← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ། །

རྩོམ་མཁན། ཞབས་དཀར་ཚོགས་དྲུག་རང་གྲོལ།

ལེགས་བཤད་ཀུན་བཟངམཆོད་སྤྲིན།

p. 1

ལེགས་བཤད་ཀུན་བཟངམཆོད་སྤྲིན་བཞུགས་སོ། །

p. 2

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་ཀུན་བཟང་རྡོ་རྗེ་འཆང་དང་ཐུབ་དབང་སོགས། །རྒྱལ་བ་རབ་འབྱམས་ཐམས་ཅད་མདོ་སྔགས་བསྟན་པ་ཡོངས་ཀྱང་བདག་པོ་དངོས། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་ལ་སོགས་རྒྱ་གར་པཎ་གྲུབ་ཚོགས། །བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་མཆོག་ཡིན་ཞེས་ཡོངས་ལ་འབྲུག་བཞིན་གྲགས། །འཕགས་ཡུལ་མཁས་གྲུབ་ཀླུ་དབང་སྟོང་ལས་མདོ་སྔགས་ནོར་བུ་བྱེ་བ་བླངས། །བོད་ཡུལ་ཆོས་ཀྱི་ནོར་བུས་འགེངས་

p. 3

མཛད་ལོ་ཙཱ་བ་རྣམས་བཀའ་དྲིན་ཆེ། །སློབ་དཔོན་ཆེན་པོའི་ནུས་མཐུའི་རླུང་གིས་ལྷ་འདྲེ་གདུག་ཅན་ལྷོ་སྤྲིན་གཏོར། །མདོ་སྔགས་བསྟན་པའི་ཉི་ཟླ་ཟུང་གིས་བོད་ཡུལ་མུན་གླིང་གསལ་བར་མཛད། །མཉམ་མེད་ཇོ་བོས་གསུང་རབ་གདམས་པར་འཆར་བས་སྔར་མེད་ལམ་རིམ་བསྟན། །གདམས་པའི་མཛོད་འཛིན་བཀའ་གདམས་པ་ཡིས་རི་བོ་སིལ་ལྡན་ལྗོངས་འདི་དོག་པོར་བགྱིས། །ཉེ་ལམ་ཕྱག་ཆེན་ཆོས་དྲུག་མར་པས་སྤེལ་ནས་མི་ལ་རས་ཆུང་སོགས། །གྲུབ་དབང་བྱེ་བ་མཁའ་ལ་

p. 4

འཕུར་ནས་མཁའ་སྤྱོད་ཞིང་དུ་ལམ་ཆེན་བཏོད། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པས་བསྟན་པ་ལོ་ལེགས་འབྲུ་བཞིན་སྤེལ། །ས་ཀུན་ལི་ཁྲིས་སྦགས་བཞིན་ངུར་སྨྲིག་འཛིན་པས་ས་ཐོག་ཁེབས་པ་བྱུང་། །མཛེས་ཞལ་ཚེམས་དཀར་ཆུ་འཛིན་གསེབ་ན་ལྗགས་གློག་གསུང་དབྱངས་འབྲུག་སྒྲ་ལྡིར། ལུང་རིགས་ཐོག་གིས་ལོག་སྨྲའི་བྲག་རི་བཤིག་ལ་ས་སྐྱ་པན་ཆེན་བསྔགས། །དམ་ཆོས་སྡུག་བསྔལ་ཞི་བྱེད་གཅོད་ཡུལ་དམ་པ་སངས་རྒྱས་མ་ཅིག་གིས། །སྤེལ་བས་གྲུབ་ཐོབ་ཕོ་མོ་ནམ་མཁའི་སྐར་ཚོགས་ཙམ་ཞིག་

p. 5

བྱུང་འདི་རྨད། །ཐུབ་བསྟན་པད་ཚལ་སྐྱོང་ཞིང་ས་གསུམ་འགྲོ་བ་ཡོངས་ཀྱི་མ་རིག་མུན། །སེལ་ཕྱིར་སྐྱབས་མགོན་རྒྱལ་བ་པཎ་ཆེན་ཉི་ཟླ་ཀུན་གྱི་དཔལ་དུ་ཤར། །གསེར་རིའི་དབུསན་ལྷུན་པོ་ཇི་བཞིན་གངས་རིའི་ཁྲོད་ན་སེངྒེ་ལྟར། །གང་གིའང་འགྲན་པའི་ཟླ་བྲལ་རྒྱ་བོད་མཁས་གྲུབ་རྣམས་ཀྱི་ཞལ་སྒོ་ལས། །ལེགས་འོངས་ཆུ་འགོ་གངས་ལ་ཐུག་འདྲའི་གདམས་པ་ཁུངས་བཙུན་བརྒྱུད་པར་བཅས། །འགྲོ་བ་ལྷ་མི་ཡོངས་ཀྱི་ཕྱག་མཆོད་བསོད་ནམས་གསོག་པའི་ཞིང་གི་མཆོག །དེའི་

p. 6

ཕྱིར་བདག་གིས་ལུས་སྟོང་སྤྲུལ་ནས་བསྟོད་དབྱངས་སྒྲོག་བཞིན་གུས་ཕྱག་འཚལ། །དངོས་འབྱོར་ཡིད་ཀྱིས་རབ་སྤྲུལ་ནམ་མཁའ་གང་བའི་ཀུན་བཟང་མཆོད་སྤྲིན་འབུལ། །བདག་གཞན་ཡོངས་ཀྱིས་ཆོས་སྤོང་ལས་སོགས་སྡིག་ལྟུང་གང་བསགས་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་མཛད་པ་གང་ལའང་རྗེས་ཡི་རང་། །གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་དཔག་མེད་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་མྱ་ངན་མི་འདའ་བཞུགས་ཞེས་ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་བསྟན་པ་ཐམས་ཅད་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་སྐ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཕྱིར་དུ་བསྔོ། །སླར་ཡང་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྷ་མིའི་ལོངས་སྤྱོད་བཅས། །བློ་ཡིས་བླངས་ཏེ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་སྙིང་ནས་འདེབས། །བསྟན་པ་དར་ཞིང་བསྟན་འཛིན་ཐམས་ཅད་ཐུགས་མཐུན་སྐུ་ཚེ་མཛད་འཕྲིན་རྒྱས། །འགྲོ་ཀུན་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །ཆོས་དང་གང་

p. 7

ཟག་ཡོངས་ལ་བཟང་ངན་མེད་པར་མཐོང་ཐོས་དག་སྣང་བྱ། །མདོ་རྒྱུད་བསྟན་བཅོས་ཡོངས་ལ་ཆོག་ཤེས་མེད་པར་གང་མཐོང་ཁ་ཕྱེ་བལྟས། །གསར་རྙིང་གྲུབ་མཐའ་ཡོངས་ལ་ཕྱོགས་རིས་མེད་པར་གུས་པས་བསྙེན་བཀུར་བྱས། །བླ་མ་མཁས་གྲུབ་ཡོངས་ལ་ལོག་ལྟ་མེད་པར་ཆོས་འབྲེལ་མང་པོ་བཞག །མདོ་རྒྱུད་མན་ངག་ལོ་རྒྱུས་རྣམ་ཐར་བརྒྱ་ཕྲག་མང་པོའི་ཞལ་ཕྱེ་ཚེ། །ཚིག་གི་ངོས་ནས་འགལ་བ་ལྟ་བུ་གཅིག་གཉིས་ཙམ་མིན་མང་པོ་མཐོང་། །དབེན་པའི་གནས་སུ་གཅིག་པུར་བསྡད་ནས་གང་ནུས་དགེ་སྦྱོར་བྱེད་ཞོར་ལ། །དོན་གྱི་དགོངས་པ་གང་ཡིན་བཙལ་བས་བླ་མ་རྣམས་ཀྱི་བཀའ་དྲིན་གྱིས། །མདོ་རྒྱུད་བསྟན་བཅོས་ནང་ནས་ཚིག་གཅིག་འདོར་མ་དགོས་པར་གདམས་པར་ཤར། །སྔར་བས་དད་གུས་དག་སྣང་གཏེར་ཁ་ཁོང་ནས་ཆེས་ཆེར་རྡོལ་བ་བྱུང་། །དེ་ཕྱིར་རྒྱལ་བ་རབ་འབྱམས་མཁས་གྲུབ་གོང་མ་རྣམས་ཀྱི་ཡོན་ཏན་དང་། །བླ་མའི་རྣམ་ཐར་སྐུ་དྲིན་བསམ་གྱིན་དད་གུས་དག་སྣང་གཡོ་བཞིན་དུ། །སྔ་རབས་འདས་པའི་རྒྱལ་བ་རབ་འབྱམས་རྒྱ་བོད་མཁས་གྲུབ་ལོ་

p. 8

ཙཱ་པ། །ད་ལྟར་བཞུགས་པའི་མཁས་བཙུན་བཟང་གསུམ་འཛོམ་པའི་བསྟན་འཛིན་སྐྱེས་བུ་དང་། །མ་འོངས་པ་ན་འབྱོན་པར་འགྱུར་བའི་དགེ་བའི་བཤེས་གཉེན་ཐམས་ཅད་པོ། །དགྱེས་པར་བྱེད་པའི་མཆོད་པའི་མཆོག་ཏུ་ལེགས་བཤད་ཀུན་བཟང་མཆོད་སྤྲིན་སྤྲོ། །དེ་ལ་ས་བཅད་མང་བཀྲམ་ཆོས་གཏམ་ཁོ་ན་སྙན་ངག་མངོན་བརྗོད་ཀྱིས། །བརྒྱན་ན་ལེགས་བཤད་ཁྱད་ཆོས་ཐོན་ཅིང་མཁས་པས་གཟིགས་ན་མགུ་མོད་ཀྱང་། །རང་ཉིད་སྦྱངས་པ་ཆུང་བས་དེ་ལྟར་འཆད་ཀྱང་མི་ཤེས་ཤེས་ན་ཡང་། །བློ་དམན་དབང་རྟུལ་རྣམས་ཀྱིས་བལྟས་ན་ས་བཅད་ཙམ་གྱིས་མགོ་མི་ནོན། །བསམ་ན་དོན་ཡང་གོ་བ་ཉུང་བས་འདི་རུ་མཁས་པས་མཁྱེན་པ་ཙམ། །མ་ཟད་བླུན་པོ་བ་གླང་རྫིས་ཀྱང་ཉན་ན་ཚིག་དོན་གོ་སླའི་ཕྱིར། །དོན་དེ་རྒྱལ་བའི་དགོངས་པ་ཡིན་ཀྱང་ཚིག་དེ་འཇིག་རྟེན་རྒན་རྒོན་གྱི། །སྐད་ཆ་བཞིན་དུ་བཤད་ཀྱིས་མཆོག་དམན་བར་མ་ཀུན་གྱིས་གསན་པར་ཞུ། །ཞེས་ཚིགས་སུ་བཅད་པའི་དབྱངས་སྙན་ལ་རིང་བ་སྔོན་དུ་བཏང་ནས། །འདིར་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྐྱེ་བའི་ཐབས་སུ་རྒྱལ་བའི་

p. 9

བཀའ་དང་བླ་མ་རྣམས་ཀྱི་གསུང་རྣམས་ལུང་དུ་དྲངས་ནས་བཤད་པར་བྱ་སྟེ། དེ་ཡང་ངོ་མཚར་རྨད་བྱུང་བཀོད་པའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི། རྒྱལ་བ་རབ་འབྱམས་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྐྱར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དཔག་ཏུ་མེད་པ་བཞུགས་ཚད་བརྗོད་ཀྱིས་ག་ལ་ལང་། སྔོན་བྱ་རྒོད་ཕུང་པོའི་རི་གཅིག་པུ་ལ་སངས་རྒྱས་བྱོན་པ་ཡང་བརྗོད་ཀྱིས་མི་ལང་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་དང་། །དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད། །ཀུན་ཀྱང་བྱ་རྒོད་ཕུང་པོ་འདིར་བཞུགས་ཏེ། །མི་དབང་དེ་ཀུན་ང་ཡིས་བསྙེན་བཀུར་བྱས། །གསུངས། ནམ་མཁས་གར་ཁྱབ་ཀྱི་གནམ་ས་བར་སྣང་ན་བཞུགས་པའི་སངས་རྒྱས་བྱང་སེམས་རྣམས་ཀྱི་གྲངས་ག་ལ་ཟིན། ཐན་རྡུལ་རེའི་ཁྱོན་དང་སྐྲ་ཡི་རྩེ་མོ་རེའི་ཁྱོན་ཙམ་ན་ཡང་། སའི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་དག་དང་མ་དག་གི་ཞིང་ཁམས་ཚད་མེད། སངས་རྒྱས་དང་སེམས་ཅན་དཔག་ཏུ་མེད་

p. 10

པ་ཡོད་པ་ཕན་ཚུན་འདྲེས་པ་མེད་ཅིང་གནོད་བར་འགྱུར་བ་མེད་བར་གནས་ཞེས། ཏིང་འཛིན་རྒྱལ་པོ་ལ་སོགས་པའི་མདོ་རྒྱུད་བསྟན་བཅོས་མང་པོ་ནས་གསུངས། སངས་རྒྱས་རེ་རེའི་སྐའི་ཆ་ཤས་བ་སྤུའི་ཁུང་བུ་རེན་ཡང་། དག་དང་མ་དག་པའི་ཞིང་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་ཅན་མཐའ་ཡས་ཏེ། དེ་ཡང་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་མུ་ཁྱུད་དང་བཅས་པ་གཅིག་ལ་འཇིག་རྟེན་གྱི་ཁམས་གཅིག་ཟེར། དེ་འདྲ་སྟོང་ལ་སྟོང་དང་པོ་ཟེར། སྟོང་དང་པོ་དེ་འདྲ་སྟོང་ལ་སྟོང་གཉིས་པ་ཟེར། སྟོང་གཉིས་པ་དེ་འདྲ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟེར། དེ་འདྲ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཟེར། རབ་འབྱམས་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་ཟེར། རབ་འབྱམས་རྒྱུད་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་བར་མའི་རྒྱུད་ཟེར། རབ་འབྱམས་བར་མའི་རྒྱུད་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཟེར། སངས་རྒྱས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུའི་བ་སྤུའི་ཁུང་བུ་གཅིག་ན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་

p. 11

དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་རེ་གནས། སྐུའི་རྡུལ་རེ་ལའང་དེ་འདྲ་གནས་ཤིང་དེའི་རྡུལ་རེ་ལའང་དེ་སྙེད་གནས། དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབྱིངས་ན་དེ་ལྟར་གནས་ཞེས་ཐེག་ཆེན་གྱི་མདོ་རྒྱུད་དུ་མ་ནས་གསུངས། དེ་ཙམ་དུ་མ་ཟད་འཕགས་པ་སྤྱན་རས་གཟིགས་སོགས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རེ་རེའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ན་ཡང་ཞིང་ཁམས་ཚད་མེད་པ་ཡོད་དེ། སྔོན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་གྱིས་སོང་ནས་སྤྱན་རས་གཟིགས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཞིང་ཁམས་ཀྱི་མཐའ་མ་ཆོད་པར་སླར་ལོག་པར་གསུངས་ལ། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་རྒྱལ་བའི་ཐུགས་རྗེ་ལ་ཉེ་རིང་ཕྱོགས་རིས་མི་མངའ་བའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཚད་གཟུང་མེད་པའི་མཐའ་བྲལ་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་དོན་མི་མཛད་པ་ནི་གཅིག་ཀྱང་མེད་ལ། སངས་རྒྱས་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་སེམས་ཅན་རྣམས་ཀྱི་མོས་པ་སོ་སོའི་

p. 12

དབང་གིས། སངས་རྒྱས་གཅིག་ལ་ཡང་མཐོང་སྣང་མི་གཅིག་པ་སྣ་ཚོགས་སུ་མཐོང་། ལྷའི་སྐད་ལྟ་བུ་ཞིག་གི་སྒོ་ནས་ཆོས་གཅིག་གསུངས་ཀྱང་། སེམས་ཅན་རང་རང་གི་སྐད་དུ་སོ་སོས་དུ་མར་གོ་སྟེ། སྨན་གྱི་རྒྱུད་ཕྱི་མ་ལས། འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེདན་ཡང་། །གང་ཟག་མོས་པས་མཐོང་སྣང་སོ་སོར་ཤར། །དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། །ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། །གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ །གསུངས། ཀུན་མཁྱེན་པདྨ་དཀར་པོས། སྙིང་པོའི་ཆོས་ཕུང་སྐལ་བ་བཞིན། །རང་རང་སོ་སོའི་སྐད་དུ་གྲགས། །ཞེས་དང་། ཀློང་ཆེན་རབ་འབྱམས་ཀྱིས། མཐའ་ཡས་པ་མཐའ་ཡས་པའི་གསུང་གིས། མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་ལ། མཐའ་ཡས་པ་མཐའ་ཡས་པའི་ཆོས་སྟོན་པར་མཛད་པས་ན། སྟོན་པ་ཐམས་ཅད་མཁྱེན་པ་ཞེས་གསུངས། རྒྱལ་བ་རྣམས་ཀྱི་གསུང་རབ་རྣམས་ཡི་གེ་རུ་ཕབ་ནས་ཕྱོགས་གཅིག་ཏུ་བརྩིགས་རྒྱུ་འདྲ་ཞིག་ཡིན་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཡང་མི་ཤོང་བས། རྒྱལ་བའི་གསུང་རབ་ཀྱི་

p. 13

ཕ་མཐའ་འདི་འོ་ཞེས་གཏིང་དཔག་དཀའ་སྟེ། ཆོས་རྗེ་འབྲུག་བ་ཀུན་ལེགས་ཀྱིས། ཆོས་དང་རྒྱ་མཚོ་གཉིས་ཀྱི་གཏིང་མི་དཔོག །གསུངས། དེས་ན་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་གསུང་རབ་རྣམས་བརྗོད་དགོས་རྒྱུ་ཡིནན། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མཉམ་ཞིག་མྱ་ངན་ལས་མི་འདའ་བར་བསྐལ་ཆེན་བྱེ་བ་མང་པོར་བརྗོད་ཀྱང་རྫོགས་པའི་ཡུལ་ལས་འདས་ཏེ། མདོ་ལས། དེ་ཡི་མངོན་མཐའ་བསྐལ་པའམ། །བྱེ་བའམ་ནི་བྱེ་བ་བརྒྱར། །སངས་རྒྱས་རྣམས་ཀྱིས་གསུངས་ནའང་། །ཚིག་གིས་ལེགས་པར་བརྗོད་མི་ནུས། །གསུངས། གསུང་རབ་དེ་དག་ཐམས་ཅད་ཀྱི་གང་ལ་ཡང་ལོག་པར་མི་བལྟ་ནམ་ཡང་མི་སྨོད་པར། དམ་ཆོས་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་དྲན་ནས་གང་ལ་ཡང་དག་སྣང་སྦྱང་དགོས་ཏེ་དགེ་བཤེས་སོག་བཟློག་པས། མགོན་དེའི་སྲས་དང་འཁོར་དང་དེའི་རྗེས་འཇུག །རྒྱ་བོད་མཁས་གྲུབ་རྒྱ་མཚོས་བཤད་པའི་ཆོས། །ཉོན་མོངས་ནད་ཆེན་འཇོམས་པའི་བདུད་རྩི་མཆོག །མཐའ་ཡས་ཕྱིར་ན་སུ་ཞིག་ལོག་པར་བལྟ། །གསུངས།

p. 14

བདེ་མཆོག་ཉུང་ངུའི་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། སེམས་ཅན་མོས་པ་བསམ་མི་ཁྱབ། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །རང་གི་གཞུང་དང་མ་མཐུན་ཡང་། །སྨད་ཅིང་སྤང་བར་མི་བྱ་སྟེ། །ནམ་ཞིག་གོ་བའི་སྨོན་ལམ་ཐོབ། །ཅེས་དང་། རྗེ་བློ་བཟང་བསྟན་པའི་མགོན་པོས། ཆོས་དང་གང་ཟག་སྣང་ཚུལ་ཅི་འདྲ་ཡང་། །ཕྱོགས་ལྷུང་སྡང་ཞུགས་མི་བྱ་དག་སྣང་སྦྱོངས། །ཞེས་དང་། འབྲུག་པ་ཀུན་ལེགས་ཀྱིས། ཕྱག་ཆེན་དང་རྫོགས་ཆེན་དབུ་མ་གསུམ། །འདི་ཟབ་ཀྱི་བདམ་ཁ་བདག་ལ་མེད། །ཆོས་སྤོང་གི་ལས་ངན་མ་བསགས་པས། །ཕོ་དག་སྣང་ཅན་འཚོགས་པའི་རྩེ་མོར་ཕྱིན། །གསུངས་པ་ལྟ་བུ་ཞིག་གྱིས། དག་སྣང་སྦྱོང་བ་ཙམ་དུ་མ་ཟད། གསུང་རབ་དེ་དག་རྣམས་ཀྱི་ཚིག་དོན་གཅིག་ཀྱང་མ་ལུས་པར་

p. 15

འཛིན་པའི་ཡིད་སྨོན་བྱེད་དགོས་ཏེ། བཟང་སྤྱོད་སྨོན་ལམ་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །ཞེས་པ་དང་། གཞན་ཡང་། རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །ཞེས་སོགས་སྨོན་ལམ་བཏབ་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་སྨོན་ལམ་རྣམས་ཚིག་ཙམ་དུ་མ་སོང་བ་བྱས་ནས་སྙིང་ཐག་པ་ནས་འདེབས་པར་བྱའོ། །ཁྱད་པར་ཕྱོགས་བཅུའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་ནང་ནས་པད་དཀར་ལྟ་བུར་བསྔགས་པའི་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་དངོས་ཀྱིས་རྒྱལ་པོའི་ཁབ་ཏུ་ལྷ་དང་མི་ལ་དགེ་བཅུའི་ཆོས་འཁོར་བསྐོར། ཝ་ར་ཎཱ་སི་ན་ཉན་ཐོས་ལ་བདེན་བཞིའི་ཆོས་འཁོར་བསྐོར། ཡུལ་མ་ག་དྷར་རང་སངས་རྒྱས་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར། བྱ་རྒོད་ཕུང་པོའི་རིར་བྱང་ཆུབ་སེམས་དཔའི་ཚོགས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་འཁོར་བསྐོར། ཡང་བཅོམ་ལྡན་འདས་དེ་ཉིད་རིགས་གསུམ་

p. 16

མགོན་པོར་སྤྲུལ་ནས། ནཱི་རཉྫ་ནའི་འགྲམ་དང་ལྕང་ལོ་ཅན་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཀྲྀ་ཡ་དང་། རྣལ་འབྱོར་དང་། ཡོ་ག་གསུམ་གྱི་ཆོས་འཁོར་བསྐོར། ཀུན་རིག་རྣམ་སྣང་དུ་སྤྲེལ་ནས། གསང་བའི་བདག་པོ་ལ་ཏནྟྲ་བཅོ་བརྒྱད་ཀྱི་ཆོས་འཁོར་བསྐོར། རྡོ་རྗེ་སེམས་དཔར་སྤྲུལ་ནས། ལངྐའི་བདག་པོ་ལ་རྣལ་འབྱོར་མཆོག་གི་རྒྱུད་དང་། ཨ་ནུ་ཡོ་གའི་ཆོས་འཁོར་བསྐོར། ཀུན་ཏུ་བཟང་པོའམ་ཀུན་བྱེད་རྒྱལ་པོར་སྤྲལ་ནས། གནས་རྒྱལ་མོ་སྤུ་རིའི་ཚལ་དུ་རྡོ་རྗེ་སེམས་དཔའ་ལ་མདོ་བཞི། དེ་མ་ལྔ། ཀུན་ཏུ་བཟང་པོ་ཆེ་བ་རང་གནས་ཀྱི་རྒྱུད་སོགས་ཀྱི་ཆོས་འཁོར་བསྐོར། གཞན་ཡང་གང་ལ་གང་འདུལ་གྱི་སྐུར་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་ཡོངས་ལ་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་བསྐོར་ཏེ། བདེ་མཆོག་རྩ་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་ཅིང་། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་དང་། ལངྐར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །གསུངས།

p. 17

དེས་ན་ས་སྟེང་དུ་དར་བའི་ཆོས་ལུགས་སྣ་ཚོགས་པ་ལ་སངས་རྒྱས་ཀྱི་བཀའི་འདུ་ཤེས་བཞག་ནས་གུས་པར་བྱ། སངས་རྒྱས་ཀྱིས་སྔོན་དུས་དེ་ལྟར་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བ་ཙམ་དུ་མ་ཟད། ད་ལྟ་སྙིགས་དུས་འདིར་ཡང་དགེ་བའི་བཤེས་གཉེན་སོགས་སུ་སྤྲུལ་ནས་བཀའ་ཆོས་སྟོན་ཏེ། ཀུན་དགའ་བོས་ཞུས་པའི་མདོ་ལས། ཀུན་དགའ་བོ་ང་ཉིད་མ་འོངས་པའི་ཚེ། རྡོ་རྗེ་སློབ་དཔོན་དུ་བསྟན་ནས་ཀྱང་། བཀའ་འདི་དག་བཤད་པར་འགྱུར། ཞེས་དང་། ཞིང་ཁམས་མཐའ་ཡས་པར་བསྟན་པའི་མདོ་ལས། ང་ཉིད་མྱ་ངན་འདས་པའི་ཚེ། །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །སྟོན་པ་བཞུགས་ཤིང་འཚོ་གཞེས་པའི། །བསྟན་པ་འདི་ཡང་འབྱུང་བར་འགྱུར། ཞེས་གསུངས། དེ་ལྟར་ཆོས་གང་གསུངས་པ་ཐམས་ཅད་ཤེས་ན་དོན་གཅིག་པས་མི་མཐུན་པ་མེད་དེ། ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་བསྟན་པ་མང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཞེས་དང་། འདུས་པ་ཆེན་པོའི་

p. 18

མདོ་ལས། ཐེག་པ་ཐམས་ཅད་གཅིག་ཏུ་མཉམ་སྟེ། ཆོས་ཀྱི་དབྱིངས་དབྱེར་མེད་པར་འཇུག་པ་གཅིག་གོ །ཞེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། རིག་པའི་ཡེ་ཤེས་གཏན་ལ་འབེབས། །དེ་ཡི་དགོངས་པ་བསྟན་པ་ལ། །རྒྱུད་ལུང་མན་ངག་ཐམས་ཅད་མཐུན། །དེ་ཡི་མན་ངག་གྲོལ་བའི་ཕྱིར། །ཞེས་གསུངས། དེས་ན་སངས་རྒྱས་ཀྱི་སྐུ་དངོས་དང་སྤྲུལ་པ་མང་པོ་བཀྱེ་ནས་འདས་མ་འོངས་ད་ལྟ་དུས་གསུམ་དུ་འགྲོ་ལ་ཆོས་མང་པོ་བསྟན་པ་དང་སྟོན་པར་འགྱུར་བ་ཐམས་ཅད་དོན་གཅིག་པ་ཡིན་པས། ཆོས་གང་ལ་ཡང་དག་སྣང་སྦྱང་པར་བྱའོ། །སྤྱིར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དེ་དག་ཐམས་ཅད་ཀྱི་གསུང་རབ་ཀྱི་ཚད་སུ་ཞིག་གིས་འཛིན་ནུས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཐུགས་རྗེ་ཅན་གྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་མཚོན་པའི་ཆོས་གང་གསུངས་ཀྱི་ཚད་ཀྱང་འཛིན་དཀའ་སྟེ། པདྨ་བཀའ་ཐང་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་

p. 19

གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། ཐུབ་དབང་ཡོངས་སུ་འདས་ནས་ད་བར་དུ། །སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབ། །གླེགས་བམ་བྱས་ན་གླང་ཆེན་རབ་ཏུ་བརྟན། །གསུང་རབ་དམ་པ་རྒྱབ་ཁལ་ལྔ་བརྒྱ་བྱུང་། །གནས་ལ་མ་འཆམ་ལྷ་ཀླུས་ཐོབ་ཤ་བྱས། །གསུངས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞེས་བྱ་བའང་ཉེ་བར་མཚོན་པ་སྟེ། གྲོ་ཁ་རིམ་པ་གཅིག་པ་དང་། ཤིང་ཏཱ་ལའི་འདབ་མ་རྣམས་སུ་ཕག་ཟེའི་རྩེ་མོས་བྲིས་པའི་ཚད་ཀྱི་ཡི་གེ་རྣམས་ཀྱིས་གང་བར་བྱས་ཏེ། གང་བར་བྱས་པ་གྲོ་ཁའི་ཁུར་རམ་ཏཱ་ལའི་ཁུར་ཇི་སྲིད་གླང་རྒོད་ཀྱིས་ཐེག་པ་དེ་ནི་ཆོས་ཀྱི་ཕུང་པོ་གཅིག་གོ །དེ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ཚད་དོ། །ཐེག་པ་ཆེན་པོ་ལ་དགུ་ཁྲི། གསང་སྔགས་ཀྱི་ཐེག་པ་ལ་སྟོང་ཕྲག་བརྒྱད་ཡོད་ཅེས་རབ་ཏུ་སྒྲོན་གསལ་ལས་བཤད། བདེ་མཆོག་སྡོམ་འབྱུང་ལས།

p. 20

རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། གསང་སྔགས་ཕྱི་བ་ལ་ཡང་དེ་ཉིད་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིགས་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་གསུངས། དབྱེ་བ་དེ་དག་ཀྱང་བློ་ཀའི་གྲངས་མ་ཡིན་ཏེ། རྒྱུད་ཀྱི་རྐང་གྲངས་ཡིན། ཤླཽ་ཀའི་གྲངས་ལ་ནི། བདེ་མཆོག་ནམ་མཁའ་དང་མཉམ་པ་ལ་འབུམ་དང་། དགྱེས་རྡོར་ལ་འབུམ་ཕྲག་ལྔ་དང་། དུས་འཁོར་ལ་

p. 21

སྟོང་ཕྲག་བཅུ་གཉིས་དང་། སངས་རྒྱས་མཉམ་སྦྱོར་ལ་ཁྲི་བརྒྱད་སྟོང་དང་། དེ་ཉིད་བསྡུས་པ་ལ་སྟོང་ཕྲག་བརྒྱད། གཤིན་རྗེ་གཤེད་དམར་པོ་ལ་འབུམ་ཕྲག་གསུམ་དང་། དོན་ཞགས་ལ་སྟོང་ཕྲག་བརྒྱད་ལ་སོགས་པར་བཤད། གཞན་ཡང་མདོ་སྡེ་ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་འདི་དག་ངས་བཤད་དོ། །ཇི་སྲིད་སེམས་ནི་འབྱུང་གི་བར། །ཐེག་པ་རྣམས་ལ་ཐུག་པ་མེད། །ཅེས་དང་། འཁོར་ལོ་སྡོམ་པའི་རྒྱུད་གསང་བ་བསམ་གྱིས་མི་ཁྱབ་པ་ལས། ཐེག་པ་གསུམ་དང་བཅོ་བརྒྱད་ཏེ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །གསུངས། རྒྱ་ཆེར་རོལ་པ་ལས། སངས་རྒྱས་ཀྱི་ཆོས་ཚད་མ་མཆིས་བ་ངེས་པར་བསྟན་པ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་ཆད་གསུངས་པ་མཆིས་ཏེ། འདི་ལྟ་སྟེ། བཅོམ་ལྡན་འདས་པདྨའི་བླ་མ་དང་། ཆོས་ཀྱི་ཏོག་དང་། མར་མེ་མཛད་དང་། ཡོན་ཏན་གྱི་ཏོག་དང་། ཡོན་ཏན་འབྱུང་གནས་

p. 22

དང་། འོད་ཟེར་ཆེན་པོ་དང་། དྲང་སྲོང་ལྷ་དང་། དཔལ་གྱི་གཟི་བརྗིད་དང་། བདེན་པའི་ཏོག་དང་། རྡོ་རྗེ་མཁྲེགས་དང་། ཐམས་ཅད་ཟིལ་གྱིས་གནོན་དང་། གསེར་མདོག་དང་། ཤིན་ཏུ་མཐོར་གཤེགས་དང་། བྱུ་རུའི་རྒྱ་མཚོ་དང་། མེ་ཏོག་གི་ཏོག་དང་། གཟུགས་བཟང་དང་། སྤྱན་བཟང་དང་། དྲང་སྲོང་སྦེད་དང་། དམག་ཚོགས་ལས་རྒྱལ་དང་། མཐོ་བ་དང་། མེ་ཏོག་རྒྱས་པ་དང་། མཛོད་སྤུ་གཟི་བརྗིད་དང་། ཤིན་ཏུ་རྒྱས་དང་། འོད་ཟེར་བཟང་པོ་དང་། བཀྲ་ཤིས་ལྡན་དང་། བལྟ་ན་བཟང་དང་། སེངྒེའི་གཟི་བརྗིད་ཆེན་པོ་དང་། བློ་གྲོས་བརྟན་པས་བྱིན་དང་། སོས་ཀའི་སྤོས་དྲི་དང་། བདེན་པའི་ཕྱོགས་གྲགས་རྒྱ་ཆེན་དང་། འོད་ལྡན་དང་། སྐར་རྒྱལ་དང་། འཇིག་རྟེན་མཛེས་དང་། འོད་རྒྱ་ཆེན་དང་། རིན་ཆེན་གྲགས་དང་། དྲག་ཤུལ་གཟི་བརྗིད་དང་། རིན་ཆེན་གཟི་བརྗིད་དང་། ཚངས་པའི་གཟི་བརྗིད་དང་། སྒྲ་སྙན་དང་། མེ་ཏོག་བཟང་པོ་དང་། རི་རབ་མེ་ཏོག་དང་། རབ་ཏུ་ཡིད་འོང་དབྱངས་དང་། དགེ་བ་ཚུལ་བཟང་དང་། རབ་ཏུ་འཛུམ་པའི་སྤྱན་དང་། ཡོན་ཏན་ཕུང་པོ་

p. 23

དང་། འབྲུག་སྒྲ་དང་། ཁ་དོག་མཛེས་དང་། ཚེའི་གཟི་བརྗིད་དང་། ངོམ་བག་གླང་པོའི་འགྲོས་དང་། འཇིག་རྟེན་མངོན་པར་སྨོན་དང་། དགྲ་ལས་རྒྱལ་དང་། ཡང་དག་མཆོད་དང་། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིགས་དང་། གསེར་ཐུབ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་ཀྱང་སྔོན་ཆད་གསུངས་པ་ལགས། ཞེས་གསུངས། ཇོ་བོའི་རྣམ་ཐར་རྒྱས་པ་ཡོངས་གྲགས་ལས། ཇོ་བོའི་ཐུགས་དགོངས་ལ། གསང་སྔགས་ཀྱི་བྱིན་རླབས་དང་གདམས་པ་དང་ནུས་མཐུ་དང་། མཁྱེན་རྒྱ་ང་ལས་ཆེ་བ་མེད་སྙམ་པའི་ཐུགས་རྒྱལ་ཡང་ཅུང་ཟད་དུས་དེར་བྱུང་ནས། རྒྱ་གར་ནུབ་ཕྱོགས་སུ་བྱོན་པའི་ཤུལ་ཀརརྨི་ལམ་དུ་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་སྡེ་མང་པོ་བསྟན་ནས་ཐུགས་རྒྱལ་བཅག །ཡང་རང་གི་ལྷག་པའི་ལྷ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་ཞལ་མངོན་སུམ་དུ་བསྟན་ཏེ་ཇོ་བོའི་མདུན་དུ་བྱོན་ནས། ཁྱོད་པཎྜི་ཏ་སྔགས་མཁན་ཡིན་ནམ་གསུངས། ཇོ་བོས་ཡིན་ལགས་

p. 24

གསུངས་པས། འོ་ན་སྒྲབ་ཐབས་འགའ་ཞུ་བས། འདི་དང་འདི་མཁྱེན་ནམ་གསུངས། དེ་ཀུན་གྱི་དཔེ་ཡང་མཐོང་མ་མྱོང་གསུངས་པས། འོ་ན་ཁྱོད་གསང་སྔགས་ལ་མཁས་པའི་ཐུགས་རྒྱལ་ཚོ་ན་གསུངས། ཡང་ཁྲིད་མིའི་ཡུལ་ན་སྐྲའི་སྤུ་རྩེ་ཙམ་ལས་མེད། སྔགས་ཀྱི་དཔེ་དོན་མང་པོ་མཁའ་འགྲོ་མའི་ལག་ན་ཡོད་པ་ཡིན་གསུངས་ནས་མི་སྣང་བར་གྱུར། ཇོ་བོའི་ཐུགས་རྒྱལ་ཡང་དེར་ཆག་གསུངས་སོ། །ཇོ་བོའི་ཞལ་ནས། མི་ཡུལ་ན་ཐེག་པ་ཆུང་ངུའི་འདུལ་བ་ཉུང་། དེ་བས་ཐེག་པ་ཆུང་ངུའི་མདོ་སྡེ་མང་། དེ་རྣམས་ལས་ཐེག་པ་ཆེན་པོའི་མདོ་སྡེ་མང་། དེ་ཐམས་ཅད་བས་ཐེག་པ་ཆེན་པོའི་མངོན་པ་མང་། དེ་ཐམས་ཅད་ས་བྱ་བའི་རྒྱུད་མང་། དེ་ཐམས་ཅད་བས་རྣལ་འབྱོར་གྱི་རྒྱུད་མང་། དེ་ཐམས་ཅད་བས་མ་རྒྱུད་མང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས་ཤེས་རབ་ཀྱི་རྒྱུད་མང་སྟེ། མི་ཡུལ་ན་བཞུགས་པར་མ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། འགྲོ་བ་མཐོ་དམའི་དོན་ཡང་འདིའི་སྒོ་ནས་བྱས་པ་མང་གསུངས། ཡང་ཇོ་བོའི་ཐུགས་དགོངས་ལ། འོན་ཀྱང་

p. 25

མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས། བསམ་ཡས་དབེ་ཧར་གླིང་གི་དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་ལ་གཟིགས་པས། སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་ཤིང་གདའ་སྐད་དེ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་། དཔལ་ཤྲཱི་ན་ལེནྡྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པས་མང་བ་ཡིན་གསུངས། ཇོ་བོའི་ཞལ་ནས་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ། མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱ་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད་ནས་བོད་ཀྱི་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་གསུང་ངོ་། །དེས་ན་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། དེ་ལྟརན་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས།

p. 26

ཐེག་པ་ཆེ་ཆུང་གི་ཆོས་འཁོར་མཐའ་ཡས་པ་ཞིག་བསྐོར་ནས་ལྷ་མི་བགྲང་ལས་འདས་པ་སྨིན་ཅིང་གྲོལ་བར་མཛད་གསུངས། འོ་ན་རྒྱལ་བས་ཆོས་ཀྱི་ཕུང་པོ་ཚད་མེད་པ་དེ་ཙམ་གསུངས་ན། ད་ལྟ་དེའི་ཆ་ཙམ་ཡང་མི་སྣང་ན་དེ་དག་གང་ན་བཞུགས་ཟེར་ན། མཁས་མཆོག་དབྱིག་གཉེན་གྱིས། ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པ་གཏོགས་པ་ཡིན། །གསུངས་པ་ལྟར་རྒྱལ་བ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་བདུད་སྡིག་ཏོ་ཅན་དང་། དེའི་བྱིན་གྱིས་བརླབས་པའི་སྐྱེ་བོ་མ་རུངས་པ་མང་པོ་དང་། ལྷག་པར་སྤྲང་བོ་ཉི་མའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་མུ་སྟེགས་པ་མང་པོས་གཙུག་ལག་ཁང་མང་པོ་མེར་བསྲེགས་པ་སོགས་རྒྱལ་བའི་བཀའ་ཆོས་མང་དུ་བསྣུབས་ནས། ཀླུ་སྒྲུབ་ཐོགས་མེད་སོགས་འཇིག་རྟེན་དུ་བྱོན་པའི་ཚེ་ནའང་བཀའ་མང་དུ་མ་བཞུགས་པར་གསུངས་ལ། འོན་ཀྱང་སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་

