ་འདོད་དགུ་རི་ལྟར་སྤུངས། །བསང་ངོ་མཆོད་དོ་ཨ་མྱེ་གཅོད་དིལ་མཆོད། །

p. 432

བསང་ངོ་མཆོད་དོ་དཔལ་གྱི་རྡོ་རྗེ་མཆོད། །གཙོ་མཆོག་དཔལ་དགུའི་བཀའ་ཡི་སྲུང་མ་མཆོད། །སྦས་ཡུལ་གཉན་པོའི་སྒོ་སྲུང་བྱ་ར་མཛད། །ཟབ་གཏེར་ཆོས་ཀྱི་སྲུང་མ་གཉན་པོ་མཆོད། །བདག་ཅག་ཡོན་མཆོད་བསམ་དོན་ཀུན་འགྲུབ་མཛོད། །ཀྱེ། ཕྱི་ལྟར་ལྷ་ཡིན་སྐུ་མདོག་དཀར། །དུང་ལྟར་དཀར་ལ་ཟླ་ལྟར་མཛེས། །དབུ་ལ་ལྭ་ཐོད་ཟངས་སེ་ཟང་། །ཕྱག་ན་མདའ་དར་ཚེ་བུམ་བསྣམས། །སྐུ་ལ་དར་དཀར་བེར་ཆེན་གསོལ། །ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས། །ཞལ་ནས་ཐེག་པ་རིམ་དགུ་གསུངས། །བསང་ངོ་མཆོད་དོ་ལྷ་རྒྱལ་ལོ། །ནང་ལྟར་སྔགས་བཙུན་བརྗིད་པའི་སྐུ། །རལ་པ་ཐུར་འཕྱངས་བེར་ཆེན་གསོལ། །སྔགས་ཀྱི་སྒྲ་སྒྲོགས་རཀྴ་འདྲེན། །བསང་ངོ་མཆོད་དོ་ལྷ་རྒྱལ་ལོ། །བསང་བ་ས་ཆེན་ཐོབ་པ་ཡི། །གནོད་སྦྱིན་ལྔས་རྩེན་རྫུ་འཕྲུལ་ཅན། །བཙུན་མོ་སྲས་དང་དཔུང་འཁོར་བཅས། །བསང་ངོ་མཆོད་དོ་ལྷ་རྒྱལ་ལོ། །ཀྱེ། ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་དང་། །སྔགས་ཀྱི་གྲུབ་བརྙེས་རིག་འཛིན་བརྒྱུད་པར་བཅས། །ཀུན་གྱིས་

p. 433

བཀའ་བསྒོས་དམ་ལ་བཞག་པ་ཡི། །ཁྱོད་ཀྱིས་མི་འདའ་དམ་ཚིག་ཁས་བླངས་བཞིན། །ཡུལ་འདིར་ས་སྐྱོང་རྒྱལ་པོའི་ཆབ་སྲིད་སྐྱོངས། །མཐའ་ཡི་དམག་དང་མཐའ་ཡི་འདྲེ་རྣམས་བཟློག །བདག་ཅག་ཡོན་མཆོད་བར་ཆད་ཞི་བ་དང་། །བསམ་དོན་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་སྡོམ་བརྩོན་དགེ་སློང་དམ་པ་ངག་དབང་བསམ་འཕེལ་གྱིས་འདི་ལྟར་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་བབ་ཅོལ་དུ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག།། །།

ཟླ་རྒྱལ་བསང་བསྡུས།

p. 434
p. 435

༄༅། །ཟླ་རྒྱལ་ནི། ཀྱེ། པདྨའི་དམ་འཛིན་རི་དབང་གཏེར་གྱི་བདག །དགེ་བསྙེན་ནོར་ལྷ་རྡོ་རྗེ་འཕན་ཕྱུག་རྩལ། །ཡུམ་དང་སྲས་བློན་འཁོར་དང་ཡང་འཁོར་བཅས། །འདོད་ཡོན་ལྔ་ལྡན་བསང་གིས་མཆོད་དོ་གསོལ། །ལྗོངས་འདིར་སྲིད་ཞིའི་དཔལ་འབྱོར་རྒྱས་པར་མཛོད། །ལས་རབ་རྩལ་གྱིས་སོ།། །།

རྩེ་མོའི་དཔུང་རྒྱན་བསང་བསྡུས།

p. 436

༈ རྩེ་མོའི་དཔུང་རྒྱན། ཀྱེ། འཆི་མེད་གཡུལ་ལས་རྒྱལ་བར་བྱེད་པའི་ལྷ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་མཚན་གསོལ་བའི། །བདེ་ཆེན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ། །པད་ཟླ་ཉི་མའི་གདན་ལ་བཞུགས་སུ་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །བཞེས་ནས་བདག་གི་མཐུ་དཔུང་སྡོང་གྲོགས་མཛོད། །ཕ་རོལ་དགྲ་སྡེའི་དམག་དཔུང་གཞོམ་པར་མཛོད། །མདོར་ན་གཞི་ལམ་བྱེས་གསུམ་ཐམས་ཅད་ཀྱི། །ཁ་སྨྲས་གླེང་གཞི་ཆོམ་རྐུན་གནོད་པ་བཟློག །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །ཚེ་བསོད་རླུང་རྟ་རྒྱས་པའི་ཕྲིན་ལས་མཛོད། །ལས་རབ་རྩལ་གྱིས་སོ།། །།

དྲེལ་འཛོང་རྡོ་རྗེ་དྲག་རྩལ་གྱི་གསོལ་མཆོད་དགེ་ལེགས་རབ་འཕེལ།

p. 437

༄༅། །དྲེལ་འཛོང་རྡོ་རྗེ་དྲག་རྩལ་གྱི་གསོལ་མཆོད་དགེ་ལེགས་རབ་འཕེལ་བཞུགས་སོ། །ཧཱུྃ། རྒྱལ་དབང་པདྨའི་བཀའ་དང་དམ་གནས་པ། །དྲེགས་པ་སྡེ་བརྒྱད་འབུམ་ཕྲག་དུ་མའི་གཙོ། །སྒྲུབ་མཆོག་བུ་ལྟར་སྐྱོང་བའི་དམ་ཚིག་ཅན། །དྲེལ་འཛོང་རྒྱལ་པོ་རྡོ་རྗེ་དྲག་རྩལ་ནི། །སྐུ་མདོག་སྨུག་ལ་རྔམས་ཤིང་ཁྲོས་པའི་ཉམས། །ཟ་འོག་བེར་ལྗང་འཁོར་གསུམ་སྟག་ཤར་ཆས། །དབུ་ལ་དར་ཐོད་ཐང་དཀར་རྒོད་སྒྲོས་བརྒྱན། །གཡས་པས་དར་མདུང་གཡོན་པས་གཏེར་བུམ་བསྣམས། །ཆིབས་སུ་རྐྱང་སེར་ཞུར་བོ་འཕུར་ཤེས་ཆིབས། །དགྱེས་སྡེ་སྨན་བཙུན་དྲེགས་པ་སྡེ་བརྒྱད་རྣམས། །འཁོར་བཅས་འདིར་གཤེགས་གསང་དང་མཆོད་པ་བཞེས། །བདག་ཅག་མཆོད་བསྟོད་རྩོམ་པའི་རིག་འཛིན་དང་། །རེ་ཞིང་ལྟོས་པའི་སྡེ་ཡུལ་སྦྱིན་བདག་གི། །དགྲ་རྐུན་ནད་རིགས་འགལ་རྐྱེན་ཆེ་ཕྲ་སོལ། །དོན་གཉེར་རེ་བ་འདོད་དགུ་ཡོངས་འགྲུབ་མཛོད། །ཡུལ་ལྷ་ཆེན་པོས་གཞི་བྱེས་ལམ་གསུམ་དུ། །སྲུང་སྐྱོབ་དགེ་ལེགས་ཡོན་ཏན་འཕེལ་བ་དང་། །ཆོས་དང་སྲིད་ཀྱི་

p. 438

དབུ་འཕང་ལྷ་ལམ་དུ། །བསྟོད་ལ་བཀྲ་ཤིས་སྙན་གྲགས་རྒྱས་པར་མཛོད། །ཅེས་པ་འདི་ཡང་རང་ཉིད་ཀྱི་རྨི་ལམ་རིམ་པ་གཞི་བདག་འདི་གར་འཁོར་ཤིན་ཏུ་མང་པོས་བསྐོར་ནས་ཁོ་ལ་གསོལ་མཆོད་གྱིས་དང་སྲུང་སྐྱོབ་རོགས་དན་བྱེད་ཟེར་ནས་རྨི་ལམ་མང་དུ་རྨིས་པ་ལྟར། སླད་མའི་ཆར་སྒྲུབ་པ་མཁན་༧ནོར་གླིང་མཆོག་སྤྲུལ་བཞི་པས་སེམས་ལ་གང་ཤར་ཁ་ནས་གང་ཐོན་ལྟར་བཅོས་བསྒྱུར་མེད་པར་བྲིས་པ་འདི་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ།

མུ་སྟེགས་ཤ་ཟ་ཧོར་མོའི་ངན་སྔགས་ལས་ཕྲན་སྣ་ཚོགས།

p. 439

༄༅། །མུ་སྟེགས་ཤ་ཟ་ཧོར་མོའི་ངན་སྔགས་ལས་ཕྲན་སྣ་ཚོགས་བཞུགས་སོ། །

p. 440

དྲག་སྔགས་གནམ་ལྕགས་ཐོག་མདའ་ལས༔ མུ་སྟེགས་དྲེགས་པའི་ངན་སྔགས་རླུང་སྒྲུབ་སྤུ་གྲི་རེག་གཅོད་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ དམ་ཚིག་བཀའ་ཡི་རྒྱས་བཏབ་པོ༔ ས་མ་ཡ༔ བསྟན་ལ་སྡང་བའི་དགྲ་བོ་གླང་སྙིང་ཅན༔ མྱུར་དུ་རླག་བྱེད་མུ་སྟེགས་ནག་པོའི་མན་ངག་གི་སྐོར༔ ཅིས་ཀྱང་མི་བཟློག་ཚེ་མཚོན་ཆ་ངར་ལྡན་དམོད་པའི་དབལ་མེ་བས་ཚ་ལ་གློག་བས་མྱུར་བ་རི་རྒོད་ཀྱི་རྦབ་དང་ཐོག་ལས་དྲག་ཅིང་རྣོ་བའི་དྲག་སྔགས་བསྟན་པ་སྲུང་བའི་ལག་ཆ་འདི་ཁོ་ནའོ༔ རབ་ཏུ་གསང་བར་བྱའོ༔ ས་མ་ཡ༔ ཚུལ་བཞིན་ཉམས་སུ་བླངས་ན༔ འདི་ནི་སངས་རྒྱས་བསྟན་པ་སྲུང་བའི་གནད་ཡིག་བརྒྱ་རྩ་བརྒྱད་ཀྱི་ཡང་སྙིང་༔ ཡ་མ་སྙིང་གཟེར་གཏད་ཁྲམ་ནག་པོའི་རྒྱུད་ལས་མུ་སྟེགས་དྲེགས་པའི་ངན་སྔགས་ཞག་སྒྲུབ་མ་རླུང་སྒྲུབ་སྤུ་གྲི་རེག་གཅོད་ཟབ་པའི་མཐར་ཐུག་པའོ༔

p. 441

ཨྠྀི༔ བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་དབང་ཕྱུག་དྲེགས་ཚོགས་ཐམས་ཅད་ཀྱི་ཐུགས་དམ་དྲག་ཏུ་བསྐུལ་བས་དེ་རྣམས་ཐམས་ཅད་སྔོན་གྱི་དམ་ཚིག་དྲན་ནས་ཞེ་སྡང་མེ་ལྟར་འབར༔ ངན་སྔགས་འབྲུག་ལྟར་དུ་སྒྲོགས༔ དཔའ་གཏུམ་འཇིགས་རྔམ་རབ་ཏུ་འཁྲུགས་ཏེ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཐོག་སེར་འཁྲུགས་པ་ལྟར་ཁྱབ་པར་སྤྲོས་ཏེ༔ ཕས་རྒོལ་དགྲ་བོ་གནག་སེམས་གདུག་རྩུབ་ཅན་གྱི་སྒོ་གསུམ་མི་ནོར་ཕྱུགས་གཞིས་ཡུལ་རིགས་དབང་ཐང་སྡེ་ཚན་དཔུང་དང་བཅས་པ་ཐམས་ཅད་ལ༔ གནམ་ལྕགས་དུག་མདའ་ནད་སྤྲིན་སྦུད་ལྟར་དུ་འཚུབ་པས་དགྲ་བོ་མྱ་ངན་ངུ་འབོད་ཙི་སྒྲ་དིར་དིར་བསད་བཅད་གཏུབས་ཤིང་༔ དྲེགས་བྱེད་སྡེ་བརྒྱད་རྣམས་རྔམ་པའི་ཧ་སྒྲས་ས་སྟེང་གཡོ་བཞིན་ཤ་ཟོས་ཁྲག་འཐུང་རུས་པ་མུར་ཏེ་དམིགས་བྱ་མིང་ཙམ་མེད་པར་བརླག༔ བསྐལ་པ་དྲག་བསྐྱོད་རླུང་གིས་ཡོངས་སུ་གཏོར་བར་བསམས༔

p. 442

སླར་ནས་སྡང་བའི་དགྲ་ལ་དབང་ཕྱུག་སྡེ་བརྒྱད་དྲེགས་ཚོགས་ཀྱི་ཟ་ལམ་བསྟན་ནས་ནམ་ཡང་སྡང་བ་མེད་པར་བསམས༔ དམར་གཏོར་ལ་དགྲ་བོ་འཁོར་བཅས་དགུག་གཞུག་བྱས་ལ་ཤ་ཁྲག་ཏུ་དམིགས་ལ་མཆོད་ཅིང་བསྐུལ་བ་དུས་དྲུག་ལ་བརྩོན་པ་གཅེས་སོ༔ དེའི་ཚེ་དྲག་པོའི་སྔགས་རྒོད་འདི་མི་ཚིག་གིས་བར་མ་ཆོད་པར་ཞེ་སྡང་དྲག་པོའི་ངང་ནས་གནད་དུ་དབབ་སྟེ་བཟླ༔ ཨེ་ཀ་ཧེ་དུན་མ་ཧཱ་དེ་ཝ་ཨུ་མ་དེ་ཝི་ས་མ་ཡ་བྷྱོ་བྷྱོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཧད་བྷྱོ་ཧུད་བྷྱོ་དུ་ཡ་མ་དམག་དཔོན་ཆེན་པོ་དགྲ་ལ་བྷྱོ་བྷྱོ་ནྲི་ཏྲི་ཧུར་ཐུམ་ཛ༔ མཱ་ར་ཡ་རྦད༔ ཨེ་དཾ་ཁཱ་ཧི་ཛཿཛཿརྟགས་བརྟན་པོར་ལན་གསུམ་མ་མཐོང་བར་དུ་ཐུན་དུ་བཅད་དེ་བསྒྲུབ༔ རྟགས་མཐོང་ནས་མནན་བསྲེག་གི་ལས་མཇུག་བསྡུ༔ དྲག་སྔགས་ཟབ་པའི་མཐར་ཐུག་ཤིན་ཏུ་ཟབ་པའི་གབ་ཡིག༔ དམ་ཅན་ལས་མཁན་རྣམས་ཀྱིས་བྱ་ར་མཛོད༔ དྲག་སྔགས་ཡང་ཞུན་དམར་འབྱིན་འདི༔ གཏེར་ཁ་ཟུང་དང་ཐུགས་གཏེར་འདི༔ མན་ངག་གཞན་དུ་བསྟན་པ་མེད༔ དེ་ཕྱིར་རབ་ཏུ་འཚོ་ཤེས་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་སྔགས་རྙིང་མའི་བསྟན་དགྲ་འཇོམས་པའི་མཚོན་ཆའོ༔ ལས་རབ་རྩལ་གྱིས་བསྟན་པའི་བཙས་སུ་བཞག༔ ཨྠྀི༔ བརྡ་ཐིམ༔ མངྒ་ལཾ༔ ༈ དྲག་སྔགས་གནམ་ལྕགས་ཐོག་མདའ་ལས༔ མུ་སྟེགས་དྲེགས་པའི་ངན་སྔགས་ཀྱི་ལྷན་ཐབས་གསང་བའི་གབ་ཡིག་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ དམ་ཚིག་བཀའི་རྒྱས་བཏབ་པོ༔ ས་མ་ཡ༔ རང་རྩ་བའི་ཡི་དམ་དུ་གསལ་བའི་མདུན་དུ༔ དུར་ཁྲོད་ཀྱི་བཀོད་པ་རུས་པའི་ཐང་

p. 443

མ་བརྡལ་བ༔ མི་རོའི་རྩིག་པ་བརྩིགས་པ༔ ཁྲག་ཞག་གི་འདམ་རྫབ་འཁྲིགས་པ༔ མེ་རླུང་འཚུབ་མ་འཁྱིལ་བའི་དབུས་སུ༔ ལྷ་ཆེན་པོ་སྐུ་མདོག་མུན་པ་ལྟར་གནག་པ༔ སྐུ་ཆེ་བ༔ ཡན་ལག་རགས་པ༔ སྙིང་རྗེ་མེད་པ༔ ཁྲོ་བ༔ གཏུམ་པ༔ རྔམ་པ་འཇིགས་སུ་རུང་བ༔ གསོད་ལ་དགའ་བ༔ ཟ་ལ་རིངས་པ༔ མེ་སྟག་གིས་ཚྭ་ཚྭ་འཕྲོ་བ་གནམ་ལྕགས་ཀྱི་ཞུན་ཐིགས་འབེབས་པ༔ ནད་རླངས་ཀྱི་སྤྲིན་འཐིབས་པ༔ ཁྲོ་ཆུང་གི་བུ་ཡུག་འཚུབས་པ༔ ཆེ་བཙན་འགྲན་ཟླ་དང་བྲལ་བ༔ མ་གཤིན་གྱི་ཁྲོམ་གྱིས་བསྐོར་བ༔ སྡེ་བརྒྱད་ཕོ་ཉར་འགྱེད་པ་ཞིག་ཏུ་བསྒོམ་མོ༔ དྲེགས་བྱེད་གཙོ་འཁོར་དེ་རྣམས་དགྲ་བོ་འགུགས་སྒྲོལ་ལ་བར་ཐག་མེད་པར་བརྩོན་པའི་དམིགས་པ་བྱའོ༔ གསང་བའི་གབ་ཡིག༔ དམ་ཅན་ལས་མཁན་རྣམས་ཀྱིས་བྱ་ར་མཛོད༔ བསྟན་དགྲ་བརླག་པའི་མན་ངག་ཟབ་པའི་སྙིང་ཐིག་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཉམས་གླང་སྙིང་འཕུང་བའི་བཙས་སུ་ཤོག༔ ལས་རབ་རྩལ་གྱིས་བསྟན་པའི་སྲུང་མར་བཀོད༔ ཨྠྀི༔ བརྡ་ཐིམ༔ མངྒ་ལཾ༔ ༈ དྲག་སྔགས་གནམ་ལྕགས་ཐོག་མདའ་ལས༔ མུ་སྟེགས་དྲེགས་པའི་ངན་སྔགས་རླུང་སྒྲུབ་སྤུ་གྲི་རེག་གཅོད་ཀྱི་བཅའ་གཞི་དམིགས་གནད་དང་བཅས་པ་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ དམ་ཚིག་བཀའི་རྒྱས་བཏབ་པོ༔ ས་མ་ཡ༔ བྲུབ་ཁུང་ཕུང་ཤུལ་འདྲེ་འཚུབ་དུར་ཁྲོད་ས་ལ་བྱ༔ གྲུ་གསུམ་བང་རིམ་དགུ་ལྡན་ཕྱི་རོ་སོལ་ནང་དུག་ཁྲག་གིས་བྱུག༔ ཁ་ཆོད་ཐུན་ལམ་ཁ་ཁྱེར་རྩང་དང་བཅས་པ་དེ་ཉིད་བཤའ་གཏུབ་བཤན་པའི་གྲོང་ཁྱེར་ནད་

p. 444

མཚོན་དུག་གསུམ་འཁྲུགས་པ་ཞིག་ཏུ་བསམ༔ ཕུང་གསུམ་བདུད་ཀྱི་ཉི་མ་ལ་དུག་ཁྲག་གིས་ཨ་མུ་ཀའི་རཱུ་པ་དབང་དོད་ཉམས་ཤིང་རིད་པ་ལྕགས་སུ་བཅུག་པ་འབྲི༔ སྙིང་གར་ནྲྀ་ལ་ཛཿཁྲམ་བཀོད༔ གནས་ཡིག་སྤྱི་ལྟར་འབྲི༔ མིང་རུས་བླ་དྭགས་དམོད་པ་དང་ཕྱི་རོལ་དུ་སྔགས་རྒོད་ཀྱིས་ལན་གསུམ་བསྐོར༔ ཛ་ནན་ཁྲམ་གསུམ་གྱིས་བསྐོར༔ སྲེག་ལིང་ལ་སྔགས་ཤམ་ཛྭ་ལ་རཾ་སྦྱར་མེ་རིས་བསྐོར་བར་བྱ༔ དམེ་མཛེ་ཡུགས་དང་གྲི་ཁྲག་དང་དུག་སྣ་ཟག་རྫས་རྣམས་བྱུག༔ ཧོམ་དུ་གཟུད༔ གཟུ་དཔང་དང་གསེར་སྐྱེམས་མཆོད༔ འགུགས་འདྲེན་ཡང་ཡང་དྲག་ཏུ་བྱ༔ དགྲ་བོ་དངོས་སུ་བསམ༔ ལྷ་དང་དབྱེ༔ དྲག་སྔགས་ཀྱིས་ནུས་ལྡན་དུ་བྱས་པའི་ཐུན་གྱིས་བྲབ༔ དགྲ་བོའི་མི་ནོར་ཡུལ་གཞིས་དང་བཅས་པ་ལོ་འབྲས་སེར་བས་བརྡུངས་པ་ལྟར་སྐད་ཅིག་ལ་བརླག་པར་བསམ་མོ༔ ཐུན་རྫས་ནི༔ རྦབ་རྡོ་མཁར་ཟངས་ལྕགས་ཕྱེ་ཐང་ཕྲོམ་ཡུངས་ཀར་ནག་མི་བསད་ཀྱི་མདའ་གྲི་རྣམས་ལ་བྱ༔ ལིངྒ་ལ་རང་དང་འཁོར་གྱི་དྲི་མ་མ་སོང་བར་བྱ༔ འདིའི་དམ་ཚིག་ཏུ་ལྷའི་ང་རྒྱལ་དང་ཞེ་སྡང་དྲག་ཏུ་བསྐྱེད༔ གོས་ནག་གྱོན༔ རལ་ནག་གསིག༔ ཐུན་མཚམས་སུ་ཐལ་མོ་བརྡེབ༔ དམོད་བཅོལ་དྲག་པོ་བྱ༔ མཐར་ལས་ཀྱི་མཇུག་མི་མངོན་པར་བསྡུ༔ རྗེས་ལྟ་བས་བཅད༔ གསང་བའི་གབ་ཡིག༔ དམ་ཅན་ལས་མཁན་རྣམས་ཀྱིས་བྱ་ར་མཛོད༔ སྤེལ་བའི་གནས་མེད་གསང་བ་གནད༔ དུས་ལ་བབ་ཚེ་ལས་ལྡན་གཅིག་གིས་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྟན་དགྲ་དམ་ཉམས་རྣམས་ཀྱི་གཤེད་དུ་ཤོག༔ ལས་རབ་རྩལ་གྱིས་རྒྱལ་བསྟན་ལྕགས་རིར་སྦྱར༔ གསང་ཨྠྀི༔ གུ་ཧྱ༔ བརྡ་ཐིམ༔ མངྒ་ལཾ༔ ༈ དྲག་སྔགས་གནམ་ལྕགས་ཐོག་མདའ་ལས༔ མུ་སྟེགས་དྲེགས་པའི་ངན་སྔགས་ཞག་སྒྲུབ་མའི་ཞལ་

p. 445

གདམས་ཟབ་མོ་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ དམ་ཚིག་བཀའི་རྒྱས་བཏབ་པོ༔ ས་མ་ཡ༔ མུ་སྟེགས་དྲེགས་པའི་ངན་སྔགས་ཞག་སྒྲུབ་མའི་ཞལ་གདམས་ལ༔ བསྐུལ་བའི་དུས་སུ་གཏོར་མ་ཤ་ཁྲག་གིས་བརྒྱན་པ་དགྲ་བོ་དགུག་གཞུག་དྲག་ཏུ་བྱ༔ དགྲ་བོའི་ཤ་ཁྲག་དོན་སྙིང་དངོས་སུ་བསམས༔ སྡེ་བརྒྱད་དྲེགས་ཚོགས་ཀྱིས་རོལ་པར་དམིགས༔ ཤ་ཆེན་གྱི་གསུར་བཏང་༔ རྐང་གླིང་བཤུད་པ་དང་བཅས༔ རཀྟ་མཆོད༔ རྔ་བོན་ཐབས་སུ་བརྡུང་༔ བསྐུལ་བ་རྒྱས་པ་དྲེགས་སྡེ་སུམ་ཅུ་བསྐུལ༔ འབྲིང་དྲེགས་ཆེན་བཅོ་བརྒྱད་བསྐུལ༔ བསྡུ་ན་སྡེ་བརྒྱད་བསྐུལ་བ་གཏོང་༔ དེ་དག་ནི་གཏེར་ཁ་གོང་འོག་ལྟར་བྱའོ༔ གཏོར་མ་དགྲ་ཕྱོགས་སུ་འཕེན༔ དམོད་བཅོལ་དྲག་ཏུ་བྱའོ༔ ས་མ་ཡཱ༔ སྦྱིན་སྲེག་གི་ཞལ་གདམས༔ ཕུང་ཤུལ་འདྲེ་འཚུབ་ཀྱི་ས་སྟེགས་ནག་པོ་གྲུ་གསུམ་གྱི་ཁར་དུག་ཤིང་ཚེར་མ་ཅན་གྲུ་གསུམ་བརྩེགས༔ དུས་ནི་སྲོད་ལ་བྱ༔ ཡུགས་ས་མས་མེ་སྦར་མེ་ལྷ་དབང་ཕྱུག་ཡབ་ཡུམ་དྲེགས་ཚོགས་རྣམས་བསྐྱེད༔ བསྲེག་རྫས་ལ་དགྲ་བོའི་སྒོ་གསུམ་མི་ནོར་འཁོར་བཅས་དགུག་གཞུག་ནན་དུ་བྱས་ལ་སྔགས་ཀྱིས་བསྒྲལ༔ དམིགས་བྱ་འཁོར་བཅས་ཀྱི་ཤ་ཁྲག་དོན་སྙིང་དུ་དམིགས་ནས་འབུལ༔ ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཧབ་ཧབ་བཞེས་པར་དམིགས༔ རྫས་ནི་དུག་ཤིང་གྲུ་གསུམ་ལ་དགྲ་བོའི་མིང་ཡིག་དམོད་པ་བཅས་ཟག་རྫས༔ ལིངྒ༔ ཤ་དུམ༔ དུག་ཁྲག༔ སྔོ་ཚ་བ་གསུམ༔ རྦབ་རྡོ་དང་ཟངས་ལྕགས་ཕྱེ་མ༔ ཏིལ་ནག༔ སྲན་མ་བྲ་བོ༔ དུག་སྣ་ཅི་མང་༔ མུ་ཟི་དེ་རྣམས་སྔགས་ལ༔ དགྲ་བོ་མི་ནོར་འཁོར་དང་བཅས་པ་ཛྭ་ལ་རཾ་རཾ་མཱ་ར་ཡ་ཕཊ༔ ཅེས་བཏགས་པས་རབ་སྟོང་༔

p. 446

འབྲིང་སུམ་བརྒྱ༔ ཐ་མའང་བརྒྱ་རྩ་བརྒྱད་འབུལ༔ མཚམས་མཚམས་སུ་འདོད་གསོལ་དམོད་བཅོལ་དྲག་ཏུ་བྱ༔ མཐར་ཐལ་བ་ལམ་རྒྱ་གྲམ་མམ་གནམ་ས་གྲུ་གསུམ་སོགས་མནན་པའི་ས་གནད་དང་བསྟུན་ནོ༔ ས་མ་ཡ༔ ༈ མནན་པ་ནི༔ ལིངྒ་མི་ཁའི་རྫས་སྣ་ཚོགས་བཅས་གཅན་གཟན་གྱི་ཐོད་པར་བསྡམ༔ ཕུང་རེས་དྲིལ༔ ཚོན་སྐུད་ཀྱིས་བཅིངས༔ རྩང་ཁྲམ་གཟུགས༔ ལྟག་ཁུང་ལ་ཕུར་ཐིལ་བརྒྱབ༔ སླར་ཡང་འགུགས་འདྲེན་དྲག་ཏུ་བྱ༔ དྲག་སྔགས་ཐུན་གྱིས་བྲབ༔ སྤྱི་ལྟར་ས་གནད་གདུག་པ་ཅན་དུ་གནོན༔ སྟེང་ནས་སཱཙྪ་ནག་པོ་ཅི་མང་མགོ་ཐུར་དུ་བསྟན་ནས་མནན་ནོ༔ ས་མ་ཡཱ༔ ལས་སྦྱོར་གྱི་སྐབས་དང་ཐུན་མཚོན་བྲབ་དུས༔ རང་ཡི་དམ་གནས་འགྱུར་ནས་དབང་ཕྱུག་ནག་པོ་སྤྲུལ་པའི་རང་མདངས་སྡེ་བརྒྱད་འཁོར་ཚོགས་སུ་གསལ་ཞིང་༔ ཞེ་སྡང་དྲག་ཏུ་བསྐྱེད༔ ས་མ་ཡ༔ ཧོམ་གྱི་སྟེང་དུ་དུག་ཁྲག་གིས་སྦྲུས་པའི་གཏོར་མ་རྩང་དང་མཚེ་ཉུངས་དཀར་ནག་སོགས༔ ཐུན་རྫས་ཤ་དང་ལིང་ག་དཔལ་འབར་གྱིས་བརྒྱན་པ་འཁོར་ཅན་དབང་ཕྱུག་གཙོ་འཁོར་དུ་བསྐྱེད༔ མཐར་དགྲ་ཕྱོགས་སུ་ཟོར་དུ་འཕེན་ནོ༔ ས་མ་ཡ༔ རྒྱབ་ནོན་དུ་རང་གི་རྩ་བའི་ཡི་དམ་དང་ཆོས་སྲུང་གི་བསྐང་གསོལ་དང་དྲག་བསྐུལ་ནན་ཏན་དུ་འབད་དོ༔ རང་སྲུང་དང་བྱད་བཟློག་གི་མན་ངག་དང་ནུས་པ་བསྐྱེད་པའི་ཟ་ཡིག་སོགས་ཀྱང་འབད་པ་རྔོ་ཐོགས་པར་བྱ༔ མཐར་ཟབ་མདོ་མང་དུ་སྒྲོགས༔ ཚུར་ལ་མི་ལྡོག་པའི་དགོས་པ་ཡོད་དོ༔ ས་མ་ཡ༔ དྲེགས་པ་རླུང་སྒྲུབ་ཐོག་རྒོད་ལ༔ ཞལ་གདམས་ཡི་གེ་འདི་མེད་ན༔ ཞུ་མཁན་མེད་པའི་རྒྱ་སྐྱེེགས་འདྲ༔ གནད་ལ་གནད་སྤྲས་ཟབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་ཟབ་ཟབ༔ ཨྠྀི༔ ལས་རབ་རྩལ་གྱི་མན་ངག་གོ༔ མངྒ་ལཾ༔ ༈ མུ་སྟེགས་དྲེགས་པའི་ངན་སྔགས་ཞག་སྒྲུབ་མའི་སྦྱིན་སྲེག་སོགས་ལ་ཉེར་མཁོའི་ངག་འདོན་ཉུང་བསྡུས་བཞུགས་སོ༔ ཛཿབདག་ཉིད་དཔལ་ཆེན་ཁྲོ་བོར་

p. 447

གསལ་བ་ཡི༔ མདུན་དུ་རབ་འཇིགས་དུར་ཁྲོད་བཀོད་པ་རྫོགས༔ རུས་པའི་ཐང་བརྡལ་མི་རོའི་རྩིག་པ་བརྩིགས༔ དམར་ཆེན་འདམ་རྫབ་ཁྲག་དང་ཞག་ངད་འཁྲིགས༔ དྲག་རྩུབ་མེ་རླུང་དམར་ནག་འཚུབ་མའི་ནང་༔ དམ་ཉམས་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ༔ དབང་ཕྱུག་ནག་པོ་གནམ་ལྕགས་མདའ་གཞུ་འགེངས༔ དེའི་གཡོན་ཨུ་མ་སྔོ་སྐྱ་ནད་རྐྱལ་དང་༔ ཁྲག་ཐུན་ཐོགས་ཤིང་དམ་ཉམས་དགྲ་ལ་འགྱེད༔ ལྷ་ཆེན་ཡབ་ཡུམ་མུན་ལྟར་རབ་ཏུ་ཁྲོ༔ སྐུ་ཆེ་ཡན་ལག་རགས་ཤིང་ཁྲོ་གཏུམ་རྔམ༔ འཇིགས་རུང་སྙིང་རྗེ་མེད་ཀྱང་གསོད་ལ་དགའ༔ ཟ་ལ་རིངས་ཤིང་མེ་སྟག་ཚྭ་ཚྭ་འཕྲོ༔ གནམ་ལྕགས་ཞུན་ཐིགས་ནད་རླངས་དུད་སྤྲིན་འཁྲིགས༔ ཁྲོ་ཆུང་མང་པོ་བུ་ཡུག་བཞིན་དུ་འཚུབ༔ ཆེ་བཙན་འགྲན་ཟླ་ཀུན་དང་བྲལ་བ་ཡི༔ ཕྱི་རོལ་སྡེ་བརྒྱད་མཚོན་ཐོགས་ཁྲོམ་གྱིས་བསྐོར༔ དྲེགས་བྱེད་གཙོ་འཁོར་མ་གཤིན་ཚོགས་རྣམས་ཀྱིས༔ དམ་ཉམས་དགྲ་བོ་འགུགས་སྒྲོལ་ལས་ལ་བརྩོན༔ དྲག་པོ་མངོན་སྤྱོད་ཕྲིན་ལས་མཛད་པར་གྱུར༔ ན་མོ༔

p. 448

དཀོན་མཆོག་རྩ་གསུམ་ལྷ་སྔགས་ཏིང་འཛིན་གྱི༔ བདེན་པའི་མཐུ་དང་དྲེགས་བྱེད་གཙོ་འཁོར་གྱི༔ དྲག་རྩུབ་མྱུར་མགྱོགས་ཕོ་ཉའི་ཚོགས་རྣམས་ཀྱིས༔ དམ་ཉམས་དགྲ་བོའི་ལུས་ངག་ཡིད་དང་བཅས༔ རྩ་ལག་སྡེ་དཔུང་མི་ནོར་ཡུལ་གཞིས་ཀུན༔ རྔོན་བྱེད་ལུང་པར་རི་དྭགས་བདས་པ་བཞིན༔ གཟུགས་བྱད་ལིངྒའི་རྟེན་ལ་ཁུག་ཅིག་ཛ༔ སྐྱོབ་བྱེད་ཚོགས་རྣམས་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ལན་མང་དུ་བྱའོ༔ ཡང་༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ་དང་དབང་ཕྱུག་ཡབ་ཡུམ་དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པའི་བཀའི་བདེན་པས་དམ་ཉམས་དགྲ་བོའི་བླ་སྲོག་རྣམ་པར་ཤེས་པ་དྲག་པོ་དམར་གྱི་གཏོར་མ་གཟུགས་ལིང་ག་འདི་ལ་ཁུག་ཅིག་ཛཿཧཱུྃ་བཾ་ཧོ༔ ཞེས་མང་དུ་བརྗོད༔ བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྜེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཛྲ་ཨ་ཝེ་ཤ་ཡ་ཨཱཿགཏོར་མ་བྱིན་བརླབ་ཀྱི་དུས༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར༔ ༀ་ཨཱཿཧཱུྃ༔ གསུམ༔ ཞེས་པའང་ལས་རབ་རྩལ་གྱིས་སོ༔ མངྒ་ལཾ༔

p. 449

༈ བཟློག་བསད་ཙ་ཀྲིམ་ནག་པོ་བཤན་པ་གྲི་ཐོགས་ཀྱི་ལག་ལེན་ཆིངས་བཞུགས་སོ༔ དྲག་སྔགས་དམོད་པའི་ལྷ་ལ་འདུད༔ བན་བོན་སྔགས་པ་སྐྱེ་བོ་སོགས༔ བཟློག་པའི་ངན་སྔགས་ཙ་ཀྲམ་དང་༔ བསད་པ་ཁ་ཤ་རུ་རུའི་སྔགས༔ བཟློག་བསད་དྲག་སྔགས་དུག་མདའི་ཆིངས༔ འདི་ལ་རྣམ་པ་ལྔ་ཡིས་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་དགོས་ཆེད་བསྟན་པ་ནི༔ སྙིགས་མའི་དུས་ཀྱི་མཐའ་མ་ལ༔ ཆོས་ལ་ཡ་ག་འཇུག་པའམ༔ སློབ་དཔོན་སློབ་མ་དང་བཅས་པ་ལ་དམོད་པ་དང་༔ མ་ཉེས་ཀྱང་ཁ་ཡོག་ངན་པ་གཏོང་བ་དང་༔ ཆོས་འཁོར་འཇོམས་པ་དང་༔ མི་དགེ་མཚམས་མེད་ལ་སྤྱོད་པ༔ རྣལ་འབྱོར་པའི་ཆ་རྐྱེན་འཕྲོག་པ་སོགས༔ མདོར་ན་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་གནོད་པའི་བན་བོན་སྔགས་པ་སྐྱེ་བོར་འཚེ་ཞིང་ལོག་པར་འདྲེན་པ་གང་ཡིན་ཀྱང་ཁེ་འདོད་ཀྱི་བཟློག་བསད་གདམས་པ་ཡང་ཟབ་འདི་ལ་བརྩོན་ཞིང་འབད་པར་བྱའོ༔ ས་མ་ཡ༔ གཉིས་པ་གནས་ནི༔ རི་ཀླུང་དྲག་ཅིང་རྩུབ་པ་རི་བྲག་ནག་པོ་སོག་པོ་ཁྲོས་པ་འདྲ་བ༔ མཚོན་ཆ་གཟིངས་པ་འདྲ་བ༔ གནམ་གྲུ་གསུམ་ཆོས་འབྱུང་འདྲ་བ༔ ཚེར་མ་ཅན་གྱི་ཤིང་སྐྱེ་བ༔ ལྷ་འདྲེ་རྩུབ་མོ་གནས་པའི་ས་ཆ་སོགས་མདོར་ན་དྲག་པོའི་ལས་ལ་ཤིས་པའི་གནས་སུ་བྱའོ༔ གསུམ་པ་རྫས་ནི་འཕུང་ས་དགུ་བླངས་ལ་ཧོམ་མཐོ་གང་བ་གྲུ་གསུམ་པ༔ རོ་སོལ་དང་དུག་ཁྲག་གིས་བྱུག༔ རོ་གཡམ་དང་རོ་རྫས་གང་རུང་གིས་ཁ་བཅད༔ རབ་གཡག་ཐོད༔ འབྲིང་ཝ་ཐོད༔ ཐ་མ་ཁྱི་ཐོད༔ ཡས་མས་ཚང་ཞིང་གས་ཆག་མེད་པའི་སྤྱི་གཙུག་ཐོད་རྩེར་རྡོ་རྗེ་གཉིས་བྲི༔ དཔྲལ་བར་རྡོ་རྗེ་རྒྱ་གྲམ་བྲི༔ འགྲམ་པ་གཡས་སུ་རུ་རུའི་སྔགས༔ འགྲམ་པ་གཡོན་དུ་ཁ་ཤའི་སྔགས་བྲི༔ དེ་ནས་ཤོག་བུ་གཙང་

p. 450

མ་ལ༔ ར་ཁྲག་གིས་ལིངྒ་བྲི༔ སྙིང་གར་ནྲྀ་ལ་མིང་གིས་བསྐོར༔ ཛཿཁྲམ་གྱིས་མིང་བྱང་བསྡམས༔ ཁ་རུ་བདུད་པོ་ང་ལོངས༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ༔ གསང་བར་ཕཊ༔ ཡན་ལག་བཀྱིགས༔ མཐའ་ནས་བོན་བསྐོར་གྱིས་ཙ་ཀྲིམ་བཟློག་བསད་ཀྱི་སྔགས་ལ་བན་བོན་སྔགས་པ་སྐྱེ་བོ་སོགས་གང་ཡིན་གྱི་མིང་ཐེམ་བཅུག༔ ཛ་ནན་ཁྲམ་གསུམ་གྱིས་བསྐོར༔ རོ་ལྟེབ་ཤི་ལྟེབ་གང་བྱས་ལ་ཐོད་པའི་ཁར་བཅུག༔ དེ་ནས་བྲུབ་ཁུང་དུ་བརྩལ༔ ཁ་ཚུར་ལ་བསྟན་པ་བཞག༔ ཐུན་ཐག་ཀྱང་རབ་གྲི་རྒྱུ༔ འབྲིང་ཤི་སྐྲ༔ ཐ་མ་ཚོན་སྐུད་བཏགས་ལ་སྔགས་བཟླ་དུས་སྣེ་ནས་བཟུང་ལ་བཟླ༔ དམར་གཏོར་རྒྱན་ལྡན་བཟུང་ཞིང་༔ ཐུན་མཚམས་སུ་དྲག་སྔགས་ཀྱིས་ལྷ་ལ་དབུལ་ཞིང་བསྐུལ་བ་དྲག་ཏུ་གཏོང་ངོ་༔ ས་མ་ཡཱ༔ གསུམ་པ་ཇི་ལྟར་བསྒྲུབ་པ་ནི༔ ཡེ་ཤེས་དང་འཇིག་རྟེན་པའི་ལྷ་ལ་མཆོད་གསོལ་དང་དཔང་གཟུགས༔ བདེན་ཤགས་བརྗོད་ཅིང་ཕྲིན་ལས་བཅོལ༔ བདག་མདུན་ལས་ཁུང་ལས་མཁན་ཨ་མུ་ཀ་དང་བཅས་པ་གསལ་གདབ༔ མ་ཉེས་པའི་ཤགས་བརྗོད་བདེན་པ་བདར་བའི་མཐུས༔ སྡང་ཞིང་གདུག་པའི་བྱད་མ་དགྲ་བོ་དེ་བཀུག་ཅིང་ལིངྒ་ལ་ཡང་ཡང་ནན་གྱིས་བསྟིམ་མོ༔ ཙ་ཀྲིམ་འགུགས་པའི་དྲག་སྔགས་བཟླ༔ བསད་པའི་དམིགས་པ་དང་བཅས་ཁ་ཤ་རུ་རུའི་བསད་པའི་དྲག་སྔགས་བཟླ༔ དྲག་སྔགས་དབལ་ཚན་འདི་རྣམས་མ་ཡེངས་པར་ཉིན་མཚན་དུ་དྲག་ཏུ་བཟླས་པས༔ རབ་དངོས༔ འབྲིང་ཉམས༔ ཐ་ནའང་རྨི་ལམ་དུ་བྱད་བྱེད་པའི་བྱད་མའམ་སྡང་བའི་དགྲ་བོ་གང་དག་བཟློག་ཅིང་བསད་པའི་རྟགས་འཕྱུག་མེད་རྫོགས་པར་བྱའོ༔ ས་མ་ཡ༔ བཞི་པ་ལས་ལ་སྦྱར་བ་ནི༔ ཐོད་པ་ལིང་ག་དང་བཅས་པ་ཚོན་སྐུད་ཀྱིས་བཅིངས༔ ས་སྣའམ༔ སྡེ་བརྒྱད་དྲག་པོ་གནས་སར་མནན༔

p. 451

ཟོར་དང་དམོད་བཅོལ་གྱིས་མཐའ་བརྟུལ༔ མནན་པའི་སྟེང་དུ་བྲོ་ཡིས་གཟིར་བ་སོགས་ངན་སྔགས་སྤྱི་དང་མཚུངས་སོ༔ ས་མ་ཡ༔ ལྔ་པ་ཞལ་གདམས་གནད་དུ་བསྟན་པ་ནི༔ ཕྱི་ནས་ལས་ལ་སྦྱར་ཟིན་པ་དང་ལྟ་བའི་རྒྱ་ཡིས་བཅད༔ ཚེ་བསྒྲུབ་བྱ༔ སྲུང་བའི་ཆོ་ག་དང་མན་ངག་རྣམས་བྱའོ༔ དེས་ནི་རྣལ་འབྱོར་པ་དཔོན་སློབ་བར་ཆད་དང་བྲལ་ཞིང་བཀྲ་ཤིས་པའི་མན་ངག་གོ༔ འདི་ལྟ་བུའི་བཟློག་བསད་འདི་ནི་དབལ་དབོན་དྲན་པ་ནམ་མཁའ་མ་གཏོགས་པ་ཕྱི་ནང་བན་བོན་གང་ལ་ཡང་འདི་མ་གྲགས་སོ༔ དེའི་ཕྱིར་ན་ཟབ་པའི་གཏེར་དུ་སྦས༔ གབ་པ་མངོན་དུ་ཕྱུང་བ་ནི༔ སྙིགས་མའི་དུས་བསྟན་འཛིན་སྐྱེས་བུའི་མ་ངེས་ཀྱང་སྤྱོད་པ་སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བའི་ཚེ༔ ལོག་རྟོག་བདུད་རིགས་ལོག་འདྲེན་བན་བོན་མུ་སྟེགས་བྱད་མ་མཁན་དང་སྡང་བྱེད་དགྲ་སྡེ་བཟློག་ཅིང་བསད་པའི་བཙས་སུ་བཞག་པའི་གདམས་པ་འདི་ཁོ་ནའོ༔ དེས་ཀྱང་རང་ལ་དགོས་པའི་དུས་སུ་སྤྱོད་ཅིང་༔ བསྟན་འཛིན་གྱི་སྐྱེས་བུ་ཙམ་མིན་པ་གཞན་ལ་ཚིག་ཟུར་ཙམ་ཡང་མ་སྨྲ་ཞིག༔ རབ་ཏུ་གསང་ཞིག་ཨ་ཐམ་རྒྱ༔ འཆི་བདག་མོན་པ་ཕོ་མོས་སྲུངས་ཤིག༔ དམ་ལྡན་ལ་སྤྲོད་དེ་ཡི་གྲོགས་གྱིས་ཤིག༔ དམ་མེད་དྲེགས་པས་སྙིང་ཁྲག་འཐུངས་ཤིག༔ ལས་མཁན་མོན་པ་ཕོ་མོས་ན་ར་སྐན༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་སྡེའོ༔ མངྒ་ལཾ༔ ༈ བཟློག་བསད་ཙ་ཀྲིམ་ནག་པོ་བཤན་པ་གྲི་ཐོགས་ཀྱི་དམིགས་པའི་གཟེར་ཁ་བཞུགས་སོ༔ ལས་བྱེད་དྲེགས་པའི་ལྷ་ལ་འདུད༔ དྲན་པ་ནམ་མཁའི་ངན་སྔགས་བཅུད༔ ཨོ་རྒྱན་པདྨ་ལ་ཕུལ་བའི༔ བཟློག་བསད་ཙ་ཀྲིམ་ནག་པོ་འདི༔ ལྷ་སྲས་སྤྲུལ་པས་གཏེར་ཕྱུངས་ཀྱང་༔ དགོངས་དོན་མ་

p. 452

ཁྲོལ་དོན་མ་འབྱུང་༔ ད་ནི་སྙན་བརྒྱུད་དག་སྣང་གི༔ བརྡ་འགྲོལ་ལག་ལེན་ཆིངས་སུ་བཏབ༔ དམིགས་པའི་གཟེར་ཁ་དྲུག་ཏུ་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བདག་བསྐྱེད་པ་ནི༔ ཕཊ་སྐད་ཅིག་དྲན་རྫོགས་སུ་ལྕགས་མཁར་གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ བདག་ཉིད་ཞང་ཞུང་ཁྲོས་པའི་རྒྱལ་པོ༔ ཨ་ཙ་ར་ནག་པོ་སྨ་ར་ཅན་འཇིགས་སུ་རུང་བ༔ ལྕགས་སྲེག་གི་ལུས་ལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ༔ གནོད་བྱེད་དགྲ་ལ་ཞེ་སྡང་དྲག་ཏུ་འཁྲུགས་པ༔ འགུགས་སྒྲོལ་ལས་ཀྱི་ཕྱག་མཚན་ཐོགས་པའི་སྐུར་གྱུར༔ གཉིས་པ་མདུན་བསྐྱེད་ནི༔ མདུན་དུ་དུར་ཁྲོད་ཆེན་པོ་རླུང་ནག་འཚུབ་མའི་དབུས་སུ༔ མ་ཧཱ་དྷེ་ཝ་སྐུ་མདོག་སྔོ་སྐྱ་འོད་ཟེར་འབར་བ༔ དར་ནག་གི་འཇོལ་བེར་གསོལ་བ༔ གཡས་ཏྲི་ཤུལ་རྩེ་གསུམ་དང་༔ གཡོན་ལྕགས་ཀྱི་པར་བུ་ཐོགས་པ༔ ཐུགས་ཀ་ནས་འགུགས་སྒྲོལ་གྱི་ལས་མཁན་ཕོ་ཉའི་ཚོགས་མང་པོ་འགྱེད་པ༔ དེའི་མདུན་གཡོན་ཕྱོགས་སུ་འཇིགས་བྱེད་རཱ་ཧུ་ལ་འཇའ་ཚོན་དང་མེ་རླུང་འཚུབ་མའི་ནང་ན་བཞུགས་པ༔ སྔགས་བདག་དྲེགས་ཚོགས་རྒྱ་མཚོའི་འཁོར་དང་བཅས་ཏེ༔ དམ་ཉམས་བན་བོན་སྡང་དགྲའི་སྲོག་

p. 453

ལ་རྔམ་པར་གྱུར༔ གསུམ་པ་ལས་ཁུང་ལས་མཁན་དང་བཅས་པ་བསྐྱེད་པ་ནི༔ བདག་མདུན་གྱི་བར་དེར་ལས་ཁུང་ནག་པོ་གྲུ་གསུམ་པ༔ ཁ་དོག་ཅིང་གཏིང་ཟབས་པ༔ དམྱལ་བའི་བཙོན་ཁང་༔ མུན་པ་དགུ་རིམ༔ ནད་མཚོན་དང་ལྟས་ངན་ལྷ་འདྲེ་མ་རུངས་པས་གང་བ༔ ཡ་ང་ཞིང་སྐྱི་བུང་བ༔ ཟིན་ནས་ཐར་བ་མེད་པ༔ རྒྱོབ་རྒྱོབ་སོད་སོད་ཀྱི་སྒྲ་སྐད་འབྲུག་ལྟར་ལྡིར་བ༔ དེའི་ནང་དུ་ཐོད་པའི་ཕྱེད་ཚལ་གཡས༔ སྣང་སྲིད་དྲེགས་པ་ཕོ་རྒྱུད་ཐམས་ཅད་ཀྱི༔ གདུག་རྩུབ་ཞེ་སྡང་དྲག་རྩལ་ཐམས་ཅད་འདུས་པའི་ངོ་བོ༔ འཆི་བདག་མོན་པ་ནག་པོ་ཁྲོས་པ་འཁྲུགས་པ༔ རྔམ་པ་འཇིགས་སུ་རུང་བ༔ སྐྲ་སྔ་ཆིངས་དང་ཕྱི་ཆིངས་སུ་བྱས་པ༔ སྤྱི་བོར་རྡོ་རྗེས་མཚན་པ༔ དར་ནག་གི་རལ་ཀ་གྱོན་པ༔ ཐུ་བ་གཡས་གཟེད་དང་གཡོན་གཟེད་བྱས་པ༔ ཁ་ནས་ངན་སྔགས་རུ་རུའི་སྒྲ་སྒྲོགས་པ༔ ལག་གཉིས་འགུགས་འཆིང་དང་གསོད་གཅོད་གཏུབ་པའི་ལས་བྱེད་པ༔ དེ་བཞིན་ཐོད་པའི་ཕྱེད་ཚལ་གཡོན༔ སྣང་སྲིད་དྲེགས་པ་མོ་རྒྱུད་ཐམས་ཅད་ཀྱི་གདུག་སེམས་འདོད་ཆགས་

p. 454

དྲག་རྩལ་ཐམས་ཅད་འདུས་པའི་ངོ་བོ༔ འཆི་བདག་མོན་པ་ནག་མོ་ཁྲོས་པ་འཁྲུག་པ་རྔམ་པ་འཇིགས་སུ་རུང་བ༔ སྐྲ་སྔ་ཆིངས་དང་ཕྱི་ཆིངས་སུ་བྱས་པ༔ སྤྱི་བོར་རྡོ་རྗེས་མཚན་པ༔ དར་ནག་གིི་རལ་ག་གྱོན་པ༔ ཐུ་བ་གཡས་གཟེད་དང་གཡོན་གཟེད་བྱས་པ༔ ཁ་ནས་ངན་སྔགས་ཁ་ཤའི་སྒྲ་སྒྲོགས་པ༔ ལག་གཉིས་འགུགས་འཆིང་དང་གསོད་གཅོད་གཏུབ་པའི་ལས་བྱེད་པའོ༔ བཞི་པ་ལིངྒ་བསྐྱེད་པ་ནི༔ སྙིང་རྗེ་མེད་པའི་བཤན་པ་ཕོ་མོ་དེ་གཉིས་ཀྱི་བར་དུ༔ ནྲྀ་ལས་དམ་ཉམས་དགྲ་བོ་མདོག་སྔོ་བ༔ སྐྲ་གཟེངས་པ༔ ཉམ་ཐག་པ་ཤ་རིད་པ༔ ཡན་ལག་ལྕགས་སུ་བཅུག་པ༔ མགོན་སྐྱབས་ཀྱི་ལྷ་དང་ཕྲལ་བ༔ གནོད་བྱེད་ཀྱི་གཤེད་མས་གཏུབ་པ༔ ལུས་ལ་ནད་མཚོན་གྱིས་བཏབ་པ༔ ཁ་ནས་མྱ་ངན་གྱི་འོ་དོད་འབོད་པ༔ འདར་བ་འཁུན་པ་དང་བཅས་ཏེ་བྱེའུ་ཕྲུག་ས་རྗེན་ལ་བོར་བ་ལྟར་གྱུར༔ སྐབས་འདིར་གསེར་སྐྱེམས་གཟུ་དཔང་དམ་བརྡར་དྲག་ཏུ་བྱའོ༔ ལྔ་པ་དགུག་གཞུག་དང་འགུགས་སྔགས་བཟླ་བའི་དུས་དམིགས་པ་ནི༔ བདག་མདུན་ལས་མཁན་ཕོ་མོ་དང་བཅས་པས་སྤྲུལ་པ་ཡང་སྤྲུལ་རང་འདྲ་བས་སྣང་སྲིད་ཁྱབ་

p. 455

ཅིང་ལྕགས་ཀྱུ་དང་ཞགས་པས་དགྲ་བོ་ལ་བཏབ་ནས་རང་དབང་མེད་པར་ཁྲིད་དེ་ལིང་ག་ལ་ཡང་ཡང་ཐིམ་པར་བསམ་མོ༔ དྲུག་པ་བསད་པའི་དམིགས་པ་ནི༔ བདག་མདུན་ལས་མཁན་ཕོ་མོ་དང་བཅས་པའི་རྣོ་ངར་ལྡན་པའི་མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ༔ དམིགས་བྱའི་ལུས་ངག་ཡིད་གསུམ་བསད་བཅད་གཏུབ་ཅིང་རྡུལ་དུ་བརླགས༔ ཁ་ནས་ངན་སྔགས་ཀྱི་ནུས་པ་ནད་སྤྲིན་དང་མེ་དཔུང་གི་ཚ་དབལ་རྣོ་ངར་གྱི་རྣམ་པར་འཕྲོས༔ དམ་ཉམས་དགྲ་བོའི་སྒོ་གསུམ་ཐལ་བ་རྡུལ་དུ་ཆོམ་ཆོམ་བཏང་བར་ནན་གྱིས་བསྒོམ་མོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཅེས་པའི་སྲོག་འདིས་མ་བཟུང་ན༔ བཟློག་བསད་ཙ་ཀྲིམ་རོ་དང་འདྲ༔ དགོངས་པའི་གནད་འདི་མ་བཀྲོལ་ན༔ བཟློག་བསད་ཙ་ཀྲིམ་དོན་གོ་འཁྲུགས༔ དེ་ཕྱིར་སྦས་ཆོས་གསང་བའོ༔ ས་མ་ཡ༔ བཀའ་རྒྱ་དགུས་བཏབ་པོ༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ༔ མངྒ་ལཾ༔ ༈ སྤུ་གྲིི་དམར་འབྱིན་སྔགས་ཀྱི་ཡང་ཡིག་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ གུ་རུ་པདྨ་ལ་མཁྱེན་པར་ལྡན་པའི་དབལ་བོན་དྲན་པ་ནམ་མཁས་ཕུལ་ཞིང་ངན་སྔགས་བཟློག་བསད་རྩ་ཀྲིམ་འདི་ཤིན་ཏུ་ཟབ་བོ༔ ཨྠྀི༔ དེ་ཡང་བདག་ཞང་ཞུང་ཁྲོས་པའི་ང་རྒྱལ་ལ་གནས་པས་ཞེ་སྡང་དྲག་ཏུ་བསྐྱེད༔ དགྲ་