p. 27

གནས་པས་རབ་རིབ་སེལ་བར་བྱེད། །ཅེས་གསུངས་པ་ལྟར་རྒྱལ་བའི་བཀའ་ཕལ་མོ་ཆེ་ནི་ཀླུའི་ཡུལ་ན་བཞུགས་ཏེ། གཞན་ཀུན་སུམ་ཅུ་རྩ་གསུམ་སོགས་ལྷའི་གནས་དུ་མ་དང་། ལྕང་ལོ་ཅན་སོགས་རྒྱལ་ཆེན་བཞིའི་གནས་དང་། དྲི་ཟའི་རྒྱལ་བོ་རྣམ་པར་རྒྱལ་བའི་གནས་སོགས་དང་། འདར་བྱེད་ཀྱི་གླིང་དང་། ཤམྦྷ་ལ་དང་། ཨོ་ཌི་ཡཱ་ནའི་མཁའ་འགྲོའི་ཕོ་བྲང་ལ་སོགས་པའི་གནས་ཁྱད་པར་ཅན་མང་པོར་བཞུགས་པར་གསུངས་སོ། །གཞན་ཡང་གཡུང་སྟོན་ཞི་བྱེད་རི་ཁྲོད་པས་མཛད་པའི་རྗེ་མི་ལའི་རྣམ་ཐར་མཛོད་ནག་མར་གྲགས་པ་ལས། སྤྱིར་མི་ལ་རས་ཆེན་གྱི་རྣམ་ཐར་ལ་མཛད་པ་མི་གཅིག་པ་བརྒྱ་དང་ཉི་ཤུ་རྩ་བདུན་ཙམ་མཐོང་གསུངས། གསུང་མགུར་ལ་འབུམ་ཚོ་གཅིག་དང་ཁྲི་ཚོ་གཅིག་དང་སྟོང་ཚོ་གཅིག་དང་བརྒྱད་གསུངས་པར་གྲགས་ཏེ། རྗེ་ཁྱུང་ཚང་བ་དང་མངའ་རིས་ཞིང་ལོ་ཙཱ་བའི་ལོ་རྒྱུས་ལ་གསལ་ཞིང་ཞི་བྱེད་རི་ཁྲོད་པས་ཀྱང་། ཁྲི་ཚོ་གཅིག་ཙམ་མཐོང་བ་ལེགས་སོ་གསུངས། རྗེ་བཙུན་མི་ལ་རས་པའི་རྡོ་རྗེའི་མགུར་དྲུག་སོགས་གསུང་རྒྱུན་ཐོར་བུ་ལས། རྣལ་འབྱོར་

p. 28

གྱི་དབང་ཕྱུག་མི་ལ་རས་པ་ཞེས་མཚན་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཀྱིས། ཐེག་པ་ཁུར་དུ་འཁུར། དམན་པའི་ས་བཟུང་། དཀའ་ཐུབ་ཀྱི་ལས་མཛད། བྲག་ཕུག་སྟོང་བ་ཞྭ་ལྟར་གྱོན། ཏིང་ངེ་འཛིན་གྱི་སྒྲུབ་པ་རྩེ་གཅིག་ཏུ་མཐར་ཕྱིན་ཏེ་ཉམས་དང་རྟོགས་པ་འཁྲུངས་པའི་མགུར་མ་སྐོར་ཚོ་ཆེན་པོ་བཅོ་བརྒྱད་དམ། ཉེར་གཅིག་གམ། བཞི་བཅུ་རྩ་ལྔས་ཐོག་དྲངས་བའི་ཉིས་སྟོང་བརྒྱད་བརྒྱ་གསུངས་ནའང་། ཉིས་སྟོང་པོ་དེ་མཁའ་འགྲོ་མ་རྣམས་ཀྱིས་འཁྱེར་ནས་མི་ཡུལ་ན་མེད་ཅེས་གྲགས། བརྒྱད་བརྒྱ་བོ་དེ་ད་ལྟ་རྣལ་འབྱོར་བ་རྣམས་ཀྱིས་གསུང་འདོན་དང་ཉམས་ལེན་མཛད་གསུངས། དེས་ན་རྒྱལ་བའི་གསུང་རབ་ཕར་ཞོག །རྗེ་བཙུན་ཆེན་པོ་མི་ལ་རས་པའི་གསུང་མགུར་ཙམ་གྱིས་མཐའ་འང་ཆོད་པར་དཀའ་བར་གདའ་ན་གང་ལ་ཡང་དད་གུས་དག་སྣང་སྦྱང་བ་གཅེས་སོ། །དེས་ན་སྔར་རང་གི་ལུགས་ལ་མ་གྲགས་པ་དང་། མ་མཐོང་བས་མདོ་རྒྱུད་དག་བཀའ་མ་ཡིན་པར་སེམས་པ་རྒྱ་མཚོའི་རུས་སྦལ་དང་། ཁྲོན་བའི་སྦལ་པའི་དཔེ་བཞིན་མཐོང་རྒྱ་ཆུང་བས་ལན་པ་ཡིན་ཏེ། ངེས་དོན་འབྲུག་སྒྲ་

p. 29

ལས། རང་གི་ལུགས་ལ་མ་གྲགས་པས། །ཆོས་མ་ཡིན་ཞེས་མི་བསམ་སྟེ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལས། །གསང་སྔགས་བླ་མེད་མང་ངོ་ཞེས། །ཇོ་བོ་རྗེ་ཡིས་གསུངས་བ་དང་། །བྱེ་བྲག་སྨྲ་སོགས་ཉན་ཐོས་ཀྱིས། །རང་ལ་མ་གྲགས་དབང་བྱས་ནས། །ཐེག་པ་ཆེན་པོའི་ཆོས་སྤངས་པས། །དེ་ལ་བྱམས་མགོན་ཀླུ་སྒྲབ་ཀྱིས། །ཐེག་ཆེན་བཀའ་རུ་བསྒྲབས་པ་ཡང་། །དུས་འདི་ཉིད་དུ་དྲན་པར་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཆོས་ཚུལ་བསམ་གྱིས་མི་ཁྱབ་པའི། །དོན་ཡང་དུས་འདིར་དྲན་མཛོད་ལ། །རྒྱ་མཚོ་ཆེན་པོའི་སྦལ་བ་དང་། །ཁྲོན་པར་གནས་པའི་སྦལ་པ་བཞིན། །ཇི་ལྟར་ཐུགས་སུ་མི་ཤོང་བ། །མཐོང་རྒྱ་ཆུང་འདི་བཤོལ་བར་རིགས། །གསུངས། དེས་ན་རྒྱལ་བའི་བཀའི་ཕ་མཐའ་རྟོགས་དཀའ་བས་སྔར་བོད་དུ་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སྔ་ཕྱིར་བསྒྱུར་བའི་གསར་རྙིང་གི་མདོ་རྒྱུད་གང་ཡོད་འདིས་མཚོན་པའི་རྒྱལ་བའི་གསུང་རབ་མི་འདྲ་བ་མཐའ་ཡས་པ་ཐམས་ཅད་ལ་དད་པ་བྱེད་དགོས་ཏེ། རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་

p. 30

བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏེ། །ཁ་ཅིག་བསོད་ནམས་འགྲུབ་པའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟེན། །ཟབ་མོ་འཁུ་འཕྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །དེ་ལྟར་མཁས་པས་ཐེག་ཆེན་ལ། །ཁོང་ཁྲོ་བནི་ཟད་བྱ་ཞིང་། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །ལྷག་པར་རབ་ཏུ་དད་བར་བྱ། །གསུངས། སྡུག་བསྔལ་སེལ་ཞིང་བདེ་བ་སྒྲུབ་པའི་ཐབས་ནི། རྒྱལ་བའི་བསྟན་པ་ཡིན་པས་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ཡོད་མེད་ལ་རག་ལས་པས། དེས་ན་རྒྱལ་བའི་བསྟན་པ་ཐམས་ཅད་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པའི་སྨོན་ལམ་འདེབས་དགོས་ཏེ། སྤྱོད་འཇུག་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་སྨོན་ལམ་

p. 31

བཏབ་པའི་ཕྱིར་རོ། །ཡིད་སྨོན་བྱེད་པ་ཙམ་དུ་མ་ཟད། དགེ་བའི་ཆོས་ནི་སྡུད་པ་དང་ཞེས་དམ་བཅས་པ་དང་ཡང་མི་འགལ་བར་བྱས་ཏེ་ཅི་ནུས་ཀྱིས་དགེ་ཆོས་སྡུད་པ་ལ་བརྩོན་པར་གཅེས་སོ། །གཞན་ཡང་རྒྱུད་ལས། ཚིག་རེ་ལ་ནི་སྣ་ཚོགས་དོན། །གསུངས་པ་ལྟར། མདོ་སྔགས་ཀྱི་རྡོ་རྗེའི་ཚིག་རེ་ལའང་དོན་མི་འདྲ་བ་སྣ་ཚོགས་འཇུག་པ་མང་བས། དེའི་དབང་གིས་མདོ་སྔགས་ཀྱི་གཞུང་ལ་ཡང་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་དགོངས་འགྲེལ་མི་འདྲ་བ་མང་པོ་མཛད། དེའི་དབང་གིས་བཞེད་སྲོལ་མི་འདྲ་བ་མང་དུ་བྱུང་། ད་ལྟ་ལུང་པ་རེ་ན་ཆོས་ལུགས་རེ་ཡོད་ཚོད་ནི་གདའ། དེ་ཀུན་སྡིག་སྤོང་དགེ་སྒྲུབ་ཀྱིཐབས་སུ་གཅིག་པས་འགལ་བ་དང་སྤོང་རྒྱུ་མེད་པར་གང་ལ་མི་སྨོད་པར་དག་སྣང་སྦྱང་། སངས་རྒྱས་ཀྱི་གསུང་བཞིན་ཐམས་ཅད་སྤྱི་བོར་ལེན་དགོས་ཏེ། ཆོས་རྗེའབྲུག་པ་ཀུན་ལེགས་ཀྱིས། སངས་རྒྱས་ཆོས་རྣམས་སྡིག་སྤོང་དགེ་སྒྲུབ་གཅེས། །དེ་ལ་འགལ་བ་སྤོང་རྒྱུ་ཅི་ཡང་མེད། །རང་རང་སོ་སོའི་ཟ་ཁ་དགག་པ་ལ། །གཅིག་གིས་གཅིག་ལ་མ་སྨོད་སྙིང་གཏམ་

p. 32

ཡིན། །གསུངས། གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །ཞེས་དང་། སློབ་དཔོན་ཆེན་པོས། དག་སྣང་མོས་གུས་ཕྱོགས་མེད་དུ་བྱེད་པ་ཤིན་ཏུ་གལ་ཆེ། གསུངས། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླང་། །གསུངས། གཞན་ཡང་སངས་རྒྱས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས། སྒྱུ་མ་མིག་འཕྲུལ་བཞིན་དུ་གང་ལ་གང་འདུལ་གྱི་སྐུ་སྣ་ཚོགས་པ་བསྟན་ནས་བློ་ཁ་གང་འཚམ་ཀྱི་ཆོས་དང་། འཇིག་རྟེན་བསྟན་བཅོས་རྣམས་བསྟན་ནས་འགྲོ་བ་རྣམས་འདུལ་བ་ཡིན་ཏེ། རྗེ་རིན་པོ་ཆེས། བསོད་ནམས་ཚོགས་རབ་རབ་འབྱམས་རྒྱུ་ལས་འཁྲུངས་པའི་སྐུ་མཆོག་མཆོག་སྟེ་མཛེས་པ་ཁྱོད་ཀྱི་སྐུ། །ནམ་མཁའི་མཐས་གཏུགས་གཏུགས་པ་མེད་པའི་ཞིང་མཆོག་ཀུན་དུ་དུ་མའི་འགྲོ་ལ་མིག་

p. 33

འཕྲུལ་བཞིན། །གསུངས། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། དཔལ་ཨ་ར་ལིའི་རྒྱུད་ཆེན་པོ་ལས། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་དང་། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། ཡབ་སྲས་མཇལ་བའི་མདོ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལ་བདུད་ཀྱི་ཆ་བྱད་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་ན་ཡང་གདའ། །འདོད་ཆགས་མི་མངའ་ཆགས་པའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །སྨྱོ་བ་མ་ལགས་སྨྱོ་བའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །རྣམ་པར་

p. 34

འཕྲུལ་བ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་དང་། སམ་བུ་ཊ་ལས། སངས་རྒྱས་གར་མཁན་བསམ་མི་ཁྱབ། །བདག་གིས་བརྗོད་པར་ག་ལ་ནུས། །ཞེས་དང་། རྡོ་རྗེ་དྲྭ་བའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་གྱུར་པ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །འདུལ་བའི་ཐབས་ནི་གང་གང་གིས། །སེམས་ཅན་རྣམས་ནི་འདུལ་གྱུར་པ། །རྣམ་པ་དེ་དང་དེ་དག་གིས། །ཆོས་རྣམས་སྟོན་པར་མཛད་པ་ཡིན། །ཞེས་དང་། དེ་བཞིན་དུ་མདོ་ལས། བདུད་ཀྱི་ལས་རྣམས་ཐུགས་ཆུད་ཀྱང་། །བདུད་ཀྱི་ལས་སུ་འཇུག་མཛད་པ། །ཐབས་ཀྱི་ཕ་རོལ་ཕྱིན་བརྙེས་པ། །དེ་རྣམས་བྱ་བ་ཀུན་སྟོན་མཛད། །ཡན་ལག་གང་དང་གང་གིས་ནི། །སེམས་ཅན་ཆོས་ལ་དགར་གྱུར་པ། །བྱ་བ་ཐམས་ཅད་སྟོན་པ་ནི། །ཐབས་ཆེན་ལེགས་པར་བསླབ་པ་ཡིན། །དེ་ཡིས་བསླབ་པ་མཐའ་ཡས་ཤིང་། །སྤྱོད་ཡུལ་དུ་ནི་མཐའ་ཡས་ལ། །ཡེ་ཤེས་ཕུན་ཚོགས་མཐའ་ཡས་པས། །སེམས་ཅན་ཐམས་ཅད་གྲོལ་མཛད་པའོ། །ཞེས་དང་། ངེས་དོན་འབྲུག་

p. 35

སྒྲ་ལས། གཅེར་བུ་པ་རྣམས་འདུལ་བའི་ཕྱིར། །ཐུབ་པས་གཅེར་བུ་བའི་ཚུལ་བསྟན། །དང་པོའི་སངས་རྒྱས་འཇམ་དཔལ་གྱིས། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུཉྩ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །དེ་སོགས་ཚུལ་འཆང་མུ་སྟེགས་བྱེད། །འདུལ་ཕྱིར་དེ་དག་ཚུལ་སྟོན་པ། །མཚན་བརྗོད་འགྲེལ་པ་ཉིད་ལས་གསུངས། །ཞེས་བཤད། ཕྱི་རོལ་པ་ཁ་ཅིག་མ་གཏོགས་ཕལ་ཆེར་གྱིས། ནང་པ་ལས་ཀྱང་རྒྱུ་འབྲས་འཚོལ་བ་ཡིན་ཏེ། མུ་སྟེགས་གཅེར་བུ་པས། སྡིག་པ་གཞན་སྤུ་ཙམ་མི་བྱེད་པ་སྨོས་ཅི་དགོས། ཐན་ཕ་མ་སེམས་ཅན་ལ་དངོས་སམ་བརྒྱུད་ནས་གནོད་འཚེ་འབྱུང་གིས་དོགས་ནས་གོས་ཀྱང་མི་གྱོན་པར་གཅེར་བུར་དཀའ་ཐུབ་མཛད་པ་ཡིན་པར་གདའ། དེས་ན་མྱང་འདས་བམ་པོ་གཅིག་པ་ལས། རིགས་ཀྱི་བུ་ང་བསྐལ་པ་བཟང་པོ་འདིར་མུ་སྟེགས་གཅེར་བུ་པ་ལ་ཡིད་ཆེས་ཏེ་གསུངས། དུས་འཁོར་ལས། ཡོན་ཏན་གྱི་ཆོས་དང་ལྡན་པ་ཕྱི་རོལ་པའི་ནང་ན་སྣང་ན་ཡང་། བདག་ཅག་གིས་བསྙེན་བཀུར་

p. 36

བྱའོ་གསུངས། མདོར་བསྡུས་བཞི་པ་ལས། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་རྫོགས་པ་འབའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་། མཆོད་པ་དང་བཀུར་བར་བྱ་བ་ཡིན་ནོ་གསུངས། དེས་ན་བློ་གྲོས་ཅན་གྱི་དོན་མེད་པར་ཕྱི་རོལ་པ་ཐམས་ཅད་ལ་ཡང་ཁ་གཏོང་མི་རུང་། བཏང་ན་རྣམ་པར་སྣང་མཛད་སོགས་སངས་རྒྱས་རྣམས་རིང་བར་འགྱུར་ཏེ། རྣམ་སྣང་མངོན་བྱང་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། །མུ་སྟེགས་ཅན་ལ་སྨད་གྱུར་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །གསུངས། དེ་དག་རྣམས་ལ་དགོངས་ནས་བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེས་ང་ཕྱི་རོལ་པ་དང་བོན་པོ་ལ་ཡང་དད་པ་ཡོད་གསུངས། སྟོན་པ་སངས་རྒྱས་ཀྱིས་བོན་གྱི་སྟོན་པ་གཤེན་རབ་སོགས་སུ་སྤྲུལ་ནས་བོན་གྱི་གཞུང་ཕལ་ཆེར་གསུངས་པ་ཡིན་སྐད། བོན་ནག་ཁ་ཅིག་མ་གཏོགས་ཕལ་ཆེ་བ་ནང་པའི་ལུགས་ལྟར་རྒྱུ་འབྲས་སྤང་བླང་བྱེད་པས། དེང་སང་བོད་དུ་དར་ཡོད་པ་འདི་རྣམས་གཙང་བོན་རྣམ་དག་ཡིན་ཏེ་རྒྱུ་འབྲས་བརྩི་བའི་ཕྱིར་

p. 37

རོ། །དེ་ཡིན་ན་ཆོས་དང་ཁྱད་མེད་དེ་འབྲུག་པ་ཀུན་ལེགས་ཀྱིས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། །གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད། །གསུངས། ཀུན་མཁྱེན་ཐུ་བཀྭན་རིན་པོ་ཆེས། བོན་དང་ཆོས་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །གསུངས། སྤྱན་སྔ་བས། བོན་འདི་ནང་པ་སངས་རྒྱས་པར་གཏོགས་གསུངས། དེས་ན་བོན་ཐམས་ཅད་ལ་ཡང་ཆོས་ལོག་ལྟ་ལོག་ཅེས་ཁ་གཏོང་མི་རུང་སྟེ། བླ་མ་ཞང་གིས། འོ་སྐོལ་བོན་ལ་རས་ཆོད་མི་བགྱིའོ་གསུངས། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་བཀྱེ་སྟེ་ཆོས་སྣ་ཚོགས་བསྟན་ནས། འཁོར་བའི་གནས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་ལ་མ་བཀོད་པ་གཅིག་ཀྱང་མེད་དེ། བསྔགས་འོས་བ་སྔགས་བསྟོད་ལས། ཁྱོད་ཀྱི་གང་ལས་འགྲོ་བ་དག །མ་གྲངས་རྒུད་པ་དེ་གང་མཆིས། །གང་དག་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་

p. 38

ཞིག་མཆིས། །གསུངས། ཐ་ན་འཁོར་བའི་གནས་ཀྱི་འབབ་ཆུ་ལྗོན་ཤིང་ལ་སོགས་ཉེར་འཚོའི་ཡོ་བྱད་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རྣམ་འཕྲུལ་ལས་བྱུང་བ་ཡིན་ཏེ། བཞི་བརྒྱ་བ་ལས། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་ལས་གཞན་ཡོད་མིན། །གསུངས། དེས་ན་ཐམས་ཅད་ཐུབ་པའི་དབང་པོའི་རྣམ་འཕྲུལ་དུ་ཤེས་པར་བྱས་ནས་གང་ལ་ཡང་གུས་བར་བྱ་དགོས་ཏེ། བླ་མ་ཞང་གིས། འོ་སྐོལ་རང་ཅག་ཆོས་དང་ཆོས་མིན་ཞེས། །ཁྱད་དུ་མི་གསོད་རིས་སུ་མ་བཅད་ཅིང་། །ཐམས་ཅད་ཐུབ་དབང་སྲས་བཅས་རྣམ་འཕྲུལ་དུ། །ཤེས་པར་བྱ་ཞིང་མི་སྤང་འཁུར་བགྱིའོ། །གསུངས། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པས། གནས་འདི་ལ་རྟོག་གེའི་རིག་པས་ཅིའི་ཕྱིར་གྱི་ལམ་ན་མེད་པས་རྒྱལ་བའི་བཀའ་ལ་ཡིད་ཆེས་བསྐྱེད་ནས། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་བདག་ཅག་རྣམས་ཀྱི་དོན་དུ། ཐབས་མཁས་ཀྱི་མཛད་པ་འདི་ལྟར་མཛད་དོ་སྙམ་དུ་སྙིང་ནས་གུས་པར་བྱའོ། །གསུངས། བསྟན་པའི་སྙིང་པོ་ལས། རྣམ་པར་སྣང་མཛད་

p. 39

ཆེན་པོ་དེའི་སྐུ་ལ་མེ་ཏོག་གི་རྒྱན་དཔག་ཏུ་མེད་པ་བཀོད་པ་རྣམས་སངས་རྒྱས་སྤྲུལ་པའི་སྐུའི་ཞིང་ཁམས་ཀྱིས་གང་བར་གྱུར་ཅིང་། དེའི་ཕྱག་གཡོན་པ་ནས་སྐྱེས་པའི་མེ་ཏོག་པདྨའི་ཟེའུ་འབྲུ་གཅིག་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་ནས་གནས་པའི་བཅུ་གསུམ་པ་ལ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཉམ་དུ་ཆགས་ཤིང་། མཉམ་དུ་འཇིག་པ་འདི་ལ། གླིང་བཞི་བྱེ་བ་ཕྲག་བརྒྱ་ཐེར་འབུམ་ཕྲག་གཅིག་ཏུ་སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ་ཐེར་འབུམ་ཕྲག་གཅིག་སྐུ་བལྟམས་པ་དང་། སངས་རྒྱས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་ལ་སོགས་པ། མཚན་དང་ཞིང་ཁམས་དང་། སྐུ་ཚེ་དང་། འཁོར་དང་། འོད་ཀྱི་ཚད་མི་མཐུན་པ་དཔག་ཏུ་མེད་པས་གདུལ་བྱ་རྣམས་ཀྱི་དོན་མཛད་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། གླིང་བཞི་འདིན་བཅོམ་ལྡན་འདས་དོན་གྲུབ་པ་དང་། ཟླ་བའི་དཀྱིལ་འཁོར་དང་། སེངྒེ་ང་རོ་ཅན་དང་། གོའུ་ཏ་མ་དང་། རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་ལ་སོགས་པ། གཟུགས་དང་སྐུ་ཚེ་དང་།

p. 40

མཚན་མི་མཐུན་པ་སྟོང་ཕྲག་བརྒྱད་ཅུར་ཤེས་སོ། །དེ་བཞིན་དུ་སྟོང་གསུམ་མི་མཇེད་འདི་ན། གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་རེ་རེ་ན་ཡང་སངས་རྒྱས་སྟོང་ཕྲག་བཅུ་ཡོད་དོ། །མཚན་མི་མཐུན་པ་བྱེ་བ་སྟོང་ཕྲག་བཅུ་ཡོད་དོ། །རེ་རེ་ན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་པ་དཔག་ཏུ་མེད་པ་བརྗོད་དུ་མེད་དེ་ཐམས་ཅད་ན་ཡང་གཟུགས་དང་སྐུ་ཚེ་དང་། མཚན་མི་མཐུན་པ་སྟོང་ཕྲག་བཅུར་གྲགས་སོ། །དེ་བཞིན་དུ་ཕྱོགས་བཅུ་ཀུན་ཏུ་དེ་ལྟ་བུ་སྣང་བར་གསུངས་སོ། །དེ་ལྟར་མཆོག་གི་སྤྲུལ་པ་མ་ཡིན་པ་གཞན་མི་སྣང་ངམ་ཞེན། བཟོའི་སྤྲུལ་པ་པི་ཝང་རྒྱུད་མང་ལ་སོགས་པ་དང་། སྐྱེ་བའི་སྤྲུལ་པ་བྱ་དང་རི་དྭགས་ལ་སོགས་པ་དང་། དམན་པའི་སྤྲུལ་པ་མེ་དང་སྦྲུལ་དང་། སྨད་འཚོང་མ་ལ་སོགས་པར་ཡང་གང་ལ་གང་འདུལ་སྣ་ཚོགས་སུ་སྣང་ནས་འགྲོ་བ་འདུལ་བར་མཛད་པ་སྟེ། འཁོར་ལོ་སྡོམ་པས་ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། རྡོ་རྗེ་ཅན་ནི་ཐམས་ཅད་དུ། །ཆ་མེད་ཆ་ནི་རྣམ་སྤངས་པ། །ལུས་ལས་འདས་ཤིང་གོས་པ་མེད། །ལ་ལར་གཟུགས་ཅན་དག་ཏུ་

p. 41

བཞུགས། །ལ་ལར་ཚོར་བར་བཅས་པའི་སེམས། །ལ་ལར་སྐོམ་དང་ལ་ལར་བཀྲེས། །ལ་ལར་ཁྲོ་དང་ལ་ལར་ཞི། །ལ་ལར་མེ་ཏོག་འབྲས་བུར་སྣང་། །ལ་ལར་འབྱུང་བ་ཆེན་པོ་ལྔ། །ལ་ལར་བྲམ་ཟེ་གདོལ་པ་དག །ལ་ལར་མ་དང་སྲིང་མོ་རུ། །ལ་ལར་ཆུང་མ་བུ་མོ་རུ། །ལ་ལར་ཚངས་དབང་ཁྱབ་འཇུག་དང་། །ལ་ལར་ཉི་ཟླ་གཟའ་སྐར་དང་། །ལ་ལར་ཉིན་དང་མཚན་མོར་སྣང་། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །ལ་ལར་ཕ་རོལ་བདུད་ལས་རྒྱལ། །ལ་ལར་བྱམས་པའི་རང་བཞིན་ཉིད། །ལ་ལར་རྒས་ཤིང་འཁོགས་པ་དང་། །ལ་ལར་ན་དང་འཆི་བ་དང་། །ལ་ལར་རྣམ་པར་སྣང་མཛད་སོགས། །ལ་ལར་སྒྲོལ་མ་གོས་དཀར་སོགས། །ལ་ལར་འདབ་ཆགས་མཁའ་ལྡིང་དང་། །ལ་ལར་ཀླུ་དང་སྦྲུལ་ཆེན་པོ། །ལ་ལར་སྨད་འཚོང་ཁྱེའུ་སོགས། །ལ་ལར་གཉིད་དང་རྨི་ལམ་མཐོང་། །ལ་ལར་མྱ་ངན་འདའ་བ་དང་། །ལ་ལར་སྲེག་པའི་མེ་དག་དང་། །ལ་ལར་མཐོ་རིས་སྐྱེས་བ་སྟེ། །རྣམ་པར་འཕྲུལ་པ་འདི་ལྟ་བུ། །བསྟན་ནས་འགྲོ་བ་འདུལ་པར་

p. 42

མཛད། །ཅེས་པ་དང་། དཀོན་མཆོག་བརྩེགས་པ་དང་ཡབ་སྲས་མཇལ་བའི་མདོ་ལས། ལ་ལར་བལྟམས་པ་ཡོངས་སུ་བསྟན། །ལ་ལར་མྱ་ངན་འདའ་བར་བསྟན། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་སྤྱད་པ་སྤྱོད་པར་མཛད། །སེམས་ཅན་འདུལ་བའི་དོན་སླད་དུ། །དགྱེས་ཤིང་མགུར་ལེན་རོལ་པར་མཛད། །བཤུམ་མོ་དག་ཀྱང་འབྱིན་པར་མཛད། སེམས་ཅན་སུས་ཀྱང་ཡོངས་མ་འཚལ། །འདོད་ཆགས་མི་མངའ་ཆགས་པའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །བྱིས་པ་མ་ལགས་བྱིས་པའི་ཚུལ། །སྨྱོས་པ་མ་ལགས་སྨྱོས་པའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལར་བདུད་ཀྱི་ཆ་བྱད་དང་། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་དག་ནའང་གདའ། །རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། །ལི་ཡུལ་

p. 43

འཁོར་གྱི་གྲོང་ཁྱེར་དེར། །སྐྱེ་བ་དག་ཀྱང་བཞེས་འགྱུར་ཞིང་། །མི་དང་འདྲ་བ་སྣང་བར་འགྱུར། །ཞེས་དང་། མདོ་གཞན་ལས། ང་ཡང་མྱ་ངན་ལས་འདས་ནས་སེམས་ཅན་རྣམས་ལ་ཕན་ཞིང་སྙིང་བརྩེ་བའི་ཕྱིར་དུ་མིར་སྐྱེ་བར་རིགས་པར་བྱའོ། །ཞེས་གསུངས། ཇོ་བོ་ཐུགས་རྗེ་ཆེན་པོའི་སྤྲེའུ་གཅིག་པུའི་སྐུའི་སྐྱེ་བ་བཞེས་ནས་སེམས་ཅན་གྱི་དོན་མཛད་པ་བརྒྱ་རྩ་བརྒྱད་བཞུགས་པ། ཉང་བན་ཤའི་སྤྱན་གྱིས་གཟིགས་པར་གསུངས། བཀའ་གདམས་གླེགས་བམ་ལས། སངས་རྒྱས་དག་ནི་སྤྲལ་པ་ཅིར་ཡང་སྟོན། །ཡེ་ཤེས་བཞིན་དུ་ཀུན་ལ་ཉན་པར་སྟོན། །དམྱལ་བའི་སྣང་ངོར་དམྱལ་བའི་ཡུལ་དུའང་གཤེགས། །དམྱལ་བ་དེ་དང་མཐུན་པའི་ཆོས་ཀྱང་སྟོན། །འགྲོ་བ་གཞན་དུ་དེ་བཞིན་སྣ་ཚོགས་སྤྲུལ། །འདོད་ཆགས་ཅན་ལ་འདོད་ཆགས་ལྟ་བུར་སྟོན། །ཞེ་སྡང་ལ་སོགས་ཅན་ལའང་དེ་བཞིན་སྟོན། །རྒྱལ་པོར་སྤྲུལ་ནས་འགྲོ་བ་འདྲེན་པ་ལ། །རྒྱལ་པོའི་བུར་སྤྲུལ་རིམ་གྱིས་རྒྱལ་ས་འཛིན། །གལ་ཏེ་རྒྱལ་པོའི་བུ་ཉིད་མ་ཡིན་ན། །རྒྱལ་ས་མི་ཐོབ་འཁྲུགས་པ་འབྱུང་བར་འགྱུར། །དེ་བས་

p. 44

ཐབས་མཁས་བུ་རུ་སྟོན་པར་བྱེད། །དེ་ལྟར་རྒྱལ་ལ་མི་ཤེས་མི་མངའ་ན་འང་། །གཞན་གྱི་སློབ་མ་ལྟ་བུར་ཀུན་བསྟེན་ནས། །དེ་ཡི་རྒྱལ་ཚབ་བཟུང་ནས་བླ་མར་བྱེད། །གཞན་ཡང་བུ་མེད་རྣམས་ལ་བུར་སྟོན་ཅིང་། །ཕོངས་པ་རྣམས་ལནོར་གྱི་རྣམ་པར་སྟོན། །མདོརན་གང་དང་གང་ལ་གང་མཁོ་བའི། །དེ་དང་དེ་ལ་མཁོ་བ་སྤྲུལ་བར་བྱེད། །དེས་ན་སངས་རྒྱས་རྣམས་ནི་ཅིར་ཡང་སྟོན། །སྟོན་ཡང་རྣམ་པར་རྟོག་པ་ཅི་ཡང་མེད། །མེད་ཀྱང་སྨོན་ལམ་དབང་གིས་དགོས་འདོད་འབྱུང་། །གསུངས། རྒྱལ་བུ་དཀོན་མཆོག་འབངས་ཀྱི་ཞལ་ནས། ང་སྣ་ཚོགས་སྤྲུལ་པར་སྟོནན་ཡང་། །རྒྱུད་མ་དག་རྣམས་ལ་ཅི་ཆ་ཡོད། །ང་བུ་མེད་རྣམས་ལ་བུར་སྟོན་ཡང་། །མ་སྙིང་མེད་མ་ལ་ཅི་ཆ་ཡོད། །མི་དབུལ་པོ་དག་ལ་ནོར་སྟོན་ཡང་། །ཁོང་མངོན་ཤེས་མེད་ལ་ཅི་ཆ་ཡོད། །ཐང་སྐམ་པོ་དག་ལ་ཆུ་འབྱིན་ཀྱང་། །མི་མངོན་ཤེས་མེད་ལ་ཅི་ཆ་ཡོད། །མི་ནད་ཀྱིས་གདུངས་ལ་སྨན་སྟོན་ཡང་། །ནད་སྒྲིབ་པས་གཡོགས་ལ་ཅི་ཆ་ཡོད། །ང་ཁྲིམས་ལྡན་མཁན་པོའི་སྐུར་སྟོན་ཀྱང་། །ང་ཐུགས་རྗེ་ཆེན་པོར་སུ་ཡིས་

p. 45

ཤེས། །ང་གནས་ལྔ་མཁྱེན་པའི་པཎྜི་ཏ། །རྒྱུད་གང་ལ་གང་ཕན་སྟོན་གྱུར་ཀྱང་། །མི་མཁས་པར་རློམས་ལ་ཅི་ཆ་ཡོད། །མི་ང་ཡི་སྤྲལ་པ་ཕྱོགས་རིས་མེད། གསུངས། འབྲོམ་གྱི་ཞལ་ནས། འཇིག་རྟེན་གྱི་མགོན་པོ་ཤཱཀྱ་ཐུབ་པ་ནས་བཟུང་ནས། ད་ལྟ་བླ་མ་ཞལ་བཞུགས་པ་ཡན་ཆད་ཡོན་ཏན་ཐམས་ཅད་སྦས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན། བླ་མ་དམ་པའི་རྗེས་སུ་མི་འཇུག་ན་སློབ་མ་འཆལ་བ་ཡིན། ལར་ཡང་ནང་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་ན། ཕྱིར་གཡེངས་མི་འཚལ། རང་བཞིན་གྱིས་འོད་འཕྲོ། རྨོངས་པས་མི་མཐོང་སྟེ་མཁས་བས་མཐོང་། ཕུག་ན་ནོར་ཡོད་ན་ཕྱིར་ནོར་ཡོད་ཅེས་མ་བསྒྲགས་ཀྱང་བབ་ཀྱིས་རང་གཞན་ལ་ཕན་པ་ཡིན་གསུངས། ཇོ་བོའི་ཞལ་ནས། གཞན་ཀུན་བསྟོད་ར་བཏང་བས་དགའ་བར་འདུག་ན་ཐ་ལ་ཐོང་། ཁྱོད་རང་འཚོལ་བྱེད་མེད་པའི་ཁོང་གི་འཁྲུལ་པ་མི་བཙལ། སྦེད་པ་མཉམ་པོ་ལ་རང་གི་ཡོན་ཏན་རྣམས་སྦོས། དགོས་པའི་དུས་སུ་སླེབས་ནས་འོངས་པ་ཡིན། སྒྲོགས་པ་མཉམ་པོ་ལ་གཞན་གྱི་ཡོན་ཏན་སྒྲོགས། གཞན་དགའ་ནས་རང་ལ་

p. 46

བརྟེན་ནས་སྡིག་མི་གསོག །ཆགས་སྡང་ཉོན་མོངས་ཀྱི་རྨང་འགྱེལ་བའི་དགོས་པ་ཡོད་པ་ཡིན། གཞན་གྱི་ཡོན་ཏན་གང་འདུག་པའི་སྣ་རྩེ་རེ་ནས་བསྒྲུབས་ལ་སྟོན་པར་གྱིས་གསུངས། ཡང་རང་གི་ཉེས་པ་བསྒྲག་བྱ་ཞིང་། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །བདག་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ཞེས་དང་། དད་ཅན་འདུག་ན་བཟང་པོ་སྨྲ། །མཁས་པ་འདུག་ན་ཡོན་ཏན་བསྟོད། །བཙུན་པོ་འདུག་ན་བཙུན་ལ་བསྟོད། །བཟང་པོ་འདུག་ན་ལག་ལེན་སྨྲ། །སྡིག་ཅན་འདུག་ན་བགས་ཀྱིས་གཞོལ། །གཉེན་པོར་འགྲོ་ན་གང་ཡང་སྨྲ། །གསུངས། འབྲོམ་གྱིས་ཇོ་བོ་ལ། ཡོན་ཏན་གྱི་གཞི་མ་མི་གཞི་ལེགས་པོ་དང་དད་པ་གང་གལ་ཆེ། འབྲོམ་གཉིས་ཀ་གལ་ཆེ། ཇོ་བོ་མི་དང་འགྲོགསན་གལ་གང་ཆེ། འབྲོམ་ཐུན་མོང་དུ་མི་གཞི་ལེགས་པོ་གལ་ཆེ། བཟང་སྣ་འདྲེན་པ་ལ་དད་པ་གལ་ཆེ། ཇོ་བོ་མི་གཞི་ལེགས་པོ་བྱེད་པ་ཅི་འདྲ་ཞིག་འཚལ། འབྲོམ་ཁྱོད་བོད་ཀྱི་མི་ཆེན་འདྲ་བ་བྱས་ན་མི་གཞི་ལེགས་པོ་མི་འོང་། ཡོན་ཏན་གང་གི་ཕྱོགས་ནས་ཆེ་ཡང་། ང་མི་རྒྱལ་བར་མཐོ་དམན་བར་གསུམ་གྱི་

p. 47

འོག་ཏུ་ཞུགས་ནས། མི་རུང་བ་མ་གཏོགས་པ་ཅི་ཟེར་འཛུམ་གྱིས་སྒྲུབ་པ་ཞིག་དགོས་པ་ཡིན། ཇོ་བོ་བློ་སྣ་ཡར་ལ་འཁྲིད་པའི་དད་པ་དེ་ཅི་འདྲ་བ་ཞིག་དགོས། འབྲོམ་ཡུལ་ཁྱད་པར་ཅན་མཐོང་ཙ་ན་མིག་ནས་མཆི་མ་འཁྲུགས། ལུས་ཀྱི་བ་སྤུ་གཡོ། རྗེས་སུ་ཡི་རང་དང་། རེ་ལྟོས་ཀྱི་ཡུས་ཀྱིས་ཤུགས་རིང་འདོན་ནེང་། གསོལ་བ་འདེབས་པ་ཞིག་འོང་བ་ཡིན། ཇོ་བོ་ཁོ་བོའི་དད་པས་གཞན་བློ་སྣ་ཡར་ཅི་ལྟར་འཁྲིད། འབྲོམ་ཁོ་མི་གཞི་ལེགས་པས་ཐམས་ཅད་ཀྱི་སེམས་ཟིན་པ་དེ་དད། མ་ངུ་ན་བུ་ངུ་བ་བཞིན་དུ་ཁོ་ལ་བརྟེན་ནས་དད་པ་མི་སྐྱེའི་རང་དབང་མེད་པ་ཞིག་འོང་བ་ཡིན་གསུངས། ཡང་ཇོ་བོས། བླ་མ་མཁན་པོ་ནམ་མཐོང་ཡང་། །གུས་པར་མཆོད་པས་བརྒྱན་པ་དང་། །ཡིད་ཀྱིས་ཕྱག་དང་གཡས་བསྐོར་ཞེས། །སྤྱི་བོར་བླངས་པའི་འདུ་ཤེས་བྱ། །མཁས་བཙུན་བཟང་སྟེར་འདི་ཡི་དྲིན། །དྲིན་ཅན་ཅི་མཉེས་བྱ་བར་བབ། །ཆོས་མཁས་པ་དང་ཆོས་མཐོང་དང་། །རྒྱུ་འབྲས་མི་བསླུ་གཞན་འཛིན་ཞིང་། །མཁྱེན་བརྩེ་ཅན་ལ་རང་འདྲེན་པས། །སྟོན་པ་ཡིན་ཞེས་དག་པར་སྒོམས། །ལས་

p. 48

དང་པོ་བ་ཡི་སེམས་ལྡན་ཡང་། །བཟང་པོའི་གཞི་མར་ངེས་དགོས་པས། །དེ་ཡང་ཕན་བདེ་སྟེར་བྱེད་ཡིན། །དེ་ཡང་སྟོན་པ་ཉིད་དུ་སྒོམས། །གསུངས། ཡང་ཇོ་བོས། བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །གང་ཟག་ཆོས་ཀྱི་མིག་ཅན་དང་། །ལས་དང་པོ་བ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །གསུངས། སྔོན་ཁྱེའུ་པདྨ་ལ། སྐལ་བ་དང་ལྡན་པའི་གདུལ་བྱ་ཡང་མང་པོ་འདུས། གང་ཟག་ཆོས་ཀྱི་མིག་ཅན་ཤེས་བྱ་ལ་མཁས་པ་དང་། ལས་དང་པོ་བ་ཚོགས་ལམ་སྣ་ཟིན་པ་དུ་མ་བྱུང་། དེ་དག་ཐམས་ཅད་ལ་དམིགས་ནས་སངས་རྒྱས་ཐོབ་པ་ནི་འདི་དག་མེདན་མི་འབྱུང་བས་འབྲེལ་པ་ཅན་ཡིན་ནོ། །དེའི་ཕྱིར་ན་འདི་དག་ལ་སངས་རྒྱས་གནས་སོ། །ཞེས་སྟོན་པའི་འདུ་ཤེས་བསྐྱེད་དོ། །བསྟོད་བཀུར་གྱིས་བསྐྱངས་སོ་གསུངས། འབྲོམ་གྱིས། གཞན་རང་རྒྱུད་ཐུལ་ན་གང་བྱས་ཀྱང་སྐྱོན་མི་མཆི། རབ་ཏུ་ཞིག་བྱུང་ཕན་ཆད་བདུད་མོ་མཚར་མོ་བརྒྱས་བསླུ་མི་ནུས་ལ། བདུད་ནག་པོ་བརྒྱས་ཆོས་ལས་འབྲལ་མི་ནུས་པ་དེ་འདྲ་ཞིག་འཚལ། དེ་ལྟ་བུའི་ཆོས་པ་གང་ལའང་

p. 49

སྐུར་བ་འདེབས་མི་རུང་། བྱེད་ལུགས་སྣ་ཚོགས་པ་ཞིག་འོང་བ་ཡིན། བསམ་པའི་འཁྱེར་སོ་མ་འཕྱུགས་ན་དེས་ཆོག་པ་ཡིན་གསུངས། ཡང་འབྲོམ་གྱིས་ཇོ་བོ་ལ། འཇིག་རྟེན་ཁམས་འདི་ན་ཆོས་པ་རིགས་མི་འདྲ་བ་དུ་མ་རེ་ལ། ཆོས་ལུགས་ཀྱང་རིགས་མི་འདྲ་བ་དུ་མ་རེ་རེ། དེ་ལ་ལག་ལེན་གྱི་བྱེད་ལུགས་ཀྱང་བསམ་གྱིས་མི་ཁྱབ་པ་རེ་རེ། གཞན་ཕར་བཞག །མ་གཅིག་གི་གསུང་ལའང་། སློབ་མ་དུ་མ་ཡོད་པ་དེའི་འདོད་ལུགས་རེ་རེ། ཐམས་ཅད་ཀྱང་ང་ཁྱོད། ངེད་ཀྱི་ཆོས་ལུགས་དང་། ཁྱེད་ཀྱི་ཆོས་ལུགས། འགལ་འགལ་འདྲ་བ་མང་པོ་གདའ་བ་ལས། ཇོ་བོ་ཁྱེད་ཀྱིས་ཀུན་མཁྱེན་པས་དེ་རྣམས་ངེས་པར་གང་ལམ་དུ་འགྲོ་བ་ཡིན། གང་མི་འགྲོ་བ་ཡིན་ཞུས་པས། འབྲོམ་འདི་ཀུན་སངས་རྒྱས་ཀྱི་ཤེས་བྱ་ཡིན། ཆོས་ལུགས་གང་ལའང་སྐུར་པ་མི་འདེབས་པ་དང་། རང་རང་གང་མོས་པ་དེ་ལ་འདུན་པ་དྲག་ཏུ་བྱེད་པ་དང་། རང་གི་ཆོས་ལུགས་དེ་ལ་བླ་མ་མཁས་པའི་གསུང་གིས་སྒྲོ་འདོགས་གཅད། བདེ་བར་གཤེགས་པའི་ལུང་ན་ཅི་འདུག་བལྟ། རང་རེའི་རིག་པས་ཀྱང་

p. 50

ལམ་དུ་གང་འགྲོ་དཔྱད་གསུངས། ཡང་ཇོ་བོ་ཆོས་ལུགས་དེ་ལྟར་མང་ཡང་། ལམ་དུ་འགྲོ་བའི་གནད་དེ་གང་ལགས། འབྲོམ། གཞན་དོན་དུ་སངས་རྒྱས་འདོད་ནས་དེའི་གེགས་བདག་གཞན་གཉིས་སུ་འཛིན་པ་སྤོང་ཞིང་། ཆགས་སྡང་གི་དྲི་མས་མ་གོས་པ་དེ་ལགས་མོད་གསུངས། ཡང་འབྲོམ་ཐབས་སྣ་ཚོགས་ཀྱིས་ཆོས་ལུགས་གང་མོས་པ་ལ་འཇུག །ལམ་གྱི་འགྲོ་ལུགས་གང་བྱས་ཀྱང་། མཐར་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད། གསུངས། འབྲོམ། ཆོས་ལུགས་མང་ཡང་རང་ལུགས་ཟུངས། །ལུགས་ལ་མ་ཞེན་གཞན་ལའང་སློབས། །གཞན་ལུགས་དག་ལ་སྒྲོ་སྐུར་སྤོངས། །ཐམས་ཅད་སློབ་ལ་གཅིག་ཏུ་དྲིལ་གསུངས། གཞན་ཡང་། ཆོས་ལ་སྐུར་པ་མི་གདབ་ཅིང་། །གང་མོས་དེ་ལ་འདུན་པ་དང་། །ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་ཕྱིད་པར་འབད་པར་བྱ། །གསུངས། ཡང་། འབྲོམ་རྗེའི་ཞལ་ནས་འདི་སྐད་གསུངས། །རྫོགས་སངས་རྒྱས་ལ་གང་ཉེ་བའི། །མཐར་ཐུག་ཆོས་ཤིག་ཞུ་ལགས་ཏེ། །ཕྱི་རབས་དོན་དུ་འགྱུར་བའང་འཚལ། །ཇོ་བོའི་ཞལ་ནས་འདི་སྐད་

p. 51

གསུངས། །འབྲོམ་འཚང་རྒྱ་བ་ལ་ཉེ་བ་ཞིག་དགོས་ན། གསང་སྔགས་ཟབ་མོ་རྣམས་འདོམས། ཁྱད་པར་དུ་དོ་ཧ་སེམས་ལ་ཆོངས། འཚང་རྒྱ་བ་ལ་དེ་ལས་ཐག་ཉེ་བ་མེད། སྟོན་དུས་ཀྱི་ལོ་ཏོག་ཁམ་རུམ་མེ་བ་དང་འདྲ། གྲུབ་ཐོབ་ཆེན་པོ་རྣམས་ཀྱི་ཉམས་ལེན་ཡིན། ཁྱད་པར་དུ་དོ་ཧ་འདི་ཀུན་བྱས་ན་ལུང་སྟོང་ན་ཕར་ལ་རྣལ་འབྱོར་བ་བཟང་པོ་ཉམས་གར་བརྩེ་ཞིང་ཌཱ་མ་རུ་ཁྲོལ་ལེ་བ་འོང་སྲིད། བློ་རབ་ལ་ཆོས་རབ་མཆི། ཁྱོད་ཀྱི་ཆ་ལུགས་འདི་ཀུན་ལ་ལྷག་པར་དུ་འདི་མཐུན་གསུང་པའི་གླུ་ནི། སྲས་རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་ཐེག་པ་གསུམ་གྱི་གཞལ་ཡས་ཁང་། །བློ་ཁྱད་པར་འཕགས་པའི་གཞན་དོན་གཉེར། །དུས་གསུམ་གྱི་འདུན་མ་རྫོགས་གྱུར་ཀྱང་། །མ་གྲངས་མེད་དོན་དུ་མཐར་ཐུག་ཕྱིར། །སྐུ་རིན་ཆེན་གསུམ་ལ་ཉེ་བའི་ཆོས། །ལམ་མཐར་ཐུག་ཟབ་མོ་དགོས་སོ་གསུངས། །གསོན་གསང་སྔགས་ཐེག་པའི་ཡང་རྩེ་ཡིན། །སྒོས་དམ་ཆོས་ཟབ་མོ་དོ་ཧ་དེ། །རྗེ་ས་ར་ཧ་ཡིས་ང་ལ་བྱིན། །བུ་ཐུགས་ཀྱི་དཀྱིལ་དུ་འདི་ཆོངས་གསུངས། །ལར་གསང་སྔགས་

p. 52

ཐེག་པའི་སྤྱོད་ཚུལ་ནི། །ཕྱི་ཡི་དམ་ལྷ་ཡི་གཞལ་ཡས་ཁང་། །ནང་ཕོ་མོ་ལྷ་ཡི་རང་བཞིན་ཏེ། །དེ་བསྐྱེད་པའི་རིམ་པ་ཙམ་དུ་ཟད། །ཀྱེེ་རྡོ་རྗེ་འཛིན་པ་འབྲོམ་རྗེ་མཆོག །ཆོས་ཡེ་སྟོང་ལྷན་གྲུབ་ཟབ་མོ་དེ། །དོན་རྫོགས་པའི་རིམ་པ་ཡིན་ནོ་སྒོམས། །ཀྱེ་ཕྱི་ཡི་ཆ་ལུགས་དུ་མ་ཡང་། །ཁོང་གདུལ་བྱའི་བློ་ལ་བསྐྱེད་རིམ་ཡིན། །དོན་ཡེ་སྟོང་ཟབ་མོའི་རང་བཞིན་ལ། །ཕྱི་ཆ་ལུགས་དྲང་དོན་ཚུགས་མི་ཐུབ། །བུ་མཐར་ཐུག་དགོསན་དེ་ལ་མཛོད། །མི་ཁྱེད་འདྲ་བྱུང་ན་ལུང་སྟོང་རྣམས། །རྗེ་རིག་འཛིན་དུ་མའི་གར་གྱིས་གང་། །སྐོམ་སྨོ་ཆུ་བཏུངས་ཀྱང་འོ་མར་འགྱུར། །གྲོགས་བདུད་མོས་བསྐོར་ཡང་ལྷ་མོར་འཆར། །དེའང་ལེགས་པར་དཔྱད་ན་ཤེས་རབ་དབྱིངས། །སེམས་རབ་མཐར་ཕྱིན་པའི་ཆོས་ལུགས་ཡིན། །གསུངས། འབྲོམ་གྱི་དགོངས་པ་ལ། བླ་མ་དམ་པའི་གསུངས་ལུགས་ཀྱིས། །འཚང་རྒྱ་བ་ལ་ཐེག་པ་ཆེན་པོ་གསང་སྔགས་འདི་ཤིན་ཏུ་ཉེ་བའི་ཐེག་པའི་ཡང་རྩེ་ཡིན་ཏེ། འདི་ཉམས་སུ་ལོན་ན་དག་སངས་རྒྱས་སྒྲུབ་པ་ལ་འདི་བས་ཉེ་བ་མེད་དགོངས། ཁོ་བོ་དག་ཉམས་སུ་བླངས་

p. 53

ནས། ཕྱིས་ཀྱི་སྐུ་མཆེད་གསུམ་འདྲ་བ་སྣོད་དང་ལྡན་པ་འགའ་རེ་ལུང་སྟོང་དུ་ཁྲིད་ཅིང་བསྒོམས། ཉམས་རྡོལ་འོད་གསལ་གྱི་རིག་ཤེས་འབར་སའི་དཀྱིལ་འཁོར་གར་གྱིས་འགེངས་པ་འོངས་གསུངས། ད་གཟད་དོ་ཧ་ལ་རྩལ་ཐོན་པ་ཅིག་བྱས། ནུ་བོ་གསུམ་ལ་སོགས་པ་འགའ་ཞིག་ཁྲིད་ནས། ལུང་སྟོང་ཞིག་ན་བཟང་པོ་ཁ་ཅིག་འདུག་གོ་ཟེར་བའི་སྒྲ་ཅིག་བསྒྲགས་ཙན། གྲུབ་ཐོབ་ངོ་མཚར་ཅན་ཡོད་ཆོས་ཞུ་རུ་འགྲོ་ཟེར་གསུངས། ཐེག་པ་ཆེན་པོ་གསང་སྔགས་ལས་ངོ་མཚར་ཆེ་བ་གང་ན་མེད། ཐམས་ཅད་ཀྱི་རྒྱུད་སྡེ་ནས་ཇི་སྐད་འབྱུང་བ་བཞིན་དུ་ལས་སྐལ་དང་ཟས་སྐལ་རྟེན་འབྲེལ་དུ་འཛོམ་ནས་འགྲོ་བའི་དཔལ་མགོན་ཆེན་པོར་གྱུར་ན། དེ་ལས་ལྷག་པ་མེད། ངོ་མཚར་ཆེ་གསུངས། ད་ཧྲིལ་ཏེ་དྲིལ་བའི་མདོ་དོན་ལ། གསང་སྔགས་ཟབ་མོ་སྣོད་མིན་རྣམས་ལ་ལེགས་པར་གསང་ལ། འཚང་རྒྱ་བ་ལ་འདི་ལས་བསྔགས་པ་མེད་པས་སྣོད་ལྡན་རྣམས་ལ་འདི་དབེན་པར་བསྟན་ཅིང་། བསྟོད་བཀུར་བསྔགས་གསུམ་བྱའོ་གསུངས། དེ་དུས་ལྷ་བཞིའི་ཞལ་ནས། སྲས་ཁྱོད་ཀྱི་ཐེ་ཚོམ་

p. 54

རབ་སྤངས་ནས། །སྔགས་ཟབ་མོ་འདམ་ཁ་ལེགས་སོ་རྗེ། །གསང་ཞེས་པ་ཆོས་ཀྱི་སྐྱོན་མ་ཡིན། །རྗེ་སངས་རྒྱས་སྒྲུབ་ལ་རང་བསྔགས་ཀྱང་། །སྣོད་ཐ་མལ་རྣམས་ཀྱིས་འཆུན་པར་དཀའ། །མི་ཁྱོད་ཀྱི་བློ་དང་རབ་བསྟུན་ནས། །བུ་སྔགས་ཀྱི་དཀྱིལ་འཁོར་ནང་དུ་བསྟེན། །ཅེས་གསུངས་ནས། རྣམ་པར་དག་པའི་མཁའ་ལ་ཡལ། ཡང་ཇོ་བོས། ཆོས་དམ་ཚིགས་མ་ཉམས་ལེགས་བསྲུངས་ན། །དུས་རིང་པོར་མི་ཐོགས་མངོན་འཚང་རྒྱ། །ཆོས་མཐར་ཐུག་ཐེག་པའི་ཡང་རྩེ་ཡིན། །སོགས་གསང་སྔགས་ལ་བསྔགས་བརྗོད་དུ་མ་གསུངས་སོ། །ཡང་འབྲོམ་གྱིས། ང་མི་རྒན་ཉི་མ་ལྡེ་བ་འདྲ་བ། སྡེ་སྣོད་ཐང་མར་བརྡལ་ནས། སུ་རེག་རེག །སུ་ལྟ་ལྟ། ཁ་རེག་ཁ་སྣུམ། ལག་རེག་ལག་སྣུམ། ཁེ་རི་རྩམ་པ། གང་ཐོབ་ཐོབ་རྒྱལ་བའི་ཆོས་ཤིག་མི་བྱེད་དམ། གསུངས། ཡང་འབྲོམ་གྱིས། སངས་རྒྱས་ཀྱི་བསྟན་པ་དགེ་འདུན་ལ་རག་ལས། དགེ་འདུན་དམ་པའི་ཆོས་འདུལ་བ་ལ་རག་ལས། འདུལ་བ་འདུལ་བ་འཛིན་པ་ལ་རག་ལས་པས། ཁོ་བོས་སངས་རྒྱས་ཀྱི་བསྟན་པ་ལ་བསམ་ནས། དམ་པའི་ཆོས་འདུལ་

p. 55

བ་ལ་ཆོས་སྐལ་ཞིག་བགྱིའོ། །དྲང་བའི་དོན། ངེས་པའི་དོན། སྔོན་རྒྱལ་བ་སྲས་བཅས་རྣམས་ཀྱིས་དཀའ་བ་སྤྱད་ཚུལ་ལ་སོགས་ཟབ་དགུ་ཐམས་ཅད་མདོ་སྡེ་ལ་ཡོད་པས། མདོ་སྡེ་ལའང་ཁོ་བོའི་ཆོས་སྐལ་ཞིག་བགྱིའོ། །ཁོ་བོ་ཀུན་རྫུན་ལ་མི་མཁས། མངོན་ཤེས་ཐོགས་པ་མེད་པའང་མེད་པས། ཤེས་བྱའི་དཀྱིལ་འཁོར་སྟོན་པ་ལ་རི་བོ་མཆོག་རབ་ལ་སོགས་པའི་ཚད་དབྱིབས་གླིང་བཞི་སྟོང་གསུམ་ལ་སོགས་མངོན་པ་ལ་བསྟེན་ནས་སོ་སོ་སྐྱེ་བོས་ཀྱང་ཤེས་སུ་རུང་བས་བྱང་ཆུབ་པ་དམིགས་ཏེ་ཁོ་བོས་མངོན་པ་ལའང་ཆོས་སྐལ་ཞིག་བགྱིའོ། །སྡེ་སྣོད་གསུམ་བྱས་ཀྱང་རུང་། བསླབ་པ་གསུམ་བྱས་ཀྱང་རུང་། ཆོས་གསུམ་པོ་འདི་ནི་ཕྱི་རབས་ཀྱི་གདུལ་བྱ་ལ་བྱིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པས་ས་གཞི་གང་བ་ཙམ་བྱས། དེ་དག་གི་རྒྱུད་ཐམས་ཅད་སྡེ་སྣོད་གསུམ་གྱིས་རྒྱས་པར་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་གསལ་བར་བྱའོ་སྙམ་དུ་ནན་ཏན་ཐུགས་ལ་བཅངས་ཤིང་སེམས་པ་ན། ལྷ་བཞིའི་ཞལ་ནས། ཆོས་བསླབ་གསུམ་ལམ་སྟོན་བཀའ་གདམས་པས། །རྒྱུད་གདུལ་

p. 56

བྱ་དག་པ་དཔག་མེད་འབྱུང་། །བཀའ་ཟབ་མོའི་གདམ་ཁ་མ་ལོག་རྗེ། །དུས་ཐོག་མཐའ་བར་གསུམ་རབ་ཏུ་བཙན། །གསུངས། ཇོ་བོའི་ཞལ་ནས། བུ་ཐེ་ཚོམ་མ་མང་སྡེ་སྣོད་ཟུང་། །དུས་གཏན་གྱི་འདུན་མ་འདི་ཉིད་བཟང་། །གསུངས། ཡང་ལན་ཅིག་ཨ་མེས་ཀྱིས། ཇོ་བོ་ལ་བླ་མ་ཅི་ཙམ་ཡོད་ཞུས་བས། དེ་དུས་ཇོ་བོས་ཀྱང་བླ་མ་འདི་འདྲ་རང་བསྟེན། འདི་འདྲ་རང་བསྟེན་བླ་མ་རྣམས་བསྡོམས་ན་འདི་ཙམ་ཞིག་ཡོང་བར་འདུག །བླ་མ་ལ་འདམ་ཁ་མི་བྱེད་པར་རྒྱུད་མན་ངག་ཆེ་ཆུང་མེད་པས་ཕྱུག་པ་ཅིག་འོང་བ་ཡིན། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་དེ་ཡིན་ནམ་གསུངས། དེ་ལགས་ཞུས་པས། འོ་ན་ཨ་མེས། ང་ལ་བླ་མ་བཙུན་པོ་བཙུན་པོའང་མང་པོ་ཡོད། མཁས་པ་དང་བཟང་པོའང་མང་པོ་ཡོད། རྣལ་འབྱོར་ཕོ་མོའང་ཡོད། སྦས་པའི་བརྟུལ་ཞུགས་མཛད་པའང་ལྔ་བཅུ་ཙམ་ཡོད། ལར་བསྡོམསན་བརྒྱ་དང་ལྔ་བཅུ་ཙམ་ཡོད་གསུངས། དག་སྣང་ཆེ་ན་རང་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་ཅིར་ཡང་འཆར་ཏེ། ཇོ་བོ་རྗེས། དག་སྣང་བྱ་བར་ཅིར་ཡང་འཆར། གསུངས། བླ་མ་འོད་ཟེར་སྙིང་པོས། ལས་དང་

p. 57

སྐལ་བར་ལྡན་པ་ལ། །ཡེ་ནས་དག་པའི་ནམ་མཁའ་ནས། །རྩི་ཤིང་ནགས་ཚལ་ལ་སོགས་པ། །གཞན་ལས་སྒྲ་འབྱུང་སྨོས་ཅི་འཚལ། །ཀུན་ལས་ཆོས་ཀྱི་སྒྲ་ཡང་འབྱུང་། །གསུངས། བསམ་པ་མ་དག་ན་བདེ་གཤེགས་གསུང་ཡང་མི་ཐོས་ཏེ། རྒྱལ་བུ་ཀུན་ཏུ་དགའི་ཞལ་ནས། མ་དག་རྣམས་ལ་བདེ་གཤེགས་ཀྱི། །ངེས་པའི་ཚིག་ཀྱང་མི་ཐོས་ན། །རྩི་ཤིང་བར་སྣང་ལ་སོགས་པའི། །གཞན་ལས་སྒྲ་འབྱུང་སྨོས་ཅི་འཚལ། །གསུངས། འབྲོམ་གྱིས། ཚུལ་ཁྲིམས་ལྡན་པ་རྣམས་སྤྱི་བོར་མཆོད། ཐནན་བཟའི་རས་མ་ཡན་ཆད་བླངས་ནས་སྤྱི་བོར་འཇོག །བཙུན་ཆུང་ཆུང་ཆུང་ཞིག་བྱུང་ཡང་། ཁྱེད་དགེ་འདུན་ཡར་འབྱོན་པར་ཞུ་ཟེར། གསུངས། ཡང་ཇོ་བོ་ཆེན་པོའི་ཞལ་ནས། གཞན་ཡང་བླ་མ་དག་ཁོ་བོ་ལ་ཤིན་ཏུ་བྱམས་པ་ནི་བྱམས། ལ་ལ་སེམས་ཙམ་པ་ཡིན་པས། ངས་གྲུབ་མཐའ་མ་བཟུང་ཟེར་ནས། བཀའ་བཀྱོན་པ་སྐད་གསུངས་པའང་ཡོད་དེ་དྲང་དོན་ཡིན། ཧྲིལ་དེ་དྲིལ་ན། དེ་རིང་གི་ཆོས་དེ་དག་འདུས་ཆེ་ལ་ཟབ། ལས་ཆུང་ལ་གོ་བདེ་གསུངས།

p. 58

ཡང་ཇོ་བོ་ཉན་མཚོ་རུ་བྱོན་པ་ལ། བོད་སྟོན་རྣམས་ཀྱིས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་དང་། དབུ་མ་པ་ལ་སོགས་རང་རེའི་ལྟ་བ་གང་འཛིན་པ་དེའི་ལྟ་བ་ཕུལ་གྱིན། ངན་བུའི་ལྟ་བ་འདི་ལྟར་འཚལ་ན། འདིས་གོ་ཆོད་དམ་མི་ཆོད་བྱས་ཀྱིན་ཞུས་པས། དེ་ཐམས་ཅད་ལ་ལྟ་བ་དེས་ཤིན་ཏུ་ཡང་གོ་ཆོད་དོ། །ད་ལྟ་བ་དེ་བཟུང་ལ་སྤྱོད་པ་ཕྱིན་ཅི་མ་ལོག་པ་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་འོན་ཀྱང་དོན་འགྲུབ་པ་ཡིན་ནོ་གསུངས། སྐྱེས་བུ་དམ་པ་མཉམ་མེད་ཇོ་བོ་ཡབ་སྲས་ཀྱི་གསུང་ལ་ཚད་མར་མི་འཛིན་པ་སུ་ཡོད། དེས་ན་སྐྱེ་བོ་ཕོ་མོ་རྣམས་ཀྱིས་ཆོས་ལུགས་རབ་འབྲིང་ཐ་གསུམ་གང་ལ་ཡང་དག་སྣང་སྦྱངས་ནས་རང་གང་མོས་ཀྱི་ཆོས་ལ་ཉམས་ལེན་བྱེད་པ་གཅེས། སྨྲས་པ། བླ་མ་ནོར་བུ་དབང་གི་རྒྱལ་པོ་དེ། །བདག་གི་སྤྱི་གཙུག་རྒྱལ་མཚན་རྩེ་མོར་བཞུགས། །ཆོས་ཀྱིས་ཕོངས་པའི་གདུལ་བྱ་སེམས་ཅན་ལ། །ཟབ་རྒྱས་ཆོས་ཀྱི་དགོས་འདོད་ཆར་བཞིན་ཕོབ། །སྔར་མེད་བསོད་ནམས་ཆེ་བའི་དེད་དཔོན་ངས། །ལེགས་བཤད་རིན་ཆེན་མཛོད་ཀྱི་སྒོ་ཕྱེ་ནས། །སྐབས་འདིར་

p. 59

ཞལ་གདམས་གསེར་གྱི་ཕྲེང་བ་ཞིག །སྐལ་བཟང་གདུལ་བྱའི་མགུལ་བའི་རྒྱན་དུ་འབུལ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན། །སངས་རྒྱས་བྱང་སེམས་གྲངས་ལས་འདས་པ་བཞུགས། །དེ་དག་རྣམས་ཀྱི་འགྲོ་བ་གྲངས་མེད་ལ། །སྔོན་དུས་ཆོས་ཀྱི་འཁོར་ལོ་དཔག་མེད་བསྐོར། །ཁྱད་པར་སངས་རྒྱས་ཀུན་གྱི་ནངནས་ཀྱང་། །པད་དཀར་ལྟ་བུར་བསྔགས་པའི་བཅོམ་ལྡན་འདས། །ཤཱཀྱ་ཐུབ་པ་སྙིགས་མའི་དུས་སུ་བྱོན། །ཆོས་འཁོར་བསྐོར་ཚུལ་བཤད་ན་བརྗོད་མི་ལང་། །སྔོན་གྱི་སངས་རྒྱས་རྣམས་ཀྱང་དེང་སང་གི །དུས་འདིར་བླ་མ་རྒྱལ་བློན་མཁས་གྲུབ་ཀྱི། །ཚུལ་བཟུང་གསུང་རབ་དགོངས་འགྲེལ་ཚིག་དོན་རྣམས། །རྒྱས་འབྲིང་བསྡུས་གསུམ་བརྩམས་ནས་སྟོན་པ་མང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །འགྲོ་བ་གང་ལ་གང་འདུལ་སྐུར་བསྟན་ནས། །གང་འཚམ་ཆོས་བསྟན་འགྲོ་དོན་མཛད་པར་གསུངས། །དེ་ཕྱིར་བོད་ཡུལ་གངས་ཅན་ལྗོངས་འདི་རུ། །དར་བའི་ཆོས་

p. 60

ལུགས་གྲུབ་མཐའ་སྣ་ཚོགས་པ། །དེ་འཛིན་སྐྱེས་བུ་དམ་པ་ཐམས་ཅད་ནི། །སངས་རྒྱས་རྣམས་ཀྱི་སྤྲལ་པར་བལྟ་བ་གཅེས། །ཆོས་ལུགས་ཀུན་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱིས། །གསུངས་པའི་ཆོས་ཀྱི་ནང་ནས་ཁྱད་པར་དུ། །ནང་པ་སངས་རྒྱས་བསྟན་པ་འདི་ཉིད་ལས། །མཆེད་པ་ཡིན་པས་དག་སྣང་སྦྱོང་བ་གནད། །དེང་སང་དུས་ངན་བསྐལ་པའི་སྙིགས་མ་ལ། །ང་ཡི་ཆོས་དང་ཁྱོད་ཀྱི་ཆོས་ལུགས་ཞེས། །སོ་སོར་ཕྱེ་ནས་བསྟན་དང་བསྟན་འཛིན་ལ། །དགྲ་ལྟར་སྡང་བ་འདི་ལ་སྐྱོ་བ་སྐྱེས། །དད་གུས་དག་སྣང་སྒོ་ནས་མི་བཀུར་ཀྱང་། །གཤེད་སྐུར་བཏབ་ནས་ལས་ངན་མི་གསོག་པར། །ཉེ་རིང་ཆགས་སྡང་མེད་པར་བཏང་སྙོམས་སུ། །བཞག་ན་ཆོས་སྤོང་ཉེས་པས་གོས་མི་འགྱུར། །སྔོན་བྱོན་དམ་པ་གོང་མ་ཐམས་ཅད་ཀྱིས། །ཆོས་ལུགས་གཞན་ལ་དག་སྣང་མཛད་བཞིན་དུ། །རང་ཉིད་གང་མོས་ཆོས་དེ་ཉམས་བླངས་པས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་གསུངས། །དེ་ཕྱིར་མཆོག་ཐུན་དངོས་གྲུབ་སྣ་ཚོགས་པ། །ཐོབ་པར་འདོད་པས་ཆོས་དང་གང་ཟག་གཞན། །བཟང་པོར་བལྟ་ཞིང་མཆོད་

p. 61

བསྟོད་བཀུར་བ་དང་། །གང་མོས་ཆོས་རྣམས་ཉམས་སུ་ལེན་པར་མཛོད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། ༈ ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས་བསྟན་པ་ནི། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ་བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིནནོ། །ཞེས་གསུངས་པ་ལྟར་རྒྱལ་བས་ལེགས་པར་བཤད་པ་ཇི་སྙེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་ནི་འཇིག་རྟེན་གྱི་དོན་སྒྲུབ་པ་ཡིན་ལ། གདུལ་བྱ་ཡང་རིགས་ཅན་གསུམ་ཀ་རྗེས་སུ་འཛིན་པས་དེ་དག་གི་ལམ་ལ་བསླབ་དགོས་ཏེ། བྱང་ཆུབ་སེམས་འགྲེལ་ལས། རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར་འདོད་པ་ཡིས། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་དང་། རྣམ་འགྲེལ་

p. 62

ལས་ཀྱང་། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་ཏེ། རང་གིས་ཇི་ལྟ་བ་བཞིན་མ་ངེས་ན་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བཞེད་དོན་སྒྲུབ་བྱེད་ཀྱི་ཐབས་ཡིན་པར་མ་ཕམ་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་གསུངས་ཤིང་། རྒྱལ་བའི་ཡུམ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་གསུངས་པས། ཐེག་པ་ཆེན་པོ་བ་ཡིན་པའི་ཕྱིར་ཐེག་དམན་གྱི་སྡེ་སྣོད་ལ་བསླབ་པར་མི་བྱའོ། །ཞེས་སྨྲ་བནི་འགལ་བའི་རྟགས་སོ། །ཐེག་པ་ཆེན་པོའམ་ལམ་ལ་འཇུག་པ་ལ་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་ཡོད་ལ། ཐུན་མོང་པ་ནི་ཐེག་དམན་ཀྱི་སྡེ་སྣོད་ནས་འབྱུང་བ་རྣམས་ཡིན་པས་དེ་

p. 63

དག་དོར་བྱར་ག་ལ་འགྱུར། དེས་ན་རང་གཅིག་པུ་ཞི་བདེ་དོན་གཉེར་ལ་སོགས་པའི་དམིགས་བསལ་ཅན་འགའ་རེ་མ་གཏོགས་པ་ཐམས་ཅད་ཐེག་ཆེན་པས་ཀྱང་ཉམས་སུ་བླང་དགོས་པས། བྱང་སེམས་རྣམས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་ཐེག་པ་གསུམ་ཀ་རྒྱ་ཆེར་སྟོན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཞན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། སྐྱོན་ཕྱོགས་རེ་ཟད་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་ཙམ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ། དེ་སྒྲབ་པའི་ཐེག་པ་ཆེན་པོ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་བསྐྱེད་པས་ན་ཐེག་པ་གཞན་ཐམས་ཅད་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་སྒྲུབ་པའི་ཐེག་པ་ཆེན་པོའམ་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པའམ་ཡོན་ཏན་སྣ་རེ་བསྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་དང་། དེ་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་མི་སྒྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་

p. 64

ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་འཇུག་པ་ལ་ཐེག་དམན་གྱི་མདོ་སྡེ་ནས་བཤད་པའི་ལམ་རྣམས་དགོས་ནའང་རྡོ་རྗེའི་ཐེག་པར་འཇུག་པ་ལ་ནི་ཕར་ཕྱིན་གྱི་ཐེག་པའི་ལམ་རྣམས་ཐུན་མོང་བར་མི་འགྱུར་ཏེ་ལམ་མི་མཐུན་པའི་ཕྱིར་རོ་ཞེན། འདི་ཡང་ཆེས་མི་རིགས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ་ནི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདུ་བ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་བསྟེན་དགོས་པར་ཇི་སྐད་དུ་དཔལ་རྡོ་རྗེ་རྩེ་མོ་ལས། འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ཞེས་དང་། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་འདོར་བར་མི་བྱའོ། །ཞེས་གསུངས་ཤིང་། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་དུ་མར་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་གཟུང་དགོས་པར་གསུངས་ལ། སྔ་མ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡིན་ཅིང་སྡོམ་པ་གཟུང་བ་ནི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་

p. 65

ཁས་བླང་བ་ཡིན་པས་སེམས་བསྐྱེད་ནས་བསླབ་པ་ལ་སློབ་པར་ཁས་བླངས་པ་བཞིན་དུ་སློབ་པ་ལས་གཞན་པའི་ལམ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལ་ཡང་མེད་པའི་ཕྱིར་དང་། རྡོ་རྗེ་མཁའ་འགྲོ་དང་སམྦུ་ཊ་དང་རྡོ་རྗེ་རྩེ་མོ་རྣམས་སུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོསནི་མ་ལུས་གཟུང་། །ཞེས་འོད་དཔག་མེད་ཀྱི་དམ་ཚིག་གཟུང་བའི་སྐབས་སུ་གསུངས་པ་ལྟར་སྔགས་ཀྱི་སྡོམ་པ་འཛིན་པ་ན་ཁས་བླང་དགོས་པའི་ཕྱིར་རོ། །འདི་དག་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས་ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ནི་ཐེག་པ་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་

p. 66

གསུངས་པ་ལྟར་སངས་རྒྱས་སུ་བགྲོད་པའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས་འདོར་དུ་མི་རུང་ངོ་། །འདི་ཉིད་རྡོ་རྗེ་ཐེག་པ་ལས་ཀྱང་མང་དུ་བཀའ་སྩལ་པས་ན་མདོ་རྒྱུད་གཉིས་ཀའི་ལམ་ཐུན་མོང་པའོ། །དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྡོམ་པ་དང་རིམ་པ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པ་མྱུར་བ་ཡིན་གྱི་ལམ་ཐུན་མོང་བ་དོར་ན་ནི་ནོར་བ་ཆེན་པོའོ། །དེ་ལྟ་བུའི་གོ་བ་མ་རྙེད་ན་ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་དང་གཞན་རྣམས་སྤོང་ཞིང་ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཅིག་སྐྱེས་པ་ན་རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤོང་ཞིང་། སྔགས་ལ་ཡང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤང་བར་འགྱུར་བས་འབྲེལ་ཆེ་ལ་འབྱུང་ཉེ་ཞིང་རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་གསོག་པར་འགྱུར་སྟེ། དེའི་ཁུངས་ནི་འོག་ཏུ་སྟོན་པར་འགྱུར་རོ། །དེའི་ཕྱིར་དམ་པའི་མགོན་ལ་བརྟེན་ནས་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་བརྟན་པར་

p. 67

བྱས་ལ། ད་ལྟ་ཉམས་སུ་ལོངས་པ་རྣམས་ཉམས་སུ་བླང་ཞིང་དངོས་སུ་འཇུག་ལྡོག་མ་ནུས་པ་རྣམས་ཀྱང་རང་ཉིད་ཀྱིས་འཇུག་ལྡོག་མ་ནུས་པ་རྒྱུ་མཚན་དུ་བྱས་ནས། མི་སྤོང་བར་དེ་དག་ལ་དངོས་སུ་འཇུག་ལྡོག་གི་སྒོནས་ཉམས་སུ་ལོན་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་བསམས་ནས་དེའི་རྒྱུར་ཚོགས་བསགས་པ་དང་སྒྲིབ་པ་སྦྱང་བ་དང་སྨོན་ལམ་གདབ་པར་བྱའོ། །དེས་ནི་རིང་པོར་མི་ཐོགས་པར་བློའི་མཐུ་ཇེ་ཆེ་ཇེ་ཆེར་སོང་སྟེ་དེ་དག་ཐམས་ཅད་ཉམས་སུ་ལེན་ནུས་པར་ཡང་འགྱུར་རོ། །དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང་། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ། ཞེས་གསུངས་ཏེ་ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་ན་གདམས་ངག་འདིས་མདོ་སྔགས་ཀྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་པས་ན་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་ལྡནནོ། །གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བ་ནི། སྤྱིར་ཐར་པ་འདོད་པ་རྣམས་ལ་འཕྲལ་དང་ཡུན་གྱི་ཕན་བདེ་ཐམས་

p. 68

ཅད་སྒྲུབ་པའི་ཐབས་ནི་རྒྱལ་བའི་གསུང་རབ་ཉིད་ཡིན་ཏེ། བླང་དོར་གྱི་གནས་ཐམས་ཅད་སྟོན་པ་ལ་འཁྲུལ་པ་མ་ལུས་པ་དང་བྲལ་བ་ནི་སངས་རྒྱས་ཉག་གཅིག་ཡིན་པའི་ཕྱིར་རོ།།དེ་ལྟར་ཡང་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་དེ་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་སོ། །དེན་རྒྱལ་བའི་བཀའ་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་གདམས་པའི་མཆོག་ཡིན་ནོ། །དེ་ལྟ་ནའང་ཚད་ལྡན་གྱི་དགོངས་འགྲེལ་དང་དམ་པའི་མན་ངག་དང་མི་ལྡན་པར་བཀའ་ལ་རང་སྟོབས་ཀྱིས་ཞུགས་པས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་དགོངས་པ་མི་རྙེད་པས་ཤིང་རྟ་ཆེན་པོ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་དང་མན་ངག་རྣམས་མཛད་དོ། །དེའི་ཕྱིར་མན་ངག་རྣམ་པར་དག་པ་ཡིནན་གཞུང་ཆེན་པོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི་མན་ངག་ལ་ཅི་ཙམ་སྦྱངས་ཀྱང་བཀའ་དང་