p. 456

བོ་མ་ཉེས་ཁ་ཡོག་གཏོང་མི༔ བརྙས་པ་བྱེད་མཁན༔ བསྡིགས་རྡུང་རྐུ་འཕྲོག་བྱེད་པ༔ གསོད་གཅོད་ཤོམ་པ༔ མཐུ་གཏད་སེར་དང་རླུང་འཁོར་རྩོམ་པ༔ མི་ཁ་དང་སྨྲ་མཆུ་སྐུར་འདེབས་བྱེད་པ་སོགས་མདོར་ན་གནོད་བྱེད་གང་ཡིན་པ་དེ་སྔགས་དང་དམིགས་པའི་འཁྲུལ་འཁོར་གཟིར་བར་བྱའོ༔ མ་ཉེས་ཤགས་འདེབས་དང་བདེན་པའི་ཡུས་དྲག་ཏུ་བརྗོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ནི་ཟློག་པའི་དྲག་སྔགས་ཏེ་ཐོག་ལྟར་བཟླའོ༔ ཙ་ཀྲིམ་ཙ་ཀྲིམ༔ ཙ་ཀྲིམ་མ་ར་ཡཱ༔ ཙ་ཀྲིམ་མ་ར་ཡཱ༔ གར་མ་ཙན་ཏྲ་ཙག་ཤེ་བྷྱོ༔ ཆྒཻ་ངན་ནྲི་ཧུར་ཐུམ་ཛ༔ འགུགས་པའི་སྔགས་འདི་རྟགས་བརྟན་པོར་མ་མཐོང་བར་དུ་གནད་དུ་བསྣུན་ནོ༔ བཟློག་པ་དང་འགུགས་པའི་དྲག་སྔགས་སྦས་རྒྱ༔ ཨྠྀི༔ བསད་པའི་དྲག་སྔགས་འདི་ཐོག་རྒོད་ལྟར་དྲག་སྔགས་ཀྱང་རྩུབ་པར་བཟླའོ༔ ཁ་ཤ་བམ༔ རཀྴ་ཏྲི་དུ་ནན༔ སྨན་ཤ་སྦུད༔ ཐུམ་རི་རི་རོ་ས་ལ་ནན༔ རུ་རུ་ཤག་པ་ཀཱ་ཡ་ནན༔ སྲོག་རྩ་རྩ་ཁྲག་ཏི་ཕྱུངས༔ ཐུམ་རི་ལི་ལི་རམ་ཤག་རྦད༔ ནྲྀ་ཧུར་ཐུམ་ཛཿདགྲ་བོ་ཆྒཻའི་སྲོག་ལ་མཱ་ར་ཡ་རྦད༔ བསད་པའི་རྟགས་མ་མཐོང་བར་དུ་ཐུན་དུ་བཅད་དེ་ནན་གྱིས་བྱའོ༔ ས་མ་ཡ༔ ཁ་ཐཾ༔ འདི་རྣམས་བགྲང་དུས་མི་ཚིག་གིས་བར་མ་ཆོད་པར་བྱའོ༔ མཚམས་དམ་དུ་བསྡམས༔ ལེ་ལོ་དང་རྣམ་གཡེང་ལ་མ་ཤོར་བར་བྱའོ༔ ༵ཨྠྀི༔ སྤུ་གྲི་དམར་འབྱིན་སྔགས་ཀྱི་ཡང་ཡིག་འདི༔ གབ་པ་མངོན་དུ་ཕྱུང་བའི་གདམས་པ་ཡིན༔ མཐའ་དམག་ཆེ་དང་སྤྱི་སྒོས་བསྟན་དགྲ་ལ༔ སྤུ་གྲི་འདི་ཡིས་རྟགས་མཚན་མ་བྱུང་ན༔ མི་འགྱུར་གཡུང་དྲུང་དབལ་བོན་རྫུན་མར་ཐལ༔ དེ་ཡི་

p. 457

ཕྱིར་ན་མི་སྤེལ་རབ་ཏུ་གསང་༔ བསྟན་དགྲ་ལས་ངན་འཕུང་བའི་གསང་ཚིག་ཡིན༔ གསོད་བྱེད་སྤུ་གྲི་དམར་འབྱིན་འདི་ཁོ་ན༔ མང་དུ་སྤེལ་ན་སྔགས་ཀྱི་ནུས་པ་འཆོར༔ དམ་ཚིག་ཉམས་ཤིང་དམྱལ་བར་འཇིགས་ཏ་རེ༔ བཀའ་འདི་མོན་པ་ཕོ་མོ་རྣམས་ཀྱིས་སྲུངས༔ སངས་རྒྱས་བསྟན་པ་བསྲུང་བའི་བཙས་སུ་ཤོག༔ མཐུ་དང་གྲགས་པ་གཏད་རྒྱ༔ དབལ་བོན་བཀའ་ཡི་རྒྱ༔ མི་འགྱུར་གཡུང་དྲུང་གི་རྒྱ༔ རྣོ་མྱུར་སྤུ་གྲིའི་རྒྱ༔ དམ་ཚིག་གསང་བའི་རྒྱ༔ ཤིན་ཏུ་གཉན་རྒྱ༔ རབ་ཏུ་ཟབ་རྒྱ༔ མ་སྤེལ་སྦས་རྒྱ༔ ཨུ་ཡ་ཨག་ཐམ་རྒྱ༔ མངྒ་ལཾ༔ དགེའོ༔ ༈ བཟློག་བསད་ཙ་ཀྲིམ་ནག་པོ་བཤན་པ་གྲི་ཐོགས་ཀྱི་བསྐུལ་བ་བཞུགས་སོ༔ སྔགས་བདག་དྲེགས་པའི་ཚོགས་ལ་ཕྱག་འཚལ་ལོ༔ བཟློག་བསད་ཙ་ཀྲིམ་ནག་པོའི་ཐུགས་དམ་གནད་ནས་བསྐུལ་བ་ནི༔ དམར་གཏོར་ལ་དགྲ་བགེགས་འགུགས་བསྟིམས་ཤ་ཁྲག་ཏུ་བསམས༔ གོས་ནག་གྱོན༔ གཡབ་འདོར༔ རྔ་བོན་ཐབས་སུ་བརྡུང་བ་ལ༔ ཁྲོས་པའི་ངང་ནས་འདི་སྐད་དོ༔ ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ནས༔ རླུང་ནག་འཚུབ་མའི་དཀྱིལ་འཁོར་ན༔ མ་ཧཱ་དེ་ཝ་བཞུགས་པ་ནི༔ སྐུ་མདོག་སྔོ་སྐྱ་འོད་ཟེར་འབར༔ སྐུ་ལ་དར་ནག་འཇོལ་བེར་གསོལ༔ ཕྱག་གཡས་ཏྲི་ཤུལ་རྩེ་གསུམ་བསྣམས༔ སྡིག་ཅན་སྲོག་རྩ་གཅོད་པར་བྱེད༔ གཡོན་པས་ལྕགས་ཀྱི་ཕུར་པ་ཐོགས༔ སྡིག་ཅན་དགྲ་བོའི་སྲོག་ལ་ཡ༔ ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་འགྱེད༔

p. 458

མ་ཧཱ་དེ་ཝའི་དུས་ལ་བབ༔ སྲོག་དབུགས་ལོངས་ལ་སྙིང་ཁྲག་འཇིབ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ འཇིགས་བྱེད་ཆེན་པོ་རཱ་ཧུ་ལ༔ ཁ་དོག་དུད་ཁ་ཞལ་དགུ་ནི༔ མི་ཟན་སྲིན་པོ་ཁྲོས་པའི་གདོང་༔ ལྟེ་བ་མན་ཆད་ཀླུ་དབང་འདྲ༔ སྐུ་ལ་སྤྱན་མིག་མང་པོས་བསྐོར༔ ཕྱག་གཡས་ཆུ་སྲིན་རྒྱལ་མཚན་འཛིན༔ གཡོན་པས་རྭ་ཡི་མདའ་གཞུ་བསྣམས༔ འོད་ཟེར་སྣ་ལྔའི་འཇའ་ཚོན་འཁྱིལ༔ མེ་རླུང་འཚུབ་མས་སྐུ་ལ་བརྒྱན༔ གཟའ་མཆོག་ཆེན་པོ་སྒྲ་གཅན་འཛིན༔ ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ༔ དམག་དཔོན་ཆེན་པོ་འཁོར་དང་བཅས༔ དགྱེས་པའི་ཚུལ་གྱིས་ལས་མཛོད་ཅིག༔ སྡང་བར་བྱེད་པའི་དགྲ་བོ་ཡི༔ ཁ་དབུགས་ལོངས་ལ་དོན་སྙིང་ཕྱུངས༔ བླ་ཚེ་རྣམ་ཤེས་རྟེན་དང་ཕྲོལ༔ ལོ་དང་ཟླ་བར་མ་འགྱངས་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད༔ ལྷ་ཆེན་མ་ཧཱ་དེ་ཝ་སོགས༔ སྔགས་བདག་དྲེགས་པ་མཐུ་མ་ཆུང་༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པ་རིན་ཆེན་བསྲུང་དུ་གསོལ༔ ཅེས་དྲག་ཏུ་བསྐུལ༔ ཐུགས་དམ་གནད་བསྐུལ་གྱི་མན་

p. 459

ངག་འདི་ཁོ་ནའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཚིག་བསྒྲགས་ཤིང་གནད་ནས་བསྐུལ་བ་ནི༔ བྷྱོ༔ ང་ནི་ཞང་ཞུང་ཁྲོས་པའི་སྐུ༔ ངན་སྔགས་འཛབ་འདྲེན་དི་རི་རི༔ ལྷ་སྲིན་སྡེ་བརྒྱད་དྲག་རྩལ་ཅན༔ མོན་པ་ཕོ་མོ་མྱུར་མགྱོགས་ཅན༔ མ་ཐོགས་མྱུར་དུ་དམ་ལ་འདུས༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ སྔོན་ཚེ་པདྨ་འབྱུང་གནས་དང་༔ མཐུ་ཆེན་དྲན་པ་ནམ་མཁའ་ཡི༔ བཀའ་དང་དམ་ལས་མ་འདའ་བར༔ འཆི་བདག་དྲེགས་པ་མཐུ་ཆེན་རྣམས༔ དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ༔ རླུང་དམར་བཞིན་དུ་འཚུབས་ཤིང་བྷྱོ༔ གློག་དམར་བཞིན་དུ་འཁྱུག་ཅིང་བྷྱོ༔ རྦབ་རྒོད་བཞིན་དུ་འགྲིལ་ཞིང་བྷྱོ༔ ཐོག་རྒོད་བཞིན་དུ་དབབ་ཅིང་བྷྱོ༔ དམིགས་པའི་ཡུལ་གྱུར་དགྲ་བོ་ཡི༔ བླ་སྲོག་རྣམ་ཤེས་ཁུག་ལ་ཤོག༔ བསྟན་པ་བཤིག་པའི་དགྲ་བོ་ལ༔ དུག་གསུམ་ནད་ཀྱི་ཆར་པ་ཕོབ༔ མི་རུང་ལྟས་ངན་སྣ་དགུ་ཐོངས༔ སྔོ་དམར་ཚོན་གྱི་གྲུ་གུ་རྐྱོངས༔ ནད་དང་ཡམས་ཀྱི་རྐྱལ་པ་གཏོར༔ དགུ་རྒྱུད་རྩད་ནས་ཆོད་ལ་ཤོག༔ བསྟེན་ཅིང་བསྒྲུབ་པའི་ལྷ་དང་ཕྲོལ༔ ལྷ་དང་སྔགས་ཀྱི་ནུས་པ་ཆོམ༔

p. 460

བྱད་མ་རང་གཤེད་རང་ལ་ཕོབ༔ རྩད་ནས་ཆོད་ཅིག་དྲུངས་ནས་ཕྱུངས༔ འཆི་བདག་བཤན་པ་ཕོ་མོ་ཡིས༔ དོ་ནུབ་དམ་ཉམས་དགྲ་བོ་འདི༔ ནག་པོ་བདུད་ཀྱི་ལག་ཏུ་སྤྲོད༔ འཆི་བདག་གཤིན་རྗེའི་ཁྲམ་ལ་ཐོབ༔ ཀླུ་བདུད་ནག་པོའི་གྲེ་བར་རྫོངས༔ མ་ཡམས་འདྲེ་སྲིན་ཟ་ལམ་ཐོད༔ ཡིད་ལ་བརྣག་པའི་དགྲ་བོ་འདིས༔ དཀོན་མཆོག་གསུམ་གྱི་བསྟན་པ་བཤིག༔ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ༔ རྣལ་འབྱོར་བདག་ལ་དོ་རུ་བསྡོས༔ ལྷ་དང་སྲུང་མར་ཕོད་དུ་བཙུགས༔ རྒྱུ་འབྲས་གཉན་པོ་ཁྱད་དུ་བསད༔ མི་དགེ་མཚམས་མེད་ལས་ལ་སྤྱོད༔ ཞིང་བཅུ་ཚང་བའི་སྡིག་ཅན་འདི༔ ས་སྟེང་འདི་རུ་བཞག་པ་ན༔ སངས་རྒྱས་བསྟན་པ་ནུབ་ཏ་རེ༔ མ་གཡེལ་དམ་ཅན་ལས་མཁན་རྣམས༔ ངས་བཅོལ་བཞིན་དུ་ཕྲིིན་ལས་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་དྲག་ཏུ་བསྐུལ་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང་ངོ་༔ ས་མ་ཡ༔ ཨྠྀི༔ ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ༔ མངྒ་ལཾ༔ ༈ སྙན་བརྒྱུད་དག་སྣང་གི་ཆ་ལག་ངན་སྔགས་ཉེར་གཅིག་གི་སྐོར་ལས༔ ཤ་ཟ་ཧོར་མོའི་ལྟས་ངན་མངོན་རྒྱུག་གི་རླུང་སྒྲུབ་བཞུགས་སོ༔

p. 461

དབང་ཆེན་ཧྱ་གྷྲཱི་ཝར་འདུད༔ བནྡྷེ་ཁས་ཉན་དབང་ཆུང་ལ༔ མི་རྒོད་ཁྲེལ་མེད་དཔུང་རྒོད་ཀྱིས༔ དངོས་སུ་འཕྲོག་དང་ལྐོག་ཏུརྐུ༔ ཟས་ནོར་ཚགས་སུ་མི་འཇུག་ན༔ ངན་སྔགས་འདི་ལ་རྒྱབ་རྟེན་ཆོས༔ དམ་ཉམས་དགྲ་ལ་ཞེ་རེ་ཚིམ༔ མི་རྟག་ཤ་ཟ་ཧོར་མོ་ཡི༔ ལྟས་ངན་མངོན་རྒྱུག་རླུང་སྒྲུབ་ནི༔ གནག་གི་ལྕི་ཁྲག་ཁམས་དང་བསྲེ༔ ནོར་ཕྱུགས་ཀ་ཅ་གང་སྟོར་བའི༔ གཟུགས་བཅོས་ནང་དུ་མིང་བྲིས་གཞུག༔ དགྲ་ཡི་མིང་རུས་དག་ཀྱང་གཞུག༔ གྲུ་གསུམ་ཧོམ་གྱི་ནང་དུ་བཞག༔ སྨྲ་བཅད་ཞེ་སྡང་ངང་ནས་བཟླ༔ རྒྱུགས་རྒྱུགས༔ ཆོ་ཆོ༔ ཤ་ཟ་ཧོར་མོ་མགྱོགས་པར་ཤུགས་ལ་བྲེང་ཤག་ཏི་ཚལ་པ་རྦད༔ དམ་ཉམས་རྐུན་མའི་ཡུལ་དུ་ཐོག་རྒྱོབ་ཆིལ་ཆིལ་ཧེ་དུ་ཙ་ན་ཕོབ་ཡ༔ ཉི་མ་རྒས་དུས་གཟུགས་དེ་ནི༔ ཀླད་ལ་བསྐོར་ཞིང་ངན་སྔགས་བཟླ༔ དགྲ་ཡི་ཕྱོགས་སུ་ཁ་བསྟན་ནོ༔ རང་གི་འགྲམ་པ་དག་ལ་ནི༔ གཡས་དཀར་གཡོན་ནག་མཚོན་གྱིས་བྱུག༔ བྲང་བརྡུང་སྐྲ་བསིག་འོ་དོད་འབོད༔ མ་ཉེས་ཤགས་དཔང་བདེན་ཡུས་བདར༔ དམ་ཉམས་དགྲ་རྐུན་ཆྒཻ་མོ༔ མི་ཕུང་མགོ་ནས་ཕུང་ལ་ཤོག༔ ཤིང་ཕུང་རྩད་ནས་འཐོན་ལ་ཤོག༔ ཅེས་བརྗོད་ཉི་མའི་ཟེར་ལ་ནི༔ བསྐྱོན་ནས་དགྲ་ཡི་ཕྱོགས་སུ་ནི༔ རྫས་དང་གཏོར་མ་འཕེན་པར་བྱ༔ རྟགས་ནི་ནོར་ལ་མེ་འབར་དང་༔ བུད་མེད་འཛིང་འཐབ་བྱེད་པ་དང་༔ ཕྱུགས་ཀྱིས་མི་སྐད་སྨྲ་བ་འབྱུང་༔ གཞན་ཡང་ལྟས་ངན་སྣ་ཚོགས་འོང་༔ ཉིན་གཅིག་སྒྲུབ་ཀྱང་འོང་བར་ངེས༔ ཞག་གསུམ་གྱིས་ནི་ཐེ་ཚོམ་མེད༔ ཤིནྟུ་ཟབ་བོ་ཨྠྀི་རྒྱ༔ དེ་ནས་གཏོར་མ་འབུལ་བ་ནི༔ དམར་གཏོར་འབྲིི་གཡག་ཤ་ཁྲག་

p. 462

རྒྱན༔ ཐུན་དང་རྩང་དང་དཔལ་འབར་གཟུགས༔ དགྲ་བོ་འགུགས་གཞུག་ནན་དུ་བྱེད༔ དགྲ་བོ་བསྒྲལ་བའི་ཤ་ཁྲག་རུས༔ བྱིན་གྱིས་བརླབས་ནས་སྔགས་འདིས་འབུལ༔ རྒྱུགས་རྒྱུགས༔ ཆོ་ཆོ༔ ཤ་ཟ་ཧོར་མོ་མགྱོགས་པར་ཤུགས་ལ་བྲེང་༔ དམ་ཉམས་དགྲ་བོའི་ཤ་ཁྲག་དོན་སྙིང་ཁ་ཁ་ཁཱ་ཧི༔ བདུན་ནམ་ཉེར་གཅིག་དག་གིས་འབུལ༔ དུས་ནི་ཉིན་གུང་མཚན་གུང་དང་༔ ཉི་མ་ཟེར་བའི་དུས་སུའོ༔ དེ་ནས་ལས་ལ་བསྐུལ་བ་ནི༔ རྐང་གླིང་ཤུགས་པའི་སྒྲ་བཏང་ཞིང་༔ རྔམ་པའི་ཤུགས་ཀྱིས་འདི་སྐད་དོ༔ བྷྱོ༔ མུ་སྟེགས་ཤ་ཟ་ཧོར་མོ་ནི༔ ནག་མོ་མུན་མདོག་ཤིན་ཏུ་ཁྲོས༔ ཕྱག་གཉིས་དགྲ་སྙིང་བཟུང་ཞིང་འདྲད༔ རབ་ཏུ་འཇིགས་ཤིང་རྔམ་རྔམ་འདྲ༔ གསོད་ལ་དགའ་ཞིང་ཤ་ལ་དད༔ ལྟས་ངན་མང་པོ་ཕོ་ཉར་འགྱེད༔ མ་མོ་ཙིཏྟའི་ཕོ་ཉ་མོ༔ ནག་མོ་དགུ་ཁྲི་དགུ་འབུམ་དང་༔ བྱ་གཅན་ལྷ་སྲིན་བྱེ་བས་བསྐོར༔ འདིར་གཤེགས་དམར་གྱི་གཏོར་མ་བཞེས༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ སྔགས་འཆང་བདག་གིས་ལས་བཅོལ་སྒྲུབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ཡན་པར་བཏང་ན་བསྟན་པ་འཇིག༔ སྲུང་མ་ཁྱོད་དང་བདག་ལ་བརྙས༔ དོ་རུ་བསྡོ་ཞིང་ཕོད་དུ་བཙུགས༔ རྣོ་མྱུར་མེ་དང་འདྲ་བ་ཡི༔ ཁྱོད་ཀྱི་དྲག་རྩལ་དུས་ལ་

p. 463

བབ༔ དགྲ་བོའི་མི་ཕུང་མགོ་ནས་ཕུང་༔ ཤིང་ཕུང་རྩད་ནས་ཐོན་ལ་ཤོག༔ དམེ་འཁྲུག་ཕུང་ཐབས་སྣ་ཚོགས་ཐོངས་༔ དུག་དང་ནད་ཀྱི་ཁ་ཕྲུ་ཐོབ༔ གཟེར་ནད་གློ་བུར་སྨྱོ་འབོག་སློངས༔ འོད་དམར་ཐོག་རྒོད་དྲག་པོས་རྒྱོབ༔ མིང་ནས་བོས་ལ་སྐྲ་ནས་འཐེན༔ སྔངས་སྐྲག་འཇིགས་གཟུགས་སྣ་ཚོགས་སྟོན༔ ད་ལྟ་སྦོས་གྲིར་སོད་ཅིག་ཡཱ༔ མི་རུང་ལྟས་ངན་ཆར་ལྟར་ཕོབ༔ མ་གཡེལ་མ་འགྱངས་ལས་ལ་བྷྱོ༔ ལྟས་ངན་ཐན་གྱི་བདག་མོ་རྦད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་དགྲ་ཕྱོགས་གཏོང་༔ གཡབ་འདོར་དམོད་ངན་མང་དུ་བྱ༔ ཞལ་ཤེས་གནད་ཀྱི་ཡིག་ཆུང་གབ་ཡིག་གུད་དུ་སྦས་པ་ཤེས་པར་བྱའོ༔ ༈ མུ་སྟེགས་ཤ་ཟ་ཧོར་མོའི་ཆ་ལག་གབ་སྦས་གསང་བའི་མན་ངག་བཞུགས་སོ༔ བླ་མ་དང་དབང་ཆེན་རྟ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདིར་སྔགས་དང་ལག་ལེན་གཞུང་ལྟར་འཚོགས་པར་བྱས་ལ་མར་ངོའི་གཟའ་སྐར་སོགས་དྲག་པོའི་དུས་བྲག་ནག་དང་ལམ་སྲང་ལྷ་འདྲེ་རྒྱུ་བའི་གནས་སུ་བསྒྲུབ༔ ཐོག་མར་ཡི་དམ་རྟ་མགྲིན་དྲག་པོ་གང་རུང་གི་དབང་བསྙེན་སྔགས་བསྐྱེད་རྫོགས་གདེང་ལྡན་མ་གཏོགས་གར་ཐོན་ཐོན་མི་བྱའོ༔ དེ་ནས་སྲོད་དྲག་པོའི་དུས་ནས་བརྩམས་ཏེ༔ བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མེ་

p. 464

དཔུང་དམར་པོ་འཁྲིགས་ཤིང་དུག་རླུང་ན་བུན་ཁམ་ནག་འཚུབས་པ་མི་རྟ་ཁྱི་གསུམ་གྱི་རོ་སྣ་ཚོགས་གྲམ་ལྟར་བརྡལ་ཞིང་༔ ལྟས་ངན་སྣ་ཚོགས་རྒྱུག་གར་བྱེད་པ་ཁྲག་ཞག་གི་རྒྱ་མཚོ་དྲི་རུལ་འཕྲོ་བའི་དབུས་སུ་བདག་གི་ཐུགས་ཀའི་ཡི་གེ་བྷྱོ་འཕྲོས་པ་ཡོངས་སུ་གྱུར་པ་ལས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤ་ཟ་དྷཱཀྐི་ཐམས་ཅད་ཀྱིས་བསྟན་དགྲ་ཆོམ་རྐུན་མ་རུངས་པ་རླག་པར་བྱེད་པའི་སྤྲུལ་བསྒྱུར་གཅིག་ཏུ་བསྡུས་པ་མུ་སྟེགས་ཤ་ཟ་ཧོར་མོ་སྐུ་མདོག་ནག་མོ་ཆར་སྤྲིན་མུན་ལྟར་གྱི་མདོག་འཇིགས་ཤིང་རྔམ་པ་ལུས་ལ་ཁྲག་གིས་བྱུགས་ཤིང་ཡན་ལག་སྦྲུལ་གྱིས་བརྒྱན་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ ལག་གཉིས་ཀྱིས་དགྲ་སྙིང་དྲོན་མོ་ཁྲག་གཙིར་བ་བཟུང་ཞིང་འདྲད་པ་དེའི་འཁོར་དུ་ནག་མོ་དགུ་ཁྲི་དགུ་འབུམ་བྱ་གཅན་ལྷ་སྲིན་སྣ་ཚོགས་ལྟས་ངན་ཐན་སྣ་མང་པོས་བསྐོར་ཞིང་དེ་ཐམས་ཅད་དགྲ་བོ་གསོད་ལ་དགའ་བ་ཤ་ལ་སྲེད་ཅིང་ཁྲག་ལ་རྔམ་པ་ཞེ་སྡང་འཁྲུགས་པ༔ དགྲ་རྐུན་གྱི་ཚེ་བསོད་དབང་ཐང་གང་དུ་གནས་ཤེས་ཤིང་མྱུར་

p. 465

མགྱོགས་གློག་ལྟར་འཕྲོ་བར་བསམ༔ བདག་གི་ཐུགས་ཀའི་འོད་ཟེར་ཤ་ཟ་འཁོར་བཅས་ཀྱི་སྙིང་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་བབ་སྔགས་བཟླ་བཞིིན་འཁོར་ལོ་དེ་ཉིད་གནམ་ལྕགས་ཀྱི་ཐོག་ལྟར་དྲག་ཏུ་བབ་པས་རང་དབང་མེད་པར་བསྐུལ་ཏེ་བསྟན་དགྲ་ཆོམ་རྐུན་གང་དུ་གནས་པའི་སར་ཆས་ཏེ་མིང་བོས་སྐྲ་བསིག་ཡིད་སྨྱོས་ཁ་ནས་དབང་མེད་དུ་སྨྲས༔ ནོར་རྫས་ལ་མེ་འབར་ཕྱུགས་ཀྱིས་མི་སྐད་བཤད་པ་སོགས་ལྟས་ངན་སྣ་ཚོགས་ཀྱི་ཡུལ་ཁྱིམ་འགེང་བར་བསམ་ལ༔ སྨྲ་བཅད་ཞེ་སྡང་ངང་ནས་སྔ་དྲོ་ཡི་དམ་གྱི་སྔགས་ཤམ་འདོགས༔ གཞན་ཐུན་རྣམས་ལ་རང་སྔགས་གཅིག་པུས་ཆོག༔ སྐབས་སྐབས་སུ་ཧོམ་ནག་ལིངྒ་དགུག་གཞུག་ལན་མང་བྱ༔ ཐུན་མགོར་ཟན་ལིང་འགུགས་བསོད་ཀྱིས་བསྒྲལ་ཞིང་ཐུན་གཏོར་ནང་དུའབུལ༔ རང་ཉིད་ཡི་དམ་དུ་གསལ་བའི་སོགས་ཟུར་གསལ་སྤྱན་འདྲེན་སྔགས་འབུལ༔ བྷྱོ༔ མུ་སྟེགས་ཤ་ཟ་སོགས་ཀྱིས་བསྟོད་བསྐུལ་མཐར་དྲག་སྔགས་ཤམ་ཅན་བཟླ༔ དགོང་མོ་སྲོད་དུས་དམོད་བཅོལ་དང་གཙོ་མོའི་ཐུན་གཏོར་དགྲ་ཕྱོགས་སམ་བྱང་དུ་འཕེན༔ ཡི་དམ་མཇུག་བསྡུ་སོགས་སྤྱི་འགྲོས་ལྟར་བྱའོ༔ ཞག་བདུན་ཕྲག་རྫོགས་པ་དང་དགོང་མོ་སྲོད་དུས་གཟུགས་ཀླད་སྐོར་སོགས་གཞུང་ལྟར་སྒྲུབ་གཏོར་ཟོར་དུ་བསྐུལ་དགོས་སོ༔ རྫས་

p. 466

དང་གཏོར་མ་དགྲ་ཕྱོགས༔ ལིངྒ་རྭ་རུ་སོགས་མནན་སྣོད་དུ་དགྲ་ཕྱོགས་སུ་སྦས་སོ༔ ༈ གུད་དུ་སྦས་པའི་མན་ངག༔ ལིངྒ་དགྲ་ལིང་སྤྱི་བོའི་གཙུག་ནས་བྲིས་ཏེ་བྲི་རྫས་རབ་ཡུགས་ནལ་གསུམ་གང་རུང་ཐབ་དྲག་ཁང་དྲག་སོགས་ཅི་འཛོམ༔ བྲི་གཞི་རོ་རས་སམ་དུག་ཤོག༔ དུས་ཕུང་གསུམ་ཉི་མ་ལ་ལིངྒ་རུས་ཉམས་སྐྱེ་མཆེད་དོད་པའི་མཐར་ཡིག་མགོ་ཕྱིར་བསྟན་བླ་འགུགས་སྔགས་ནང་བསྟན༔ རྒྱུགས་རྒྱུགས་སོགས་སྔགས་ཤམ་ལྟས་ངན་རྒྱུག་པའི་འདོད་གསོལ་ཅན་ཕྱི་ནང་བྱས་ཏེ་བྲི༔ ཡི་གེ་གཤར་མིན་གཟབ་མིན་བྲིས་ཏེ་ཛཿཁྲམ་བསྐོར༔ པགས་བལྟབས་བྱས་ལ་ལིང་ཁྲུས་བྱས་ཏེ་དགྲ་བཟློག་ཚོན་སྐུད་སྣ་ལྔས་བཅིངས་ཏེ་ཧོམ་གྱིི་ནང་དུ་རྩང་ར་བཅས་བཅུག༔ དུས་དྲུག་གམ་གསུམ་དུ་དགུག་གཞུག་དྲག་པོ་ལན་ཉེར་གཅིག་སོགས་གང་ལྕོགས་རྟགས་ཐོན་བྱས་ལ་བཟླས་པ་དང་བསྐུལ་བ་སོགས་བྱའོ༔ དགྲའི་མིང་མ་ཤེས་ན་བདག་ལ་འཚེ་བའི་སོགས་གང་བྱས་ཀྱང་ཆོག༔ རུས་མ་ཤེས་ན་ས་ཁམས་གདོང་ལ་སྨྲོས༔ ཁམས་མ་ཤེས་ན་ལོའི་དགྲ་གཤེད་ཀྱིས་ཆོག༔ རླུང་འཁོར་ཞལ་ཕྱེས་བཞིན་བྲིས་ལིངྒའི་ཡི་གེ་ ༈ དབང་ཆེན་རྟ་མཆོག་བཞད་པའི་གད་རྒྱང་གིས༔ སྣང་སྲིད་དྲེགས་ཚོགས་ཟིལ་གནོན་ཤིས་པ་སྩོལ༔ དེ་ལ་འདིར་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཐུགས་རྗེའི་རྩལ་མདངས༔ གཟུང་འཛིན་བདུད་དགྲའི་མིང་མཐར་མཛད་པའི་མུ་སྟེགས་ཤ་ཟ་ཧོར་མོའི་སྒོ་ནས་ཉམས་པ་ཆམ་ལ་དབབ་པར་འདོད་པའི་རྣལ་འབྱོར་པ་དག་གིས༔ དབེན་པའི་གནས་སུ་དགུ་གསུམ་གང་ཡིན་གྱི་སྲོད་ནས་འཇུག་སྟེེ༔ དེ་དག་དཀྱིལ་འཁོར་རཀྟའི་ཆག་ཆག་བཏབ་པའི་

p. 467

སྟེང་མཉྫིའི་ཁར་ཡི་དམ་གྱི་གཏོར་མ༔ གཡས་གཡོན་སྨན་རཀ་མདུན་དུ་ཤ་ཟ་ཧོར་མོའི་སྒྲུབ་གཏོར་མཆོད་གཏོར་དབྱེར་མེད་པ་ལ་དམར་གཏོར་ཤ་ཁྲག་དང་ལིངྒས་བརྒྱན་པ་བཤམས་མཐར་ཉེར་སྤྱོད་ཀྱིས་བསྐོར༔ རང་མདུན་གང་བདེར་སྟེགས་ནག་པོ་དུག་ཁྲག་གིས་སྦགས་པའི་སྟེང་དུག་སྣ་ཟོར་རྫས་བསྲེས་པའི་འབྲུ་ནག་གི་ཕྱེ་ལ་དམར་གཏོར་རྔམ་བརྗིད་ལྡན་པའི་ཞབས་སུ་དགྲ་ལིང་ཟན་ནམ་ཤོག་ལིང་གང་འཛོམས་མནན༔ སྟེང་དུ་དར་ནག་གི་གུར་ཕུབ༔ གཡས་གཡོན་མཚེ་རྩང་སོགས་ཤ་ཁྲག་གིས་བརྒྱན་པའི་མཐར༔ སྤྲེལ་གཟུགས་གླ་བ་ལ་ཞོན་པ༔ བྱ་རོག་བོང་བུ་ཞོན་པ༔ འུག་པ་རྔ་མོང་ཞོན་པ༔ སྲེ་མོང་བྱི་ལ་ཞོན་པ་སོགས་མདོར་ན་མི་རུང་སྣ་དགུའི་གཟུགས་རང་རང་གི་ཤ་སྤུ་ཁྲག་གིས་སྦགས་པ་བཤམ༔ ཐོག་མར་གསེར་སྐྱེམས་བཏང་བདེན་སྟོབས་བརྗོད་ལ་གཏོར་མ་དགྲ་ཡི་ཤ་ཁྲག་གི་རང་བཞིན་དུ་བྱིན་གྱིས་བརླབས༔ དེ་ནས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུམུ་སྟེགས་ཀྱི་མཁའ་འགྲོ་ནག་མོ་ཤ་ཟ་ཧོར་མོ་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྐུ་མདོག་ནག་མོ་མུན་ལྟར་གཏིབས་པ་ཞལ་གདངས་མཆེ་བ་གཙིགས་པའི་ལག་གཉིས་ཀྱིས་དགྲ་སྙིང་དམར་ཙི་རེ་བ་བཟུང་ཞིང་འདྲད་པ་རབ་ཏུ་འཇིགས་ཤིང་རྔམ་པ་དགྲ་བོ་གསོད་ལ་དགའ་ཞིང་ཤ་ཁྲག་ལ་སྲེད་པ༔ དེའི་འཁོར་དུ་ནག་མོ་དགུ་ཁྲི་དགུ་འབུམ་བྱ་གཅན་ལྷ་སྲིན་སྣ་ཚོགས་ཀྱིས་བསྐོར་བ༔ ལྟས་ངན་ཐན་སྣ་མང་པོ་

p. 468

ཕོ་ཉར་འགྱེད་པ་ཞིག་ཏུ་གྱུར༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བར་འཕྲོས་པས་གར་བཞུགས་ཀྱི་གནས་ནས་དམ་ཚིག་དབང་གིས་སྤྱན་དྲངས་ཤིང་དབྱེར་མེད་དུ་ཐིམ་པར་གྱུར་པར་བསམ་ལ༔ བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ རྒྱུགས་རྒྱུགས༔ ཆོ་ཆོ༔ ཤ་ཟ་ཧོར་མོ་མགྱོགས་པར་ཤུགས་ལ་བྲེང་༔ དམ་ཉམས་དགྲ་བོའི་ཤ་ཁྲག་དོན་སྙིང་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་ནམ་ཉེར་གཅིག་དག་གིས་དབུལ༔ བཟླ་བྱའི་སྔགས་ནི་སྨྲ་བཅད་ཞེ་སྡང་ངང་ནས་བཟླ༔ དེ་ནས་བདག་གི་ཞེ་སྡང་དྲག་པོའི་ངང་ནས་སྔགས་བཟླས་པ་ཙམ་གྱིས་མ་མོ་འཁོར་བཅས་ཤིན་ཏུ་ཁྲོས་པས་དགྲ་བོ་དེ་ཉིད་ཀྱི་ཡུལ་ཁམས་གང་བའི་ཆོ་འཕྲུལ་ཐན་ལྟས་སྣ་ཚོགས་སྤྲོས་ནས༔ ནོར་ཕྱུགས་ལས་མེ་འབར་བ༔ མི་སྐད་སྨྲ་བ༔ ཟ་བར་གཟས་པ༔ འདྲེ་མོ་དང་བྱ་དང་གཅན་གཟན་མོན་པ༔ ཨ་ཙ་ར་དང་སྤྲེའུ་མང་པོ་འོད་འཁྱུགས་པ༔ བཤུག་འདེབས་པ༔ མིང་ནས་འབོད་པ་སོགས་རྔམ་རྔམ་འཇིགས་འཇིགས་ཀྱི་གཟེངས་ལོག་ནས་ཕུང་བརླག་ཏུ་བཏང་བར་བསམ་ལ༔ རྒྱུགས་རྒྱུགས༔ ཆོ་ཆོ༔ ཤ་ཟ་ཧོར་མོ་མགྱོགས་པར་ཤུགས་ལ་བྲེང་ཤག་

p. 469

ཏི་ཚལ་པ་རྦད༔ དམ་ཉམས་རྐུན་མའི་ཡུལ་དུ་ཐོག་རྒྱོབ་ཆིལ་ཆིལ་ཧེ་དུ་ཙ་ན་ཕོབ་ཡ༔ ཐུན་མཐར་གོང་བཞིན་གཏོར་མ་འབུལ༔ གུང་གཉིས་དང་དགོང་མོ་ཉི་མ་ཟེར་ཁ་གསུམ་ལ་བསྐུལ་བ་གཏོང་༔ དེ་ཡང་སྔ་ཐུན་དང་ནམ་གུང་གཉིས་ལ་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མ་མོ་འཁོར་བཅས་གསལ་བའི་ལས་སྒྲུབ་པར་བསམ་ལ་བཟླ༔ དགོང་ཐུན་ལ་ཡི་དམ་སྤྱི་བོའམ་སྙིང་ཁར་གསལ་ཞིང་རང་ཉིད་ཀྱང་མ་མོར་གསལ་ལ་མདུན་གྱི་མ་མོས་ལས་བྱེད་པར་བསམ༔ ཐུན་མཐར་ཉི་མ་ཟེར་ཁར་འགྲམ་པ་གཡས་དཀར་གཡོན་ནག་གི་མདོག་བསྒྱུར༔ གཏོར་མ་འབུལ༔ བསྐུལ་གཏོར་ཐུན་གཏོར་ཟོར་དུ་འཕངས་མཐར་སྔགས་བཟླས་གཟུགས་ཀླད་ལ་བསྐོར་དགྲ་ཕྱོགས་ལ་ཁ་བསྟན༔ བྲང་བརྡུང་སྐྲ་འབལ་འོ་དོད་འབོད་དམོད་བཅོལ་དྲག་པོ་བྱས་པས་མདུན་གྱི་མ་མོ་འཁོར་བཅས་དྲག་ཏུ་ཁྲོས་ནས་ནག་མོ་དགུ་ཁྲི་དགུ་འབུམ་གྱི་དམག་དཔུང་དང་བཅས་ལྟས་ངན་ཐན་ལྟས་སྣ་ཚོགས་ནམ་མཁའ་གང་བར་བྱས་ཏེ་དགྲ་ཡུལ་དུ་ཆས་ནས་ཐལ་བ་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ༔ ༈ མུ་སྟེགས་བལ་མོ་མགྱོགས་བྱེད་ཀྱི་ཕྲིན་ལས་དྲག་པོ་རླུང་སྒྲུབ་བཞུགས་སོ༔ དབང་ཆེན་རྟ་མཆོག་རོལ་པ་ལ་ཕྱག་འཚལ་ལོ༔ ཕུད་དང་གཏོར་མ་ལ་དགྲ་བགེགས་འགུགས་བསྟིམ་བྱིན་བརླབས་བྱས་ནས༔ སྭ་བྷཱ་ཝས་སྔགས་བརྗོད་པས་ཆོས་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་རང་གི་མདུན་དུ་དུར་ཁྲོད་དྲག་པོ་འཇིགས་སུ་རུང་བའི་དབུས་སུ་དམ་ཉམས་དགྲ་བོ་ཁྱོ་

p. 470

ཤུག་བསྣོལ་མར་མནན་པའི་སྟེང་དུ་བྷྱོ་ལས་མུ་སྟེགས་ཤ་ཟ་ཧོར་མོ་ཤིན་ཏུ་ཁྲོས་པའི་ཉམས་ཅན༔ སྐུ་མདོག་ནག་མོ་མུན་ལྟར་གཏིབས་པ་ཞལ་གདངས་མཆེ་བ་གཙིགས་པའི་ལག་གཉིས་དགྲ་སྙིང་དམར་ཙ་རེ་བ་བཟུང་ཞིང་འདྲད་པ༔ རབ་ཏུ་འཇིགས་ཤིང་རྔམ་པ་དགྲ་བོ་གསོད་ལ་དགའ་ཞིང་ཤ་ཁྲག་ལ་སྲེད་པ༔ དེའི་འཁོར་དུ་ནག་མོ་དགུ་ཁྲིི་དགུ་འབུམ་དང་བྱ་གཅན་ལྷ་སྲིན་བྱེ་བས་བསྐོར་བ་ལྟས་ངན་མང་པོ་ཕོ་ཉར་འགྱེད་པ་ཞིག་ཏུ་གྱུར༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ཚྭ་ལ་མྱུར་བ་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་མ་མོ་འཁོར་བཅས་དམ་ཚིག་དབང་གིས་སྤྱན་དྲངས་ནས་བྱོན་པར་བསམ༔ བྷྱོ༔ རང་བཞིན་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་དང་༔ བྱང་ཤར་ཁྲག་མཚོ་མེར་བའི་ནང་ཤེད་ནས༔ པདྨའི་བཀའ་སྡོད་དམ་ཉམས་དགྲ་བོའི་གཤེད༔ ཤ་ཟ་ཧོར་མོ་གནས་འདིར་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛཿཛཿབྷྱོ༔ སྒྲུབ་པའི་གནས་མཆོག་དགྲ་བགེགས་གདན་སྟེང་དུ༔ མི་བསྲུན་ཁྲོ་མོ་བལ་མོ་མགྱོགས་བྱེད་མ༔

p. 471

ཞིང་བཅུའི་སྲོག་དབུགས་སྡུད་པའི་དགོངས་པར་བཅས༔ རྔམ་ཞིང་འཁྲུགས་པའི་གར་གྱིས་བཞུགས་ཕྱག་འཚལ༔ ཛཿཧཱུྃ་བཾ་ཧོཿན་མོ་ཨ་ལ་ལ་ཧོཿབྷྱོ༔ དངོས་བཤམས་ཏིང་ངེ་འཛིན་གྱི་རྣམ་རོལ་ལས༔ བྱུང་བའི་འདོད་ཡོན་མཆོད་པའི་བྱེ་བྲག་དང་༔ ཕྱི་ནང་གསང་གསུམ་བསྐང་རྟེན་སྒྲུབ་པའི་རྫས༔ ཡིད་མཐུན་བཤོས་བུ་ཇ་ཆང་ཕུད་ཀྱི་སྐྱེམས༔ དགྲ་བོའི་ཤ་ཁྲག་དོན་སྙིང་དམར་པོ་འདི༔ ཤ་ཟ་ཧོར་མོ་འཁོར་དང་བཅས་ལ་འབུལ༔ དགྱེས་པར་རོལ་ལ་མངོན་སྤྱོད་ཕྲིན་ལས་མཛོད༔ རྒྱུགས་རྒྱུགས༔ ཆོ་ཆོ༔ ཤ་ཟ་ཧོར་མོ་མགྱོགས་པར་ཤུགས་ལ་བྲེང་༔ དམ་ཉམས་དགྲ་བོའི་ཤ་ཁྲག་དོན་སྙིང་ཁ་ཁ་ཁཱ་ཧི༔ བདུན་ནམ་ཉེར་གཅིག་དག་གིས་འབུལ༔ བྷྱོ༔ སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡེ་ཤེས་རྩལ༔ འགག་མེད་དཔལ་འབར་མ་མོ་མཁའ་འགྲོའི་གར༔ འགལ་བྱེད་ཉམས་པ་བདུན་གྱི་གཤེད་དུ་ཤར༔ མུ་སྟེགས་བལ་མོ་མགྱོགས་བྱེད་མ་ལ་བསྟོད༔ ཁྲོས་པའི་སྐུ་ནི་རི་རབ་ཉིལ་བ་འདྲ༔ དྲག་པོའི་ང་རོ་འབྲུག་སྟོང་ལྡིར་བའི་གསུང་༔ དཔའ་གཏུམ་ཐུགས་མཆོག་གསོད་

p. 472

པར་གཅིག་ཏུ་དད༔ སྲིན་མོ་བརྒྱ་ཡི་རྩལ་དང་ལྡན་ལ་བསྟོད༔ གཡུལ་གྱི་འཕྲུལ་འཁོར་ནང་དབྱེན་སྦྱོར་བས་བཤིག༔ ལྟས་ངན་དམག་གིས་ཆོམ་རྐུན་འཇིགས་པ་སྐྱེད༔ ཤ་ཟ་ཧོར་མོ་འཁོར་དང་བཅས་ལ་བསྟོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དམ་ཉམས་དགྲ་རྐུན་ཕྱི་ནང་གར་མཆིས་ཀྱང་༔ གློ་བུར་སྨྱོ་འབོག་གཟེར་ནད་སྦོས་གྲིར་སོད༔ བདག་གི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བ་འཕྲོས༔ ཞེ་སྡང་དྲག་པོའི་སྔགས་བཟླས་པས་མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ༔ གཙོ་འཁོར་ཐམས་ཅད་ཤིན་ཏུ་ཁྲོས་པས་དགྲ་བོའི་ཡུལ་ཁམས་གང་བའི་ཆོ་འཕྲུལ་ལྟས་ངན་སྣ་ཚོགས་པས་མི་ཕུང་མགོ་ནས་ཕུང་༔ ཤིང་ཕུང་རྩད་ནས་ཐོན་པའི་ལས་བྱེད་པར་བསམ་ལ༔ བདག་གི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བ་འཕྲོས༔ ཞེ་སྡང་དྲག་པོའི་སྔགས་བཟླས་པས་མདུན་གྱི་མ་མོའི་ཐུགས་རྒྱུད་བསྐུལ༔ གཙོ་འཁོར་ཐམས་ཅད་ཤིན་ཏུ་ཁྲོས་པས་དགྲ་བོའི་ཡུལ་ཁམས་གང་བའི་ཆོ་འཕྲུལ་ལྟས་ངན་སྣ་ཚོགས་པས་མི་ཕུང་མགོ་ནས་ཕུང་༔ ཤིང་ཕུང་རྩད་ནས་ཐོན་པའི་ལས་བྱེད་པར་བསམ་ལ༔ ༈ དམོད་བཅོལ་ནི། འོ་འོ། མཆོག་གསུམ་རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་སྤྱི་དང་། ཁྱད་པར་མུ་སྟེགས་ཤ་ཟ་ཧོར་མོ་ནག་མོ་དགུ་ཁྲི་དགུ་འབུམ་འཁོར་དང་བཅས་པ་དགོངས་སུ་གསོལ། ཁྱེད་རྣམས་ཀྱིས་ལེགས་ཉེས་གཟིགས་དྲང་ཤན་ཕྱེས།

p. 473

གཟུ་དང་དཔང་པོར་མཛོད་ཅིག བདག་ཅག་དཔོན་སློབ་འཁོར་དང་བཅས་པས་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། འཇིག་རྟེན་གྱི་བྱ་བ་བཏང་བའི་བློ་བཞགཆོས་མཛད་གོང་མའི་སྲོལ་བཞིན། རང་ནུས་གང་ཡོད་ཀྱིས་གཞན་ལ་ཕན་བཏགས། རི་ངོགས་དབེན་པར་བསམ་གཏན་སྒོམ། ཅི་ཡོད་ལོངས་སྤྱོད་ཆོས་ཕྱོགས་སུབཏང་ནས། ཁ་ཡི་གཏམ་ལག་གི་བྱ་བ་ཉེས་པར་གྱུར་པ་རྡུལ་ཙམ་ཡང་མེད་ཀྱང་། དམ་ཉམས་པའི་དགྲ་འདིས་བཟང་དྲིན་ཁྱད་དུ་བསད་ནས། སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། བླ་མའི་སྐུ་ལ་བསྡོས། བདག་གི་དགྲ་རུ་ལངས། ཆོས་སྡེ་ཆེན་པོ་དཀྲུགས། དབེན་གནས་གཉན་པོ་བཅོམ། སེམས་ཅན་ཡོངས་ལ་གནོད་བསྐྱལ། བཀའ་ཁྲིམས་དང་ཆོས་ཁྲིམས་ལས་ཉམས་ནས་འདུ་བའི་སྒོ་འཕྲོགམཐུན་གཉིས་བར་ལ་དབྱེན་བྱས། བཀའ་རི་དང་རྔོན་རྒྱ་སོགས་བཤིགལྷས་གཉའ་ནས་ཇག་པ་ལྷས་འོག་གི་རྐུན་མ། ནང་མ་སྣ་ཁྲིད་རྒྱབ་རྟེན་སྡོང་ཟླ་བྱེད་པའི་དགྲ་ཡ་བསམ་ནག་

p. 474

འཐབ་ཡ་ངོ་ནགབཤད་ཡ་ལྕེ་བདེ། རྒྱུག་ཡ་བང་མགྱོགས། ལེའུ་ལྷ་ལོགསློབ་བུ་དམ་ལོགཆུང་མ་སྙིང་ནགཤག་རོགས་མནའ་ཟན། མཆེད་གྲོགས་ཁྲེལ་མེད་སོགས། དམིགས་པའི་ཡུལ་དུ་གྱུར་པའི་དགྲ་བོ་མི་ཕུང་མགོ་ནས་ཕུང་ལ་ཤོགཤིང་ཕུང་རྩད་ནས་ཐོན་ལ་ཤོགཁྱད་པར་མི་རུང་ལྟས་ངན་སྣ་ཚོགས་པས་ནོར་ཕྱུགས་ལ་མེ་འབར་བ། ཕྱུགས་ཀྱིས་མི་སྐད་སྨྲ་བ། བུད་མེད་འཛིང་འཐབ་བྱེད་པ། སྤྱང་མོའི་ངུ་འབོད་གཏང་བ། ཁྱིིམ་དུ་འདྲེ་མོ་དང་བྱ་གཅན་གྱིས་གང་བ། འོད་འཁྱུག་པ། བཤུད་པ་འདེབས་པ། མིང་ནས་འབོད་པ། སྐྲ་ནས་འཐེན་པ་སོགས་ལྟས་ངན་ཆོ་འཕྲུལ་སྣ་ཚོགས་པས་དགྲ་བོ་འཁོར་དང་བཅས་པ་མྱུར་བ་ཉིད་དུ་རླག་པའི་ཕྲིན་ལས་མཛོད་ཅིགམཐུ་མ་ཆུང་རྩལ་མ་ཞེན་བང་མ་བུལ། ཨོ་རྒྱན་པདྨའི་བཀའ་བཞིན་མུ་སྟེགས་བལ་མོ་མགྱོགས་བྱེད་བདག་གིས་བཅོལ་བའི་ལས་སྒྲུབས་ཤིག་ས་མ་ཡཱ། ཞེས་དམོད་མོ་བྱའོ། ། ༈ ཤ་ཟ་ཧོར་མོའི་བསྐང་བཤགས་དཔག་བསམ་ལྗོན་པ་བཞུགས་སོ། །བྷྱོ། ཆོས་དབྱིངས་ངོ་བོ་ཀ་ནས་དག་པ་དང་། །ཆོས་ཅན་རྟེན་ཅིང་

p. 475

འབྲེལ་འབྱུང་བསླུ་མེད་མཐུས། །བདེར་གཤེགས་སྲས་བཅས་སྨོན་ལམ་ལས་སྤྲུལ་བའི། །འདོད་ཡོན་མི་བཟད་རྒྱན་གྱི་འཁོར་ལོ་ཤར། །མཛེས་པའི་གཟུགས་དང་སྙན་འཇེབས་རོལ་མོའི་སྒྲ། །ཡིད་འོང་དྲི་མཆོག་ཞིམ་མངར་བཅུད་ལྡན་ཟས། །སྣ་ཚོགས་གོས་དང་རྒྱན་གྱི་བྱེ་བྲག་གིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་། །སྲ་བའི་གོ་ཆ་སྣ་དགུ་བཀྲག་མདངས་འཚེར། །རྣོ་བའི་མཚོན་ཆས་དགྲ་སྙིང་མངོན་སུམ་འབྱིན། །རྟ་དྲེལ་རྔ་མོང་ཞོན་པའི་རིགས་བྱེད་འདིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་། །ཉམས་པ་བདུན་གྱི་ཕུང་ཁམས་སྐྱེ་མཆེད་ལས། །བྱུང་བའི་ཉེར་སྤྱོད་འདོད་པའི་ཡོན་ཏན་ལྔ། །དུར་ཁྲོད་དྲག་པོའི་མཆོད་པ་སྣ་ཚོགས་ཀྱིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོར་གདུང་ཤུགས་ཡུས་ཀྱིས་བོས། །མངོན་སུམ་ཚད་མས་བདེན་རྫུན་སྨྲེང་དུ་གྱེར། །དགྲ་བོའི་སྲོག་ལ་རྔམ་པའི་དམོད་པ་འདིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང། །ཕུང་གསུམ་བདུད་ཀྱི་ཉི་མར་བབ་

p. 476

པའི་དུས། །དགྲ་ལིང་ཐན་གཟུགས་མང་པོ་བཅའ་སོགས་བཤམས། །ཞེ་སྡང་དྲག་པོའི་སྔགས་བཟླས་བཅོལ་བསྐུལ་གྱིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་། །སྔགས་ནག་ཁྲོས་པའི་ཞལ་རས་མཚོན་གྱིས་སྒྱུར། །དམར་ཐག་ཉི་མའི་ཟེར་ལ་བསྐྱོན་ནས་སུ། །རྫས་དང་གཏོར་མ་དགྲ་ཕྱོགས་བོར་བ་ཡིས། །མུ་སྟེགས་ཤ་ཟ་ཧོར་མོའི་ཐུགས་དམ་བསྐང་། །ཧཱུྃ། དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །ཕྱོགས་བཞི་མཚམས་བརྒྱད་ཕྱི་ནང་གར་གནས་པའི། །དགྲ་རྐུན་བསམ་ངན་སྲོག་སྙིང་འབྱིན་པ་དང་། །དམ་ཉམས་འཁོར་དུ་གནས་ཀྱང་ཟ་ངུ་གྱིས། །བདག་སོགས་མ་རིག་དབང་གིས་ནོངས་པའི་ལས། །ཅི་བགྱིས་ཡེ་ཤེས་འཇིག་རྟེན་མ་མོར་བཤགས། །འདི་ཕྱིའི་རྐྱེན་དང་སྒྲིབ་པར་མ་གྱུར་པར། །ཚངས་པ་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཡིག་བརྒྱ་བཟླ། ཞེས་པའང་ལས་རབ་རྩལ་གྱི་དག་སྣང་ངན་སྔགས་༢༡གི་ནང་ཚན་ལྟས་མངོན་རྒྱུག་རླུང་སྒྲུབ་དང་འབྲེལ་བའི་བསྐང་བཤགས་ལྷ་རིགས་སྨྱོན་པ་བཙུན་གཟུགས་འཇིགས་བྲལ་པདྨ་ཀློང་ཡངས་རྡོ་རྗེས་རང་ལོ་སོ་བརྒྱད་པར་འོམ་ལུང་དུང་དཀར་རི་ངོགས་སུ་བྲིས་པ་བཀྲ་ཤིས་པར་གྱུར་ཅིག།། །། ༈ རླུང་

p. 477

འཁོར་བསྐོར་ན། སྟེང་འཁོར་མུ་ཁྱུད་གསུམ་པའི་ལྟེ་བར་ཤ་ཟ་ཧོར་མོའི་སྐུ་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ་རྒྱུགས་རྒྱུགས༔ ཆོ་ཆོ༔ སོགས་སྔགས་ཀྱིས་བསྐོར། དེའི་ཕྱི་རོལ་མུ་ཁྱུད་ལ་དམོད་བཅོལ་གྱིས་བསྐོར་ཡིག་མགོ་ནང་དུ་བསྟན། འོག་འཁོར་ལྟེ་བར་དགྲ་ལིང་གནས་ཡིག་སྤྱི་ལྟར་བྲི། མུ་ཁྱུད་གང་ལྟར་ཡིག་མགོ་ཕྱིར་བསྟན། སྒྲུབ་ཁང་གི་བྱང་ཤར་ཐག་མི་ཉེ་བ་འམ་དགྲ་ཕྱོགས་སུ་བསྐོར་བར་བྱའོ། །ཞེས་པ་འདི་ལྷ་རིགས་བཙུན་གཟུགས་འཇིགས་བྲལ་པདྨ་ཀློང་ཡངས་རྡོ་རྗེས་འོམ་ཅན་དུང་དཀར་རི་ངོགས་སུ་བྲིས་པ་བསྟན་པ་སྲུང་བའི་རྩིས་སུ་གྱུར་ཅིག །དགེའོ།། །།

བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བའི་སྐོར་སྣ་ཚོགས།

p. 478
p. 479

࿅༔ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བའི་ལོ་རྒྱུས་གསལ་བའི་མེ་ལོང་བཞུགས་སོ། །

p. 480

དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ དེ་ཡང་མེ་ཕོ་ཁྱི་ཡི་ལོ་ལ་ཉི་གྲགས་གཉིས་པ་རྡོ་རྗེ་འཆང་རིག་པ་འཛིན་པ་ཆེན་པོ་ལས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བར་དོ་དྲུག་ཁྲིད་ཞུས་ཤིང་ཉམས་སུ་ལེན་ལོ་བྱས་པའི་རྨི་ལམ་སྦྱངས་པའི་སྐབས་བཅད་རྒྱ་དམ་པོར་གནས་པར་མེ་མོ་ཕག་གི་ལོ་སར་ཟླ་བའི་ཚེས་གཅིག་གི་ནུབ་མོ་རྨི་ལམ་སྤྲུལ་བཞིན་རང་ཡུལ་འབམ་སྟོད་ལ་གནས་པའི་ནུབ་ཕྱོགས་ལ་གཏད་དེ་འཕུར་ཞིང་ཕྱིན་པས་ལ་ལུང་ཆུ་བྲག་མང་ཞིག་འདས་པ་ན་བྲག་དཀར་པོ་ཕྱེ་མར་སྤུངས་པ་འདྲ་བའི་དཀྱིལ་ན་ཨོ་རྒྱན་གྱི་སྒྲུབ་ཕུག་ཁ་ཤར་དུ་བལྟས་པའི་སྒོ་གཡས་སེང་གདོང་མཁའ་འགྲོ་རང་བྱོན་འདུག་པའི་སར་སླེབས་པས་ཐུགས་ཀར་ང་ལ་དབང་བའི་གཏེར་ཞིག་འདུག་སྙམ་རང་བབས་སུ་ཤེས་བྱུང་། རྨི་ལམ་བདེན་མེད་ཤེས་བཞིན་གྱི་ངང་དུ་བླངས་ནས་བལྟས་

p. 481

པས་ཤོག་སེར་རྣམས་བོད་ཡིག་གཤར་མར་འདུག །བླ་མ་སྐུ་གསུམ་ཡོངས་རྫོགས་ཡི་དམ་དཔལ་ཆེན་གཙོ་དགུའི་དྲིལ་སྒྲུབ། མཁའ་འགྲོ་བྷ་ག་བདེ་ཀློང་གི་སྐོར། ཆོས་སྐྱོང་མགོན་པོ་ལྕམ་དྲལ་སྦྲགས་སྒྲུབ་སོགས་དེ་རྣམས་ཀྱི་ཆོས་སྡེ་ཚན་ཆེ་བ་དང་། གཞན་ཡང་མན་ངག་རིན་པོ་ཆེའི་ཕྲེང་བ་སྲུང་བ་རྟེན་འབྲེལ་ཀུན་འདུས་རྣམས་ཟེར་བ་གདའ། དེར་བུད་མེད་མཛེས་མ་རྒྱན་ལྡན་ཞིག་གིས་དེ་ཡི་ནང་ནས་དར་ནག་གི་ཚགས་བྱས་པའི་ཐུམ་པོ་ཁོ་བོ་ལ་གཏད་ནས་རྟེན་འབྲེལ་མ་འགྲིགས་པས་གཏེར་འདི་དངོས་སུ་མི་ཐོན། ཀུན་ལ་གཟིགས་ཀྱང་ཚན་ཆེ་བས་ཐུགས་སུ་མི་ཆུད། མན་ངག་འདི་སྐོར་ནན་གྱིས་བློ་ལ་བཟུང་ནས་མ་བརྗེད་པར་ཡི་གེར་ཕབ་ན་བསྟན་པའི་རིམ་གྲོ་ལ་དགོས། བཙོག་གྲིབ་དང་དམ་སེལ་གྱིས་རྐྱེན་ན་བརྗེད་དེ་འགྲོ་ཟེར་དར་ཆིངས་བཀྲོལ་བའི་ནང་དུ་སྦྲུལ་གྱི་པགས་པ་ལ་ཁྲག་གིས་བྲིས་པའི་བསྟན་པ་སྲུང་བའི་ལས་མཐའ་རྣམས་འདུག །སང་ཞོགས་

p. 482

གཉིད་སད་པ་དང་དཔེ་ཐོ་མགྱོགས་པར་བཀོད། དེར་འགྲུལ་པ་ཞིག་བྱུང་བའི་རྐྱེན་གྱིས་རྔུབ་ལུ་ཞིག་གི་འཕྲོས་གཞན་ཐམས་ཅད་བརྗེད་ནས་དཔེར་ན་མེ་ལོང་ལ་ཧས་བཏབ་པ་ལྟར་རང་དག་ལ་སོང་ནས་ཐལ། དེར་ཟིན་བྲིས་ཚར་བའི་སྐོར་རྣམས་གདམས་པ་འདི་ཡིན། བུད་མེད་དང་དྲིས་ལན་གླུ་ཚིག་ཕྲན་བུ་ཡོད་ཀྱང་ཡི་གེ་མང་བས་མ་བཀོད། ཨེ་མ་བདག་འདྲ་དཔའ་བོ་ལས་རབ་ཀྱིས། །རྨི་ལམ་ཤེས་བཞིན་སྤྲུལ་བསྒྱུར་བྱས། །བག་ཆགས་བཟང་པོའི་ལས་འཕྲོ་ཡིས། །རྨིི་ལམ་ནང་ཡང་ཆོས་དང་མཇལ། །ཉང་དང་ཆོས་དབང་ལ་སོགས་པའི། །སྔོན་བྱོན་གཏེར་ཆོས་བཀའ་གཏད་རྣམས། །གུ་རུ་ཨོ་རྒྱན་རྗེ་ཡིས་གནང་། །ཟབ་མོའི་གཏེར་ལ་ལྟད་མོ་བལྟས། །མན་ངག་ཚིག་དོན་བློ་ལ་བཟུང་། །ཆ་ཤས་ཙམ་ཞིག་ཟིན་ཐོར་བཀོད། །ལོ་རྒྱུས་མདོར་བསྡུས་དེ་ལྟར་ལགས། །མན་ངག་འདི་ལ་བརྟེན་ནས་ནི། །སངས་རྒྱས་བསྟན་པ་སྲུང་བ་དང་། །འགྲོ་ལ་བདེ་སྐྱིད་འབྱུང་བར་ཤོག །བདུད་དང་བར་ཆད་ཐམས་ཅད་ཀྱང་། །རྟེན་འབྲེལ་མཐུ་ཡིས་ཐུལ་བར་ཤོག །མངྒ་ལཾ། དགེའོ། །དགེའོ། །དགེའོ། ། ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ཉེས་འབྱེད་ངན་སྔགས་སྤུ་གྲི་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ དམ་པའི་ཆོས་ལ་བར་གཅོད་པའི༔ དགྲ་བོ་ཆམ་ལ་དབབ་པའི་ཕྱིར༔ ངན་སྔགས་ཉེ་འབྱེད་སྤུ་གྲི་ནི༔ མང་ན་རང་ཉིད་ལྷ་ཡང་བྱེར༔ དེས་ན་རང་

p. 483

ཚོད་ཤེས་པར་བྱ༔ འདི་ལ་ལྷ་མེད་ཏིང་འཛིན་མེད༔ གཏོར་མ་གཏང་རག་བསྐུལ་མི་དགོས༔ གསང་བདག་རྡོ་རྗེ་གཏུམ་པོ་ལ༔ ལྷ་བསྙེན་གདེང་ཐོབ་སྔགས་པ་ཡིས༔ སྐར་མ་མཆུའམ་ལག་སོར་ལ༔ ལེགས་མཐུན་ཁ་བྲལ་ལས་འདི་རྩོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྲོས་པའི་སེམས་ཀྱིས་ལྷོ་ནུབ་ཏུ༔ ཁ་བསྟན་གཟའ་བདུད་འགྱུ་དང་བསྟུན༔ མི་མཐུན་རྫས་ཀྱི་བཅའ་གཞི་རྩོམ༔ ཕོ་ཤིང་སྟག་པའི་བྱང་བུ་དང་༔ མོ་ཤིང་གླང་མའི་བྱང་བུ་ལ༔ མཐོ་གང་དཀྱུས་ལ་ཞེང་སོར་བཞི༔ དེ་ལ་ཕོ་མོ་སོ་སོར་འབྲི༔ ལིངྒ་མིང་རུས་དམོད་པས་བསྐོར༔ བེ་འམ་སེར་བའི་སེ་བ་དཔྱད་བྱང་བུ་ལ༔ འབྱེད་པའི་སྔགས་ནི་འབྲི་བར་བྱ༔ དེ་ལྟར་བྱང་བུ་གསུམ་པོ་ལ༔ ར་ཁྱི་དཀར་ནག་ཐེ་གུས་བཏགས༔ རིང་ཐུང་མཉམ་པར་བསྒྲིགས་བྱས་ནས༔ གཟུགས་དང་བྱང་བུའི་བར་དག་ཏུ༔ སོར་རེ་བྱས་ནས་ཁྲོལ་དུ་འཇུག༔ རི་རྩེ་ཀླུང་འགྲམ་ཅན་དུ་ཕྱར༔ ཏག་ཏག་ཏིག་ཏིག་འཁྲོལ་དུ་འཇུག༔ དེས་ནི་འཐབ་ཅིང་འབྱེད་པར་བྱེད༔ ལྷ་མི་དཔོན་སློབ་རྒྱལ་བློན་དང་༔ མཆེད་གྲོགས་བཟའ་མི་ཤག་རོགས་དང་༔ དེ་ལ་སོགས་པ་གང་བྱེད་ཀྱང་༔ འདིས་ནི་ཐམས་ཅད་འབྱེད་པ་ཡིན༔ ལྷ་དང་མི་གཉིས་འབྱེད་འདོད་ན༔ ཕོ་ཤིང་ལོགས་ལ་ཨ་བྲི་ལ༔ དེ་ལ་ལྷ་ལྔ་ཚང་བར་བཀོད༔ ཕོ་ལྷ་དགྲ་ལྷ་ཞང་ལྷ་དང་༔ སྲོག་ལྷ་མ་ལྷ་རྣམ་པ་ལྔ༔ གཞན་ཡང་དེ་བཞིན་དམ་ཉམས་དེའི༔ ཡི་དམ་ཆོས་སྐྱོང་ལ་བྱེད་ཀྱང་༔ རིག་པའི་མདའ་དང་སྦྱར་ཏེ་བྱ༔ མོ་ཤིང་ལོགས་ལ་་བྲིས་ལ༔ དེ་ལ་མི་ཡི་མིང་རུས་འབྲི༔ དེ་བཞིན་ཆེ་ཕྱོགས་ཕོ་ཤིང་ལ༔ ཆུང་ཕྱོགས་མོ་ཤིང་དག་ལ་འབྲི༔ འགུགས་འདྲེན་བརྒྱ་རྩ་ནན་གྱིས་བྱ༔ གུ་གུལ་རྟ་བྲུན་རྒྱ་ཚྭ་དང་༔ མུ་ཟི་བཙན་དུག་ར་ཁྱིའི་སྦྲེ༔ ལྷམ་འབོག་ཡུགས་སའི་སྨད་གོས་བདུག༔ གསང་རྫས་ཕྱེ་ཡུགས་སྤྲང་གསུམ་དེ༔

p. 484

གཅིག་ལ་འཛོམས་པའི་ལྷམ་མཐིལ་བདུག༔ སེ་བའི་དབྱུག་པ་འདོམ་གང་ལ༔ བཏགས་ནས་རླུང་ལ་འཕྱར་བར་བྱ༔ ཕོ་མོའི་བྱང་བུ་དག་ལ་ནི༔ བྱ་རོག་གིས་ནི་གཡས་པ་དང་༔ འུག་པའི་དང་སྒྲོ་གཡོན་པ་གླན༔ བར་གྱི་དབྱེ་བའི་བྱང་བུ་ལ༔ བྱ་རོག་འུག་པའི་ཁྲག་དང་ནི༔ གླ་རྩི་རྒྱ་སྒོག་བྱུག་པར་བྱ༔ ལས་མཇུག་རྒྱ་གྲམ་ལམ་དུ་མནན༔ ཡང་ན་དུག་ཤིང་མེ་ལ་བསྲེག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕུང་བྱེད་དྲག་སྔགས་སྤུ་གྲི་ནི༔ སྔགས་འབྲུ་ཉི་ཤུ་རྩ་བདུན་ལ༔ མཐའ་རྟེན་གཉིས་དང་རྩ་དགུ་ཡོད༔ མང་ཉུང་བྱུང་ན་ལྷག་ཆད་ཡིན༔ འཐབ་འཐབ་འཐབ༔ ཕུར་ཕུར་ཕུར༔ ཏབ་ཏབ་ཏབ༔ ཤིག་ཤིག་ཤིག༔ བྱེད་བྱེད་བྱེད༔ ཛ་ཛ་ཛ༔ ཤག་ཤག་ཤག༔ ཕྱེ་ཕྱེ་ཕྱེ༔ ཕཊ་ཕཊ་ཕཊཿསྭཱ་ཧཱ༔ སྔགས་ཐེམ་སྔགས་བྱང་གབ་ཡིག་གོ༔ རང་ཉིད་ལྷ་བསྙེན་ཐེམ་པ་གཅེས༔ ལིང་གར་ཟག་རྫས་བྱུག་པར་གྱུར༔ དེ་ཚེ་རྟགས་ཀྱི་རིམ་པ་ཡང་༔ བྲག་དཀར་རྡོ་གཤགས་ཤིང་ཆེན་གཅོད༔ འཐབ་འཛིང་མདའ་གཞུ་འགེངས་པ་དང་༔ བྱེ་འུ་ཁྲ་ཡིས་བཤོར་བ་དང་༔ རི་དྭགས་ཤ་ཁྱིས་དེད་པ་རྨིས༔ དངོས་སུ་དམིགས་བྱར་ཕུང་ཐབས་སོང་༔ དེ་སོགས་རྟགས་ཀྱི་རིམ་པ་ཡིན༔ རྟགས་མེད་ན་ཡང་འགལ་བ་མེད༔ སྤྱི་དགོས་བསྟན་དང་འགྲོ་བ་ལ༔ གནོད་བྱེད་ཕུང་ཐབས་བྱེད་པ་ཡི༔ ཤུགས་ཆེན་སྟོབས་ལྡན་ཚན་སྡེབ་ལ༔ རྟགས་མཐོང་མ་གསལ་བར་དུ་འབུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤིན་ཏུ་ཟབ་པའི་ཞལ་ཤེས་ནི༔ བསྟན་སྲུང་དུག་རིའི་ཡིག་སྣ་རྣམས༔ ལག་ཏུ་ལེན་པའི་གང་ཟག་རྣམས༔ རྡོ་རྗེ་རྣམ་འཇོམས་གཙུག་ཏོར་གྱི༔ ནུས་ལྡན་སྒྲུབ་པའི་གཟུངས་ཆུ་ཡིས༔ རང་དང་འཁོར་ལ་བཀྲུ་ཞིང་འཐུང་༔ རང་ལ་ཉེས་སྐྱོན་མི་འབྱུང་གནད༔ ཉེས་འབྱེད་དུག་གི་སྤུ་གྲི་འདི༔

p. 485

བསྟན་དགྲའི་དཔུང་ཆེན་གཡོས་ནས་ཀྱང་༔ ཕུང་དུ་ཐོ་བ་འབྱུང་ཉེ་ན༔ སེམས་བསྐྱེད་དཔའ་བསྒོམ་ལག་ཏུ་ལོངས༔ ལོག་འདྲེན་གང་ཞིག་ཕུང་ཁྲོལ་འགྲོ༔ བསྟན་པའི་དགྲ་ལ་ཞེ་རེ་ཚིམ༔ མ་སྤེལ་གསང་བའི་རྒྱ་ཡིས་ཐོབ༔ གཏེར་ཁ་མང་པོར་ལས་འདི་བསྡོམས༔ གབ་འཁྲུགས་མེད་པ་འདི་ཁོ་ན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཕྱི་མེད་པའི་ལག་ཏུ་མ་ཤོར་ཅིག༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ གསོད་བྱེད་དུག་མདའ་ནག་པོ་བཞུགས༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ མ་རུངས་སྙིགས་མའི་ཐ་མ་ལ༔ མི་ནག་དྲེགས་ཅན་གདུག་པ་ཡིས༔ བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ལ༔ འཕྲོག་བཅོམ་ངན་སྨྲས་དབེན་རི་དབྲལ༔ འཐབ་རྩོད་འཁོན་དང་མཚོན་དུག་བསླངས༔ བརྙས་ཤིང་ངན་འཐབ་སྣ་ཚོགས་བྱེད༔ དེ་ཉིད་མྱུར་དུ་སྒྲོལ་བའི་ལས༔ སྲོག་མཐུ་ཡུད་ཙམ་གསང་ཚིག་འདི༔ བསྟན་པ་བསྲུང་བའི་བཙས་སུ་བཞག༔ དུས་ངན་སྒྲུབ་པོ་སྙིང་རུས་ཆུང་༔ ཡུན་རིང་སྒྲུབ་པ་མི་ནུས་ཤིང་༔ རྫས་དང་ཡོ་བྱད་འབྱོར་མི་ཚོགས༔ དེ་ལ་དགོངས་ནས་ཨོ་རྒྱན་རྗེས༔ རྗེ་འབངས་དག་པའི་འཁོར་ལ་གདམས༔ མི་འཇིག་ཟབ་མོའི་གཏེར་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མན་ངག་བཅའ་གཞིའི་རིམ་པ་ནི༔ ཉམས་པའི་ཟག་རྫས་གང་རྙེད་ཀྱིས༔ དུག་ཤོག་བྱུག་ལ་ལིངྒ་འབྲི༔ ཐ་མ་སྔགས་རྒོད་འདི་ཡིས་བསྐོར༔ ཛ་ཁག་ལ་བང་ཁའུ་ཆྒཻེ་ཨ་ཛ་སོད་སོད༔ ཅེས་བྲིས་ཧོམ་གཟུད་རང་མདུན་བཞག༔ བདེན་བརྗོད་དགུག་གཞུག་ནན་གྱིས་བྱེད༔ དུག་རིགས་སྣ་ཚོགས་ཐུན་རྫས་ལ༔ སྔགས་རྒོད་བཟླས་ཤིང་ལིངྒ་བྲབ༔ སྔགས་གྲངས་སྟོང་ཕྲག་ཐེམ་པ་དང་༔ དམིགས་བྱ་འགྲིམ་

p. 486

པའི་ལམ་ཁར་མནན༔ ཞག་བདུན་ཙམ་ནས་སྲོག་དང་བྲལ༔ སྔགས་ནི་སྟོང་ལས་མི་མང་དང་༔ དེ་ལས་མི་ཉུང་དམ་བཅའ་ཡིན༔ ཐེབས་ལྡོག་དུས་ཚོད་བརྩི་མི་དགོས༔ ལྷ་མེད་ཏིང་འཛིན་དམིགས་པ་མེད༔ གཏོར་མ་རྦད་བསྐུལ་མེད་པ་སྟེ༔ ངན་སྔགས་འདི་འདྲ་འཇིག་རྟེན་དཀོན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐོག་འདྲ་དུག་འདྲའི་བསད་པ་འདི༔ བུ་ལ་སྤེལ་ཀྱང་མནའ་རྒྱ་ཐོབ༔ ཁྲེལ་མེད་ལག་ཤོར་བག་མེད་སྤྱོད༔ མི་ཟད་དམྱལ་བས་འཇིགས་ཏ་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཅན་རྡོ་རྗེ་ལེགས་པ་ལ་གཏད་ཅིང་བཀའ་རྒྱས་བཏབ་བོ༔ ཨྠྀི༔ རང་གི་ཡི་དམ་ཆོས་སྐྱོང་ལ་བརྟེན་ནས་དགུག་གཞུག་དྲག་པོ་བྱ༔ ཐུན་དྲུག་བྱ། ཐུན་རེ་ལ་སྟོང་བྱ༔ མནྡྲ་གུ་ཧྱ་བཛྲ་ས་མ་ཡ༔ སྔགས་པ་སེམས་ཆུང་རྣམས་ལ་འདི་ལས་ཀྱང་སླ་བ་ཞིག་དགོས་ཏེ་དཀོན་ནོ། ། ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ འཛུལ་ཕུང་ནག་པོའི་གསང་ཚིག་བཞུགས། དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ ལྷ་སྲས་རྒྱལ་པོ་ཁྲི་སྲོོང་དུས༔ མཁས་པ་པདྨ་འབྱུང་གནས་ཀྱིས༔ ཆོས་དང་དྲག་སྔགས་དཔག་མེད་བསྒྱུར༔ མི་འཇིགས་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་ལ་སྨོན་ལམ་བཏབ༔ ངན་སྔགས་འཛུལ་ཕུང་གཏན་བརླག་འདི༔ ཞིང་བཅུ་ཕུང་བའི་ལས་སུ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕུང་ལས་འདི་ལ་རྫས་སྣ་དགུ༔ རྒྱ་སྒོ་གསུམ་གྱི་བབ་ཕོར་ས༔ ཟམ་ཆེན་གསུམ་གྱི་ཟམ་རུལ་ས༔ མི་ནི་རྗེ་རིགས་དམངས་རིགས་དང་༔ གདོལ་པ་དང་ནི་གསུམ་པོ་ཡི༔ ཁོལ་བའི་གཉའ་ཤིང་ཚར་བུ་གསུམ༔ དེ་ལ་ངན་སྔགས་འདི་ཡིས་འདེབས༔ རཾ་ཡཾ་ཁཾ་འདི་ཡི་ཚེ་དང་བསོད་ནམས་ན་ཤ་ཡ་སྟྭཾ་བྷ་ཡ་ནན༔ སྟོང་བཟླས་

p. 487

སྒོ་ཡི་ཡ་ཐེམ་མམ༔ གོ་ཁའི་སྟེང་གི་གདུང་མ་ལ༔ སྦས་པའི་འོག་ཏུ་འཛུལ་བའི་མིའི༔ ཟས་ནོར་མི་གསུམ་བརླག་པར་འགྱུར༔ ས་བཅུའི་བྱང་ཆུབ་སེམས་དཔའ་བརླག༔ ཚེ་དང་བསོད་ནམས་ཉམས་ནས་འགྲོ༔ ལུས་ཅན་གཞན་ལ་སྨོས་ཅི་དགོས༔ ཀུན་ལ་མ་བསྟན་གསང་རྒྱ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རང་ཉིད་འཛུལ་དགོས་ན༔ ཉེས་པ་སྲུང་བའི་ཐབས་ལམ་ནི༔ རང་གི་སྤྱི་བོར་ཨཱ་ལི་དང་༔ ཀཱ་ལི་ཡི་ནི་འཁོར་ལོ་བསྒོམ༔ སྔགས་འདི་ལན་བརྒྱར་བཟླས་ལ་འགྲོ༔ ༀ་བཛྲ་ཨ་བྷི་གྲ་དཔེ་ལ་གྲོཡེ་སྭཱ་ཧཱ༔ དེ་དུས་རང་ལ་ཉེས་པ་ཐུབ༔ མང་ན་མི་ཐུབ་འཛུལ་མི་བྱ༔ ཤིན་ཏུ་ཟབ་པོ་སྙིང་དཀྱིལ་སྦོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ གནོད་བྱེད་སྐྲོད་པའི་མན་ངག་རླུང་ནག་འཚུབ་མ་བཞུགས་སོ། །དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ རྒྱ་ཆེན་བཀའ་གྲོས་དཀྲུགས་པ་དང་༔ རྡོ་རྗེ་སློབ་དཔོན་བཀའ་ལས་འགལ༔ མི་དགེ་སྣ་ཚོགས་བླང་བ་ཡི༔ མདོར་ན་མི་ངན་མ་རུངས་པས༔ ཅི་བྱས་ཅི་རུ་བྱ་དབང་མེད༔ རྒྱལ་ཁམས་གཅིག་དང་ལུང་པ་གཅིག༔ གྲོང་ཁྱེར་གཅིག་དང་ཁྱིམ་གཅིག་ཏུ༔ གནོད་བྱེད་དེ་དང་ལྷན་ཅིག་གནས༔ སོས་མི་གསོད་ཅིང་ཡིད་མི་བདེ༔ དེ་དོན་ངན་སྔགས་འབྲུ་བརྒྱ་འདི༔ གནོད་བྱེད་བསྐྲད་པའི་མན་ངག་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦྲུལ་གྱི་མགོ་ལ་སྔགས་འདི་བཏབ༔ ༀ་མེ་ཧེ་ཤ་ལ་ཡ་ཧཱུྃ་ཕཊ༔ དགྲ་བོ་ཕྱི་ཡི་རྒྱ་མཚོ་ལ་ཐུག་གི་བར་དུ་ཨུ་ཙ་ཏ་ཡ་ཕཊཿསྦྲུལ་གྱི་མགོ་ཡི་ཤ་ལ་སྔགས༔ རང་ཉིད་འཇམ་དཔལ་དཔའ་བོ་བསྒོམ༔ དགྲ་བོའི་ཞབས་ལ་རླུང་

p. 488

གིས་བཏེགས༔ རྒྱབ་ནས་བེ་དཀར་བནྡྷེའི་གཟུགས༔ དབུ་ལ་བསེ་ཐེབ་དམར་པོ་གྱོན༔ འོག་ཏུ་རྔ་མོང་གྭ་པར་ཞོན༔ ལག་ན་ཆུ་ཤིང་དབྱུག་པ་ཐོགས༔ དགྲ་ལ་རྡེག་ཕུང་བྱེད་ཅིང་འདོད༔ དགྲ་བོ་དེ་ཡི་ལག་པ་གཡས༔ མི་དཀར་ལྷན་སྐྱེས་ལྷ་ཡིས་བཟུང་༔ དགྲ་བོ་དེ་ཡི་ལག་པ་གཡོན༔ མི་ནག་ལྷན་སྐྱེས་བདུད་ཀྱིས་བཟུང་༔ མིང་ལ་ལིང་བྱས་ཕྱི་ཐན་མཐན་དཔྱད་ཡི༔ རྒྱ་མཚོར་ཐུག་པར་ཁྱེར་བསྐྱུར་བསམ༔ ཡང་ནས་ཡང་དུ་ནན་གྱིས་བསྒོམ༔ འགྲུབ་རྟགས་རང་གི་རྐང་མཐིལ་ལ༔ ཟ་བ་མ་བྱུང་བར་དུ་བསྒྲུབ༔ སྒྲུབ་པ་ཐོན་ནས་སྦྲུལ་གྱི་ཤ༔ དགྲ་ཡི་ཁ་ལ་ཐེང་བར་བྱ༔ ལོ་དང་ཟླ་བར་མི་འགྱང་བར༔ མཐའ་མེད་འཁྱམས་པར་ཐེ་ཚོམ་མེད༔ བསླུ་བ་མེད་པའི་གདམས་པ་འདི༔ ཕྱི་རབས་བུ་ཆུང་བནྡྷེེའི་དོན༔ པད་འབྱུང་ངན་སྔགས་ཟབ་རྒྱས་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཡང་གཅིག་དམ་ཉམས་བསྐྲད་པའི་ཐབས༔ ཡུགས་ས་གསར་པའི་ཚྭ་བླངས་ནས༔ དེ་ལ་སྔགས་འདི་གདབ་པར་བྱ༔ ༀ་བྷེ་རེ་བྷེ་རེ་བྷྲཱུྃ་ན་ལ་ཏེ་ཧཱུྃ་ཕཊཿདགྲ་བོ་སུཾ་བྷ་ནི་ཨུཏ་ཙ་ཏ་ཡ་ཧཱུྃ་ཕཊཿརང་གི་ལྕེ་ལ་སྔར་མེད་ཀྱི༔ རྟགས་གཅིག་མ་བྱུང་བར་དུ་བཟླ༔ ཟས་ལ་ཚྭ་བཏབ་དམིགས་བྱར་དྲངས༔ བསྐྲད་པར་འགྱུར་ངེས་ཤིན་ཏུ་ཟབ༔ མན་ངག་འདི་རྣམས་མ་གསང་ན༔ དམ་ཚིག་ཉམས་ཤིང་དམྱལ་བར་འགྲོ༔ བསྟན་དང་སེམས་ཅན་དོན་ལ་བཞག༔ སེམས་བསྐྱེད་ལྡན་པའི་མི་རེ་ཟུང་༔ འདི་ལྟར་བསྐྲད་པའི་ལས་ངན་དགྲ༔ ཀུན་གྱིས་བརྙས་ཤིང་ཀུན་གྱིས་སྡང་༔ ས་གཅིག་མི་ཚུགས་རྒྱལ་ཁམས་འགྲིམ༔ ཟས་གོས་མི་རྙེད་རླུང་གིས་ཁྱེར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྟན་དགྲ་རྣམས་རླུང་གིས་ཁྱེར་བར་གྱུར་ཅིག༔ དཔལ་སྔགས་ཀྱི་བདག་པོའི་དམོད་པ༔ ཨྠྀི༔ ༈ བསྟན་པ་སྲུང་བའི་ལས་

p. 489

མཐའ་དུག་རི་འབར་བ་ལས༔ སྨྱོ་བྱེད་སྡེ་བརྒྱད་གཡོ་འཁྲུགས་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ སྔོན་དུས་རྒྱ་གར་འཕགས་ཡུལ་གྱི༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དྲག་པོ་རྡོ་རྗེ་ཐོད་ཕྲེང་ལ༔ ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དང་༔ ཁྱད་པར་རྡོ་རྗེ་ལེགས་པ་ཡིས༔ འགྱུར་བ་མེད་པའི་སྲོག་སྙིང་ཕུལ༔ དེ་ཕྱིར་དམ་ཅན་དྲག་སྔགས་འདི༔ རྣོ་ལ་མྱུར་བ་མང་དུ་བཀོད༔ དེ་ནང་ཡང་གཅེས་སྡེ་བརྒྱད་ཀྱི༔ དྲག་སྔགས་དྲིལ་བའི་རླུང་སྒྲུབ་གནད༔ དགྲ་ལ་རྔ་ཐན་བཏང་བའི་ལས༔ བསྟན་པ་གཉན་པོའི་བཙས་སུ་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དུག་སྣ་ཀུན་དང་ཁྱད་པར་དུ༔ ཐང་ཁྲོམ་དཀར་ནག་ཆུ་དང་ནི༔ དུར་ཁྲོད་རོ་བསྲེགས་སོལ་བ་ཡིས༔ དགྲ་བོ་ལིངྒ་སྤྱི་མཐུན་བྲི༔ སྙིང་ཁར་་མིང་དཔྲལ་བར་རུས༔ ཕྱི་ནས་དྲག་པོའི་སྔགས་ཀྱིས་བསྐོར༔ དམོད་པ་འདི་ཡང་བྲི་བར་བྱ༔ ཐེའུ་རང་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ ཤྭ་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ ལྷ་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ སྨྱོ་འབོག་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ ཀླུ་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ བྱིང་འཐིབ་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ སྲིན་པོ་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ ཟ་ཁ་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ གནོད་སྦྱིན་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔

p. 490

རྐྱེན་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ གཤིན་རྗེ་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ ཁྲམ་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ བདུད་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ གདོན་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ མ་མོ་ཐམས་ཅད་དགྲ་བོ་འདིའི་གཤེད་དུ་ཕོབས་ཤིག༔ ནད་དགྲ་བོ་འདི་ལ་ཕོབས་ཤིག་ཛ་ཛ༔ མན་ངག་བཞིན་དུ་དགོད་པར་བྱ༔ གསེར་སྐྱེམས་གཟུ་དཔང་བདེན་པ་བདར༔ དགུག་གཞུག་དྲག་པོ་ནན་གྱིས་བྱེད༔ ལིངྒ་རྔ་ཡི་ནང་དུ་གཞུག༔ སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ནས༔ རྔ་ལ་དྲག་ཏུ་བརྡུང་བར་བྱ༔ ༀ་བཛྲ་སཱ་དྷུ་ས་མ་ཡ༔ དྷེ་བ་ནཱ་ག་རཀྴ་ཡཀྴ། ཡ་མ་ར་ཙ་མ་མ་ཏྲག་རཀྴ་རེ་མ་ཏི་ཤ་ཏྲུྃ་མཱ་ར་ཡ་ཧཱུྃ་ཕཊཿདུས་ཀྱི་ཚད་ནི་ཞག་ཉེར་གཅིག༔ གྲངས་ཀྱི་ཚད་ནི་འབུམ་ཕྲག་གཅིག༔ རྟགས་ནི་རྔ་ལ་མེ་འབར་དང་༔ མེ་སྟག་ཚྭ་ཚྭ་འཕྲོ་བ་འོང་༔ དགྲ་བོ་དེ་ཉིད་སྨྱོ་ཞིང་འབོག༔ འཆོལ་ཞིང་དྲན་པ་མེད་པར་འགྱུར༔ རང་དབང་མི་ཐོབ་སྙིང་རེ་རྗེ༔ ཆོས་སྐྱོང་ཐམས་ཅད་འུར་གྱིས་བཏང་༔ སྣང་སྲིད་སྡེ་བརྒྱད་ཐམས་ཅད་འཁྲུགས༔ དམ་ཉམས་དགྲ་ལ་ཞེ་རེ་ཚིམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་གར་ཡུལ་གྱི་མན་ངག་མཆོག༔ གནམ་ལྕགས་དྲག་པོའི་ཐོག་འདྲ་བ༔ སྔགས་བདག་པདྨ་འབྱུང་གནས་ཀྱིས༔ ཟབ་ཕྱིར་གཏེར་ཁ་མང་པོ་སྦས༔ རྡོ་རྗེ་ལེགས་པའི་རྔ་མཐུ་འདི༔ དམ་ཉམས་ལག་ཏུ་མ་ཤོར་ཅིག༔ གསང་སྔགས་བསྟན་པའི་སྲུང་མར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ༈ བསྟན་པ་སྲུང་བའི་ལས་

p. 491

མཐའ་དུག་རི་འབར་བ་ལས༔ རྫས་དང་སྔགས་ཀྱིས་དགྲ་བོ་སྒྲོལ་བའི་གནད་ཡིག་བཞུགས༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ དམུ་རྒོད་གདུག་པ་གདོལ་སྤྱོད་བརླང་པོ་ཅན༔ ཆོས་སྤྱོད་རྣལ་འབྱོར་སྐུ་ཡི་བསྟན་ལ་བསྡོ༔ འགྲོ་ལ་འཚེ་ཞིང་ཤིན་ཏུ་མི་བསྲུན་བྱེད༔ དམ་ཉམས་དེ་ལ་མུ་སྟེགས་དབང་ཕྱུག་གིས༔ སྔགས་དང་རྫས་ཀྱིས་གསོད་པའི་གནད་ཡིག་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་མཐའ་རྨ་འབེབས་ཤིན་ཏུ་ཟབ་པའི་རྫས༔ དམིགས་བྱ་ཕོ་ལ་ལུག་ཕོའི་གྲོད་པ་དང་༔ མོ་ལ་མོ་གྲོད་རྫས་གནད་མ་འཕྱུག་བྱ༔ བསྒྲུབ་བྱའི་རྐང་པ་གཡོན་པའི་རྗེས་ས་དང་༔ མུ་ཟི་ནག་པོ་ཐུན་གཅིག་བཅས་པ་བཅུག༔ སྨྲ་བ་བཅད་ལ་སྔགས་འདི་མང་དུ་བཟླས༔ ལྷང་ལྷང་ཐུམ་ཐུམ༔ ཤིག་ཤིག་ཡིད་ཀྱི་དབང་པོ་ཉམས་པར་གྱིས་ཤིག༔ ཡུགས་སའི་སྐྲ་ཡིས་ཁ་བཅིངས་མཐོ་གང་བ༔ སུམ་སྒྲིལ་བྱས་ལ་འཕྲལ་འཕྲལ་བུ་ལྡིར་བཅིངས༔ སེ་བའི་གཞུ་ཡི་ནང་ལོགས་གོང་སྔགས་བྲི༔ ཡུགས་སའི་ལན་བུའི་གཞུ་རྒྱུད་མཐོ་གང་བྱས༔ སྐྱེར་པའི་མདའ་བཀང་གྲོད་པར་བརྡེགས་ཤིང་གཤགས༔ དགྲ་བོ་འཆི་བར་འགྱུར་བར་གདོན་མི་ཟ༔ འགྲོལ་འདོད་ཆུ་གཙང་སྔགས་བརྒྱབ་ཕྱི་ནས་བཀྲུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ངན་སྔགས་སྦོས་གྲིར་གསོད་བྱེད་གནད་ཡིག་ནི༔ སུ་ལ་སྤེལ་ཀྱང་མནའ་རྒྱ་ལན་གསུམ་བཏབ༔ སུམ་ཅུའི་ཡང་མཐའ་སྒྲུབ་པོ་བརྩོན་འགྲུས་ཆུང་༔ དེ་དུས་སྦས་ལ་མྱུར་བ་འདི་ཁོ་ན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ ཁ་ཐཾ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ངག་མནན་ལྐུགས་པ་ཁ་འཐོམ་བཞུགས་སོ༔ དྲེགས་པ་འདུལ་མཛད་

p. 492

དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ མི་དགེ་དབང་སྒྱུར་སྡིག་ཅན་དགྲས༔ ལྷ་ཆོས་འཆད་རྩོད་གླུ་དབྱངས་དང་༔ མི་ཆོས་གཏམ་བཏང་ཤགས་འབྱེད་པས༔ ངག་མནན་ལྐུག་བྱེད་འདི་ལྟར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལིངྒ་སྤྱི་དང་མཐུན་པར་བྲི༔ ལྕེ་ཡི་བྲང་ལ་བསླེབས་པར་བྱས༔ དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲིས༔ མཐའ་མར་སྔགས་འདིས་འཁོར་བར་བསྐོར༔ ༀ་ལཾ༔ ཡཾ་ལཾ༔ རཾ་ལཾ༔ ཁཾ་ལཾ༔ ཆྒཻའི་ངག་སྟྭཾ་བྷ་ཡ་ནན༔ ལིངྒའི་ཐ་མར་ཛ་ནན་ཁྲམ་བྲིས༔ དྲི་མ་དྲུག་པོ་གང་རྙེད་བྱུག༔ གསང་རྫས་ལམ་ཆེན་ས་སྣ་དང་༔ ཕུག་རོན་སྒོ་ངའི་སེར་ཐིག་བྱུག༔ དགྲ་བོ་འགུགས་བསྟིམ་ཡང་ཡང་བྱེད༔ གོང་གི་སྔགས་དེ་བརྒྱ་རྩ་བཟླས༔ ཐུན་གྱིས་དྲག་ཏུ་བརྡེེག་པར་བྱ༔ མཆོད་རྟེན་སཱཙྪ་ནག་པོ་ཡི༔ ཞབས་སུ་བཅུག་ནས་ཐེམ་འོག་མནན༔ ལམ་ཆེན་བཞི་མདོ་དག་ཏུ་མནན༔ ཡིད་ལ་བརྣག་པའི་དགྲ་བོ་ཡི༔ མགྲིན་པའི་འཁོར་ལོ་ལྕི་ཞིང་གནོན༔ ཁ་ལྕེ་ལྐུགས་པར་ཐེ་ཚོམ་མེད༔ བཟླས་བརྗོད་སྔགས་ཀྱི་ནུས་པ་མཆི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་པ་ནང་འགྲས་བྱུང་ན་བྱ༔ བན་བོན་ང་རྒྱལ་ཅན་ལ་བྱ༔ མ་སྤེལ་གསང་རྒྱ་དམ་པར་བྱ༔ ཆོས་སྐྱོང་རྣམས་ཀྱིས་བཀའ་འདི་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ སྐྱིན་ཐང་སེར་བ་དྲག་འབེབས་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ སྡང་བྱེད་དགྲ་ཡི་ལོ་ཐོག་འཇོམས་པའི་ཐབས༔ མན་ངག་གསང་རྫས་དུད་པ་བཏང་བ་ཡིས༔ ཡུལ་ལྷ་སྐྲོད་ཅིང་སེར་བ་མྱུར་བའི་རྫས༔ ཉ་དང་སྦལ་སྦྲུལ་སྡོམ་སྡིག་རྣམ་པ་བཞི༔ སྦུར་ནག་བྱང་བ་ནག་པོ་ཁྱི་ནག་བྲུན༔ གུ་གུལ་ནག་པོར་ར་ཐུག་

p. 493

ནག་པོའི་སྦྲེ༔ མཛེ་ཚིལ་ལམ་ནི་མཛེ་ཕོའི་ཤ་ཁྲག་རུས༔ མཛེ་ཐོད་སྲ་སྐྱས་སྐྲ་བཅས་དཔྱད་བརྫངས་པའི་མེ་ལ་བསྲེག༔ ཀླུཡི་གནས་སམ་བཙན་གྱི་འགྱུ་སྲང་ངམ༔ ལྷ་རྟེན་དྲུང་ངམ་ཡུལ་ལྷ་གནས་གཉན་སར་བྱ༔ འགྲོས་ལོང་མེད་པར་བཙན་ཐབས་སེར་ཆེན་འབེབས༔ འཇིག་རྟེན་ཕུང་བྱེད་མན་ངག་གནད་ཡིག་ཡིན༔ རང་ཉིད་མགྱོགས་པར་ཡུལ་དེ་མི་མཐོང་བྲོས༔ ཡི་དམ་བསྐྱེད་བཟླས་བསྲུང་བའི་མན་ངག་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ དྲག་པོ་རྫས་ཀྱི་ཐོག་འབེབས་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ དྲང་སྲོང་མཐུ་ཆེན་རྒྱལ་པོ་ཡིས༔ བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ རྫས་ཐོག་དྲག་པོ་བསྟན་པར་བྱ༔ རྫས་སྣ་བཅུ་གསུམ་ཚིལ་སྣ་གཉིས༔ གདུག་པའི་ས་སྣ་ལྔ་པོ་རྣམས༔ གནམ་ལྕགས་ཐོག་གི་རྫས་སུ་བསྟན༔ ཟངས་ཕྱེ་ལྕགས་ཕྱེ་བཙན་དུག་དང་༔ སོ་རོག་ཁབ་ལེན་ཁར་ཆོད་དང་༔ གྲི་ལྕགས་གཙོད་ཁྲག་བྲག་ཞུན་དང་༔ དེ་རྣམས་ཞིབ་ཏུ་བཏགས་ནས་ཀྱང་༔ གཅན་གཟན་གྱིས་བསད་བུད་མེད་ཁྲག༔ མ་རྙེད་ཤྭ་བའི་ཁྲག་གིས་བྱ༔ སྦལ་སྦྲུལ་ཉ་དང་བཞི་པོ་ཡི༔ ཤ་ཁྲག་བསྣུར་བའི་ཁུ་བ་ཡིས༔ རིལ་བུ་དྲིལ་བའི་རྫས་སུ་བྱ༔ སྨྱུག་སྦུབས་ནང་དུ་རིལ་བུ་བཅུག །དེ་རྒྱབ་ཉ་སྦལ་ཚིལ་གྱིས་བྱུགས༔ དེ་ཉིད་ཟ་མ་ཏོག་ཏུ་བཅུག༔ ཆུ་འདྲེས་ཁྱེར་བ་ལྕེབས་བརྒལ་ས༔ ལྷ་འདྲེ་རྩུབ་མོ་གནས་པའི་ས༔ རྨེ་ཁང་ས་དང་རོ་བསྲེགས་ས༔ གྲོག་མ་དམར་ནག་འཐབ་པའི་ས༔ དེ་ལ་མི་གཟུགས་ཁྲུ་གང་བྱ༔ དེ་ཡི་ནང་དུ་ཐོག་རྫས་བཅུག༔ དེ་ནི་གང་འདོད་དག་ཏུ་སྦས༔ ཕྱུགས་ལ་བྱེད་ན་ཕྱུགས་དེ་ཡི༔ རྭ་གཡས་ནང་དུ་རིལ་བུ་བཅུག༔ སླས་སུ་སྦེད་པ་

p. 494

མན་ངག་ཡིན༔ རི་དྭགས་ལ་ནི་བྱེད་པ་ན༔ རི་དྭགས་ཐོད་པར་རིལ་བུ་བཅུག༔ རི་དྭགས་གནས་སུ་སྦ་བར་བྱ༔ གྲོང་མཁར་དག་ལ་བྱས་པ་ན༔ རིལ་བུ་འདམ་གྱི་ནང་དུ་བཅུག༔ རྩིག་པའི་རྨང་དུ་སྦ་བར་བྱ༔ ཕ་བོང་ཚལ་པར་བཏང་བ་ན༔ སྦལ་གསོབ་ནང་བླུག་ཞབས་སུ་སྦ༔ ཕོ་བྲང་མཁར་ཆེན་འགྱེལ་བ་ན༔ རབས་ཆད་ཐོད་བླུག་དམངས་སུ་སྦ༔ ཐང་ཤིང་དག་ལ་བྱ་བ་ན༔ ཐོག་རྫས་ཟ་མ་ཏོག་དང་བཅས༔ བཙའ་ཅན་ལྕགས་དང་གཉིས་པོ་ནི༔ སྐུད་ནག་གིས་བཅིངས་ཤིང་ལ་བཅིངས༔ ལར་ནི་མང་པོ་བྱེད་པ་ན༔ ཐོག་འབེབས་རྫས་ཀྱི་རིལ་བུ་དེ༔ བྱི་བའི་སྤར་མོའི་ནང་དུ་བཅུག༔ གང་འདོད་གནས་སུ་སྦས་པས་འགྲུབ༔ དེ་རྣམས་གང་དུ་བརྒྱབ་ཀྱང་རུང་༔ རིལ་བུ་ནམ་མཁར་མཐོང་ངེས་གནད༔ དབབ་དུས་གཟའ་རྒྱུ་དང་སྤྲད་ནས༔ ལས་འདི་བྱས་ཚེ་དེ་མ་ཐག༔ དབབ་པ་དག་དང་རྒྱང་བསྲིང་བྲོས༔ རེ་ཧྲུལ་དག་གི་ཞྭ་ལྷྭམ་གྱོན༔ ཚིལ་ཆེན་རྟ་ཞུན་སྤོས་དཀར་རྣམས༔ མར་ཁུར་བསྲེས་ལ་འདྲེས་པར་སྦྱར༔ རི་དྭགས་ཀྱི་ནི་སྐུད་པ་དང་༔ རྒྱ་དར་ནག་པོའི་སྐུད་པར་བྱུག༔ མགོ་དང་ལུས་ལ་གྱོན་པར་བྱ༔ རྫས་དེ་ལུས་ལ་འཆང་བ་ནི༔ བདག་ཉིད་བསྲུང་བའི་རྫས་སུ་བསྟན༔ མཐིང་ཤོག་ངོས་ལ་གསེར་གྱིས་ནི༔ ཡི་གེ་དབུ་ཅན་ཚེག་མེད་བྲི༔ ༀབཛྲནིནཱགཙམུནྟཨཨཱ༔ རྟེན་འབྲེལ་རབ་གནས་རང་གིས་འཆང་༔ ཐོག་སྲུང་ཟབ་པའི་མཐར་ཐུག་གོ༔ དགྲ་ལ་དབབ་པའི་དུས་མིན་པར༔ རྫས་ལ་ནམ་མཁའ་བསྟན་མི་བྱ༔ རྫས་རྣམས་ལྷན་ཅིག་ལྡན་མི་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཉིད་ཚུལ་བཞིན་བརྩོན་བསྒྲུབས་ན༔ བསྐལ་པ་འཁྲུགས་པའི་ཐོག་ཆེན་གྱིས༔ གང་ལ་ཕོག་པ་ཚལ་པར་བཤིག༔ ཐལ་བའི་རྡུལ་བཞིན་བརླག་པར་ངེས༔ སྡང་དགྲ་འདུལ་བར་གདོན་མི་ཟ༔ བདེན་རྫུན་ལག་ཏུ་ལོངས་དང་

p. 495

ཤེས༔ བསྟན་པ་བསྲུང་བའི་བཙས་སུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ཉེ་འབྱེད་འཐབ་བྱེད་གབ་ཡིག་བཞུགས་སོ། །དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ མི་ངན་རཱུ་ཏྲ་བདུག་པ་ཅན༔ ཕུང་བྱེད་འཐབ་འཁྲུགས་བཏང་བའི་ལས༔ བྱ་སླ་དོན་ཆེ་ལས་མྱུར་བ༔ རྗེས་འཇུག་རྣམས་ཀྱི་དོན་དུ་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གནོད་བྱེད་ཕོ་མོ་འབྱེད་པའི་ཐབས༔ བོང་བུ་སྐྱ་བོ་འགྲེ་ལྡོག་དུས༔ བྱས་པའི་ས་ལ་སྔགས་སྟོང་བཟླས༔ ཁ་ཁ་ཏྲིའུ་ཏྲིའུ་ཙིཏྟ་དཀྲུགས་མྱུར་དུ་ཕྱེ༔ ཞེས་བཟླས་དགྲ་ཡི་ཁྱིམ་དུ་གཏོར༔ འཐབ་འཁོན་སློང་བར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བར་ཆད་དགྲ་བགེགས་དཀྲུག་པའི་ཕྱིར༔ གཅེས་པའི་ཕུང་ཁྲོལ་ནག་པོ་ནི༔ དགྲ་བོ་བཟའ་མི་འཐབ་འཇུག་ལས༔ བོང་བུ་འགྲེ་ལྡོག་ཕྱིར་བལྟས་རྒྱབ༔ དེ་ཤུལ་ས་ལ་སྔགས་འདི་གདབ༔ ༀ་ཏེར་ཏེར༔ ཡེར་ཡེར༔ དཀྲུགས་དཀྲུགས༔ ཞེས་བཟླས་དགྲ་ཡི་ཁྱིམ་ནང་དུ༔ འཐབ་དང་འཁྲུགས་པས་ཁེངས་ནས་སུ༔ ཟེ་ལོང་ཟེ་ལོང་འཐབ་པ་དང་༔ འཛིང་པར་བསྒོམ་པ་མན་ངག་ཡིན༔ གང་བྱེད་སྒོ་ཡི་ཕུག་སར་བསྐྱལ༔ བཟའ་འཐབ་ཡོང་བ་ཐེ་ཚོམ་མེད༔ ལྟ་བ་སྤྱོད་པ་མེད་ཀྱང་ཆོག༔ ཟབ་ཅིང་ཐེ་ཚོམ་མེད་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྗེ་བློན་དཔོན་སློབ་མཆེད་གྲོགས་དང་༔ ཕོ་མོ་ཉེ་མཐུན་གང་དང་གང་༔ ཉེ་འབྱེད་མྱུར་མགྱོགས་ཤིན་ཟབ་ནི༔ ཝ་ཡིས་འགྲེ་ལྡོག་བྱས་པའི་མལ༔ ས་ཐུན་ཆེ་བ་ཞིག་བྱུག་ནས༔ སྔགས་འདི་བརྒྱ་དང་རྩ་བརྒྱད་བཏབ༔ ༀ་ཤིང་སྒོ་ལིང་ལིང་ཧཱུྃ་ཧཱུྃ་ཕཊ་ཕཊ༔ གང་ལ་བྱ་བའི་མལ་སར་གཏོར༔ ཟླ་བ་གཅིག་

p. 496

ནས་སོ་སོར་འབྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྲོམ་དཀྲུགས་ངན་སྔགས་བྱ་བའི་ལས༔ བོང་བུ་ནག་པོ་ཁྲེས་བྱས་པའི༔ འོག་ནས་ས་བླང་སྔགས་བཟླས་བཏབ༔ ད་ཏེ་དཀྲུགས་དཀྲུགས༔ ཏྲི་དཀྲུགས་དཀྲུགས༔ ཏིའུ་དཀྲུགས་དཀྲུགས༔ ཏྲི་ཤང་དཀྲུགས་དཀྲུགས༔ ཁྲོམ་དུ་གཏོར་བས་ཕུང་འཐབ་གཟེངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ངན་སྔགས་སྦས་པའི་གབ་ཡིག་འདི༔ བུ་ལ་སྤེལ་ཀྱང་མནའ་རྒྱས་ཐོབ༔ གུ་རུ་རྡོ་རྗེ་ཐོད་ཕྲེང་གིས༔ ཟབ་པར་གདམས་པའི་སྙིང་ཐིག་གོ༔ ཁ་ཐཾ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ སེལ་ནག་གནམ་ལྕགས་འབར་བ་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ ཤ་ཟ་མཁའ་འགྲོའི་ལས་ཚོགས་ཀྱི༔ སེལ་ནག་གནམ་ལྕགས་འབར་བ་ནི༔ རྣལ་འབྱོར་ཉམ་ཆུང་བཙས་སུ་བཞག༔ ཕྱི་ནང་བན་ཆེན་ཚོགས་ན་ཡང་༔ འདི་འདྲ་སྟོན་པའི་སློབ་དཔོན་དཀའ༔ ལག་ཏུ་ལོངས་དང་ངེས་ཤེས་འདྲོང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རྫས་ཀྱི་རིམ་པ་ནི༔ མགར་ནག་ལྕགས་བརྡུང་སོལ་བ་མ་དཔེ་ན་སོ་དོགདང་༔ མགར་མོ་འབྲུག་ལོས་ལྕགས་བརྡུངས་པའི༔ སོལ་བ་མ་དཔེ་ན་སོ་དོགདང་ནི་རྣམ་པ་གཉིས༔ འབྲུག་ལོ་འབྲུག་ཟླ་འབྲུག་ཉི་གསུམ༔ འབྲུག་གི་དུས་ཚོད་བཞི་འཛོམས་ཉིན༔ ཞིབ་བཏགས་ཁམས་ས་ཁམ་པ་དཔྱདསྤྱིན་པོར་སོར་དཔྱདསྦྱར༔ མགར་བ་འབྲུག་གི་ལོ་པ་ཡིས༔ སཱཙྪ་གདབ་ཅིང་ཁང་སྟེང་བཅོས༔ ཉི་ཤུ་དགུ་ཡི་ཉི་ནུབ་མཚམས༔ མི་རོའི་ལག་པ་གཡས་པ་ལ༔ ཚོན་སྐུད་སྣ་ལྔས་སཱཙྪ་བཀྱིག༔ རོ་དང་མཉམ་དུ་བསྲེག་པར་བྱ༔ སཱཙྪ་དེ་ལ་སོ་ཐོང་གཏོང་ནས༔ དེ་ཡི་རླུང་ཕྱོགས་རང་ཉིད་དང་༔

p. 497

འཁོར་ལ་མི་ཕོག་པར་བྱས་ཏེ༔ སྣོད་དུ་བཅས་ཏེ་ཁྱེར་བར་བྱ༔ དེ་ནི་རི་ལ་སྦས་པ་ན༔ རི་བོ་དེ་ནི་ཉིལ་བར་འགྱུར༔ དེ་ནི་ཆུ་ལ་སྦས་པ་ན༔ ཆུ་བོ་དེ་ནི་ཆད་པར་འགྱུར༔ དེ་ནི་གྲོང་དུ་སྦས་པ་ན༔ གྲོང་ཁྱེར་དེ་ནི་བརླག་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སཱཙྪའི་ནང་གཞུག་ལིངྒ་ནི༔ དབང་པོ་ཡན་ལག་དོད་པ་ལ༔ སྙིང་ཁར་་ལ་མིང་ཡིག་དང་༔ དཔྲལ་བར་རུས་དང་འདོམས་སུ་བླ༔ རྐང་པ་ཞ་དང་དཔུང་པར་ཁུམ་ཕུམ་་དཔྱདཤེ༔ སྐེ་ལ་འགགས་དང་མིག་ལ་ལོང་༔ རྣ་བར་འོན་ཞེས་འབྲི་བར་བྱ༔ ཡན་ལག་ཛཿཧཱུྃ་བཾ་ཧོཿས་གཟིར༔ དེ་དང་མཉམ་དུ་མི་མཐུན་བསྡེབ༔ རྟ་གཡག་གཉིས་ཀྱི་རུས་པ་དང་༔ བྱི་བརླ་དང་ནི་བྱི་བའི་ཁྲག༔ ཤིང་ཀུན་དང་ནི་སྒོག་སྐྱ་དང་༔ བྱ་རོག་དང་ནི་འུག་པའི་སྒྲོ༔ སྲེ་མོང་དང་ནི་སྦལ་པའི་ཤ༔ གོ་མ་ལོག་པར་གཞུག་པའི་གནད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་འདྲའི་སེལ་ནག་གདམས་པ་ལ༔ བསྐྱེད་པ་ལྷ་ཡི་རྣལ་འབྱོར་དང་༔ བཟླས་པ་སྔགས་ཀྱི་རིམ་པ་མེད༔ རྫས་ཀྱིས་ཆོག་པའི་ཟབ་མོ་འདི༔ མ་སྤེལ་སྙིང་གི་དཀྱིལ་དུ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ། ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ཕུང་ཁྲོལ་སེལ་གྱི་མན་ངག་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ རྒྱ་གར་སྔགས་པ་པདྨ་ལ༔ རྒྱ་ཡི་ཕུང་བྱེད་མི་བཞི་ཡིས༔ ཁྱིམ་པ་ཕུང་ཁྲོལ་ནོར་འཚེངས་ཕུལ༔ དེ་ཡི་མན་ངག་བོད་དུ་བསྒྱུར༔ དུས་ངན་སྐྱེ་བོ་གདུག་པ་ཅན༔ ཆོས་འཁོར་བརྐུ་འཕྲོག་དབེན་གནས་བཅོམ༔ ཆོས་མཛད་རྡུང་ཞིང་ཡོ་བྱད་འཕྲོག༔ སྔགས་བཙུན་གྲི་ཁར་གཏོང་བར་བྱེད༔ སྐྱེ་བོ་དེ་དག་འདུལ་སླད་དུ༔ ངན་སྔགས་དྲག་ལ་རྣོ་བའི་ངར༔

p. 498

ཕུང་ཁྲོལ་ལས་ཀྱི་སེལ་ནག་འདི༔ ཕྱི་རབས་དོན་དུ་དགོངས་ནས་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཅའ་གཞིའི་རིམ་པ་བསྟན་པ་ནི༔ རི་དྭགས་གླ་བའི་སྲེ་ལོང་གི༔ རུས་པར་དགྲ་བཅོས་རམ་གྱིས་བྱུགས༔ གདོང་ལ་མཚལ་གྱིས་ཁ་མིག་བྲིས༔ བྱད་ལ་བཙག་བྱུག་དམར་པོ་བྱ༔ སོལ་བ་གྱེན་འགྲེང་རྩེ་ལ་བསྐྱོན༔ ཚོན་སྐུད་སྣ་ལྔས་མི་འབྲལ་བཀྱིག༔ ནས་ནག་ཕུལ་གང་སྟེང་དུ་བཞག༔ དེའི་མདུན་བྲ་ཁུར་གྲོ་ཡོས་དང་༔ ཆང་ཟན་དང་ནི་ཞོ་རྣམས་བཤམས༔ ཁ་འབར་སྔགས་རྒྱས་བྱིན་བརླབས་ནས༔ འདི་སྐད་དུ་ནི་སྨྲེང་བར་བྱ༔ ཧཱུྃ་བྷྱོཿནག་མོ་དམིགས་རིང་ཆེན་མོ་སྟེ༔ ས་སྲིན་ཐམས་ཅད་འཁྲུག་ཏུ་ཆུག༔ བྲག་སྲིན་མོ་ལ་ཁུས་བཏབ་ནས༔ ཐམས་ཅད་མ་ལུས་ར་མདའ་གཡོབ༔ ཕུང་སྲི་རྣམས་ལ་གཡབ་འདོར་ནས༔ ཐམས་ཅད་མ་ལུས་དམག་ལ་སྡེབ༔ ཀླུ་སྲིན་ཀུན་ལ་སྐད་བཏང་ནས༔ ཐམས་ཅད་མ་ལུས་དགྲ་ལ་བྷྱོ༔ སྣ་ཚོགས་ཕུང་ཁྲོལ་ནག་མོ་ཁྱེད༔ དམ་རྫས་གཏོར་མ་འདི་ལ་འདུས༔ དམ་ཉམས་དགྲ་ལ་ཕུང་ཁྲོལ་ཐོང་༔ ཞེས་བརྗོད་ལས་ལ་བསྐུལ་བར་བྱ༔ ཧྲི་ཧྲི་ལ་དི་པ་ས་དཔྱདཀཱ་ཡ༔ ཧྲི་མ་ཏི་རཀྵ་དགྲ་ལ་བྷྱོ༔ བྲག་ཕུག་ས་ཕུག་གང་རུང་དུ༔ ཉིན་གཅིག་སྨྲ་བ་བཅད་ནས་བཟླས༔ དེ་ལ་གཏོར་མ་བཏང་ནས་སུ༔ དགྲ་བོའི་ཁང་པའི་ཤར་ལྷོའི་མཚམས༔ རྩིག་གསེབ་སྲེ་ལོང་སོལ་བ་བཅས༔ གཞན་གྱིས་མི་མཐོང་སྦ་བར་བྱ༔ ས་སྲིན་བྲག་སྲིན་ཀླུ་སྲིན་དང་༔ དམ་སྲི་ཐམས་ཅད་འཁྲུགས་ནས་སུ༔ དགྲ་ལ་ཕུང་ཁྲོལ་སྣ་ཚོགས་བྱེད༔ ཁང་པ་དེ་ནི་