p. 69

དགོངས་འགྲེལ་ཆེན་མོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ་དེ་དག་དང་མི་མཐུན་པའི་ལམ་སྟོན་ནནི་འདོར་བར་བྱ་བ་ཁོ་ནའོ། །གང་ཡང་གཞུང་ཆེན་མོ་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང་ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས་དམ་པའི་ཆོས་རང་ལ་བཤད་པ་དང་སྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང་། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །དེས་ན་ཐར་འདོད་རྣམས་ལ་མི་བསླུ་བའི་གདམས་པ་མཆོག་ནི་གཞུང་ཆེན་མོ་རྣམས་ཡིན་མོད། དེ་ཡང་རང་ཉིད་བློ་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གདམས་པའི་མཆོག་ཏུ་གཞུང་དེ་ཙམ་ལ་བརྟེནནས་ངེས་མི་ནུས་པས་དམ་པའི་མན་ངག་ལ་བརྟེན་ནས་དེ་དག་ལ་ངེས་པ་བཙལ་བར་བྱའོ་སྙམ་དུ་མན་ངག་འཚོལ་དགོས་བ་

p. 70

ཡིན་གྱི་གཞུང་རྣམས་ནི་ཕྱི་རྒྱ་གཅོད་པ་ཙམ་ཡིན་པས་སྙིང་པོ་མེད་ལ། མན་ངག་རྣམས་ནི་ནང་གི་དོན་སྟོན་པས་མཆོག་གོ་སྙམ་དུ་མི་གཟུང་ངོ་། །རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས། གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི་གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་ཞེས་པ་དང་། ཇོ་བོ་ཆེན་པོའི་སློབ་མ་སྒོམ་པ་རིན་ཆེན་བླ་མས་ཀྱང་། ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པས་ད་གཞུང་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །སྟོན་པ་རིན་པོ་ཆེའི་ཞལ་ནས། ཆོས་མང་དུ་བསླབས་ནས་ཆོས་བྱེད་ལུགས་གཞན་དུ་རྩད་གཅོད་དགོས་པ་བྱུང་ནནོར་བ་ཡིན་གསུང་པ་ལྟར། ཡུན་རིང་པོར་ཆོས་མང་དུ་བསླབས་ཀྱང་ཆོས་བྱེད་ལུགས་ཡེ་མི་ཤེས་པར་ཆོས་བྱེད་འདོད་བྱུང་བ་ན་རྩད་གཞན་ནས་གཅོད་དགོས་པ་རྣམས་ཀྱང་སྔར་བཤད་པ་ལྟར་མ་གོ་བས་ནོངས་ཏེ། འདིར་བསྟན་པ་ནི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་

p. 71

དོ། །ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་ལ། ལུང་གི་བསྟན་པ་ནི་ཆོས་ལག་ཏུ་ལེན་པའི་ཚུལ་སྒྲུབ་པ་བྱེད་ལུགས་གཏན་ལ་འབེབས་པ་ཡིན་ལ། རྟོགས་པའི་བསྟན་པ་ནི། གཏན་ལ་འབེབས་པ་ན་ཇི་ལྟར་གཏན་ལ་ཕབ་པ་ལྟར་སྒྲབ་པ་ཡིན་པས་དེ་གཉིས་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། དཔེར་ན་རྟ་རྒྱུག་པ་ན་སྔོན་ལ་རྟ་ལ་དཀྱུ་ས་སྟོན་པ་དང་བསྟན་ཟིནནས་དེ་རུ་རྒྱུག་པ་ལྟ་བུ་ཡིན་ནོ། །དཀྱུ་ས་གཞན་དུ་བསྟནནས་རྒྱུག་ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར་པ་ལྟར། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་སྒྲུབ་པ་ན་གཞནཞིག་སྒྲུབ་ཏུ་ག་ལ་རུང་། དེ་ལྟར་ཡང་སྒོམ་པའི་རིམ་པ་ཐ་མ་ལས། ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་པ་གང་ཡིན་པ་དེ་ཉིད་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱའི་གཞན་དུ་མ་ཡིན་ཏེ་རྟ་དཀྱུ་ས་བསྟན་ནས་རྒྱུག་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་གདམས་པ་འདིས་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལམ་གྱི་

p. 72

གནད་ཐམས་ཅད་ཚང་བར་བསྡུས་ནས་དེ་དག་ཐམས་ཅད་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་བྱེད་དཔྱད་ནས་སྒོམ་དགོས་པ་རྣམས་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་པས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་རོ། །དེ་ལྟར་མ་ཡིན་པའི་ལམ་གྱི་ལུས་ཡོངས་སུ་མ་རྫོགས་པའི་ཆ་ཤས་འགའ་རེ་ལ། སོ་སོར་རྟོགས་པའི་ཤེས་རབ་དང་བྲལ་བར་ཚེ་དྲིལ་ནས་ཉམས་སུ་བླངས་པས་ནི་གཞུང་ཆེན་མོ་རྣམས་གདམས་ངག་ཏུ་མི་འཆར་བར་མ་ཟད་དེ་དག་ལ་ཕྱིའི་གོ་རྒྱ་གཅོད་པ་ཙམ་དུ་མཐོང་ནས་སྤང་བར་འགྱུར་ཏེ། གཞུང་ཆེ་བ་རྣམས་ནས་བཤད་པའི་བརྗོད་བྱ་དེ་དག་ནི་ཕལ་ཆེར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་དགོས་པ་ཤ་སྟག་ཏུ་སྣང་ལ། དེ་ཡང་ཉམས་ལེན་གྱི་ཚེ་དོར་ན་དེ་དག་ལ་གདམས་པའི་མཆོག་ཏུ་མཐོང་བའི་ངེས་པ་ཇི་ལྟར་སྐྱེ། དེ་དག་གདམས་པའི་མཆོག་མ་ཡིནན་ནི་དེ་དག་མཛད་པ་ལས་ལྷག་པའི་གདམས་ངག་མཁན་པོ་སུ་ཞིག་གིས་རྙེད། དེ་ལྟར་མདོ་སྡེ་ཟབ་ཅིང་རྒྱ་ཆེ་བ་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་ཤརན་རྒྱུད་སྡེ་ཟབ་མོ་

p. 73

དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱང་ཚེགས་མེད་པར་གདམས་ངག་ཏུ་ཤར་ནས་དེ་དག་ལ་གདམས་པའི་མཆོག་ཏུ་འཛིན་པའི་ངེས་པ་སྐྱེས་ཏེ་དེ་རྣམས་གདམས་ངག་དངོས་མིན་པའི་ཆོས་རྒྱབ་ཏུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་ལྡོག་པར་འགྱུར་རོ། །རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཀྱང་ཡོངས་སུ་མ་སྦྱངས་པའི་གང་ཟག་ལས་དང་པོ་པས་ནི། དམ་པའི་མན་ངག་ལ་མ་བརྟེན་པར་དེ་དག་ལ་ཞུགས་ཀྱང་དགོངས་པ་མི་རྙེད་ལ། རྙེད་དུ་ཆུག་ཀྱང་དུས་ཤིན་ཏུ་རིང་བ་དང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་སོ། །བླ་མའི་མན་ངག་ལ་བརྟེན་ན་ནི་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གདམས་པ་འདིས་ནི་བཀའ་དང་བསྟན་བཅོས་ཀྱི་གནད་མ་ངེས་པ་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཏེ་དེའི་ཚུལ་ནི་སྐབས་རྣམས་སུ་རྒྱས་པར་སྟོན་པར་འགྱུར་རོ། །ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་ནི། པདྨ་དཀར་པོ་དང་བདེན་པ་པོའི་ལེའུ་ནས་བཤད་པ་ལྟར་སངས་རྒྱས་ཀྱི་

p. 74

བཀའ་ཐམས་ཅད་དངོས་དང་བརྒྱུད་པས་འཚང་རྒྱ་བའི་ཐབས་སྟོན་པར་མ་གོ་བར་འགའ་ཞིག་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་བཟང་ངན་དང་རིགས་མི་རིགས་དང་ཐེག་པ་ཆེ་ཆུང་དུ་ཕྱེ་སྟེ། བྱང་སེམས་ཀྱིས་འདི་ལ་སློབ་དགོས་ལ་འདི་ལ་སློབ་མི་དགོས་སོ་ཞེས་དོར་བྱར་བཟུང་ན་ཆོས་སྤོང་བར་འགྱུར་ཏེ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ་གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིནནོ། །འདི་ནི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ་འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་

p. 75

བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་གསུངས་སོ། །ཆོས་སྤངས་ན་དེའི་ཉེས་པ་ཤིན་ཏུ་ལྕི་བ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱས་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །སྤྱིར་ཆོས་སྤང་འབྱུང་བ་ལ་སྒོ་མང་དུ་སྣང་ནའང་སྔར་བསྟན་པའི་སྒོ་འདི་ཆེ་ཤོས་སུ་སྣང་བས་འབད་པས་སྤང་བར་བྱའོ། །དེ་ཡང་སྔར་བསྟན་པ་ལྟར་གྱི་ངེས་པ་རྙེད་པ་ཙམ་གྱིས་ལྡོག་པར་འགྱུར་བས་ཉེས་སྤྱོད་རང་འགགས་སུ་འགྲོ་བའོ། །ཞེས་གང་གསུངས་པ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་གསུང་རབ་མ་ལུས་པ་གདམས་པར་འཆར་བ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་ཞིག་ཅི་ནས་ཀྱང་བྱའོ། །ཡང་ཁ་

p. 76

ཅིག་ན་རེ། སྐྱེས་བུ་ཆུང་འབྲིང་གཉིས་སྐྱེས་བུ་ཆེན་པོའི་ལམ་གྱི་སྔོན་འགྲོའམ་ཡན་ལག་ལྟ་བུ་ཡིན། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐྱེས་བུ་གཅིག་སངས་རྒྱས་ཀྱི་སར་འཁྲིད་པ་ངེས་པར་བདེནན། སྐྱེས་བུ་ཆུང་འབྲིང་གི་ལམ་ཀྱང་སྐྱེས་བུ་ཆེན་པོའི་ལམ་གྱི་ཁོངས་སུ་བསྡུས་ནས་ཆུང་འབྲིང་གི་བསམ་པ་མ་བསྐྱེད་པར་ཐོག་མནས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྐྱེས་བུ་ཆེན་པོར་འཁྲིད། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ཞེས་མིང་བཏགས་ནས་ཁྲིད་ན་ཚེགས་ཆུང་ལ་དོན་ཆེ་མིང་དོན་མཐུན་པས་ཆེས་ལེགས་ཀྱི། ཁ་ནས་སྐྱེས་བུ་གཅིག་སངས་རྒྱས་ཀྱི་སར་འཁྲིད་པ་སྐད་ཟེར་ཀྱང་། དོན་ལ་སྐྱེས་བུ་ཆེན་པོའི་ལམ་ལ་སློབ་པ་བཞག་ནས་ཐར་པ་ཙམ་དང་འཁོར་བའི་བདེ་བ་ཙམ་གཉེར་བའི་ཐེག་དམན་ལམ་ལ་བློ་འཁྲིད་པ་སྐྱེས་བུ་ཆེན་པོའི་ལམ་ལས་རིང་བར་འགྱུར་བས་སངས་རྒྱས་ཐོབ་པའི་གེགས། དོན་མེད་བསྐར་རེ་བསྐོར་རེ་མང་པོ་བྱས་ནས་སྐྱེས་བུ་བློ་ཁ་ཆུང་བ་རྣམས་ཀྱིས་གང་སྒྲུབ་ངོ་མི་ཤེས་པ་མགོ་འཁོར་བའི་རྒྱུ། དགོས་པ་ཅི་ཡང་མེད་པར་མ་ཟད་བྱང་ཆུབ་ཀྱི་ལམ་ལ་རིང་དུ་བཏང་བ་ཡིན་ལ། ཡང་སྐྱེས་བུ་གཅིག་སངས་

p. 77

རྒྱས་ཀྱི་སར་འཁྲིད་པའི་བྱང་ཆུབ་ལམ་རིམ་ཞེས་ཟེར་བ་དེ་བདེན་ན་སྐྱེས་བུ་གསུམ་གྱི་ལམ་རིམ་ཟེར་བ་གཉིས་དངོས་འགལ་གྱིས། སྐྱེས་བུ་གཅིག་བྱང་ཆུབ་ཏུ་འཁྲིད་པའི་ལམ་རིམ་ཡིན་ན་སྐྱེས་བུ་གསུམ་གྱི་ལམ་རིམ་ཡིན་ཟེར་བ་མར་བུད། སྐྱེས་བུ་གསུམ་གྱི་ལམ་རིམ་ཡིན་ན་སྐྱེས་བུ་གཅིག་བྱང་ཆུབ་ཏུ་འཁྲིད་པའི་ལམ་རིམ་ཡིན་ཟེར་བ་མར་བུད། འདི་འདྲ་ལ་དགོས་ཆེད་མི་འགལ་བར་ཤེས་བྱེད་ཀྱི་ལུང་རིགས་ཅི་ཡོད་ཟེར་ན། དེ་ལྟར་འཁྲིད་པ་ལ་དགོས་པ་ཆེ་ཚུལ་བཤད་ན་མཐའ་ཡས་ཀྱང་འདིར་རགས་པ་ཙམ་གོ་སླ་ཕྱིར་བཤད་ན། སྔོན་སྦྱངས་གང་ཟག་ལས་འཕྲོ་ཅན་ཐེག་པ་ཆེན་པོའི་རིགས་ཅན་དང་། ཚེ་འདིར་ཡང་བླ་མ་ཡུན་རིང་བསྟེན་ནས་བློ་ཁ་སྦྱངས་སྦྱངས་པའི་གང་ཟག་དབང་པོ་རབ་ཏུ་སོང་བ་ཞིག་ཡིན་ན་ཁྱོད་ཀྱིས་བཤད་པ་ལྟར་བྱས་ཀྱང་འགལ་བ་མེད་མོད། འོན་ཀྱང་འོ་སྐོལ་ཚེ་འཁོར་བ་ཐོག་མེད་ནས་འཁོར་བ་མཐོ་དམན་དུ་འཁོར་ལ་ཞེན་ཅིང་ཆགས་པའི་སྐྱེ་བོ་ངན་སོང་གསུམ་ནས་ཐོན་མ་ཐག་པ་ཞིག་ཡར་སངས་རྒྱས་ཀྱི་སར་འཁྲིད་དགོས་པ་ལ་ལམ་ལ་རིམ་གྱིས་བསླབས་ནས་བློ་མ་

p. 78

སྦྱངས་པར་ཐོག་མ་ནས་སེམས་བསྐྱེད་དུ་བཅུག་ནས་རྒྱལ་སྲས་ཀྱི་སྤྱོད་པ་བྱ་དཀའ་བ་རྣམས་ལ་བསླབ་ཚུལ་བསྟནན། དཔེར་ན་ཁབ་མིག་ཏུ་རས་ཡུག་བརྫངས་པ་ལྟར་བློ་ཁར་མི་ཤོང་ཞིང་། དཔེར་ན་བྱིས་པ་བཙས་མ་ཁད་ཞིག་ལ་ཐོག་མར་ནུ་ཞོ། དེ་ནས་རྩམ་ཉོག་སོགས་བྱིནནས་ཁོ་རང་གི་ཚོད་དང་བསྟུན་ནས་མ་བྱིན་བར། ཤ་ཆང་མར་ཐུད་བཟང་སྙམ་ནས་བྱིན་ན་ཟོས་ཀྱང་མི་ཕན་པར་མ་ཟད་ཟས་དེས་གནོད་ནས་འཆི་བ་ལྟར། འོ་སྐོལ་སོ་སྐྱེས་བློ་ཁ་ཆུང་བའི་བྱིས་པ་ལྟ་བུ་ལ་རྩམ་ཉོག་ལྟ་བུའི་ཆོས་ཆུང་ཆུང་སྔོན་ལ་བསྟན་ནས་བློ་རིམ་གྱིས་མ་སྦྱངས་པར། ཐོག་མ་ནས་བདག་བས་གཞན་གཅེས་ཀྱི་བྱང་སེམས་སྟོང་ཉིད་ལྟ་བ་སོགས་བསྟན་ན། ལོག་ལྟ་ཐེ་ཚོམ་སོགས་སྐྱེས་ཏེ་འདོར་བའི་ཉེན་ཡོད་ལ་ཐེག་ཆེན་སྤྱོད་པ་ཐེག་དམན་གྱི་སྲོག་གཅོད་ཟེར་བ་ལྟར་ཕན་ལས་གནོད་པར་འགྱུར་བ་ཆེས་མང་ངོ་། །འདི་དཔེར་ན་བྱིས་པ་ལ་དེའི་ཆོད་ཀྱི་ཟས་རྩམ་ཉོག་སོགས་བྱིན། དེ་ནས་གཞོན་དུ་སོང་ཚེ་དེའི་ཚོད་ཟན་བརྫིས་ནས་བྱིན། ལང་ཚོ་དར་ལ་བབས་ཚེ་ཤ་ཆང་སོགས་གང་འཆུན་ཚད་བྱིན་ནས་ཟོས་ན་ཤིན་ཏུ་ལེགས་པ་ལྟར། ལས་དང་པོ་

p. 79

བ་ཞིག་ལ་ཐོག་མར་ཚེ་འདི་ལ་ཞེན་ཅིང་ཆགས་པའི་བློ་ངན་གྱོང་པོ་དེ་ལྡོག་ཕྱིར་ཚེ་མི་རྟག་པ་ངན་སོང་གི་སྔག་བསྔལ་སོགས་བསམ་དུ་བཅུག །ཕྱི་མ་དོན་གཉེར་གྱི་བློ་སྐྱེས་པའི་ཚེ་ཕྱི་མར་མཐོ་རིས་གྱི་བདེ་བ་ཐོབ་ཐབས་ལས་སླ་བའི་ཆོས་མི་དགེ་བཅུ་སྤོང་སོགས་སྐྱེས་བུ་ཆུང་ངུའི་ཆོས་བསྟན། དེ་བློར་ཤོང་ནས་བློ་ཁ་ཆེར་སོང་ཚེ་དེ་ཙམ་ཞིག་གིས་མི་ཆོག་པའི་ཚུལ་འཁོར་བ་སྤྱིའི་ཉེས་དམིགས་བསམ་དུ་བཅུག་པས། མཐོ་རིས་ཀྱང་བདེ་བར་རེ་བའི་བློ་དེ་ལོག་ནས་ཐར་པའི་བདེ་བས་ཡིད་འཕྲོག་ཚེ་དེ་འཐོབ་ཐབས་བསླབ་གསུམ་སོགས་སྐྱེས་བུ་སྐྱེས་བུ་འབྲིང་གི་ཆོས་བསྟན། དེ་ནས་འབྲིང་གི་ལམ་ལ་བློ་སྦྱངས་ནས་བློ་ཆེར་སོང་ཚེ་སྐྱེས་བུ་ཆེན་པོའི་ལམ་རིམ་པས་བསྟན་ན་སྐྱེས་བུ་གཅིག་སངས་རྒྱས་ཀྱི་སར་འཁྲིད་པ་ལ་གང་གི་ས་ནས་བབ་མི་བརྡལ་བ་ཞིག་འོང་བས་ཤིན་ཏུ་ལེགས་ལ། གཞན་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིར་ཤེས་ན་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནམ་མཁའ་སའི་མཐའ་མཉམ་གྱི་འགྲོ་ཀུན་གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་དང་།

p. 80

མཐར་ཐུག་ངེས་ལེགས་ཐར་པ་ཙམ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་དང་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ལ་སོགས་པའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་གང་ལ་བལྟས་ཀྱང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། གསུང་རབ་མ་ལུས་གདམས་པར་འཆར། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྙེད། ཆོས་སྤོང་མི་དགེ་བའི་ལས་སོགས་ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་དགོས་པ་དང་། གཞན་ཡང་སྐྱེས་བུ་གསུམ་གྱི་རྣམ་བཞག་ཤེས་ན། རང་ཐེག་ཆེནནམ་སྐྱེས་བུ་ཆེན་པོར་རློམ་པའི་ང་རྒྱལ་ཅན་གྱིས་མཐོང་ཚེ་རང་རྒྱུད་ལ་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ཙམ་ཡང་མ་སྐྱེས་པར་འདུག་སྙམ་ང་རྒྱལ་ཆག་ནས་ཐེག་ཆེན་གྱི་ལམ་ལ་ཞིབ་ཏུ་སློབ་པ་དང་། རང་ཐེག་ཆེན་གྱི་གྲལ་ནས་བུད་མ་བུད་ཤེས་པའི་དགོས་པ་དང་། སེམས་ཅན་ལ་བྱེ་བྲག་བསམ་གྱིས་མི་ཁྱབ་པས་གང་ཟག་དམན་པ་དང་འབྲིང་དང་ཆེན་པོ་ལ་སངས་རྒྱས་ཀྱི་གསུང་ལྟར་གང་ལ་གང་འཚམ་ཀྱི་ལམ་བསྟན་ནས། གནས་སྐབས་མངོན་མཐོ་མཐར་ཐུག་ངེས་ལེགས་ཐར་བ་དང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་བློ་རབ་འབྲིང་ཐ་

p. 81

གསུམ་ལ་ཕན་ཆེ་ཞིང་གང་འདོད་བྱིན་ཆོག་པས་སེམས་ཅན་ཀུན་གྱིས་རེ་བ་སྐོང་ནུས་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། རྗེ་རིན་པོ་ཆེས། སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །གསུངས་པ་ལྟར་ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཡིན་པས་སུ་གང་ལ་སྟོན་དགོས་ཀྱང་ཆོས་ཀྱིས་ཕོངས་པར་མི་འགྱུར་བས་ཤིན་ཏུ་ངོ་མཚར་ཆེའོ། །དཔེར་ན་མི་གཅིག་ལ་དང་པོ་ཆུང་དུས་བྱིས་པ། དེ་ནས་གཞོན་ནུ་དར་མ། དེ་ནས་རྒན་པ་ཞེས་མིང་བཏགས་པ་དོན་ལ་མི་གཅིག་ཡིན་ཀྱང་མིང་གསུམ་བཏགས་པ་མི་འགལ་བ་ལྟར། སྐྱེས་བུ་གཅིག་བྱང་ཆུབ་ཀྱི་ལམ་ལ་འཁྲིད་པའི་ཆོས་ལ་སྐྱེས་བུ་གསུམ་ཞེས་མིང་བཏགས་པ། དོན་ལ་བྱང་ཆུབ་ལམ་རིམ་དུ་གཅིག་ཡིན་ཀྱང་། སྐྱེས་བུ་གསུམ་གྱི་ལམ་རིམ་ཞེས་མིང་གསུམ་བཏགས་པ་མི་འགལ་བར་མ་ཟད། སངས་རྒྱས་ཀྱིས་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ཐེག་པ་གསུམ་ཞེས་བཏགས་ཀྱང་། ཐེག་པ་གཅིག་ཏུ་འབབ་ཚུལ་

p. 82

མི་གཅིག་ལ་རྒན་གཞོན་བྱིས་པ་ཞེས་མིང་བཏགས་པ་དང་འདྲ་ཞེས་དཔེ་བཞག་ནས་གསུངས་པ་དང་མཐུན་པས་ཤིན་ཏུ་ལེགས། དཔེར་ན་མི་རྒན་ཞིག་གིས་རང་གི་ཟས་ཤ་ཐུད་སོགས་ཟ་རུང་གཞོན་པས་ཟ་བའི་ཟན་དང་བྱིས་པ་ཆུང་ངུའི་རྩམ་ཉོགས་ལ་ཁ་མྱང་བྱས་ཟོས་པས་མི་གནོད་པར་མ་ཟད་རང་ལུས་ལ་ཕན་ཅིང་། མྱོང་བ་ཐོན་པས་བྱིས་པར་ཟས་སྟེར་ཚུལ་ལ་སྔར་བས་མཁས་པ་ལྟར། ཐེག་ཆེན་པས་ཀྱང་སྐྱེས་བུ་ཆུང་འབྲིང་གི་ལམ་ལ་བསླབས་ན་རང་རྒྱུད་ཆོས་ཀྱིས་ཕྱུག་ཅིང་། གཞན་གདུལ་བྱ་དབང་པོ་ཆུང་འབྲིང་ལ་ཆོས་སྟོན་པའི་ཚུལ་ལ་སྔར་བས་མཁས་པར་འགྱུར་བས་ལེགས་ལ། ཐེག་ཆེན་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་དོན་མི་སྒྲུབ་པ་གཅིག་མེད་པར་བསྒྲུབ་དགོས་པ་ཡིན་ལ་དེ་སྒྲུབ་པ་ལ་དེ་དག་གི་ལམ་ཤེས་དགོས་བའི་ཐེག་ཆེན་པས་ཐེག་དམན་གྱི་ཉན་རང་གི་ལམ་སོགས་ལ་མི་སློབ་སློབ་མི་རུང་སྙམ་ནས་འཁྲུལ་བར་མི་བྱའོ། །དཔེར་ན་མགར་བ་མཁས་པས་གསེར་དེ་དུས་སུ་མེར་བསྲེགས་དུས་སུ་ཆུ་ལ་བཅུག་ཅིང་བརྡུངས་བས་རྒྱན་ཆ་སྐུ་གཟུགས་གང་འདོད་རྣམས་བྱས་ན་འབྱུང་བ་ལྟར་

p. 83

སེམས་རྒྱུད་གྱོང་པོ་འདི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྒོ་ནས་བཏུལ་ན་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་གང་འདོད་རྣམས་བསྒྲུབས་ན་འབྱུང་བར་འགྱུར་རོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་གུས་པ་ཁྱད་པར་ཅན་བསྐྱེད་ཅིང་ཅི་ནུས་ཀྱིས་ཉམས་སུ་ཡང་བླང་བར་བྱའོ། །རྒྱལ་བ་ཡང་དགོན་པའི་རི་ཆོས་ལས། རྒྱལ་བ་སྲས་བཅས་ཀྱིས་གཤེགས་པའི་ཤུལ། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་བགྲོད་པ་གཅིག་པའི་ལམ་ཟབ་པ་དང་རྒྱ་ཆེ་བ་འདི་གོ་དགོས། བསྟན་པའི་ཁོག་སྲོལ་ཆེན་པོ་འདི་མ་གོ་ན། གདམས་ཆུང་ཨི་ཐི་མཚལ་མགོ་མ་རེ་ལ་བཙིར་ཟིན་དུ་བསྒོམས་པས་ཅིར་འགྱུར་ཆ་མེད་གསུངས། དཔེ་ཆོས་ལས། དཔེར་ན་ཐབ་ཆེན་པོ་འཛིན་པ་ལ། མི་དགོས་དགུ་དགོས་ཟེར་བ་སྐད་དུ། རྟེན་གྱི་གང་ཟག་གཅིག་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་མི་བསླབ་པར་བྱ་བའི་དངོས་པོ་ཅི་ཡང་མེད་དེ། བཀའ་སྡེ་སྣོད་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པ་ཐོས་དགོས། ཐོས་པ་ཙམ་གྱིས་མི་ཆོག་ཤེས་དགོས། ཐེག་པ་མཐའ་དག་གི་དོན་གོ་ཡོངས་པ་ཅིག་དགོས་ཏེ།

p. 84

མདོར་ན་རིག་པའི་གནས་ལྔ་ལ་མ་རྨོངས་པ་ཞིག་གིས་ཐམས་ཅད་མཁྱེན་པ་སྒྲུབ་དགོས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་གྱུར་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་འགྱུར། །ཞེས་སོ། །དེས་ན་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་བྱེད་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པའི་ཆོས་ཐེག་པ་སྣ་ཚོགསལ། ཐོས་པ་རྒྱ་མཚོ་ལྟ་བུ་བྱེད་དགོས་གསུངས། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། ཞེས་པ་དང་། ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་དྲི་མེད་གཟི་བརྗིད་ཅན། །ཞེས་སོ། །འོན་ཀྱང་ཇོ་བོའི་ཞལ་ནས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་གསུངས་པས། འོ་སྐོལ་གྱིས་ལོ་

p. 85

སྟོང་གི་བར་དུ་ཐོས་པ་བྱས་ཀྱང་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་རྩད་མི་ཆོད་ལ། ད་ལྟ་སྙིགས་མའི་དུས་འདིར་ཐ་སྙད་མང་པོའི་ཚིག་རྗེས་གཅོད་པའི་ལོང་མེད། སྙིང་པོ་བསྡུ་བའི་དུས་ཡིན་པས་བླ་མའི་མན་ངག་ལ་གཏུགས་ལ་ཐོས་བསམ་སྒོམ་གསུམ་དཀྲུགས་མར་བྱེད་དགོས་གསུངས། དེ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཐམས་ཅད་ཀྱི་དོན་བདེན་པ་གཉིས་སུ་འདུ་ལ། བདེན་པ་གཉིས་ཀྱི་དོན་གཏན་ལ་ཕེབས་ན་ཆོས་ཐམས་ཅད་གཏན་ལ་ཕེབས་པ་ཡིན་གསུངས་པ་ལྟར་ཐོས་པ་རྒྱ་ཆེར་བྱ། གལ་ཏེ་རྒྱ་ཆེར་མ་ནུས་ཀྱང་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ལ་སོགས་པའི་དོན་གཏན་ལ་ཕབ་ནས་བསྒོམས་ཤིང་། གཞན་ཐོས་པ་རྒྱ་ཆེན་པོ་མཛད་པའི་ཆོས་ལུགས་ཡོངས་ལ་དག་སྣང་སྦྱང་བར་བྱའོ། །རྒྱལ་དབང་རྗེའི་ཞལ་ནས། ཁོང་ཆེན་པོ་རྣམས་བཞེད་པའི་གྲུབ་མཐའ་དང་། །ཐེག་པ་སྣ་ཚོགས་ཀྱི་ཆོས་སྐད་ཀྱང་། །རང་རང་གི་ས་ན་བདེན་མོད་ཀྱང་། །གུང་གཅིག་ཏུ་འགྲིགས་ན་ཟབ་པ་ཡིན། །ཞེས་དང་། མདོརན་རྒྱུད་སྡེ་རེ་

p. 86

རེ་བ་དང་། རྒྱ་གཞུང་རེ་རེ་བའི་སྒྲས་ཟིན་ཚད་དང་། དངོས་བསྟན་གྱི་ཆ་ཙམ་མ་ཡིན་པར། གསང་བ་ཟབ་མོ་རྣམ་པར་འབྱེད་པའི་མིག་དང་ལྡན་པས་ནི། གནད་གང་ཡང་རུང་བ་རེ་རེ་ལ་བརྟེན་ནས་མཐའ་དག་ཀྱང་གུང་གཅིག་ཏུ་འགྲིགས་པ་ནི། སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པའི་བླ་མ་དམ་པའི་མན་ངག་གི་ཁྱད་ཆོས་ཏེ། གཞན་དུ་ན་གང་ཡང་རུང་བ་ཞིག་མཆོག་ཏུ་འཛིན་པ་ལས་ཅིག་ཤོས་སམ་གཞན་མཐའ་དག་མི་འཐད་པར་འཛིན་པའི་ལོག་པར་རྟོག་པའི་ཆོས་སྤོང་བ་མི་ཟད་པ་ལ་འཇུག་པའི་ཐབས་ངན་པར་འགྱུར། དེ་བས་ན་རྒྱལ་བའི་བསྟན་པ་ལ་བག་ཡོད་པའི་བླ་གོས་ཀྱིས་མཛེས་པ་རྣམས་ཀྱིས་ནི་བསྟན་པ་ཐམས་ཅད་འགལ་མེད། ཆོས་ཐམས་ཅད་དུ་མ་རོ་གཅིག་ཉིད་ཀྱི་ངེས་པ་ལས་བརྩམས་ཏེ། གསུང་རབ་ཐམས་ཅད་གདམས་པའི་བདུད་རྩིའི་ཉིང་ཁུ་མཆོག་ཏུ་བསྟེན་ན། རྒྱལ་བའི་དགོངས་པའི་གསང་བ་མཐའ་དག་ཁོང་དུ་ཆུད་ཅིང་། ཉེས་སྤྱོད་མཐའ་དག་ལས་རང་སར་གྲོལ་བར་འགྱུར་རོ། །ཞེས་དང་། སྤྱིར་ཡང་གང་ཟག་བསམ་པ་སྣ་ཚོགས་པས་ཐེག་པ་སྣ་ཚོགས་པ་དང་། བློའི་མཐོ་དམན་གྱི་ཐེག་པ་

p. 87

ཆེ་ཆུང་དང་། སྐལ་བ་དང་ལྡན་མི་ལྡན་གྱིས་ལམ་མྱུར་བུལ་ཡིན་པ་ཐམས་ཅད་ཆ་ཡོད་བཞིན་དུ་འཁྲིད་ཚུལ་གཅིག་ཁོ་ནས་བྱེད་དགོས་པར་སེམས་པ་ནི། རྟ་ཞར་པའི་མིག་བཞིན་དུ་ཕྱོགས་གཅིག་ཁོ་ན་མཐོང་བའི་སྐྱོན་ནོ། །དེས་ན་བླ་མ་ཉམས་མྱོང་ཅན་མེད་པར་སློབ་མའི་རྒྱུད་ཚོད་མི་ཤེས། དེ་མ་ཤེས་པར་དེ་དང་མཐུན་པའི་འཁྲིད་ཚུལ་མི་ཤེས། དེ་མ་ཤེས་པར་ལམ་ཡིན་ལུགས་མི་མཐོང་བས། བློའི་མཐོ་དམན་གྱི་དབྱེ་བ་གང་ཡང་མི་ཕྱེད་པར་བདེན་ཡང་དབྱུག་པ་བཅོ་བརྒྱད། མི་བདེན་ཡང་དབྱུག་པ་བཅོ་བརྒྱད་ཀྱི་ཚུལ་དུ་ཅི་ཡིན་ཆ་མེད་ཅེས་དང་། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ཀྱིས་ཀྱང་། གནས་ལུགས་དོན་ངོ་སྤྲོད་པའི་རྡོ་རྗེའི་ཚིག་རྐང་རེ་ལ་བརྟེནནས། སྐལ་ལྡན་གྱི་ཐུགས་རྒྱུད་སྨིན་ཅིང་གྲོལ་བར་མཛད་པ་ཡིན། རྒྱ་གརནས་བོད་དུ་བསྒྱུར་བའི་མན་ངག་གི་གཞུང་རྣམས་ནི། སྔོན་འགྲོ་དང་ཁྲིད་ཀྱི་དམིགས་རིམ་འདི་དང་འདི་ལྟ་བུ་ནི་གཅིག་ཀྱང་མེད་ལ། བོད་བློ་ཆུང་སྤྲོས་པ་ལ་དགའ། རྣམ་རྟོག་རགས་ཤིང་གཉེན་པོ་ཞན་པས། གང་ཟག་དམ་པ་རྣམས་ཀྱིས་དེ་དག་གི་བློ་དང་

p. 88

བསྟུན་ནས་སྔོན་འགྲོ་བསགས་སྦྱང་གི་རིམ་པ་མདོ་རྒྱུད་ནས་གསུངས་པ་རྣམས་སྤྲོས་ནས་དང་པོ་བསྟན། ཅེས་དང་། དེ་ལ་དབང་པོའི་ཁྱད་པར་གྱིས། དབང་བསྐུར་བ་ཆོ་ག་ཁོ་ན་ལ་མ་ལྟོས་བཞིན་དུ་གདམས་ངག་ལ་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་། སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པ་ཡོད། སྔགས་ཀྱི་ཐེག་པར་དེ་བས་ཆེ་ལྷག་པའི་བརྡ་ཐབས་ཀྱི་སྒོ་ནས་ཆོས་སྟོན་པ་ཡོད་པས། ངག་ཁོ་ན་ལ་ལྟོས་དགོས་པའི་ངེས་པ་མེད་དོ། །དེ་བཞིན་དུ་ལུང་ལ་ཡང་གླེགས་བམ་ལག་ཏུ་གཏད་པ་ཙམ་གྱིས་འགྲུབ་པ་དང་། དགོངས་པ་གཏད་པ་ཙམ་གྱིས་འགྲུབ་པ་དང་། མ་འོངས་པ་ན་དུས་གཞན་དུ་ཆོས་འདིའི་བདག་པོ་བྱེད་པར་འགྱུར་རོ། །ཞེས་པའམ་གྱིས་ཤིག་ཅེས་ལུང་བསྟན་པ་ཙམ་གྱིས་འགྲུབ་པ་ཡོད་པས། ཚིག་འབྲུ་རེ་རེ་ནས་ཀློག་དགོས་པའི་ངེས་པ་མེད་ཅིང་། ཀློག་པ་ཁ་ཏོན་དུ་བྱེད་པ་དང་རྒྱ་ཆེར་འཆད་པ་རྣམས་ནི་རྣམ་གཞག་གཞན་ཡིན། ཞེས་དང་། ཆོས་ཀྱི་རྒྱལ་སྲིད་ལ་དབང་བའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་དམ་ཚིག་དང་ལྡན་པའི་སློབ་མ་རྣམས་ཆོས་འདིའི་བདག་པོ་གྱིས་ཤིག་ཅེས་

p. 89

པའམ། གདམས་པ་འདི་ཉམས་སུ་ལོངས་ཤིག་ཅེས་པའམ། གཞན་ལ་རྒྱ་ཆེར་སྟོན་ཅིག་ཅེས་བཀའི་ངེས་པ་དེ་ཉིད་ལུང་གི་དོན་ཡིན་ནོ། །དཔེར་ན་དབང་བསྐུར་བའི་མཇུག་ཏུ་ཆོས་ཀྱི་དུང་བུས། ཆོས་ཀྱི་སྒྲ་སྒྲོགས། ཆོས་ཀྱི་བཤད་པ་གྱིས་ཤིག་ཅེས་གླེགས་བམ་ལག་ཏུ་གཏད་པ་ཙམ་གྱིས་དེ་དག་གི་བྱ་བ་ལ་དབང་བ་ལྟ་བུ་ཡིན་ནོ། །ལུང་འདི་ལ་ནི་བླ་མ་མཚན་ཉིད་དང་ལྡན་པ་དང་སློབ་མ་སྣོད་དང་ལྡན་པ་གཙོ་བོ་ཡིན་གྱི། ཡི་གེ་ཀློག་པའི་བྱ་བ་གཙོ་བོ་མ་ཡིན་ནོ་གསུངས། བཤེས་གཉེན་ཐར་པ་གླིང་པས་དུས་འཁོར་ནས་བཤད་པའི་གླིང་བཞི་རི་རབ་ཀྱི་གནས་ཚུལ་དང་། མངོན་པ་ནས་བཤད་པ་མི་མཐུན་པས་དོན་ལ་ཇི་ལྟར་བཞེད་དྲིས་པའི་ལན་དུ། འདིའི་དོགས་གཅོད་བྱེད་པ་ཤིན་ཏུ་མང་པོ་འདུག་ན་ཡང་། སྤྱིར་སྣོད་བཅུད་ཀྱི་དབྱེ་བ་མཐའ་ཡས་པ་རང་གི་བསམ་པ་དང་། ཁམས་དང་དབང་པོའི་དབྱེ་བས་གཉིས་སུ་འདུས་པ་མ་ཡིན་ཞིང་། རྡོ་བ་འཕངས་པའི་མདོ་དང་། བྱམས་པ་ལུང་བསྟན་པའི་མདོ་དང་། ལག་ན་རྡོ་རྗེ་གོས་སྔོན་ཅན། རྡོ་རྗེ་ས་འོག་གི་རྒྱུད་དང་། སྡོམ་པ་འབྱུང་བ་

p. 90

སོགས་ནས་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་མི་འདྲ་བ་ཅི་ཙམ་རེ་གསུངས་པ་དག་དང་། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོར། འདབ་མ་བཞི་བཅུ་རྩ་བརྒྱད་ཀྱི་བུམ་པ་དང་། རྣལ་འབྱོར་མ་རྣམས་རྫོགས་པའི་ཚེ། རི་རབ་ཀྱི་སྟེང་གི་ཆར་འབེབས་པའོ་ཞེས་པ་ནས་བརྩམ་ནས། ཟླ་བའི་གླིང་དང་ཀུ་ཤའི་གླིང་སོགས་རི་གླིང་མཚོ་གསུམ་གྱི་གྲངས་དང་མིང་རྣམས་དུས་ཀྱི་འཁོར་ལོ་དང་མཐུན་པ་ཞིག་ཀྱང་གསུངས་པས། དེས་ན་སེམས་ཅན་རྣམས་ཀྱི་བསམ་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་དག་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པའི་ཕྱིར། གང་ཡང་རུང་བ་ཅིག་མཐའ་གཅིག་ཏུ་དངོས་གནས་ལ་གྲུབ་པར་སེམས་པའི་དངོས་པོར་མངོན་པར་ཞེན་པ་ཡོངས་སུ་དག་པའི་ཕྱིར། རྒྱ་མ་ངེས་པ་དང་ཚད་མ་ངེས་པ་དང་། བཀོད་པ་མ་ངེས་པས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་གསུངས་པ་མཐོང་བཞིན་དུ། གང་རུང་གཅིག་ཁོ་ནར་སྒྲུབ་པར་འདོད་པ་ཚུལ་མ་ཡིན་ཞིང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བས་

p. 91

ཀྱང་། ཕྱི་དོན་བདེན་པར་དངོས་སུ་མི་འདོད་ན། དབུ་མ་བར་ཁས་འཆེ་བ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་སུ་མ་ཟད་མཐའ་ཡས་པའི་རྣམ་གཞག་ཐམས་ཅད་གནས་སྐབས་སུ་རང་གི་དོན་བྱེད་པར་སྣང་བ་དང་། སྟོང་པ་ཉིད་ལས་ཆོས་གཞན་མེད་པར་སྟོན་པ་མི་འགལ་བར་རྟོགས་དགོས་པ་ཡིན་ནོ་གསུངས། དེ་ཡང་སངས་རྒྱས་ཀྱི་དགོངས་གཞི་ཐ་དད་ལ་དགོངས་ནས་གསུང་མི་འདྲ་བ་སྣ་ཚོགས་འབྱོན་ཏེ། དཔེར་ན་བསྟན་པའི་གནས་ཚད་ལ་མདོ་བསྐལ་པ་བཟང་པོར་ལྔ་སྟོང་དུ་གསུངས་ལ། ཟླ་བའི་སྙིང་པོ་ལས་ཉིས་སྟོང་དུ་གསུངས། འདུལ་བ་ལུང་ཕྲན་ཚེགས་ལས་སྟོང་དུ་གསུངས། སྤྲིན་ཆེན་པོ་ལས་བདུན་བརྒྱར་གསུངས་པ་དང་། ཆོས་ཉིད་རང་གི་ངོ་བོ་མི་གཡོ་བར་ཐ་དད་པར་སྣང་བ་ལས་བདུན་སྟོང་དང་བརྒྱད་བརྒྱར་གསུངས་པ་དང་། གསེར་འོད་ལས། སངས་རྒྱས་མྱ་ངན་ལས་མི་འདའ། ཆོས་ཀྱང་ནུབ་པར་མི་འགྱུར་བར་གསུངས་པ་དང་། མདོ་བསྟན་བཅོས་ཕལ་ཆེར་ལས་ལྔ་བརྒྱ་ཕྲག་བཅུ་ལས་མི་གནས་པར་གསུངས། དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ན་ཚིག་གི་ངོས་

p. 92

ནས་མི་འདྲ་བ་འགལ་བ་ལྟར་སྣང་བ་མང་ཡང་། དེ་དག་རྣམས་ཀྱི་དགོངས་དོན་བཙལ་ནས་མི་འགལ་བའི་ཚུལ་ཤེས་ན་མཁས་པ་ཡིན་པས། བཀའ་ཐང་ལས། ཚིག་ལ་མཁས་པ་མཁས་པ་མ་ཡིན་ཏེ། །མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །གསུངས། དེས་ན་གསུང་རབ་ཐམས་ཅད་འགལ་མེད་དུ་རྟོགས་ནས་གདམས་པར་འཆར་བར་འདོད་པས་བཀའ་དྲི་མེད་དགོངས་དོན་འཚོལ་བ་ལ་འབད་དགོས་ཏེ། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། སྤྲང་བདག་ལ་བློ་གཏད་སློབ་མ་རྣམས། །སྐྱབས་དཀོན་མཆོག་གསུམ་ལ་བློ་གཏོད་ལ། །བཀའ་དྲི་མེད་དགོངས་དོན་འཚོལ་ལ་འབོད། །གསུངས་སོ། །དེས་ན་ཡི་གེ་ན་གཅིག་ཡན་ཆད་འདོར་རྒྱུ་མེད་པར་བཀའ་བསྟན་བཅོས་ཐམས་ཅད་གདམས་པར་ཤར་བ་ལ། བཀའ་གདམས་པ་དང་། བཀའ་བརྒྱུད་པ་ཞེས་ཟེར་བའི་བོད་དུ་དར་བའི་གྲུབ་མཐའ་ཕན་ཚུན་གྱིས་ངའི་ཆོས་བཟང་། ཁྱོད་ཀྱི་ཆོས་ངན་ཞེས་གྲུབ་མཐའི་བཟང་ངན་ལ་སྙད་བཏགས་ནས་སངས་རྒྱས་ཀྱི་བཀའ་བསྟན་བཅོས་ལ་སྤང་བླང་དགག་སྒྲུབ་བྱེད་པའི་ཚིག་རྗེས་འབྲང་བའི་མཁས་པར་རློམས་པ་རྣམས་མི་གཡོའི་དོན་

p. 93

ལ་མཁས་པས་སྙིང་རྗེ་དང་བཞད་གད་ཀྱི་གནས་སོ། །གྲུབ་ཆེན་ཏཱ་ར་ན་ཐཱའི་ཞལ་ནས། ཆོས་ཐམས་ཅད་གཅིག་དུ་བྲལ་དང་རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་ལྟར་རང་བཞིན་མ་གྲུབ་པའི་ཚུལ་ལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །འདི་ཡང་ལས་དང་པོ་བ་ཞི་གནས་ཕྱོགས་མཐུན་ཙམ་ཡང་མ་གྲུབ་ཅིང་། རྣམ་པར་མི་རྟོག་པའི་སྒོམ་གྱི་འཇུག་སྒོ་ཙམ་ཡང་མ་ཤར་བ་ཇི་སྙེད་ཅིག་འབྱུང་བ་རྣམས་སུ་ཆེས་ཕན་པར་འགྱུར་བས་ཐབས་མཁས་ཟབ་མོ་ཡིན་པས། རྡོ་རྗེ་སློབ་དཔོན་ཆེན་པོ་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལས་ཤིན་ཏུ་རྒྱས་པ་ཆེ་ཐང་དུ་གསུངས་པ་དང་། དེའི་དགོངས་འགྲེལ་གྱི་འདུས་པའི་སྒྲུབ་ཐབས་ཚད་དང་ལྡན་པ་མཐའ་ཡས་པ་ཞིག་ལས་བཤད་པས། གང་དག་གསང་སྔགས་ཀྱི་ལུགས་ལ་རྣམ་པར་མི་རྟོག་པ་འབའ་ཞིག་ཡིན་ཞེས་སྨྲ་བ་དེ་དག་ནི། བདག་ཉིད་ལེགས་པར་མ་བསླབ་བཞིན་དུ། མཐའ་ཡས་པའི་སེམས་ཅན་སྒྲོལ་བར་མཛད་པའི་དམ་པ་རྣམས་ལ་སོ་སོ་སྐྱེ་བོ་ཅི་ཡང་མ་བསྒོམས་ཤིང་། སྡེ་སྣོད་དང་རྒྱུད་སྡེ་

p. 94

ལ་མ་བསླབས་པའི་བླུན་པོ་འགའ་ཞིག་གིས་སྐུར་བ་འདེབས་པའི་ཚིག་ཙམ་ཞིག་གི་རྗེས་སུ་འབྲངས་ནས། སྙིང་ནས་སྨོད་པའི་ལས་ངན་པ་གསོག་པ་ཙམ་དུ་ཟད་ཀྱི། ལུང་རིགས་ཀྱི་སྒྲུབ་བྱེད་སྣ་གཅིག་མེད་པར་མ་ཟད། གསང་སྔགས་རྫོགས་རིམ་གྱི་སྐབས་སུ་བདེན་མེད་ཀྱི་འདུན་པ་སྦྱོང་བ་སོགས་རང་ལུགས་དང་ཡང་འགལ་བ་ཡིན་ནོ། །ཡང་འགའ་ཞིག་ལས་དང་པོ་བའི་སྐབས་སུ་རྣམ་པར་མི་རྟོག་པའི་ཕྱག་རྒྱ་ཆེན་པོ་ནན་གྱིས་འགོག་པ་དེ་དག་ནི་ཤིན་ཏུ་མི་འཐད་མོད་ཀྱི། ལུང་རིགས་དུ་མའི་སྒོ་ནས་གཞན་དུ་བཀག་ཟིན་ཏེ། དེ་ན་གྲོང་ཁྱེར་ཆེན་པོའི་སྒོ་ནས་འགྲོ་ན་ནུབ་སྒོ་ཁོ་ནས་འཇུག་དགོས་པའི་ཕྱོགས་ལྷུང་གི་གྲུབ་མཐའ་ངན་པ་འདི་མ་འཛིན་ཞིག་ཅེས་གདམས་ཏུ་བྱའོ་གསུངས་སོ། །པོ་ཏོ་པའི་གསུང་སྒྲོས་བེའུ་བུམ་སྔོན་པོ་ལས། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཟེར་ནས་དབུ་ཞབས་ཐམས་ཅད་བཀང་ནས་གསུངས་པ་ཡིན། དེ་ལ་གཞན་དག་གིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མིང་བཏགས་ནས། དེ་གཅིག་པུས་ཆོག་ཟེར་གསུངས།

p. 95

ཡང་དགེ་བཤེས་སྤྱན་སྔས་པོ་ཏོ་བ་ལ། ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་གྱི་བེའུ་བུམ་ཞིག་བསྐུར་ནས། གཅིག་གིས་པོ་ཏོ་བའི་སྤྱན་སྔར་བཀླགས་པས། པོ་ཏོ་བའི་ཞལ་ནས། དེ་འདིར་ཁྱོགས་དང་གསུངས་ནས་གཟིགས་ཏེ། ཕག་ཏུ་སྦས་ནས་འདི་ནི་འདི་ཁོ་ན་ཙུག་བྱར་བཏུབ་སྟེ་མི་འོང་། ངས་ནི་ཕུར་ཚོ་བ་ལ་ཆོས་མིན་ཟེར་མི་ནུས། ཨ་མ་ན་སི་ལ་ཡང་ཆོས་མིན་ཟེར་མི་ནུས་ཏེ། ཨ་མ་ན་སི་བྱ་བ་ཡིད་ལ་མི་བྱེད་པ་ལ་བྱ་བ་ཡིན་ཏེ། ཆོས་བཟང་པོ་ཡང་དག་པ་ཡིན། གང་ཟག་དེ་ལྟ་བུ་ལ་ཞུགས་མ་རན་པ་རྣམས་ཀྱིས་ཞུགས་པས་ལན་པ་ཡིན་ཏེ། དཔེར་ན་སྤྱོད་པ་མ་རན་པར་བྱས་པས་སྤྱོད་པ་བ་ནག་པོའི་གཏམ་རྒྱུད་དང་འདྲ་བ་ཡིན་གསུངས། རས་ཆུང་རྡོ་རྗེ་གྲགས་ཀྱིས། ཆོས་སྔ་འགྱུར་འདི་ལ་ལས་འཐབ་ཅིང་འདུག་པ། འདི་ལ་སངས་རྒྱས་ཀྱིས་ནི་གསུང་ངོ་ཞེས་སམ་ཞུས་པས། མི་ལའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་མ་གསུངས་པའི་ཆོས་ཤིག་ལོ་པཎ་སྤྲུལ་སྐུ་རྣམས་ཀྱིས་ཁྱེར་ག་ན་འོང་གསུངས། ཡང་གྲུབ་ཐོབ་ཨོ་རྒྱན་པ་ལ་སློབ་མ་བུ་ཆེན་རྣམས་

p. 96

ཀྱིས་བྱང་ཆུབ་སེམས་དཔའི་རྩ་ལྟུང་གི་སྐབས་ན། ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲ་སྣང་སྟོན་བྱེད་པ། །ཞེས་པ་འདིའི་དངོས་གཞི་ཅི་ཙམ་ཞིག་ལ་ངོས་འཛིན་པ་ལགས་ཞུས་པས། རྗེ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས། དེའི་དོན་ལ་འདི་ལྟར་ཡིན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གང་ཟག་གི་རིགས་བསམ་གྱིས་མི་ཁྱབ་པ་ལ་དགོངས་ནས། ཐེག་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཅིག་གསུངས་པ་ཡིན། དེ་ལ་རང་རང་གིས་བློ་དང་གང་འབད་པའི་ཆོས་དེ་ལ་ཉམས་ལེན་བྱས་ནས། ཆོས་གཞན་ལ་མ་སྨད་པར་རྗེས་སུ་ཡི་རང་ཕུལ་ན། ཆོས་གང་ཉམས་སུ་བླངས་ཀྱང་ལམ་དུ་འགྲོ་བ་ཡིན་ལ། རང་གི་ཆོས་དེ་ཟབ་པར་འདོད་པ་ལ་ཆོས་གཞན་ལ་སྨད་པས། ཆོས་སྤོང་བའི་ལས་བསགས་པ་ཡིན། མདོ་ལས་ཆོས་གཅིག་ཟབ་ལ་གཅིག་མི་ཟབ་པ་ནི་ཆོས་སྤོང་བའི་ལས་སོ། །ཞེས་བཤད་དེ་དེའི་གནད་མ་གོ་བར་ཆོས་སྤོང་བའི་གང་ཟག་མང་པོ་འདུག །བཀའ་བསྟན་བཅོས་རབ་འབྱམས་ཀྱི་དོན་ནི་མ་གོ །རང་གི་གྲུབ་མཐའ་དུམ་ཞིག་ཙམ་གྱིས་རྡོག་གྱོང་ཕུགས་སུ་བཅངས་ནས་སྟོང་པ་ཉིད་

p. 97

བསྒོམ་པའི་སྔ་ཕྱི་དང་། སྟོང་པ་ཉིད་བསྒོམ་པའི་དུས་ཡིན་མིན་དང་། ཐེག་ཆེན་ལ་ཆོས་འདི་ཚོད་ཅིག་གི་བློ་ཀའི་གྲངས་བརྩི་བ་ལ་སོགས་པའི་ལོག་ཤེས་ཀྱི་བསམ་མནོ་དུ་མ་ཞིག་གི་སྒོནས། སྟོང་ཉིད་ཀྱི་དོན་ལ་ཐག་བསྲིང་བར་བྱེད། སྟོང་ཉིད་ཀྱི་དོན་ཅི་ཡིས་མི་རྟོགས་པར་བྱེད། སྟོང་ཉིད་ཀྱི་དོན་དང་ཅི་ཕྲལ་བྱེད་པའི་གང་ཟག་མང་པོ་འདུག་པས། དེ་རྣམས་ལ་ལྟང་བ་དེ་འཕོག་པ་ཡིན། དེ་བས་ཀྱང་ཁམ་ཆེ་བའི་ལོག་ལྟ་བཟུང་བ་ཡོད་དེ། སྟོང་ཉིད་ལ་ཐག་བསྲིངས་པ་ཙམ་གྱིས་མི་དོ། །སྟོང་ཉིད་ཆོས་མ་ཡིན་ཞིང་། ཀླུ་སྒྲུབ་ཀྱི་ལོག་ཤེས་ཡིན་ཞེས་པ་དང་། ཡང་ཨ་མ་ན་སི་ཆོས་མ་ཡིན། རྫོགས་པ་ཆེན་པོ་ཆོས་མ་ཡིན། ངེས་པའི་དོན་གཏིང་རྩ་བ་ནས་སྤོང་བ། དོན་དམ་པའི་བདེན་པ་གཏིང་ནས་སྤོང་བ། ཆོས་ཟབ་མོ་གཏིང་ནས་སྤོང་བ། བསམ་གྱིས་མི་ཁྱབ་པའི་དོན་རྩ་བ་ནས་སྤོང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩ་བ་ནས་སྤོང་བ། དབུ་མ་ཆེན་པོའི་དོན་རྩ་བ་ནས་སྤོང་བ་སྟེ། བཀའ་དྲི་མ་མེད་པ་ལ་བཀའ་མ་ཡིན་པར་སྐུར་བ་བཏབ། རང་རང་གི་གྲུབ་མཐའི་རྡོག་གྱོང་མགོ་བཏོན་ནས།

p. 98

རང་གི་རྒྱུད་ཐོག་ཏུ་ཆོས་སྤོང་བའི་ལས་ཁམ་པོ་ཆེ་བསགས་པ་མ་ཚོར་བའི་གང་ཟག་གི་རིགས་འདི་རྣམས་ལ། མ་མཐོང་བའི་གཡང་ས་ཆེན་པོ་ཡོང་བར་འདུག །གཞན་ཡང་ད་ལྟ་སྟོང་ཉིད་བསྒོམ་པའི་དུས་མ་ཡིན། སྟོང་ཉིད་བསྒོམ་པ་སྔས་ན། ལས་རྒྱུ་འབྲས་ཁྱད་དུ་གསོད་པ་ཡིན་པས་དང་པོ་སྟོང་ཉིད་བསྒོམ་པ་དེ་ལིངས་ཀྱིས་ཞོག་ལ། འཁོར་བའི་ཉེས་དམིགས་བསྒོམ་པ་དང་། དལ་འབྱོར་རྙེད་དཀའ་བསྒོམ་པ་དང་། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པར་བསྒོམ་པ་དང་། ལས་རྒྱུ་འབྲས་ཀྱི་འདོར་ལེན་ལ་འབད་དགོས་ཟེར་བའི་གང་ཟག་མང་པོ་གདའ། དེ་རྣམས་ཀྱང་མས་འཛེག་གི་བསྟན་པའི་གོ་རིམ་ཡིན་ཏེ། ཨ་མ་ན་སི་ཆོས་མ་ཡིན། རྫོགས་པ་ཆེན་པོ་ཆོས་མ་ཡིན། ཟེར་བ་ཁམ་ཆེས་པས་ཐེག་པ་ཆེན་པོ་སྤོང་བའི་རྩ་ལྟུང་ཡོང་བས་དེ་སྐད་སྨྲར་མི་བཏུབ། སྐུར་བ་དེ་ལྟ་བུ་མ་བཏབ་པར། རང་གི་རྒྱུད་དང་མཐུན་པའི་ཆོས་དེ་རྣམས་ཉམས་སུ་བླངས་ན་ལེགས་པ་ཡིན་ཏེ། ཨ་མ་ན་སི་ཟེར་བ་དི་ལ། ཨ་མ་ན་སི་ཀྭ་ར་ཞེས་བྱ་བ་ནི། སཾ་ཀྲྀ་ཏའི་སྐད་ཡིན་ཏེ། དེ་བསྒྱུར་བས་ཨ་མ་ན་ཡིད། སི་ཀཱ་རན་བྱེད་པ་དེ་ཨས་

p. 99

བཀག་པས། ཡིད་ལ་བྱེད་པ་མེད་པ་ཞེས་བྱས་པ་སྟེ། ཡིད་ལ་མི་བྱེད་པའམ། ཡིད་ལས་གྲོལ་བའམ། ཡིད་ལས་འདས་པ་ལ་འཇུག་སྟེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་འདི་ཉིད་ཁོ་ན་སྟེ། བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་ཀྱི་མི་དམིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་ཤིང་། སྟོང་ཕྲག་བརྒྱ་བ་ལས་ཀྱང་། གཟུགས་ཡིད་ལ་མི་བྱེད། ཚོར་བ་ཡིད་ལ་མི་བྱེད། ཅེས་པ་ལ་སོགས་རྒྱ་ཆེར་གསུངས་པ་དེ་ཉིད་སྤངས་པས་ལྟུང་བ་ཕོག་པ་ཡིན་མོད། རྫོགས་པ་ཆེན་པོ་རྣམ་དག་ཚོ་ལ་ཡང་ཁ་བཏང་དུ་ག་ལ་བཏུབ་སྟེ། དམ་པ་རྒྱ་གར་ལ། རྫོགས་པ་ཆེན་པོ་ལ་ལས་དཀར་ནག་གི་འབྲས་བུ་མེད་སྐད་པ་དེ་བདེན་ནམ་ཞུས་པས། རྫོགས་ན་བདེན་གསུངས། འོ་ན་དེ་ལྟ་བ་མཐོ་བ་ལགས་སམ་ཞུས་བས། རྫོགས་པ་ཆེན་པོའི་ལྟ་བ་ལ་མཐོ་དམའ་མེད་ནམ་མཁའ་དང་འདྲ་གསུངས། རྫོགས་ཆེན་ལའང་སེམས་འཛིན་གྱི་བསྒོམ་དང་ནི་ཡོད་སྐད་ཞུས་པས། ནམ་མཁའ་ཁོས་ཁབ་མིག་ཏུ་ཡང་ཡོང་ཤེས་པར་

p. 100

གདའ་གསུངས་པས་ན། ཐེག་ཆེན་སྤངས་པར་འགྲོ་བ་མི་འདུག་གམ། ལུང་ཐམས་ཅད་ནས་ཀྱང་། གང་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་ནི་མི་དགེ་ཞིང་། ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པར་བཤད་པ་ཤ་སྟག་ཡོད། ལུང་གང་ནས་བཤད་ན། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལ་སོགས་པ་བཀའ་བསྟན་བཅོས་དུ་མ་ནས་བཤད། ལུང་གང་གིས་གྲུབ་ན། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་རྣམས་དང་། རྩོམ་པ་པོ་ཚད་དང་ལྡན་པའི་བསྟན་བཅོས་ཆེན་མོ་རྣམས་ལུང་དུ་ཆེ་བ་ཡིན། གཞན་ཡང་བཀའ་བསྟན་བཅོས་ཐམས་ཅད་ཀྱི་བཅུད་ཕྱུང་ནས། ཉམས་སུ་བླངས་པའི་སྒྲུབ་བརྒྱུད་ཀྱི་བླ་མ་དམ་པ་རྟོགས་པ་དང་ལྡན་ཞིང་གྲུབ་པ་ཐོབ་པ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་གསུང་། མགུརམ་དང་ཚིགས་བཅད་བརྡའི་བྱེ་བྲག་དང་། ཐབས་ཀྱི་ཁྱད་པར་དང་། ཀུ་རེ་དང་། བཞད་གད་ཀྱི་སྒོ་ནས་གསུངས་པ་རྣམས་ཀྱི་ནང་ན། བཀའ་དྲི་མ་མེད་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཡོད་པས་ལུང་དུ་ཆེ་བ་ཡིནནོ། །ཆོས་རྗེའི་ཞལ་ནས། རྟོགས་ལྡན་ཉམས་མྱོང་བདེ་གཤེགས་བཀའ་དང་འདྲ། །ཞེས་

p. 101

གསུངས་པ་དེ་ཤིན་ཏུ་མད་པ་ཡིན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེའི་རང་བཞིན་འབའ་ཞིག་ཏུ་བཞུགས། དེ་ཉིད་སྨོན་ལམ་གྱི་དབང་གིས་གང་ལ་གང་འདུལ་གྱི་སྐུར་བྱོན་པ་ཡིན་ཏེ། དེ་ཡང་སྐུས་འདུལ་བ་ལ་སྐུར་བྱོན། གསུང་གིས་འདུལ་བ་ལ་གསུང་བྱོན། ཐུགས་ཀྱིས་འདུལབ་ལ་ཐུགས་སུ་བྱོན། སྐུས་འདུལ་བ་ལ་བེམ་པོའི་སྐས་འདུལ་བ་དང་། རིག་པ་ཡེ་ཤེས་དང་ལྡན་པས་འདུལ་བ་སྟེ། བེམ་པོས་འདུལ་བ་ལ། རྒྱ་གར་རྡོ་རྗེ་གདན། བལ་ཡུལ་འཕགས་པ་ཤིང་ཀུན། རྒྱ་ནག་རི་བོ་རྩེ་ལྔ། བོད་ཡུལ་ན་ལྷ་ས་འཕྲུལ་སྣང་། བྲག་དམར་བསམ་ཡས། གཞན་ཡང་རི་བྱིན་རླབས་ཅན། དགོན་གནས་བྱིན་རླབས་ཅན། སྐུའི་རྣམ་པ་ལ་དེ་བཞིན་གཤེགས་པའི་སྐུ། བྱང་ཆུབ་སེམས་དཔའི་སྐུ། གྲུབ་ཐོབ་ཀྱི་སྐུ་ལ་སོགས་པ། དེ་ཡང་བླུག་མའམ། བྲིས་སྐུ། ལྡེར་སྐུ་རུ་བཞེངས་པ་ལ་སོགས་པའི་གཟུགས་སྣ་ཚོགས་སུ་བྱོན་ནས་སེམས་ཅན་གྱི་དོན་མཛད་དོ། །གཞན་ཡང་སྐྱེས་བུ་དམ་པ་སྐུ་ཡལ་བ་རྣམས་ལ་སྐུ་དང་རིང་བསྲེལ་དང་མེ་ཏོག་གི་ཆར་དང་། འཇའ་ཚོན་

p. 102

ལ་སོགས་པ་དང་གཞན་པའི་རྡོ་དང་ཤིང་ལ་སོགས་པ་ལ་རང་བྱོན་གྱི་སྐུ་དཔག་ཏུ་མེད་པ་བྱོན་ནས་སེམས་ཅན་གྱི་དོན་མཛད་དོ། །གཟུགས་བརྙན་མ་ཡིན་པའི་བེམ་པོའི་སྐུས་འདུལ་བ་ལ། འབྱུང་བ་ལྔ་ལ་སོགས་པ་གང་ལ་གང་འདུལ་སྣ་ཚོགས་སུ་བྱོན་པ་ཡིན། དེའང་སས་འདུལ་བ་ལ་སའི་ཁྱད་པར་རམ། བྱེ་བྲག་སྣ་ཚོགས་སུ་བྱོན་པ་ཡིན། དེ་བཞིན་དུ་ཆུས་འདུལ་བ་དང་། མེས་འདུལ་བ་དང་། རླུང་གིས་འདུལ་བ་དང་། ནམ་མཁས་འདུལ་བ་ལ་སོགས་པ་རྣམས་ལ་སོ་སོའི་ཁྱད་པར་སྣ་ཚོགས་སུ་བྱོན་པ་ཡིན་ནོ། །རིག་པ་ཅན་ཡེ་ཤེས་དང་ལྡན་པས་འདུལ་བ་ལ། ཁྱད་པར་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས། བྱང་ཆུབ་སེམས་དཔས་འདུལ་བ་ལ་བྱང་ཆུབ་སེམས་དཔའ། རང་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ་བ་ལ་དེ་དང་དེ་རབ་ཏུ་བྱུང་བ་དང་། རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་དང་། ཁྱིམ་བདག་དང་། སོ་སོ་སྐྱེ་བོ་རྣམས་དང་། རྔོན་པ་དང་། བྱ་བ་དང་། ཉ་བ་དང་། གདོལ་བ་ལ་སོགས་པ་རྣམས་གདུལ་བ་ལ་དེ་དང་དེའི་གཟུགས་སུ་སྣང་ནས་དེ་དང་དེ་འདུལ་ཞིང་

p. 103

དོན་མཛད་དོ། །གསུང་གིས་འདུལ་བ་ལ་ཡང་། བེམ་པོའི་གསུང་གིས་འདུལ་བ་དང་། རིག་པའི་གསུང་གིས་འདུལ་བ་སྟེ། དང་པོ་ནི་ནམ་མཁའ་ལ་ཆོས་ཀྱི་སྒྲ་བསྒྲགས་པ་དང་། འབྱུང་ལྔའི་སྒྲ་བསྒྲགས་པ་དང་། དུང་གི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། པི་ཝང་གི་སྒྲ་ལ་སོགས་པ་རོལ་མོ་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་དོ། །རིག་པའི་གསུང་གིས་འདུལ་བ་ལ། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ། ཁྱད་པར་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་འདུལ་བ་དང་། མཁས་གྲུབ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ཀྱིས་འདུལ་བ་དང་། བླ་མའི་མན་ངག་དང་བྱིན་རླབས་ཀྱིས་འདུལ་བ་དང་། བརྡ་དང་ཐབས་ཀྱིས་འདུལ་བ་དང་། ཞི་བ་དང་ཕན་འདོགས་པས་འདུལ་བ་དང་། དྲག་པོས་ཚར་བཅད་པས་འདུལ་བ་དང་། བཏང་སྙོམས་སུ་བཞག་པས་འདུལ་བ་དང་། ཚིགས་སུ་བཅད་པ་དང་སྙན་དངགས་ཀྱིས་འདུལ་བ་དང་། ཚིག་འཐེང་པོ་དང་ལྷུག་བས་འདུལ་བ་དང་། མུ་ཅོར་སྨྲ་བ་དང་ཁ་རྒོད་ཅི་ཐོ་ཅོད་ཀྱིས་འདུལ་བ་དང་།

p. 104

གླུ་གར་ལ་སོགས་པའི་བཞད་གད་སྣ་ཚོགས་ཀྱིས་འདུལ་བ་དང་། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་དོན་མཛད་དེ། དེ་སྐད་དུ་ཡང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པས། གང་ཟག་དག་གིས་ཞི་རྒྱས་ལ་སོགས་པའི་ཕྲིན་ལས་ཀྱི་འདུལ་དུ་མི་འདོད་པ་ལ། དྲག་པོས་ཚར་བཅད་དེ་རིམ་གྱིས་དྲངས་ནས་འདུལ་བ་སྟེ། བདེ་བའི་ལམ་ལ་འགོད་དགོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེས་སྙིང་རྗེ་འབའ་ཞིག་གིས་ཀུན་ནས་བསླངས་ནས། ཕ་རོལ་པོ་དེ་ལ་གནོད་པའི་ལས་བྱས་ཏེ། ལས་ཀྱི་འབྲེལ་བ་དེ་ལ་བརྟེན་ནས་ནམ་ཞིག་བྱང་ཆུབ་སེམས་དཔའ་དེའི་གདུལ་བྱར་ཅིས་ཀྱང་ཡོང་བ་ཡིན་ཏེ། དེ་བཞིན་དུ་ཕ་རོལ་པོ་དེས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་གནོད་པ་བྱས་པས། ལས་འབྲེལ་དེ་ལ་བརྟེན་ནས་ཀྱང་བྱང་ཆུབ་སེམས་དཔའ་དེའི་གདུལ་བྱར་ཅིས་ཀྱང་འོང་བ་ཡིན། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས།

p. 105

གཞན་དོན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེས་ཕ་རོལ་པོ་ལ་ཕན་བཏགས་སམ་གནོད་པ་བྱས་ཀྱང་རུང་ལ། དེ་ལ་ཕ་རོལ་པོས་ཀྱང་བསྙེན་བཀུར་བྱས་སམ། གནོད་བསྐྱལ་ཀྱང་རུང་སྟེ། དེ་ཉིད་དངོས་སུ་གནོད་པ་ལྟར་སྣང་ཡང་བརྒྱུད་ནས་གདུལ་བྱར་འགྱུར་བས་ཕན་པ་ཆེན་པོར་འགྱུར་བ་ཡིན་ཏེ། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ལོ། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ལ། དེ་བས་ན་རང་ལ་ཞེ་འདོད་གཏིང་ནས་མེད་པའི་སྙིང་རྗེ་ཆེན་པོ་འབའ་ཞིག་གིས་སེམས་ཅན་གྱི་དབང་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་ནི་གདུལ་བྱ་ལ་ཕན་པ་བྱས་པ་དང་། གནོད་པ་བྱས་པ་དང་། ལེགས་པ་བྱས་པ་དང་། ཉེས་པ་བྱས་པ་དང་། སྤྱོད་ལམ་འཐད་པ་དང་མི་འཐད་པའི་རྣམ་འགྱུར་དང་། བྱ་བ་གང་དང་ཚུལ་དང་མི་མཐུན་པའི་སྤྱོད་པ་སྣ་ཚོགས་སྟོན་པར་གྱུར་ཀྱང་། གཞན་དེ་ཚར་གཅོད་པ་དང་། སྨ་འབེབས་པ་དང་། ཆད་པ་གཅོད་པ་དང་། མཚང་ནས་འབྲུ་

p. 106

བ་ལ་སོགས་པ་མི་རིགས་པ་སྣ་ཚོགས་བྱས་ཀྱང་། རྣམ་འགྱུར་དེ་ཐམས་ཅད་ལ་ཉེས་པ་གཏན་ནས་མེད་ཅིང་། ལེགས་པ་འབའ་ཞིག་ཏུ་འགྱུར། གནོད་པ་རྩ་བ་ནས་མེད་ཅིང་ཕན་པ་འབའ་ཞིག་ཏུ་འགྱུར་ཏེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ནི་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཕྱིར་ན། མཛད་སྤྱོད་སྣ་ཚོགས་སྣང་ཡང་། ཐབས་ལ་མཁས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་དགོངས་པ་དང་། གདུལ་བྱ་དཔག་ཏུ་མེད་པ་ཐར་པའི་ལམ་ལ་འགོད་པར་བྱེད་དེ། དེ་ལྟ་བུའི་སྐྱེས་བུ་དེ་ནི་སེམས་རབ་ཏུ་དྭངས་པ་ཞེས་བྱ་སྟེ། ཞེ་འདོད་བྲལ་བའི་སྙིང་རྗེའི་ཀུན་ནས་བསླངས་པའི་ཕྱིར། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་གཟིངས་ཆེན་པོ་ཡིན་གསུངས། ཡང་རྒྱལ་བའི་གསུང་རབ་རྡོ་རྗེའི་ཚིག་རེ་རེ་ལ་ཡང་འགྲེལ་པ་མི་འདྲ་བ་མང་སྟེ། རྗེ་རིན་པོ་ཆེས་སྒྲོན་གསལ་ལས། རྡོ་རྗེའི་ཚིག་རེ་ལ་བཤད་པ་མི་འདྲ་བ་མང་པོ་འཇུག་པའི་ཕྱིར་ཏེ། དཔེར་ན་ལེའུ་བདུན་པར། དེ་བཞིན་གཤེགས་པའི་ཚོགས་བསད་ན། དངོས་གྲུབ་མཆོག་ཐོབ་པར་གསུངས་པ། མགོན་པོ་ཀླུ་སྒྲུབ་ཀྱིས་ལྷག་མོས་འོད་གསལ་སྡུད་པ་ལ་

p. 107

སྦྱར། འཕགས་པ་ལྷས་དེའི་དོན་རྫོགས་རིམ་གྱི་འོད་གསལ་དུ་འཇུག་པ་ལ་བཤད། ཅེས་དང་། སོར་སྡུད་ལ་སོགས་པའི་མིང་འདྲ་བའི་དོན་གཅིག་ཏུ་བྱ་དགོས་པ་མ་ཡིན་ཏེ། མིང་གཅིག་ལ་དོན་དུ་མ་དང་། དོན་གཅིག་ལ་མིང་དུ་མ་འཇུག་པ་ནི་མདོ་སྔགས་ཀྱི་ཕྱོགས་རྣམས་ལ་མཐའ་ཡས་པ་ཞིག་སྣང་གསུངས། དེས་ན་རྒྱལ་བའི་གསུང་རབ་དང་འགྲེལ་པ་རྣམས་མཐའ་གཅིག་ཏུ་བཟུང་ནས་གཅིག་དང་མི་མཐུན་པ་རྣམས་ཡང་དག་པར་མི་འཛིན་པ་ནི། ཆོས་སྤོང་གི་སྒོ་འབྱེད་པའི་རྒྱུ་ཡིན་པས་བློ་གྲོས་ཅན་གྱིས་གསུང་རབ་དགོངས་འགྲེལ་མི་འདྲ་བ་ཅི་མཐོང་ཡང་མི་སྤོང་བར་མ་ཟད་ཡ་མཚན་པར་བཟུང་ནས་མི་འགལ་བའི་དགོངས་དོན་འཚོལ་བ་ལ་འབད་ཅིང་གལ་ཏེ་དགོངས་པ་མ་ལོན་ཀྱང་མི་སྤོང་བར་འདི་འདྲ་ཡང་ཡོད་སྙམ་དག་སྣང་སྦྱང་དགོས། ཡང་ཆོས་ཀྱི་ནང་ན་ཚིག་འདྲ་ཡང་དོན་མི་འདྲ་བ་མང་སྟེ། དཔེར་ན་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ་ལ་ཡང་། དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དབྱེ་ན། སྨོན་པ་བྱང་ཆུབ་ཀྱི་སེམས། འཇུག་པ་བྱང་ཆུབ་

p. 108

ཀྱི་སེམས། བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས། དེ་ཡང་བསྐྱེད་རིམ་གྱིས་སྐབས་སུ་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རྗེས་སུ་དྲན་པ་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རྗེས་སུ་དྲན་པ་དོན་དམ་བྱང་ཆུབ་ཀྱི་སེམས་དང་། མཚན་བཅས་རྫོགས་རིམ་གྱི་སྐབས་སུ་རྟེན་ཐིག་ལེ་ཀུནྡ་ལྟ་བུ་ལ་གནད་དུ་བསྣུན་པ་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་དུ་ཤར་བ་དེ་དོན་དམ་བྱང་ཆུབ་ཀྱི་སེམས་དང་། མཚན་མེད་ཕྱག་རྒྱ་ཆེན་པོའི་ལུགས་ལ། གདངས་མ་འགགས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། གཤིས་སྐྱེ་བ་མེད་པ་དོན་དམ་བྱང་ཆུབ་ཀྱི་སེམས། ཡང་བསྐྱེད་རིམ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། རྫོགས་རིམ་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་རྒྱུད་སོགས་ལས་གསུངས། ཡང་སྙིང་རྗེ་ཟེར་བ་ལ་ཡང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ། རྫོགས་རིམ་སྐབས་སུ་ཐབས་བདེ་བ་ཆེན་པོ་ལ་ཡང་སྙིང་རྗེ་ཟེར། དེ་བཞིན་དུ་ཆོས་