p. 499

འགྱེལ་བར་ངེས༔ འདི་ཡིས་དགྲ་བོ་མ་ཕུང་ན༔ པདྨ་བདག་གིས་ཕྱི་རབས་བསླུས༔ གཞན་ལ་མ་སྤེལ་ཙིཏྟར་སྦོས༔ དགྲ་བོ་ཐུལ་བར་ཐེ་ཚོམ་མེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ཕུང་སྲི་ནག་པོའི་ལས་མཐའ་དམའ་འབེབས་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ བསྟན་བཤིག་ལོག་འདྲེན་དམའ་འབེབས་བྱེད་པའི་ཐབས༔ གྲོ་གའམ་ནི་ཤོག་བུ་གང་རུང་ལ༔ ཕུང་སྲི་ནག་པོ་གཅེར་བུ་མདོག་ནག་པོ༔ མིག་དམར་མཆེ་བ་གཙིགས་ཤིང་སྐྲ་བརྫེས་པ༔ ཁ་ནས་ནད་ཡམས་སྣ་ཚོགས་སྐྱུགས་པ་ལ༔ འཕོངས་ནས་སྦྲུལ་རིགས་རྣམ་པ་ལྔ་འཛག་པ༔ ལག་གཡས་སྐྱ་བའི་མགོ་ལ་རྡོ་རྗེ་དང་༔ གཡོན་པས་དབྱུག་པའི་མགོ་ལ་ལྕགས་ཀྱུ་ཅན༔ ཕག་ནག་ཞོན་ཞིང་རྔམ་པ་མཚལ་གྱིས་འབྲི༔ དེ་ཡི་སྙིང་ཁར་ཕུང་བཤིག་སྔགས་འདི་བཀོད༔ ཡིག་མགོ་ཐམས་ཅད་གྱེན་བསྟན་ཚེག་མེད་བྱ༔ ༀབྷུརམོབྷུརམོདགྲལཡ༔ སྲིདཅིག༢༴ མེདཔརགྱིསཤིག༢༴ གཏུབསཤིག༢༴ བརླགཔརགྱིསཤིག༡༴ སོདཅིག༴ རྡུལདུགཏོརཅིག༴ ཁྱེརཅིག༴ ལསམྱུརགྱིསཤིག༴ ཅེས་དང་དམོད་ཚིག་སྣ་ཚོགས་འབྲི་བར་བྱ༔ ཡིག་མགོ་ཐམས་ཅད་གྱེན་བསྟན་ཁོ་ན་འོ༔ བག་ཟན་གྱི་མི་ཆུང་ལྟོ་བར་བཞུགས་ནས་ཀྱང་༔ དེའི་ཕྱི་ལ་ཡུགས་སྐྲའི་ཞབས་མལ་དྲིལ༔ དེ་ཉིད་མཛེ་ཐོད་ནང་དུ་བཅུག་ལ་བཅིང་༔ དེ་ཡི་ཕྱི་ནས་ཕུང་ཤུལ་རེ་བས་དྲིལ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་ཆུང་བཤམས༔ རྩ་སྔགས་ཁཱ་ཧི་བཏགས་པས་ཕུལ་ནས་ཀྱང་༔

p. 500

ཟླ་བ་མར་ངོའི་འཆི་སྦྱོར་དྲག་ཐེབས་ལ༔ བསྟུན་ནས་དགྲ་བོའི་ནང་ལ་ཁ་བསྟན་སྦས༔ དམོད་བཅོལ་འདི་བཞིན་ལན་གསུམ་བརྗོད་པར་བྱ༔ ཀྱཻ༔ ཕུང་སྲི་ནག་མོ་མཐུ་ཆེན་ཁྱེད༔ དམ་ཉམས་དགྲ་བོ་ཆྒཻ་འདི༔ ཁྱོད་ཀྱི་ཟས་ཀྱི་སྐལ་བར་གཏད༔ འདིར་ཞུགས་ཤ་ཟོ་ཁྲག་ལ་འཐུངས༔ རུས་པ་ཆོག་ལ་ཁ་མུར་གྱིས༔ དགྲ་བོ་ཆྒཻ་འདིའི་མི་ནོར༔ ཟས་གསུམ་འཁོར་བཅས་རྩད་ནས་ཆོད༔ དྲུངས་ནས་ཕྱུངས་ཤིག་མེད་པར་གྱིས༔ ངས་མ་ཉེས་སོ་འདིས་ཉེས་སོ༔ དགྲ་བོ་ཆྒཻ་འཁོར་བཅས་རླུང་ལ་སྐུར་ཅིག༔ རྗེས་མེད་དུ་སྐུར་ཅིག༔ མཐུ་དང་ནུས་པ་ཅི་སྣང་བལྟའོ༔ ཟླ་བར་མ་བཞག་པར༔ ཞག་དུས་ལ་སྒྲོལ་ཅིག༔ ལས་རྣམས་ཞག་དུས་ལ་མ་འདའ་བར་མྱུར་དུ་གྱིས་ཤིག་ཡ་ཡ༔ དགྲ་ལ་ཕུང་ཐབས་སྣ་ཚོགས་ཡོང་བ་ལ༔ ཐེ་ཚོམ་མེད་དོ་ཨོ་རྒྱན་པདྨའི་བཀའ༔ སྤེལ་བའི་གནས་མེད་ཁ་ཐཾ་གུ་ཧྱ་རྒྱ༔ ཨྠྀི༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ ངན་བྱེད་ལས་ཕྲན་གསུམ་བཞུགས༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ བྱིས་པ་ངུ་བར་བྱེད་པའི་ཐབས༔ ཁྱི་ཡི་ལོང་བུའི་སྤུ་དག་ལ༔ སྐུད་པ་བྱས་ནས་གླ་བ་ཡི༔ སྲེ་ལོང་ལ་བསྐྱོོན་བརྒྱུས་པས་བསྡོམ༔ མ་བུས་མཐོང་བའི་རྩིག་གསེབ་བཅུག༔ སྔགས་འདིས་རབ་ཏུ་གནས་བྱས་ལ༔ བག་ཙམ་བསྒྲང་ན་ངུ་བར་འགྱུར༔ ༀ་ཤུ་བུ་དཔྱདཆྒཻ་མཱ་ར་ཡ་རྦད༔ ཐིའུ་ཐིའུ་

p. 501

ཏྲིའུ་ཡེ་སྭཱ་ཧཱ༔ སྡིག་ཆེ་བས་གསང་བར་བྱ༔ ༈ བྱིས་པ་མི་ངུ་བའི་ཐབས༔ ༀ་མ་ཏྲི་ནི༔ ཙུ་རུ་ཙུ་རུ་ཏྲ་ཛ་སྭཱ་ཧཱ༔ ཡི་གེ་དབུ་ཅན་ལེགས་པར་བྲིས༔ རང་སྔགས་བརྒྱ་རྩས་རབ་གནས་བྱེད༔ བཏགས་ན་ངུ་བ་མི་སྲིད་དོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དམ་ཉམས་འདྲེས་གནོད་བྱེད་པའི་ཐབས༔ སྦང་མར་སྔགས་འདི་བརྒྱ་རྩ་བཟླས༔ ཡང་ན་སྟོང་ཕྲག་གཅིག་བཟླའོ༔ དེ་ནས་ཐོག་ཏུ་གཏོར་བ་ན༔ འདྲེ་ཡིས་གནོད་པ་ཐེ་ཚོམ་མེད༔ ༀ་ཨེ་མ་ཡེ་སག་སྭཱ་ཧཱ༔ འདྲེས་ནི་མི་གནོད་མི་སྲིད་དོ༔ རང་སྲུང་ཐོད་སྐམ་སྲུབ་མེད་པ༔ སྐྲ་མཚམས་དཔྲལ་བར་རང་ཉིད་ཀྱི༔ མགོ་བོ་གཏད་ནས་ཉལ་བར་བསམ༔ གཞོགས་གཡས་འོག་ཏུ་བཅུག་ནས་ཉལ༔ རང་ལ་འདྲེས་གནོད་མི་ནུས་སོ༔ རང་ལ་གཞན་གྱིས་བྱས་དོགས་དང་༔ འདྲེ་ཡིས་གནོད་དོགས་ཆེ་ན་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ དགྲ་ཆང་ཉེས་པ་བྱེད་པའི་ཐབས༔ རྟ་ཡི་རྩིབ་མར་གྲི་ཁྲག་གིས༔ ཏྲིའུ་ཏྲིའུ། སྤྲེ་ཧ་ཏསྤྲེ་ཧ་ཏ༔ འཚའུ༔ ཆྒཻ་མོ་ཆང་ཛཿཞེས་བྲིས་སྔགས་དེ་བརྒྱ་བཟླས་འདེབས༔ སྡེབ་ནས་གང་ལ་བྱ་བ་ཡི༔ སྒོ་ཀླད་སྟེང་བཞག་ཆང་རྣམས་ཉེས༔ བཀྲོལ་ན་རྩིབ་མ་མར་གསར་གྱིས༔ འོ་མས་བཀྲུས་ཤིང་སྔགས་འདི་བསྒྲང་༔ བྷེ་ཏྲུ་སྲུ་ཏ་ཕཊཿདེས་ནི་སྔར་དུ་ལོག་ཡོང་ངོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལས་ཕྲན་རྣམ་པ་གསུམ༔ དེ་ལས་འཕྲོས་པ་གསུམ་དང་དྲུག༔ ངོ་མཚར་ཁྱད་པར་སྟོན་པའི་གནད༔ གབ་ཡིག་བྱའོ་ཨྠྀི་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ བྷོ་ལིའི་ངག་གཏད་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ མུ་

p. 502

སྟེགས་བྷོ་ལིའི་མཐུ་འདིའི་རྫས༔ བ་དམར་དག་གི་ལྕི་བ་ནི༔ ས་ལ་མ་ལྷུང་བ་དང་གཅིག༔ དགྲ་བོའི་ཆུ་ཤུལ་ས་གཉིས་ལ༔ ཁོའི་གཟུགས་ཕོ་མཚན་ལྡང་བ་བཟོས༔ རྟ་ནི་གྲོ་བོའི་རྔ་མས་བསྡོམ༔ དེ་ནས་སྔགས་འདི་འབད་དེ་བཟླ༔ ༀ་མ་ནུ་མ་ནུ༔ མི་ནུ་མི་ནུ༔ འབ་ཤ༔ འབ་ཤ༔ འབི་ཤ༔ འབི་ཤ༔ དཔེ་ལ་་་་་་་འབའ་ཤ༔ འབའ་ཤ༔ འབ་ཤ༔ འབེ་ཤ༔ ཙེ་ནེ་ཙེ་ནེ༔ ཆྒཻ་མོ་འདིའི་ཕོ་མཚན་ལ་རྦད༔ ཉིན་གྱི་དུས་སུ་ལན་གསུམ་དང་༔ མཚན་མོ་གསུམ་རེ་གདབ་པར་བྱ༔ ཉུང་ཀར་གྱིས་ནི་ཐུན་གྱིས་བྲབ༔ སྒྲུབ་པའི་ཚོད་ནི་ཞག་གསུམ་མོ༔ ཤི་བར་འདོད་ན་ཕོ་དབང་ནི༔ མི་བསད་མཚོན་གྱིས་རྦད་ཀྱིས་བཅད༔ དམ་ཉམས་མཚན་མ་སྐྲངས་ནས་འཆི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ སྟུ་གཏད་དམར་མོ་ཁྲག་འཛག་བཞུགས༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ སྟུ་གཏད་དམར་མོ་ཁྲག་འཛག་ནི༔ ཤོག་བུར་མོ་ཡི་ལིངྒ་འབྲི༔ གནས་ཡིག་ལ་སོགས་སྤྱི་དང་འདྲ༔ སྙིང་ཁར་ནྲི་ཡིག་མཐའ་མ་རུ༔ མིང་རུས་འདི་ཞེས་ཁུག་ཛ་བྲི༔ སྡིག་པའི་ཤ་དང་སྦལ་པའི་ཤ༔ རང་གི་ཁྲག་དང་གསུམ་པོ་ནི༔ བསྣུར་ནས་ལིངྒའི་མཚན་མར་བྱུག༔ ཁྲི་ཚོ་གཅིག་ཏུ་བཟླས་ནས་ཀྱང་༔ ཡུངས་ཀར་བསྔགས་ཤིང་མཚམས་མཚམས་བྲབ༔ ནཱ་ག་མུར་ལིང་༔ དམ་ཉམས་ཆྒཻའི་སྟུ་ལ་འདུས༔ ནཱ་ག་རྐན་རྩེ་འདུས༔ ནཱ་ག་བཾ་སྟུ་ལ་འདུས༔ ནཱ་ག་ཐུཾ་རིལ་དམ་ཉམས་ཆྒཻའི་བྷ་ག་མཱ་ར་ཡ་ཛ༔ བལ་ཚོན་ལྔས་དྲིལ་ར་རུར་བཅུག༔ རང་གི་ཐེམ་པའི་འོག་ཏུ་མནན༔ གཉན་

p. 503

སར་སྦས་ན་མྱུར་དུ་འཆི༔ ཕོ་མོ་མཚན་མའི་ངན་མཐུ་དུས༔ དགུག་གཞུག་ལྷ་དབྱེ་ནན་ཏན་བྱེད༔ ཟབ་ཟབ་ཟབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁྲག་འཐུང་ལས་རབ་རྩལ་གྱིས་བཀོད༔ ༈ བསྟན་པ་སྲུང་བའི་ལས་མཐའ་དུག་རི་འབར་བ་ལས༔ དགྲ་བོའི་རླུང་རྟ་སྦུབ་པའི་མན་ངག་བཞུགས་སོ༔ དྲེགས་པ་འདུལ་མཛད་དྲེགས་པའི་བདག་པོ་ལ་ཕྱག་འཚལ་ལོ༔ དུས་ཀྱི་སྙིགས་མར་གྱུར་པའི་ཚེ༔ བསྟན་པ་བཤིག་པའི་བཙན་པོ་དང་༔ དུག་ལྔའི་དགེ་བཤེས་ཡོན་ཏན་ཅན༔ ཁེངས་ཤིང་རྒྱགས་པའི་ང་རྒྱལ་གྱིས༔ བདག་ལ་ཁྱི་རུ་མི་བརྩི་བ༔ དེ་ཉིད་ཆམ་ལ་དབབ་པའི་ཐབས༔ རྟ་ཡི་ལྟོ་བར་འཁོར་ལོ་ནི༔ མུ་ཁྱུད་གཉིས་ཀྱི་ལྟེ་བ་རུ༔ རི་བོང་ཁྲག་གིས་བྲི་མཆན། ༀ་ལ་མིང་རུས་དམོད་ཆོས་བསྐོར༔ མུ་ཁྱུད་དང་པོ་རྩིབས་བརྒྱད་ལ༔ མུཾ་དིར་རང་སྨད་སིང་ཁཾ་ལོག་ལོག༔ ཅེས་དང་༔ རྩིབས་མཆན་ལ༔ ཐུཾ་ལུཾ་རི༔ མུ་ཁྱུད་ཕྱི་མར་ཙི་ཝང་རག་ཤི་ར་ཝལ་དགྲ་བོ་ཆྒཻ་ཙི་ར་ཁ་ལ་རཀྴ་ཐུཾ་རྦད་ཏྲི༔ བྲི༔ ཡིག་མགོ་ཐམས་ཅད་ཕྱིར་ལ་བསྟན༔ ཤོག་བུར་སྣག་ཚས་ལིངྒ་འབྲི༔ འཇིམ་པར་རྟ་ཡི་གཟུགས་བཅོས་ལ༔ སྐྱེ་མཆེད་དོད་པར་དམར་པོར་བྱུག༔ དེ་ཡི་ལྟོ་བར་འཁོར་ལིང་འཁོར་ལོ་དཔྱད། གཉིས༔ ཁ་སྦྱར་དར་དམར་དྲིལ་ལ་བཅུག༔ སྔགས་འདི་ཉིན་གཅིག་ཐུན་བཅད་སྒྲུབ༔ ཙི་ཝང་རག་ཤི་ར་ཝལ་དགྲ་བོ་ཆྒཻ་ཙི་ར་ཁ་ལ་རཀྴ་ཐུཾ་རྦད་ཏྲི༔ དེ་ནས་རྟ་ཡི་གཟུགས་དེ་ཉིད༔ ཕ་རོལ་རླུང་རྟའི་བྲག་ལ་སྦ༔ མ་ཤེས་ལྷོ་ངོས་བྲག་ལ་སྦེད༔ དེས་ནི་ཁོ་ཡི་ནུས་པ་དང་༔ ཡོན་ཏན་བསོད་ནམས་ཐམས་ཅད་ནུབ༔ ཐ་མ་སྤྲང་འཁྱམས་དགོས་པ་འོང་༔ འཁོར་ལོ་

p. 504

བྲི་དང་སྒྲུབ་པའི་དུས༔ རང་ལས་སུས་ཀྱང་མི་མཐོང་གཅེས༔ ཟབ་ཟབ་ཟབ༔ ཨྠྀི༔ གུ་ཧྱཿས་མ་ཡ༔ ཁྲག་འཐུང་ལས་རབ་རྩལ་གྱི་ཐུགས་གཏེར་གྱི་ཆོས་སྡེའོ༔ སརྦ་མངྒ་ལཾ༔ དགེའོ༔ དགེའོ༔ དགེའོ༔

རྩ་གསུམ་གསང་བ་སྙིང་ཐིག་གིི་སྔོན་འགྲོ་ཟབ་དོན་འདུས་པ།

p. 505

༄༅། །རྩ་གསུམ་གསང་བ་སྙིང་ཐིག་གིི་སྔོན་འགྲོ་ཟབ་དོན་འདུས་པ་བཞུགས། ཨཱོཾ་ན་མོ་ཧཱུྃ། དག་པའི་མཁའ་དབྱིངས་ཁྱབ་པར་བཞུགས་པ་ཡི། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ལ་འགོད་སེམས་བསྐྱེད་དོ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔ་རུ། །ཕྱག་འཚལ་མཆོད་པ་འབུལ་ཞིང་སྡིག་པ་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །སྤྱི་གཙུག་རྡོ་རྗེ་སེམས་གསལ་ལྷ་སྔགས་ལས། །བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་ཀུན་སྦྱངས་གྱུར། །ཨཱོཾ་བཛྲ་སཏྭ་ཧཱུྃ། ཕྱི་ནང་གསང་བའི་མཎྜལ་མཆོད་སྤྲིན་གྱིས། །རྩ་གསུམ་དཀོན་མཆོག་རྒྱལ་བ་རྒྱ་མཚོ་མཆོད། །རང་ལུས་ཡི་དམ་སྤྱི་བོར་བླ་མ་བཞུགས། །ན་མོ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པད་འབྱུང་མཚོ་རྒྱལ་ཀླུ་དབང་ཉི་མ་གྲགས། །ཨོ་རྒྱན་བསྟན་འཛིན་དབང་རྒྱལ་རྒྱ་མཚོའི་སྡེ། །རིགས་ཀུན་ཁྱབ་བདག་བསྟན་པའི་རྒྱལ་མཚན་ཞབས། །ཐུགས་སྲས་རྒྱལ་ཚབ་ཆོས་དབྱིངས་དྲི་མེད་རྩལ། །སྨིན་གྲོལ་

p. 506

བརྒྱུད་འཛིན་རྩ་བརྒྱུད་བླ་མ་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །བཅོས་མིན་དད་པས་སྙིང་ནས་གསོལ་བ་འདེབས། །ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། ། ༈ འཁོར་རྣམས་བླ་མ་ལ་ཐིམ་བླ་མ་ཡང་། །འོད་ཞུ་བདག་དང་དབྱེར་མེད་སྤྲོས་བྲལ་ངང་། །དགེ་བ་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེེས་པའི་སྔོན་འགྲོ་བསྡུས་པ་འདི་ཡང་བླ་མ་ནམ་མཁའི་གསུང་གིས་བསྐུལ་ངོར་ལས་རབ་རྩལ་གྱིས་རྒྱ་རོང་དབེན་གནས་སུ་སྦྱར་བ་དགེ་བར་གྱུར་ཅིག། །།

གུ་རུའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས།

p. 507

࿅༔ གུ་རུའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་བཞུགས་སོ། །རབ་འབྱམས་རྡུལ་གྱི་གྲངས་མཉམ་རྒྱལ་བ་ཡི། །ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་པདྨ་འབྱུང་། །མཐོང་ཐོས་དྲན་པས་རྣམ་མཁྱེན་གོ་འཕང་འཐོབ། །མཉམ་མེད་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐྱེ་གནས་ཁྱད་འཕགས་པད་མའི་སྙིང་པོར་བལྟམས། །ཆོས་ཚུལ་ཁྱད་འཕགས་གསང་སྔགས་རྨད་དུ་བྱུང་། །ཕྲིན་ལས་ཁྱད་འཕགས་བདུད་དང་སྲིན་པོ་བཏུལ། །ཕུལ་བྱུང་ཡོན་ཏན་ལྡན་ལ་གསོལ་བ་འདེབས། །སྙིང་ནས་གསོལ་བ་བཏབ་ན་ཐུགས་རྗེ་ཡིས། །ལས་ངན་འགྲོར་ཡང་དངོས་ཉམས་རྨི་ལམ་དུ། །ཞལ་མཇལ་ལུང་བསྟན་དབུགས་དབྱུང་མཛད་པ་ཡི། །ཁྱད་པར་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཞེས་པ་འདི་ཡང་དབོན་སྤྲུལ་རིན་པོ་ཆེའི་གུ་རུའི་རྣམ་ཐར་དང་འབྲེལ་བའི་གསོལ་འདེབས་ཉུང་ངུ་གྱིས་གསུངས་པར་དཔའ་བོ་ལས་རབ་རྩལ་གྱིས་སོ། །མངྒ་ལཾ། །

མཚན་བརྒྱད་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས།

p. 508
p. 509

࿅༔ མཚན་བརྒྱད་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བཞུགས་སོ། །སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་སྟོབས། །གཅིག་ཏུ་འདུས་པ་གུ་རུ་ཐོད་ཕྲེང་རྩལ། །དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ། །རྡོ་རྗེ་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །ཨོ་རྒྱན་ཡུལ་དུ་རྫུས་སྐྱེས་རྡོ་རྗེའི་སྐུ། །པད་མ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །བསིལ་བ་ཚལ་དུ་ཡོན་ཏན་སྣ་ཚོགས་བརྙེས། །པད་མ་སཾ་བྷའི་ཞབས་ལ་གསོལ་བ་འདེབས། །རཱ་ག་རག་ཏིར་འཇམ་མགོན་མངོན་དུ་གྱུར། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །དགའ་ཚལ་གནས་སུ་ཁམས་གསུམ་དབང་དུ་གྲུབ། །པདྨ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །སོ་ས་གླིང་དུ་འགྲོ་འདུལ་ཕྲིན་ལས་བརྙེས། །ཉི་མ་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཟ་ཧོར་ཡུལ་དུ་བདུད་བཞིའི་དཔུང་རྣམས་བཅོམ། །ཤཱཀྱ་སེང་གེའི་ཞབས་ལ་གསོལ་བ་འདེབས། །མ་གཱ་དྷ་རུ་མུ་སྟེགས་སྡེ་ཚོགས་བཏུལ། །སེང་གེ་སྒྲ་སྒྲོགས་ཞབས་ལ་གསོལ་བ་འདེབས། །བོད་ཡུལ་

p. 510

དབུས་བྱོན་སྡེ་བརྒྱད་དམ་ལ་བཏགས། །རྡོ་རྗེ་གྲོ་ལོད་ཞབས་ལ་གསོལ་བ་འདེབས། །བདེར་འདུས་བཀའ་བབ་གཞན་སྣང་ཟིལ་གྱིས་གནོན། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །གཤིན་རྗེའི་བཀའ་བབ་བྲག་ལ་ཕུར་པ་བཏབ། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །རྟ་མགྲིན་བཀའ་བབ་དབུ་གཙུག་རྟ་སྐད་འཚེར། །རྒྱལ་བ་མཆོག་དབྱངས་ཞབས་ལ་གསོལ་བ་འདེབས། །ཡང་དག་བཀའ་བབ་ཉི་མའི་ཟེར་ལ་བཅིབས། །ནམ་མཁའི་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ཡོན་ཏན་བཀའ་བབ་བྲག་ལས་བདུད་རྩི་འབྱིན། །གཉགས་ཆེན་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །ཕུར་པའི་བཀའ་བབ་བསད་པའི་མི་རོ་སློང་། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །རྦོད་གཏོང་བཀའ་བབ་མ་མོ་མངོན་དུ་ཁོལ། །འབྲོག་མི་དཔལ་ཡེའི་ཞབས་ལ་གསོལ་བ་འདེབས། །དྲེགས་པའི་བཀའ་བབ་ལྷ་སྲིན་བྲན་དུ་ཁོལ། །དཔལ་གྱི་སེང་གེའི་ཞབས་ལ་གསོལ་བ་འདེབས། །དྲག་སྔགས་བཀའ་བབ་ཡེ་ཤེས་སྤྱན་དང་ལྡན། །༔

p. 511

བཻ་རོ་ཙ་ནའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་རྟོགས་པ་མཆོག་དང་ལྡན། །གཡུ་སྒྲ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་རླུང་ལྟར་ཐོགས་མེད་འཕྱོ། །རྡོ་རྗེ་བདུད་འཇོམས་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་མཁའ་སྤྱོད་གནས་སུ་གཤེགས། །ཡེ་ཤེས་དབྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་གཅན་གཟན་གཉའ་ནས་འཛིན། །སོག་པོ་དཔལ་ཡེའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་བྱ་ལྟར་ནམ་མཁར་ལྡིང་། །སྣ་ནམ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ཕུར་པ་གདེངས་ཚད་འགུམ། །དཔལ་གྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་མི་བརྗེད་གཟུངས་རྣམས་ཐོབ། །ལྡན་མ་རྩེ་མང་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་གཞན་སེམས་ས་ལེར་མཁྱེན། །སྐ་བ་དཔལ་བརྩེགས་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ཆུ་བོ་གྱེན་དུ་ལྡོག །

p. 512

ཤུད་བུ་དཔལ་སེང་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་རོ་ལངས་གསེར་དུ་བསྒྱུར། །རྒྱལ་བའི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ནམ་མཁའི་བྱ་རྣམས་འཛིན། །ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་བྱང་ནས་གཡག་རྒོད་འགུགས། །དྲན་པ་ནམ་མཁའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ཆུ་ལ་ཉ་ལྟར་རྒྱུག །འོ་བྲན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ཕ་བོང་ཟན་ལྟར་གསོལ། །རྨ་ཐོག་རིན་ཆེན་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་བྲག་ལ་ཐལ་བྱུང་འཛུལ། །དཔལ་གྱི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ཐོག་ཆེན་མདའ་ལྟར་འཕེན། །དཀོན་མཆོག་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་སྟོབས་ཀྱིས་ནམ་མཁར་སྐྱིལ་ཀྲུང་མཛད། །རྒྱལ་བ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །པད་འབྱུང་སྲས་དང་བཅས་ལ་གསོལ་བཏབ་མཐུས། །བྱིན་རླབས་ཡེ་ཤེས་ནུས་པས་བདག་

p. 513

སོགས་རྣམས། །འཆི་མེད་རྟག་བརྟན་རྡོ་རྗེའི་སྐུ་ཐོབ་ནས། །ཚེ་ལ་དབང་བའི་རིག་འཛིན་མཆོག་ཐོབ་ཤོག །ཅེས་པ་འདི་དཔལ་ས་ཡི་དབང་ཕྱུག་ལྷ་སྲས་ཡིད་བཞིན་ནོར་བུའི་བཀའ་སྩལ་སྤྱི་བོར་ཕེབ་པ་ལ་བརྟེན་ནས་བློ་བྲལ་ཨ་ཏིའི་རྣལ་འབྱོར་པ་༧དཔའ་བོ་ལས་རབ་རྩལ་གྱིས་རྒྱ་རོང་དབེན་རི་མངོན་པར་དགའ་བའི་གནས་སུ་སྦྱར་བ་དགེ་གྱུར་ཅིག །

དྲི་མེད་བཤགས་རྒྱུད་ཀྱི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།

p. 514
p. 515

࿅༔ དྲི་མེད་བཤགས་རྒྱུད་ཀྱི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བཞུགས་སོ། །

p. 516

ཀུན་བཟང་རིགས་ལྔ་དང་ནི་རིགས་གསུམ་མགོན། །བློ་གྲོས་ཐབས་ལྡན་དང་ནི་རྒྱལ་པོ་ཛ། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷུ་ཏིའི་ཞབས། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །གོ་མ་དེ་ཝི་ཤཱཀྱ་སུ་ཏྲི་དང་། །རཱ་ཛ་ཧ་རི་དང་ནི་ཧཱུྃ་ཀ་ར། །བྷུ་ཏ་ཀུཊྚི་མཁན་པོ་པྲ་ཧསྟི། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །རྡོ་རྗེ་བཞད་པ་སྠི་ར་མ་ཏི། །ར་གི་ནཱ་ག་བྲམ་ཟེ་ཉི་མ་དང་། །ཀ་ཏི་པད་མ་བྲམ་ཟེ་ཚངས་པའི་ཞབས། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ཁྱུང་པོ་དབྱིག་འོད་འཇམ་དཔལ་ཡེ་

p. 517

ཤེས་དང་། །གནམ་དཔལ་ལྷ་དང་རྒྱལ་བ་བྱང་ཆུབ་པ། །བྱང་ཆུབ་ཤེས་རབ་བློ་གྲོས་རྒྱལ་བའི་སྙིང་། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །གྲགས་པ་རྒྱལ་མཚན་རྡོ་རྗེ་རྒྱལ་མཚན་རྗེ། །རིན་ཆེན་ལྷུན་པོ་བྱང་བ་ཚུལ་ཁྲིམས་པ། །འདས་དགའ་དཔལ་གྲགས་ལྷ་རྗེ་རྒྱལ་བའི་ཞབས། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ལྕེ་སྒོམ་སྦས་སྟོན་སྨོན་ལམ་སེང་གེ་དང་། །སྦས་སྟོན་གཞོན་ནུ་བླ་མ་བསམ་འཕེལ་བ། །ཤཱཀྱ་རྒྱལ་མཚན་དང་ནི་དཔལ་བཟང་ལ། །གསོལ་བ་འདེབས་སོ་

p. 518

སྒྲིབ་གཉིས་ཡོངས་དག་ཤོག །བླ་མ་རྡོ་རྗེ་རྒྱལ་མཚན་བདེ་ལེགས་དཔལ། །འཇམ་དབྱངས་བཤེས་གཉེན་ཆོས་དཔལ་རྒྱལ་མཚན་དང་། །མོས་སྒོམ་བསམ་གཏན་སྤྲུལ་སྐུ་རཏྣ་གླིང་། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ཚེ་དབང་གྲགས་པ་ངག་དབང་གྲགས་པ་དང་། །ངག་དབང་ནོར་བུ་ནོར་བུ་ཡོངས་གྲགས་དང་། །ནོར་བུ་དབང་རྒྱལ་ཚུལ་ཁྲིམས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །ཚུལ་ཁྲིམས་རྒྱལ་མཚན་བསྟན་འཛིན་འགྱུར་མེད་ཞབས། །ངག་དབང་ཀུན་བཟང་ཐེག་མཆོག་བསྟན་འཛིན་རྗེ། །རྡོ་རྗེ་འཆང་དངོས་བསྟན་པའི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །དཔའ་བོ་ལས་རབ་རིག་འཛིན་རྒྱ་མཚོ་དང་། །བརྒྱུད་པར་བཅས་པའི་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་ཚོགས། །མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས་པ་ལ། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་ཤོག །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་མཁའ་

p. 519

མཉམ་འགྲོ་བ་སེམས་ཅན་གྱི། །སོ་ཐར་བྱང་སེམས་གསང་སྔགས་གཉན་པོ་ཡི། །ཉམས་ཆག་ཉེས་ལྟུང་མ་ལུས་བྱང་གྱུར་ཅིག །མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ། །དེ་དང་ཉེ་བ་ལྔ་སོགས་སྡིག་པའི་ལས། །ལས་ཉོན་བག་ཆགས་ཤེས་བྱའི་སྒྲིབ་པ་རྣམས། །ད་ལྟ་ཉིད་དུ་བྱང་ཞིང་དག་གྱུར་ཅིག །ཚེ་འདིར་ཚེ་རིང་ནད་མེད་བདེ་འབྱོར་ལྡན། །ནམ་ཞིག་འཕོས་ཚེ་གནད་གཅོད་སྡུག་བསྔལ་བྲལ། །བར་དོའི་འཁྲུལ་སྣང་མ་ལུས་ཀུན་ཞི་ཞིང་། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད་འགྲུབ་ཤོག །ཅེས་དྲི་མེད་བཤགས་རྒྱུད་ཀྱི་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་རྒྱུད་འདི་གསེར་གྱིས་བཞེངས་པའི་ཚེ་ལས་རབ་རྩལ་གྱིས་སྦྱར་བ་མངྒ་ལཾ།། །།

p. 520

༈ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པད་འབྱུང་ཡབ་ཡུམ་ཅོག་རོ་ཀླུའི་རྒྱལ་མཚན། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་ཀརྨ་གླིང་། །དེ་དག་རྣམས་དང་དེ་ལས་བརྒྱུད་པ་ཡི། །ཟབ་ཆོས་ཞི་ཁྲོའི་དབང་ཁྲིད་བསྐྱེད་རྫོགས་ཀྱི། །བཀའ་བབ་བརྒྱུད་ལྡན་བླ་མར་གསོལ་བ་འདེབས། །འཁྲུལ་སྣང་བར་དོ་དྲུག་གི་གཟུང་འཛིན་རྣམས། །རིག་པའི་ཀློང་དུ་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ། །

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཁྲིད་བརྒྱུད་གསོལ་འདེབས།

p. 521

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཁྲིད་བརྒྱུད་གསོལ་འདེབས་བཞུགས། ༀ་ཨཱཿཧཱུྃ། ཀུན་བཟང་རྡོ་རྗེ་འཆང་དབང་རྡོ་རྗེ་སེམས། །དགའ་རབ་ཤྲཱིི་སེང་པད་འབྱུང་ཡབ་ཡུམ་དང་། །ཀླུ་ཡི་རྒྱལ་མཚན་ཀརྨ་གླིང་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་རྗེའི་མཚན་ཅན་སཱུ་རསྨི་དང་། །ཆོས་ཀྱི་རྒྱ་མཚོ་བྷུདྡྷ་མངྒ་རྗེ། །ཐུགས་རྗེའི་འོད་ཟེར་ཀུན་དགའ་གྲགས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་དགའ་བསྟན་འཛིན་པདྨ་དབང་གྲགས་མཚན། །ཀརྨ་ཆགས་མེད་པདྨ་རིག་འཛིན་དང། །ཉི་མ་གྲགས་པ་དབང་རྒྱལ་རྒྱ་མཚོའི་སྡེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟབ་དོན་མངོན་གྱུར་བསྟན་པའི་རྒྱལ་མཚན་ཞབས། །བཀའ་དྲིན་འཁོར་བ་མེད་པའི་ཆོས་ཀྱི་རྗེ། །རྩ་བའི་བླ་མ་བྱིན་རླབས་ཀུན་འདུས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀ་དག་ཆོས་སྐུ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །འགྲོ་དོན་མ་འགགས་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ངོ་རང་ཆས་ཞི་ཁྲོའི་དཀྱིལ་

p. 522

འཁོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བླ་མེད་རྒྱུད་སྡེ་རྒྱ་མཚོའི་སྙིང་པོའི་བཅུད། །འཁོར་འདས་ཆོས་ཀུན་བར་དོ་དྲུག་ཉིད་དུ། །གཏན་ལ་ཕབ་པའི་དགོངས་པ་རང་གྲོལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་ལམ་རྡོ་རྗེ་ཐེག་པའི་དབང་བཞིའི་གནད། །གྲོལ་ལམ་བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །མྱུར་ལམ་ཀ་དག་ལྷུན་གྲུབ་ཟུང་འཇུག་གིས། །ཚེ་གཅིག་སངས་རྒྱས་གོ་འཕང་མཆོག་ཐོབ་ཤོག །ཅེས་པའི་གསོལ་འདེབས་ཀྱི་རིམ་པ་འདི་ནི་བླ་མ་དམ་པ་ནམ་མཁའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་སངས་རྒྱས་རྡོ་རྗེ་འཆང་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཡུན་རིང་པོར་བཀའ་དྲིན་གྱིས་བསྐྱངས་ཤིང་བསྟན་པ་འཛིན་པ་དང་དབང་ཁྲིད་ཀྱི་བྱེད་པོར་ལན་གཅིག་མ་ཡིན་པར་ལན་དུ་མར་རྡོ་རྗེའི་རྒྱལ་ཚབ་ཏུ་དབང་བསྐུར་བ་བཀའ་གཏད་སྨོན་ལམ་དང་བཅས་པ་རྒྱས་པར་མཛད་པའི་ཆོས་དབྱིངས་དྲི་མེད་རྩལ་བདག་གིས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག །

སྐྱེ་ཕྲེང་གསོལ་འདེབས་ཞལ་གསུང་མ།

p. 523

༄༅། །སྐྱེ་ཕྲེང་གསོལ་འདེབས་ཞལ་གསུང་མ་བཞུགས་སོ། །ༀ་སྭ་སྟི། གདོད་ནས་འཁྲུལ་གྲོལ་མ་མྱོང་ཀུན༵་ཏུ་བཟ༵ང་། །ས་བཅུའི་བྱང་སེམས་སྣང་ངོར་ལོང༵ས་སྤྱོད༵་རྫོག༵ས། །མ་དག་ཁམས་གསུམ་འདུལ་མཛད་ཐུབ༵་ཆེ༵ན་དྲུག༵། སྐུ་གསུམ་རྣམ་པར་འཕྲུལ་ལ་གསོལ་བ་འདེབས། །སྲིད་ཞིའི་མཐའ་བྲལ་འཕགས་མཆོག་པ༵ད་དཀ༵ར་འཆ༵ང་། །ཐུབ་དབང་སྲས་ཀྱི་དང་པོ་ཤཱ༵་རི༵འི་བུ༵། །པད་འབྱུང་སློབ་མའི་དྭངས་མ་དཀོ༵ན་མཆོ༵ག་འབྱུང༵་། །ས་ཆེན་མངོན་དུ་གྱུར་ལ་གསོལ་བ་འདེབས། །གྲུ་འཛིན་ཞིང་བགྲོད་ཞི༵་བ༵འི་གོ༵་ཆ༵་མཆོག །བྱང་ཆུབ་སེམས་འབྱོངས་བྷོ་༵དྷི་༵རཱ༵་ཛ༵འི་ཞབས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རང༵་བྱུང༵་རྗེ༵། །ཐར་གླིང་དེད་དཔོན་མཆོག་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་སྲས་པ༵དྨ་དབ༵ང་ཆེ༵ན་དཔ༵ལ། །མཚུངས་མེད་ས་སྐྱའི་བླ་ཆེན་བསོ༵ད་ནམ༵ས་མཚ༵ན། །ཟབ་གཏེར་རྒྱ་མཚོར་དབང་བསྒྱུར་ར༵ཏྣ་༵གླིང༵་། །འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །རླུང་སེམས་དབང་ཐོབ་ཕྱག་རྒྱ་ཟིལ་གནོན་གཟིགས། །མི་ཕམ་ཀརྨ༵་ཕྲི༵ན་ལ༵ས་རྒྱ་མཚོའི་སྡེ། །

p. 524

རྫོགས་ཆེན་དོན་མཐོང་དཔ༵འ་བོ༵་ལས༵་རབ༵་རྩལ༵། །རྟོགས་གྲོལ་དུས་མཉམ་འགྲོ༵་འདུལ༵་རྡོ༵་རྗེ༵འི་ཞབས། །སྣང་བཞི་མཐར་སོན་གཱ༵་གཱ༵་མི༵་ཏྲའི༵་མཚན། །དྲག་སྔགས་གྲུབ་བརྙེས་ཕྲིན༵་ལས༵་ནོར༵་བུ༵་སོགས། །མ་འོངས་པའི་སྐྱེ་ཕྲེང་རིམ་བྱོན་རྣམས་ཀྱི་མཚན་འདིར་འཛུད་དགོས་དངོས་གྲུབ་དམ་པ་བརྙེས་ལ་གསོལ་བ་འདེབས། །དེ་ལྟར་སྙིང་ནས་གསོལ་བཏབ་འདི་ཡི་མཐུས། །མཐོ་རིས་དང་ནི་ངན་སོང་གནས་རྣམས་ལ། །སྐྱོན་མཐོང་སྐྱུགས་ནད་ཅན་ལ་ཟས་བཞིན་དུ། །སྙིང་ནས་ཞེན་པ་ལོག་པར་བྱིན་གྱིས་རློབས། །རྙེད་དཀའ་རྒྱལ་བས་བསྔགས་པའི་དལ་འབྱོར་ལུས། །ཆུད་ཟོས་མིན་པར་སྙིང་པོ་ལེན་ཤེས་དང་། །ཀུན་རྫོབ་མཐའ་དག་འཇིག་པའི་ཆོས་ཉིད་རྟོགས། །ཚེ་འདིའི་འཁྲི་བ་ཆོད་པར་བྱིན་གྱིས་རློབས། །ནམ་མཁའི་མཐའ་མཉམ་ཕ་མ་སེམས་ཅན་རྣམས། །ཉེ་རིང་མེད་པའི་མགྲོན་དུ་མཉེས་གྱུར་ནས། །རྣམ་མཁྱེན་གོ་འཕང་ཐོབ་འདོད་བློ་འབྱུང་ནས། །རང་འདོད་འཛིན་པ་ཆོད་པར་བྱིན་གྱིས་རློབས། །ངེས་འབྱུང་སོ་ཐར་གཞན་དོན་ཐེག་པ་མཆོག །ཟབ་མོའི་མཐར་ཐུག་སྔགས་

p. 525

ཀྱི་རིམ་གཉིས་སོགས། །མདོ་སྔགས་བསྟན་པའི་གཞུང་བཟང་ཉམས་ལེན་ནས། །དོན་གཉིས་མཐར་ཕྱིན་འགྲུབ་པར་བྱིན་གྱིས་རློབས། །མངྒ་ལཾ། །ལས་རབ་རྩལ་གྱིས་སྦྱར་བའོ། །

རིག་རྩལ་ཐོགས་མེད་གླིང་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་དུ་འཆར་བའི་ཉི་མ།

p. 526
p. 527

༄༅། །རིག་རྩལ་ཐོགས་མེད་གླིང་པའི་རྣམ་ཐར་གསོལ་འདེབས་བྱིན་རླབས་མྱུར་དུ་འཆར་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །དབང་ཐོབ་ཆོས་བཤད་མན་ངག་བརྒྱུད་པ་ཡི། །རིག་འཛིན་རྩ་བརྒྱུད་བླ་མ་ཀུན་འདུས་ཀྱི། །ངོ་བོ་ལས་རབ་རྩལ་ལ་གསོལ་བ་འདེབས། །ཁྱོད་ནི་བཙས་པར་གྱུར་མ་ཐག་ཏུ་ནི། །ཀརྨ་ཕྲིན་ལས་ཡིན་ཞེས་གསུང་བསྒྲགས་ཤིང་། །གཞན་ཡང་ལུང་བཤད་མཉམ་བཞག་སྐྱིལ་ཀྲུང་སོགས། །ངོ་མཚར་སྣང་བར་མཛད་ལ་གསོལ་བ་འདེབས། །ཁྱོད་ནི་ལོ་ལྔ་ལོན་ཚེ་གཤར་དང་རྫབས། །འབྲི་ཀློག་མ་བསླབས་པར་ཡང་རང་བབས་ཤེས། །རཏ་གླིང་སྐྱེ་བ་ཡིན་ཞེས་བརྡའ་ཡིག་བཏོན། །སྔོན་གནས་རྗེས་སུ་དྲན་ལ་གསོལ་བ་འདེབས། །ལོ་བདུན་དུས་ན་ཏིང་འཛིན་སྒོམ་སྟངས་དང། །རྩ་རླུང་སྦྱོང་ཚུལ་དབང་བསྐུར་ཆོས་བཤད་སོགས། །འོད་དཔག་མེད་སྐུ་རྡོ་ལ་སྒྲོས་ཐོན་བྲིས། །སྔོན་སྦྱངས་སྟོབས་སུ་གྱུར་ལ་གསོལ་བ་འདེབས། །ལོ་བརྒྱད་ནས་བཟུང་བྱིས་པའི་དུས་ཀུན་ཏུ། །མདོ་སྔགས་རྒྱས་བསྡུས་སྒྲུབ་ཕྲིན་རྫོགས་ཆེན་དོན། །

p. 528

བར་ཐག་མེད་པར་རྩོམ་ཞིང་འཆད་པར་བྱེད། །སྔོན་གྱི་ལས་འཕྲོ་སད་ལ་གསོལ་བ་འདེབས། །ལོ་བཅུའི་དུས་ན་མཉམ་མེད་འདྲེན་པ་མཆོག །ཉི་གྲགས་རྡོ་རྗེ་འཛིན་པས་ནན་ཏན་གྱིས། །དགོས་གསུངས་ཁོང་གི་རྗེས་འབྲང་དབང་ཆོས་ནོད། །དམ་པས་རྗེས་སུ་བཟུང་ལ་གསོལ་བ་འདེབས། །དབུས་ནས་རྡོ་རྗེ་གདན་གསུམ་ལ་སོགས་མཇལ། །བླ་མའི་དྲིན་གྱིས་བཤེས་གཉེན་གཞན་དུ་མར། །དབང་ཆོས་རང་ལུགས་རྙིང་མ་མང་དུ་ནོས། །ཆོས་ཚུལ་བདུད་རྩི་བརྙེས་ལ་གསོལ་བ་འདེབས། །དབང་བསྐུར་དུས་སུ་རྩ་གསུམ་སྲུང་མར་བཅས། །ཡེ་ཤེས་མངོན་སུམ་བབས་པའི་རྟགས་མཚན་བཅས། །གསོན་པོར་འཕོ་ཁྲིད་བཏབ་པས་བརྒྱལ་ཐབས་སོང་། །ལས་ཅན་གུས་པ་བསྐྱེད་ལ་གསོལ་བ་འདེབས། །དྲག་སྔགས་གཟིར་བས་ཀླུ་གདོན་དངོས་སུ་ཐོན། །གཤིན་མལ་ཉལ་བ་ཚེ་བསྲིངས་གསོན་པོར་བསླངས། །ཧོམ་ནང་བགེགས་ཀྱི་བླ་རྟགས་མངོན་སུམ་ཁུག །ནུས་པའི་རྩལ་ཆེན་འབྱོངས་ལ་གསོལ་བ་འདེབས། །བླ་སྒྲུབ་སྤྱན་གཟིགས་ཚེ་སྒྲུབ་སྒྲུབ་ཆེན་དུས། །

p. 529

࿅༔ དམ་རྫས་འཕེལ་དང་འཕུར་དང་འཕྱུར་དང་འཁྲབ། །རླངས་ཐོན་འཇའ་ཐིག་མཐིང་གས་ཁྱབ་པ་པོ། །སྔགས་ཀྱི་ཆེ་བ་སྟོན་ལ་གསོལ་བ་འདེབས། །གཞན་ཡང་སྨན་རཀ་ཁོལ་དང་གཏོར་མ་ལུད། །མར་མེ་སྤོས་བཟང་རང་བྱུང་དྲི་བཟང་འཐུལ། །དགུན་དུས་བུམ་ཆུ་འཁྱགས་མི་ཆགས་པ་པོ། །གང་ཟག་གཞན་ལས་ལྷག་ལ་གསོལ་བ་འདེབས། །སྒྲུབ་ཆེན་དུས་འགར་ཉིན་མཚན་ཁོར་ཡུག་ཏུ། །འཚོགས་པའི་གྲངས་ལས་བརྒྱ་འགྱུར་གསང་སྔགས་སྒྲས། །ནམ་མཁའི་དབྱིངས་ཁྱབ་ངོ་མཚར་གྱུར་པ་ཡི། །བྱིན་རླབས་ཕུལ་དུ་བྱུང་ལ་གསོལ་བ་འདེབས། །ཆོས་འཆད་དུས་ན་སྟེང་གི་ནམ་མཁའ་ལ། །བར་མཚམས་མེད་པར་འཇའ་སྤྲིན་གཡོགས་པ་དང་། །ལྷ་དང་ལྷ་མོ་མཆོད་སྤྲིན་གཟུགས་སུ་སྣང་། །ཡ་མཚན་ལྟས་བཟང་ལྡན་ལ་གསོལ་བ་འདེབས། །རྡོ་རྗེ་ཕུར་པའི་སྒྲུབ་ཆེན་དུས་ཀྱི་ཚེ། །ཕུར་པ་ལྡང་འཁྲབ་བཞད་དང་མེ་དུད་མཐོང་། །ཕུར་པ་འཕུར་ཞིང་ཕྱོགས་དང་རི་རྩེར་བབས། །གྲུབ་པའི་རྟགས་མཚན་བརྙེས་ལ་གསོལ་བ་འདེབས། །རྣམ་འདྲེན་

p. 530

ངེས་དོན་བསྟན་འཛིན་བཟང་པོ་ཡིས། །ཁྱེད་གསུང་ཀློང་ཆེན་རབ་འབྱམས་རྗེས་འགྲོ་ཞིང་། །སྙིང་ཏིག་ལྟ་སྒོམ་ནོར་འཕྲང་སེལ་འདུག་ཅེས། །དམ་པས་བསྔགས་པ་བརྗོད་ལ་གསོལ་བ་འདེབས། །བཅུ་གསུམ་ནས་བཟུང་ད་ལོ་ང་བརྒྱད་བར། །རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་ལ། །རེས་འཇོག་ལྟེམ་རྐྱང་མེད་པར་རྟག་བརྩོན་པས། །གོམས་པ་ཀློང་དུ་གྱུར་ལ་གསོལ་བ་འདེབས། །འབྱུང་འགྱུར་འགའ་ཞིག་ཐོག་མར་ལུང་དུ་བསྟན། །ལས་ཅན་སློབ་མར་ཡེ་ཤེས་གཏན་ལ་ཕབ། །འཁོར་འདས་ཆོས་ཀུན་སྤྲོས་བྲལ་ངང་དུ་ཆོད། །དམ་པའི་རྣམ་ཐར་མངའ་ལ་གསོལ་བ་འདེབས། །གང་ཁྱོད་བདུད་ཀྱི་དགྲ་རུ་གྱུར་པ་ཡི། །ནགས་ཕྱོགས་མི་དང་མི་མིན་གྱིས་སྡང་ཡང་། །རྫོགས་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ཡི། །བདེན་མེད་སྒྱུ་མར་འབྱོངས་ལ་གསོལ་བ་འདེབས། །ས་འོག་ས་སྟེང་རྟེན་དང་ནོར་བུའི་མཆོག །སྲུང་མས་མང་ཕུལ་སླར་ཡང་ཡང་གཏེར་བཅོལ། །གང་ཟག་སྤྱི་དང་སྤྱོད་པ་མི་མཐུན་པ། །མ་བཅོས་ལྷུག་པར་གནས་ལ་གསོལ་བ་འདེབས། །ཡིན་ཚུལ་ཆ་ཤས་

p. 531

࿅༔ བརྗོད་ཅིང་གསོལ་བཏབ་མཐུས། །ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། །སྐྱེ་བའི་ཕྲེང་བར་གང་གིས་རྗེས་བཟུང་ནས། །དོན་གཉིས་མཐར་ཕྱིན་ཆོས་ཀྱི་རྒྱལ་པོར་ཤོག །རྔ་ཡབ་གླིང་ནས་པདྨ་འབྱུང་གནས་ཀྱི། ཞེས་པ་ཕྲན་ལྟ་བུའི་བདུད་རྒན་ཆང་རྒན་གཏེར་རྒན་ལ་གསོལ་འདེབས་ཀྱི་ཡུལ་དུ་མ་གྱུར་ཀྱང་བདག་གི་འདྲེན་པ་རིགས་ཀྱི་བདག་པོ་གང་གི་རྣམ་འཕྲུལ་སྐྱབས་མགོན་རིན་པོ་ཆེ་ཉི་གྲགས་གསུམ་པས་ནན་ཏན་གྱིས་བསྐུལ་བ་ཕེབས་པར་བརྟེན། རང་གིི་བྱ་བྱེད་དྲང་པོར་སྨྲས་པ་ལས་འཕྲོས་པའི་གསོལ་འདེབས་གླང་རྒན་སྤྱི་རྟོོལ་ཅན་ཕྲིན་ལས་བདག་གིས་བྲིས་པ་དགེ་བར་གྱུར་ཅིག།། །།

རྣམ་ཐར་གསོལ་འདེབས་བསྡུས་པ་དང་གསོལ་འདེབས་ཞལ་གསུང་མ།

p. 532
p. 533

༄༅། །རྣམ་ཐར་གསོལ་འདེབས་བསྡུས་པ་བཞུགས་སོ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང། །གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་ཡི། །ཟབ་དོན་སྲོག་བརྒྱུད་འཛིན་པའི་རྡོ་རྗེ་འཆང་། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །དང་པོ་མཚན་ལྡན་བླ་མས་རྗེས་སུ་བཟུང་། །བར་དུ་ཐོས་བསམ་སྙིང་པོ་ཉམས་སུ་བླངས། །མཐར་ཐུག་རྫོགས་ཆེན་དགོངས་པ་ཀློང་དུ་གྱུར། །མཚན་ལྡན་བླ་མ་རྗེ་ལ་གསོལ་བ་འདེབས། །མཐོང་གྲོལ་ཐོས་གྲོལ་བཏགས་གྲོལ་མྱོང་བས་གྲོལ། །བསྒོམས་པས་གྲོལ་དང་མ་བསྒོམས་གྲོལ་བ་དང་། །རྟོགས་གྲོལ་དུས་མཉམ་མྱུར་ལམ་ཁྱད་ཆོས་ཀྱི། །གཏེར་མཛོད་རིག་འཛིན་དམ་པར་གསོལ་བ་འདེབས། །དངོས་ཉམས་རྨི་ལམ་རྩ་གསུམ་ཞལ་ལུང་ཐོབ། །དབང་དུས་སྣང་བ་འཇས་བཀང་ཡེ་ཤེས་ཕེབས། །སྒྲུབ་རྫས་འཕེལ་འཕུར་སྨན་རཀ་ཁོལ་ཞིང་ཕྱུར། །གྲུབ་པའི་དབང་ཕྱུག་བླ་མར་གསོལ་བ་འདེབས། །རྟེན་ཕུར་ལྡིང་འཁྲབ་བཞད་ཅིང་མེ་དུད་འབྱུང་། །སྲུང་མ་བྲན་ཉུལ་དགྲ་དགེགས་ཤུགས་

p. 534

བསྒྲལ་ནུས། །ཐུན་མོང་མཐོང་དང་མ་མཐོང་དྲོད་ཚད་བརྙེས། །མཐུ་སྟོབས་མངོན་གྱུར་བླ་མར་གསོལ་བ་འདེབས། །ཐུབ་པའི་དབང་པོའི་ཆོས་སྲས་ཤཱ་རིའི་བུ། །པད་འབྱུང་སློབ་མའི་དྭངས་མ་དཀོན་མཆོག་འབྱུང་། །ཆོས་ཀྱི་རྒྱལ་པོ་གཏེར་ཆེན་རཏྣ་གླིང་། །ཟབ་གཏེར་བཀའ་བབ་ཆོས་དབྱིངས་དྲི་མེད་རྩལ། །སྙན་བརྒྱུད་སྲོག་འཛིན་འགྲོ་འདུལ་ཕྲིན་ལས་དང་། །དེ་ཡི་རྣམ་སྤྲུལ་ནམ་མཁའ་དྲི་མེད་དང་། །དྲག་སྔགས་གྲུབ་བརྙེས་ཕྲིན་ལས་ནོར་བུའི་ཞབས། །མཆོག་གི་སྤྲུལ་སྐུ་བླ་མར་གསོལ་བ་འདེབས། །དེ་ལྟར་ཟོལ་མེད་དད་པས་གསོལ་བཏབ་མཐུས། །དབང་བཞིའི་ཐབས་ཀྱིས་སྒྲིབ་བཞི་རྒྱུ་འབྲས་སྦྱངས། །སྐུ་བཞིའི་ཡེ་ཤེས་རང་རིག་མངོན་གྱུར་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་བདག་རང་ལ་གསོལ་འདེབས་ཤིག་དགོས་ཞེས་དགེ་སློང་བསྟན་པ་རྒྱ་མཚོས་ལན་འགར་བསྐུལ་ཞིང་འཕྲལ་བྱུང་དུ་དགེ་སློང་མཁྱེན་རབ་ཆོས་དར་དང་འགྱུར་མེད་ཀྱིས་བསྐུལ་བ་ལ་བརྟེན་ནས་རིག་པ་འཛིན་པ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་ཛ་ཡན་ཏུ་དགེའོ།། །།

p. 535

རྒྱལ་བ་དཀོན་མཆོག་ཀུན་གྱི་ངོ་བོ་ཉིད། །བྱ་བྲལ་ནམ་མཁའི་རྣལ་འབྱོར་ཀློང་ཡངས་པ། །འཁོར་འདས་ཟག་མེད་དགོངས་པ་འུབས་ཆུབ་པའི། །ཆོས་དབྱིངས་དྲི་མེད་རྩལ་ལ་གསོལ་བ་འདེབས། །དཔའ་བོ་ལས་རབ་རྩལ་ཉིད་ཀྱི་གསོལ་འདེབས་ཞལ་གསུང་མའོ། །