p. 109

ཀྱི་ནང་ན་ཚིག་འདྲ་ཡང་། དེ་དག་གི་དོན་མི་འདྲ་བ་བརྒྱ་དགོས་ན་སྟོང་ཡོད་ཚོད་ན་འདུག་པས། དེས་ན་མིང་འདྲ་ལ་དོན་མི་འདྲ་བའི་ཆོས་མཐོང་ཡང་ལོག་ལྟ་མི་བྱེད་པར་འདི་འདྲ་ཡང་ཡོད་སྲིད་སྙམ་དུ་དག་སྣང་སྦྱང་དགོས། ཡང་དོན་གཅིག་ལ་ཚིག་མི་འདྲ་བ་མང་སྟེ། དཔེར་ན་ཟབ་མོ་སྟོང་པ་ཉིད་ལྟ་བུ་ལ་མཚོན་ན། གནས་ལུགས་ཀྱི་ལྟ་བ། དོན་དམ་བདེན་པ། ཡེ་ཤེས་ཀྱི་ཚོགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་ཁོ་ན་ཉིད། ཆོས་ཀྱི་དབྱིངས། ཆོས་སྐུ། དོན་དམ་བྱང་ཆུབ་ཀྱི་སེམས། དབུ་མ། རྫོགས་ཆེན། ཕྱག་ཆེན། ཞི་བྱེད། གཅོད་ཡུལ། ལྷན་ཅིག་སྐྱེས་སྦྱོར། འོད་གསལ་རྫོགས་རིམ། གཉུག་མའི་སེམས། ཤིན་ཏུ་ཕྲ་བའི་རླུང་སེམས། ཐིག་ལེ་ཉག་གཅིག །ཁྲེགས་ཆོད། ཐ་མལ་ཤེས་པ་སོགས་མིང་གི་རྣམ་གྲངས་མང་པོ་འདོགས་པས། དེ་དག་གི་གང་ཡིན་གང་མིན་ཟེར། ལྷ་མོ་ལ་མིང་བརྒྱ་མ་ལ་མཚན་སྟོང་མ་ཟེར་བ་ལྟར་དོན་གཅིག་ལ་མིང་མི་འདྲ་བ་མང་། དཔེར་ན་རིན་ཆེན་གསེར་ལྟ་བུ་གཅིག་ལ་ཡུལ་སོ་སོའི་མིང་མི་འདྲ་ཡང་གསེར་རང་གི་ངོས་

p. 110

ནས་གཅིག་པ་ལྟར། ཆོས་ཀྱི་མིང་མི་འདྲ་ཡང་དོན་གཅིག་ཡིན་པས། དེས་ན་ས་དགེ་རྙིང་འབྲུག །འབྲི་དྭགས་ཀར་གསུམ། ཞི་བྱེད་གཅོད་ཡུལ་སོགས་བོད་དུ་དར་བའི་གྲུབ་མཐའ་མི་འདྲ་བ་འདི་དག་ཐམས་ཅད་མིང་མི་འདྲ་ཡང་དོན་གྱིས་རྒྱལ་བའི་བསྟན་པ་ཁོ་ན་ཡིན་པས་ཀུན་ལ་དག་སྣང་སྦྱང་དགོས། འོ་ན་ས་དགེ་རྙིང་འབྲུག་སོགས་ནང་པའི་གྲུབ་མཐའ་འཛིན་པ་མཐའ་དག་གིས་སངས་རྒྱས་ཀྱི་གསུང་ལ་ཚད་མར་མི་འཛིན་པ་གཅིག་ཀྱང་མེད་མོད། རང་རང་གི་གྲུབ་མཐའ་འཇོག་དུས་གཞན་ལུགས་རྣམས་སངས་རྒྱས་ཀྱི་གསུང་འདི་དང་འགལ་ཞེས་ལུང་རིགས་དུ་མས་བཀག །རང་ལུགས་ཀྱི་ལྟ་སྤྱོད་སོགས་འདི་རྒྱལ་བའི་གསུང་འདི་དང་དགོངས་འགྲེལ་འདིའི་དགོངས་པ་དང་མཐུན་ཞེས་ལུང་རིགས་ཀྱིས་བསྒྲུབས་ནས་བཞག་པ་དེ་ཡང་ལ་ལས་བཞག་པ་ལ་ལས་དགག །ལ་ལས་བཀག་པ་ལ་ལས་བཞག་པ་འདི་གང་བདེན་སྙམ་ན། སྤྱིར་སངས་རྒྱས་ཀྱིས་སེམས་ཅན་དབང་པོའི་བྱེ་བྲག་ལ་བལྟས་ནས་ཆོས་མི་འདྲ་བ་མཐའ་ཡས་གསུངས། གསུང་རབ་ཀྱི་རྡོ་རྗེའི་ཚིག་རེ་ལ་ཡང་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་

p. 111

འགྲེལ་བཤད་མི་འདྲ་བ་མང་པོ་གསུངས་པས་ན། རང་ལུགས་གཞག་གཞན་ལུགས་དགག་མཁནརྣམས་ཀྱིས། དེ་ཀུན་སངས་རྒྱས་ཀྱི་གསུང་གཅིག་དགོངས་འགྲེལ་གཅིག་ལ་མི་མཐུན་པ་གཅིག་མེད་པས། གྲུབ་མཐའ་ཐམས་ཅད་རང་རང་གི་ས་ན་ཤིན་ཏུ་བདེན་པས་འདི་མི་བདེན་ཞེས་དོར་བྱ་གཅིག་མེད། དེ་ལྟར་དགག་བཞག་མཛད་པ་ལ་ཡང་རང་གཞན་གྱི་གྲུབ་མཐའ་དང་། གདུལ་བྱ་ལ་ཕན་པའི་དགོངས་གཞི་རེ་མེད་མི་སྲིད་པས་ཆགས་སྡང་གིས་དེ་སྐད་སྨྲས་པར་སེམས་མི་རུང་། སྐྱེས་བུ་དམ་པ་དེ་དག་ལ་རང་གི་མགོ་བཅད་ཀྱང་ཆགས་སྡང་སྐྱེ་མི་སྲིད་ན་གཞན་སྨོས་ཅི་དགོས། འོ་ན་དེ་ཀུན་བདེན་ན་ཐམས་ཅད་མི་གཅིག་གིས་ཉམས་སུ་ལེན་དགོས་སམ་ཟེར་ན། སྙིགས་དུས་ཚེ་ཐུང་ནམ་འཆི་ངེས་པ་མེད་པས་དེ་ཀུན་གྱི་མཐའ་ཆོད་དཀའ་ཞིང་ཉམས་སུ་ལེན་ལོང་མེད་པས། ཐམས་ཅད་ལ་ལོག་ལྟ་མི་སྐྱེ་ཞིང་སྐྱེས་པ་བཀག་ནས་དག་སྣང་མོས་གུས་བྱས་རང་གིས་ཉམས་སུ་གང་ལོན་ཞིག་ཉམས་སུ་བླངས་ན་ཆོག །དེ་ཀུན་གཅིག་གིས་ཉམས་སུ་ལེན་དགོས་པར་མི་འགྱུར། སངས་རྒྱས་

p. 112

ཀྱིས་གང་ཟག་གཅིག་ལ་ཆོས་དེ་ཀུན་བསྟན་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཁ་ཅིག་གིས་སངས་རྒྱས་ཀྱི་གསུང་ཐམས་ཅད་ཤེས་དགོས་ཉམས་སུ་ལེན་དགོས་གསུངས་པ་དང་འགལ་ལམ་ཟེར་ན། དེ་ནི་བསྟན་པ་ཐམས་ཅད་ཡུན་དུ་གནས་ཕྱིར་ཐོས་བསམ་རྒྱ་ཆེར་བྱེད་པ་སོགས་བསྟན་དང་འགྲོ་ལ་ཕན་པའི་དགོངས་གཞི་མང་པོ་ཡོད་ནས་དེ་སྐད་གསུངས་པ་ཡིན་ལ། ཐམས་ཅད་ཉམས་སུ་ལོན་ན་མི་ལེགས་པ་ཡང་མ་ཡིན་ཤིན་ཏུ་ལེགས་མོད། འོན་ཀྱང་སྙིགས་དུས་ཚེ་ཐུངནམ་འཆི་ཆ་མེད་པས་ཀུན་གྱི་མཐའ་མི་ཆོད་ཉམས་སུ་མི་ལོན་པ་སོགས་ལ་དགོངས་ནས་མཁས་གྲུབ་རྣམས་ཀྱིས་གསུང་རབ་ཀྱི་སྙིང་པོ་བསྡུས་ནས་བསྟན་བཅོས་མཛད་དགོས་པ་བྱུང་བ་ཡིན་ལ། ཐམས་ཅད་མ་ཤེས་ཉམས་སུ་མ་ལོན་ཀྱང་གཅིག་ཉམས་སུ་བླངས་ན་མི་གྲོལ་བ་མ་ཡིན་ཏེ། དཔེར་ན་སྔགས་ལ་སྒྲུབ་ཐབས་མཐའ་ཡས་ཀྱང་། དེའི་ནང་ནས་གསང་འདུས་ལྟ་བུ་ཞིག་ཉམས་སུ་བླངས་ན། གཞན་འཇིགས་བྱེད་བདེ་མཆོག་དུས་འཁོར་སོགས་མ་ཤེས་ཀྱང་གསང་འདུས་ཀྱི་སྒོ་ནས་འཚང་རྒྱ། གཞན་མ་ཤེས་ཉམས་སུ་མ་བླངས་ན་སངས་རྒྱས་མི་འཐོབ་

p. 113

ཅེས་བཤད་ན་འགལ་བ་དུ་མ་འབྱུང་བའི་ཕྱིར་རོ། །དེས་ན་གདམས་ངག་ཕྱོགས་རེ་བ་རེས་ཚིམ་བར་མི་བྱ་ཐམས་ཅད་ཤེས་ནས་ཉམས་སུ་ལེན་དགོས་ཐོས་བསམ་རྒྱ་ཆེར་གྱིས་ཞེས་གསུངས་མཁན་དང་། གདམས་ངག་རེ་རེ་ཙམ་གྱིས་ཆོག་ཐམས་ཅད་ཤེས་མི་དགོས་གཅིག་ལ་ཉམས་ལེན་རྩེ་གཅིག་གྱིས་ཞེས་གསུངས་མཁན་ཐམས་ཅད་ལ་རྗེས་སུ་ཡི་རང་བྱ་དགོས། ལོག་ལྟ་སྐད་ཅིག་ཙམ་ཡང་བྱ་བར་མི་རིགས་སོ། །སངས་རྒྱས་ཀྱི་དགོངས་པ་ལེན་ཚུལ་མི་འདྲ་བར་མ་ཟད། དགོངས་འགྲེལ་མཛད་མཁན་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དགོངས་པ་ཡང་ལེན་ཚུལ་མི་འདྲ་སྟེ། དཔེར་ན་རྗེ་བདག་ཉིད་ཆེན་པོའི་དགོངས་པ་ལ་མཚོནན། སེ་ར་གུང་རུ་རྒྱལ་བཟང་པའི་ཞལ་ནས། དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པ་ཡོངས་ཀྱིས་སྒྲོགས་པར་སྣང་། རྗེ་རིན་པོ་ཆེ་དང་བླ་མ་རྗེ་བཙུན་རེད་མདའ་བ་གཉིས། དགག་བྱ་དངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་འཇོག་ཚུལ་

p. 114

འདྲ། ལར་རང་མདོ་སྡུད་པར། རྩྭ་དང་ཤིང་ལས་མེ་འབྱུང་བས་ནི་དེ་ཉིད་བསྲེག །ཅེས་ཤིང་དགྲ་མེ། མེ་དགྲ་ཤིང་ཡིན་ཅིང་། ཤིང་སྲེག་པ་ལ་མེ་དགོས། མེ་སྦར་བ་ཤིང་དགོས། ཤིང་ཟད་མཐར་མེ་འཆི། ཕན་ཚུན་མེད་ན་མེ་མི་འབྱུང་གིས། ལྟོས་ཆོས་རྟེན་འབྲེལ་ཡིན་གསུངས་པ་དངོས་སུ་ཐོས་ཞེས་པ་དང་། རྒྱལ་དབང་ལྔ་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་ལས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་རྗེས་འབྲང་རྣམས། གནད་བཞིའི་དཔྱད་པས་དྲངས་ཏེ། མེད་པར་ལྷང་གིས་ངེས་པ་ན་དེ་ཀའི་རྒྱུན་མཐུད་ཅིང་། གནད་བཞིའི་དཔྱད་པ་ཡང་ཡང་དྲན་ཙམ་བྱས་ནས་ཉམས་སུ་ལེན་དགོས་ཀྱི། ང་སྣང་ཚུལ་ལྟར་མེད་སྙམ་དུ་བསྒོམས་པ་དང་། སྣང་ཚུལ་དེ་ལྟར་གྲུབ་པ་མེད་སྙམ་དུ་བསྒོམ་པ་ནི་ཕྱིན་ཅི་ལོག་ཡིན་པར་འཆད་ལ། མཁས་གྲུབ་ཤེས་རབ་སེངྒེའི་བརྒྱུད་འཛིན་ལ་ལ་ངེས་པ་དྲངས་ཟིནནས་སྣང་ཚུལ་དེ་ལྟར་དུ་གྲུབ་པ་མེད་སྙམ་དུ་བསྒོམ་པར་བཞེད་པའི་ལུགས་མང་དུ་བྱུང་གསུངས་སོ། །དེས་ན་སངས་རྒྱས་ཀྱི་གསུང་ལ་དགོངས་པ་ལེན་ཚུལ་མི་འདྲ་བ་རྣམས་ཀྱང་ལོག་པ་མིན་པ་ལྟར། མཁས་གྲུབ་

p. 115

རྣམས་ཀྱི་དགོངས་པ་ལ་ཡང་ལེན་ཚུལ་མི་འདྲ་བ་བྱུང་བ་རྣམས་ཀྱང་ལོག་པར་མི་ལྟ་བར་གང་ཟག་གི་བྱེ་བྲག་མི་འདྲ་བས། དགོངས་པ་མི་འདྲ་བ་དེ་ཀུན་གྱིས་ཀྱང་རང་རང་སོ་སོའི་རྒྱུད་ལ་ཕན་ཐོགས་སྲིད། གཅིག་གི་རྒྱུད་ལ་ཕན་མ་ཐོགས་པ་ལ་བརྟེན་ནས་འདོར་ག་ལ་རུང་སྙམ་དུ་མི་སྤོང་བར་ཀུན་ལ་དག་སྣང་སྦྱང་བར་བྱའོ། །གཞན་ཡང་རྣམ་སྣང་མངོན་བྱང་ལས། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ཆོས་དེ་ཚུལ་སྣ་ཚོགས་པ་དང་། དགོངས་པ་སྣ་ཚོགས་ཀྱིས་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ། ཚིག་སྣ་ཚོགས་དང་། ཡིག་འབྲུ་སྣ་ཚོགས་དང་། ཡུལ་ངེས་པའི་ཆིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ། །ཞེས་བཤད་བྱ་འདི་གཅིག་པུ་ལ་འཆད་བྱེད་ཀྱི་གཞུང་མང་པོ་ཡོད་པར་གསུངས། ལྷོ་བྲག་མར་པ་ལ་གསང་བ་འདུས་པའི་རྒྱུད་གཅིག་པུ་ལ་འཆད་ཚུལ་མི་འདྲ་བ་བདུན་ཙམ་ཞིག་ཡོད་སྐད། དེསན་ཐམས་ཅད་ལ་དག་སྣང་སྦྱོངས། རྒྱལ་བའི་གསུང་རབ་དགོངས་འགྲེལ་

p. 116

གྱི་དགོངས་པ་མི་འདྲ་བ་ལོན་དཀའ་བས། མི་ལོན་བཞིན་དུ་སྤང་བླང་གཉིས་སུ་བྱ་བར་མི་རིགས་སོ། །ཡང་སངས་རྒྱས་ལ་ཡེ་ཤེས་མངའ་མི་མངའ་དང་། མཉམ་གཞག་རྗེས་ཐོབ་ཡོད་མེད་ཟེར་བ་རྣམས་མི་འགལ་བར་གང་ལྟར་བཏུབ་པའི་ཚུལ་ནི། རྗེ་བཙུན་མི་ལས་ད་ལྟའི་ཐ་མལ་གྱི་ཤེས་པ་གསལ་སྟོང་འགག་མེད་འདི་དང་འདྲ་བས་གང་ལྟར་བྱས་ཀྱང་བཏུབ་གསུངས། ད་ལྟ་ལྟ་བ་མཁན་གྱི་མཉམ་གཞག་ནམ་མཁའ་ལྟ་བུའི་ཏིང་འཛིན་གསལ་སྟོང་སྤྲོས་པ་དང་བྲལ་བའི་གནས་ལུགས་ལ་རྩེ་གཅིག་མཉམ་པར་འཇོག་པའི་དུས་སུ་ཚོགས་དྲུག་གི་སྣང་བ་བཟང་ངན་གང་ཡང་མ་འགག་པར་སོ་སོར་ས་ལེར་གསལ་ཞིང་དེ་དག་ལ་དེར་འཛིན་གྱི་རྟོག་པ་མེད་པར་ས་ལེར་གནས་པ་ལྟར། སངས་རྒྱས་ཀྱང་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་ལ་དུས་རྟག་པར་བཞུགས་དུས། འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་མ་འདྲེས་པར་ལག་མཐིལ་གྱི་རི་མོ་ལ་བལྟས་པ་ལྟར་མཉམ་གཞག་གི་ངང་ནས་དུས་གཅིག་ལ་ས་ལེར་གཟིགས་ཀྱང་། དེ་དག་ཐམས་ཅད་ལ་འདི་ནི་འདིའོ་ཞེས་དེར་འཛིན་གྱི་རྟོག་པ་མེད་པར་ས་ལེར་གནས་པ་ཡིན།

p. 117

དེས་ན་ཐམས་ཅད་དུས་གཅིག་ལ་ས་ལེར་གཟིགས་པའི་ཆ་ནས་བརྗོད་ན། སངས་རྒྱས་ལ་ཡེ་ཤེས་མངའ། མངའ་བར་མ་ཟད་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངའ། མདོར་བསྡུས་ན་ཡེ་ཤེས་ལྔ་མངའ། དེ་ཡང་ཚུར་བསྡུ་ན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་མངའ་ཞེས་བརྗོད་ན་ཆོག་པས། དེ་ལྟར་ཡོད་ཅེས་གསུང་མཁན་བྱུང་བ་ཡིན་ལ། ཡང་དེ་ལྟར་ས་ལེར་གཟིགས་ཀྱང་དེར་དེ་དག་ཐམས་ཅད་ལ་སོ་སོར་རྟོག་པའི་རྣམ་རྟོག་ཅི་ཡང་མི་མངའ་བར་མཉམ་གཞག་གི་ངང་ནས་སྐད་ཅིག་ཀྱང་མི་གཡོ་བར་ས་ལེར་གནས་པའི་ཆ་ནས་བརྗོད་ན་སངས་རྒྱས་ལ་ཡེ་ཤེས་མེད། མེད་པར་མ་ཟད་སེམས་ཅན་གྱི་དོན་མཛད་སྙམ་པ་དང་། མི་མཛད་སྙམ་པ་གང་ཡང་མེད་ཅེས་བརྗོད་ཀྱང་ཆོག་པས་ན་དེ་ལྟར་མེད་ཅེས་གསུངས་མཁན་ཡང་བྱུང་བ་ཡིན། དཔེརན་ད་ལྟ་མཉམ་གཞག་མཁན་གྱི་མཉམ་གཞག་གི་ངོས་ན་ཚོགས་དྲུག་གི་སྣང་བ་ལ་བཟང་ངན་དེར་འཛིན་རྟོག་པ་མེད་བཞིན་དུ་དྲི་ཞིམ་མི་ཞིམ་སོགས་ཚོགས་དྲུག་བཟང་ངན་གང་ཡང་མི་འགག་པར་ཚོར་ནས་ཉམས་སུ་མྱོང་བ་ལྟར། སངས་རྒྱས་ཀྱི་

p. 118

མཉམ་གཞག་གི་ངོས་ལ་སེམས་ཅན་ཐམས་ཅད་ས་ལེར་གསལ་བ་ལ་འགྲོ་དོན་མཛད་མི་མཛད་ཀྱི་རྟོག་པ་མེད། འབད་རྩོལ་མེད་བཞིན་དུ་སེམས་ཅན་གྱི་དོན་བྱེད་པ་ཡང་མི་འགག་པར་འགྲོ་དོན་མཐའ་ཡས་པ་མཛད་པ་ཡིན། དེས་ན་རྟོག་པ་མི་མངའ། འབད་རྩོལ་མེད་པའི་ཆ་ནས་བརྗོད་ན་སངས་རྒྱས་ཀྱིས་གང་ཡང་མི་མཁྱེན། དུས་ནམ་ཡང་འགྲོ་དོན་མི་མཛད་མཛད་པར་མི་འགྱུར་ཞེས་བརྗོད་ཀྱང་ཆོག་ལ། ཡང་ཡིད་བཞིན་གྱིནོར་དང་དཔག་བསམ་གྱི་ཤིང་ལྟར་རྣམ་རྟོག་གིས་འབད་རྩོལ་མེད་བཞིན་དུ་འགྲོ་དོན་མཛད་པའི་ཆ་ནས་བརྗོད་ན། སངས་རྒྱས་ཀྱིས་ཐམས་ཅད་མཁྱེན་འགྲོ་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་ལྷུན་གྲུབ་ཏུ་མཛད་ཅེས་བརྗོད་ཀྱང་ཆོག །དཔེརན་ཟླ་བ་ལ་བྲི་གང་དུས་ནམ་ཡང་མེད་རུང་དུས་ཀྱི་དབང་གིས་གནམ་སྟོང་དུས་མི་སྣང་བའི་ངོས་ནས་མེད་ཟེར་ཀྱང་ཆོག །ཡང་གཏན་མེད་མ་ཡིན་པར་ནམ་མཁའི་དབྱིངས་ན་གནས་ཤིང་སླར་སྣང་བའི་ཆ་ནས་ཡོད་ཟེར་ཀྱང་ཆོག་པ་ལྟར། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་བྲི་གང་འཕོ་འགྱུར་མེད་རུང་། གདུལ་བྱའི་དབང་གིས་འགྲོ་དོན་མེད་དུས། སྐུ་དང་ཡེ་ཤེས་

p. 119

རྣམས་ཆོས་སྐུར་འདུས་ནས་གདུལ་བྱ་ལ་མི་སྣང་བའི་ཆ་ནས་བརྗོད་ན་སྐུ་དང་ཡེ་ཤེས་མེད་ཟེར་ཀྱང་ཆོག །ཡང་གཏན་མེད་མིན་པའི་ཆོས་སྐུའི་དབྱིངས་ན་ལྷུན་གྲུབ་ཏུ་གནས། སླར་གདུལ་བྱ་ཡོད་དུས་སྣང་བའི་ཆ་ནས་བརྗོད་ན་ཡོད་ཟེར་ཀྱང་ཆོག །དཔེར་ན་ནམ་མཁའ་དང་ཟླ་བ་འོད་ཟེར་འདུ་འབྲལ་མེད་པ་ལྟར་སངས་རྒྱས་ཀྱི་ཐུགས་ཆོས་སྐུ་དང་གཟུགས་སྐུ་ཡེ་ཤེས་རྣམས་དུས་ནམ་ཡང་འདུ་འབྲལ་མེད། དཔེར་ན་ནམ་མཁའ་རྟག་ཏུ་འཕོ་འགྱུར་མེད་བཞིན་དུ་ཟླ་བ་ཤར། ཟླ་བའི་གཟུགས་བརྙན་ཆུ་སྣོད་ཐམས་ཅད་དུ་ཤར་བ་ཆུ་སྣོད་མེད་ཚེ་ཟླ་བའི་གཟུགས་བརྙན་མི་སྣང་བར་ཟླ་བ་ལ་ཐིམ། ཟླ་བ་ཡང་གནམ་སྟོང་སླེབས་ཚེ་མི་སྣང་བར་ནམ་མཁའི་དབྱིངས་སུ་ཐིམ། བྲི་གང་འཕོ་འགྱུར་མེད་པར་གནས། དེ་ནས་ཡང་ཚེས་བཞི་ལྔ་ནས་སྔར་བཞིན་འཆར་བ་ལྟར། སངས་རྒྱས་ཀྱང་ཐུགས་ཆོས་སྐུའི་དབྱིངས་ལ་རྟག་ཏུ་འཕོ་འགྱུར་མེད་པར་བཞུགས་བཞིན། ས་བཅུའི་བྱང་ཆུབ་སེམས་དཔའ་སོགས་ལ་ལོངས་སྐུར་བསྟནནས་འགྲོ་དོན་མཛད། འགྲོ་བ་རྣམས་ལ་སྤྲུལ་སྐུས་གང་འདུལ་བསྟན་

p. 120

ནས་འགྲོ་དོན་མཛད། སྤྲུལ་པའི་སྐུའི་གདུལ་བྱ་མེད་ཚེ། སྤྲུལ་སྐུ་ལོངས་སྐུར་ཐིམ། ལོངས་སྐུ་ཡང་གདུལ་བྱ་མེད་ཚེ་ཆོས་སྐུར་ཐིམ་ནས་བྲི་གང་དང་འཕོ་འགྱུར་མེད་པར་བཞུགས་སླར་གདུལ་བྱ་ཡོད་ཚེ་ལོངས་སྐུ་སྤྲལ་སྐུ་སྔར་བཞིན་བྱོན་ནས་འགྲོ་དོན་མཛད་པར་འགྱུར་རོ། །དཔེར་ན་རྟ་རྩལ་ཅན་གྱིས་རྟ་ཐོག་ལས་མ་གཡོས་བཞིན་མདའ་མེ་མདའ་རྒྱག་པ་སོགས་བྱེད་པ་ལྟར། སངས་རྒྱསནི་མཉམ་བཞག་ལས་མ་གཡོས་བཞིན་དུ་རྗེས་ཐོབ་འགྲོ་དོན་མཛད་པ་ཡིན། མཉམ་རྗེས་གཉིས་སུ་མ་མཆིས་ལ། རྗེས་ཐོབ་སྒ་མའི་འགྲོ་དོན་མཛད་རུང་དུས་རྟག་ཏུ་མཉམ་གཞག་ལས་མ་གཡོས་པའི་ཆ་ནས་བརྗོད་ན། སངས་རྒྱས་ལ་རྗེས་ཐོབ་མེད་རྟག་ཏུ་མཉམ་ཉིད་ཡིན་བརྗོད་ཀྱང་ཆོག །མཉམ་གཞག་གི་ངང་ནས་མ་གཡོས་རུང་། རྗེས་ཐོབ་སྒྱུ་མའི་འགྲོ་དོན་དུས་རྟག་པར་མཛད་པའི་ཆ་ནས་བརྗོད་ན། སངས་རྒྱས་མཉམ་རྗེས་སོ་སོར་ཡོད་པར་མ་ཟད་གཙོ་བོ་རྗེས་ཐོབ་འགྲོ་དོན་ཁོ་ན་མཛད་བརྗོད་ཀྱང་ཆོག །དེ་ལྟར་མ་ཤེས་ན་འགའ་རེས་སངས་རྒྱས་ཚེ་སྐུ་དང་ཡེ་ཤེས་མཉམ་རྗེས་གཏན་ནས་མེད་སྙམ་པ་དང་། ཁ་ཅིག་གིས་ཡོད་སྙམ་ཡང་

p. 121

ཡོད་ཚུལ་འཇོག་མི་ཤེས། མཚམས་འདི་ནས་འཁྲུལ་གཞི་ཆེན་པོ་བྱུང་ནས། ཡོད་ཟེར་མཁན་དང་མེད་ཟེར་མཁན་གཉིས་ཀྱི་གང་རུང་གཅིག་མིན་སྙམ། ལོག་ལྟ་ཐེ་ཚོམ་སྐྱེས་ནས་གཅིག་གིས་གཅིག་ལ་དག་སྣང་སྐྱེ་དཀའ་བ་ཡོང་བས། འདི་ལྟར་མི་འགལ་བའི་ཚུལ་ཤེས་ན། དེ་ལྟར་བཤད་མཁན་སུ་ལ་ཡང་དག་སྣང་སྐྱེ་བར་འགྱུར་རོ། །དེས་ན་ཀུན་གྱིས་དེ་ལྟར་ཤེས་ནས་སུ་ལ་ཡང་ཁ་མི་གཏོང་བར་དད་གུས་དག་སྣང་སྦྱང་བ་ཤིན་ཏུ་གཅེས་སོ། །ཕྱག་ཆེན་རྒྱལ་པོའི་གན་མཛོད་ལས། སངས་རྒྱས་ཀྱིས་གདུལ་བྱ་བསམ་པ་སྣ་ཚོགས་པ་འདུལ་བྱེད་ཀྱི་ཐབས་སྣ་ཚོགས་པ། སོ་སོ་ལ་འོས་པ་བསྟན་པ་སོ་སོས་གྲོལ་བ་ལུང་གིས་གྲུབ་གསུངས། ལྷོ་བྲག་མར་པའི་ཞལ་སྔ་ནས། བསྒོམས་ནས་འཚང་རྒྱ་བ་གཏུམ་མོ་དང་སྒྱུ་ལུས། མ་བསྒོམས་པར་འཚང་རྒྱ་བ་འཕོ་བ་དང་ལས་རྒྱ། གཉིད་ལོག་པས་འཚང་རྒྱ་བ་རྨི་ལམ་དང་འོད་གསལ། རང་བཞིན་ཤེས་པས་འཚང་རྒྱ་བ་བར་དོ་དང་ཕྱག་ཆེན། ཞེས་དང་། གདམས་ངག་ཀུན་ལ་ཡོད་མོད་ཀྱི། །སྙན་བརྒྱུད་ཡོད་ན་ཡོད་པ་ཡིན། །བསྒོམས་ནས་

p. 122

སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་རྒྱན་རྒྱ་བ་ཡིན་གསུངས། དེས་ན་སྙན་བརྒྱུད་མ་བསྒོམས་པར་ཡང་འཚང་རྒྱ་བའི་གདམས་ངག་ཡོད་གསུངས་ན་གཞན་སྨོས་ཅི་དགོས་སྙམ་དུ་ཀུན་ལ་དག་སྣང་སྦྱང་། གཞན་ཡང་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོའི་འགྲེལ་པ་ལས། སྤྱིར་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་འཁོར་གྱི་ཡུལ་ལ་བལྟས་ནས། དགོངས་པ་དང་ལྡེམ་དགོངས་སྣ་ཚོགས་པའི་སྒོ་ནས། མཐོ་གཅིག་དམའ་གཅིག་ཏུ་གསུངས་པ་རྣམས་ལག་ཏུ་ལེན་པར་བྱེད་པ་ལ། སློབ་དཔོན་ཆོས་ཀྱི་བདག་པོར་གྱུར་པ་གཅིག་གིས། སློབ་མ་ཆོས་གོ་ཞིང་འཁྲིད་དུ་བཏུབ་པ་གཅིག་ལ་ཁྲིད་ན། ཆོས་ཐམས་ཅད་དགོངས་པ་བཞི་དང་ལྡེམ་དགོངས་བཞིའི་ཐིག་བར་ནས་བཏོན་ནས་ཉིན་ཞག་ཕྲུག་གཅིག་ལ་ལག་ལེན་དུ་ཆོས་ཐམས་ཅད་ལ་བོར་རྒྱུ་མེད་པ་གཅིག་ཏུ་འཁྱེར་ཤེས་དགོས་པ་ཡིན། དེང་སང་གྲུབ་མཐའི་འཁྱེར་ལུགས་ཀྱིས་ཐ་དད་མི་འདྲ་བ་འོང་ཡང་། འདི་བདེན་འདི་མི་བདེན་བྱར་མི་བཏུབ་སྟེ། ཐད་སོ་ཐད་སོ་ན་བདེན་པ་ཡིན་གསུངས། དེས་ན་བླ་མ་མཁས་པས་སློབ་མ་ཤེས་རབ་ཅན་ལ་ཁྲིད་ན་ཆོས་ཐམས་ཅད་གདམས་

p. 123

པར་འཆར་ལ། གྲུབ་མཐའི་དབང་གིས་བཞེད་ཚུལ་མི་འདྲ་ཡང་ཐམས་ཅད་བདེན་བས་དག་སྣང་སྦྱང་དགོས། དཔེ་ཆོས་རིན་ཆེན་སྤུངས་པ་ལས། སྤྱིར་ཡང་ཕ་རོལ་ངོས་དེ་ཕམ་བྱ། རང་ཅི་རྒྱལ་བྱ་སྙམ་ནས་བགྲོ་གླེང་བྱེད་པ་འདི་ཚོ་ལ་ཉེས་དམིགས་ཆེན་པོ་ཡོད་དེ། ཏིང་ངེ་འཛིན་མཆོག་ཏུ་གྱུར་པའི་མདོ་ལས། ཅིས་ཀྱང་ཕ་རོལ་ངོས་དེ་ཅི་ཕམ་བྱའོ་སྙམ་ནས་བགྲོ་གླེང་བྱས་པས། དེ་ནས་ཤི་འཕོས་ནས་ནམ་མཁའི་བྱ་རུ་སྐྱེའོ། །དེ་ནས་ཤི་འཕོས་ནས་འཛམ་བུའི་གླིང་ན་ཆོས་བྱེད་ཐམས་ཅད་ལ་གནོད་པ་དང་། བར་ཆད་སྣ་ཚོགས་བྱེད་པའི་གནོད་སྦྱིན་ཆེན་པོ་བརྒྱད་དུ་སྐྱེའོ། །དེ་ནས་ཤི་འཕོས་ནས་ལྕགས་ཀྱི་ཐོ་ལུམ་ཟ་བའི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། ཞེས་བཤད་པས། སྤྱིར་གང་ཟག་ཀུན་དང་ཆོས་ཀྱི་བགྲོ་གླེང་མི་བྱ། དགོས་པ་མེད། སྒོས་སུ་བླ་མ་ལ་ཐལ་འགྱུར་རྒོལ་ཞིང་ཚིག་དམའ་ཕབ་ན། ནམ་མཁའི་བྱ་དང་གནོད་སྦྱིན་དུའང་སྐྱེ་ལོང་མེད་པར། ཤི་འཕོས་ནས་དམྱལ་བར་འགྲོ་གསུངས། སངས་རྒྱས་ལ་བཟང་ངན་དུ་བྱེད། ཆོས་ལ་བཟང་ངན་དུ་བྱེད། རྟེན་ལ་བརྙས་པ་བྱེད།

p. 124

ཉོ་ཚོང་བྱེད་པ་གཏེ་བར་འཛུད་དེ་མདོ་ལས། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པའི་ཆོས་ལ། ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤངས་པ་ཡིནནོ། །དམ་བའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ཞེས་སོ། །དགེ་འདུན་ལ་སྡེ་རིས་སུ་བཅད་ནས། གཤེ་ཞིང་མཚང་འབྲུ། རབ་ཏུ་བྱུང་བའི་རྟགས་དང་འབྲེལ་ཏེ། མདོ་ལས། ཚལ་བུ་ཙམ་ཞིག་འཛིན་པ་ལ། །སྟོན་པའི་འདུ་ཤེས་མི་བསྐྱེད་པ། །སྡང་ཞིང་མཚང་རྣམས་འབྲུ་བ་ནི། །ང་ཡི་འཁོར་དུ་མི་གཏོགས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །གྲོང་ལ་སོགས་པ་འཇིག་པ་རྣམས། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །དཔེར་ན་སྨན་པ་མཁས་པའི་སྨན་རྐྱལ་ན་སྨན་གྱི་བྱེ་བྲག་སྣ་ཚོགས་པ་ཡོད་

p. 125

པ་དེ་དག་སེམས་ཅན་གྱི་ནད་ཀྱི་བྱེ་བྲག་མི་འདྲ་བ་སྣ་ཚོགས་ཡོད་པའི་གཉེན་པོར་གཏོང་བ་ཡིན་པས། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་ཐེག་པ་སྣ་ཚོགས་གསུངས་པ་དེ་དག་སེམས་ཅན་གྱི་རིགས་ཀྱི་བྱེ་བྲག་དང་ཉོན་མོངས་པའི་བྱེ་བྲག་སྣ་ཚོགས་པ་ཡོད་པའི་གཉེན་པོར་གསུངས་པས། དེ་དག་གི་ནང་ན་འདོར་དུ་རུང་བའི་ཆོས་གཅིག་ཀྱང་མེད་དེ། ཡ་མཐའ་དཔལ་གསང་བ་འདུས་པ་ནས། མ་མཐའ་ཀ་རི་ཀ་ཡན་ཆད་པོ་དེ་ཐམས་ཅད་དོན་དང་བཅས། དགོངས་པ་དང་བཅས། འབྲས་བུ་དང་བཅས་པ་འབའ་ཞིག་ཡིན་པས། ཆོས་ཐམས་ཅད་ལ་བཟང་ངན་དང་། མཐོ་དམན་དང་ཕྱི་ནང་གི་རྟོག་པ་སྤངས་ལ། ཀུན་ལ་གུས་པར་བྱེད་དགོས་གསུངས། དཔེར་ན་གྲུ་གཅིག་ཏུ་ཞུགས་ནས། གཙང་པོ་ལ་འགྲོ་བའི་མི་དེ་དག་ཐམས་ཅད་གཙང་པོ་དེ་ལས་ཉེས་སྐྱོན་མེད་པར་ཕར་ཁར་འཐོན་པའི་བསམ་པ་མཐུན་པར་འདོད་པ་ལྟར། འོ་སྐོལ་གྱི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་གི་གང་ཟག་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འདོད་པར་བསམ་པ་མཐུན་པས།

p. 126

ཆོས་སྒོར་ཞུགས་པའི་གང་ཟག་ཐམས་ཅད་ལ་རྗེས་སུ་ཡི་རང་བསྒོམ་ཞིང་། དགེ་འདུན་ལ་སྡེ་རིས་དང་། ཕྱོགས་སུ་མི་བཅད་པར་ཀུན་ལ་གུས་པར་བྱེད་དགོས་ཞེས་གང་གསུངས་པ་ལྟར་བྱའོ། །ཡང་རྒྱལ་བའི་གསུང་རབ་དགོངས་འགྲེལ་རྣམས་དང་། དེ་དག་དང་མཐུན་པའི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་མན་ངག་རྣམས་ལ་དག་སྣང་དགོས་པར་མ་ཟད། དེ་དག་དང་མི་མཐུན་ཅིང་མཁས་གྲུབ་མང་པོས་དགག་བཞག་མཛད་པ་ལྟ་བུའི་མན་ངག་མཐོང་ཡང་སངས་རྒྱས་ཀྱི་གསུང་རབ་རྒྱ་ཆེ་བས་གཞན་བོད་དུ་འགྱུར་བ་དང་། བོད་དུ་མ་འགྱུར་བའི་ནང་ན་འདི་འདྲ་ཡོད་སྲིད། དེ་མེད་ཀྱང་སངས་རྒྱས་སྙིགས་དུས་སུ་དགེ་བའི་བཤེས་གཉེན་སོགས་སྣ་ཚོགས་གཟུགས་སུ་བྱོན་ནས་ཆོས་སྣ་ཚོགས་བསྟན་ནས་འགྲོ་དོན་མཛད་གསུངས་པས་ན། དེ་འདྲ་ཞིག་ཀྱང་ཡིན་ལས་ཆེ། མཁས་གྲུབ་འགའ་ཞིག་གིས་བཞག་པ་འགའ་ཞིག་གིས་བཀག་པ་ལྟ་བུ་སྣང་ཡང་དགོངས་གཞི་ཡོད་པས་ཅི་ཡིན་མི་ཤེས་སྙམ་དུ་དག་སྣང་སྦྱང་། ཉམས་སུ་མ་ལོན་ཀྱང་ཁ་མི་བཏང་བར་བཏང་སྙོམས་སུ་བཞག །དེ་ལྟར་ཐམས་ཅད་ལ་དག་སྣང་

p. 127

སྦྱངས་པས་ཆོས་སྤོང་སོགས་ཉེས་སྤྱོད་མང་པོ་དང་། ཆགས་སྡང་ཉོན་མོངས་མང་པོ་ཞིག་འགག་ནས་ཆོས་གཅིག་ཉམས་སུ་བླངས་ཀྱང་། ཆོས་ཡོངས་ལ་སྟོན་པའི་གསུང་གི་འདུ་ཤེས་བཞག་ནས་དག་སྣང་མོས་གུས་བྱས་པའི་ཤུགས་ཀྱིས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་ནས། རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་མང་པོ་འཁྲུངས་ནས་གཅིག་ཤེས་ཀུན་གྲོལ་འབྱུང་ཞིང་། ཚེ་རབས་ཐམས་ཅད་དུ་ཆོས་ཀྱིས་མི་ཕོངས་པར་སངས་རྒྱས་ཀྱི་ཆོས་དང་མཇལ་བའི་དགོས་པ་སོགས་ཡོན་ཏན་མཐའ་ཡས་འབྱུང་བར་འགྱུར་རོ། །དེས་ན་བློ་གྲོས་ཅན་རྣམས་ཀྱིས་ཆོས་ལུགས་གྲུབ་མཐའ་གང་ལ་ཡང་དད་གུས་དག་སྣང་གྱིས་དང་བཟང་། རྒྱལ་བ་སྲས་བཅས་རྣམས་ཀྱིས་དུས་ནམ་ཡང་སེམས་ཅན་ལ་ཕན་པ་ཞིག་མ་གཏོགས་མི་ཕན་པའི་ཆོས་ལོག་ཅིག་སྟོན་མི་སྲིད་པས། ཆོས་བཟང་མི་བཟང་དང་ལོག་མ་ལོག་དེ་ཆ་གཅིག་ན་ཆོས་ཀྱི་སྟེང་ནས་མི་འཇོག །གང་ཟག་གི་སྟེངནས་འཇོག་དགོས། དཔེརན་བྱིས་པ་ལ་ནུ་ཞོ་དང་རྩམ་ཉོག་སོགས་བྱིན་ན་བཟང་གི །ཤ་ཐུད་ཇ་ཆང་སོགས་བྱིན་

p. 128

ན་ལོག་པ་ཡིན་པ་ལྟར། ཐེག་པ་ལ་གསར་དུ་ཞུགས་པ་བློ་ཁ་དམན་པ་ལ་ཐེག་པ་འོག་མའི་ཆོས་བསྟནན་བཟང་གི་གསང་སྔགས་སོགས་ཐེག་པ་ཆེན་པོའི་ཆོས་བསྟན་ན་བློར་མི་ཤོང་བས་ལོག་པར་འགྱུར། དཔེར་ན་གཞོན་ནུ་དར་ལ་བབས་པ་ལ་ཤ་ཆང་སོགས་བྱིན་ན་བཟང་གི །མའི་ནུ་ཞོའམ་རྩམ་ཉོག་ཅུང་ཟད་རེ་བྱིན་ན་ལོག་པ་ཡིན་པ་ལྟར། ཐེག་པ་འོག་མ་ལ་སྦྱངས་ནས་བློ་ཁ་ཆེར་སོང་བ་ལ། བསྐྱེད་རྫོགས་སོགས་ཐེག་པ་ཆེན་པོའི་ཆོས་བསྟན་ན་བཟང་གི །ཐེག་པ་དམན་པ་གཅིག་པུ་ལ་བློ་ཁྲིད་ན་ལོག་པའོ། །དེས་ན་ཆོས་ཐམས་ཅད་གང་ཟག་གི་བློ་ཡི་མཐོ་དམན་གྱི་དབང་གིས་ལོག་པ་ལྟ་བུ་རེ་བྱུང་བ་མ་གཏོགས། ཆོས་རང་གི་ངོས་ནས་ལོག་པ་ཞིག་གཏན་ནས་མེད་པར་ཐམས་ཅད་དོན་ལྡན་འབའ་ཞིག་ཡིན་པའི་གྲུབ་མཐའི་བཟང་ངན་གྱི་ཕྱོགས་རིས་མི་དགོས་ཏེ། རྗེ་མཁའ་སྤྱོད་དབང་པོའི་མགུར་ལས། ཆོས་རང་རང་ས་ན་དོན་དང་ལྡན། །ལུང་གྲུབ་མཐའ་མ་དགོས་བླ་མའི་དྲིན། །གསུངས། དེ་ལྟར་ཤེས་ན་རྒྱལ་བ་སྲས་བཅས་ཀྱི་གསུང་མདོ་རྒྱུད་བསྟན་བཅོས་ཀྱི་ཚིག་མི་མཐུན་པ་ཅི་མཐོང་ཡང་།

p. 129

དེ་གང་ཟག་གི་བྱེ་བྲག་སོ་སོ་ལ་དགོངས་ནས་གསུངས་པ་ཐམས་ཅད་ག་ལ་མཐུན་སྙམ། གང་ལ་ཡང་ཆོས་མིན་གྱི་ལོག་ལྟ་མི་སྐྱེ་བར་དད་གུས་དག་སྣང་འོང་ངེས། ཀྱེ་རྡོར་རྒྱུད་བརྟག་པ་གཉིས་པ་ལས། རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་དག་བྱེད། །ཅེས་དང་། རྒྱ་རས་པས། དྲི་མས་དྲི་མ་བཀྲུས་པ། ཁྱི་གུས་ཁྱི་གུ་འབྱིན་པ། རྟོག་པས་རྟོག་པ་དབྱུང་གསུངས། ཡང་། རྣམ་རྟོག་མེད་ན་ཡེ་ཤེས་མེད། །རྣམ་རྟོག་ལས་ནི་ཡེ་ཤེས་འབྱུང་། །གསུངས། ཇི་ལྟར་འདོད་ཆགས་གདུངས་པ་ལ། །འདོད་ཆགས་ཉིད་ཀྱིས་དབྱུང་བར་བྱ། །ཇི་ལྟར་ཞེ་སྡང་འཁྲུགས་པ་ལ། །ཞེ་སྡང་ཉིད་ཀྱིས་དབྱུང་བར་བྱ། །ཇི་ལྟར་གཏི་མུག་སྲོས་པ་ལ། །གཏི་མུག་ཉིད་ཀྱིས་དབྱུང་བར་བྱ། །ཞེས་དང་། ཆོས་རྗེ་རྒྱ་རས་པས། རྣམ་རྟོག་ཉོན་མོངས་ལ་སོགས་པ། །དགོས་དང་མེད་ཐབས་མེད་པར་བལྟ། །སྐྱོན་ཅན་མི་སྤང་སྲིད་དུ་སྤྱད། །དེས་ན་དགག་སྒྲུབ་གཉིས་དང་བྲལ། །ཞེས་དང་། རྗེ་ཕག་མོ་གྲུ་བས། དགོས་དང་སྐུ་དྲིན་ཆེ་བ་བལྟ། །ཆེ་བའི་ཆེ་ལུགས་འདི་ལྟ་སྟེ། །དཀོན་

p. 130

མཆོག་གསུམ་ཡང་རྟོག་པ་ལ། །སྐབས་བརྒྱད་ལམ་ལྔ་རྣམ་རྟོག་སྟེ། །དབང་པོ་ལྔ་ཡང་རྣམ་རྟོག་ཡིན། །མཆོག་དང་ཐུན་མོང་རྣམ་རྟོག་ཏུ། །འཇམ་དཔལ་རོལ་པའི་མདོ་ལས་གསུངས། །ཡང་། དེ་བས་རྣམ་རྟོག་མེད་གྱུར་ན། །དཀར་པོས་བསམ་པ་མི་འགྲུབ་པ། །མཁའ་ལ་མེ་ཏོག་སྐྱེ་བ་མེད། །དཀར་ནག་ལྟོས་པས་གྲུབ་པའི་ཕྱིར། །དྲན་དང་ཤེས་བཞིན་བག་ཡོད་གསུམ། །དཀར་པོའི་ཕྱོགས་ཀྱི་རྩ་བ་ཡིན། །རྣམ་རྟོག་མེད་ན་རྩ་བ་ཞིག །དེ་བས་རྣམ་རྟོག་ངོ་མཚར་ཆེ། །གསུངས། རྒྱ་རས་པས། མཐའ་མར་རྣམ་རྟོག་ཆོས་སྐུར་འཁྱེར། །རྣམ་རྟོག་བསྒོམ་དུ་མ་ཤར་ན། །གང་བྱས་འཁོར་བའི་རྒྱུ་འབྲས་ཡིན། །གསུངས། པད་དཀར་གྱིས། འཕོ་བ་ཞི་གནས་ཀྱི་བསྒོམ་དུ་མི་བྱེད། ལྷག་མཐོང་ནས་སྣང་བ་ཆོས་སྐུའི་རྒྱ་ཡན་མ་ཞེས་བ་ཞིག་འབྱུང་། དེ་དུས་བསྒོམ་ངོ་མར་འགྱུར་གསུངས། ཡང་། དྲང་དོན་དུ་རྣམ་རྟོག་རྣམ་རྟག །ངེས་དོན་དུ་ཆོས་སྐུ། དང་པོའི་དུས་སུ་རྣམ་རྟོག་སྤང་བྱ། གཉིས་པར་རྣམ་རྟོག་ཅི་མང་བ་ཆོས་སྐུའི་ཡོ་ལང་དུ་ཆེ་བ་གསུངས། མ་ཅིག་གིས། ཉོན་མོངས་ཡེ་ཤེས་

p. 131

ཡིན་པ་ལ། །ཉོན་མོངས་སྤངས་བའི་ཕ་རོལ་ནས། །ཡེ་ཤེས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །ཞེས་དང་། ཨ་ཝ་དྷུ་ཏི་པས། རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུང་ན་དགའ་སྟེ་བསྐུལ་འདེབས་བཟང་། །གསུངས། རྒྱུད་ལས། རྣམ་རྟོག་ཡེ་ཤེས་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་སྐེམ་བྱེད་ཡིན། །ཞེས་དང་། ཡང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །གསུངས་པ་ལྟ་བུ་ནང་མི་འགལ་ཚུལ་ནི། སྤྱིར་རྣམ་རྟོག་བཟང་པོ་ཐམས་ཅད་ཀྱིས་ཐར་པའི་གྲོགས་བྱེད་པས་བླང་བྱ། ངན་པས་འཁོར་བའི་རྒྱུ་བྱེད་པས་སྤང་བྱ། རྣམ་རྟོག་ངན་པ་ཡང་ཐབས་ཁྱད་པར་ཅན་གྱིས་ལམ་གྱི་གྲོགས་སུ་བསྒྱུར་ནུས་པས་བླང་བྱ། མི་ནུས་པས་སྤང་བྱ། བཟང་པོ་ཡང་ཞི་གནས་སོགས་ཀྱི་སྐབས་གེགས་སུ་འགྱུརན་སྤང་བྱ། གྲོགས་སུ་འགྲོ་ན་བླང་བྱ། ཡང་ཞི་གནས་སོགས་ཀྱི་སྐབས་བཟང་ངན་གང་ཡང་སྤང་བྱ། ལྷག་མཐོང་སྐབས་བཟང་ངན་གང་ཡང་ཆོས་སྐུར་བསྒྲུབ་བྱ། རྣམ་རྟོག་ངོ་བོ་ཆོས་སྐུར་བསྒྱུར་མི་ནུས་པས་ཉོན་མོངས་སྤང་

p. 132

ཆོས་སྐུར་བསྒྱུར་ནུས་པས་བླང་བྱར་གསུངས་པ་ཡིན་པས་དགོངས་པ་ལོན་དགོས། མ་ལོན་པར་འདི་ལྟ་བུའི་གཞི་རེ་རེ་གང་ཟག་དབང་པོའི་བྱེ་བྲག་གིས་སྤང་བླང་གཉིས་རེ་ཡོད་པ་ནང་འགལ་བའི་ཆོས་སྐྱོན་ཅན་དུ་འདོད་ན། པད་དཀར་གྱིས། དྲང་ངེས་ཀྱི་གཞུང་ཐམས་ཅད་དེ་ལྟ་བས་ན་འགལ་བ་དེ་ལྟར་སྨྲ་མཁན་ནི། ཟས་གཙང་གི་སྲས་ཆེ་བ་ཡིན་པས་རེ་ཞིག་དེ་དང་རྩོད་པ་གྱིས་ཤིག་གསུངས་སོ། །ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་རྒྱུད་ལ་རག་ལས་པས་ན། སྐྱབས་མགོན་པཎ་ཆེན་རིན་པོ་ཆེའི་ཞལ་ནས། ཆོས་རྣམ་ཀུན་གྱི་དང་པོའི་མགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེས་བཞེད། །ཅེས་དང་། རྒྱུད་ལས་ཀྱང་། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའནི་ཅི་ལ་ཡང་མི་གནས་སོ་གསུངས། སོ་ཐར་མདོ་ལས། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་

p. 133

ཕྲག་ན་གནས། །གསུངས། གཞན་ཡང་ལུང་ལས། སེམས་ནི་རྣམ་པར་གཡེངས་པའི་མིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། རྒྱ་རས་པས། སེམས་མ་བཏུལ་བའི་སངས་རྒྱས་གང་ནའང་མེད་གསུངས། ཐམས་ཅད་གསང་བའི་རྒྱུད་ལས། སངས་རྒྱས་ཀུན་གྱི་མ་ལུས་ནོར། །ཆོས་རྣམས་རང་གི་སེམས་སུ་འདུས། །ཞེས་དང་། རང་སེམས་རྫོགས་པའི་སངས་རྒྱས་ཉིད། །སེམས་ཉིད་ལ་ནི་རྟོགས་པར་བྱ་གསུངས། རྡོ་རྗེ་གུར་གྱི་རྒྱུད་ལས། སེམས་གྱི་རྡོ་རྗེ་ལས་བྱུང་བས། སེམས་ཅན་སྣ་ཚོགས་རིགས་ཅན་ལ། །སེམས་ནི་བདག་གི་རྣམ་རྟོག་གིས། སྐྱེ་བོ་དྲི་མས་ནག་པོར་བྱས། །དེ་བས་རབ་ཏུ་འབད་པ་ཡིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱང་། །གསུངས། རྣལ་འབྱོར་མ་ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །གསུངས། དུས་ཀྱི་འཁོར་ལོར། སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱི་ཅི་ཞིག་བྱ། །གསུངས། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས།

p. 134

རབ་འབྱོར་ཕྱིན་ཅི་ལོག་ལས་ཉོན་མོངས་པ་ཐམས་ཅད་བསྐྱེད་མོད་ཀྱི། སེམས་ཀྱི་རང་བཞིནནམ་ཡང་ཀུན་ནས་ཉོན་མོངས་པ་མ་ཡིན་ནོ་གསུངས། སྒྱུ་མ་ཆེན་མོའི་འགྲེལ་པར། དངོས་པོ་ཐམས་ཅད་སེམས་ཅན་ཏེ། །དཔེར་ན་རྨི་ལམ་ཁང་ཆེན་དང་། །སྐྱེད་མོའི་ཚལ་དང་གླིང་བུ་དང་། །རྟ་དང་གླང་པོ་ཆེ་དང་ནི། །མེ་ལ་སོགས་པའི་གཟུགས་སུ་སྣང་བ་ལྟར། སེམས་ཉིད་དངོས་པོ་དེ་དང་དེའི་རྣམ་པར་སྣང་སྟེ། སེམས་ལས་བྱུང་བ་ནི། སེམས་ལས་གུད་ན་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་སེམས་ཙམ་ཡིན་གསུངས། འདུས་པའི་རྒྱུད་ཕྱི་མའི་འགྲེལ་པར། སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས། ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྒྱུ་མར་སྣང་། ཞེས་དང་། མི་འཇིག་པ་སྐྱེ་བ་མེད་པའི་སེམས་ནི། གཙོ་བོའམ། མགོན་པོའམ། རྟེན་ནམ། རྒྱུ་འམ། ཐོག་མ་ཞེས་བྱའོ། །འདི་སྐད་བསྟན་ཏེ། རང་གི་སེམས་ཀྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ་དོན་དམ་པ་སྐྱེ་འཇིག་མེད་པར་རྟོགས་པ་དེ་ལ་ཡེ་ཤེས་ལྔའི་ཚུལ་དང་། རིགས་ཐམས་ཅད་འབྱུང་བར་འགྱུར་རོ། །གསུངས། རྣམ་སྣང་མངོན་

p. 135

བྱང་ལས། གསང་བའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་གསུངས། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །གསུངས། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་དེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། སེམས་ཀྱི་སྒྲིབ་སྦྱང་ལས། ཆོས་རྣམས་སྔོན་དུ་འགྲོ་བ་ཡིད། །ཡིད་གཙོ་ཡིད་ནི་མགྱོགས་པ་སྟེ། །ཡིད་ཉིད་ཀྱིསནི་འབད་པ་ཡིས། །སྨྲ་བའམ་ནི་བྱེད་པ་པོ། །ཞེས་དང་། དེ་ལྟར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལས་འདི་སྐད་གསུངས་པའི་ཕྱིར། །དགེ་སེམས་པ་ལ་ཉེས་པ་མེད། །གསུངས། པད་དཀར་གྱིས་སེམས་གང་དགར་བོར་ནས། ལུས་ཆོས་གོས་ཀྱིས་སྒྲིལ། རང་ལུགས་འཛིན།

p. 136

གཞན་ལུགས་དགག་འདོད་ཀྱི་ཆོས་པ་ག་པ་ག་ན་འདུག །ཆོས་པའི་གཟུགས་བརྙན་ཚེར་མ་དར་བཏུམས། འཁོར་འདས་རང་སེམས་སུ་ཤེས་ནས་རང་སེམས་ཡན་པར་མི་གཏོང་བ་ཞིག་ལ་ཉོན་མོངས་ཚོ་ལངས་རོགས་གྱིས་བྱས་ཀྱང་། འཇམ་སི་མེ་མཛད་ནས་བཞུགས་པར་གདའ། ཆོས་པ་རྣམ་དག་དེ་ལ་ཟེར་དགོས་པ་འདྲའོ། །དཔེརན་མི་གཅིག་ཅི་བདེར་བསྡད་པ་ལ་དགྲ་གཉེན་བར་མས་མཐོང་བས་སྙིང་ན་བ་དང་། བྱམས་པ་དང་བཏང་སྙོམས་གསུམ་སྐྱེ་ཡི་འདུག །དེ་ཡུལ་དེའི་སྐྱོན་ག་ལ་ཡིན། རང་གིས་དགྲའོ་གཉེན་ནོ་སྙམ་དུ་བཟུང་བས་དེ་དེ་ལྟར་མཐོང་བ་ཡིན་མོད། རང་གིས་དགྲའམ་གཉེན་དུ་མ་བཟུང་ན། དེ་དགྲའམ་གཉེན་དུ་ཅི་ཞིག་གིས་འགྲོ། དེའི་ཕྱིར་སངས་རྒྱས་ཀྱིས་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ། །ཞེས་གསུངས། ཤེལ་དྲི་མ་མེད་པ་དར་སྣ་ཚོགས་ཀྱི་སྟེང་དུ་བཞག་པས། དེ་དང་དེའི་མདངས་སུ་འགྲོ་བ་ལྟ་བུ། སེམས་འདི་ཡང་དམིགས་པས་གང་བསྒྱུར་བསྒྱུར་དེ་ཀར་འཆར་བ་ཡིནནོ། །གསུངས། རྗེ་རྡོ་རྗེ་རྒྱལ་པོས། ལུས་པོ་མི་ན་རྣམ་རྟོག་ན། །སྣང་བ་བདེ་ཆེན་འཆར་ནུས་

p. 137

ན། །ཁབ་ཀྱིས་བཙུགས་ཀྱང་བདེ་བ་སྐྱེ། །བྱམས་དང་སྙིང་རྗེ་འབྱོངས་པའི་དུས། །རང་སྲོག་གཅོད་པའི་དགྲ་ལ་ཡང་། །མ་ཡི་འདུ་ཤེས་ཡང་ཡང་འབྱུང་། །མུ་སྟེགས་ནག་པོ་སོར་དྲུག་གིས། །མཁའ་ལ་དངོས་པོར་བསྒོམས་གྱུར་ཏེ། །རྣམ་རྟོག་མཁྲེགས་པར་མཐོང་བས་ན། །ལག་པ་གཡུགས་པས་སྒྲ་ཡང་ཐོས། །ཞེ་སྡང་སྐྱེས་པའི་དུས་ཚོད་དུ། །བསྐྱངས་པའི་མ་ཡང་དགྲ་རུ་གོ །གསུངས། སྔོན་བུད་མེད་ཅིག་རི་ཁར་སོང་བས། སྔོན་ན་རི་བོང་ཞིག་འོང་བ་རྐང་བར་ནས་ཕྱིར་སོང་བ་མ་ཤེས། གསང་གནས་ནས་གྱེན་དུ་རི་བོང་ཞིག་འཛུལ་སོང་སྙམ་ནས་མ་འཛུལ་རུང་ལྟོ་བ་ན་བ་བྱུང་བས། གཅིག་གིས་དེ་ཤེས་ནས་རི་བོང་ཞིག་བཟུང་ནས་འོང་། ཕྱི་རྒྱབ་ནས་ཁུ་ཚུར་གྱིས་བརྡུངས་ནས་རི་བོང་བཏོན་པའི་ཚུལ་བྱས། རི་བོང་བཏང་ནས་འཐོན་སོང་ཞེས་བདེ་བ་བྱུང་། མི་གཅིག་གིས་བཟོ་པ་ཞིག་ལ་རྩེད་མོ་བྱས་ཁབ་སྦས་ཏེ། ཁྱོད་ཀྱི་ཁབ་ག་ན་བྱས་པས་ཁ་རུ་བཟུང་བ་ལྟོ་བར་ཁབ་སོང་བའི་སྣང་བ་བྱུང་ནས་ན་བ་བྱུང་བས། སྦས་པ་བསྟན་ནས་ན་བ་སོས། སྤུན་གཉིས་ལ་ཆུང་མ་གཅིག་ཡོད་པ།

p. 138

སྤུན་ཆེ་བས་ཆུང་བ་ལ་དུག་བླུད་ཅེས་སྐྱེ་དམན་ལ་བཤད་པས། སྐྱེ་དམན་གྱིས་ཆང་ཞིག་དུག་ཡིན་པའི་ཁུལ་བྱས། ཐབ་ཁར་བཞག་པ་སྤུན་ཆེ་བས་འཐུང་པ་ལ། བུད་མེད་ཀྱིས་བརྫུན་བཏང་ནས། ཨ་ཁ་མོ་ལས་ངན་མ་ཆང་འདི་སུས་བཏུངས་སྨྲས་པས། ཁོ་བོས་འཐུང་སྨྲས་པས། དེ་མོའི་སྤུན་ཆུང་བ་ལ་བླུད་སྙམ་དུག་བསྲེས་ནས་བཞག་པའི་ཆང་ཡིན་སྨྲས་པས། ཁོ་བརྒྱལ་སོང་། དབུགས་ཡོད་ཀྱང་མཚན་གཅིག་ན་བ་བྱུང་། ཕྱི་ཉིན་དེ་མིན་སྨྲས་པས་དྲགས་སོང་། དེས་ན་བཟང་ངན་ཐམས་ཅད་སེམས་ལ་རག་ལས། སེམས་ཀྱིས་བྱས། སེམས་སུ་སྣང་། སེམས་ཀྱིས་མྱངས་པ་ཡིན་པས། སེམས་འཚོ་བ་འདི་ཤིན་ཏུ་གལ་ཆེ་ཞེས་དམ་པ་གོང་མས་གསུངས་སོ། །སྤྱོད་འཇུག་ལས། སེམས་ཀྱི་གླང་པོ་ཡན་བཏང་ན། །མནར་མེད་གནོད་པ་བྱེད་པར་ཟད། །ཀུནནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །གསུངས། དཔེ་ཆོས་ལས། དཔེར་ན་གཏུན་པོའི་གཡོ་འགུལ་ཐམས་ཅད་མིའི་ལག་པས་གར་བསྒྱུར་

p. 139

ཡིན་ཏེ། འཕངས་ན་འགྲོ་ལ། བཞག་ན་སྡོད་པ་ལྟར་འོ་སྐོལ་གྱི་ལུས་ངག་གཏུན་པོ་དང་འདྲ་སྟེ། སེམས་ཀྱིས་གར་བསྒྱུར་ཡིན་པས་ལུས་ངག་ལ་རང་དབང་མེད་དེ། བྱེད་མཁན་ཐམས་ཅད་སེམས་ཡིན་པས་རང་གི་སེམས་རྒྱུད་བསྲུང་བ་ལནན་ཏན་བྱེད་དགོས་ཏེ། དེ་སྐད་དུ་ཡང་། བསླབ་པ་སྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ཏེ་སེམས་བསྲུང་བྱ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་སྲུང་བར་ཡོངས་མི་ནུས། །ཞེས་པ་དང་། སེམས་འདི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་པུ་བཏུལ་བ་ཡིས། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་པས་རྟག་ཏུ་དྲན་ཤེས་དང་ལྡན་པས། རང་གི་སེམས་རྒྱུད་ལ་བརྟགས་ཤིང་ནང་གི་ཉོན་མོངས་པ་མཐའ་དག་སྤངས་ཤིང་བསྲུང་བ་ནན་ཏན་བྱེད་དགོས་གསུངས། སེམས་ཅན་གྱི་བག་ཆགས་བཟང་ངན་གང་གོམས་པའི་དབང་གིས་སྣང་བ་ཡང་བཟང་ངན་དེ་ལྟར་སྣང་སྟེ། དཔེར་

p. 140

ན་ཆུ་གཅིག་པུ་ལ་ལྷའི་བདུད་རྩི། མི་ལ་ཆུ། དུད་འགྲོ་ལ་བཏུང་བ། ཡི་དྭགས་ལ་རྣག་ཁྲག །དམྱལ་བ་ལ་མེ་མདགས་སུ་སྣང་གསུངས། མི་གཅིག་ལ་ཡང་བློའི་དབང་གིས་ཕ་མ་སྤུན་ཟླ་བུ་ཆུང་མ། མཁན་སློབ་དགྲ་གཉེན་བར་མ་སྣ་ཚོགས་པར་མཐོང་བ་དང་འདྲའོ། །དེས་ན་ད་ལྟ་འོ། སྐོལ་ལ་སྣང་བ་འདི་ཡང་། སེམས་ཅན་ལ་ལ་མུན་པ། འོ་སྐོལ་ལ་མུན་པ། གཞན་ལ་ལས་སྣང་བ་ཡིན་ཚུལ་སོགས་མཐའ་གཅིག་ཏུ་མ་ངེས་ཏེ། འཇམ་དཔལ་གྱིས་སྨྲས་བ། སྣང་བ་ཐམས་ཅད་མ་ངེས་པ་སྟེ། ལ་ལའི་སྣང་བ་ནི་ལ་ལའི་མུན་པ། ལ་ལའི་མུན་པ་ནི་ལ་ལའི་སྣང་བ་ཡིན་ཚུལ་སོགས་གསུངས་སོ། །ད་ལྟ་འོ་སྐོལ་རྣམས་ལ་འཁོར་བར་སྣང་བ་ལས་སྣང་དག་པ་ལ་འདི་ག་འོག་མིན་དུ་སྣང་བ་ཡིན། དེས་ན་དག་སྣང་སྦྱོང་བ་གལ་ཆེ། སེམས་བཟང་པོར་བསྒྱུར་བའི་ཐབས་ཀྱི་མཆོག་དག་སྣང་འདི་ཀ་ཡིན། དག་པའི་སྣང་བ་འབའ་ཞིག་སྦྱངས་ན། འཁོར་བ་ཡང་མྱ་ངན་འདས་པར་འགྱུར། མ་དག་པའི་སྣང་བ་ལོག་པར་བལྟས་ན། འོག་མིན་གནས་དང་སངས་རྒྱས་ཀྱང་ཐ་མལ་དུ་འགྱུར་བ་ལ་ཚེགས་མེད་གསུངས་སོ། །གང་

p. 141

ཞིག་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །གསུངས། དགེ་བཤེས་སྟོན་པའི་ཞལ་ནས། ལ་ཁའི་ཕ་བོང་སྟོང་མི་སྟོང་འདྲ་སྟེ། རང་གི་སེམས་སྟོང་དགོས་པ་ཡིན་གསུངས། དཔེ་ཆོས་ལས་ཐེག་པ་ཆེན་པོ་སྔགས་ཀྱི་ཐབས་ལ་ནི། དཔེར་ན་གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དུ་བསྒྱུར། སྤང་བྱ་ཉོན་མོངས་ལྔ་ཡེ་ཤེས་ལྔར་གནས་བསྒྱུར། རྣམ་པར་རྟོག་པ་ཆོས་ཉིད་དུ་གནས་བསྒྱུར་ནས་བསྒོམས་པས། རྣལ་འབྱོར་པའི་སེམས་ལས་སུ་རུང་ཙན། དེ་བཞིན་དུ་གནས་འགྱུར་ནས་འགྲོ་བ་ཡིན་པར་འདུག་གསུངས། སྔགས་སོགས་གང་ལ་ཡང་སེམས་ཡིད་གཉིས་ཐེ་ཚོམ་མེད་ན་འགྲུབ་སྟེ། སྔོན་བླ་མ་ཅིག་ལ་སློབ་མ་ཞིག་གིས་ཆོས་ཞུ་རུ་ཕྱིན་པས། བླ་མ་ཐུགས་བྲེལ་ཏེ་ཕྱག་ཕྱི་ལ་ཀྱོག་ནས་མ་ར་ན་ཛ་བྱས་པས་སློབ་མའི་སྙིང་ལ་མ་ར་ན་ཛ་སྔགས་ཡིན། ལག་པ་ཕྱིར་ཀྱོག་པ་ཕྱག་རྒྱ་ཡིན་སྙམ་ནས། མ་ར་ན་ཛ་བྱས་ཀྱིན་

p. 142

ཕག་པ་ཕྱིར་ཀྱོག་ཀྱོག་བྱས་ནས་བསྒྲུབས་པས་འགྲུབ་ནས་ལས་བཞིའི་ཕྲིན་ལས་བྱེད་ནུས་པ་ཞིག་བྱུང་སྐད། དེས་ན། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཙམ་བྲལ་བས་ཅི་བསམ་འགྲུབ། །གསུངས། དེ་ལྟ་བུའི་དག་སྣང་ཡོདན་འཚང་རྒྱ་བ་ལ་ཡང་ཚེགས་མེད་པ་ཡིན། དག་སྣང་འདི་གལ་ཆེ། དེ་ཁོན་ཉིད་རབ་ཏུ་མི་གནས་འི་རྒྱུད་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། ཟར་པ་ཕྱོགས་སུ་རྒྱས་པའི་མདོ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་པཆོག་ཡིན་ནོ། །གསུངས། དེ་བཞིན་གཤེགས་པའི་གསང་བ་གཉིས་སུ་མེད་པའི་རྒྱུད་ལས། ཡིད་ལ་ཡིད་ཀྱིས་བལྟས་གྱུར་ན། །བསམ་གྱིས་མི་ཁྱབ་སྟོན་པར་བྱེད། །ཅེས་དང་། ཕྱག་ཆེན་གངྒཱ་མ་ལས། སེམས་ཀྱི་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པའི་རྦ་རླབས་རང་སར་སངས་སུ་ཆུག །ཅེས་དང་། ཕ་དམ་པའི་དིང་

p. 143

རི་བརྒྱད་ཅུ་ལས། སྟོང་པའི་ངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བ་ལ་ཐོགས་རྡུགས་མེད་དོ་དིང་རི་བ། །ཞེས་དང་། ལངྐར་གཤེགས་པ་ལས། འདུ་ཤེས་རྣམ་ཤེས་སྤངས་པ་ཡི། །སེམས་ཀྱི་རྒྱལ་པོ་ལྟ་བར་བྱ། ཞེས་དང་། མ་དྲོས་པའི་མདོ་ལས། ཤེས་རབ་མིག་གིས་བལྟས་པས་མཐོང་བ་སྟེ། །མཐོང་བ་མེད་པར་མཐོང་བ་ཆོས་མཐོང་བའོ། །ཤེས་རབ་མིག་གིས་རྟེན་པ་གང་མཐོང་བ། །དེ་ནི་སངས་རྒྱས་མཐོང་བ་ཡིན་ཞེས་བྱ། །ཞེས་དང་། རྗེ་མི་ལས། ངས་ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །གསུངས། སེམས་ངོ་བོ་དེ་ལྟར་སྟོང་ཀྱང་རྣམ་པ་གསལ་སིང་ངེར་གནས་པ་སེམས་ཀྱི་རང་བཞིན་ཡིན་ཏེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རྟག་ཆད་སྐྱེ་འགག་ལ་སོགས་པའི། །མཐའ་སྤངས་སེམས་ནི་རང་རིག་ཅིང་། །གདོད་ནས་སྤྲོས་པ་མེད་པ་ཉིད། །དེ་དོན་བསམ་མི་ཁྱབ་པར་ངེས། །ཞེས་

p. 144

དང་། དུས་འཁོར་འགྲེལ་ཆེན་ལས། རྟག་པ་དངོས་པོ་དང་ཆད་པ་དངོས་པོ་མེད་པ་སྟེ། དེ་དག་གང་ལ་མེད་པ་ནི་རྡོ་རྗེ་ཅན་ཏེ། རྣམ་པར་དག་པའི་སེམས་སོ། །ཞེས་ཡང་དེ་ཉིད་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མུ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། སྡོམ་འབྱུང་ལས། བེམ་པོ་མིན་ཕྱིར་རང་རིག་ཉིད། །ཤེས་པར་བྱ་མིན་མཐོང་བྱ་མིན། །གཟུགས་མེད་ཉིད་ཕྱིར་གང་མི་གནས། །རྣམ་པར་འགྱུར་མེད་དེ་རྟག་པ། །ཞེས་དང་། ནམ་མཁའ་རིན་པོ་ཆེའི་མཛོད་ལས། ཇི་ལྟར་མར་ལ་མར་བཞག་གམ། །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །རང་གི་རིག་པའི་ཡེ་ཤེས་།ལེགས་མཐོང་གང་ཡིན་འདི་ཕྱག་ཡིན། །ཞེས་དང་། མིའམ་ཅིའི་སྡོང་པོའི་མདོ་ལས། །ཞི་གནས་ནི་ཞི་བར་བྱེད་པའོ། །ལྷག་མཐོང་ནི་རིག་པར་བྱེད་པའོ། །གསུངས། སེམས་ཀྱི་གནས་ལུགས་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་དེ་རྗེན་ཅེར་གྱིས་མཐོང་བའི་ངང་དེ་ལ་བཞག་ནས་ཆེད་དུ་བསྒོམ་རྒྱུ་མེད་རུང་མ་

p. 145

ཡེངས་པར་བྱ་དགོས་ཏེ། གསང་བ་བདུད་རྩི་རྒྱལ་པོའི་རྒྱུད་ལས། །རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ། །མ་བསྒོམས་པས་ཀྱང་རྙེད་པ་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཡིན། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་དང་། ཤེར་ཕྱིན་བདུན་བརྒྱ་པ་ལས། དེ་བཞིན་གཤེགས་པ་བལྟ་བར་འདོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ། མི་སྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཞེས་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འདས་པ་ལ་རྟོག་པར་མི་བྱེད། མ་འོངས་པ་ལ་མི་སེམས། ད་ལྟར་བྱུང་བ་ལ་སྤྲོས་པར་མི་བྱེད་དོ། །ཞེས་དང་། རྒྱལ་བའི་རྒྱལ་ཚབ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོངནས་རྣམ་པར་གྲོལ། །ཞེས་དང་། རྒྱལ་བ་ཉིད་ཀྱིས་ཀྱང་། དངོས་པོ་མེད་པའི་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་

p. 146

དམིགས་སུ་མེད་པའོ། །ཞེས་དང་། ཧེ་བཛྲ་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །གསུངས། རྣམ་རྟོག་གང་ལའང་ཅེར་བལྟས་ན་སྟོང་གསལ་དུ་རྗེན་ལྷང་འཆར་ཏེ་བརྟག་གཉིས་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་རྡེའུ་ཟ་བ་བཞིན། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པར་སྦྱང་བར་བྱ། །ཞེས་དང་། རྒྱལ་མཚན་དམ་པའི་མདོ་ལས། ཕྱི་རོལ་ཡུལ་ལ་བརྟེན་ནས་སུ། །སེམས་ཀྱི་རྣམ་རྟོག་གང་སྐྱེས་པ། །སེམས་ཀྱིས་སེམས་ལ་བརྟགས་ནས་སུ། །རང་བཞིན་མེད་པར་ཤེས་ན་ནི། །ཤེས་རབ་ཕ་རོལ་ཕྱིན་པའོ། །དེ་ཡི་ངང་ལ་མ་ཡེངས་པ། །དེ་ནི་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། ལངྐར་གཤེགས་པ་ལས། རྣམ་པར་རྟོག་པ་སྣ་ཚོགས་ཀྱི་དོན་ལ། ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས། རྣམ་པར་གྲོལ་བར་འགྱུར་ཞེས་ངས་སྨྲས་སོ། །ཞེས་དང་། ཀུན་ནས་སྒོའི་ལེའུའི་མདོ་ལས། འདོད་ཆགས་སྟོང་པར་ཤེས་གྱུར་ན། །ཆགས་ལས་གྲོལ་བ་

p. 147

གང་ཡང་མེད། །གསུངས། རྗེ་སྒམ་པོ་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། །ཞེས་དང་། ས་ར་ཧས། ཇི་སྲིད་སེམས་ལས་རྣམས་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་མིན་ནོ། །ཞེས་དང་། བྱ་བཏང་སྔོན་པོ་ཡོན་རྡོར་གྱིས། །ཕྱི་རུ་ཡུལ་ལ་ལྷོད་ཀྱིས་གློད་དང་། །སྣང་བ་ཆོས་སྐུ་རྒྱ་ཡན་མ་འདི་ཤེས་སོ། །ནང་དུ་སེམས་ལ་ཅེར་གྱིས་ལྟོས་དང་། །སེམས་ཉིད་གཞི་མེད་རྩ་བྲལ་མ་འདི་ཤེས་སོ། །ཞེས་དང་། ཆོས་རྗེ་འབའ་ར་བས། སྣང་སྲིད་ཕྱག་རྒྱ་ཆེན་པོ་འདི་ལ། ཁ་ཡན་ཅི་བདེར་མི་སྐྱོང་བར། སྡུག་བཙིར་བྱས་ཤིང་ཡང་ཡང་བསྒོམས་ཀྱང་། སྒོམ་ཆེན་སྒོམ་གྱིས་བསླུ་བར་མཆིའོ། །ཞེས་དང་། རྗེ་གཙང་པ་རྒྱ་རས་ཀྱིས། སྒོམ་ཤེས་མང་སྟེ་བཤིག་ཤེས་ཉུང་། ཞེས་དང་། ཡང་དགོན་པས། ཡེ་སྒོམ་ལ་བློ་ཡིས་མ་བསྒོམས་པར་མཛོད་ལ། །རང་བབ་ལ་བཟོ་ཡིས་མ་འཆོས་པར་ཞོག་དང་། །སྒོམ་འདོད་ན་སྒོམ་མིན་གྱི་སྣང་བ་