བྱིན་རླབས་འབྱུང་གནས་བླ་མའི་རྣལ་འབྱོར།

p. 536
p. 537

༄༅། །བྱིན་རླབས་འབྱུང་གནས་བླ་མའི་རྣལ་འབྱོར་བཞུགས་སོ། །ན་མོ་གུ་རུ། བྱིན་རླབས་འབྱུང་གནས་བླ་མའི་རྣལ་འབྱོར་ནི། ངེས་འབྱུང་དང་སྐྱོ་ཤས་མོས་གུས་དྲག་པོ་བཅས་སྐྱབས་སེམས་སྔོན་དུ་འགྲོ་བས། སྐྱབས་གནས་ཀུན་འདུས་བླ་མ་པདྨ་འབྱུང་། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཁམས་གསུམ་རིགས་དྲུག་འགྲོ་བ་མ་ལུས་ཀུན། །རྫོགས་བྱང་ལ་འགོད་བྱང་ཆུབ་སེམས་བསྐྱེད་དོ། །ཨ། སྟོང་ཞིང་བདག་མེད་ངང་ལས་སྙིང་རྗེའི་མདངས། །དུར་ཁྲོད་མེ་དཔུང་རབ་འབར་དཔལ་གྱི་ཞིང་། །དེ་དབུས་བདུད་བཞི་པདྨ་ཉི་ཟླའི་སྟེང་། །རང་སེམས་ཧཱུྃ་ལས་རྟ་ཕག་ཡབ་ཡུམ་སྐུ། །དམར་གསལ་དུར་ཁྲོད་ཆས་རྫོགས་གྲི་ཐོད་བསྣམས། །སྣང་སྟོང་ཟུང་འཇུག་མེ་དཔུང་འཇའ་ཟེར་འཁྲུགས། །སྤྱི་བོར་འདབ་སྟོང་པདྨ་གེ་སར་དབུས། །རིགས་ཀྱི་བདག་པོ་རིག་འཛིན་ལས་རབ་རྩལ། །མཚན་དཔེ་རབ་རྫོགས་ཞི་འཛུམ་དགྱེས་པའི་ཉམས། །པད་ཞྭ་གསང་གོས་བེར་ཕོད་ཆོས་གོས་གསོལ། །རྡོ་རྗེ་བྷན་དྷ་བསྣམས་ཤིང་ཁ་ཾ་བརྟེན། །ཞབས་གཉིས་སྐྱིལ་ཀྲུང་སྐུ་མཆོག་དྲང་པོར་བཞུགས། །བག་དྲོ་ལྷུན་ཆགས་

p. 538

བྱིན་རླབས་དཔལ་དུ་འབར། །རང་མདངས་འཇའ་འོད་ཟེར་གྱི་ཀློང་དུ་ནི། །རྩ་གསུམ་དཀོན་མཆོག་རྒྱལ་བ་རྡུལ་ལྟར་འཚུབ། །ཀྱེ་མ། ཐུགས་རྗེས་གཟིགས་ཤིག་ཕྱོགས་བཅུའི་རྒྱལ་བ་རྣམས། །མཚུངས་མེད་བླ་མའི་སྐུར་བཞེངས་འདིར་གཤེགས་ཤིག །བདག་རྒྱུད་བྱིན་གྱིས་བརློབ་ཕྱིར་སྤྱི་བོར་བཞུགས། །ལུས་འདི་ཞིང་རྡུལ་མཉམ་པས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་བའི་མཆོད། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་མཐོལ་ལོ་བཤགས། །རང་གཞན་དགེ་བའི་ཚོགས་ལ་རྗེས་ཡི་རང་། །ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གཟུགས་སྐུ་མྱ་ངན་མི་འདའ་བསྐལ་བརྒྱར་བཞུགས། །འདིས་མཚོན་དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཀྱེ་མ་གུ་རུ་ལས་རབ་རྩལ། །སྔགས་ཀྱི་ནང་ནས་ཟབ་མོའི་སྔགས། །ཉོན་མོངས་ལམ་ཁྱེར་ཁྱོད་ཀྱིས་སྟོན། །ཐེག་པའི་ནང་ནས་ཐེག་པའི་རྩེ། །འབྲས་བུ་ལམ་ཁྱེར་ངོ་སྤྲོད་ཞུ། །དངོས་གྲུབ་ནང་ནས་དངོས་གྲུབ་མཆོག །ཚེ་གཅིག་སངས་རྒྱས་དངོས་གྲུབ་སྩོལ། །གསོལ་བ་འདེབས་སོ་བྱིན་

p. 539

གྱིས་རློབས། །ཞེས་གསོལ་བ་འདེབས་སོ། །སླར་ཡང་སྤྲོ་ན། ཡང་ཡང་རྙེད་པར་དཀའ་བའི། །དལ་འབྱོར་ཐར་པའི་རྟེན་བཟང་། །འདི་ལ་སྙིང་པོ་ལོན་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །སྣོད་བཅུད་སྣང་སྲིད་ཀུན་དང་། །ཁྱད་པར་ཤ་ཁྲག་གཟུགས་ཕུང་། །མི་རྟག་འཆི་བར་ཤེས་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །འཁོར་བ་སྡུག་བསྔལ་རང་བཞིན། །དེ་ལས་ཐར་འདོད་བློ་ཡིས། །སྒོ་གསུམ་དགེ་སྦྱོར་ནུས་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །མདོ་སྔགས་ལམ་བཟང་སྤྱི་དང་། །ཁྱད་པར་རྟོགས་གྲོལ་དུས་མཉམ། །མངོན་སུམ་རང་ངོ་འཕྲོད་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །སྙིང་ནས་སྙིང་པོ་མེད་པའི། །འཇིག་རྟེན་འཁོར་བའི་ཆོས་ལ། །ཞེན་ལོག་རྒྱུད་ལ་སྐྱེ་བར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །རྙེད་བཀུར་སྙན་གྲགས་འདོད་པའི། །བདུད་ཀྱི་མགོ་སྐོར་བྱུང་དུས། །དགོས་མེད་རྒྱུད་ལ་སྦྱོར་ཅིག །རྗེ་བཙུན་བླ་མ་ཁྱེད་མཁྱེན། །དགྲ་གཉེན་འཆིང་བས་བཅིངས་ཤིང་། །གཤེ་སྐུར་གཏམ་ངན་བྱུང་དུས། །རྨི་ལམ་སྒྱུ་མར་སྟོན་ཅིག །རྗེ་བཙུན་བླ་མ་ཁྱེད་མཁྱེན། །

p. 540

ཚུལ་ཁྲིམས་ལྟ་སྒོམ་ཐོས་བསམ། །མཆོག་འཛིན་ང་རྒྱལ་སྐྱེས་ན། །བློ་ངན་ལམ་ལོག་ཟློག་ཅིག །རྗེ་བཙུན་བླ་མ་ཁྱེད་མཁྱེན། །འཁོར་བའི་བདེ་འབྱོར་འདོད་དང་། །རང་རྒྱལ་ཞི་བདེ་འདོད་དུས། །སྟོང་ཉིད་སྙིང་རྗེ་འབྱོངས་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །འདིར་སྣང་ལྟད་མོས་བསླུས་ཤིང་། །ལོག་ལྟའི་བདུད་ཀྱིས་བཏབ་ན། །ལམ་ངན་དེ་ལས་ལྡོག་ཅིག །རྗེ་བཙུན་བླ་མ་ཁྱེད་མཁྱེན། །འདི་ཕྱི་བར་དོ་གསུམ་དུ། །སྐྱིད་སྡུག་ལེགས་ཉེས་བྱུང་ན། །སྐྱབས་གནས་ཁྱེད་མིན་མེད་དོ། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །རང་དོན་ཆོས་སྐུ་འགྲུབ་ཅིང་། །གཞན་དོན་གཟུགས་སྐུ་འབྱུང་དུས། །དོན་གཉིས་ལྷུན་གྱིས་འགྲུབ་པར། །རྗེ་བཙུན་བླ་མ་ཁྱེད་མཁྱེན། །ཅེས་གསོལ་བ་བཏབ་མཐར། བླ་མའི་གནས་བཞིའི་འོད་ཟེར་གྱིས། །བདག་གི་སྒྲིབ་བཞི་ཡོངས་སུ་སྦྱངས། །དབང་བཞི་ཐོབ་ཅིང་སྐུ་བཞིར་སྨིན། །བླ་མའི་གསང་གསུམ་བདག་ལ་ཞུགས། །དབྱེར་མེད་རོ་གཅིག་སྤྲོས་བྲལ་ངང་། །དགེ་བས་མཁའ་མཉམ་སེམས་ཅན་ཀུན། །རྡོ་རྗེ་འཆང་གི་སྐུ་ཐོབ་ཤོག །ཅེས་ཁོ་བོར་བསྟེན་པའི་བླ་མའི་རྣལ་

p. 541

འབྱོར་ཞིག་དགོས་ཞེས་བླ་མ་བསོད་ནམས་ཆོས་བཟང་གིས་བསྐུལ་བ་ལ་བརྟེན་ནས་རིག་རྩལ་ཐོགས་མེད་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེ་བར་གྱུར་ཅིག །དགེའོ།། །།

ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་སྐུལ་བྱེད་དང་དཔལ་སྨོན་བསྡུས་པ།

p. 542
p. 543

༄༅། །ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་སྐུལ་བྱེད་བཞུགས། ཨེ་མ་ཧོ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །སངས་རྒྱས་གཞན་ལས་ཐུགས་རྗེའི་ཕྲིན་ལས་མྱུར། །བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་ཡི། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །བཟོད་མེད་གདུང་ཤུགས་དྲག་པོས་སྙིང་ནས་འབོད། །མི་མངོན་དབྱིངས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ། །ཡུལ་ལྷ་ཡུལ་ཕུད་འབྱུང་པོས་ཤུལ་བཟུང་ན། །གཞི་བདག་གནས་སུ་ཁོད་ཅིག་པདྨ་འབྱུང་། །ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་ན། །དཀར་ཕྱོགས་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང་། །ཆོས་སྐྱོང་རྣམས་ཀྱིས་དམ་བཅའ་བཏང་གྱུར་ན། །དམ་ཚིག་ཕྱག་རྒྱས་ཆིངས་ཤིག་པདྨ་འབྱུང་། །དམ་མེད་ཤི་འདྲེས་བར་ཆད་རྩོམ་གྱུར་ན། །འདྲེ་རྒོད་དམ་ལ་ཐོགས་ཤིག་པདྨ་འབྱུང་། །སྐྱེ་འགྲོའི་ཤེས་རྒྱུད་བགེགས་ཀྱིས་བརླམས་གྱུར་ན། །ཁ་ཕྲོལ་བགེགས་ཚོགས་སྐྲོད་ཅིག་པདྨ་འབྱུང་། །སྨོན་ལོག་དམ་སྲིས་བསྟན་ལ་བར་གཅོད་ན། །དྲག་རྩལ་ཤུགས་ཀྱིས་

p. 544

སྒྲོལ་ཅིག་པདྨ་འབྱུང་། །རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང་བ་ན། །མཐུ་སྟོབས་ནུས་པས་ཐུལ་ཅིག་པདྨ་འབྱུང་། །མཐའ་བཞིའི་དམག་གི་མཚོན་ཁ་ལྡང་བ་ན། །མཐའ་དམག་དུས་འཁྲུགས་ཟློགས་ཤིག་པདྨ་འབྱུང་། །ལྷ་སྲིན་མ་མོའི་དལ་ཡམས་འཐིབས་པ་ན། །ཐུགས་རྗེའི་སྨན་གྱིས་གསོས་ཤིག་པདྨ་འབྱུང་། །འབྲོག་པ་ཕྱུགས་ཉེས་ཡུལ་པ་ལོ་ཉེས་ན། །འབྲུ་ནོར་ལོངས་སྤྱོད་སྤེལ་ཅིག་པདྨ་འབྱུང་། །ས་ཡི་བཅུད་ཉམས་སྐྱེ་འགྲོའི་གཡང་ཉམས་ན། །བཅུད་གཡང་བྱིན་ཆེན་ཕོབས་ཤིག་པདྨ་འབྱུང། །བསྟན་དང་བསྟན་འཛིན་སྡེ་དང་བཅས་པ་རྣམས། །དར་ཞིང་རྒྱས་པར་མཛོད་ཅིག་པདྨ་འབྱུང་། །ཆོས་མེད་བདག་སོགས་འཁོར་བར་འཁྱམས་པ་ན། །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་། །ལྟ་སྒོམ་སྤྱོད་པའི་གོལ་ས་འཕྱུགས་གྱུར་ན། །དོན་དམ་རང་ངོ་སྤྲོད་ཅིག་པདྨ་འབྱུང་། །འདི་དང་ཕྱི་མ་བར་དོ་ཐམས་ཅད་ཀུན། །འབྲལ་མེད་ཐུགས་རྗེས་གཟིགས་ཤིག་པདྨ་འབྱུང་། །མདོར་ན་སྡུག་བསྔལ་ཉེས་ཚོགས་ཅི་བྱུང་ཡང་། །རྟག་ཏུ་ཐུགས་རྗེས་སྐྱོབས་ཤིག་པདྨ་འབྱུང་། །

p. 545

ཞེས་པ་འདི་དེང་སང་གི་དུས་དང་བསྟུན་པའི་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐུགས་དམ་སྐུལ་བྱེད་འདི་སྡེ་དགེ་རྒྱལ་པོའི་ཕོ་བྲང་ཆེན་པོའི་གདན་ས་ལྷུན་གྲུབ་སྟེང་དུ་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ། ། ༈ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །བློ་སྣ་ཆོས་ལ་སྒྱུར་ཅིག་པདྨ་འབྱུང་། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཅེས་པ་འདི་སྐྱབས་མགོན་རིན་པོ་ཆེའི་བཀའ་སྩལ་ཕེབས་པ་ལ་བརྟེན་ནས་ལྷུན་གྲུབ་སྟེང་གི་ཕོ་བྲང་ཆེན་པོར་༧དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བའོ།། །།

མཁན་སློབ་ཆོས་གསུམ་གསོལ་འདེབས།

p. 546

༈ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ། །ཐུབ་བསྟན་སྡེ་སྣོད་སྲོལ་འཛིན་ཞི་བ་འཚོ། །འཇམ་དཔལ་མི་ཡི་ཟོལ་སྟོན་ཁྲི་སྲོང་རྗེ། །ཕན་བདེའི་འབྱུང་གནས་མཆོག་ལ་གསོལ་བ་འདེབས། །མགོན་པོ་ཁྱེད་རྣམས་ཐུགས་བསྐྱེད་རྗེས་དགོངས་འཚལ། །ཉམ་ཐག་བོད་ཀྱི་སེམས་ཅན་བརྩེ་བས་གཟིགས། །ནད་མཚོན་མུ་གེའི་བསྐལ་ངན་རྒྱུན་ཆད་ནས། །སྣོད་བཅུད་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཞེས་མཁན་སློབ་ཆོས་གསུམ་ལ་སྔོན་གྱི་ཐུགས་བསྐྱེད་སྐུལ་བའི་གསོལ་འདེབས་སྙིགས་འགྲོའི་ཉེས་ཚོགས་སྐྱོབ་པར་བྱ་ཕྱིར་ལས་རབ་རྩལ་གྱིས་ཟླ་ཚེས་༡༠ལ་རྒྱ་རོང་དགོན་དུ་བྲིས་སོ། །

ཨོ་རྒྱན་གསོལ་འདེབས་རྒྱང་འབོད།

p. 547

࿅༔ ཨོ་རྒྱན་གསོལ་འདེབས་རྒྱང་འབོད་བཞུགས་སོ། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །སངས་རྒྱས་ཐམས་ཅད་འདུས་པའི་གསུང་། །སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །རིགས་འདུས་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བློ་སྙིང་བྲང་གསུམ་ཁྱེད་ལ་གཏད། །གསོལ་འདེབས་འོ་དོད་ཁྱེད་ལ་འབོད། །མགོན་དང་དཔུང་གཉེན་ཁྱེད་ལ་འཚོལ། །སྐྱབས་དང་སྐྱེལ་མ་ཁྱེད་ལ་ཞུ། །འདི་ཕྱིི་བར་དོར་ཐུགས་རྗེས་ཟུངས། །སྐྱིད་སྡུག་ལེགས་ཉེས་ཁྱེད་རང་མཁྱེན། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས། །གདུལ་བྱར་མ་གྱུར་བདག་ལྟ་བུ། །ད་ནི་ཁྱེད་ཀྱིས་འདོར་བ་ན། །ཐུགས་བསྐྱེད་དམ་བཅའ་མི་འགར་རམ། །བྱམས་དང་སྙིང་རྗེ་མི་མངའ་ཡང་། །སྙིགས་མར་བྱིན་རླབས་མྱུར་བ་ཡི། །ཞལ་བཞེས་མཛད་པ་ཇི་ལྟར་ལགས། །ཀྱེ་མ་གུ་རུ་རིན་པོ་ཆེ། །བདག་ནི་ལས་ངན་དབང་ཆེ་བས། །སྐད་ཅིག་ལག་པ་བརྐྱང་བསྐུམ་གྱིས། །ཉམ་ངའི་གནས་སུ་ལྟུང་སྲིད་ཀྱིས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ད་ལྟ་ཉིད་དུ་བར་ཆད་

p. 548

སོལ། །ད་ལྟ་ཉིད་དུ་དབང་མཆོག་སྐུར། །ད་ལྟ་ཉིད་དུ་དངོས་གྲུབ་སྩོལ། །ཉོན་མོངས་དུག་ལྔ་ཁས་རེ་དྲག །སྐྱེ་འཆི་འདུ་འབྲལ་མཚང་རེ་ཆེ། །འཁོར་བའི་གཅོང་རོང་མུན་རེ་ནག །ལས་ངན་འཁྲུལ་འཁོར་འཛད་པ་མེད། །བདུད་དང་གཤིན་རྗེའི་འཇིགས་འཕྲང་དམ། །ད་ནི་འདི་ལ་ཉུག་རེ་བུད། །དེ་རིང་ཉིད་ནས་ཨོ་རྒྱན་རྗེས། །ཉེས་པ་འདི་དག་བསལ་དུ་གསོལ། །སྡུག་བསྔལ་འདི་ལས་བསྒྲལ་དུ་གསོལ། །འཇིགས་པ་འདི་ལས་བསྐྱབ་ཏུ་གསོལ། །རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །ཞེས་ཡིད་ལྷུང་དཔོན་པོ་སོགས་འགས་བསྐུལ་བའི་ངོར་ཨོ་རྒྱན་གསོལ་འདེབས་རྒྱང་འབོད་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱིས་སྦྱར་བ་དགེའོ། །བཀྲ་ཤིས་ཤོག །དགེའོ།། །།

གུ་རུ་རིན་པོ་ཆེའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ།

p. 549

༄༅། །གུ་རུ་རིན་པོ་ཆེའི་གསོལ་འདེབས་དུས་ངན་འཇིགས་སྐྱོབ་བཞུགས་སོ། །ཨེ་མ་ཧོ། རབ་འབྱམས་རྒྱལ་བ་མ་ལུས་འདུས་པའི་སྐུ། །གངས་ཅན་འགྲོ་བའི་མགོན་པོ་པདྨ་འབྱུང་། །དུས་ངན་བསྟན་པ་སྙིགས་མའི་མར་གཤམ་འདིར། །བདུད་སྲིན་དམ་སྲིའི་རུ་དཔུང་གཟིངས་པའི་ཚེ། །དུས་འཁྲུགས་མཚོན་གྱི་འཚུབ་མ་རླུང་ལྟར་གཡོ། །མ་མོའི་དལ་ཡམས་ནད་ཀྱི་ཐོར་རླུང་ལྡང་། །འགྲོ་དྲུག་སེམས་ཅན་ངན་སོང་ལྟུང་ལ་སྡུག །ཐུགས་བསྐྱེད་ཡལ་བར་མ་འདོར་གུ་རུ་རྗེ། །སྙིགས་མའི་སེམས་ཅན་དྭ་བུ་འཁྱམས་པོ་རྣམས། །བརྩེ་བའི་ཐུགས་རྗེས་ཟུངས་ཤིག་པདྨ་འབྱུང་། །འདུ་བྱེད་ལུས་ཀྱི་སྒོང་རྒྱ་འཐོར་བའི་ཚེ། །མཁའ་སྤྱོད་པདྨ་འོད་དུ་ལམ་སྣ་དྲོངས། །ཨོ་རྒྱན་མཁྱེན། ཞེས་སྙིགས་མའི་དུས་འདིར་བདུད་སྲིན་དམ་སྲི་ཁ་དར་ནས་ལྷ་སྲིན་སྡེ་བརྒྱད་ནང་འཁྲུག་པའི་དུས་སུ་དམན་སྤྱོད་ཀྱི་སེམས་ཅན་རྣམས་ཀྱི་བློ་སེམས་སྡིག་ལ་བསྒྱུར་བས་མི་འདོད་པ་སྣ་ཚོགས་འབྱུང་བའི་དུས་དེར། རྒྱལ་ཀུན་སྤྱི་གཟུགས་ཀྱི་མངའ་བདག་གུ་རུ་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་གི་ངང་ནས་བཏབ་ན་དུས་འཁྲུགས་ནད་མཚོན་གྱི་འཚུབ་མ་ཞི་བར་ཐེ་ཚོམ་མེད་པར་པད་མའི་བཀའ་ཡིས་གནང་བཞིན་དབེན་རི་མཁའ་སྤྱོད་རྫོང་ཆེན་ནས་དཔའ་བོ་ལས་རབ་རྩལ་གྱིས་ཕབ་པའོ། །དགེའོ། །དགེའོ། །དགེའོ། །

དྲང་བ་དང་རྡོ་རྗེའི་གླུ།

p. 550
p. 551

༄༅། །དྲང་བ་དང་རྡོ་རྗེའི་གླུ། དེ་ཡང་སྤྲོས་བཅས་ཚོགས་ཀྱི་སྐབས་སུ་ལས་བྱེད་པས་ཕྱག་དང་བཅས་ཏེ་འདི་སྐད་དོ། །ཀྱེ། རྡོ་རྗེ་སློབ་དཔོན་ལྷ་ཡི་ལྷ། །ཚོགས་ཀྱི་དམ་རྫས་དགྱེས་པར་བཞེས། །འཁོར་དུ་འདུས་པའི་མཆེད་ལྕམ་རྣམས། །ལྷ་དང་ལྷ་མོར་བྱིན་བརླབ་ཞུ། །ལན་དུ་སློབ་དཔོན་གྱིས། ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་ཚོགས་ཆེན་རྫོགས༔ ཟག་མེད་བདུད་རྩི་རྨད་དུ་བྱུང་༔ འདིར་ཚོགས་ལྷ་དང་ལྷ་མོ་རུ༔ བྱིན་གྱིས་བརླབ་པོ་ཚོགས་མཆོད་ཅིག༔ ཅེས་སྔགས་ལུགས་དང་མཐུན་པ་མཆོག་སྤྲུལ་བཀའ་ཕེབས་ལ་བརྟེན་ནས་ཆང་རྒན་སྨྱོན་པས་ཕུལ་བ་དགེ། ༈ ཚོགས་པ་རྣམ་ཉམས་འབར་ཕྱིར་རྡོ་རྗེའི་གླུ་འདི་བྱའོ། །སྣོད་འདི་གཞལ་ཡས་ཁང་དུ༔ སྐྱེ་འགྲོ་ལྷ་དང་ལྷ་མོར༔ འདོད་ཡོན་ཚོགས་ཀྱི་མཆོད་པ༔ ཨ་ལ་ལ་ཧོ་ཨེ་མ༔ ཕུང་པོའི་རྩ་ཁམས་ཞིང་དུ༔ རླུང་སེམས་དཔའ་བོ་མཁའ་འགྲོར༔ བདེ་ཆེན་བདུད་རྩིའི་མཆོད་པ༔ ཨ་ལ་ལ་ཧོ་ཨེ་མ་ཧོ༔ ལྷུན་གྲུབ་དབྱིངས་ཀྱི་ཞིང་དུ། །རིགས་བརྒྱ་ཞི་ཁྲོའི་ལྷ་ཚོགས༔ དབྱིངས་རིག་རང་གསལ་མཆོད་པ༔ ཨ་ལ་ལ་ཧོ་ཨེ་མ༔ ཞེས་མཆོག་སྤྲུལ་བཀའ་ཕེབས་ལྕི་བ་ལ་བརྟེན་ནས་ཝ་རྒན་ཨ་རིག་སྨྱོན་པས་ཕུལ་བ་དགེའོ༔

དམག་བཟློག་རྒྱས་པ་དང་བསྡུས་པ། ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་།

p. 552
p. 553

༄༅། །དམག་བཟློག་བསྡུས་པ་བཞུགས། ལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཤར་ཕྱོགས་རྒྱ་ནག་རྒྱལ་པོ་དེ། །ཆོས་ལ་མོས་ཤིང་ཆོས་ལ་དཀར། །གདུག་རྩུབ་བསམ་ངན་ཀུན་ཞི་ནས། །དམག་འཁྲུག་མཚོན་ཁ་མེད་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ལྷོ་ཕྱོགས་རྒྱ་གར་རྒྱལ་པོ་དེ། །ཆོས་ལ་མོས་ཤིང་ཆོས་ལ་དཀར། །གདུག་རྩུབ་བསམ་ངན་ཀུན་ཞི་ནས། །དམག་འཁྲུག་མཚོན་ཁ་མེད་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ནུབ་ཕྱོགས་སྟག་གཟིག་རྒྱལ་པོ་དེ། །ཆོས་ལ་མོས་ཤིང་ཆོས་ལ་དཀར། །གདུག་རྩུབ་བསམ་ངན་ཀུན་ཞི་ནས། །དམག་འཁྲུག་མཚོན་ཁ་མེད་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱང་ཕྱོགས་གེ་སར་རྒྱལ་པོ་དེ། །ཆོས་ལ་མོས་ཤིང་ཆོས་ལ་དཀར། །གདུག་རྩུབ་བསམ་ངན་ཀུན་ཞི་ནས། །དམག་འཁྲུག་མཚོན་ཁ་མེད་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །སྤུར་རྒྱལ་བོད་ཀྱི་རྒྱལ་ཕྲན་རྣམས། །

p. 554

ཆོས་ལ་མོས་ཤིང་ཆོས་ལ་དཀར། །གདུག་རྩུབ་བསམ་ངན་ཀུན་ཞི་ནས། །དམག་འཁྲུག་མཚོན་ཁ་མེད་པར་ཤོག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཆེ་ཡོལ་ཕྲིན་ལས་ཀྱིས་སོ། །ཨེ་མ་ཧོ། རང་སྣང་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །སྐྱབས་གནས་མཆོག་གསུམ་བླ་མ་ཨོ་རྒྱན་རྗེ། །ཁྱབ་བདག་སཱུ་ཀིརྟི་ལས་རབ་རྩལ། །གསོལ་བ་འདེབས་སོ་མཐའ་དམག་འཁྲུག་རྩོད་ཟློག །དབྱིངས་ཀྱི་རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ། །རིག་འཛིན་བཀའ་དགོངས་ཕུར་གསུམ་རྒྱུད་སྡེ་བཞི། །འཇམ་དཔལ་དྲག་ཁྲོས་བསྟན་སྲུང་རྒྱ་མཚོའི་ཚོགས། །གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ནས། །མཐའ་བཞིའི་དམག་དཔུང་བཟློག་པར་མཛད་དུ་གསོལ། །ལས་རབ་རྩལ་གྱི་ཡང་སྲིད་བཞི་པ་ཐུབ་བསྟན་ཕྲིན་ལས་ནོར་བུའི་ཞལ་གསུང་མ་དགེའོ།། །།

དུས་འཁྲུགས་རྒུད་པ་བཟློག་པའི་གསོལ་འདེབས། ཐུབ་བསྟན་ཕྲིན་ལས་ནོར་བུའི་གསུང་།

p. 555

࿅༔ སྐྱབས་མཆོག་གསུམ་བླ་མ་ཨོ་རྒྱན་རྗེ། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །རྐྱེན་བར་ཆད་དགྲ་གདོན་བགེགས་རྣམས་ཟློག །དུས་འཁྲུགས་རྩོད་ནད་ཡམས་མུ་གེ་ཟློག །བསྐལ་དུས་ངན་དུག་མདའ་ཕུང་སྲི་ཟློག །སྐྱབས་དཀོན་མཆོག་གསུམ་དང་སྤྱན་རས་གཟིགས། །དུས་ནམ་ཡང་འབྲལ་མེད་ཐུགས་རྗེས་གཟིགས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དུས་འཁྲུགས་མི་ཕྱུགས་ནད་ཡམས་ཐམས་ཅད་བཟློག་ཏུ་གསོལ། །ཞེས་ཐུབ་བསྟན་ཕྲིན་ལས་ནོར་བུའི་ཞལ་གསུང་མའོ། །

བསྟན་རྒྱས་སྨོན་ལམ་བསྡུས་པ།

p. 556

༈ བསྟན་རྒྱས་སྨོན་ལམ་བསྡུས་པ། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་འཁོར་ལོའི་མགོན། །ཟབ་གསང་བསྟན་པའི་བདག་པོ་ལས་རབ་རྩལ། །གང་དེའི་ཟབ་གཏེར་ཌཱཀྐཱིའི་ཐུགས་ཀྱི་བཅུད། །རྒྱ་འགྱུར་དགོངས་པ་མ་འཕྱུགས་པདྨའི་གསུང་། །ཚེ་གཅིག་མངོན་འཚང་རྒྱ་བའི་མན་ངག་སྡེའི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་དགེ་ལེགས་སྩོལ། །དགེའོ། །དགེའོ། །དགེའོ། །

འགྲོ་འདུལ་ཆོ་ག་ཡིད་བཞིན་ནོར་བུ།

p. 557

࿅༔ འགྲོ་འདུལ་ཆོ་ག་ཡིད་བཞིན་ནོར་བུ་བཞུགས་སོ། །ན་མོ་གུ་རུ་བྷྱ། འགྲོ་བ་རྣམས་དམ་པའི་ཆོས་སྒོར་འཇུག་པའི་གསང་སྔགས་འགྲོ་འདུལ་ཆོ་ག་ནི། མཆོད་པ་བྱིན་བརླབ་བསང་སྦྱང་ནི། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་མཐའ་ཀླས་པར་གྱུར། ༀ་ཨཱཿཧཱུྃ། གསུམ། རྟེན་བསྐྱེད་པ་ནི། ༀ་སྭ་བྷཱ་ཝས། སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་སྐུ་གདུང་རྣམས་ཧཱུྃ་སེར་པོར་གྱུར་པ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱིི་དོན་བྱས། ཚུར་འདུས་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གསོལ་ཞིང་འོད་ཟེར་དཔག་ཏུ་མེད་པར་འཕྲོ་བའི་བདག་ཉིད་ཅན་དུ་བཞུགས་པར་གྱུར། དེའི་དཔྲལ་བར་ༀ་མགྲིན་པར་ཨཱཿསྙིང་ཁར་ཧཱུྃ་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་

p. 558

དཔའི་ཚོགས། བཛྲ་ས་མ་ཡ་ཛ། སྤྱན་འདྲེན་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་བཛྲ་ས་མ་ཡ་ཛ་ཛཿཧཱུྃ་བཾ་ཧོ། བསྐྱེད་པའི་སྐུ་དང་གཉིས་མེད་དུ་ཐིམ་པར་གྱུར། བཞུགས་སུ་གསོལ་བ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀཱ་མ་ལ་ཡ་སྟྭཾ། །ཕྱག་འཚལ་ནི། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱེད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱེད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱེད་ལ་ཕྱག་འཚལ་ལོ། །མཆོད་པ་ནི། སྲིད་ཞིའི་ལེགས་བྱས་སྟོབས་ཀྱིས་བསྐྱེད་པ་ཡི། །ལྷ་རྫས་མཆོད་ཡོན་མེ་ཏོག་བདུག་སྤོས་དང། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །གཟུགས་སྒྲ་དྲི་རོ་རེག་བྱ་དཔག་མེད་དང། །བཀྲ་ཤིས་རྫས་རྟགས་བརྒྱད་

p. 559

དང་རིན་ཆེན་བདུན། །གླིང་བཞི་རི་རབ་ཉི་མ་ཟླ་བ་བཅས། །ལྷ་དང་མི་ཡི་དཔལ་འབྱོར་ཕུན་ཚོགས་ཀུན། །དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་ཏེ། །ཐུབ་པའི་དབང་པོ་སྲས་དང་བཅས་ལ་འབུལ། །བཞེས་ནས་འགྲོ་བ་འདུལ་བའི་དངོས་གྲུབ་སྩོལ། །ༀ་བཛྲ་སརྦ་པཱུཙྪ་མེ་གྷ་ཨཱཿཧཱུྃ༔ བསྟོད་པ་ནི། ཐབས་མཁས་ཐུགས་རྗེས་སོགས། བསྙེན་སྔགས་མེ་ཏོག་སེར་པོ་ལ་ཉེར་གཅིག་བརྗོད་ནས་སཱཙྪ་རྣམས་ལ་འཐོར། བཟླས་པའི་དམིགས་པ་ནི། བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་གྱིས་ཐུབ་པ་འཁོར་བཅས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། ཐུབ་པ་དེ་རྣམས་ལས་འཕྲོས་ཏེ་ཐུབ་པ་གྲངས་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སེར་ལྷམ་ལྷམ་ཉི་མ་སྟོང་གི་འོད་ལྟ་བུར་གྱུར་ནས་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཀྱི་སྤྱི་བོར་བཞུགས་ཤིང་བདེན་བཞིའི་ཆོས་འཁོར་བསྐོར་ནས་འགྲོ་བ་སེམས་ཅན་ཐམས་ཅད་དབང་དུ་འདུས་པར་བསྒོམ་ལ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ་མ་བུ་ཀ་ལ་སརྦ་དྷརྨཱ་པཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ། དམོད་བཅོལ་ནི། ཡུལ་ཁམས་ཀྱི་སྡེ་དཔོན་དགེ་བཤེས་སྐྱེས་པ་བུད་མེད་བྱིས་པ་ལ་

p. 560

སོགས་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་ཅིག །སྔར་བཞིན་མཆོད་བསྟོད་བྱའོ། །ནོངས་པ་བཟོད་གསོལ་ནི། ༀ་བཛྲ་ས་ཏྭ་སོགས། མ་འབྱོར་སོགས། འདི་ནི་གཟུགས་སོགས། བཅོམ་ལྡན་འདས་ཐུབ་པའི་དབང་པོ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུས་འགྲོ་བ་རྣམས་བདག་གི་ཆོས་ཚུལ་འདིར་འཇུག་པར་གྱུར་ཅིགདགེ་འདུན་ཀྱི་སྡེ་རྒྱས་ཤིང་བརྟན་པར་གྱུར་ཅིགསེམས་ཅན་ཐམས་ཅད་འཁོར་བ་ལས་རབ་ཏུ་གྲོལ་བར་གྱུར་ཅིག །ཤིས་པ་བརྗོད་པ་ནི་རོལ་མོ་བཅས་པས་མེ་ཏོག་འཐོར་ཞིང་། ཉིན་མོ་བདེ་ལེགས་སོགས་བརྗོད། འགྲོ་འདུལ་ཡིད་བཞིན་ནོར་བུ་འདི། །པད་མའི་གསང་སྔགས་བླ་མའི་ཞལ་གདམས་བཞིན། །བསྟན་འཛིན་རྣམས་ཀྱི་འདོད་དགུ་འབྱུང་བའི་སྒོ། །བརྒྱ་ཕྲག་དཔའ་བོ་ལས་རབ་རྩལ་གྱིས་བྲིས། །ཛ་ཡན་ཏུ། དེ་ནས་སཱཙྪ་རྣམས་གོང་གི་སྔགས་གཟུངས་གཞུག །ཡུལ་ཕྱོགས་གྲོང་པ་སོ་སོར་དགོན་པའི་རྒྱབ་རིའམ་ས་མཐོ་ལེགས་པའི་རྟགས་བཟང་བ་རྣམས་ལ་གཏེར་བུམ་སྦས་ཤིང་སྨོན་ལམ་རྒྱ་ཆེན་གདབ་བོ། །དེ་ལྟར་བྱས་ན་མུ་སྟེགས་པ་དང་ཤན་པའི་གྲོང་ཁྱེར་ཡིན་ཡང་དམ་པའི་ཆོས་སྒོར་འདུས་པར་འགྱུར་རོ། །སྐྱེ་བོ་ཕལ་པ་ཐམས་ཅད་བཙན་པར་འགྱུར་རོ། །དགེ་འདུན་ལ་མང་ཇ་དཀར་འདྲེན་ཆབ་གཏོར་མཆོད་སྦྱིན་རྒྱས་ཆོས་བྱས་པའི་སྐྱེ་འགྲོ་ཐམས་ཅད་དམ་པའི་ཆོས་སུ་འདུ་བར་ཐེ་ཚོམ་མེད་དོ། །ས་མ་ཡ་དགེའོ། །བཀྲ་ཤིས།། །།

གནོད་སྦྱིན་ནོར་ལྷ་འདུས་པའི་སྲོག་གཟུངས་ཡིད་བཞིན་ནོར་བུ།

p. 561

࿅༔ གནོད་སྦྱིན་ནོར་ལྷ་འདུས་པའི་སྲོག་གཟུངས་ཡིད་བཞིན་ནོར་བུ་བཞུགས་སོ༔

p. 562

རྒྱ་གར་སྐད་དུ༔ ཡཀྴ་ཛཾ་བྷ་ལ་མ་ཧཱ་ཙིཏྟ་ཙཀྲ་རཏྣ་དྷ་ར་ནཱ་མ༔ བོད་སྐད་དུ༔ གནོད་སྦྱིན་ཛཾ་བྷ་ལའི་སྲོག་གི་འཁོར་ལོ་རིན་པོ་ཆེའི་གཟུངས་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་གསང་བའི་བདག་པོ་ཉིད་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན༔ རྡོ་རྗེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ༔ ཤངས་བུག་གཡས་ནས་འོད་མཐིང་ཁ་ལྕགས་ཀྱུ་ལྟ་བུས་མཁའ་འགྲོ་དང་གནོད་སྦྱིན་དྲེགས་པ་ཅན་ནོར་ལྷའི་

p. 563

ཚོགས་རྣམས་ཀྱི་སྲོག་དྲངས་ནས་ཐུགས་རིན་པོ་ཆེ་ཟུར་བརྒྱད་པར་བསྡུས་ཏེ་སླར་ཡང་ཤངས་བུག་གཡོན་པ་ཐུགས་རྗེའི་རྩལ་ཆེན་འཇའ་ཚོན་ལྟ་བུའི་འོད་ཟེར་ལས་གཟུངས་འདི་བྱུང་ངོ་༔ ༀ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་བཛྲ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ༔ ༀ་བྷེ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ༀ་ཨིནྟྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ༀ་ཨཱཿཧཱུྃ༔ ༀ་ཨཿཧཱུྃ༔ ༀ་བཛྲ་ཡཀྴ་ཀཱ་ལེ་ཛ་ལེནྟྲ་ཡེ་མ་ཧཱ་པཱུ་ཛ་བྷ་ལིང་ཏ་ཁཱ་ཧི༔ ༀ་བཛྲ་པ་ཀེ་ར་བིར་གྷ་ཤ་དྷ་ར་ནི༔ བྷ་སུ་དྷ་ར་དུང་དུང་སྡུས་སྡུས་སྭཱ་ཧཱ༔ མི་སྙིང་སྒུལ་སྒུལ༔ མི་

p. 564

འགྲམ་ཆོག་ཆོག༔ མི་སེམས་དཀྲུགས་ཡ་སྡུས་སྡུས་ས་མ་ཡ་ཛ་ཛཿༀ་བཛྲ་ཡཀྴ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་མ་ཧཱ་ཡཀྴ་སེ་ན་པ་ཏ་ཡེ༔ སརྦ་སིདྡྷི་ཧ་ནན༔ ན་ན་ཁ་དྷེ་སརྦ་སིདྡྷི་ཕཱ་ལ་ཨཱ་ཡུ་ཥེ་སིདྡྷི་ཛ༔ ཡ་ཨ་བྷི་ཥིཉྩ་ས་མ་ཡ་ཛ་ཛཿབྷྱོ་བྷྱོ༔ ༀ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་བཛྲ་ཡཀྴ་མ་ཧཱ་ཀཱ་ལ་ཨ་པ་ར་ཙིཏྟ་མ་ཧཱ་ཏད་ནི་འུབས་འུབས༔ ནཱ་ག་རཱ་ཙས་ངའི་སྣོད་ཁོངས་ཁོངས༔ མ་ཧཱ་ར་ཏི་ཧི་ཡ་ཙིཏྟ་རྦད་ཙིཏྟ་རྦད༔ ཨུ་ཙུཥྨ་གཞན་ལ་ཆོད་ཆོད༔ བྷོ་དྷ་ཧོ་ཤིག༔ ཁྱེ་ཐང་ཐུབ་ཁྲོམ་སྟོད་སྟོད་ཤ་ལ་བཛྲ་གྲི་ཁྱེར་ཡཀྴ་ནག་པོ་ས་མ་ཡ་ཧཱུྃ༔ ས་མ་ཡ༔ ཧྲིཾ་ཧྲིཾ་ཛ༔ ཛ༔ བྷྱོ་བྷྱོ༔ ༀ་མ་ཎི་བྷ་ཏྲ་ཡེ་སྭཱ་ཧཱ༔ ༀ་ཙནྟྲེ་ཀནྟ་ཡེ་སྭཱ་ཧཱ༔ ༀ་པཱུར་ཎ་བྷ་ཏྲ་ཡེ་སྭཱ་ཧཱ༔ ༀ་དཏྟུ་ཡེ་སྭཱ་ཧཱ༔ ༀ་དྷ་ན་ཡེ་སྭཱ་ཧཱ༔ ༀ་སུ་དཱཏྟེ་ཡེ་སྭཱ་ཧཱ༔ ༀ་བྷེ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ༀ་ཨཱ་ཡེ་སྭཱ་ཧཱ༔ ༀ་ཀི་ལི་མི་ལི་ནཱ་མ་ཡེ་སྭཱ་ཧཱ༔ ༀ་པི་ཙི་ཀུནྡྷ་ལི་ཡེ་སྭཱ་ཧཱ༔ ༀ་སུ་བྷ་ཏྲ་ཡེ་སྭཱ་ཧཱ༔ ༀ་གུཔྟ་ཡེ་སྭཱ་ཧཱ༔ ༀ་མུ་ཁནྟྲ་ཡེ་སྭཱ་ཧཱ༔ ༀ་དྷ་ན་ད་ཡེ་སྭཱ་ཧཱ༔ ༀ་ཙནྟྲ་ཡེ་སྭཱ་ཧཱ༔ ༀ་སཱ་ར་སྭ་སྟི་ཡེ་སྭཱ་ཧཱ༔ རཏྣ་སིདྡྷི་སྭཱ་ཧཱ༔ ༀ་བྷི་ཛ་ཡེ་བྷི་ཛ་ཡེ་སྭཱ་ཧཱ༔ ཨུགྒེ་ཨུགྒེ༔ སྭ་སྟི་པྲ་བྷ་ཏི༔ ༀ་ཨ་མུ་ཁེ༔ པྲ་

p. 565

པ་དྷི་ར་པྲ་པ་དྷི་རེ་སྭཱ་ཧཱ༔ ཧཀྴ་མུ་ནི་མུ་ནི་གུརྞེ་གུརྞེ་ཨཀྵེ་མུཀྵེ་མུ་ར་ཀེ་མུ་ར་ཀེ༔ ས་མ་ཏི་གྷུ་ཡ་སརྦ་སིདྡྷི་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ སྭ་ཏི་སྭ་ཏི་མུ་ལེ་མུ་ལེ་ཀེ་ཤེ་ཀེ་ཤེ་ཙུར་ན་ཙུར་ན་བྷི་མ་ལེ་ཡེ་སྭཱ་ཧཱ༔ ༀ་ཀཾ་ཀ་ར་ཀཾ་ཀ་ར༔ ནིར་གྷཙྪ་ཏ་ཡཱ་ནིར་གྷཙྪ་ཏ་ཡཱ་བྷ་ཏི་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་སུདྡྷྱེ་སིདྡྷི་སིདྡྷི་ཧཱུྃ༔ ཧ་ན་མ་དྷི་སིདྡྷི་སིདྡྷི་ཧཱུྃ༔ ན་ན་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ལ་སམྦྷོ་སིདྡྷི་ཛ་ཛཿཧཱུྃ༔ ༀ་ཙཀྲ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་བྷ་ཏི་རཏྣ་སིདྡྷི་ཕཱ་ལ་ཧཱུྃ༔ ༀ་མ་ཧཱ་ཏི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་ཧསྟི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་རུ་ཏད་གྷ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་དུ་ཨ་ཤྭ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་ཁ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ༀ་དྷ་ན་མི་དྷི་ཕ་ལ་ཧཱུྃ༔ ཧེ་ཧུར་རྡོ་ཀེ་ཤི༔ བྷེ་ཧུ་བྷོ་ཀི་ནི༔ ཛཿཧཱུྃ་བྷི་ལཾ་དྷ་ན་ཀ་པཱ་ལི༔ བྷིར་པིད་ཨུ་ཏྲ་མ་བྷེ་ཧ་དྷོ་ཧི༔ མ་ཧཱ་ཕ་ལ་ཧཱུྃ༔ བྷི་ཛ་ཡེ་བྷི་ཛ་ཡེ་ཨུགྒེ་ཨུགྒེ་སྭ་སྟི་པྲ་སྭ་སྟི་པྲ་སྭཱ་ཧཱ༔ རིན་ཆེན་བདུན་པའི་གཟུངས་འདི་ལན་གཅིག་བཀླགས་པ་ཙམ་གྱིས་སྐྱེ་བ་ལྔ་བརྒྱར་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ སྒྲ་ཐོས་པ་ཙམ་གྱིས་ལོངས་སྤྱོད་དང་ལྡན་པར་འགྱུར་རོ༔ གཟུངས་འདི་བཞུགས་པའི་ས་ཕྱོགས་སུ་དབུལ་བ་མེད་ཅིང་ལོངས་སྤྱོད་འཕེལ་ལོ༔

p. 566

གཟུངས་འདི་མཛོད་ཁང་དུ་བཞུགས་ན་རིན་པོ་ཆེའི་གཏེར་ཁང་དུ་འགྱུར་རོ༔ མཆོད་ཁང་དུ་བཞུགས་ནས་མཆོད་བསྟོད་བྱས་ན་བསམ་པ་ཡིད་བཞིན་དུ་འགྱུར་རོ༔ གཞན་ཡང་བང་མཛོད་དམ་ཕྱུགས་ཀྱི་ར་བའི་ཕྱོགས་གང་དུ་བཞུགས་པ་དེར་བཀྲ་ཤིས་འཕེལ་ལོ༔ འདི་ནི་གནོད་སྦྱིན་ཡབ་ཡུམ་གྱི་ལྟེ་བར་གཞུག་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་མཉམ་མོ༔ ཚངས་པའི་ཙཀྲ་བྲིས་ཏེ་གྲོང་ལ་ཕྱར་ན་སུས་མཐོང་བ་དང་སྒྲ་ཐོས་པ་ཙམ་ཡང་ལོངས་སྤྱོད་འཕེལ་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ༔ འདི་རླུང་རྟའི་སྲོག་ཤིང་ལ་བྲིས་ཏེ་ས་དམར་དང་ཁ་དོག་དཀར་པོའི་ཚོས་བྱས་ཏེ་མཁའ་འགྲོ་མ་བཅུ་དྲུག་གི་བར་དུ་གཞུག་ཅིང་བུམ་པའི་ནང་དུ་ཞག་བདུན་བསྐོར་ཏེ་ཁྲུས་བྱས་ན་བསོད་ནམས་རྒྱས་ཤིང་ལོངས་སྤྱོད་འཕེལ་བར་འགྱུར་རོ༔ གནོད་སྦྱིན་གྱི་སྐུ་གཟུགས་ཀྱི་ནང་དུ་གཟུངས་ཞུགས་ནས་རླུང་རྒྱུ་བར་བྱས་ཏེ་མཛོད་ཁང་དུ་ཞལ་གཟིགས་ནས་ལོངས་སྤྱོད་ཛཾ་བྷ་ལའི་ཕོ་བྲང་དང་མཉམ་པར་འགྱུར་རོ༔ བུམ་པར་ཆུའི་བདུད་རྩི་ལ་དཀར་གསུམ་བཏབ་སྟེ་གཟུངས་ཆུ་བྱས་ནས་བཟའ་བཏུང་ལ་གཏོར་ན་འགྲོ་བ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ༔ གནས་ཁང་ལ་གཏོར་ན་བྱིན་ཆེ་ལ་བཀྲ་ཤིས་པར་འགྱུར་རོ༔ ཞིང་ལ་གཏོར་ན་ལོ་ལེགས་པར་འགྱུར་རོ༔ རི་དང་ལྗོངས་ལ་གཏོར་ན་རྩི་ཤིང་ལེགས་བཀྲ་ཤིས་པར་འགྱུར་རོ༔ འབྲུ་ལ་གཏོར་ན་བང་མཛོད་ཐམས་ཅད་ཁེངས་པར་འགྱུར་རོ༔ ཕྱུགས་ལ་གཏོར་ན་གང་ཡིན་ཐམས་ཅད་འཕེལ་བར་འགྱུར་རོ༔ མཐིང་ཤོག་གམ་དར་དཀར་ལ་གསེར་དང་དུང་དང་མཚལ་དང་ཙན་དན་དཀར་དམར་གྱི་རྟེན་འབྲེལ་སྙིང་པོ་མཐའ་རྟེན་འདོད་གསོལ་དང་བཅས་པ་བྲིས་ནས་གསུང་བསྒྲགས་ན་རབ་གནས་སུ་འགྱུར་རོ༔ ཕུག་ཏུ་བཙུགས་ན་ཆོས་ལས་གཞན་མི་འཕེལ་ལོ༔

p. 567

ཕྱི་སྐོར་བཞུགས་སུ་བཅུག་ན་དེ་ལ་ལོངས་སྤྱོད་རྒྱས་ཏེ་དབུལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ༔ དེ་ལྟར་ངོ་མཚར་ཆེ་བའི་གཟུངས་འདི་གསང་བའི་བདག་པོས་མཁའ་འགྲོ་མ་གྷ་ན་སིདྡྷི་ལ་གཏད་ཅིང་གནང་སྟེ༔ ཁྱོད་ཀྱིས་མིའི་འཇིག་རྟེན་ཛམ་བུ་ཏྲི་ཤིས་མཚན་པའི་གླིང་དུ་ལས་དང་སྐལ་བར་ལྡན་པ་དག་ལ་གཏོད་ཅེས་ལུང་བསྟན༔ དེ་ལ་དྷ་ན་ཀོ་ཤའི་རྒྱ་འཁོར་ལོ་ལན་བཅུ་གསུམ་བསྐོར་ཞིང་༔ གསེར་གཞོང་གཡུས་བཀང་བ་ཕུལ་ཏེ་ཞུས་པས་གནང་༔ དེ་ལ་རྒྱལ་པོ་སུ་ཁ་དྷེས་གསེར་ཊཾ་བཅོ་ལྔ་ཕུལ་བས༔ དེས་ཨོ་རྒྱན་པདྨ་བདག་ལ་གནང་༔ བདག་གིས་རྒྱལ་པོ་འགུམ་ངེས་པའི་སྲོག་མཐུད་དེ་མི་ལོ་ལྔ་བཅུ་ཕྱིར་བསྲིངས་སོ༔ པདྨ་བདག་གིས་པྲེ་ཏའི་ཡུལ་དུ་གང་ཟག་དམ་པ་ལོངས་སྤྱོད་གདུལ་བྱའི་དོན་དུ་ཕྱོགས་ཀྱི་གཏེར་ཁ་བཞི་སྦས་པའི་ཁྱད་པར་དུ་ཟབ་པ་འདི་ཁོ་ནའོ༔ རཏྣ་རྩལ་ཆེན་འདུས་པའི་གཟུངས༔ གནོད་སྦྱིན་ནོར་ལྷའི་སྙིང་པོ་ཛཾ་བྷ་ལའི་སྲོག་གཟུངས་ཞེས་བྱ་བ་རྫོགས་སོ༔ ཕྱི་རབས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གུ་ཧྱ་ཁ་ཐམ༔ བཀྲ་ཤིས༔ སྐུ་བཞིའི་ཡེ་ཤེས་ཨོ་རྒྱན་རྡོ་རྗེ་འཆང་། །གོ་འཕང་བདེ་བླག་ཉིད་དུ་རྙེད་གྱུར་ཅིག༔ དགེའོ༔ དཔའ་བོ་ལས་རབ་རྩལ་གྱིས་སོ། །

བད་ཁྲག་སྨན་གྱི་བསྡུ་སྦྱོར།

p. 568
p. 569

༄༅། །བད་ཁྲག་སྨན་གྱི་བསྡུ་སྦྱོར། སྐྱེས་བུ་གེ་སར་མི་ཡི་ལུས་པོ་ལ༔ དབུ་ལ་དུང་ཅོང་ཞི་རྨོག་དཀར་པོ་མནབ༔ འབྲས་བུ་གསུམ་ཨ་བར་སྐྱུར་གསུམ་གྱི་འཕྲུ་ཡང་བཙུགས༔ གཡས་ན་ཤིང་ཙན་དན་དཀར་དམར་ཨ་གར་སྒྲོན་ཤིང་གི་མདའ་གསུམ་འཛིན༔ གཡོན་ན་བྲག་གི་བྲག་ཞུན་གཞུ་མོ་འགུགས༔ སྙིང་དང་འདྲ་སྙིང་ཞོ་ཤ་བའི་གྲོགས་དང་བསྡེབ༔ འཁོར་ནི་བཟང་པོ་ཛ་ཏི་ཅུ་གང་ཁ་ཆེ་ལི་ཤི་སུག་སྨེལ་ཀ་ཀོ་ལ་དྲུག་གིས་བསྐོར༔ དམར་སེར་སྟག་འབྲི་མོག་གི་ཤམ་ཐབས་ཅན༔ དར་ལྗང་སྔོན་བ་ཤ་ཀ་པོའི་སྐུ་རགས་ཅན༔ རུས་དང་འདྲ་བའི་རུ་རྟ་རལ་གྲི་བཏགས༔ རྒྱུག་ནི་སྟོད་འཁྲུགས་ཐང་ལ་རྒྱུག༔ གསོད་ནི་ཁྲག་རླུང་རོལ་དུ་གསོད༔ ཕན་ནི་བད་ཁྲག་ནད་ལ་ཕན༔ གྲེ་བའི་ནད་ལ་བདུད་རྩི་འདྲ༔ ཁྲི་ཤོར་རྒྱལ་མོའི་གཡས་ཞོལ་དུ༔ ཆང་རྒན་ལས་རབ་རྩལ་གྱིས་བྲིས༔ དགེའོ༔

གནས་ཡུལ་བྱིན་འབེབས།

p. 570
p. 571

༄༅། །གནས་ཡུལ་བྱིན་འབེབས་བཞུགས་སོ། །

p. 572

ཧྲཱིཿཔདྨའི་རིགས་མཆོག་དཀྱིལ་འཁོར་གཙོ། །སྣང་བ་མཐའ་ཡས་ཐུགས་རྗེ་ཅན། །བདེ་ཆེན་ཞིང་གི་སྣོད་བཅུད་ཀྱི། །བྱིན་ཆེན་གནས་འདིར་དབབ་ཏུ་གསོལ། །མཁའ་ཁྱབ་འགྲོ་བ་ཀུན་གྱི་གཉེན། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །རི་བོ་ཏ་ལའི་སྣོད་བཅུད་ཀྱི། །བྱིན་ཆེན་གནས་འདིར་དབབ་ཏུ་གསོལ། །རིག་འཛིན་རྩལ་འཆང་བྱིན་རླབས་གཏེར། །པདྨ་འབྱུང་གནས་ཐུགས་རྗེ་ཅན། །པདྨ་འོད་ཀྱི་སྣོད་བཅུད་ཀྱི། །བྱིན་ཆེན་གནས་འདིར་དབབ་ཏུ་གསོལ། །ཧཱུྃ། ཡང་གཅིག་བྱིན་རླབས་

p. 573

རྨད་བྱུང་བ། །འོག་མིན་ཆོས་དབྱིངས་དབུས་ཀྱི་ཕྱོགས། །འཐུག་པོ་བཀོད་པའི་ཞིང་ཁམས་ནས། །རྣམ་པར་སྣང་མཛད་ལྷ་ཚོགས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་ཤར་གྱི་ཕྱོགས། །མངོན་པར་དགའ་བའི་ཞིང་ཁམས་ནས། །རྡོ་རྗེ་སེམས་དཔའི་ལྷ་ཚོགས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་ལྷོ་ཡི་ཕྱོགས། །དཔལ་དང་ལྡན་པའི་ཞིང་ཁམས་ནས། །རིན་ཆེན་འབྱུང་ལྡན་ལྷ་ཚོགས་ཀྱིས། །གནས་འདིར་བྱིན་ཆེན་

p. 574

དབབ་ཏུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་ནུབ་ཀྱི་ཕྱོགས། །བདེ་བ་ཅན་གྱི་ཞིང་ཁམས་ནས། །འོད་དཔག་མེད་ཀྱི་ལྷ་ཚོགས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། འོག་མིན་ཆོས་དབྱིངས་བྱང་གི་ཕྱོགས། །ལས་རབ་རྫོགས་པའི་ཞིང་ཁམས་ནས། །དོན་ཡོད་གྲུབ་པའི་ལྷ་ཚོགས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཞིང་ཁམས་མུ་མཐའ་མེད་པ་ནས། །སྤྲུལ་སྐུ་སངས་རྒྱས་དེ་སྙེད་དང་། །བྱང་སེམས་དགྲ་བཅོམ་ཉན་ཐོས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཡང་གཅིག་བྱིན་རླབས་རྨད་བྱུང་བ། །ཁྲག་འཐུང་ཁྲོ་བོ་རོལ་པའི་ཞིང་། །དུར་ཁྲོད་མེ་རི་འབར་བ་ནས། །གཞོན་ནུ་དཔའ་བོ་སྟོབས་ལྡན་ནི། །གང་འདུལ་ཁྲོ་བོའི་སྐུར་སྟོན་པའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས། །འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །འགག་མེད་གསུང་གི་དཀྱིལ་འཁོར་ནས། །དབང་ཆེན་

p. 575

རྟ་མགྲིན་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །མི་གཡོ་ཐུགས་ཀྱི་དཀྱིལ་འཁོར་ནས། །དཔལ་ཆེན་ཡང་དག་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཡོན་ཏན་ལྷུན་གྱིས་གྲུབ་པ་ནས། །བཅོམ་ལྡན་ཆེ་མཆོག་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས། །རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །སྣང་སྲིད་བདེ་ཀློང་དཀྱིལ་འཁོར་ནས། །རྦོད་གཏོང་མ་མོའི་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །བསྟན་པ་སྲུང་མཛད་དཀྱིལ་འཁོར་ནས། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །དྲག་པོ་

p. 576

མངོན་སྤྱོད་དཀྱིལ་འཁོར་ནས། །དམོད་པ་དྲག་སྔགས་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཡང་གཅིག་བྱིན་རླབས་རྨད་བྱུང་བ། །སྐུ་གསུམ་ཞིང་དང་ཨོ་རྒྱན་གནས། །རྡོ་རྗེ་ཁྲོས་མ་དགྱེས་མཛད་མ། །སྐུ་གསུམ་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས། །ཞི་མཛད་བདེ་ཆེན་དཀར་མོ་ལ། །རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས། །རྒྱས་མཛད་དོན་གྲུབ་སེར་མོ་ལ། །རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས། །དབང་མཛད་དམར་མོ་སྒྲ་སྒྲོག་མ། །རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས། །དག་མཛད་སྣ་ཚོགས་མཐར་ཕྱིན་ལ། །རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །གནས་འདིར་

p. 577

བྱིན་ཆེན་དབབ་ཏུ་གསོལ། །གནས་ཡུལ་དུར་ཁྲོད་མཁའ་འགྲོའི་ཚོགས། །ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི། །བྱེ་བ་དུང་ཕྱུར་ཚོགས་དང་བཅས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཡང་གཅིག་བྱིན་རླབས་རྨད་བྱུང་བ། །མཆོད་པའི་ལྷ་མོ་སེམས་མ་བརྒྱད། །གནས་ཀྱི་ཀོའུ་རི་མ་མོ་བརྒྱད། །རྩི་སྨན་ལྷ་མོ་བཅུ་དྲུག་པོས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ལྷ་ཀླུ་མི་ཡི་རིག་འཛིན་དང་། །དུས་གསུམ་རིག་འཛིན་རྒྱ་མཚོའི་ཚོགས། །མ་ལུས་ལུས་པ་མེད་པ་ཡིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །སྨན་གྱི་ལྷ་དང་ལྷ་མོ་དང་། །དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས། །ཕན་དང་བྱམས་པའི་སེམས་ལྡན་རྣམས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཡང་གཅིག་བྱིན་རླབས་རྨད་བྱུང་བ། །མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག །ནག་པོ་ཆེན་པོ་གཙོ་དང་འཁོར། །དྲེགས་པ་ཕོ་རྒྱུད་བསྟན་སྲུང་རྣམས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཨེ་ཀ་ཛ་ཏི་དབྱིངས་ཀྱི་ཡུམ། །དབང་ཕྱུག་རེ་ཏི་མཆེད་སྡེ་བཞི། །

p. 578

བསྟན་སྲུང་མོ་རྒྱུད་སྤྲུལ་འཁོར་བཅས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །རྒྱལ་བའི་ཞལ་མཐོང་དམ་ཚིག་ཅན། །དཔལ་མགོན་བདུན་ཅུ་དྲེགས་སྡེ་འབུམ། །དཀར་ཕྱོགས་སྐྱོང་བའི་ཚོགས་བཅས་ཀྱིས། །གནས་འདིར་བྱིན་ཆེན་དབབ་ཏུ་གསོལ། །ཧཱུྃ། ཡང་ཅིག་བྱིན་རླབས་རྨད་བྱུང་བ། །ལྷོ་ནུབ་རྔ་ཡབ་གླིང་མཆོག་ནས། །དུས་གསུམ་རྒྱལ་བ་འདུས་པའི་སྐུ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །གང་འདུལ་གདུལ་བྱ་དབང་སྡུད་ཕྱིར། །པདྨ་རྒྱལ་པོའི་སྐུར་བཞེངས་ནས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག །རིན་ཆེན་རྒྱན་ཆ་སི་ལི་ལི། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དངུལ་གྱི་སྙན་ཆ་ཆི་ལི་ལི། །བྷནྡྷའི་རྔ་རྡུང་ལྡི་རི་རི། །དར་གྱི་ཅོད་པན་པུ་རུ་རུ། །དཔའ་བོས་གར་བྱེད་ཁྲབས་སེ་ཁྲབ། །དཔའ་མོས་གླུ་ལེན་ཀྱུ་རུ་རུ། །ཞུབ་ཆེན་སྟོང་སྒྲ་སི་ལི་ལི། །དམ་ཅན་ལས་ལ་ཤ་ར་ར། །འཇའ་ཟེར་འོད་ཕུང་ཡ་ལ་ལ། །བྱིན་རླབས་དངོས་གྲུབ་ཐིབས་སེ་ཐིབ། །དེང་གི་སྒྲུབ་པའི་གནས་མཆོག་འདིར། །སྒྲུབ་པའི་དམ་རྫས་

p. 579

དཀྱིལ་འཁོར་དང་། །རིག་འཛིན་རྣལ་འབྱོར་མཆེད་ལྕམ་ལ། །བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག །དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག །རྟགས་དང་མཚན་མ་བཟང་པོ་སྟོན། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ འཛབ་དབྱངས་ཤིང་བྲོ་གར་དང་མ་འགགས་པའི་སྤྱོད་པ་སྐྱོང། དེར་དངོས་ཉམས་བྱིན་རླབས་དབབ་པའི་རྟགས་འབྱུང་ངོ་། །སྐྱབས་མགོན་དབོན་རིན་པོ་ཆེ་མཆོག་སྤྲུལ་བསྟན་པའི་ཉི་མའི་བཞེད་པ་ལྟར་ལས་རབ་རྩལ་གྱིས་སྦྱར་བ་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག །

རབ་ཏུ་གནས་པའི་ཆོ་ག

p. 580
p. 581

རྒྱལ་བ་རྣམ་པར་སྣང་མཛད་མི་བསྐྱོད་པ། །རིན་ཆེན་དབང་པོ་སྣང་བ་མཐའ་ཡས་དཔལ། །དོན་གྲུབ་ལ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །ཟག་མེད་བདེ་བའི་མཐར་ཐུག་བདེ་གཤེགས་ཡུམ། །སྤྱན་མ་མཱ་མ་ཉིད་དང་གོས་དཀར་མོ། །སྒྲོལ་མ་ལ་སོགས་རིགས་ཀྱི་ལྷ་མོ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །བྱམས་པ་ས་སྙིང་ཕྱག་རྡོར་ནམ་སྙིང་པོ། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །སྒྲིབ་སེལ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །མ་ལུས་རྒྱལ་བ་མཆོད་པས་མཉེས་བྱེད་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་དང། །ཆོས་དབྱིངས་རྡོ་རྗེ་ལ་སོགས་སེམས་མ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །གཤིན་རྗེའི་གཤེད་དང་ཤེས་རབ་པད་མཐར་བྱེད། །བགེགས་དགྲ་མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་གཙུག་ཏོར་ཅན་དང་གནོད་

p. 582

མཛེས་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །སྟོབས་བཅུའི་དབང་ཕྱུག་རྒྱལ་བ་སྲས་བཅས་རྣམས། །དགེ་ལེགས་ཀུན་གྱི་འབྱུང་གནས་རྟེན་འདི་ལ། །འགྲོ་བའི་དོན་དུ་མི་འབྲལ་བརྟན་བཞུགས་ནས། །སྦྱིན་བདག་དགེ་ཞིང་ཤིས་པར་མཛད་དུ་གསོལ། །ཇི་སྲིད་ས་སོགས་འབྱུང་བ་ཆེན་པོ་བཞིས། །སྐུ་གཟུགས་གནོད་པར་མ་གྱུར་དེ་སྲིད་དུ། །ཐུགས་རྗེ་ཆེན་པོ་མགོན་པོ་བཅོམ་ལྡན་འདས། །བརྟན་པར་བཞུགས་ནས་བཀྲ་ཤིས་མཛད་དུ་གསོལ། ཞེས་དང་རོལ་ཆེན་དང་བཅས་པས་རྟེན་གྱི་གཙོ་བོ་རྣམས་ཀྱིི་གནས་གསུམ་རྡོ་རྗེས་རེག་ལ། །ལས་རབ་རྩལ་གྱིས་སོ། །

བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཀྱི་ཁ་སྐོང་།

p. 583

༄༅། །བླ་མ་ཡང་ཏིག་གི་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཚོགས་ཀྱི་ཁ་སྐོང་བཞུགས་སོ། །བདེ་ལེགས་ཡོན་ཏན་ཐམས་ཅད་ཀྱིི། །འབྱུང་གནས་མཁྱེན་བརྩེའི་རྒྱ་མཚོ་ཆེ། །བྱམས་དང་སྙིང་རྗེའི་གཏེར་གྱུར་པ། །བདེ་ལེགས་རྒྱ་མཚོ་ལ་ཕྱག་འཚལ། །ཚེ་འདིའི་བྱ་བ་དང་བྲལ་ནས། །བསྟན་དང་འགྲོ་བའི་དོན་ཆེན་མཛད། །སྙིང་ཏིག་ཟབ་ཆོས་མཛོད་འཛིན་རྗེ། །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ལེགས་གསུངས་དམ་ཆོས་མཛོད་འཛིན་ཅིང་། །བཀྲ་ཤིས་འདོད་དགུ་འབྱུང་བའི་གནས། །སངས་རྒྱས་བཀྲ་ཤིས་ལ་ཕྱག་འཚལ། །ཡོན་ཏན་རིན་ཆེན་དཔལ་འབར་ཞིང་། །ཟབ་མོའི་དེ་ཉིད་ལེགས་རྟོགས་ནས། །འགྲོ་རྣམས་སྨིན་གྲོལ་འགོད་མཛད་པའི། །གྷུ་ཎ་ཤྲཱྀ་ལ་ཕྱག་འཚལ། །སྣང་སྲིད་ཡེ་སངས་རྒྱས་པའི་དོན། །མ་ལུས་ཐུགས་སུ་ཆུད་མཛད་ཅིང་། །ཟབ་ཆོས་རིན་ཆེན་མཛོད་འཆང་བའི། །སངས་རྒྱས་རིན་ཆེན་ལ་ཕྱག་འཚལ། །སངས་རྒྱས་མ་ལུས་ཐམས་ཅད་ཀྱི། །ཐུགས་ཀྱི་གསང་བ་རིན་པོ་ཆེ། །སྙིང་ཐིག་བསྟན་པའི་རྒྱལ་

p. 584

མཚན་འཛིན། །སངས་རྒྱས་རྒྱལ་མཚན་ལ་ཕྱག་འཚལ། །བསླབ་གསུམ་ཚུལ་ཁྲིམས་རྒྱན་གྱིས་སྤྲས། །རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཆེ། །བླ་མེད་བསྟན་པའི་རྒྱལ་མཚན་འཛིན། །ཚུལ་ཁྲིམས་རྒྱལ་མཚན་ལ་ཕྱག་འཚལ། །བསོད་ནམས་ཚོགས་ཆེན་ལྷུན་རྫོགས་ཤིང་། །ཡེ་ཤེས་རང་སྣང་འོད་གསལ་བས། །སྲིད་ཞིའི་མཐའ་ལས་རྣམ་པར་རྒྱལ། །བསོད་ནམས་རྣམ་རྒྱལ་ལ་ཕྱག་འཚལ། །ཨོ་རྒྱན་སློབ་དཔོན་པདྨ་ཡིས། །རྗེས་བཟུང་ཤེས་བྱའི་དོན་རྣམས་གཟིགས། སྙིང་པོའི་བསྟན་པ་འཛིན་མཛད་པ། །ཨོ་རྒྱན་བསྟན་འཛིན་ལ་ཕྱག་འཚལ། །རྒྱལ་བའི་ཕྲིན་ལས་མ་ལུས་བཟུང་། །འགྲོ་ལ་ཕན་པ་རླབས་ཆེན་སྤྱོད། །ཀུན་གྱི་བླ་མ་རིན་པོ་ཆེ། །ཀརྨ་གུ་རུ་ལ་ཕྱག་འཚལ། །དྲི་མེད་ཚུལ་ཁྲིམས་པདྨའི་མཚོར། །བླ་མེད་ཡིད་བཞིན་སྙིང་པོ་བླངས། །རྟག་པར་རྒྱལ་མཚན་རྩེར་མཆོད་པའི། །པདྨ་རྒྱལ་མཚན་ལ་ཕྱག་འཚལ། །བློ་གསལ་པདྨའི་སྐྱེད་ཚལ་དུ། །བློ་གྲོས་འདབ་སྟོང་སྦྲང་རྩིའི་བཅུད། །བློ་ལྡན་བུང་བ་ཚིམ་བྱེད་པ། །པདྨ་བློ་གྲོས་ལ་ཕྱག་འཚལ། །བཀྲ་ཤིས་ཕུན་

p. 585

ཚོགས་འདོད་དགུའི་དཔལ། །སྨིན་གྲོལ་རིམ་གཉིས་མཐར་ཕྱིན་པ། །དབང་ཕྱུག་ཡོན་ཏན་བརྒྱད་བརྙེས་པའི། །བཀྲ་ཤིས་དབང་ཕྱུག་ལ་ཕྱག་འཚལ། །སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཟབ་དོན་བདུད་རྩིའི་རང་ལུགས་འཛིན། །བླ་མེད་རྡོ་རྗེ་སྙིང་པོའི་བདག །ཚེ་རིང་རྡོ་རྗེ་ལ་ཕྱག་འཚལ། །ཀུན་བཟང་པདྨའི་བསྟན་པ་ལ། །ཕྱོགས་རིས་མེད་པར་ཁྱབ་གདལ་དུ། །དད་མོས་གུས་པས་ལྷུར་ལེན་པ། །ཀུན་བཟང་ཁྱབ་གདལ་ལ་ཕྱག་འཚལ། །བཀའ་དྲིན་ཐུགས་རྗེ་ཆེན་པོའི་མཛོད། །རྩ་གསུམ་ཀུན་འདུས་འགྲོ་བའི་མགོན། །བླ་མེད་ཐེག་པ་མ་ལུས་འཆང་། །རྩ་བའི་བླ་མ་ལ་ཕྱག་འཚལ། །ཡང་བརྒྱུད་ཚུལ་གཅིག་ལ་སྣ་ཚོགས་རང་གྲོལ་གྱི་འཕྲོར། ངག་གི་དབང་པོས་རྗེས་སུ་བཟུང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས། །བྱམས་ཆེན་སྙིང་རྗེ་ཆེན་པོའི་བདག །བྱ་བྲལ་ཆོས་རྗེ་ལ་ཕྱག་འཚལ། །ཐོས་བསམ་རྒྱ་མཚོའི་ཕ་རོལ་ཕྱིན། །ཡིད་བཞིན་འཕགས་པའི་ནོར་མཆོག་ལ། །དབང་འབྱོར་དོན་གཉིས་ལྷུན་གྲུབ་པའི། །གཞན་ཕན་རྡོ་རྗེ་ལ་ཕྱག་འཚལ། །ལུང་

p. 586

རྟོགས་ཡོན་ཤྭ་ལོ་ཀ་འདི་ནི་ངག་དབང་བློ་གྲོས་ཀྱིས་ཆད་བསབས་བགྱིས་པ་ལགས། ཏན་རྒྱ་མཚོའི་གཏེར། །མཆོག་གཟིགས་གྲུབ་བརྙེས་རྡོ་རྗེ་འཛིན། །མཁྱེན་བརྩེ་ནུས་པས་འགྲོ་བ་འདུལ། །ནམ་མཁའ་རྡོ་རྗེ་ལ་ཕྱག་འཚལ། །སྤྲོས་པའི་མཚན་མ་བྲལ་བ་ཡི། །རྣམ་གྲོལ་ཞི་བ་ཆེ་ལ་བཞུགས། །སེམས་ཅན་ཀུན་ལ་བརྩེ་ལྡན་པའི། །འོད་གསལ་ཀློང་ཡངས་ལ་ཕྱག་འཚལ། །སྨིན་ལམ་དབང་བཞིའི་ཆུ་རྒྱུན་གྱིས། །འགྲོ་བའི་སྒྲིབ་བཞི་ཡོངས་སྦྱངས་ནས། །སྐུ་བཞིའི་དབྱིངས་སུ་གྲོལ་མཛད་པ། །བསོད་ནམས་རིན་ཆེན་ལ་ཕྱག་འཚལ། །ལུང་དང་རྟོགས་པའི་འོད་དཀར་ཅན། །ཉོན་མོངས་སྨག་རུམ་འཇོམས་པའི་དགྲ། །བྱང་གྲོལ་ཀུ་མུད་རྒྱས་པའི་གཉེན། །ངག་དབང་པདྨ་ལ་ཕྱག་འཚལ། །ཐེག་དགུའི་ཡང་རྩེ་རྫོགས་པ་ཆེ། །ཆོས་ཚུལ་སྨིན་གྲོལ་བདུད་རྩིའི་བཅུད། །འཛིན་མཛད་རྡོ་རྗེ་འཛིན་པ་དངོས། །བསོད་ནམས་དབང་པོ་ལ་ཕྱག་འཚལ། །ཆོས་ཀུན་དེ་ཉིད་ཐམས་ཅད་གཟིགས། །སྲིད་པའི་འཆིང་གཅོད་ཤེས་རབ་འབར། །གང་ཐུགས་ཇི་བཞིན་འཇམ་པའི་དབྱངས། །ནམ་མཁའ་འཇིགས་མེད་ལ་ཕྱག་འཚལ། །

p. 587

རྣམ་མང་ཐོས་པ་རྒྱ་མཚོ་བརྟེན། །རྣམ་དག་ཏིང་འཛིན་ཟབ་མོ་བརྙེས། །རྣམ་མཁྱེན་གོ་འཕང་མངོན་གྱུར་པའི། །ཀློང་རྫོགས་མཐའ་བྲལ་ལ་ཕྱག་འཚལ། །རྫོགས་ཆེན་ཉམས་བཞེས་ཚད་དུ་ཕེབས། །གྲུབ་པའི་དབང་ཕྱུག་བརྟུལ་ཞུགས་ཅན། །ཁམས་གསུམ་འདྲེན་པ་ཆོས་ཀྱི་རྒྱལ། །པདྨ་རིག་འཛིན་ལ་ཕྱག་འཚལ། །ཉམས་དང་རྟོགས་པ་མཐའ་རུ་ཕྱིན། །གསང་ཆེན་བསྟན་པའི་སྲོག་ཤིང་འཛིན། །རྒྱལ་ཚབ་དམ་པ་ཐུགས་རྗེའི་བདག །ནམ་མཁའི་མཚན་ཅན་ལ་ཕྱག་འཚལ། །སྡོམ་གསུམ་རྣམ་དག་ཉེས་ལྟུང་བྲལ། །ཆོས་རྣམས་མཁྱེན་པའི་སྤྱན་ཡངས་ཤིིང་། །དབང་བསྐུར་མན་ངག་སྲོལ་འཛིན་པ། །པདྨ་རྣམ་རྒྱལ་ལ་ཕྱག་འཚལ། །ཡོངས་འཛིན་དུ་མའི་ཞབས་པད་བསྟེན། །ཤེས་རབ་གསུམ་གྱིས་ཉམས་སུ་བླངས། །ཐར་ལམ་སྟོན་པའི་དེད་དཔོན་པ། །དབང་རྒྱལ་རྒྱ་མཚོ་ལ་ཕྱག་འཚལ། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག །ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་། །བསྟན་པའི་རྒྱལ་མཚན་ལ་ཕྱག་འཚལ། །སྐུ་

p. 588

གསུམ་གསང་མཛོད་རྒྱ་མཚོ་ཆེའི། །ཡང་བཅུད་སྙིང་ཏིག་ཡིད་བཞིན་ནོར། །གཙུག་འཆང་ལྷ་དབང་རྫོགས་ཆེན་པ། །བསྟན་འཛིན་བཟང་པོ་ལ་ཕྱག་འཚལ། །གང་གི་ཐུགས་བཅུད་བདུད་རྩིའི་གཏེར། །བློ་མཆོག་རིན་ཆེན་བུམ་ནང་དུ། །ཡོངས་གཏམས་འགྲོ་ཀུན་སྨིན་མཛད་པའི། །ཀུན་བཟང་གཞན་ཕན་ལ་ཕྱག་འཚལ། །སྙིང་ཐིག་བརྒྱུད་པའི་ཕྱག་འཚལ་ཁ་སྐོང་དཔའ་བོ་ལས་རབ་རྩལ་གྱིས་མཛད་པ་ཤྭ་ལོ་ཀ་རྗེས་མ་གཉིས་གསར་བསྣན་བྱས་པའོ།། །།

ཚེ་རབས་རྗེས་འཛིན་སྨོན་ལམ། བསོད་ནམས་ཆོས་བཟང་གི་གསུང་།

p. 589

࿅༔ ཚེ་རབས་རྗེས་འཛིན་སྨོན་ལམ། རྗེ་དུས་གསུམ་སངས་རྒྱས་ངོ་བོ་ཉིད༔ མ་ལུས་སེམས་ཅན་འདྲེན་པའི་དཔལ༔ མཁྱེན་དང་བརྩེ་བའི་བདག་ཉིད་ཅན༔ ཉིད་ཀྱི་སྐུ་ལ་གསོལ་བ་འདེབས༔ བདག་འདྲ་དུས་ངན་སྙིགས་མའི་བུ༔ སྔོན་གྱི་སྨོན་ལམ་མ་ཐེབས་པས༔ རིགས་དྲུག་འཁོར་བའི་གནས་སུ་འཁྱམས༔ སྐྱེ་རྒ་ན་འཆི་བཞི་ལ་བརྒྱུད༔ མ་དག་མཐའ་ཞེན་གནས་སུ་སྐྱེས༔ ད་ལན་འཛམ་གླིང་སོག་ཀར་སྐྱེས༔ དྲིན་ཆེན་ཁྱེད་འདྲ་ལས་འཕྲོ་མཐུན༔ རང་དོན་རྫོགས་སངས་མ་རྒྱས་བར༔ ཉིད་ཀྱི་ཐུགས་རྗེས་གཟུང་དུ་གསོལ༔ བསོད་ནམས་ཆོས་བཟང་ནས་དགེའོ༔

ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་གསོལ་འདེབས།

p. 590

༈ ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །སྤྱན་རས་གཟིགས་དངོས་པདྨའི་རྒྱལ་ཚབ་པ། །ཟབ་དོན་ཐེག་མཆོག་སྨིན་གྲོལ་རྒྱ་མཚོའི་མཛོད། །སྐྱབས་གནས་ཀུན་འདུས་ཁྱབ་བདག་རྡོ་རྗེ་འཆང་། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྗེ་བཙུན་པདྨ་ཐོད་ཕྲེང་ཐུགས་རྗེ་དང་། །ཞི་ཁྲོ་རབ་འབྱམས་མཁའ་འགྲོ་དམ་ཅན་མཐུས། །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་དང་། །སྔ་འགྱུར་ཆོས་ཚུལ་ཕྱོགས་བརྒྱར་རྒྱས་གྱུར་ཅིག །ཅེས་པ་ཕྲིན་ལས་བསྟན་དར་གྱིས་གསོལ་བ་བཏབ་པ་མངྒ་ལཾ།། །།

ཀློང་ཆེན་པ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་རྣམ་པར་ཐར་པ་རྟོགས་པར་བརྗོད་པའི་དྲི་མ་མེད་པ་རབ་ཏུ་གསལ་བའི་གཏམ་བཟང་པོ།

p. 591

༄༅། །ཀློང་ཆེན་པ་ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་རྣམ་པར་ཐར་པ་རྟོགས་པར་བརྗོད་པའི་དྲི་མ་མེད་པ་རབ་ཏུ་གསལ་བའི་གཏམ་བཟང་པོ་བཞུགས་སོ། །

p. 592

ན་མོ་གུ་རུ་ཡེ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་རང་བཞིན་འགག་མེད་གཟུགས་སྐུའི་རོལ་པར་འཆར་བའི་ཀློང་ཆེན་པ་༧ཁྲག་འཐུང་དཔའ་བོ་ལས་རབ་རྩལ་གྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ། །ཟག་མེད་ཡེ་ཤེས་ཀློང་ཆེན་ནམ་མཁའི་ངང་། །འཁོར་འདས་དབྱེར་མེད་མངོན་གྱུར་གཞི་དབྱིངས་སུ། །མངོན་རྫོགས་རྒྱལ་པོ་གཞོན་ནུ་བུམ་པའི་སྐུ། །ཧེ་རུ་ཀ་དཔལ་ལས་རབ་རྩལ་ལ་འདུད། །གང་གི་རྣམ་ཐར་ནམ་མཁའི་ཁྱོན་

p. 593

ཡངས་པོར། །སོ་སྐྱེའི་བློ་ཡིས་དཔག་ཤེས་བླུན་པོའི་ལུགས། །འོན་ཀྱང་ཕྱོགས་རེའི་མཐོང་ཆོས་རྟོགས་བརྗོད་ཚིག །དྲི་མེད་རབ་གསལ་གཏམ་བཟང་འདི་ན་སྤེལ། །དེ་ཡང་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་རྣམ་པར་འཕྲུལ་པ་རྡོ་རྗེ་འཆང་ཆེན་པོ་རྒྱ་རོང་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་པར་རྒྱལ་བ་དང་། སྤྱན་རས་གཟིགས་དངོས་ལོ་ཆེན་ཀླུའི་དབང་པོའི་རྣམ་སྤྲུལ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོ་ཉི་གྲགས་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞེས་རྗེ་དེ་རྣམ་

p. 594

གཉིས་ཀྱིས། མཆོག་གི་རྡོ་རྗེ་སློབ་དཔོན་འདི་ཉིད་ཀྱི་རྣམ་པར་ཐར་པ་གཞན་དང་མ་འདྲེས་པའི་ཡོན་ཏན་བླ་ན་མེད་པའི་སྒོ་ནས་ཡང་ཡང་བསྔགས་པའི་བཀས་བྱིན་རླབས་ཐུགས་སུ་ཞུགས་པ་ལ་བརྟེན་ནས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་སྒྱུ་འཕྲུལ་བཱི་མ་ལ་མི་ཏྲའི་སྤྲུལ་པ་ཁམས་པ་རྫོགས་ཆེན་པ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཆོག་གིས་རྒྱལ་བའི་བཀའ་འགྱུར་རོ་འཚལ་གྱི་བཀའ་ལུང་གསན་པའི་བླ་མར་གྱུར་ཅིང་། ཨོ་རྒྱན་གཏེར་བདག་གླིང་པའི་ལུང་བསྟན་དུ་གཡུ་སྒྲ་སྙིང་པོའི་སྤྲུལ་པར་བཞེད་པའི་བླ་མ་སྐལ་བཟང་འཕེལ་རྒྱས་བཟང་པོའི་སྤྲུལ་སྐུ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་ཡང་ནས་ཡང་དུ་མཆོག་གི་རྡོ་རྗེ་སློབ་དཔོན་ཆེན་པོ་འདིའི་རྣམ་པར་ཐར་པ་མ་འོངས་འབྱུང་འགྱུར་གྱི་ཆེད་དུ་ཉམས་སུ་མི་རུང་བས་རྟོགས་བརྗོད་ཡི་གེར་སྤེལ་དགོས་ཞེས་ལྷ་རྫས་སྲིད་དུ་རིང་ཞིང་བཀྲ་ཤིས་པའི་རི་མོ་བཀྲ་བ་དང་། བྲི་གཞི་དཀར་འཇམ་སྒྲོས་པའི་གླེགས་བམ་བཅས་སྐྱབས་འོག་པ་ཕྲན་བུ་རང་ལའང་བཀའ་ཕེབས་པ་དང་།

p. 595

རིག་འཛིན་ཆེན་པོ་དངོས་ལའང་རྣམ་ཐར་ཞལ་གསུང་སྩལ་དགོས་ཀྱི་ཞུ་ནན་ཡང་ཡང་ཕུལ་བ་སོགས་བླ་ན་མ་འཆིས་ཀྱང་རང་ཉིད་བློ་གྲོས་དམན་ཞིང་རྩོམ་གཤིས་ཞན་པ་དང་། ཕོ་རུས་ཀྱིས་ངེད་ཀྱི་བླ་མ་བཟང་ངོ་ཟེར་ཞིང་བཀའ་དྲིན་ལ་བརྟེན་ནས་དཀོར་རྫས་རང་དོན་གནོག་ཆུང་དེར་འབད་ཅིང་བླ་མའི་གསུང་འཇམ་རྩུབ་དང་ཐུགས་ཞི་དྲག་ཙམ་ལའང་དགའ་སྡུག་རེས་འཇོག་སྐྱེན་པའི་ལས་ཅན་ལས། དོན་དུ་རྣམ་ཐར་སྤུ་ཙམ་ཡང་མ་མཐོང་བ་ལྟ་བུར་མ་ཡིན་པར་བླ་མ་སངས་རྒྱས་དངོས་སུ་ཐག་ཆོད་ནས་ངོ་མཚར་བའི་རྣམ་པར་ཐར་པ་ཅི་ལྟར་བསྟན་ཀྱང་། མཆོག་གི་རྡོ་རྗེ་སློབ་དཔོན་འདི་ལ་ཡོན་ཏན་བསམ་གྱིས་ཇི་ལྟར་ཁྱབ་པའི་ངེས་ཤེས་ཀྱི་གཏིང་ཆུབ་པས་ལྷག་ཏུ་ཆེད་འཛིན་མ་གྲུབ་པ་དང་། རང་ཡང་རྩོམ་སྤེལ་འོས་པའི་གང་ཟག་ཅིག་ཡིན་ན་མཆོག་གི་སློབ་དཔོན་རིན་པོ་ཆེ་འདི་ལྟ་བུའི་རྣམ་ཐར་འབྲི་སྤེལ་སྐལ་བཟང་རྙེད་པའི་བསོན་ནམས་གཞལ་དུ་མ་མཆིས་པའི་ཡོན་ཏན་དུ་མ་བསམ་ནས་དེ་མ་ཐག་ཤོག་དྲིལ་དུ་བཏབ་ན་དེ་ལ་

p. 596

དོན་ཆོད་ཀྱང་། རང་གི་རྩོམ་ཡང་ལྟ་མཁན་ལྟ་ཞོག་འབར་ཤའི་རྒྱུ་ལས་མངོན་རྒྱུ་ཅི་ཡོད་བསམ་པས་རང་ཚོད་འཁོས་ཆུང་ལུགས་ཀྱིས་དེ་ལྟར་རེ་བ་མ་བྱུང་། བརྗེད་ངེས་ཀྱིས་ཀྱང་རྨུགས་པས་ཇི་ལྟ་བ་དང་ཇི་སྙེད་པའི་ཡོན་ཏན་ངོ་མཚར་ཅན་མང་དུ་མཐོང་ཐོས་བསམ་གྱིས་མི་ཁྱབ་ཀྱང་། ད་གཟོད་བསམ་ཚེ་དྲན་རྒྱུ་མི་འདུག་པ་སོགས་རང་བཞིན་གཤིས་ལ་རྨོངས་སྒྲིབ་འཐུག་པས་སོ། །དེ་ལྟར་ན་ཡང་མཚུངས་མེད་ཆོས་ཀྱི་རྗེ་ཉིད་རིན་པོ་ཆེ་གཞན་དང་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རང་སྐལ་གྱི་བསོན་ནམས་སྲིད་པར་མ་སྙིགས་པའི་རྒྱལ་བའི་སྲས་མཆོག་དམ་པ་གང་གིས་བཀའ་ཕེབས་ཆེ་བ་དོན་ཡོད་པའི་ཕྱིར་དུ། རིགས་འདུས་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་རྒྱལ་ཚབ་ཆེན་པོ་རྡོ་རྗེ་སློབ་དཔོན་མཆོག་གི་རྣམ་ཐར་ནམ་མཁའི་མཐར་སོན་པའི་ཕྱོགས་རེའི་ཆ་ལས་ཅུང་ཟད་རྟོགས་བརྗོད་འགོད་པ་ལ། ཞལ་གསུང་སྐོར་དང་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་སློབ་དམ་པ་ལུང་རིགས་ལ་མ་རྨོངས་ཤིང་མི་བརྗེད་པའི་གཟུངས་ཐོབ་ལྟ་བུ་བློ་གྲོས་ཀྱི་

p. 597

རྩལ་ཁ་ཤིན་ཏུ་རྒྱས་པ་དགེ་རྩེ་བླ་མ་རིག་འཛིན་རྒྱ་མཚོ་ལ་རང་ནས་བསྐུལ་བ་དང་ཉིད་ནས་ཡང་མཛད་པར་སྣང་བ་དང་། རང་ཉིད་ཀྱིས་ཀྱང་གང་དྲན་དྲི་མ་མེད་པར་ཡི་གེར་འགོད་པ་ལས་དང་པོ་ནི། ༈ ཕྲིན་ལས་བསྟན་དར་གྱི་སྐྱེ་བ་བརྒྱད་འཁྲུལ་སྣང་དུ་བྱུང་ཚུལ་དྲང་སྲོང་མ་བཞུགས་སོ། །ༀ་སྭ་སྟི། དགེ་ལེགས་སུ་གྱུར། ཡེ་ཤེས་ངོ་བོ་གདོད་ནས་དྲི་བྲལ་ཞིང་། །ལྷུན་གྲུབ་རང་གདངས་ལོངས་སྐུའི་དཀྱིལ་འཁོར་སྣང་། །ཐུགས་རྗེ་སྲིད་ཞིའི་ཆ་འཛིན་འགྲོ་བ་འདུལ། །རིག་འཛིན་བླ་མ་མཆོག་དེར་གུས་པས་འདུད། །ལས་ངན་བདག་འདྲ་སྲིད་པ་བགྲངས་པའི་གྲངས། །ས་ཆེན་རྡུལ་གྱི་ཚད་མཉམ་ཕ་མཐའ་བྲལ། །དག་པའི་ལུས་ཅན་བླངས་ཞེས་རྫུན་དངོས་ལས། །བདེན་པར་འོས་པའི་ཡོན་ཏན་རི་བོང་རྭ། །འོན་ཀྱང་ཕྱོགས་མེད་དད་པས་བློ་འབྱོངས་ཤིང་། །རྣམ་དཀར་ལས་སད་རྣམ་དག་མཁས་པའི་མཆོག །གང་གིས་བསྐུལ་བའི་གསུང་ངོ་མི་ལྡོག་ཙམ། །འཁྲུལ་སྣང་རབ་རིབ་གང་ཤར་དྲང་པོར་བཤད། །དེ་ཡང་བདག་མའི་ལུས་ལ་ཡོད་པའི་ཚེ་སྐད་འབྱིན་ཅིང་རིམ་གྲོ་འདི་

p. 598

དགོས། ང་ཨ་མཁར་ཀརྨ་ཕྲིན་ལས་རྒྱ་མཚོ་ཡིན་ཅེས་སྨྲས་པ་དང་། སྐྱེ་བའི་ཚེ་སྔོན་གྱི་དད་ལྡན་རྣམས་ཀྱིས་འབྲུག་པ་ཀར་ཕྲིན་མཇལ་བར་རྨིས་པ་དང་། དེ་ཡི་བླ་ཚབ་པདྨའི་སྙིང་པོའི་ཕྱག་ནས་ང་ཡི་དྲིལ་བུ་ཡིན་ཅེས་དབང་གནང་དུས་བླངས་པས་ཁོང་སྤྱན་ཆབ་བཏོན་ཅིང་དད་པ་སྐྱེ་བའི་རྣམ་འགྱུར་མང་པོ་མཛད། བླ་མ་ཨ་མཁར་དེ་ལ་ངེད་ཀྱི་ཕ་མེས་ཀྱིས་མི་འཁྲུགས་པའི་དབང་ཁྲི་ཕྲག་ཞུས། གཞན་ཡང་དབང་ཆོས་མང་དུ་ཞུས། ངེད་ཆེ་ཡོལ་ཡུལ་གྱིས་ཡང་ཀུན་གྱི་མཆོད་གནས་སུ་གྱུར་པ་ཞིག་ཡིན། དེ་ནས་ལོ་ལྔ་ལོན་པའི་ཚེ་ཡི་གེ་གཤར་རྫབ་མ་བསླབས་པར་འབྲི་བ་དང་འདོན་ཤེས་པ་ཞིག་བྱུང་བས་ཀུན་གྱིས་མཚར་ཆེ་བ་ལྟར་བྱེད། ལོ་བདུན་གྱི་དུས་ང་གཏེར་སྟོན་རཏྣ་གླིང་པའི་སྐྱེ་བ་ཡིན་ཟེར་དེ་དུས་ཀྱི་ཡིན་ཚུལ་མང་པོ་སྨྲས། འཆམ་དང་དབྱངས་བྱེད་གཏོར་མ་བཅའ་རླུང་འཛིན་པ་དང་སྒོམ་བྱེད་པའི་ཚུལ་དང་། དབང་བསྐུར་བ་དང་ཆོས་འཆད་པའི་རྣམ་པ་དང་བརྡ་ཡིག་ཀློག་ཤེས་པ་དང་། ཆོས་རྣམ་རྒྱས་པའི་ཚུལ་དང་གནད་དུ་བསྡུ་ན་འདིར་འདུ་ཞེས་

p. 599

འཆད། ལོ་བརྒྱད་ཀྱི་དུས་ལེགས་ཉེས་མངོན་ཤེས་ལ་ཐོགས་པ་མེད་པར་ཤེས་པ་དང་ལྷ་བྲི་བ་སོགས་བྱེད། དེ་སོགས་སྔར་གྱི་ཁ་རྒྱུན་འདུག་པ་ལྟར་བཀོད། དེ་ནས་ལོ་དགུ་བཅུ་ཙམ་ནས་ཉི་སྤྲུལ་རིན་པོ་ཆེས་དགོས་གསུངས་ནས་ཐབས་མེད་བཀའ་ནན་ཆེ་བས་ངེད་ཀྱི་གོང་མ་རྣམས་གཏེར་ཆེན་གྱི་ཆོས་བདག་ཡིན་ཞིང་དམ་ཚིག་འབྲེལ་ཆེ་བས་བྱེད་ཐབས་མ་བྱུང་བར་སྐུ་མདུན་དུ་ཕུལ། དེ་ནས་དེ་ཕྱིན་རྣམས་སུ་འཁྲུལ་སྣང་རྨི་ལམ་དུ་སྤྱན་རས་གཟིགས་ཀྱིས་ཁྱོད་རྒྱ་གར་ཡུལ་དུ་སློབ་དཔོན་ཞི་བའི་གོ་ཆ་ཡིན། རྡོ་བོད་མཚམས་སུ་བོ་དྷི་རཱ་ཛ་ཡིན་གསུངས་པ་བྱུང་། དེ་ཚེ་འཁྲུལ་སྣང་བདེ་སྡུག་གི་སྐྱེ་བ་མང་པོ་གསལ་ཉམས་ལྟ་བུ་བྱུང་། ཡང་རྨི་ལམ་ཞིག་ཏུ་གྲོགས་སྔགས་པ་ཞིག་གིས་ཁྱོད་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སྲས་པདྨ་དབང་ཆེན་དུས་ངེད་གཉིས་ཀས་ཡི་དམ་རྡོ་རྗེ་ཕུར་པ་བྱས་ཚུལ་ཟེར་བའང་བྱུང་། མཚོ་ཁྲི་ཤོར་འགྲམ་དུ་ནུབ་གཅིག་མི་གོས་དཀར་གྱོན་པ་ཞིག་གིས་ཁྱོད་ཀརྨ་པ་རང་བྱུང་རྡོ་རྗེའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན་ཟེར། ངས་

p. 600

རྨི་ལམ་འོག་ནས་དེ་ཙམ་ང་ག་ལ་ཡིན། རང་བྱུང་ཞབས་འཕགས་པ་སྤྱན་རས་གཟིགས། ས་ར་ཧ། སློབ་དཔོན་དཔའ་བོ། རྒྱལ་བ་མཆོག་དབྱངས་སོགས་གཞན་ཡང་བསམ་གྱིས་མི་ཁྱབ་པའི་སྐུའི་སྐྱེ་ཕྲེང་བསམ་གྱིས་མི་ཁྱབ་པའི་མཛད་ཕྲིན་དང་འགྲོ་དོན་མངའ་བ་དེ་ང་འདྲ་བ་མིན་ནམ་བསམ་ཙ་ན། མི་དེས་སྤྲུལ་པ་ཡིན་པའི་རྟགས་ཁྱོད་ཀྱི་དཔྲལ་བའི་བཞིན་བསྡུས་ནས་ཆུ་དང་མེ་ལོང་ལ་ལྟོས་དང་ཡི་གེ་ཏ་ཊ་ཡོད། ཡི་གེའི་ལྷུ་མ་འཕྲོད་པ་རྟེན་འབྲེལ་འཕྱུགས་པས་ཡིན་ཟེར། ཁྱོད་སུ་ཡིན་བྱས་པས་ང་རྡོ་རྗེ་ལེགས་པ་ཡིན་ཟེར། ཡང་ནུབ་ཅིག་རྨི་ལམ་དུ་བྱིས་པ་ཞིག་གིས་ཡི་གེ་དཀྱུས་རིང་བ་རྙིང་ཕོག་པ་ཞིག་གཏད་བྱུང་། འདི་ཁྱོད་ས་སྐྱ་བ་བསོད་ནམས་རྒྱལ་མཚན་གྱི་དུས་ཀྱི་ལྷག་པའི་ལྷ་འདི་བསྙེན་པས་རྗེས་སུ་བཟུང་བ་ཡིན་ཟེར་ཡི་གེ་བཀླགས་པས་རིག་བྱེད་མའི་སྒྲུབ་ཐབས་སུ་འདུགང་དམ་ཅན་པུ་ཏྲ་ཡིན་ཟེར་བཞིན་གར་བྱེད་ཀྱིན་ཐལ། རང་ཉིད་ཀྱི་འཁྲུལ་ཆོས་དག་སྣང་དུ་བཏགས་པ་རྣམས་ཀྱི་ལུང་ལས་ལང་གྲོ་དཀོན་མཆོག་འབྱུང་ནས་སུ་གསལ་བ་ལྟར་

p. 601

རོ། །དེ་དག་སོ་སོའི་སྐྱེ་བརྒྱུད་ཀྱི་མཐའ་དེ་ནས་དེང་སང་གི་རྩོམ་བཞིན་སྒྲོས་བཏགས་ན་ཆོག་པ་འདྲ་མདོག་ཡོང་། དེ་སོགས་ཆེ་ལང་གི་འཕྲོས་འདི་ནི་རྣམ་དཀར་དགེ་བའི་ལས་འཕྲོ་སད་པ་རིག་པའི་གནས་མཐའ་དག་དང་། འཚོ་བྱེད་སྨན་གྱི་རིག་པ་ལ་བྱང་ཆུབ་པ་ཐོས་པ་དང་བསམ་པ་དང་དད་པ་སོགས་དང་། ནང་དོན་གྱི་བསྐྱེད་རྫོགས་ལ་སྒོམ་པའི་ཁྱད་པར་ཅན་གུ་རུ་འཕེལ་གྱིས་བཀྲ་ཤིས་པའི་ཁ་བཏགས། དངུལ་ལས་བྱས་པའི་ཁོམ་བཅས་གནང་ནས་ཁྱོད་ཀྱི་སྐྱེ་ཕྲེང་ཡི་གེར་འཁོད་ཅེས་བཀའ་སྩལ་ཕེབས་པ་ལ་བརྟེན་ནས་རྨོངས་རྒན་ཕྲིན་ལས་བསྟན་དར་རང་ཉིད་ཀྱིས་བྲིས་པ་དགེ་བར་གྱུར་ཅིག །ཕྱོགས་དུས་སྲས་བཅས་རྒྱལ་ཀུན་ངོ་བོ་ཉིད། །མཁྱེན་བརྩེ་ནུས་པའི་བདག་ཉིད་སྨིན་གྲོལ་མཛོད། །རིག་ཀུན་ཁྱབ་བདག་ཐེག་མཆོག་རྒྱ་མཚོའི་སྡེར། །འདི་བཟུང་བྱང་ཆུབ་བར་དུ་གུས་ཕྱག་འཚལ། །འཁྲུལ་སྣང་རྫུན་རིས་མང་བའི་ཕྲིན་ལས་ལ། །ས་བྱི་དཔྱིད་ཟླ་ཐ་མའི་ཚེས་བརྒྱད་ནུབ། །རྨི་ལམ་ལུང་བསྟན་ཚིགས་བཅད་མང་པོ་

p. 602

དང་། །རྨི་ལམ་ལུང་གསུམ་འདུས་མདོ་ཆེན་པོ་རུ། །མཆོད་རྟེན་ཅུང་ཙམ་ཧྲུལ་ཉམས་ཡོད་པ་ཡི། །ཕྱོགས་བཞིར་ཨ་མོ་ནིག་ཀའི་རྡོ་བཞི་ལ། །ཤར་ན་ལུང་བསྟན་ཚིགས་བཅད་མང་པོ་དང་། །ལྷོ་ན་ཝཱ་གཱི་ཤྭ་རི་མང་པོ་དང་། །ནུབ་ན་སངས་རྒྱས་མཚན་མང་ཕྱག་འཚལ་བཅས། །བྱང་ན་ཨེ་མ་ལས་སད་རིག་ལྡན་སྐལ་ལྡན་སྐྱེས་བུ་ཁྱོད། །བསྐལ་མང་སྔོན་རོལ་ཚངས་པའི་ལུས་བླངས་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་བརྟན་པ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ། །ཁྱོད་ནི་གང་དུ་སྐྱེས་པའི་ཚེ་རབས་སུ། །དངོས་ཉམས་རྨི་ལམ་ན་ཡང་ཆོས་དང་འགྲོག །རྒྱལ་བ་དེ་ཉིད་འདའ་བར་བཞེད་པ་ན། །ཞལ་སྐྱེམས་ལྷ་ཡི་བདུད་རྩི་མཆོག་དེ་དྲངས། །སངས་རྒྱས་ཞལ་བཀྲུས་ལྗགས་ཆབ་རྒྱ་མཚོར་ལྷུང་། །ཀླུ་ཡུལ་འདོད་འབྱུང་ཡིད་བཞིན་ནོར་བུར་གྱུར། །རྟེན་འབྲེལ་དེ་ཡིས་ཁྱོད་ཉིད་གར་སྐྱེས་ཀྱང་། །རི་ཆེན་འབྱུང་ཁུངས་ལྡན་པའི་ཡུལ་དང་ནི། །ནོར་བུའི་རིགས་དང་འཕྲད་པར་འགྱུར་ཡང་སྲིད། །བདེ་

p. 603

གཤེགས་དེ་ཡི་བསྟན་པའི་ཐ་མ་ལ། །རྒྱལ་བ་དེ་ཡི་རིང་བསྲེལ་དུ་མ་ཡིས། །བསྐལ་པ་དེ་ཡི་གདུལ་བྱའི་སེམས་ཅན་ལ། །ཚོགས་གཉིས་རྫོགས་པའི་ཕྲིན་ལས་དཔག་མེད་བྱས། །ལས་འཕྲོ་དེ་ཡིས་ཚེ་རབས་ཐམས་ཅད་དུ། །རྣམ་འདྲེན་རིང་བསྲེལ་བྲམ་ཟེའི་གདུང་ལ་སོགས། །འབྲལ་མེད་འགྲོགས་ཤིང་འགྲོ་དོན་བདག་པོར་ཡོང་། །ངེས་པའི་ལུང་འདི་ཕྲིན་ལས་ཁྱོད་ལ་ཡིན། །ཞེས་རྣམས་ཡི་གེ་དབུ་ཅན་རྐོས་མར་འདུག །ཕྱིར་ནངས་མནལ་སད་གསལ་པོར་འདུག་པས་ན། །འཁྲུལ་སྣང་རྫུན་རིས་ཉམས་མཚར་ཡི་གེར་བཀོད། །དག་སྣང་མཆོད་རྟེན་ལུང་བྱང་ཞེས་བྱར་བཏགས། དགེའོ་ཞེས་དང་། ཡང་། ཉི་སྤྲུལ་རྡོར་འཆང་དགོངས་པ་དབྱིངས་ཐིམ་ཚེ། །མི་འགྲུལ་ཞིག་དེ་ཉི་ཤར་སླེབས་བྱུང་བས། །ད་ནངས་སྔ་བར་གདུང་ལ་ཞུགས་མཆོད་ཟེར། །ནམ་མཁར་ཆར་སྤྲིན་རླངས་པ་འཐུལ་གྱིན་ཡོད། །དེ་ཚེ་བླ་མ་མཆོད་པ་ལ་དམིགས་ནས། །སངས་རྒྱས་སྲས་གཅིག་རྒྱུད་བཀླག་གསོལ་བ་བཏབ། །བདག་སོགས་འགྲོ་བའི་ཉེས་བྱས་བཤགས་པའི་

p. 604

ཕྱིར། །གྲྭ་པ་གཅིག་ལ་བཤགས་རྒྱུད་འདོན་དུ་བཅུག །དེ་མ་ཐག་ཏུ་སྤྲིན་དེངས་ནམ་མཁའ་དག །རྒྱང་མཐར་སྤྲིན་དཀར་མུ་ཁྱུད་ཟླུམ་སྐོར་གྱི། །ནང་དུ་ལྔ་ལྡན་འཇའ་རིས་མཉྫི་བཞིན། །ཉི་ཤར་ནམ་མཁའ་གཡའ་དག་དབུས་དེ་ནས། །ཆར་ཟིམ་སིམ་སིམ་འབབ་པའི་ངོ་མཚར་བྱུང་། །བདག་ལ་དངོས་གྲུབ་བྱིན་རླབས་མཚན་མ་མཐོང་། །གསོལ་བཏབ་མོས་གུས་དབང་བླངས་མི་རྟོག་བསྒོམས། །མཉམ་མེད་ཆོས་རྗེར་བྱིན་རླབས་དེ་འདྲར་འདུག །ཕྲིན་ལས་བདག་ལ་སྐལ་བཟང་དེ་འདྲ་འདུག །རྗེས་འཇུག་རྣམས་ལ་གཏམ་རྒྱུད་དེ་འདྲ་ཞུ། །ཞེས་དང་ཡང་། བདག་འདྲ་ཕྲིན་ལས་བསྟན་དར་བྱ་བ་ང་། །ས་ཕོ་སྟག་ལོ་རང་ལོ་ཉེར་བཞིའི་དུས། །བཤེས་གཉེན་དམ་པ་པདྨ་ཀུན་གྲོལ་མཚན། །མཇལ་བར་རྒྱ་རོང་དབེན་རིར་སོང་བའི་དུས། །ཁོང་གི་ཞལ་ནས་མདང་སུམ་རྨི་ལམ་ལ། །ཤེལ་གུར་དཀར་པོ་དྭངས་གསལ་རྒྱ་ཆེའི་ནང་། །དབང་ཆེན་རྟ་འགྲིན་བརྒྱུད་པའི་བླ་མ་དང་། །དྲེགས་པ་ཟིལ་གནོན་ལྷ་ཚོགས་འཁོར་དང་བཅས། །ཆོས་རྒྱལ་སྐུ་ལྔ་གྲི་བཙན་སྐྱ་

p. 605

བདུན་བཅས། །སྣང་སྟོང་འཇའ་སྐུ་གཟི་བརྗིད་འོད་ཕུང་འབར། །དེ་རིང་ཁྱོད་འོང་ལྟས་མཚན་ངེས་པར་འདུག །ཤེལ་གུར་དམ་ཚིག་རྣམ་པར་དག་པའི་བརྡ། །རྩ་གསུམ་སྲུང་མ་ལས་འབྲེལ་ལྷ་ཡིན་འདུག །ཁྱོད་ཀྱིས་རྟ་མགྲིན་ཆག་མེད་ཡིན་ནམ་གསུངས། །བསྙེན་སྒྲུབ་བསྐྱར་སོང་འབྲལ་མེད་ཡི་དམ་ཡིན། །རྡོ་རྗེ་ཕུར་པ་དང་ནི་རྟ་མགྲིན་གཉིས། །རང་གཞན་གཉིས་ཀའི་དོན་རྣམས་འགྲུབ་པོ་ཞེས། །སྐུ་ཞབས་ཉི་གྲགས་གཉིས་པའི་གསུང་ཡིན་ཞུས། །ཁྱོད་ཀྱི་ཡང་ཁུ་གཏེར་སྟོན་དངོས་སློབ་སྟེེ། །སོག་ཡུལ་འདྲེ་བཏུལ་རྟ་མགྲིན་གྲུབ་ཐོབ་གྲགས། །རྒྱལ་པོ་ཨི་དོན་ཨེར་ཀེའི་མཆོད་གནས་མཛད། །ང་ལ་རྒྱུས་ཡོད་ནུས་མཐུ་ཐོགས་རྡུག་མེད། །ཁྱེད་ཀྱི་གོང་མ་མང་པོའི་ལྷ་ཡིན་མོད། །ཁྱོད་ཀྱང་དེ་བཞིན་ཡི་དམ་འགྲུབ་འདུག་གསུངས། །རེས་འགའ་ང་ཡིས་དེ་འདྲ་རིག་ཀྱང་སྲིད། །རྟ་མགྲིན་རྩེ་གཅིག་སྒྲུབས་དང་ལེགས་འདུག་གོ། །ཞེས་སོགས་དགྱེས་མཛད་གསུང་གླེང་མང་པོ་མཛད། ཅེས་དང་ཡང་། མི་ང་ལོ་ངོ་བཅུ་བདུན་ལོན་པའི་དུས། །དགུན་

p. 606

གཅིག་ཉི་གྲགས་ཟབ་ཏིག་ཁྲོས་ནག་བསྙེན། །རི་རྩེ་ཤིན་ཏུ་མཐོ་བར་མཆོད་རྟེན་ནི། །ཆེན་པོ་མདོག་དཀར་མདངས་ལེགས་བང་རིམ་ནི། །བཞི་པའི་སྟེང་དུ་བུད་མེད་མཛེས་མ་ལ། །སྦྱོར་བ་བྱེད་རྨིས་གཞན་ཡང་མཁའ་འགྲོ་ཡིས། །ལུང་བསྟན་ལ་སོགས་བསམ་གྱིས་མི་ཁྱབ་པའི། །རྟགས་དང་ཡ་མཚན་བཟང་པོ་མང་རབས་དང་། །ཁྱད་པར་ཕག་མོའི་ཞལ་ཐང་ངོས་ལ་ནི། །མེ་ཏོག་གྲངས་མང་བཟུང་བའི་ངོ་མཚར་བྱུང་། །ཁྲོམ་ཆེན་ཚོགས་དབུས་བླ་མ་པད་ཞྭ་ཅན། །བཞུགས་ཤིང་ཕག་མོའི་སྒོ་ནས་ཚོགས་འཁོར་བསྐོར། །གསུང་མགུར་དབྱངས་ཤིང་ངེད་ཚོར་ཚོགས་བཀྱེ་རྨིས། །ཡང་ཞིག་རང་གི་རྐྱེན་བཟློག་ཉི་གྲགས་ཀྱི། །སེང་སྔོན་བཟློག་པ་བཅའ་དུས་རཀྟ་ནི། །མེར་མེར་ལྷོག་ལྷོག་ཁོལ་ཞིང་ལྦུ་བ་འཕྱུར། །ཡང་ཞིག་གསོལ་ཁ་རྣམས་ལ་སྟོང་ཚར་དུས། །མགོན་པོ་ཕྱག་བཞིའི་གཏོར་མ་ཡར་བཏེགས་པས། །གཏོར་མའི་ནང་ནས་རླུང་ཆེན་འུར་གྱིས་བྱུང་། །སྦྲ་ཡི་གོང་ཁེབ་ཟུམ་པ་ལྷབས་སེ་འཕང་། །ཡང་ཅིག་རང་གི་རིམ་གྲོར་མོ་ལུང་དུ། །བབས་ནས་ཟ་འདྲེ་

p. 607

ཁ་བསྒྱུར་བྱས་པའི་ཚེ། །དགུག་གཞུག་བྱས་པས་ཟ་འདྲེའི་གཟུགས་བརྙན་ནི། །འདར་འདར་ལྷག་ལྷག་འགུལ་བ་ཀུན་གྱིས་མཐོང་། །རང་གི་ཕུ་བོ་སྐུ་སྐྱེ་གྲོངས་པ་ཡི། །སྲི་མནན་དྲག་ཁྲོས་སྒོ་ནས་བྱས་དུས་སུ། །སྐྱ་ཁྲ་དབང་མེད་ཧོམ་ཁུང་ནང་དུ་འཛུལ། །རྗེས་སོར་དམ་ཅན་སྐུ་ཕེབས་ཞུས་པའི་དུས། །ཁྲ་བྱང་ངར་མ་དགྲ་བགེགས་བླ་ཡིན་གསུངས། །ཡང་ཅིག་ཁོ་བོ་ན་བའི་རིམ་གྲོ་ལ། །བདག་རང་གཙོར་བྱས་དྲེགས་ཟིལ་སྟོང་མཆོད་བྱས། །སང་ཉིན་འགྲུབ་པའི་དོ་ནུབ་སྣ་ཁྲག་ཤད། །ནད་ཁྲག་ནག་པོ་ཚན་ཅན་ལུད་ནས་བྱུང་། །ཕྱིའི་ནངས་གཞུང་བསྲངས་བསྐང་གསོལ་གཏང་རག་ཚར། །མི་ཡུལ་སྨན་སྤོས་གང་དང་མི་འདྲ་བའི། །དྲི་བཟང་ཡིད་འཕྲོག་བརྡལ་ཁྱབ་ཡུན་གཅིག་རྒྱུན། །ཞེས་དང་ཡང་། ནངས་ཤིག་ཆང་མེད་ནའང་ཁོ་བོའི་ཁྱིམ། །ཆང་དྲི་ཞིམ་པོས་ཁྱབ་པ་ཞིག་ཀྱང་བྱུང་། །ཚེས་བཅུའི་ནུབ་གཅིག་དུ་བ་མེད་ན་ཡང་། །ཤུག་པའི་དྲི་དང་དུ་བས་ཁྱབ་པ་བྱུང་། ཞེས་དང་ཡང་། ཁོ་བོ་སོག་ཡུལ་འགྲོ་དུས་ཡར་ལམ་དུ། །རྨ་ཡི་ཁོག་ནས་

p. 608

ཆར་པ་ཐར་ཐར་ནང་། །མགྲོན་ལམ་ཉིན་གཅིག་ང་དང་འཇའ་དཀར་འགྲོགས། །ཁོང་རྣམས་འདི་ནི་མཚན་མ་ཅི་ཡིན་གླེང་། །རང་གི་སྣང་བར་རྨ་ཆེན་སྤོམ་ར་ནི། །མི་དཀར་བརྗིད་ཆགས་ཆས་བཟང་འདུད་སྙམ་བྱུང་། །གཞན་ཡང་འདི་འདྲ་མང་ཡང་རེ་ཞིག་བཞག །ཐོར་བུ་འདི་དག་ཉམས་མཚར་བྱས་པའོ། །ཞེས་སོ། འདི་ལ་བསང་མཆོད་ཡོད་ཀྱང་གཞན་དུ་གསལ། ཡང། ༈ ༀ་སྭ་སྟི། ཚེ་རབས་ཀུན་གྱི་རིགས་བདག་པདྨ་འབྱུང་། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །འཁོར་བའི་ཁ་བརྒྱུད་ལས་ངན་མཚོར་བྱིང་ཡང་། །འདོར་མེད་ཐུགས་རྗེས་གཟིགས་འདི་བཀའ་དྲིན་ཆེ། །དེ་ཡང་ཁོ་བོ་རང་ལོ་ཉེར་གཅིག་ལོན་པ་ཤིང་ཕག་ཧོར་ཟླ་དང་པོའི་ཉེར་ལྔའི་ནུབ་རྨི་ལམ་དུ། རབ་བྱུང་པཎྜི་ཏའི་ཆ་བྱད་བཅུ་དྲུག་གི་ན་ཚོད་ཅན། ཕྱག་གཡས་ཐུགས་ཀར་ཆོས་འཆད་དང་། གཡོན་སྐྱབས་སྦྱིན་མཛད་པ་ཞིག་མདུན་གྱི་ནམ་མཁར་ཞི་བའི་འཆམ་འགྲོས་ཀྱིས་འབྱོན་བཞིན་གསུང་དབྱངས་འགྱུར་ཁུག་དང་ལྡན་ཞིང་ཡིད་འཕྲོག་པ་ཞིག་གིས། ང་མཚོའི་པད་མར་སྐྱེས་

p. 609

པའི་པདྨ་འབྱུང་། །འཛམ་གླིང་བསྐོར་ནས་དཔལ་རིར་འདུག །ཐུགས་རྗེ་རང་གི་གཤིས་སུ་གྲུབ། །འགྲོ་དོན་དུས་གསུམ་རྒྱུན་ཆད་མེད། །གསོལ་བ་ཐོབ་ཅིག་རིགས་ཀྱི་བུ། །འདུ་འབྲལ་མེད་དོ་ཡིད་ལ་བཅོག །ཞེས་གསུངས་མཐར་ཅུང་ཟད་འཆམ་སྟབས་མཛད་ནས་དབྱིངས་སུ་མི་སྣང་བར་ཡལ་ལོ། །བདག་གི་དྲན་པས་མི་བརྗེད་པར་བཟུང་། གང་གིས་ཀྱང་མཐོང་ཚོར་མེད་པར་རྒྱས་བཏབ་པ་སླར་ཟླ་བ་བཅུ་གཅིག་གི་ཉེར་ལྔ་ལ་ཡི་གེར་བཀོད་པའོ། །ཞེས་དང་ཡང་། རྗེ་བཙུན་ཐུགས་རྗེའི་དབང་ཕྱུག་པདྨ་འབྱུང་། །ལྷག་པའི་ལྷ་མཆོག་དབང་ཆེན་ཧེ་རུ་ཀ། །གང་འདུལ་སྐུར་སྣང་དཔལ་ཆེན་གསང་བའི་བདག །གུས་པས་འདུད་དོ་ཐུགས་རྗེའི་བྱིན་གྱིས་རློབས། །དེ་ཡང་ནམ་ཞིག་ན། ཡུལ་གྱི་བླ་ཆེན་ཞིག་གྲོངས་སོང་བས་དེར་ཁོ་བོ་དྲངས་པས་གདུང་ལ་མཆོད་འབུལ་བྱས་པའི་ནུབ་མོ་རྨི་ལམ་དུ། བླ་མ་དེ་ལ་བར་ཆད་བྱེད་པའི་རྒྱལ་པོ་དམ་སྲི་བསེན་མོ་རྣམས་ཁྲོམ་དམར་ནག་ཏུ་འདུག །ཁོ་བོས་རྟ་མགྲིན་ང་རྒྱལ་གྱིས་དྲག་ཏུ་ནམ་མཁར་འཕར་ཙ་ན། རྟ་མགྲིན་

p. 610

དྲེགས་པ་ཟིལ་གནོན་གྱི་སྐུ་མི་ཚད་གཉིས་འགྱུར་ཙམ་དུ་གྱུར། བགེགས་རྣམས་དགོན་དེའི་གཡས་ངོས་ཀྱི་ཁང་པ་རྣམས་སུ་གབ་ཐལ། བདག་གིས་རྟ་སྐད་བསྒྲགས་ཤིང་ཐུགས་ཀ་ནས་རྟ་མགྲིན་དམར་པོ་ཕྱག་གཉིས་པ་ཡུམ་དང་བཅས་པ་སྤྲོས་པས་ཡུལ་དེའི་གནམ་ས་བར་སྣང་ཁྱབ་པ་རྨིས། རྗེ་བླ་མ་ཉི་གྲགས་སྤྲུལ་སྐུས་ཁོ་བོའི་ལྷ་སྐལ་རྟ་མགྲིན་ཕུར་པ་གཉིས་ཡིན་པར་ལུང་བསྟན་པ་དང་། དེར་མ་ཟད་ངེད་ཀྱི་གོང་མའི་གོང་མ་རྣམས་ནས་བཟུང་རྟ་མགྲིན་གྱིས་གྲུབ་པ་ཐོབ་པ་ཁོ་ནར་བྱུང་བ་ཡིན། ཁོ་བོའི་ཀྱང་རྩ་བའི་ཡི་དམ་གཏེར་གསར་རྟ་མགྲིན་ཁོ་ན་ཡིན། ཁོ་བོ་ལོ་ཉུང་དུས་རྫོགས་ཆེན་པའི་ཁྲི་ཚབ་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་མཇལ་དུ་ཕྱིན། ནུབ་མོ་གཟིམས་ལམ་དུ་ཤེལ་གུར་ཆེན་པོ་ཞིག་གི་ནང་ན་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ལྷ་ཚོགས་ཡོངས་རྫོགས་ཚང་བ་བཀའ་སྲུང་སྐུ་ལྔ་གཏེར་སྲུང་གྲི་བཙན་དང་བཅས་པ་མངོན་སུམ་དུ་མཇལ་བ་རྨིས། དེ་ཁྱེད་རང་ལ་བལྟ་བར་འདུག་ཡི་དམ་གྱིས་གསུངས། བདག་གིས་སྔ་ནས་ཡི་དམ་རྩ་བ་ཡིན་

p. 611

ཞུས་པས་དེ་ལེགས་འདུག་གསུངས། ཇི་ལྟར་ན་ཁོ་བོའི་དག་སྣང་སྔ་ཕྱི་རྣམས་སུ་རྟ་འགྲིན་འདི་ཆེས་མང་བ་ཡིན་ནོ། །འཕྲོས་དོན་གྱི་ཚིག་མང་སོང་བའང་འདྲ་དེ་ནས་ཕྱི་ཉིན་བླ་མ་དེ་ཡི་ཉེ་གནས་རྣམས་ཀྱིས་བདག་ལ་ཡོན་བྱིན། རང་ཡུལ་དུ་ལྡོག་པའི་ཉིན་ཚེས་བཅུ་ཡིན་ཡང་མཆོད་པ་སོགས་ལམ་ཞོར་དུ་མ་གྲུབ། མོས་གུས་བླ་མའི་རྣམ་འབྱོར་ལམ་ཁྱེར་དུ་བྱས། ཚིག་བདུན་གསོལ་འདེབས་བརྒྱ་ཕྲག་མང་དུ་བཟླས། ནུབ་མོ་རྨི་ལམ་ཟིན་བྱུང་བ་དང་མཉམ་དུ་ཁོ་བོའི་བླ་མ་བཀའ་དྲིན་སུམ་ལྡན་སྲིད་པར་འབྱོན་དཀའ་བ་ཉི་གྲགས་གཉིས་པ་དེ་ཉིད་ཀྱི་སྐུ་ཚེ་དང་འཁོར་ལོངས་སྤྱོད་ལ་གནོད་པའི་དམ་སྲི་མ་རུངས་པ་ཡོད་པ་དེ་འདུལ་དགོས་བསམ་བྱུང་བ་དང་། བདག་ཕྱག་ན་རྡོ་རྗེ་སྐུ་ཆེ་ལ་ཡན་ལག་རགས་པ་སེར་སྤྲིན་ལྟ་བུ་དབུ་བརྒྱ་པ་ཕྱག་གཡས་བརྒྱ་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་མེ་འབར་བ་བརྒྱ་གཡོན་ན་སྦྲུལ་ནག་གི་ཞགས་པ་བརྒྱ་སྐུ་སྨད་སྦྲུལ་དུ་འདུག་པ་ཞིག་ཏུ་གྱུར་ཐལ། དྲག་པོའི་ང་རོ་དང་བཅས་ཤར་སྟག་སྒང་དུ་ཕྱིན་པས། དམ་

p. 612

སྲི་ཁོ་ནག་ཡམ་ཡམ་བྱེད་པ་ཞིག་ཏུ་གྱུར་ནས་བྲོས། ཡང་དེད་པས་ཁོ་ཟིན་དུ་ཉེ་བ་དང་ཡིབས་ཤིང་མེད་འགྲོ། ཡང་རི་རབ་གླིང་བཅས་ཉུལ། ཡང་ཁོ་དང་འཕྲད་ལ་ཁད་ཐང་མང་བྱུང་། ཁོ་དེ་བཞིན་དུ་གབ་ནས་ཡང་མི་མངོན་པར་སྣང་། དེ་ནས་ཅིས་ཀྱང་ཐབས་མ་རྙེད་པར་བསྐྱུར། ཁོ་བོ་ཆུང་ངུ་ན་བཀའ་ལུགས་ཀྱི་བླ་མ་ཞིག་ལ་ཕྱག་ཆེན་ཞུས་པས། བླ་མས་རྨི་ལམ་ཟིན་དུས་ཁ་ཏོན་བཏོན་ན་འཕྲལ་དུ་ཐོན་པ་ཡིན་གསུངས་གྲགས་པ་བརྟགས་སྙམ་མ་རིག་མུན་སེལ་གྱི་སྔོན་འགྲོ་བཏོན་པས་ཁོང་གི་གསུངས་བཞིན་འདུགསྐད་ཅིག་དེ་ལ་མདུན་གྱི་ནམ་མཁར་ཨོ་རྒྱན་པདྨ་ཟ་ཧོར་ལུགས་པད་མའི་གདན་ལ་ཡེར་གྱིས་བཞུགས་འདུག །དེ་ཡི་གཡས་ཕྱོགས་ཆེས་དམའ་བར་ལྷ་ཆེན་སྨུག་ནག་ཡུམ་བཅས་གཡས་རྩེ་གསུམ་གཡོན་ལྕགས་ཀྱུ་དང་མེ་ལོང་ཐོགས་པ་བརྗིད་ཅན་འདུག །གུ་རུས་བདག་གི་མགོ་ལ་ཕྱག་གཉིས་བཞག་ནས་བོད་ཡུལ་ན་ཡོད་པའི་གཏེར་ཆོས་ཐམས་ཅད་གྱི་བཀའ་ལུང་དབང་དང་མན་ངག་ཐམས་ཅད་ཐོབ་པར་གྱུར་ཅིག་གསུངས་པའི་ཉམས་ཤར་བའི་

p. 613

བདག་ཤིན་ཏུ་སྤྲོ་སྣང་གདའ། གུ་རུའི་ཞལ་ནས་རི་ཁྱུང་འདྲ་བ་ཁ་ཤར་ལྷོར་ལྟ་བ་ལ་ཁྱོད་ཀྱིས་སྒྲུབ་གནས་གྱིས་དང་ལེགས་གསུངས་པའི་སྣང་བ་རྨིས་སོ། །ཚན་འདི་གཉིས་དག་སྣང་པོད་གཞུང་འཐད་ཆེ་ཡང་རིག་འཛིན་དངོས་ཀྱིས་འདི་འདྲ་བསམ་གྱིས་ཅི་ཁྱབ་པས་རྣམ་ཐར་དུ་ཐོབ་གསུངས་པ་ལྟར་བྲིས། ཞེས་སོ། །ཡང་། ཆུ་སྟག་ཧོར་ཟླ་བཅུ་གཉིས་ཚེས་ཉེར་བདུན། །གོས་དམར་སྤུ་འཐུག་ནང་དུ་གླེགས་བམ་ཁུར། །ཀྱི་ལྕེའི་ལོ་མར་སངས་རྒྱས་ཡེ་ཤེས་ཀྱིས། །ཐུགས་དམ་རྩ་གསུམ་སྔགས་ཚན་མང་པོ་ཞིག །རྡོ་བར་བཅུག་ནས་ལག་ཏུ་བཟུང་ནས་སུ། །ཆུ་ཕྲན་ཞིག་བརྒལ་གྱེན་དུ་སོང་ནས་སུ། །རང་ཁྱིམ་དག་ཏུ་ཉེ་བའི་རྨི་ལམ་བྱུང་། །ཞེས་དང་ཡང་། རང་ལོ་ཉི་ཤུ་ཤིང་ཕོ་ཁྱི་ཡི་ལོར། །སྤྲོས་མེད་སྨྱོན་སྤྱོད་ཕྲིན་ལས་བྱ་བ་ང་། །བླ་མ་མཆོད་པའི་ཆས་ནོར་གྱ་ནོམ་བཅས། །ལྷ་སར་འགྲོ་བའི་མགྲོན་པོ་རྣམས་དང་འགྲོགས། །སྲིན་མོ་རྫོང་དུ་གཏད་དེ་འགྲོ་བའི་དུས། །སོག་གི་ཆུ་ཁར་སྒར་པ་བབ་ནས་བཟུང་། །ཆར་ཞོད་ཞག་མང་བསྟུད་ནས་སོག་ཆུས་

p. 614

བཀག །ལྷ་སར་འགྲོ་རྣམས་སོག་ཆུ་མགོ་བསྐོར་ཐལ། །ངེད་ཀྱིས་ཐད་སོ་དེ་ནས་གཅོད་དགོས་པས། །སྔོན་མ་བཞིན་དུ་ཆུ་རྒྱུན་མ་ཆད་པས། །ལི་སྡེར་ཆེན་པོར་ཤ་ཐུད་མེ་ཏོག་སྤུངས། །ཇ་དང་འོ་མས་བྲན་ཅིང་བྱིན་གྱིས་བརླབས། །འབོད་སྔགས་མང་དུ་བཟླས་ནས་ཁུག་པར་བྱས། །ཉི་གྲགས་གཏེར་བྱོན་གསོལ་ཀ་ཚར་བཅུ་གསུམ། །རཏྣ་གླིང་པའི་རྡོར་ལེགས་ཕུད་ཀོང་བཅས། །རྡོ་རྗེ་ལེགས་པར་ཕྲིན་ལས་ནན་ཏར་བཅོལ། །དེ་ནུབ་ནམ་སྟོད་འབྲུག་སྒྲོག་ཆར་བབ་བྱུང་། །གྲོགས་རྣམས་ཁ་རྒྱག་བྱེད་ཅིང་འཕྱ་བར་བྱེད། །ནམ་སྨད་ཆར་ཆད་སྤྲིན་དག་ལྷག་པ་བསྡུས། །སོག་ཆུ་ལྗང་གྱུར་མདོག་ཉམས་འཁྱགས་པ་ཆགས། །ཕྱིའི་ནངས་ཐོགས་མེད་ཆུ་ལས་བརྒལ་ཏེ་སོང་། །ཆོས་སྐྱོང་ཕྲིན་ལས་བཙན་པོ་དེ་འདྲར་འདུག །ཕྱི་རབས་རྣམས་ཀྱང་སྲུང་མ་མཆོད་ལ་བརྩོན། །ཞེས་དང་། ཡང་མདོ་དང་གསང་སྔགས་ཕྱི་པ་བཅས་ལ་བྲལ་ཐོབ་དང་བཅོས་བསྒྱུར་ལྟར་སྣང་། སྐྱོན་སྤངས་ཡོན་ཏན་བསྒྲུབ་པར་འདོད། གསང་སྔགས་ནང་པར་སྐྱོན་དང་ཁྱད་པར་ཉོན་མོངས་ལམ་དུ་

p. 615

འཁྱེར། ཐེག་པ་དེ་ཀུན་གྱི་འབྲས་བུ་འཐོབ་བྱ་ལམ་དུ་བྱེད་ཅིང་རྟོགས་གྲོལ་དུས་མཉམ་པར་འདོད་པ་རྫོགས་ཆེན་གྱིས་བཞེད་པའོ། །ཞེས་དང་། ཡང་ཉི་སྤྲུལ་རྡོ་རྗེ་འཆང་ཆེན་པོ་བཞུགས་པའི་དྲུང་དུ་ཁོ་བོ་ཕྲིན་ལས་ནམ་འཁོད་པ་ན་རྩོལ་མེད་དུ་ཏིང་ངེ་འཛིན་སྨྲ་རུ་མེད་པའི་ཡེ་ཤེས་ཆེན་པོ་ཁོ་ན་ལ་གནས་པ་བྱུང་། རང་ལུགས་རྫོགས་ཆེན་གྱི་ལྟ་བ་ཟབ་མོའི་བཀའ་དང་བསྟན་བཅོས་ཀྱི་དཔེ་མཇལ་བས་སེམས་ཉིད་ལ་བོགས་ཐོན་ཞིང་། སྔར་མེད་པའི་ཉམས་ཁྱད་པར་ཅན་སྐྱེ་བའང་འདུག །ཁྲིད་ཡིག་ཕལ་ཆེར་ལ་བལྟ་བ་དང་། སྒོམ་ཆེན་འགའ་རེ་ལ་སེམས་དོན་གྱི་གླེང་མོ་བྱས་པས་དེ་མ་ཐག་ཏུ་རང་ལ་སྔར་ཡོད་ཀྱི་ཉམས་རྟོགས་འགྲིབ་ཅིང་ཟླ་ཤས་ཙམ་མམ་ཞག་ཤས་ལ་ལྟ་སྒོམ་གཏོར་འགྲོ་བ་ལྟ་བུ་འདུགརྗེ་བླ་མ་དམ་པ་ཉི་སྤྲུལ་རྡོ་རྗེ་འཆང་ལྟ་བུ་ལྟ་ཅི་སྨོས། གང་ཟག་རེ་ཟུང་ཙམ་ལ་ལྟ་བ་ཏིང་ངེ་འཛིན་གྱི་ཞལ་འཕྲོས་གླེང་མོལ་བྱུང་བའི་དུས། རང་ཉིད་ལས་ཆེད་དུ་མ་བསྒོམས་ཀྱང་ཏིང་ངེ་འཛིན་གྱི་ཉམས་སྐྱེ་བར་འདུག །འདི་དག་ལ་

p. 616

བསམ་ན་ལྟ་སྒོམ་དང་ཏིང་ངེ་འཛིན་ལའང་བྱིན་རླབས་བོགས་འདོན་དང་སྒྲིབ་རྐྱེན་གྱི་སྐྱོན་སོགས་ཀྱང་འབྱུང་སླ་མདོག་ག་འདུག་སྙམ་པ་རྨོངས་པ་ཕྲིན་ལས་རང་གི་བསམ་ཚོད་ལ་བྱུང་། ཞེས་དང་། ཡང་བདུད་རྒན་ལས་རབ་རྩལ་གྱི་ཟུར་འཕྲོས་ཀྱི་གཏམ་རྒྱུད་ཡོད། རྟེན་འབྲེལ་ཐ་མར་གྱུར་པའི་དག་སྣང་གི་ཆོས་ཀྱང་མཁོ་ཆ་ཉུང་ངུ་ལས་མ་བཀོད། འདི་སྐབས་དུས་ངན་ལ་མ་སྤེལ་བར་སྐལ་བཟང་གི་མགོ་ཚུགས་ནས་གྲུབ་ཐོབ་ཀྱང་ཁ་ཤས་བྱུང་། ཁྱད་པར་དུ་ལྷོ་ཁ་ཕྱོགས་ཀྱི་རྡོ་རྗེ་བཅུ་གསུམ་གྱི་གྲལ་ཡིན་རྒྱུར་རིག་པ་ས་མཁར་གཏེར་སྟོན་བདེ་ཆེན་གླིང་པ་བྱོན། ཁོང་ཆོས་ཁུངས་བཙུན་པ་དང་བཻ་རོའི་རྣམ་སྤྲུལ་དུ་འདུག་པས་ཞི་དུལ་དང་གསུང་ཐབས་ལེགས་པ་དང་། གཏེར་ཆོས་མང་ཞིང་གཏེར་རྫས་ཡ་མཚན་པ་མང་བ་སོགས་དང་། རང་ཡུལ་ནས་མིན་པར་གཞན་ཕྱོགས་ནས་བྱོན་པ་སོགས་ལ་བརྟེན་ནས་སྙན་གྲགས་གདུལ་བྱ་འུར་ལངས་ཏེ་རང་ལུགས་རྙིང་མའི་བླ་མ་གྲགས་རིགས་རྣམས་དང་། ཟླ་ཆུ་བརྒྱུད་པའི་སྡེ་དམངས་སོགས་ཀུན་གྱིས་ཆོས་དང་བཀུར་བཟོས་ཆེར་

p. 617

མཛད། དེ་སྐབས་ཕྲན་བུ་བ་མི་རིགས་སྔོན་ཀུ་ཤུ་ཧན་གྱི་རྒྱལ་རིགས་ཀྱི་ནང་བློན་ཆེ་གྲས་དང་། བླ་མ་གོང་མ་རྣམས་ཉི་གྲགས་ཀྱི་ཆོས་བརྒྱུད་པ་གྲུབ་ཐོབ་ལྟ་བུ་ཁོ་ན་ཡིན་ཡང་། ཕྲན་ལྷ་ཆོས་མི་མཁས་པའི་ཁར་མི་ཆོས་སྟབས་ཀ་སྡུག་པ་དང་། བུད་མེད་དང་འགྲོགས་ཏེ་ཆང་ལ་ཁ་ཟས་བྱས་པ་དང་ངན་དེའི་ཐོག་ཏུ་སྤྱོད་པ་འཚུབ་པ་སོགས་ཀྱིས་རང་ལུགས་རྙིང་མ་ཕལ་ཆེར་དང་དོན་ཡོད་མེད་ཀྱི་མི་ཀུན་གྱིས་ངན་སྨྲ་དང་སྡང་སེམས་སོགས་མང་དུ་བྱུང་བ་ནི་ཐམས་ཅད་ཀྱིས་བྱ་ཐན་མཐོང་བ་ལྟ་བུར་གྱུར། འོན་ཀྱང་སྐྱོན་དག་ཡོན་ཏན་རྫོགས་པ་ལ་སྐུར་བ་བཏབ་ན་ཉེས་པ་ཆེ་བ་དང་། དེས་ཀྱང་ཀོ་ལོང་ལོས་བྱེད་ནའང་། སྤྱིར་སེམས་ཅན་སྐྱོན་གྱི་རང་བཞིན་ཁོ་ནར་གྱུར་པ་དང་། ཁྱད་པར་ང་ལྟ་བུ་སྐྱོན་གྱི་ཕུང་པོ་སྟེ་དྲང་བཤད་འདུག་པ་ལ་བསམ་བློ་བཏང་ན་མི་དགའ་བ་དང་ཁྲོ་བ་རྣམས་ཅི་ལ་བྱ། རྗེ་བླ་མ་དབོན་རིན་པོ་ཆེ་ཆོས་ཀྱི་སྤྱན་ལྡན་སྔ་འགྱུར་བསྟན་པ་རིན་པོ་ཆེའི་སྲོག་གསོས་ཆིག་ཤོས་སུ་གྱུར་པ་གང་གི་གདན་ཚབ་བླ་ཆེན་ནམ་

p. 618

མཁའ་ཚེ་དབང་མཆོག་གྲུབ་ཀྱིས་རྗེ་གོང་མའི་གསུང་དང་བརྩེ་བར་མཛད་པའི་སྲོལ་ལ་བརྟེན་ནས་ཆེ་ཡོལ་བ་ང་ལ་ཐུགས་གཤིན་པའི་སེམས་གསོས་དང་། འཁྲུལ་ཆོས་རྣམས་ཡི་གེར་ཐོབ་ཅེས་བསྐུལ་འདེབས་དང་མཁོ་ཆ་དང་དངོས་རྫས་ཀྱི་གནང་བ་སོགས་ཡང་ནས་ཡང་དུ་རྒྱ་ཆེ་བ་དང་། ཁོ་བོར་སྐྱེལ་བསུ་དར་གདུགས་འཕྱར་བ་དང་དགེ་འདུན་གཟབ་སྤྲོད་རོལ་མོ་སྒྲོག་པ་ཁྲི་མཐོན་བརྩེགས་པ་སོགས་ཆེ་འདོན་ལྟ་བུ་རྟེན་འབྲེལ་གང་ལེགས་གཟབ་ཅིང་། ཟབ་དོན་དག་སྣང་གི་ཆོས་ལ་ཡང་ཐེ་ཚོམ་མེད་པར་ཉམས་བཞེས་མཛད་པ་སོགས་སྤྲང་རྒན་གྱི་སེམས་ལ་དཔའ་སྐྱེད་པའི་བཀའ་དྲིན་རྒྱུན་དུ་མཛད་བཞིན་ཡོད། དེ་བཞིན་དུ་སྐྱབས་མགོན་དབོན་རིན་པོ་ཆེའི་རྣམ་འཕྲུལ་བསྟན་པའི་ཉི་མ་འདི་སྔོན་གྱི་བག་ཆགས་སད་པའི་རྣམ་དཀར་གྱི་མཛད་ཕྲིན་གང་ཡང་མཆོག་ཏུ་གྱུར་པའི་ཡང་རྩེར་སོན་པ་རང་ཅག་རྣམས་མངོན་སུམ་མཐོང་བ་ཡིན་ཅིང་། བདག་ལ་ཡང་སྐྱེ་བ་གོང་མས་བརྩེ་བ་བཞིན་ཁོང་གིས་ཕྲན་ལ་ཤིན་ཏུ་གཅེས་པར་མཛད་པའི་རྣམ་ཐར་ཡ་

p. 619

རབས་དམ་པའི་ལུགས་ཁོ་ནར་མཛད་པ་རྨད་དུ་བྱུང་བ་ནི་བདག་འདྲའི་སེམས་ཀྱི་རྒྱན་དང་སེམས་ཀྱི་ཡོ་བྱད་དུ་གྱུར་པ་ཁོ་ནའོ། །ཞེས་དང་ཡང་ཞལ་འཕྲོས་ཉི་སྤྲུལ་རིན་པོ་ཆེ་ལ་ངེད་ཀྱི་མཁྱེན་པ་བས་རྟེན་མཇལ་ཕུལ་ཞེས་རྩེད་ཞུས་བཅས། ཀཿཐོག་གི་རྟེན་གྲལ་ནས་བྱོན་པའི་མཁའ་འགྲོ་སུ་ཁ་སིདྡྷིའི་དབུ་ཐོད་ཡིན་ཟེར་བའི་འབྲུ་གསུམ་རང་བྱོན་ཡོད་ཟེར་སྲོལ་ལས་དངོས་སུ་མཐོང་རྒྱུ་མེད་པ་ཞིག་ཡོད་པ་དེ་སྤྱན་འབེབས་ཕུལ་བ་ཉི་སྤྲུལ་གྱིས་གཟིགས་ཙ་ན་དབུ་ཐོད་ལ་ༀ་ཨཱཿཧཱུྃ་བརྩེགས་མར་སྤུས་བྲིས་པ་ལྟ་བུ་ཞིག་ཁྲ་ལམ་མེར་ཀུན་ལ་གསལ་བར་བསྟན། དེ་རྒྱབ་ཟླ་གཅིག་གི་བར་དུ་སུས་ཀྱང་མཇལ་རྒྱུ་འདུག །དེ་ཕྱིན་ནས་མཐོང་རྒྱུ་མི་སྣང་བས་གང་ཟག་ཁྱད་པར་ཅན་དང་རྟེན་ཁྱད་པར་ཅན་འཛོམས་དུས་ཀྱི་རང་བྱོན་སོགས་ལས་འཕྲོ་བཟང་ངན་མེད་པས་མཇལ་རྒྱུ་མངོན་ནའང་ཕྱིས་མི་མངོན་པ་དེ་འདྲ་འདུག་གསུངས། ཞེས་དང་། ཡང་གསར་ལུགས་ཀྱི་བདེ་ཀྱེ་གསང་གསུམ་སོགས་དང་། ཕྱིས་འབྱོན་གྱི་ས་ར་ཧིའི་དོ་ཧ་སོགས་དང་། རྒྱ་

p. 620

གར་པཎ་གྲུབ་ཀྱི་མགུར་འགའ་རེ་དང་། རྫོགས་པ་ཆེན་པོའི་དགོངས་བཞེད་མཐུན་ཡང་། བོད་འདིར་བྱོན་པའི་བཤེས་གཉེན་རྣམས་ཀྱིས་འདི་དོན་ཐུགས་ལ་འཁྲུངས་ཐུབ་པ་དང་། ལག་ལེན་ལ་གཏན་ནས་འབེབས་རྒྱུ་མེད་པ་འདྲ་སྤྱིར་ཡང་སྔ་འགྱུར་རྙིང་མར་གྲགས་པ་རྒྱ་གར་གྱི་པཎ་གྲུབ་མཁས་པ་པད་འབྱུང་བཱི་མ་བོ་དྷི་སོགས་གཞན་ཡང་ཁྱད་པར་དུ་འཕགས་པ་མང་པོ་དང་། ལོ་ཙཱ་ཡང་སྐ་ཅོག་ཞང་གསུམ་བཻ་རོ་ཙ་ན་སོགས་སྐྱེས་འཕགས་ཁྱད་པར་ཅན་མང་བ་ཁོ་ན་དང་། སྦྱིན་བདག་ཀྱང་ཁྲི་སྲོང་ལྡེའུ་བཙན་འཇམ་དཔལ་དངོས་བྱོན་ལྟ་བུར་འདུག་པ་མདོ་སྔགས་ཀྱི་ཆོས་བཀའ་དང་བསྟན་བཅོས་ཕལ་མོ་ཆེ་འདི་དུས་སུ་འགྱུར་ཞིང་། ཕྱི་འགྱུར་གྱི་སྒྲ་འགྱུར་དང་མི་འདྲ་བར་དོན་འགྱུར་དུ་སྣང་བས། ཚིག་དོན་གྱི་བྱིངས་མཇལ་སླ་བ་དང་། སྔོན་ནས་དེང་སང་གི་བར་ལ་འཇའ་ལུས་གྲུབ་པ་དང་། གྲུབ་པའི་རྟགས་རྣམ་པ་སྣ་ཚོགས་པའང་མངའ་བ་དང་། གཏེར་བྱོན་ལྟ་བུའི་ཆོས་སྐོར་པུ་ཏི་གཅིག་ལའང་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བ་ལམ་གྱི་ཆོས་དང་། སྨིན་བྱེད་ཀྱི་

p. 621

དབང་བཞི་དེ་དོན་གྱི་བསྐྱེད་རྫོགས། ཁྲིད་གཞུང་རྩ་བ་ཡན་ལག་གེགས་སེལ་བོགས་འདོན་དམར་ཁྲིད་ཞལ་ཤེས་མཐའ་རྒྱས་དང་བཅས་པ། རྩ་གསུམ་ཆོས་སྐྱོང་དང་བཅས་པའི་སྒྲུབ་ཐབས་ཕྲིན་ལས་བཞིའི་མན་ངག་རབ་འབྱམས་འཕྲོས་དོན་ས་དཔྱད་བཟོ་རིགས་སྣ་ཚོགས་ཕན་གནོད་མན་ངག་གི་མདེའུ་ཁ་ཚང་དོན་དྲིལ་བ་ལ་བསམས་ན་གཞན་ལུགས་ཀྱི་ཆོས་སྒྲ་བོ་ཆེ་གཡེར་པོ་ཆེ་ཚོ་སྙིང་པོའི་དོན་ལ་ཐུག་ན་བློ་གཏད་ངེས་པའི་གདེང་འདི་ཡིན་མེད་པ་ཞིག་འདུག་ཅིང་། དེང་སང་གི་སྐབས་ལྟ་བུ་ཡིན་ན་སྡུད་པ་ལས་རིན་ཆེན་ཆོས་ཀྱང་དཀོན་ལ་འཚེ་བ་རྟག་ཏུ་མང་། ཞེས་གསུངས་པ་ལྟར་རམ། ཆོས་ཟབ་ཙ་ན་ནག་པོའི་བདུད་ཀྱང་ཟབ་ཟེར་བའི་དཔེ་ལྟར་རྨོངས་པ་ཕལ་ཆེར་གྱིས་རྙིང་མ་ལ་སྐྱོན་དུ་བལྟ་ཞིང་། རང་ལུགས་རྙིང་མ་པ་ཡང་ཆོས་བཟང་ཡང་གང་ཟག་ཞན་ཆེ་སྟེ་གཏོ་མདོས་གླུད་གསུམ་ལ་འབྱམས་ཤིང་དཀོར་ནག་རྣམ་སྨིན་མི་ལྕོག་པར་བསྡུས་ནས་མི་ལྡང་མི་ཕྱིད་པའི་ངང་ལ་ནམ་ཟླ་ཟད། འདྲེ་རྡུང་སྨྱོ་བརྫུའི་དུས་འདིར་སྔོན་རབས་ཀྱི་

p. 622

རྒྱལ་བ་གོང་མའི་བླ་བཙོང་རྐང་འདྲེན་དག་ཀྱང་མང་པོར་མཆིས་མོད། ཞེས་དང་། ཡང། མི་ང་ལོ་ངོ་བཅུ་གཅིག་ལོན་པའི་དུས། །སྲིན་མོ་རྫོང་གི་སྒྲིག་ལ་གནས་པའི་སྐབས། །འཆམ་དཔོན་བསྟན་འཛིན་རབ་བརྟན་ཚ་བོ་ནི། །གྲོད་ལུག་བྱ་བ་ང་ལས་ཅུང་ཙམ་ཆེ། །གྲྭ་མང་རྣམས་ཀྱིས་ངེད་གཉིས་དབྱེན་བཅུག་ནས། །ཆོས་རྩོད་ཁ་རྒྱལ་བཅུག་པས་ང་རང་རྒྱལ། །ཤེད་ལ་འགྲན་པས་ཁོ་དག་རྒྱལ་ནས་སུ། །ང་མནན་སྟེང་ནས་འགོམ་མཆོང་ལན་གསུམ་བྱས། །དེ་ཉིན་ཉི་ཤུ་དགུ་ཡི་ཉིན་པར་ཡིན། །ང་ཡིས་ཟན་གྱི་ཟ་འཕྲོའི་གཟའ་གཏོར་བཅས། །ཉི་གྲགས་གཏེར་བྱོན་གཟའ་བསྐུལ་བཏོན་ནས་ཀྱང་། །འཆམ་སྟབས་བྱས་པས་ཁོ་ཡི་སྙིང་ཁར་བརྒྱབས། །དེ་ནུབ་ནམ་གུང་ཁོ་ལ་གཟའ་གྲིབ་ཕོག །དུང་བུས་ཚོགས་པ་བསྡུས་བྱུང་ནམ་ལངས་ཤི། །ཉི་དྲོས་དུར་ཁྲོད་རོ་བསྐྱལ་རྒོད་ཀྱིས་གཡེངས། །དམར་ཟེངས་འདུག་པས་བདག་ཀྱང་ཡ་ང་སྐྱེས། །རྒྱུ་མཚན་དེ་དག་ཉི་སྤྲུལ་གྱིས་གསན་པས། །ཞལ་རྩེད་མཐུ་མཁན་རྡོ་རྗེ་ཐེབས་གཤོག་བཏགས། །མི་དེ་ཚེ་ཟད་ལས་དེ་

p. 623

དུས་འགྲིགས་པས། །གཟའ་བདུད་བྲན་ཁོལ་ནུས་མཐུ་འདྲ་བ་བྱུང་། །དེ་ཡང་ངོ་མཚར་གཏམ་གྱི་རྒྱན་དུ་མཛོད། །ཞེས་དང་ཡང་། ཡང་ནི་ངོ་མཚར་པ་ཡི་གཏམ་གྱི་རྒྱུད། །འཁོས་ཆུང་གཟན་ཚོལ་ཕྲིན་ལས་བྱ་བ་ང་། །ཆུ་ལུག་ལོ་ལ་མཚོ་སྔོན་ཡུལ་དུ་སོང་། །རྒྱལ་པོ་ཅུ་ན་རྣམ་སྲས་ཇ་སག་དང་། །རཱ་ཚ་ཆོས་རྗེ་གཉིས་ཀྱིས་བཀྱག་བཀུར་མཛད། །ཤིང་སྤྲེལ་དབྱར་ངོར་ཡུལ་དེར་ལྡོམ་བུར་ཕྱིན། །ཆོས་རྗེའི་ནུ་མ་གཡོན་པར་རྨ་བྱུང་ནས། །ཟླ་གསུམ་སྔགས་སྨན་རིམ་གྲོ་ཚད་མེད་བྱས། །ད་ཅི་དྲག་ཐུག་རྒྱ་སྨན་འབོད་ན་གླེང་། །དེ་དུས་ཞོར་ལ་ང་སླེབས་བཀའ་བསྒོ་ཟེར། །གཟབ་ནས་དྲག་ཁྲོས་དྲག་སྔགས་བདེན་བརྗོད་བསྡིགས། །བདག་ནི་ལྡོམ་བུར་སོང་ནས་ཞག་དྲུག་འཁོར། །ཡར་ལམ་ཆོས་རྗེ་དྲི་བསམ་སྒར་ཐོག་སོང་། །ཆོས་རྗེ་བཞེངས་ནས་བསུ་རུ་བྱུང་བ་ལ། །རྒྱ་སྨན་བྱུང་ངམ་ཁྱེད་རང་བདེ་འམ་ཞུས། །རྒྱ་སྨན་མ་དགོས་ཁྱེད་ཀྱིས་བཀའ་བསྒོས་འཕྲལ། །རྨ་ནས་སྡོམ་ཕྲུག་དམར་པོ་གཉིས་ཐོན་སོང་། །དེ་ཕྱིན་ཟུག་ཞི་རྨ་སོས་མྱུར་དུ་

p. 624

བདེ། །ཞེས་ཟེར་འབུལ་བ་སྟོན་མོ་དགྱེས་ཚོར་མཛད། །ཡི་དམ་ལྷ་ལ་བྱིན་རླབས་ཡང་དག་འདུག །རྗེས་འཇུག་རྣམས་ཀྱིས་བསྙེན་བསྒྲུབ་ཚད་དུ་སྐྱོལ། །ཅེས་དང་། ཡང་། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ལས་ངན་འཛད་པར་བྱིན་གྱིས་རློབས། །སྡིག་སྒྲིབ་འདག་པར་བྱིན་གྱིས་རློབས། །སྤྱིར་ན་མིར་གྱུར་འགྲོ་བ་ཀུན། །སྒོས་ན་འདིར་གནས་འདིར་འཚོགས་ཚོ། །གཅིག་དགྲ་གཅིག་གཤེད་མ་བྱེད་ཅིག །ཁྱད་པར་དམ་ཚིག་གཅིག་པ་ན། །རྡོ་རྗེ་ནང་དམེ་སྲིད་པའི་ཐན། །བསམ་ངན་ཞེ་ནག་མ་འཛིན་ཅིག །གནོད་སེམས་སྡིག་པའི་གཙོ་བོ་ཡིན། །དམྱལ་བའི་ས་བོན་དེ་ལ་བྱ། །སྤྱིར་དཀོར་གཡོ་སྒྱུས་མ་སྤྱོད་ཅིག །མདོ་ཡི་ཞལ་ཏའི་གཏམ་རྒྱུད་ལ། །བསམ་ངན་གློ་སྙིང་ཅིས་མི་འདར། །ཡོ་དྲང་ཉེ་རིང་མ་ཤོར་ཅིག །དཔུང་ཉུང་དགོན་ཆུང་དབང་ཅན་རྣམས། །གཟུར་གནས་བསམ་ཡོད་རྣམས་ཀྱིས་འཕྱ། །རྣམ་དཀར་སངས་རྒྱས་བསྟན་པ་ལ། །ཕྱིར་བཤིག་ངན་དཔེ་མ་སྟོན་ཨང་། །ཚེ་འདིར་ཁྲེལ་ལ་ཕྱི་མ་ལྟུང་། །བསྟན་པའི་རྩ་ལག་དགེ་འདུན་ཡིན། །ཆོས་སྤངས་མཚོན་

p. 625

ཐོགས་ཚོང་ལ་འགྲིམ། །དབྱིངས་ནས་དཀོན་མཆོག་བཀའ་ཆད་འབྱུང་། །བྱང་སེམས་རྩ་བ་སྙིང་རྗེ་ཡིན། །ངན་སེམས་ཚིག་རྩུབ་མ་བྱེད་དོ། །རྒྱལ་བ་བསླུས་པའི་ཉེས་སྒྲིབ་འགོ། །གསང་སྔགས་རྩ་བ་རིམ་གཉིས་ཡིན། །གོལ་སྒྲིབ་ལེ་ལོར་མ་བཏང་མཛོད། །འཇིགས་པའི་གཡང་ལ་ལྷུང་ཏ་རེ། །སྐུལ་ཚིག་དྲང་གཏམ་མི་ཉན་པར། །ཆར་རེ་འོན་ནམ་རྣ་བ་མེད། །མུན་པར་བྱིང་ངོ་དུད་འགྲོའི་བུ། །སྨྱོན་རྒན་ཤ་ཚ་སྙིང་ཉེའི་གཏམ། །ངན་བགྲངས་མིན་ནོ་བསམ་མནོ་ཐོངས། །འགལ་འཕྱུགས་མེད་དོ་དོན་ལ་ཆོངས། །ཞེས་ཐུབ་བསྟན་ནོར་བུའི་གླིང་གི་བཅའ་ཁྲིམས་སྒོ་ཡིག་གོ། །ཞེས་དང་ཡང་། ཨོ་རྒྱན་རྗེ་ལ་གསོལ་བ་འདེབས། །ཨོ་རྒྱན་ཆེན་པོས་བྱིན་གྱིས་རློབས། །དེ་ལ་བླ་མའི་མཆོད་བརྗོད་མཛོད། །འདི་ལ་ཕྱི་རབས་གླེང་མོལ་གྱིས། །ཨ་ཕོ་རང་ལོ་བཅུ་བཞིའི་དུས། །ཞང་ཞུང་དེ་ནི་འབུམ་སྐྱབས་དང། །ཐལ་ལྡག་ཨོ་རྒྱན་ཚེ་རིང་གིས། །ངེད་ཀྱི་རྟ་བརྐུས་འབྲི་ཡང་བཤས། །ཁོ་བོས་གཟའ་བསྒྲུབ་དྲག་བསྐུལ་བཏང་། །མེ་འབར་འོད་འཁྱུག་གཞོབ་དྲི་འཐུལ། །དགྲ་ལ་དེ་བས་དགུ་

p. 626

འགྱུར་བྱུང་། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །ཨ་ཕོ་རང་ལོ་བཅུ་དྲུག་དུས། །རྫ་བའི་བོ་ཆུང་བྱ་བ་ཡིས། །ང་ཡི་རྡོར་འབྲི་ཚེ་ཐར་བརྐུས། །རྒྱལ་པོ་བསྐུལ་ཞིང་གཡབ་འདོར་བརྡབས། །ཞག་བདུན་ནངས་མོ་རྐུན་མ་ཤི། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །མཛེས་པའི་ཀརྨ་ཚེ་རིང་གིས། །ངེད་ཀྱི་མཛོ་མོ་རལ་གྲིས་གཏུབས། །ཉི་མ་གྲགས་པའི་ཁྲག་རལ་བསྒྲུབས། །ལས་མཐའ་བསྡུས་པའི་ནམ་གུང་ལ། །ཁོ་རང་སྔངས་ནས་དེའི་འཕྲོར་སྨྱོ། །ཉི་ཤར་དུས་ན་སྲོག་དབུགས་ཕྲལ། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །འདི་འདྲ་བརྗོད་ན་ད་རུང་ཡོད། །སྡེ་དགེའི་གདུང་སྲས་གསོ་བའི་དུས། །དཀར་ཡོལ་པར་བུ་སྐམ་པོའི་ནང་། །ཟ་ཡིག་བསྲེགས་ཐལ་བྱས་པའི་མོད། །རང་བྱུང་ཚེ་ཆུ་ཆིལ་གྱིས་འཁྱིལ། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །ལག་བདེ་པདྨ་བཀྲ་ཤིས་ལ། །སེང་ལྡིང་ཕུར་པ་འཆོས་སུ་བཅུག །སོར་མོ་བཅུ་དྲུག་ཚད་ལ་བཞག །ནུབ་གཅིག་སྒམ་བུར་མ་ཤོང་སོང་། །སོར་ཚད་བྱས་པས་སོར་གསུམ་འཕེལ། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །ལྷ་རུའི་དཔོན་

p. 627

པོ་ཨ་ནོར་ལ། །དྲག་ལ་ལྕི་བའི་སྙུན་གྱིས་ཐེབས། །ཁོ་བོས་མེ་ཡི་གཟིར་བུ་བརྩམས། །དགུག་གཞུག་ལན་གསུམ་བྱས་པའི་དུས། །ངར་མི་ཐེངས་གསུམ་འཕར་ཞིང་འདར། མི་ཧོམ་ངར་མི་འཕངས་པའི་ཚེ། །འོད་དཀར་འུར་ཆོམ་དེར་སོང་མཐོང་། །ང་གྲུབ་ཐོབ་མིན་ཏེ་གྲུབ་འདྲ་ཡིན། །ཨོ་རྒྱན་ཆེན་པོའི་ཐུགས་སྲས་དང་། །ཁྲི་སྲོང་ལྡེའུ་བཙན་ཆོས་བློན་ང་། །ཆོས་ཕུགས་མ་ཆོད་སྒོམ་ཆེན་དང་། །མི་རྗེས་མ་སླེབས་མཚམས་རྒན་དང་། །བླ་ཟོལ་ཁ་བདེ་ལག་བདེ་དང་། །ཁྲམ་ཆེན་གྲུབ་རྫུན་ངོམ་པ་ཡིས། །འདྲ་འདྲ་བསམ་སྟེ་ཅུང་མི་འདྲ། །ངའི་བླ་མ་པདྨ་འབྱུང་གནས་ཡིན། །དམ་ཆོས་རྫོགས་པ་ཆེན་པོ་ཡིན། །ཡི་དམ་ཁྲོ་བོ་རྟ་མགྲིན་ཡིན། །བཀའ་ཉན་རྡོ་རྗེ་ལེགས་པ་ཡིན། །ང་རང་དཔའ་བོ་ལས་རབ་ཡིན། །བླ་མ་མཁས་པའི་སློབ་མ་ཡིན། །སློབ་མ་ལས་ཅན་དམ་གཙང་ཡིན། །ང་མ་འོངས་སྔོན་ནས་ཤེས་མི་ཡིན། །ང་མན་ངག་ལག་ལེན་འདེབས་མི་ཡིན། །ལག་ལེན་སྒྲུབ་རྟགས་ཐོན་མི་ཡིན། །ཞེས་གསུངས་མགུར་བཞེངས་སོ། །ཡང་། ཀྱེ་མ་ཉོན་དང་སྐལ་

p. 628

ལྡན་རྣམས། །བདག་འདྲ་དཔའ་བོ་ལས་རབ་ངས། །ལས་འཕྲོ་དཀར་པོའི་ཆོས་ལ་འབད། །བྱིན་རླབས་ཅན་གྱི་བླ་མ་མཇལ། །ཐུགས་རྗེ་བརྩེ་བས་རྗེས་སུ་བཟུང་། །དབང་དང་གདམས་ངག་རྫོགས་པར་གནང་། །ཉམས་ལེན་རྫོགས་ཆེན་གནད་ལ་དྲིལ། །གྲུབ་ཐོབ་མིན་ཡང་གྲུབ་རྟགས་མང་། །མི་རྒན་ཡང་ཤི་ཡང་སོས་ལ། །འཕོ་བ་བྱས་པས་ཕྱིན་མ་སོས། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །རཱ་ཚ་ཆོས་རྗེའི་མ་རྒན་ལ། །གསོན་འཕོ་སྦྱངས་པས་བརྒྱལ་ཐབས་སོང་། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །ཆར་པ་ཉིན་མཚན་མེད་པར་ཞོད། །སོག་ཆུས་ཞག་པོ་བཅུ་གཉིས་བཀག །མགྲོན་གྲོགས་ཆུ་མགོ་སྐོར་དུ་ཐལ། །རྡོར་ལེགས་མཆོད་ཅིང་ཕྲིན་ལས་བཅོལ། །ནམ་སྨད་ཆར་ཆད་ལྷགས་པས་བསྡམས། །ཆུ་ཕྲི་འཁྱག་ཆགས་སྔ་བརྒལ་བྱས། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །ནོར་ལྷའི་ཙཀྲ་བསྒྲུབས་ནས་ཀྱང་། །རབ་ཏུ་གནས་པའི་མེ་ཏོག་འཐོར། །འབྲས་དཀར་བརྒྱ་རྩ་

p. 629

སྟེང་དུ་ཆགས། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །ཆོས་དར་རྟ་མགྲིན་ཐང་ག་ལ། །རབ་གནས་བྱས་དུས་མེ་ཏོག་བཟུང་། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །སྡེ་དགེའི་དམག་གི་དར་འཛིན་པ། །ཁྲོ་བོ་ཀླུ་མགོན་ལེའུ་བདུན་ལ། །རབ་གནས་བྱས་དུས་མེ་ཏོག་འཐོར། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །སྒྲུབ་ཆེན་མང་པོ་བྱས་པའི་ཚེ། །དྲོ་གོང་རིག་འཛིན་བྱིན་འབེབས་དུས། །རིལ་བུ་འཕུར་ཞིང་ཆར་ལྟར་བབས། །སྒྲུབ་ཁང་སྦྲ་སྟེང་མི་མང་རུབ། །ལ་ལའི་ལག་ནས་ཡང་འཕུར་བྱས། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །བ་ཡན་སྡེ་བཟའ་ཚེ་རིང་སྒྲོན། །རྩ་ཆད་རྒྱན་བཀྲོལ་འཆི་མལ་ཚུད། །ཚེ་དབང་བསྐུར་བས་ཚེ་མཐུད་གསོས། །གྲུབ་རྟགས་ཟེར་བ་དེ་ལ་ཟེར། །གྲུབ་ཐོབ་ཟེར་བ་ང་ལ་ཟློས། །དབང་བསྐུར་དུས་འགར་ཡེ་ཤེས་དབབ། །དགུག་གཞུག་བྱས་པས་གླུད་ཡས་འདར། །དྲག་སྔགས་གཟིར་བས་གདོན་རྒོད་སྔངས། །

p. 630

གྲུབ་རྟགས་ཟེར་ན་དེ་ལ་ཟེར། །གྲུབ་ཐོབ་ཟེར་ན་ང་ལ་ཟློས། །གཞན་ཡང་གྲུབ་རྟགས་མང་ཙམ་ཐོན། །གདུགས་ཐོགས་བླ་མ་མང་པོས་བཀུར། །སྡེ་མང་དཔོན་ཆེན་མང་པོས་མཆོད། །ཉམས་ཅན་སྒོམ་ཆེན་མང་པོས་གཏུགས། །སྐྱབས་ཞུ་ཕྱག་འཚལ་མང་པོས་འདུད། །བརྒྱ་དང་སྟོང་དང་ཁྲི་དང་ནི། །འབུམ་ཕྲག་ཡོད་པའི་ཁྲོམ་ཚོགས་ལ། །དབང་བསྐུར་ཆོས་བཤད་དམ་རྫས་བཀྱེས། །ཉེས་ཅན་མང་པོ་བརྩོན་ལས་བསྒྲལ། །འཆི་ངེས་མང་པོར་ཚེ་སྦྱིན་བསྐྱངས། །བདུད་རྒན་ཟེར་ཡང་ཞེ་བློ་བདེ། །སྐུར་འདེབས་མང་ཡང་ངོ་མི་ཚ། །ཀུན་གྱིས་སྡང་ཡང་སེམས་མི་ཕམ། །དེ་འདྲ་ལས་རབ་རྩལ་གྱིས་བརྗོད། །མངྒ་ལཾ། ཞེས་དང་ཡང་། འགྲོ་ལ་བདེ་སྐྱིད་འབྱུང་བའི་ལྷག་བསམ་ཅན། །ཟོལ་མེད་སེམས་རྒྱུད་དྲང་བའི་ཕྲིན་ལས་ལ། །གཤེ་སྐུར་ཐན་དུ་བལྟ་བའི་བདུད་ཚོགས་རྣམས། །བསམ་པའི་དོན་རྣམས་རབ་དུ་འགྲུབ་ལ་ཉེ། །ནད་མཚོན་མུ་གེའི་བསྐལ་པ་ངན་པ་ཡིས། །ཉམ་ཐག་ངལ་བའི་སེམས་ཅན་སྙིང་རེ་རྗེ། །ཡར་ལ་བརྩིགས་པ་མར་ལ་བཤིག་འདྲ་ཡིས། །སེམས་འཁྲུག་

p. 631

ཚིག་འགལ་དམ་ཉམས་ཁྱུ་རེ་ཆེ། །དེ་ཀུན་ཚེ་འདིར་མཁའ་འགྲོའི་བཀའ་ཆད་ཅིང་། །ཕྱི་མ་དམྱལ་བའི་སྡུག་བསྔལ་མི་བཟོད་པའི། །ལོག་སྤྱོད་འཁོར་ཚོགས་བསམས་ཤིང་ཡ་རེ་ང་། །རྐྱེན་ངན་གྲིབ་ཀྱིས་རིག་འཛིན་བརྒྱུད་པ་ཆད། །མཐོང་གྲོལ་འཛམ་གླིང་རི་བོའི་ནོར་བུ་རྣམས། །བཀའ་རྒྱས་བཏབ་ནས་མི་མངོན་གསང་བར་སྦས། །མཐའ་འདྲེ་གནོན་དང་དངོས་གྲུབ་འབྱུང་བའི་རྫས། །མཇལ་བའི་སྐབས་མེད་བོད་ཆེན་མགོ་ནག་མི། །བྲག་རྒོད་སྐམ་པོའི་ངོས་ནས་བྲུས་པའི་རྫས། །ཚེ་ཆུ་རློན་འཕྱུར་བྱང་སེམས་རྣམ་པ་ཅན། །བགོ་སྐལ་དབང་མེད་ཡིད་གཉིས་ཐེ་ཚོམ་ཅན། །དངོས་གྲུབ་བར་ཆད་དབང་དུ་སོང་བ་ཡིས། །ལྟ་ལོག་གཡག་སྙིང་ཁྱུ་ཚོ་སྙིང་རེ་རྗེ། །བྱིན་རླབས་དྲོད་རྟགས་ཡལ་བ་ཨ་རེ་འགྱོད། །གསང་སྔགས་ཟབ་དགུ་མྱུར་ལམ་ཕོ་ཉའི་ལམ། །ལས་འཕྲོར་མ་ཤོངས་ཕོ་མོ་ལས་ངན་ཚོ། །མི་དགེའི་ལས་ལ་ཁྱི་ཕག་ཚང་ཞུགས་འདྲ། །རྡོ་རྗེ་སློབ་དཔོན་མཆོག་དེ་དམངས་སུ་ཕབ། །སྡོམ་མེད་བན་གཟུགས་ཁྱུ་ཚོ་ངོ་སོ་མཐོ། །ཨོ་རྒྱན་རྗེས་

p. 632

འཇུག་དཔའ་བོ་ལས་རབ་རྩལ། །སྐྱོ་དྲགས་གྲོང་ཚིག་དུམ་ཆོད་ཡིག་ནག་བྱས། །སྒོ་ཡིག་འདི་ལ་ཀུན་གྱིས་ལྟད་མོ་ལྟོས། །རང་འདོད་བྱེད་ནས་སུས་ཀྱང་མ་ཁྱེར་ཅིག །མངྒ་ལཾ། ས་བྱའི་ལོའི་སྒོ་ཡིག་ཡིན་ནོ། །ཞེས་དང་ཡང་། རྫོགས་ཆེན་པ་གསུམ་པར་ཕུལ་བའི་ཆབ་ཤོག་ནི། རྒྱལ་བ་རིག་འཛིན་མཆོག་སྤྲུལ་རྣམ་པ་ཡི། །ཁོ་བོར་གཏེར་རྫས་ཕུལ་ཞེས་ཡང་ཡང་དུ། །བཀའ་སྩལ་ཕེབས་ཀྱང་མེད་པ་གང་གིས་བཙལ། །ནན་ཆེས་རྐུན་མས་ཁས་ལེན་དཔེ་ལྟ་བུར། །བལ་བོད་དང་ནི་བཟོ་མའི་རྫས་འབུལ་ནས། །གཏེར་རྫས་ཡིན་ཞེས་དབུ་གཡོགས་རྫུན་གྱི་ལས། །དེ་འདྲའི་བསླུ་བ་བདག་གིས་མི་ནུས་མོད། །ཁོ་བོར་རྟེན་མཆོག་མེད་པའི་རྒྱུ་མཚན་ཡང་། །དག་སྣང་མཁའ་འགྲོའི་ལུང་ལས་འདི་ལྟར་གསུངས། །བཙུན་ཚུགས་བཙན་པོར་བཟུང་བ་དང་། །གྲིབ་ཀྱིས་ནོན་དང་རྐྱེན་གྱིས་བསླད། །དངོས་གྲུབ་གཏེར་ལ་སྤྱོད་དབང་མེད། །ཅེས་པ་དེ་བཞིན་གྱུར་པས་མ་རྙེད་མོད། །འོན་ཀྱང་སྔོན་གྱི་སྨོན་ལམ་མི་འདོར་ཙམ། །ཡ་མཚན་རྫས་འགའ་བཀའ་བབ་ཚུལ་དུ་བྱུང་། །དག་སྣང་མཁའ་

p. 633

འགྲོའི་ལུང་ལས་དེ་ལྟར་གསུངས། །ཐབས་ཤེས་ཡ་བྲལ་གྱུར་པ་དང་། །མ་དག་འཁོར་གྱིས་ལོག་སྒྲུབ་དང་། །གནས་དུས་རྟེན་འབྲེལ་ཡལ་བ་ཡིས། །དངོས་གྲུབ་བོ་ཟག་དག་ཏུ་འགྱུར། །ཞེས་པའི་དོན་བཞིན་མེ་བྱར་དབུས་ལམ་ནས། །ཁྲམ་པས་བརླགས་ཤིང་གཅེར་བུ་ལག་སྟོང་བྱས། །འོན་ཀྱང་ས་རྡོ་ཕེད་ནས་མ་བླངས་ཀྱང་། །ཆོས་རྒྱལ་སྡེ་དགེ་སྐུ་བསོད་རང་སྐལ་ནམ་མཁའ་མཛོད། །མཆོག་སྤྲུལ་རྫོགས་ཆེན་ཡང་སྲིད་རིན་པོ་ཆེ་དམ་པར་རང་བྱུང་བླ་རྡོ་དང་། །དབོན་རྒྱ་རོང་སྤྲུལ་རིན་པོ་ཆེ་དང་ནམ་མཁའ་ལ། །དཔལ་མགོན་བླ་རྡོ་དར་མཐིང་གསེར་བྲིས་མ། །ཤར་ཕྱོགས་ལས་སྒོ་གནོན་པའི་རྟེན་འབྲེལ་དུ། །འགྱུར་ཕྱིར་ལྷ་རུ་དཔོན་ལ་སངས་རྒྱས་གདུང་། །འདི་དག་ཙམ་ཞིག་འབུལ་རྒྱུ་བྱུང་བ་ནི། ས་གཏེར་མེད་པའི་དག་སྣང་ཐ་མ་ཡི། །ཚུལ་ལ་བསམ་ན་རང་ནི་མཆོག་འཛིན་ཆེ། །གཞན་ཡང་མཁའ་འགྲོའི་ལུང་ལས་འདི་ལྟར་བྱུང་། །གནས་ཆེན་རྣམས་སུ་མ་འགྲིམས་དང་། །ཕྱོགས་མེད་གཞན་དོན་མ་བྱས་དང་། །སྒྲུབ་པའི་ཆོས་སྡེ་མ་ཚུགས་པས། །སེམས་

p. 634

འཁྲུགས་བློ་ལོག་སྣང་བ་འགྱུར། །ཁྱོད་ལ་བཀའ་བབ་དབང་བ་ཡི། །ངོ་མཚར་ཅན་གྱི་རྫས་མཆོག་རྣམས། །ངེད་ཅག་མཁའ་འགྲོ་དམ་ཅན་གྱིས། །རྫུ་འཕྲུལ་འོད་ཀྱི་རྟ་ལ་དྲངས། །གནས་ཆེན་པདྨ་བཀོད་དུ་གཤེགས། །མི་ཡུལ་བཞག་ཀྱང་ག་ལ་སྡོད། །རང་དེངས་ནམ་མཁར་སྤྲིན་ཡལ་འདྲ། །ཞེས་པ་དེ་དོན་གྱུར་ཕྱིར་དབང་མ་ནུས། །བདག་གི་དག་སྣང་ཐ་མའི་འཁྲུལ་ཆོས་འདི། །རིག་འཛིན་ཆེན་པོའི་ཞལ་ཆེམས་ལས་འདི་གསུངས། །ཉམས་དམའི་བསྟན་པ་འགྲིབ་ལ་ཉེ་བ་ན། །དག་པས་ང་རང་དངོས་སུ་མཇལ་ཡང་སྲིད། །ཞེས་འདི་ཡིན་ཡང་ཞིབ་མོར་འཁོད་པ་མེད། །བསྟན་འགྲོའི་རིམ་གྲོ་མདོར་བསྡུས་ཙམ་ཞིག་ཡང་། ཀུན་གྱིས་སྡང་བའི་སྤྲང་རྒན་ལས་ངན་ང་། །བདུད་དུ་གྲགས་ཤིང་ཡ་ག་འབར་ཤ་མོད། །བྱ་རོག་དཀར་པོ་ཇི་བཞིན་ཐན་དུ་མཐོང་། །ཚུལ་དེ་མཁའ་འགྲོའི་ལུང་ལས་འདི་ལྟར་བསྟན། །སྐྱེས་བུ་ཁྱོད་དང་ཁྱོད་ཀྱི་ཆོས། །སྣོད་དུ་རུང་བའི་སེམས་ཅན་དཀོན། །བར་ཆད་འཕྲང་མང་འགྲིིམ་པ་ཡོང་། །གཏམ་ཡང་དཀར་ནག་འདྲེས་མ་ཡོང་། །

p. 635

ལྷ་འདྲེ་གཉིས་ཀ་རྩོད་པ་འདྲ། །འབྲེལ་བ་གང་ཆེ་དེ་ཡིས་ནི། །སྣང་བ་ལན་གསུམ་ལྡོག་པ་ཡོང་། །བདེ་སྡུག་ཉི་ལིང་ཆར་ལིང་འདྲ། །ཞེས་སོགས་བསྟན་པ་དེ་འདྲ་ཁོ་ན་ཡི། །རྣམ་འདྲེན་མཆོག་རྣམས་ཞལ་ངོ་ལྡོག་མིན་ཀྱང་། །གཏེར་རྫས་འབུལ་རྒྱུ་རྔོ་མ་ཐོགས་པ་ལ། །དགོངས་པའི་དབྱིངས་མི་ཁྲེལ་བའི་ཐུགས་རྗེ་ཞུ། །སྔོན་ཆད་དམ་རྫས་ཆུད་གསོན་འགྱོད་པ་ཡིས། །རང་བྱོན་ལྡན་པའི་སྐྱེ་བདུན་ཐོག་དྲངས་པའི། །བྱིན་རྟེན་ཡོད་ཅོག་ལྷག་ལུས་མེད་པ་རུ། །ཁར་ཉིན་སིདྡྷིའི་བུམ་སྒྲུབ་རིལ་བུར་སྦྱར། །ཆུ་ཀླུང་དང་ནི་དུད་འགྲོར་ཅི་ཆོད་བྱས། །བདག་གིས་སུ་ལའང་གནོད་པ་མ་བྱས་ཀྱང་། །དོན་མེད་སྡང་སེམས་ཅན་རྣམས་བློ་བདེ་ཕྱིར། །ཁོང་རྣམས་བསམ་པ་ཇི་བཞིན་སྒྲུབ་སྙམ་ཡོད། །དེ་ཚུལ་དྲང་པོར་སྤྲང་རྒན་ཕྲིན་ལས་ཀྱིས། །གྲོང་ཚིག་དུམ་ཆོད་བླུན་གཏམ་ཞུས་པ་ལགས། །ཞེས་པ་རྫོགས་ཆེན་མཆོག་སྤྲུལ་གྱིས་ཨོ་རྒྱན་སྐུ་ཆེ་བ་ཞིག་བཞེངས་པའི་ནང་རྟེན་དགོས་གསུང་རྟེན་བཅས་ཕེབས་དང་རྒྱ་རོང་སྤྲུལ་སྐུ་རྣམ་གཉིས་ཀྱིས་གཏེར་རྫས་དགོས་ཞེས་ལྷ་རེག་རིན་ཆེན་དང་པོ་བཅས་ཕེབས་དུས་མེ་རྟ་ཧོར་ཟླ་གཉིས་པའི་ཚེས་༡༥

p. 636

ལ་ཕུལ་བའི་ཞུ་ཡིག་དགེའོ། ། ༈ ཉི་སྤྲུལ་གསུམ་པར་ཕུལ་པ་ནི། རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །དུས་ཆེན་པོ་སྤྲེལ་ལོ་སྤྲེལ་ཟླ་ལ། །གནས་ཆེན་པོ་སྲིང་མོ་རྫོང་དུ་སླེབས། །དྲིན་མཚུངས་མེད་རྗེ་བཙུན་གདུང་འབུམ་ལ། །སྙིང་རུས་པའི་གཏིང་ནས་གསོལ་བ་བཏབ། །ཟོང་གུ་ལིང་གསེར་གྱི་མེ་ཏོག་གཏོར། །སྤོས་ཙན་ལྡན་དུད་པ་སྤྲིན་དུ་གཏིབས། །རྫས་དར་དང་ཟབ་ཀྱི་ན་བཟའ་ཕུལ། །ཚེས་བཀྲ་ཤིས་ཟླ་བ་བདུན་པ་ཡི། །ཚེས་དང་པོ་རྒྱུ་སྐར་རྒྱལ་གྱི་ཉིན། །སྟབས་མ་བསྒྲིགས་རྟེན་འབྲེལ་རང་འགྲིགས་ལ། །ཚོགས་གཏེར་ཆེན་བཟའ་བཏུང་ཚོགས་འཁོར་བྱས། །སྨན་དྲི་བཟང་ཆབ་ཀྱིས་སྐུ་ཁྲུས་གསོལ། །ལྷ་བདུན་བརྒྱ་ཉེར་ལྔའི་ཞལ་ཐང་ལ། །རབ་གནས་བཀྲ་ཤིས་མངའ་གསོལ་ཕུལ། །ཡང་ཕུག་ནག་བདེ་བ་ཆེན་པོ་རུ། །ལྷ་རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ནས། །རྫས་བཟའ་ཚོགས་ཚང་བའི་ཚོགས་འཁོར་བསྐོར། །ཚོགས་གསོག་ཕྱིར་མཎྜལ་བརྒྱ་རྩ་ཕུལ། །བྱིན་རློབ་ཕྱིར་ཚིག་བདུན་བརྒྱ་རྩ་བསྙེན། །ལྷ་རྩ་གསུམ་དགྱེས་པའི་གྲུབ་

p. 637

རྟགས་ལ། །གཡས་བྲག་སྐྱིབས་བྲག་སྐམ་ནང་དག་ནས། །རྫས་ཡབ་ཡུམ་བྱང་སེམས་ཚེ་ཆུ་བཏོན། །དམེ་མཛེ་ཡུག་དམ་ཉམས་མ་གྲིབ་ན། །དུས་ཕྱི་མཐར་བག་རེ་འབྱུང་ངམ་སྙམ། །དེ་ལས་ཅན་རྣམས་ལ་ཕྱི་བཞག་ཡིན། །ཕུད་རིལ་བུར་དྲིལ་ནས་ཚེས་བཟང་དེ། །སྐྱབས་མཆོག་སྤྲུལ་ཁྱེད་ལ་ཕུལ་ནས་ཡོད། །སྐུ་བསྐལ་བརྒྱར་ཞབས་བརྟན་སྨོན་ལམ་ཞུ། །དུས་ངན་པའི་མི་འདི་སོམ་ཉི་ཆེེ། །གནད་བྱིན་རླབས་ཚན་ཁ་ཡལ་ཉེན་ཆེ། །འདི་བསྟན་ཅིང་བྱིན་ན་ཡིད་མི་ཆེས། །ཕན་བཏགས་པའི་ལན་ལ་ཚུར་ལ་གྱོང་། །དེ་བསམས་ཤིང་རང་གིས་དངོས་གྲུབ་བླངས། །ཡང་སླར་ཡང་རྗེ་ཡི་གདུང་འབུམ་ལ། །ཕྱག་བསྐོར་བ་བྱས་ཤིང་སྨོན་ལམ་བཏབ། །ཁོང་ཚེ་རབས་འདྲེན་སྟོན་ཡིན་པའི་ཕྱིར། །མགོན་ཁོང་གི་རྣམ་ཐར་ཡིད་ལ་དྲན། །སྤྲང་བཟོད་ཐབས་མེད་པའི་གདུང་ཤུགས་ཀྱིས། །སེམས་ཁོང་ནས་ཡུས་ཤིང་མཆི་མས་བརྣངས། །དེ་གྲུབ་རྟགས་ཡོངས་ཀྱི་ཆེ་ཤོས་ཡིན། །དགུང་དེ་ནུབ་ནམ་གྱི་ཐོ་རངས་ལ། །རང་སྡིག་སྒྲིབ་དག་པའི་རྟགས་མཚན་

p. 638

མཐོང་། །དེ་དངོས་གྲུབ་ཡོངས་ཀྱི་ཆེ་ཤོས་ཡིན། །སྤྲང་སྨྱོན་རྒན་འཁྱམ་པོའི་གླུ་དབྱངས་འདི། །སྐྱབས་མཆོག་སྤྲུལ་དམ་པའི་སྙན་དུ་འབུལ། །ཐུགས་དགྱེས་པའི་རོལ་མོ་མཛད་པར་ཞུ། །དགེའོ། །ཞེས་དང་ཡང་། ༈ ནོར་བུ་རིའི་བང་རྒོད་གུ་རུ་ལྷ་ཁང་གི་དཀར་ཆག་བཞུགས་སོ། །རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ། །མཉམ་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ནོར་བུ་གླིང་གི་སེང་གེ་བསྣོལ་མཚམས་སུ། །གུ་རུའི་བཀའ་བཞིན་སྐུ་བརྙན་ལེགས་གྲུབ་ནས། །མེ་ལུག་སྤྲེལ་ཟླའི་ཚེས་བཅུར་རབ་ཏུ་གནས། །བདག་གིས་སྤྱི་སྒོས་བསྟན་པའི་རིམ་གྲོ་བྱས། །ས་གནད་འདི་རུ་རྟེན་འབྲེལ་གནད་ཆེ་སྟེ། །ནད་མཚོན་མུ་གེའི་བསྐལ་པ་ཞི་བ་དང་། །ཐུབ་བསྟན་མཐའ་དག་ཡུན་དུ་གནས་པ་དང་། །ནག་ཕྱོགས་མི་དང་མི་མིན་གནོན་པར་བྱེད། །སངས་རྒྱས་གདུང་དང་བྱིན་རྟེན་ཁྱད་འཕགས་དང་། །རིག་འཛིན་རྒྱལ་བ་རྣམས་ཀྱི་གདུང་ཚྭ་བཞུགས། །འབྲེལ་བ་ཐོགས་ཚད་བྱས་པ་དོན་ཅན་ཡིན། །མཆོད་བསྟོད་ཕུལ་བས་བསོན་ནམས་ཚོགས་གཉིས་རྫོགས། །ཕྱག་བསྐོར་བྱས་པས་ནད་གདོན་སྡིག་

p. 639

སྒྲིབ་འདག །གསོལ་བ་བཏབ་པས་སྨོན་ལམ་ཡིན་བཞིན་འགྲུབ། །ཚུལ་བཞིན་སྲི་ཞུ་མཛོད་དང་ལས་ཅན་རྣམས། །ཁྱད་པར་གནས་མཆོག་གུ་རུའི་ལྷ་ཁང་འདི། །ཟངས་མདོག་དཔལ་གྱི་རི་དང་ཁྱད་མེད་པར། །བདག་གིས་ངེས་པར་བསྒྲུབ་ཏུ་ཡོད་ན་ཡང་། །སེམས་ཅན་རྣམས་ནི་བསོན་ནམས་དམན་པ་དང་། །འདྲེ་བདུད་རྣམས་ནི་ཚ་རག་རྒོད་པ་དང་། །དངོས་གྲུབ་ཟབ་མོར་རྐྱེན་ངན་མང་བ་དང་། །རྟེན་ཅིང་འབྲེལ་འབྱུང་གནད་འགའ་ཉམས་པ་ཡིས། །དེ་ལྟར་བར་ཆད་དབང་སོང་བདག་བློ་འགྱོད། །ལུང་བཞིན་འགྲུབ་ན་ཡོན་ཏན་འདི་ལྟར་ཡོད། །ཆོག་གྲུབ་གདུང་མཆོག་རྡོ་རྗེར་གྲུབ་པའི་རིགས། །མ་བྱས་རང་བྱོན་ཟངས་མདོག་དཔལ་གྱི་རི། །རྡོ་རྗེ་ཕག་མོའི་བྱིན་གྱིས་བརླབས་པའི་གནས། །གུ་རུ་རྩ་གསུམ་རྒྱལ་བ་བཞུགས་པའི་ཞིང་། །གནས་འདི་དྲན་པ་ཙམ་གྱིས་བྱང་ཆུབ་ཐོབ། །གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་དུ་སྐྱེ། །སྒྲུབ་པ་བྱས་ན་མཆོག་ཐུན་གང་སྒྲུབ་འགྲུབ། །གཞན་དུ་ལོ་བསྒྲུབས་འདི་རུ་ཞག་གིས་འགྲུབ། །ཚོགས་

p. 640

གཏོར་ཕུལ་བས་བསོད་ནམས་ཚོགས་ཆེན་རྫོགས། །བསྐོར་བ་བྱས་པས་མཚམས་མེད་ལས་སྒྲིབ་འདག །སྡིག་ལྟུང་ཕལ་རྣམས་བྱང་བ་ལྟ་ཅི་སྨོས། །མཆོད་དང་ཕྱག་བྱས་ཕན་ཡོན་དཔག་ཏུ་མེད། །མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས། །འཛམ་གླིང་གནས་ཆེན་གང་ལའང་འདིའི་ལྷག་མེད། །སྐལ་ངན་སེམས་ཅན་སྣོད་དུ་མ་རུངས་པས། །སླར་ཡང་བཀའ་རྒྱས་བཏབ་ནས་ཡང་གཏེར་སྦས། །ཕྱི་མའི་དུས་ན་འགྲོ་དོན་ངེས་པར་འབྱུང་། །རྡོ་རྗེ་ལེགས་པས་སྲུངས་ཤིག་གཉེར་དུ་བསྐོས། །ལྷོ་ནུབ་མཚམས་སུ་མི་སྣང་འཇའ་ལྟར་ཡལ། །དེ་ལྟར་དཀར་ཆག་བརྗེད་ཐོ་ཟིན་བྲིས་འདི། །དཔའ་བོ་ལས་རབ་བདག་གིས་ཡི་གེར་བཀོད། །ད་ལྟ་བཞུགས་དང་ཕྱི་རབས་གླེང་མོལ་བཞག །ས་མ་ཡཱ། རྒྱ་རྒྱ་རྒྱ། མངྒ་ལཾ། ། ༈ གུ་རུ་བརྒྱ་རྩའི་དཀར་ཆག་ནི། རྗེ་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞབས་ཀྱི་གདུང་རུས་ཆུར་སྦྱངས་པ་དང་། ཉི་མ་གྲགས་པའི་ས་སྣ་ཁ་ཡིག་ཟུར་གསལ་ལྟར་དང་། ཐེག་གླིང་འགྲོ་དོན་མཐར་ཕྱིན་གྱི་

p. 641

ས་སྣ། དཔལ་རི་འཕྱོངས་རྒྱས་སྤྲུལ་སྐུ་ཆོས་འབྱོར་རྒྱ་མཚོའི་ས་སྣ། ཙཱ་རི་དམར་ནག་རཀྟའི་སིནྡྷུ་ར། གཞོ་སྟོད་གཏེར་སྒྲོམ་གྱི་རྡོ་རྗེ་ཕག་མོའི་དབུ་ཀླད་ཟེར་བའི་ས་སྣ། དཀར་ཆག་ཡིད་བཞིན་ནོར་གསལ་ལྟར་གྱི་ཕབས་རྟ་དང་། ཉི་གྲགས་གཉིས་པའི་ཕབས་རྟ་དང་། རྗེ་དེ་ཉིད་ཀྱིས་མ་རིག་མུན་སེལ་ལོ་སྒྲུབ་ཀྱི་བུམ་ཆུ། དེ་ཉིད་ཀྱི་གཙང་ཆབ་ཀྱིས་དྲིལ་བ་སིདྡྷི་སྒྲུབ་ཆེན་གྱིས་རྟགས་ཐོན་མའི་རིལ་བུ་སོ་གཉིས་ཏེ། དེ་དག་ལས་གྲུབ་པའི་ཨོ་རྒྱན་སྐུ་དགུ་བཅུ་གོ་གསུམ། ས་དེའི་ལྷག་མ་དང་སླར་ཡང་རྗེ་དེ་ཉིད་ཀྱི་གདུང་རུས་ཆུར་སྦྱང་བ་དང་། རྡོར་བྲག་རིག་འཛིན་ཆེན་པོ་པདྨ་དབང་ཕྱུག་གི་སྨན་སྒྲུབ་དང་སྐྱེ་བདུན་རིལ་བུ་སྦྱར་བའི་ཨོ་རྒྱན་སྐུ་སོ་གསུམ། སྒྲོལ་མའི་སྐུ་གཅིག་སཱཙྪ་གཅིག་བཅས་རྟགས་ལྡན་གཙང་ཐོན་པར་བཞུགས། འདི་ས་བྱ་ལོར་བསྒྲུབས་པའོ། །མཁས་དང་རྣམ་དཔྱོད་ལྡན་དང་འབྱོར་ལྡན་དང་། །གྲགས་ལྡན་ཆེན་པོར་གྱུར་པའི་ལས་མིན་ཡང་། །སྤྲང་ཧྲུལ་ཉམ་ཆུང་གྱུར་པའི་རང་ཚོད་ཀྱིས། །རྗེ་བཙུན་མཉམ་མེད་ཆོས་

p. 642

རྗེའི་གདུང་འབུམ་དུ། །བཞེངས་ཤིང་གུ་རུ་བརྒྱ་རྩ་མཚན་དུ་བསྒྲགས། །བློ་ལྡན་ཁེངས་པའི་སྟོབས་ཀྱིས་འབྱོར་པ་དག །བདག་རྨོངས་བྱིས་པའི་རྩེད་མོར་བཞད་གད་གནས། །འོན་ཀྱང་བསྟན་འགྲོའི་དོན་ཆེད་རིམ་གྲོ་དང་། །འབྲེལ་ཐོགས་མི་བསླུའི་ཐ་ཚིག་རང་ཞེར་བརྟན། །དེ་ཡང་པདྨ་བཀའ་ཡི་ཐང་ཡིག་ལས། །པད་འབྱུང་སྐུ་འདྲར་ཕྱག་བསྐོར་སུས་བྱས་པ༔ འཁོར་བ་མེད་ཅིང་མྱ་ངན་འདའ་བར་འགྱུར༔ ཞེས་སོགས་ཕན་ཡོན་མང་པོའི་དོན་ལ་སོམས། །དེ་སྐད་ཝལ་རྒན་ལས་རབ་རྩལ་གྱིས་བསྒྲགས། མངྒ་ལཾ།། །།

གནས་ཆེན་པད་མོ་ཡང་རྫོང་གི་དཀར་ཆག་མཐོང་གྲོལ་ཨུཏྤ་ལའི་མགུལ་རྒྱན། ལས་རབ་རྩལ་སྐུ་ཕྲེང་གཉིས་པ་འགྲོ་འདུལ་ཕྲིན་ལས་རྡོ་རྗེའི་གསུང་།

p. 643

༄༅། །གནས་ཆེན་པད་མོ་ཡང་རྫོང་གི་དཀར་ཆག་མཐོང་གྲོལ་ཨུཏྤ་ལའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །

p. 644

དུས་གསུམ་རྒྱལ་བའི་རྣམ་འཕྲུལ་འགྲོ་དོན་མཛད༔ བྱང་ཆུབ་སེམས་དཔའ་སངས་རྒྱས་གཉིས་པ་དེ༔ ཚེ་འདི་ཙམ་དུ་མ་ཡིན་བྱང་ཆུབ་བར༔ འབྲལ་བ་མེད་པར་སྒོ་གསུམ་གུས་པས་འདུད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ༔ མ་ཧཱ་གུ་རུ་རིན་པོ་ཆེ་ཞེས་བྱ་བ་དེ་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་བྱོན་ནས་འགྲོ་དོན་མཐའ་ཡས་པ་མཛད༔ གནས་ཆེན་བརྒྱ་རྩ་བརྒྱད་དང་གནས་ཕྲན་སྟོང་རྩ་བརྒྱད་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་གཏེར་ཁ་གྲངས་ལས་འདས་པ་སྦས་པ་ལས༔ རྟ་མཛེས་པད་མོ་ཡང་རྫོང་རུ་དམ་ལུང་པ་འདི་ཉིད་ཀྱི་དཀར་ཆག་མཐོང་གྲོལ་མགུལ་རྒྱན་མཁའ་འགྲོའི་བཀའ་རྒྱ་ཟབ་མོ་ཞེས་བྱ་བ་ས་མ་ཡ༔ གནས་ཀྱི་ཆགས་ཚུལ་ཨོ་རྒྱན་མཁའ་འགྲོའི་གླིང་༔

p. 645

གཡས་ཀྱི་ལུང་པ་དམར་སེར་གྲུབ་པ་ནི༔ རོ་མ་དམར་མོ་རྩ་ཡི་ཚུལ་དུ་ཆགས༔ གཡོན་གྱི་ལུང་པ་དཀར་མདོག་འདུག་པ་ནི༔ རྐྱང་མ་དཀར་པོ་རྩ་ཡི་ཚུལ་དུ་ཆགས༔ དབུས་ཀྱི་ལུང་པ་ཡུད་ཙམ་འཛུམ་པ་ནི༔ ཨ་ཝ་དྷཱུ་ཏི་ཡེ་ཤེས་ཆེན་པོར་གནས༔ ཤར་ལ་པད་མོ་བཀོད་པའི་ཆགས་ཚུལ་ཡོད༔ ལྷོ་ན་དུར་ཁྲོད་བསིལ་ཚལ་ཆགས་ཚུལ་ཡོད༔ ནུབ་ན་མ་ལ་ཡ་ཡི་ཆགས་ཚུལ་ཡོད༔ བྱང་ན་ཨོ་རྒྱན་མཁའ་འགྲོའི་བཀོད་པ་ཡོད༔ གཞན་ཡང་ཤར་ལྷོ་ཨོ་རྒྱན་སྤྲིན་ནག་འདུས༔ ལྷོ་ནུབ་ཡང་ལེ་ཤོད་ཀྱི་བཀོད་པ་དང་༔ ནུབ་

p. 646

བྱང་དགའ་བའི་ཚལ་གྱི་ཆགས་ཚུལ་ཡོད༔ བྱང་ཤར་ཁྲག་མཚོ་ཁོལ་མའི་དུར་ཁྲོད་ཡོད༔ དེ་ཡི་ཕར་རྒྱབ་ལུང་གསུམ་འདྲ་བའི་ཚུལ༔ བྲག་རི་དམར་པོ་རྡོ་རྗེ་གནམ་ལངས་འདྲ༔ བྱང་ངོས་འདོམ་བདུན་གྱེན་ལ་སོང་མཚམས་ན༔ པད་མའི་ཕྱག་རྗེས་ཨ་ཡིག་རང་བྱོན་ཡོད༔ མ་མོའི་སྙིང་ཁྲག་དྭངས་མའི་ཡི་གེ་ཡོད༔ ཕུར་པའི་ཐུགས་ཐིག་ལས་ཀྱི་མན་ངག་ཡོད༔ དེ་འོག་ཕ་བོང་དཀར་པོ་འབྲི་ཉལ་ཙམ༔ དེ་ལ་ཧ་ཡ་གྷྲི་ཝའི་ཆོས་སྐོར་ཡོད༔ སྐྱེས་བུ་ཕག་ལོ་པ་ཡི་གཏེར་ཁ་ཡིན༔ དེ་ཡི་ཤར་ན་ལྷ་རྫས་པཉྩ་ལི༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཟ་བེར་ཡོད༔ བོད་ཀྱི་རྒྱལ་པོའི་ནོར་གཏེར་མང་པོ་ཡོད༔ བསམ་པ་ལྷུན་གྲུབ་གསོལ་འདེབས་ཁྱད་འཕགས་ཡོད༔ དེ་ཡི་ལྷོ་ན་ཟངས་རི་བཙན་རྒོད་ཡོད༔ བཙན་གྱི་གསང་སྒྲུབ་ལས་རྦད་སྤྱི་ཆིངས་ཡོད༔ དེ་ཡི་ནུབ་ན་མ་ཅིག་ལབ་སྒྲོན་གྱི༔ ཉམས་ཁྲིད་ལྷ་འདྲེ་དབང་སྡུད་གཅོད་ཡུལ་དང་༔ མཁའ་འགྲོའི་གདམས་པ་གྲངས་ལས་འདས་པ་ཡོད༔ དེ་ཡི་བྱང་ན་བྲག་རི་སེང་གེ་འདྲ༔ ལྷོ་ངོས་ཕུག་པ་མ་མོའི་ཉལ་ས་ཙམ༔ དེ་ནང་ཕ་རོལ་

p. 647

ཚར་གཅོད་ངན་སྔགས་ཡོད༔ དེ་འོག་དམ་ཅན་སྐྱེས་བུའི་སྲོག་སྒྲུབ་ཡོད༔ མ་ཧཱ་ཀཱ་ལའི་བེང་དང་ཐོད་ཁྲག་ཡོད༔ སྐྱེས་པ་བུད་མེད་ལྷ་འདྲེ་དབང་སྡུད་ཡོད༔ ཆུ་བོ་བདུད་རྩིའི་བཅུད་ལེན་གྲངས་མང་ཡོད༔ དེ་བྱང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡི༔ རྫུ་འཕྲུལ་ལྕགས་ཆ་སྡེར་མ་བཅུ་གསུམ་ཡོད༔ ལྷ་ཡི་དཀར་ཆག་མཐོང་བ་འཛུམ་ཤོར་དང་༔ དུས་རྟགས་ལུང་བསྟན་སྲོང་བཙན་བཀའ་ཆེམས་ཡོད༔ དེ་ཡི་ཕར་རྒྱབ་རི་ནག་སྦྲུལ་ནག་འདྲ༔ དེ་ལ་པདྨའི་གསང་གཏེར་མང་པོ་ཡོད༔ རིག་འཛིན་རྗེ་འབངས་ཉེར་ལྔའི་སྐྱེས་རབས་དང་༔ བོད་ཡུལ་དམ་ཆོས་བསྟན་པའི་གནས་ཚད་ཡོད༔ སེང་གེའི་དཔུང་པ་འདྲ་བའི་རི་ངོགས་ན༔ སྐྱེས་བུ་ཡང་རབ་ལས་འཕྲོ་ཅན་རྣམས་ཀྱིས༔ འགྲོ་དོན་བྱེད་ཚུལ་དཔག་བསམ་ལྗོན་པ་ཡོད༔ དེ་ཡི་བྱང་ཤར་བྲག་གི་སྤོ་ཏོ་ན༔ དཔའ་བོ་མཁའ་འགྲོ་བྲོ་གར་གླུ་དབྱངས་ཚུལ༔ དཔལ་གྱི་བསམ་ཡས་དཀར་ཆག་རྒྱས་པ་ཡོད༔ རྒྱལ་པོ་ཁྲི་སྲོང་ཁམས་གསུམ་དབང་བསྡུས་ཚུལ༔ སྐྱེས་རབས་རྒྱས་པ་ཆོས་ཁྲིམས་སྡོམ་ཚུལ་ཡོད༔ བཻ་རོ་

p. 648

ཙ་ནས་ཆོས་བསྒྱུར་དཀར་ཆག་ཡོད༔ རི་བོ་དཀར་པོ་ཕོ་བྲང་ཏོག་གིས་བརྒྱན༔ རྒྱལ་པོ་རྣམ་སྲས་བང་མཛོད་ཆེན་མོ་ཡོད༔ གཡོན་ཕྱོགས་བྲག་རི་ནག་པོ་མདའ་སྒྲོ་འདྲ༔ སློབ་དཔོན་ནམ་སྙིང་སྐྱེས་རབས་རྒྱས་པ་ཡོད༔ རི་བོ་མཆོད་རྟེན་འདྲ་བའི་ངོས་ཞོལ་ན༔ ཚེ་སྒྲུབ་ཤོག་སེར་པདྨའི་བཀའ་རྒྱ་ཡོད༔ གཡུ་མཚོ་སྔོན་མོ་འཁྱིལ་བའི་ས་ཆ་ན༔ གཞུ་འདོམ་ཉེར་གཅིག་ཁྲུ་བདུན་ས་མཚམས་ན༔ བྲག་རི་སྔོན་པོ་ཟླ་བ་ཚེས་འདྲ་ཡོད༔ ལྷ་མོའི་གསང་སྒྲུབ་མཚོ་རྒྱལ་མགུལ་རྒྱན་ཡོད༔ དེ་ཡི་ཐད་ཀྱི་བླ་གཏོར་འདྲ་བའི་བྲག༔ རྣམ་སྲས་བང་མཛོད་དབང་སྡུད་མན་ངག་ཡོད༔ བྱང་སྟོད་གཏོར་མ་འདྲ་བའི་རི་ཞོལ་ན༔ ཆོས་བློན་མགར་དང་ཐོན་མི་སཾ་བྷོ་ཊས༔ ཆོས་བསྒྱུར་རྒྱ་དཔེ་ཆུ་དར་སེར་པོ་ཡོད༔ དེ་ཡི་ཤར་ཕྱོགས་འདོམ་བཅུའི་ས་མཚམས་ན༔ ཕ་བོང་དཀར་པོ་གཡག་རོ་ཙམ་ཞིག་ན༔ མུ་ཁྲི་བཙན་པོའི་མགུལ་རྒྱན་སོར་གདུབ་ཡོད༔ སྲུང་མ་མ་མོ་གཡུ་ཡི་རྒྱན་ཅན་ཡིན༔ མཚོ་འགྲམ་བྱང་ཕྱོགས་རུས་སྦལ་འདྲ་བའི་ངོས༔ སློབ་དཔོན་པདྨའི་ཆོས་གོས་འཇའ་ཟེར་མ༔ རུ་དམ་

p. 649

ཡུལ་འདིར་ས་ཡི་བཅུད་དུ་སྦས༔ དེ་འོག་གཞུ་འདོམ་ལྔ་ཡི་ས་མཚམས་ན༔ རྡོ་རྗེའི་རྭ་ལ་ལྕགས་ལུང་བརྒྱད་གསོལ་བའི༔ སྒྲོམ་གྱི་ནང་དུ་མི་ཤིགས་རྒྱས་བཏབ་ཡོད༔ ས་ཆ་དེ་ཡི་བྱང་ཕྱོགས་ཕ་ཚད་ན༔ ས་རྡོ་ཡུད་ཙམ་དམར་པོ་འདྲ་བ་ན༔ བྲག་ལ་ཕུག་པ་མི་མགོ་ཐར་ཙམ་ཡོད༔ དེ་ཡི་འོག་ལ་རྡོ་སྨུག་གྲུ་གསུམ་པ༔ དེ་ལ་གཟའ་ཀླུ་རྒྱལ་གསུམ་བླ་རྡོ་ཡོད༔ སྟག་མོ་གཟན་ཆས་འདྲ་བའི་རི་ཞོལ་ན༔ ལོ་ཙཱ་བརྒྱ་རྩ་བརྒྱད་ཀྱི་གསུང་འབུམ་ཡོད༔ དེ་ཡི་བྱང་གི་གངས་རི་རྩེ་མཐོ་ན༔ སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་རྟེན་ཡོད༔ རྒྱལ་པོ་ཆེན་པོ་པེ་ཧར་སྲོག་སྒྲུབ་ཡོད༔ མ་ཧཱ་ཀཱ་ལའི་བེང་ཆེན་བརྩེགས་རྒྱུད་བཅས༔ སྒྲུབ་རྟེན་མི་འདྲ་དཔག་མེད་གྲངས་འདས་ཡོད༔ དེ་ཡི་ཤར་ཕྱོགས་རི་གསུམ་འདྲ་བའི་ཚུལ༔ འཇམ་དབྱངས་ཕྱག་རྡོར་སྤྱན་གཟིགས་སྒྲུབ་པ་ཡོད༔ དེ་ཡི་ཕར་རྒྱབ་ལུང་པ་རྫ་བྲག་འདྲར༔ ཨོ་རྒྱན་སྤྲིན་ནག་འདུས་པའི་ཆགས་ཚུལ་ཡོད༔ དེ་ཡི་སྨད་ཀྱི་ས་གཞི་ཆ་ལང་འདྲའི༔ དཀྱིལ་ན་ཕ་བོང་དམར་པོ་གཡག་ཤད་ཙམ༔ དེ་ན་གཏེར་གྱི་ཁ་

p. 650

བྱང་མང་པོ་དང་༔ གཏེར་སྟོན་བཟང་ངན་འབྲིང་གསུམ་བྱོན་ཚུལ་ཡོད༔ དུས་ཀྱི་ལེགས་ཉེས་ཁ་བྱང་མང་ཙམ་ཡོད༔ དེ་ཡི་ཐད་ཀྱི་མ་མོའི་ཕུག་པ་ན༔ ཕོ་ཡང་བཟའ་ཡི་རྒྱལ་མོའི་མགུལ་རྒྱན་ཡོད༔ དེ་ཡི་གཡས་ཕྱོགས་བྲག་རི་སྨན་གཏོར་འདྲའི༔ ངོས་ལ་བརྡུངས་ན་རང་སྒྲ་རྔ་སྐད་ཙམ༔ འོག་ན་ཆུ་མིག་ཡིད་ཙམ་འཛུམ་པ་ཡོད༔ དེ་ན་ཀླུ་གཏེར་ནོར་བུ་མེ་འབར་དང་༔ ཁྲི་སྲོང་ལྡེའུ་བཙན་བཀའ་ཆེམས་མང་པོ་ཡོད༔ རྒྱལ་པོ་གདན་བཞུགས་འདྲ་བའི་རི་བོ་ན༔ གླིང་རྗེ་གེ་སར་ཁྲབ་དང་རྨོག་རྗེས་ཡོད༔ དེ་འོག་རྡོ་རྗེ་སྤྲེལ་ཆུང་རྣམ་ཐར་དང་༔ ཐུགས་ཀྱི་མེ་ལོང་དངུལ་ལས་གྲུབ་པ་ཡོད༔ ལི་ལས་གྲུབ་པའི་པད་འབྱུང་རང་བྱོན་དང་༔ རྒྱལ་པོ་རྣམ་སྲས་སྐྱེས་པའི་རབས་ཀྱང་ཡོད༔ དེ་ཡི་ཤར་ན་བྲག་ནག་མདའ་སྒྲོ་འདྲ༔ དེ་ངོས་བྲག་ལ་སྦལ་པ་འབུར་དུ་དོད༔ རྒྱལ་པོ་སྲོང་བཙན་བཀའ་ཆེམས་དོན་ལྡན་དང་༔ ཡི་གེ་དྲུག་མའི་ཕན་ཡོན་བསྡུས་རྒྱས་ཡོད༔ དེ་ཡི་གཡས་ན་བྲག་རི་སྔོན་པོ་ལ༔ ནོར་བུ་བསམ་འཕེལ་མདོ་དང་དངུལ་སྒྲོམ་ཡོད༔ མནྡ་ར་ཡི་ཚེ་སྒྲུབ་བཅུད་ལེན་དང༔

p. 651

མཁའ་འགྲོའི་གཏེར་ཁ་གྲངས་ལས་འདས་པ་ཡོད༔ བོད་ཡུལ་སྤྱི་ལ་ཕན་པའི་གཏེར་ཁ་ཡོད༔ དེ་འོག་བྲག་རི་གཡག་ཟེ་འདྲ་བ་ལ༔ བོད་ཡུལ་མི་ཕྱུགས་སྤྱི་ལ་ཕན་པའི་གཏེར༔ སེང་གདོང་སྒྲུབ་པ་ལས་ཀྱི་མན་ངག་ཡོད༔ གཡུ་མཚོ་བར་མ་ཀླུ་ཡི་ཕོ་བྲང་ན༔ ནོར་དང་ལོངས་སྤྱོད་འབྱུང་བའི་གཏེར་བུམ་ཡོད༔ སྐྱེས་བུ་གདུལ་བྱའི་སྣོད་རུང་རྣམས་ཀྱིས་འདོན༔ དེ་ཡི་ཕ་ཚད་རི་རྩེ་བྲག་ལོགས་ན༔ དབང་ཕྱུག་ཉེར་བརྒྱད་ཞལ་འབག་ཆ་ཚང་ཡོད༔ རི་རྩེ་གོང་བུ་མདའ་ལྟོང་འདྲ་བའི་མདུན༔ བྲག་རི་ཧེ་འགུལ་པད་མོའི་སྐྱེད་ཚལ་ན༔ བོན་གྱི་གདམས་པ་གཡུང་དྲུང་འོད་འབར་ཡོད༔ དེ་ཡི་ཐད་ཀྱི་བྲག་རི་སྔོན་པོ་ན༔ ཆོས་ལོངས་སྤྲུལ་གསུམ་སྒྲུབ་པ་ཁྲིད་རིམ་ཡོད༔ པདྨ་དབང་དང་མ་མགོན་ལྕམ་དྲལ་སོགས༔ ཡེ་ཤེས་ཕོ་རྒྱུད་མོ་རྒྱུད་སྒྲུབ་པ་ཡོད༔ བསང་ཡིག་ལྗོན་པ་བདུད་རྩིའི་དུད་སྤྲིན་ཞེས༔ དུས་འཁྲུགས་ནད་རིམས་ཆོད་པའི་བརྔན་མཆོད་ཡོད༔ དེ་ནི་པདྨའི་ཡང་སྤྲུལ་ཁྱི་ལོ་པ༔ སྐྱེས་བུ་དེ་ཡི་གདུལ་བྱའི་དཔལ་དུ་ཤར༔ དེ་ཀུན་ཡོངས་ཀྱི་བཀའ་ཡི་བྱ་ར་

p. 652

བ༔ དགེ་བསྙེན་རྡོ་རྗེ་གཡུང་དྲུང་རྩལ་མཆོག་དེ༔ སྔོན་ཚེ་པདྨས་རུ་དམ་ལུང་པ་འདིར༔ མ་ཡམས་ཐམས་ཅད་དམ་ལ་བཏགས་པའི་དུས༔ མི་དཀར་ལྷ་ཡི་སྐྱེས་བུ་འདྲ་བ་ཞིག༔ མི་མཐུན་བར་ཆད་བྱེད་དུ་བྱུང་བའི་དུས༔ པདྨས་དམ་བཏགས་སྲིད་པ་ལས་ཀྱི་རྗེ༔ བོད་ཡུལ་རི་དབང་སྤུན་དགུའི་ཡ་གྱལ་གཙོ༔ གཏེར་གྱི་སྲུང་མ་གསང་མཚན་གཡུང་དྲུང་རྩལ༔ སྙིགས་དུས་བསང་མཆོད་ལྷ་ཐོ་བྱས་མཆོད་ན༔ ཆོས་པ་རྣམས་ཀྱི་མགོན་དང་སྡོང་གྲོགས་བྱེད༔ མི་ནད་ཕྱུགས་ནད་དུས་འཁྲུགས་ངན་པ་གཅོད༔ མདོར་ན་གནས་མཆོག་ཁྱད་འཕགས་སྦས་ཡུལ་འདིར༔ བོད་ཡུལ་གནས་ཆེན་བརྒྱ་དང་རྩ་བརྒྱད་ཀྱི༔ ཡ་གྱལ་སངས་རྒྱས་གཉིས་པའི་གཏེར་གནས་ཡིན༔ ཡེ་ཤེས་སྤྱན་ལྡན་སྐྱེས་བུ་ལས་ཅན་གྱིས༔ རྩི་ཤིང་ནགས་ཚལ་ས་རྡོ་རི་བྲག་ཀུན༔ དཔལ་རིའི་ཕོ་བྲང་པདྨ་འོད་དང་མཚུངས༔ གནས་འབྲེལ་ཕྱག་བསྐོར་མཎྜལ་འབུལ་གྱུར་ན༔ དུས་གསུམ་རྒྱལ་བར་ཕྱག་མཆོད་བྱས་དང་མཚུངས༔ ཚེ་འདིར་འབྱོར་ལྡན་ཚེ་ཡི་བར་ཆད་ཞི༔ ཕྱི་མར་བླ་མེད་ཡང་དག་སངས་རྒྱས་

p. 653

ཐོབ༔ ཡིད་ལ་ཟུངས་དང་ལས་ལྡན་སྙིང་ཅན་རྣམས༔ དེ་སྐད་རང་བྱུང་མཁའ་འགྲོའི་བཀའ་ཚོགས་འདི༔ ཕོ་ཟོབ་འདྲ་ཆོས་རང་བཟོ་མ་ཡིན་པར༔ གདོད་མའི་གཞི་ཡི་གནས་ལུགས་རང་རྩལ་ལས༔ ཐོལ་བྱུང་ཚུལ་དུ་ལས་རབ་སྤྲུལ་མིང་པ༔ རྨོངས་རྒན་པདྨ་ཐེག་མཆོག་བློ་གྲོས་ཀྱིས༔ ཟླ་༡ཚེས་༢༨དགེ་བའི་དུས་སུ་སུག་བྲིས་བྱས༔ དགེ་བས་འགྲོ་ཀུན་རྣམ་གྲོལ་ཐོབ་པར་ཤོག༔ དགེའོ། །

རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་བླ་མ་བརྒྱུད་པའི་གསོལ་འདེབས།

p. 654
p. 655

༄༅། །རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་ཟབ་གཏེར་དག་སྣང་གི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །

p. 656

བརྒྱུད་གསུམ་གསོལ་འདེབས། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །ཨོ་རྒྱན་པདྨ་རྗེ་འབངས་ཉི་ཤུ་ལྔ། །བཀའ་གཏེར་བརྒྱུད་ལྡན་རྩ་བའི་བླ་མ་སོགས། །འདྲེན་མཆོག་ཡབ་སྲས་རྣམས་ལ་གསོལ་བ་འདེབས། །རིག་འདུས་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ། སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་སྟོབས། །གཅིག་ཏུ་འདུས་པ་གུ་རུ་ཐོད་ཕྲེང་རྩལ། །དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང་གི་རྒྱལ། །རྡོ་རྗེ་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །ངེས་དོན་གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ། རྒྱལ་བ་དཀོན་མཆོག་ཀུན་གྱི་ངོ་བོ་

p. 657

ཉིད། །བྱ་བྲལ་ནམ་མཁའི་རྣལ་འབྱོར་ཀློང་ཡངས་པ། །འཁོར་འདས་ཟག་མེད་དགོངས་པ་འུབས་ཆུབ་པའི། །ཆོས་དབྱིངས་དྲི་མེད་རྩལ་ལ་གསོལ་བ་འདེབས། །རྒྱ་རོང་ནམ་སྤྲུལ་སྐུ་ཕྲེང་དང་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ། ཟབ་ཅིང་རྒྱ་ཆེ་སྙིང་པོའི་དོན་རྟོགས་ཤིང་། །བྱམས་དང་བརྩེ་བའི་བདག་ཉིད་བཤེས་གཉེན་མཆོག །སྔ་འགྱུར་བསྟན་འཛིན་དམ་པར་རབ་བསྔགས་པ། །ནམ་མཁའ་མཆོག་གྲུབ་ཞབས་ལ་གསོལ་བ་འདེབས། །རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇའ་

p. 658

ལུས་རྡོ་རྗེའི་སྐུ་བརྙེས་བཱི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་ཏུ་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །རྒྱ་རོང་ནམ་སྤྲུལ་སྐུ་ཕྲེང་གཉིས་པ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀུན་བཟང་གདོད་མའི་མགོན་པོ་རིག་རྩལ་རྫོགས། །བཱི་མའི་རྣམ་འཕྲུལ་སྙིང་ཐིག་མཛོད་འཆང་བ། །གདུལ་བྱའི་སྣང་ངོར་གུ་རུའི་རྣམ་པར་སྤྲུལ། །ཀུན་བཟང་ཐེག་མཆོག་རྡོ་རྗེར་གསོལ་བ་འདེབས། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས། །བརྩེ་བའི་སྙིང་རྗེའི་འོད་སྟོང་འབར་བའི་གཟིས། །འགྲོ་རྣམས་མུན་པའི་སྨག་རུམ་སེལ་མཛད་པའི། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །ཁྲོ་ཤུལ་དགེ་སྤྲུལ་སྐུ་འཕྲེང་གསུམ་པ་རིག་འཛིན་འབད་མེད་གཞི་གྲོལ། འཕགས་མཆོག་རིགས་གསུམ་མགོན་པོའི་སྒྱུ་འཕྲུལ་གར། །ཆོས་རྒྱལ་མེས་དབོན་ལོ་ཆེན་རྣམ་སྣང་མཛད། །མཐའ་ཡས་སྤྲུལ་པའི་རོལ་པ་གཅིག་བསྡུས་པ། །ཨོ་རྒྱན་འགྲོ་འདུལ་རྡོ་རྗེར་གསོལ་བ་འདེབས། །ནོར་གླིང་མཁྱེན་སྤྲུལ་ཨོ་རྒྱན་བསྟན་འཛིན་ཆོས་འཕེལ། ཨོ་རྒྱན་རིག་འཛིན་ཆེན་པོའི་རང་ལུགས་ཀྱི། །མདོ་སྔགས་བཤད་སྒྲུབ་བསྟན་

p. 659

པའི་མཛོད་འཛིན་ཅིང་། །སྐལ་ལྡན་ཆོས་བློ་འཕེལ་བ་དགེ་བའི་བཤེས། །ཡོངས་འཛིན་རྡོ་རྗེ་སློབ་དཔོན་གསོལ་བ་འདེབས། །ནོར་གླིང་མཆོག་སྤྲུལ་ལེགས་པའི་བློ་གྲོས། བདེ་ཆེན་ཆོས་སྐུའི་སྟོན་པ་འོད་དཔག་མེད། །རྣམ་སྣང་ལོངས་སྐུའི་སྟོན་པ་རྡོ་རྗེ་སེམས། །སྐུ་གསུམ་སྤྲུལ་སྐུའི་སྟོན་པ་མཚོ་སྐྱེས་རྗེ། །ཐུགས་རྗེའི་རྣམ་སྤྲུལ་གདུལ་བྱའི་དོན་ལ་བྱོན། །ཤེས་བྱ་ཐོགས་མེད་རྩལ་ལ་གསོལ་བ་འདེབས། །ནོར་གླིང་མཆོག་སྤྲུལ་འཇམ་དབྱངས་གྲགས་པ། མཁས་གྲུབ་དམ་པ་མང་པོས་རྗེས་བཟུང་ཞིང་། །སྨིན་གྲོལ་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་པའི། །སྐལ་བཟང་མཆོག་ལྡན་རིམ་གཉིས་རྣལ་འབྱོར་ཅན། །མི་འགྱུར་ཐོགས་མེད་རྩལ་ལ་གསོལ་བ་འདེབས། །མཆོག་སྤྲུལ་རིན་པོ་ཆེ་རྒྱལ་ཚབ་གསང་སྔགས་བསྟན་འཛིན། འཕགས་ཡུལ་གྲུབ་པའི་རིག་འཛིན་ཧཱུྃ་ཀ་ར། །པདྨའི་ཐུགས་སྲས་ནམ་མཁའི་སྙིང་པོ་དང་། །གྲུབ་པ་མཆོག་ཐོབ་བསམ་གཏན་བཟང་པོ་ལ། །སྒོ་གསུམ་འབྲལ་མེད་ངང་ནས་གསོལ་བ་འདེབས། ། ༈ ཡང་བརྒྱུད་ཚུལ་གཅིག་ལ། ངེས་དོན་གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ། རྒྱལ་བ་དཀོན་

p. 660

མཆོག་སོགས། ཨ་སེ་བ་ཆོས་བདག་བསོད་ནམས་ཆོས་བཟང་། མཐའ་ཡས་ཐུགས་གཏེར་རྒྱ་མཚོའི་མཛོད་འཛིན་ཅིང་། །ཟབ་རྒྱས་སྨིན་གྲོལ་གདམས་པའི་བདུད་རྩི་ཡིས། །སྐལ་ལྡན་སྐུ་བཞིར་སྨིན་མཛད་གྲུབ་པའི་དབང་། །བསོད་ནམས་ཆོས་བཟང་ཞབས་ལ་གསོལ་བ་འདེབས། །སྐུ་འཕྲེང་གཉིས་པ་འགྲོ་འདུལ་ཕྲིན་ལས་རྡོ་རྗེ། དམ་པ་དུ་མའི་ཞབས་པད་གཙུག་ཏུ་ཁུར། །སངས་རྒྱས་བསྟན་ལ་ལྷག་བསམ་ཟླ་ལྟར་དཀར། །དཀོན་མཆོག་འབྱུང་གནས་གཟུགས་སྐུའི་ཟློས་གར་ཅན། །འགྲོ་འདུལ་ཕྲིན་ལས་རྡོ་རྗེར་གསོལ་བ་འདེབས། །ཨ་སེ་སྤྲུལ་སྐུ་འགྱུར་མེད་རྡོ་རྗེ། ན་མོ་ཧཱུྃ། པད་འབྱུང་རྒྱལ་སྲས་ལྷ་རྗེའི་ཐུགས་ཀྱི་སྤྲུལ། །ཡང་སྤྲུལ་གཏེར་སྟོན་ཟླ་བའི་འོད་ཟེར་ཞབས། །དུས་ངན་སྙིགས་མ་ལྔ་བདོའི་མུན་སེལ་བ། །འགྱུར་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ནོར་གླིང་མཁྱེན་སྤྲུལ་ཨོ་རྒྱན་བསྟན་འཛིན་ཆོས་འཕེལ། ཨོ་རྒྱན་རིག་འཛིན་སོགས། ནོར་གླིང་མཆོག་སྤྲུལ་ལེགས་པའི་བློ་གྲོས། བདེ་ཆེན་ཆོས་སྐུའི་སོགས། ནོར་གླིང་མཆོག་སྤྲུལ་འཇམ་དབྱངས་གྲགས་པ། མཁས་གྲུབ་དམ་པ་སོགས། ནོར་གླིང་མཁྱེན་སྤྲུལ་ལས་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་ལ་ཡང་བརྒྱུད་ཚུལ་ཡོད། མཆོག་སྤྲུལ་རིན་པོ་ཆེ་རྒྱལ་ཚབ་

p. 661

གསང་སྔགས་བསྟན་འཛིན། འཕགས་ཡུལ་གྲུབ་པའི་སོགས། ༈ གཞན་ཡང་བརྒྱུད་ཚུལ་ཁྱད་པར་བ་ཞིག་ནི། ངེས་དོན་གྲུབ་པའི་དབང་ཕྱུག་དཔའ་བོ་ལས་རབ་རྩལ། རྒྱལ་བ་དཀོན་མཆོག་སོགས། རྒྱ་རོང་ནམ་སྤྲུལ་སྐུ་ཕྲེང་དང་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ། ཟབ་ཅིང་རྒྱ་ཆེ་སོགས། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། དུས་གསུམ་རྒྱལ་བའི་སོགས། ཉི་སྤྲུལ་བཞི་པ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ། སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་། །མདོ་སྔགས་ཟུང་འཇུག་བསྟན་པའི་སྒྲོན་མེ་སྦར། །གངས་ཅན་འཛིན་མར་ཞབས་སོར་འཁོད་པའི་ཚེ། །གདམས་ཟབ་བདུད་རྩིར་རོལ་མཛད་ཆོས་ཀྱི་རྒྱལ། །མུ་ཏིག་མཚན་དང་ཀླུ་དབང་ཟུང་འཇུག་སྤྲུལ། །ཉི་མ་གྲགས་པའི་མཚན་གྱི་ཅོད་པན་འཆང་། །འཇིགས་མེད་ཆོས་དབྱིངས་རྡོ་རྗེར་གསོལ་བ་འདེབས། །རྒྱ་རོང་ནམ་སྤྲུལ་སྐུ་ཕྲེང་གཉིས་པ་ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀུན་བཟང་གདོད་མའི་སོགས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། དྲི་མེད་མཁྱེན་པའི་སོགས། ཉི་སྤྲུལ་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། པད་འབྱུང་ནམ་སྙིང་ཀླུ་དབང་དབྱེར་མེད་པའི། །ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་ལ། །སྒོ་གསུམ་དབྱེར་མེད་ངང་ནས་གསོལ་བ་

p. 662

འདེབས། །གནས་ལུགས་ཉམས་རྟོགས་མངོན་འགྱུར་བྱིན་གྱིས་རློབས། །རྫོགས་ཆེན་འབྲུག་སྤྲུལ་བཞི་པ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ། རྨད་བྱུང་ཐུབ་བསྟན་སྙིང་པོ་མདོ་དང་སྔགས། །བཤད་སྒྲུབ་ལུང་དང་རྟོགས་པའི་བསམ་འཕེལ་དབང་། །སྨིན་གྲོལ་རིམ་གཉིས་ཆོས་ཀྱི་མཛོད་འཛིན་པ། །བསྟན་པའི་ཉི་མ་མཆོག་ལ་གསོལ་བ་འདེབས། །ཨ་སེ་མཁན་པོ་ཐུབ་བསྟན་ཆོས་ཀྱི་གྲགས་པ། ཁྱད་པར་དྲུག་ལྡན་སྔ་འགྱུར་བཀའ་གཏེར་གྱི། །ལུང་རྟོགས་ཆོས་ཀྱི་སྙིང་པོ་བཤད་སྒྲུབ་དཔལ། །ཐོས་བསམ་སྒོམ་པ་འཛིན་པའི་གྲགས་སྙན་ཅན། །མཁན་ཆེན་རྡོ་རྗེ་འཛིན་པར་གསོལ་བ་འདེབས། ། ༈ རྩ་བརྒྱུད་བླ་མ་སྤྱིའི་གསོལ་འདེབས། མདོ་རྒྱུད་བསྟན་བཅོས་དབང་ལུང་མན་ངག་གི། །ཆོས་རྣམས་གང་ལ་ཞུས་པའི་རྩ་བ་དང་། །བརྒྱུད་པའི་བླ་མ་མ་ལུས་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །བདག་སོགས་རྒྱུད་ལ་བླ་མ་ཁྱེད་རྣམས་ཀྱི། །ཡེ་ཤེས་གཟིགས་པའི་བྱིན་རླབས་འཇུག་པར་

p. 663

ཤོག །སྐྱེ་བ་ཀུན་ཏུ་སོགས། ཞེས་ནད་མུག་དུས་འཁྲུགས་སོགས་སྙིགས་མའི་རྒུད་པ་སེལ་པ་ལ་ཕྲིན་ལས་ལྷག་པར་མྱུར་བའི་ཟབ་ཆོས་རིན་པོ་ཆེ་འདི་ཉིད་སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །འོག་ནས་མན་ངག་ཟབ་མོ་ཟམ་མ་ཆད། བར་ན་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ་བར་དབང་ལུང་མན་ངག་ཟབ་མོའི་བརྒྱུད་རིམ་བར་མ་ཆད་པར་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུའི་ཞལ་ནས་སྙན་དུ་བརྒྱུད་དེ་བརྒྱུད་པའི་བབས་སོ་ཆེན་པོ་གསུམ་དུ་གྱུར་ཏེ་ད་ལྟའི་བར་དུ་རང་རེའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་ལ་དགའ་དད་སྤྲོ་གསུམ་གྱི་བློས་བསྐུལ་ནས་ནོར་གླིང་གྲྭ་མིང་པ་ནམ་མཁའ་རྡོ་རྗེར་འབོད་པའི་སྙོམ་ལས་པ་དེས་ཟབ་གཏེར་ཆོས་སྐོར་མ་ཚང་ཁ་སྐོང་དང་བཅས་པར་སྐྲུན་སྒྲིག་སྦྱོར་གྱི་སྐབས་སུ་བརྒྱུད་པའི་གསོལ་འདེབས་འདི་དག་ཕྱོགས་གཅིག་ཏུ་བསྡུས་པ་ལགས་ན་འདིས་ཀྱང་ཟབ་ཆོས་རིན་པོ་ཆེའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ།། །།

སྲུང་འཁོར་སྣ་ཚོགས་ཀྱི་དཔེའུ་རིས།

p. 664

རྡོ་རྗེ་གྲོ་ལོད་ཀྱི་སྲུང་བ་གནམ་ལྕགས་ཕོ་བྲང་བཞུགས༔ ཐུགས་སྒྲུབ་སུམ་སྦྲགས་ཀྱི་གབ་ཡིག་ཙཀྲ་བཞུགས་སོ༔ དཔལ་འཕེལ་ཆ་ལག་རླུང་འཁོར་བཞུགས༔ ལྷ་ཆེན་གྱི་སྲོག་རྟེན་བླ་རྡོ་བཞུགས༔ མགོན་པོའི་སྲོག་འཁོར་ཙཀྲ་བཞུགས་སོ༔

p. 665

མགོན་པོའི་ཕྲིན་ལས་ཀུན་འགྲུབ་རླུང་འཁོར་གྱི་མན་ངག༔ ལྷ་མོ་ཀུ་རུ་ཀུལླེའི་རང་ཉིད་ནུས་པ་ལྡན་བྱེད་བླ་རྡོ་ཙཀྲ༔ རྡོར་སེམས་སྙིང་ཐིག་གི་བཏགས་གྲོལ་ཙཀྲ༔ དབང་ཕྱུག་ནག་པོའི་བྱད་གདོན་སྲུང་བའི་ཙཀྲ༔ ལས་ཚོགས་ཇག་རྐུན་གཅན་ཟན་འཆིང་བའི་ཙཀྲ༔

Pecha page