p. 148

སྒོམ་དུམ་བུ་རུ་མ་གཅོད་ཕྱལ་པ་རུ་ཞོག་དང་། །ཞེས་དང་། བཀའ་གདམས་གླེགས་བམ་ལས། དགེ་བཤེས་འབྲོམ་གྱིས་ཇོ་བོ་ལ། ང་ནི་གཅིག་པུར་ཉམས་ལེན་པའི། །སྙིང་པོ་བསྡུས་པ་གནད་ཀྱི་མཆོག །དབེན་པར་གནས་པའི་ཆོས་ཤིག་ཞུ། །འབྲོམ་གཅིག་པུར་འདུག་ན་སེམས་ལ་དཔྱོད། །རྗེ་བླ་མའི་ཐབས་ཀྱིས་བཀྲོལ་ན་གསལ། །འབྲོམ་སེམས་མེད་ཡུལ་རྣམས་སུ་ཡིས་འཛིན། །རྗེ་འཛིན་པ་པོ་མེད་འཛིན་མི་འགྱུར། །འབྲོམ་སེམས་མེད་གང་ལ་སུ་ཡིས་སྨྲ། །རྗེ་སྨྲ་བ་པོ་མེད་ཆགས་སྡང་ཅི། །འབྲོམ་ཡུལ་དང་ཡུལ་ཅན་དེ་འདྲར་ཟད། །རྗེ་སེམས་ཀྱི་གཞི་རྩ་གང་ཞིག་ལགས། །འབྲོམ་ཁོ་བོས་དོན་འདི་རྙེད་མ་གྱུར། །རྗེ་རྙེད་པར་མི་འགྱུར་ཇི་ལྟར་ལགས། །འབྲོམ་སྐྱེ་གནས་འཇིག་པ་མི་གདའ་བ། །རྗེ་སྣ་ཚོགས་རིག་པ་ཇི་ལྟར་ལགས། །འབྲོམ་འདི་ནི་སྣང་མེད་སྣང་བ་ཡིན། །རྗེ་སྣང་བ་དེ་ཉིད་མ་ལགས་སམ། །འབྲོམ་སྣང་བ་བྱ་བ་ཅི་ལ་ཟེར། །རྗེ་སྣ་ཚོགས་ཡུལ་དུ་དམིགས་པ་ལགས། །འབྲོམ་ཡུལ་ཉིད་དམིགས་སམ་སེམས་ཉིད་དམིགས། །རྗེ་སེམས་ཀྱིས་ཡུལ་རྣམས་

p. 149

དམིགས་པ་ཡིན། །འབྲོམ་སེམས་དེ་དཔྱོད་པའི་དུས་ལ་བབ། །རྗེ་འདི་ཡི་དཔྱོད་ལུགས་དུས་ལ་བབས། །འབྲོམ་ཁྱོད་ཀྱི་རིག་པ་སྔ་མ་སྟོན། །རྗེ་འདས་པ་འདི་རུ་བསྟན་མ་མཆིས། །འབྲོམ་འོ་ན་མ་འོངས་རིག་པ་སྟོན། །རྗེ་མ་འོངས་འདི་རུ་འབྱུང་སྲིད་དམ། །འབྲོམ་འོ་ན་ད་ལྟའི་སེམས་འདི་སྟོན། །རྗེ་འཛུག་གུ་གཏད་ས་མི་གདའ་བ། །འབྲོམ་དེ་འདྲ་འོང་བ་ཅི་ཞིག་ཡིན། །རྗེ་དེ་བས་ཁྱེད་ལ་འདྲི་བ་ཡིན། །འབྲོམ་སངས་རྒྱས་ཀུན་ཀྱང་འདི་ལ་རྡུགས། །ཞེས་དང་། རྗེ་ཡང་ཡང་བཙལ་ཞིང་མ་རྙེད་ན། །འབྲོམ་རང་ལུགས་ཡང་ཡང་མཐོང་བ་ཡིན། །རྗེ་མ་རྙེད་པ་ལ་བཞག་ལགས་སམ། །འབྲོམ་ལྷོད་དེ་གློད་ན་དམ་པ་ཡིན། །རྗེ་གནད་དོན་འདི་ཡི་བརྒྱུད་པ་གང་། །འབྲོམ་རྒྱལ་དང་སྒྲོལ་མ་ང་ཉིད་ཡིན། །གསུངས། འབྲོམ་གྱི་ཞལ་ནས། འོན་འཆིང་བའི་རྩ་བ་གང་ལགས། ཇོ་བོའི་ཞལ་ནས། བདག་ཏུ་འཛིན་པ་ཡིན་གསུངས། བདག་ཏུ་འཛིན་པ་གང་ལགས་ཞུས་པས། ལེགས་པའི་ཡོན་ཏན་ཐམས་ཅད་བདག་གཅིག་པུ་ལ་དགོས་པ། ཉེས་པ་ཐམས་ཅད་གཞན་ཁོ་ནས་

p. 150

ལེན་པར་བྱེད་པ་ཞིག་ཡིན་གསུངས། འོ་ན་དེ་འདྲའི་བདག་འཛིན་ཞིག་འདི་ཡིན་གསུང་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བདག་འཛིན་སྒྲོ་བཏགས་ལ་འདི་ཡིན་བསྟན་རྒྱུ་ག་ན་རྙེད་གསུངས། འོ་ན་བདག་འཛིན་འདི་གནས་པ་གངན་གནས་ཞུས་པས། ཆ་མེད་ཁོ་བོས་མཐོང་མ་མྱོང་། གནས་བྱ་མེད་པའི་གནས་བྱེད་མི་ཤེས། ངོ་བོ་མེད་པའི་དབྱིབས་ཁ་དོག་མི་ཤེས་གསུངས། འོན་འདི་འདྲའི་ཉམ་ཐག་པ་ཞིག་མི་འོང་ལ་ཐང་ཨ་ཞུས་པས། ཇོ་བོའི་ཞལ་ནས། སྨིག་རྒྱུའི་ཆུ་དང་ཟླ་གཉིས་དང་རྨི་ལམ་གྱི་རྟ་གླང་ལ་སོགས་པའང་མི་མཐོང་ལ་ཐང་ཨ་གསུངས། ཇོ་བོ་དེ་འཁྲུལ་སྣང་ལགས་མོད་ཞུས་པས། ཇོ་བོའི་ཞལ་ནས་ཁོ་བོ་དེ་བཞེད་བདག་འཛིན་ཁོ་ཡོད་ནས་ཆགས་སྡང་བྱེད་པ་མ་ཡིན། གཞོང་སྟོང་གི་ཕྱིར་དུ་ལུང་སྟོང་གི་ཁྱི་ཟུག །གཞི་མེད་ལ་རང་རྒྱུད་ཆེན་པོ་འཁྲུལ། ཇོ་བོ་དཔེ་དེ་འདྲན་བདག་འཛིན་ཡེ་མེད་འདྲ་ཞུས་པས། ཇོ་བོའི་ཞལ་ནས། འདྲ་བྱ་བ་ཅི་ལ་ཟེར་དངོས་ཡིན་མོད་གསུངས། འོ་ན་ཆགས་སྡང་གི་རྩ་བ་དེ་བདག་འཛིན་དེ་རང་སེམས་ཡིན་ནམ་ཨང་ཞུས་པས། སེམས་དེའི་ཁ་དོག་གང་དུ་གདའ།

p. 151

དེ་ཁོ་བོས་མཐོང་མ་མྱོང་ཞུས་པས། འོ་ན་དབྱིབས་ཅི་འདྲ་ཞིག་གདའ་གསུངས། ཇོ་བོ་ཁོ་བོས་མཐོང་མ་མྱོང་ཞུས་པས། འོ་ན་དབྱིབས་དང་ཁ་དོག་གཉིས་སུ་མ་གྲུབ། མིག་གིས་མཐོང་མ་མྱོང་ཙན། གཟུགས་སུ་མེད་པའི་རྟགས་ཡིན་གསུངས། ཡང་འབྲོམ་གྱིས་ཇོ་བོ་ལ་ཞུས་པ། ངེད་བདག་འཛིན་ཅན་རྣམས་ཇི་ལྟར་སྤང་། འབྲོམ་ཉིན་གཅིག་ལ་རྣམ་རྟོག་ཅི་ཙམ་ཞིག་རྒྱུ། ཇོ་བོ་བསམ་གྱིས་མི་ཁྱབ་པ་ཞིག་རྒྱུའོ། །འབྲོམ་ཆོས་དབྱིངས་ཅི་ཙམ་སྐྱེ། ཇོ་བོ་རྟོག་པས་ཟིལ་གྱིས་མནན་ནས་སྐྱེ་བ་མི་གདའོ། །འབྲོམ་དེ་ལ་བླ་མ་ཨ་ཝ་དྷུ་ཏི་པའི་བཞེད་པ་དེ་དགོས་པ་ཡིན་གསུངས། ཇོ་བོ་བླ་མའི་གདམས་ངག་དེ་བསྟན་འཚལ། འབྲོམ་རྣམ་རྟོག་བྱུང་ཚད་ཆོས་ཉིད་དུ་བསྒྱུར་བ་ཡིན། ཇོ་བོ་སྡོང་དུམ་ཐམས་ཅད་གསེར་དུ་སོང་ན་འདོད་པ་ཅན་ལ་མཁོ་བར་གདའ་སྟེ། ཇི་ལྟར་བསྒྱུར་ཏུ་བཏུབ་བམ། འབྲོམ་མན་ངག་ལ་བརྟེན་ནས་གསེར་འགྱུར་གྱི་རྩི་བྱ་བས། ལྕགས་གསེར་དུ་འགྲོ་བ་ཡོད། གནད་ཤེས་དགོས་པ་ཡིན། ཇོ་བོ་གནད་བསྟན་འཚལ། འབྲོམ་དགྲ་འཇོམས་པ་ལ་དགྲ་ངོས་ཟིན་འཚལ།

p. 152

ཇོ་བོ་དགྲ་གང་ལགས། འབྲོམ་རྣམ་པར་རྟོག་པ་ཡིན། ཇོ་བོ་དེ་ཇི་ལྟར་འཇོམས། འབྲོམ་ཁོ་འབུར་ཏེ་བྱུང་ཙན་འཇོམས་འཚལ། ཇོ་བོ་འཇོམས་ལུགས་ཅི་ལྟར་བགྱིད། འབྲོམ་གཞི་གང་ན་འདུག །དབྱིབས་ཁ་དོག་ལ་སོགས་པ་ལ་དཔྱད། སྔ་མ་ཕྱི་མ་ལ་སོགས་པ་ལ་དཔྱད། འགྲོ་ས་དང་བྱུང་ས་བཙལ། དེ་དུས་ཁོ་མི་རྙེད། ཇོ་བོ་དེ་ཅི་ལགས། འབྲོམ་ཁོ་ཡོད་མ་མྱོང་བས་མ་རྙེད་པ་ཡིན། ཇོ་བོ་མ་རྙེད་ན་ཇི་ལྟར་བགྱི། འབྲོམ་རྣམ་རྟོག་ཆོས་དབྱིངས་སུ་བསྒྱུར་བ་བྱ་བ་ཡིན། བཙལ་ནས་མ་རྙེད་ན་ཆོས་དབྱིངས་ཡིན་པའི་རྟགས་ཡིན། དེ་ལ་གློད་ལ་ཞོག །ཇོ་བོ་ཡང་བྱུང་ན། འབྲོམ་ཡང་འབུར་འཇོམས་གྱིས་གསུངས། འབྲོམ་སྡུག་བསྔལ་ལ་སོགས་པའི་རྣམ་རྟོག་བརྒྱ་བྱུང་ན། འཚོལ་ཐབས་བརྒྱ་ཐམ་པ་བྱས་པས་མི་རྙེད་པ་བརྒྱ་ཐམ་པ་འོང་། མ་རྙེད་པའི་དོན་རྙེད་པ་དེ་ཆོས་དབྱིངས་ཡིན། དེ་ལ་བླ་མ་ཨ་ཝ་དྷུ་ཏི་པའི་ཞལ་སྔ་ནས། རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུངན་དགའ་སྟེ་སྐུལ་འདེབས་བཟང་། །ཅི་ཕན་རྙེད་པར་མ་གྱུར་པས། །གནས་ལུགས་ཡོ་ལང་ཙམ་དུ་ཟད། །ཅེས་གསུངས་ན།

p. 153

འབྲོམ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཁོང་ལ་ཡོད། འབྲོམ་ཁོ་བོས་ཀྱང་། ཉི་མ་ཉིན་གཅིག་ལ་ཡང་བདག་འཛིན་ལ། །མི་དགོས་དགུ་དགོས་རྣམ་པར་རྟོག་པ་བརྒྱ། །འཕྲོས་མ་ཐག་ཏུ་གཉེན་པོས་བཙལ་བ་ཡིས། །མ་རྙེད་ཆོས་དབྱིངས་ཁོ་ན་ཡིན་པར་གདའ། །གལ་ཏེ་ཡོདན་རྣམ་རྟོག་མང་ལུགས་ལ། །གལ་ཏེ་གཅིག་ཙམ་མ་རྙེད་ཁྲིམས་ཡོད་དམ། ཞེས་གསུངས་པས། འབྲོམ་གྱི་ཞལ་ནས། དེ་རིང་གསུང་གླེང་ཉམས་རེ་དགའ་གསུངས། ཡང་འབྲོམ་རིན་པོ་ཆེའི་ཞལ་ནས། ཐམས་ཅད་སེམས་ཀྱི་རང་བཞིན་ཡིན། སེམས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན། སྟོང་པ་ཡེ་སྟོང་སྤྲོས་བྲལ་གྱི་རང་བཞིན་དུ་ཤེས་པ་ནི་ཡེ་ཤེས་ཡིན། དེ་སངས་རྒྱས་སུ་གསུངས་པས་སངས་རྒྱས་ལས་ལྷག་པའི་ལྷ་མེད་གསུངས། ཇོ་བོ་ཆེན་པོས། བློ་ཐམས་ཅད་འདས་པའི་ཆ་དངོས་མེད། མ་འོངས་པའི་ཆ་ཡང་དངོས་མེད། ད་ལྟ་ཡང་དངོས་མེད། དངོས་མེད་རང་སྟོང་། རང་སྟོང་དབུ་མ། དེ་ལྟར་གནས་པ་དེ་ལ་ཤེས་རབ་ཟེར། སེམས་བླ་མ་ལ་འཛིན་པ་ལ་སོགས་ལ་ཐབས་ཟེར་

p. 154

གསུངས། འབྲོམ་གྱིས། ཀྱེ་མ་དཔྱད་སྣ་ཚོགས་མཛེས་མཛེས་འདྲ། །ཧ་ཅང་དཔྱད་ན་མི་གདའ་ཇི་ལྟར་ལགས། །ཨ་སྐྱེ་མེད་རང་གིས་སྟོང་པས་ལན། །ཕཊ་ད་ནི་རང་གྲོལ་ལྷག་པར་ཞོག །གསུངས། ཇོ་བོས། འཁྲུལ་བ་གཞི་མེད་སྒྲོ་བཏགས་ཡིན། །ཡིན་མིན་མཚན་མར་སུ་ཞིག་འཛིན། །འཛིནན་འཛིན་པ་ཉིད་གང་འཁྲུལ། །འཁྲུལ་པ་གང་ཞིག་བདེན་པ་མཐོང་། །མཐོང་བ་མེད་ན་མཐོང་བྱེད་བྲལ། །བྲལ་བ་ཤེས་ན་འབྲས་བུ་ཡིན། །འབྲས་བུ་རང་གྲོལ་ལྷག་པར་ཞོག །ཞོག་ཅེས་ཐ་དད་གཅིག་པའི་སྟོང་། །སྟོང་ལ་གཞག་བྱ་འཇོག་བྱེད་མེད། །གསུངས། ཆོས་ཀྱི་གནས་ལུགས་སྟོང་པ་ཡིན། །བཟང་ངན་རྟོག་པ་ཅི་ཡང་མེད། །ཡོད་མེད་མཐའ་ལ་མ་ཞེན་པར། །རིག་པ་དབུ་མ་ཆེན་པོར་ཞུགས། །ཞེས་དང་། འདི་ཡང་བདེན་པ་ཅི་ཡང་མེད། །དོན་གྱི་ངོ་བོ་སྤྲོས་བྲལ་ཡིན། །སྐྱེ་འཆི་མེད་པའི་ཆོས་དབྱིངས་ལ། །རིག་པ་ལྷོད་དེ་གཞག་པར་བྱ། །གསུངས། སྣང་སྣང་འདྲ་སྟེ་གཟུང་དུ་མེད། །གཟུང་མེད་འཛིན་པ་མ་བྱེད་པར། །གཉིས་མེད་རང་གྲོལ་ལྷུག་པར་ཞོག །གཞག་བྱ་བྲལ་ན་

p. 155

འབྲོམ་རྗེ་ཡིན། །ལྟར་མེད་ལྟ་ན་རིན་ཆེན་ཡིན། །གཉིས་མེད་ཤེས་ན་དབུ་མ་ཤེས། །ཞེས་དང་། སྟོང་པ་ཤེས་ན་འཛིན་པ་འཇིག །གཟུང་འཛིན་གཉིས་མེད་བློ་ལས་འདས། །བློ་འདས་བྱ་བ་ཆོས་དབྱིངས་ཡིན། །གཟིགས་དང་འབྲོམ་རྗེ་ལྟར་མེད་ལ། །ལྟར་མེད་ཤེས་ན་ལྟ་བ་འཇིགས། །འཇིགས་མེད་ཤེས་ན་དབུ་མ་ཡིན། །དབུ་མའི་ངང་དུ་བཞག་ན་ཟབ། །གསུངས། མ་ཅིག་གསང་བ་ཡེ་ཤེས་ཀྱི་ཞལ་ནས། ཡང་གསན་དང་ཡེ་ཤེས་མཁའ་འགྲོའི་ཚོགས། །ལར་ཆོས་ཀྱི་གནས་ལུགས་ཡེ་སྟོང་ལ། །ང་བྲག་ཆའི་ཆོས་སྒྲ་སྒྲོགས་པར་ཟད། །ཆོས་དོན་ལ་གྲུབ་པ་ཅི་ཡང་མེད། གཞི་སྐྱེ་མེད་མ་བཅོས་གཉུག་མའི་ངང་། །བློ་མ་བཅོས་ལྷུག་པ་ཉིད་དུ་བཞག །ལམ་གནས་མེད་རང་གྲོལ་ཆེན་པོ་ཡིན། །མཐར་འགག་མེད་འབྲས་བུ་ཆེན་པོ་ལ། །དཔེ་མི་གདའ་ནམ་མཁའ་དག་པར་ཟད། །དེ་གསན་ནམ་ཡབ་སྲས་འགྲོ་བའི་བཤེས། །དེ་ཉམས་སུ་ལོངས་དང་མཁའ་འགྲོའི་ཚོགས། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །དེ་དང་དེ་འདྲ་བའི་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་དང་མཐུན་

p. 156

པའི་གཞན་ཆོས་ལུགས་གྲུབ་མཐའ་ཐམས་ཅད་ལ་ཡིད་གཡོ་བའི་དད་པ་སྐྱེས་ན་རབ་དེ་མིན་ཀྱང་དག་སྣང་སྦྱང་དགོས་ཏེ། མཁས་གྲུབ་གཉིས་འཛོམས་རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ཀྱང་དག་སྣང་སྦྱོང་པ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་དང་། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །གསུངས་པ་ལྟར་ཀུན་ལ་དད་གུས་དག་སྣང་སྦྱོང་ངོ་། །༈ སྨྲས་པ། སྐུ་གསུམ་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་རྒྱས། །ཐབས་མཁས་བསྡུ་བཞིའི་འོད་སྣང་ཕྱོགས་བརྒྱར་འཕྲོ། །གདུལ་བྱའི་མ་རིག་མུན་པ་ཀུན་སེལ་བའི། །བླ་མ་ཉི་མ་གཞོན་ནུས་འགྲོ་ཀུན་སྐྱོངས། །རྗེ་བཙུན་བླ་མའི་ཐུགས་རྗེའི་ཚ་ཟེར་གྱིས། །བདག་གི་བློ་གྲོས་པདྨ་དཀར་པོའི་ཁ། །ཕྱེ་བའི་ནང་གི་དབྱངས་སྙན་སྦྲང་རྩིའི་ཚོགས། །སྐལ་བཟང་བུང་བ་ཀུན་ལ་ཡང་ཡང་སྟེར། །ཕན་བདེའི་འབྱུང་གནས་སྟོན་པའི་གསུང་རབ་

p. 157

ཀུན། །གནས་སྐབས་བདེ་ཞིང་མཐར་ཐུག་འཚང་རྒྱ་བའི། །ཐབས་སུ་གོ་ནས་མདོ་སྔགས་ཆོས་ཀུན་ལ། །ཐོས་བསམ་སྒོམ་གསུམ་བྱེད་པ་ཤིན་ཏུ་གཅེས། །འོན་ཀྱང་ཆོས་ཀུན་ཉམས་སུ་མ་ལོན་ཀྱང་། །བདེ་གསང་འཇིགས་གསུམ་ལྟ་བུ་རེ་རེས་ཀྱང་། །སངས་རྒྱས་གོ་འཕང་ཐོབ་པར་ཧ་གོ་ནས། །གང་མོས་ཆོས་རེ་ཉམས་སུ་བླངས་ཀྱང་ཆོག །དེང་སང་གཞན་གྱི་གྲུབ་མཐའ་སྣ་ཚོགས་ལ། །དག་སྣང་མི་བྱེད་དགག་པ་གཏོང་བ་བདུད། །ལྷག་པར་བསྟན་པའི་ལ་རྒྱ་རྩོད་ཟེར་ནས། །འཁྲུག་རྩོད་བྱས་ནས་བསྟན་པ་བཤིག་པ་མང་། །སངས་རྒྱས་བསྟན་པ་ཐམས་ཅད་འགལ་མེད་རྟོགས། །མདོ་རྒྱུད་མན་ངག་ཐམས་ཅད་གདམས་པར་ཤར། །རྒྱལ་བའི་དགོངས་པ་ཐམས་ཅད་འཁྲུལ་མེད་ལོན། །ཆོས་སྤོང་ཉེས་པ་ཐམས་ཅད་རང་འགག་པའི། །སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་ལ། །བསམ་གྱིན་དད་གུས་དབྱར་གྱི་མཚོ་ལྟར་འཕེལ། །ཆོས་པ་གཞན་ཡང་གོང་མའི་རྣམ་ཐར་བཞིན། །ངེས་པར་མཛོད་ཅེས་ལག་གཉིས་ཐལ་མོ་སྦྱོར། །ཆོས་དང་གང་ཟག་ཡོངས་ལ་དད་གུས་དང་། །དག་

p. 158

སྣང་དགོས་ཚུལ་གླུ་རུ་བླངས་པ་དེས། །ཐོས་ཚད་རྣམས་ཀྱི་རྒྱུད་ལ་ཕན་ཐོགས་ནས། །དད་གུས་དག་སྣང་ཆེས་ཆེར་རྒྱས་པར་སྨོན། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་མཁས་གྲུབ་མང་པོས་སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན། སྒོས་སུ་འདོད་ཡོན་ལྔ་སྡུག་བསྔལ་གྱི་ལོངས་སྤྱོད། དེའི་ནང་ནས་ལྟོ་གོས་བུད་མེད་གསུམ་སྡུག་བསྔལ་གྱི་འབྱུང་གནས་ཡིན་པས། འདི་རྣམས་མ་སྤངས་པར་ཆོས་རྣམ་དག་ཞིག་གཏན་ནས་མི་འོང་། ཐམས་ཅད་བློས་བཏང་ནས་ཆོས་བྱེད་དགོས་ཞེས་དཔེ་བཞག་ལུང་དྲངས་རིགས་པས་བསྒྲབས་ནས་གསུངས་པ་འདི་བདེན་ན། འདོད་ཡོན་མ་སྤངས་བསྟེན་བཞིན་དུ་སངས་རྒྱས་པའི་ཐབས་སྔགས་བླ་མེད་ཀྱི་ཆོས་དང་། དེ་ཉམས་སུ་ལེན་པའི་གང་ཟག་འདོད་ཡོན་ལ་རོལ་བ་རྣམས་ལ་དག་སྣང་བཟང་པོ་ཞིག་སྐྱེ་དཀའ་བར་གདའ། འདི་མི་བདེན་ན་གསང་སྔགས་ཀྱི་ཆོས་ཟབ་མོ་དང་སྐྱེས་བུ་དམ་པ་འདོད་ཡོན་གྱི་སྐྱོན་གྱིས་མི་གོས་པ་སོགས་འདོད་ཡོན་སྤྱོད་བཞིན་བྱང་ཆུབ་སྒྲུབ་པ་རྣམས་ལ་སྐུར་བ་བཏབ་པར་འགྱུར་བས། དེ་སྐད་གསུངས་པ་རྣམས་ལ་དག་སྣང་སྐྱེ་དཀའ་

p. 159

བར་འདུག །འདི་ལྟར་གསུངས་པ་ལ་བསྟན་འགྲོ་ལ་ཕན་པའི་དགོངས་གཞི་ཅི་ཡོད་ཟེར་ན། དེ་ལྟར་ལུང་རིགས་ཀྱིས་བསྒྲབས་ནས་གསུང་ཚེ་འདོད་ཡོན་ལ་སྤྱོད་པའི་གང་ཟག་མཆོག་དམན་བར་མ་ཐམས་ཅད་ལ་དགག་པ་བཏང་ཁ་བཏང་བྱས་པ་ལྟ་བུ་སྣང་ཡང་། ངེས་པར་གསང་སྔགས་ཀྱི་ཆོས་ཟབ་མོ་དང་དེ་ཉམས་སུ་ལེན་པའི་སྐྱེས་བུ་དམ་པ་འདོད་ཡོན་གྱི་སྐྱོན་གྱིས་མི་གོས་པ་ཙམ་དུ་མ་ཟད། འདོད་ཡོན་ལ་བརྟེན་ནས་ཡོན་ཏན་དུ་མ་སྐྱེ་གཞན་དོན་རྒྱ་ཆེན་འབྱུང་བ་རྣམས་ལ་ཁ་བཏང་བྱས་པ་ཡིན་སྙམ་ནས་འཁྲུལ་པར་མི་བྱ་སྟེ། དེ་ལྟར་གསུངས་པའི་དགོངས་གཞི་ནི། འཁོར་བ་བདེ་བར་བཟུང་ནས་འཁོར་བའི་རྒྱུ་འབའ་ཞིག་སྒྲུབ་པ་རྣམས་ཀྱིས་སྡུག་བསྔལ་དུ་མཐོང་ནས་ངེས་འབྱུང་སྐྱོ་ཤས་སྐྱེས། འཁོར་བར་ཞེན་པ་ལོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་ཀྱི་བློ་ཤུགས་དྲག་རྒྱུད་ལ་སྐྱེ་བའི་ཕྱིར་དང་། འཁོར་བའི་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བའི་ཕྱིར་དང་། འཁོར་བ་འདི་མེའི་འོབས།

p. 160

སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་ལྟར་བལྟས་ཏེ། འཁོར་བའི་ཕུན་ཚོགས་དུག་སྦྲུལ་མགོའི་ནོར་བུ། སྤུ་གྲི་ཁའི་སྦྲང་རྩི། དུག་དང་འདྲེས་པའི་ཟས་ལྟར་མཐོང་ནས། མི་གཙང་བ་གཤང་གཅི་སྣབས་ལུད་བཞིན་དོར་ནས་སྔོན་བྱོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་བཞིན་དབེན་པའི་གནས་སུ་དཀའ་ཐུབ་བྱས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐབས་དམ་པའི་ཆོས་སྒྲུབ་པའི་ཕྱིར་དང་། སྤྱིར་འདོད་ཡོན་ལྔ། སྒོས་སུ་ལྟོ་གོས་གཉིས་ཀྱིས་ལུས་གསོ་ཕྱིར་མི་དགེ་བཅུ་སོགས་བྱེད་པའི་ཉེས་སྤྱོད་ཆེན་པོ་རྣམས་རང་འགག་ལ་འགྲོ་བའི་ཕྱིར་དྀང་། ཆགས་བྲལ་གྱི་གང་ཟག་ཡོངས་ལ་བརྙས་སྨོད་ཁྱད་གསོད་སོགས་མི་བྱེད་པར་མཆོད་བསྟོད་བཀུར་བའི་ཕྱིར་དང་། བསྟན་པའི་གཞི་མ་སྡེ་སྣོད་གསུམ་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ནས་འགྲོ་བ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་འབྱུང་བའི་ཕྱིར་སོགས་ལ་ཕན་པར་དགོངས་ནས་གསུངས་པ་ཡིན། གསུངས་པ་དེས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་ཀྱང་འབྱུང་ངེས་པས། དེ་སྐད་གསུང་པའི་བླ་མ་དང་དེ་ལྟར་མཛད་པའི་ཆོས་པ་ཡོངས་ལ་

p. 161

ཁ་མི་གཏོང་བར་མ་ཟད། དད་གུས་དག་སྣང་སྦྱངས་ནས་མཆོད་བསྟོད་བཀུར་ཞིང་དེ་ལྟར་རང་གིས་ཀྱང་ཉམས་སུ་ལེན་པ་གཅེས་སོ། །འོ་ན་ཡང་མཁས་གྲུབ་མང་པོས། སྤྱིར་གནས་ལུགས་རྟོགས་ན་འཁོར་བ་ཡང་བདེ་བའི་རང་བཞིན། ཐབས་ལ་མཁས་པས་སྤྱོད་ཤེས་ན་འདོད་ཡོན་ལྔ་བདེ་བའི་ལོངས་སྤྱོད། དེའི་ནང་ནས་ལྟོ་གོས་བུད་མེད་བདེ་སྐྱིད་ཐམས་ཅད་འབྱུང་བའི་གནས་ཡིན་པས། འདོད་ཡོན་ལ་མ་བརྟེན་པར་ཆོས་རྣམ་དག་ཞིག་མི་འོང་བས། གསང་སྔགས་ཟབ་མོ་ཉམས་སུ་ལེན་པའི་རྣལ་འབྱོར་པ་སོགས་ཆོས་མཛད་རྣམས་ཀྱིས་འདོད་ཡོན་སྤྱོད་བཞིན་ཆོས་བྱེད་དགོས་ཞེས་དཔེ་བཞག་ལུང་དྲངས་རིགས་པས་བསྒྲུབ་ནས་གསུངས་པ་དེ་བདེན་ན། སྡེ་སྣོད་གསུམ་དང་དེ་ཉམས་སུ་ལེན་པའི་གང་ཟག་འདོད་ཡོན་སྤོང་ཅི་ཐུབ་བྱེད་པ་རྣམས་ལ་དག་སྣང་བཟང་པོ་ཞིག་སྐྱེ་དཀའ་བར་གདའ། འདི་མི་བདེནན་སྡེ་སྣོད་གསུམ་གྱི་ཆོས་དང་སྐྱེས་བུ་དམ་པ་ཚེ་བློས་བཏང་ནས་བྱང་ཆུབ་སྒྲུབ་པ་རྣམས་ལ་སྐུར་པ་བཏབ་པར་འགྱུར་བས་དེ་སྐད་གསུངས་པ་རྣམས་ལ་དག་སྣང་སྐྱེ་དཀའ་བར་འདུག །འདི་ལྟར་

p. 162

གསུངས་པ་ལ་བསྟན་འགྲོ་ལ་ཕན་པའི་དགོངས་གཞི་ཅི་ཡོད་ཟེར་ན། དེ་ལྟར་ལུང་རིགས་ཀྱིས་བསྒྲུབས་ནས་གསུངས་ཚེ། འདོད་ཡོན་སྤོང་བའི་གང་ཟག་མཆོག་དམན་བར་བ་ཐམས་ཅད་ལ་དགག་བ་བཏང་ཁ་བཏང་བྱས་པ་ལྟ་བུར་སྣང་ཡང་ངེས་པར་སྡེ་སྣོད་གསུམ་དང་། དེ་ཉམས་སུ་ལེན་པའི་སྐྱེས་བུ་དམ་པ་འདོད་ཡོན་སྤངས་པས་ཡོན་ཏན་དུ་མ་སྐྱེས་གཞན་དོན་རྒྱ་ཆེན་འབྱུང་བ་རྣམས་ལ་ཁ་བཏང་བྱས་པ་ཡིན་སྙམ་ནས་འཁྲུལ་བར་མི་བྱ་སྟེ། དེ་ལྟར་གསུངས་པའི་དགོངས་གཞི་ནི། འཁོར་བ་བདེ་བར་བཟུང་འདོད་ཡོན་བདེ་བའི་རྒྱུར་རློམས་པའི་གདུལ་བྱ་སེམས་ཅན་འདོད་ཆགས་དང་སེར་སྣ་ཆེ་བ་རྣམས་རིམ་གྱིས་ཁ་ཡར་དྲངས་པའི་ཕྱིར་དང་། སོ་སྐྱེ་ཞེ་སྡང་ཤས་ཆེ་བའི་ཚེ་འདི་མ་དང་ཆུང་མ་སོགས་སྐྱེ་དམན་ལ་སྡང་བ་རྣམས་ཀྱིས་མི་སྡང་བར་བྱམས་པའི་ཕྱིར་དང་། གླེན་པ་འགའ་ཞིག་གིས་ཐབས་མི་མཁས་པར་ཟས་གོས་ཡེ་མེད་པ་བྱས། ཆོས་ཕྱིར་དཀའ་སྤྱད་དྲག་པོ་བྱས་ལུས་ལ་ནད་འཇུག་གིས་བཅུག །རང་གིས་རང་ལག་ཉེས་གཏོང་བ་རྣམས་ཀྱིས་དལ་བའི་རྟེན་མི་བརླག་པར་གཅེས་པར་བསྐྱངས་ནས་ཆོས་ཀྱི་སྙིང་པོ་

p. 163

ལེན་པའི་ཕྱིར་དང་། འདོད་ཡོན་གྱི་སྐྱོན་གྱིས་མི་གོས་པའི་བླ་མ་སྐྱེས་བུ་དམ་པ་དང་གསང་སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་བ་སོགས་འདོད་ཡོན་སྤྱོད་པ་ཡོངས་ལ་ཁ་མི་གཏོང་བར་མཆོད་བསྟོད་བཀུར་བའི་ཕྱིར་དང་། བསྟན་པའི་སྙིང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ནས་སེམས་ཅན་ལ་ཕན་པ་དང་བདེ་བ་འབྱུང་བའི་ཕྱིར་སོགས་ལ་ཕན་པར་དགོངས་ནས་གསུངས་པ་ཡིན་ལ། གསུངས་པ་དེས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་འབྱུང་ངེས་པས། དེ་སྐད་གསུངས་པའི་བླ་མ་དང་དེ་ལྟར་མཛད་པའི་ཆོས་པ་ཡོངས་ལ་ཁ་མི་གཏོང་བར་མ་ཟད། དད་གུས་དག་སྣང་སྦྱངས་ནས་མཆོད་བསྟོད་བཀུར་ཞིང་དེ་ལྟར་རང་ཡང་ཉམས་སུ་ལེན་པར་རིགས་སོ། །འོན་སྤྱིར་མདོན་ཤ་ཆང་སོགས་འདོད་ཡོན་ལྔ་དང་། ཁྱད་པར་བུད་མེད་དུག་ལྟར་སྤང་དགོས་ཞེས་གསུངས་པ་དང་། སྔགས་ན་ཤ་ཆང་སོགས་འདོད་ཡོན་ལྔ་དང་། ཁྱད་པར་བུད་མེད་སྨན་ལྟར་བསྟེན་དགོས་ཞེས་གསུངས་པ་འདི་གཉིས། གནང་བཀག་མི་འདྲ་བ་རྒྱབ་འགལ་ཆེ་བས་ན།

p. 164

སྐྱེས་བུ་གཅིག་གིས་ཚེ་གཅིག་ལ་མདོ་སྔགས་གཉིས་ཉམས་སུ་བླངས་ན་ཚ་གྲང་ལྟར་འགལ་བར་སྣང་། རང་ཉིད་གང་མོས་ཤིག་ཚེ་འདིར་ཉམས་སུ་བླངས། གཅིག་དེ་མ་འོངས་པའི་སྐེ་བ་ཚོར་ཉམས་སུ་ལེན་པའི་ཡིད་སྨོན་ཙམ་བྱེད་པ་མ་གཏོགས། གཉིས་ཀ་ཉམས་སུ་མི་ལོན་པར་འདུག་ཟེར་ན། འོ་དེ་ཆ་གཅིག་ན་ཁྱོད་བདེན་ཏེ། སྐྱེས་བུ་བློ་དམན་དབང་པོ་རྟུལ་པོ་རྣམས་ཀྱིས་མདོ་སྔགས་གཉིས་ཀ་ཉམས་སུ་ལོན་པ་ཕར་ཞོག །གཅིག་ཉམས་སུ་ལེན་རྒྱུ་ཡིན་ཡང་ཉམས་སུ་ཇི་བཞིན་མི་ལོན་པ་མང་མོད། འོན་ཀྱང་གང་ཟག་དབང་པོ་རབ་ཀྱིས་མཚན་ལྡན་བླ་མ་བསྟེན་ནས་ཉམས་སུ་ལེན་རྒྱུ་ཡིན་ན་མདོ་སྔགས་གཉིས་མི་འགལ་བ་ཙམ་དུ་མ་ཟད། གཅིག་གྲོགས་སུ་གཅིག་སོང་ནས་མྱུར་དུ་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱེད་པའི་དགོས་པ་ཡོད་དེ། དེས་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཉིས་ཀ་ཉམས་སུ་ལེན་དགོས། དེ་ཅིའི་ཕྱིར་ཞེ་ན། མདོ་གཅིག་པུ་ཉམས་སུ་བླངས་ན་སངས་རྒྱས་བཅོམ་ལྡན་འདས་ལྟ་བུའི་གང་ཟག་དབང་པོ་རབ་ཡང་བསྐལ་ཆེན་གྲངས་མེད་གསུམ་གྱི་འཕྲོ་སངས་རྒྱས་

p. 165

དགོས་པ་ཡིན་ཀྱང་། མདོ་ལ་སྔགས་ལམ་གྱི་སྣོན་པ་བཏབ་ན་དེ་ཙམ་གྱི་ཡུན་རིང་པོ་བསྒུགས་མི་དགོས་པར་རྗེ་མི་ལ་ལྟ་བུའི་སྐྱེས་བུ་བརྩོན་འགྲུས་ཅན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གཅིག་གིས་ཚེ་གཅིག་ལ་ཡང་མདོ་སྔགས་ཟུང་འབྲེལ་ཉམས་སུ་བླངས་ཀྱང་ཕན་ཚུན་འགལ་མེད་གྲོགས་སུ་འཆར་བའི་རྟགས་སུ། ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་རྒྱལ་བའི་གསུང་རབ་མདོ་རྒྱུད་ཀྱི་ཡི་གེ་ན་གཅིག་ཡན་ཆད་འདོར་རྒྱུ་མེད་པར་གདམས་པར་ཤར་ནས་ཐུགས་ཉམས་སུ་བཞེས་པས་བཀའ་གདམས་པ་ཞེས་གྲགས་པས་ས་སྟེང་ཁྱབ་པ་ཡིན་ལ། དེ་བཞིན་དུ་རྗེ་རྒྱལ་བ་གཉིས་པས་ཀྱང་མདོ་སྔགས་གཉིས་སྐྱེས་བུ་གཅིག་གིས་ཉམས་སུ་ལེན་པའི་ཚུལ་སྔར་མེད་པའི་ལེགས་བཤད་ས་གསུམ་གྱི་སྒྲོན་མེ་ཆེན་པོ་ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། རིམ་ལྔ་གསལ་སྒྲོན་སོགས་གསུངས་པ་ཡིན། དེའི་ཆེ་བ་བཞི་ལ་ཡང་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་པར་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་

p. 166

པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་ཞེས་ཆེ་བ་བཞི་བསྟན་པ་ཡིན། འགལ་ན་ཆེ་བ་བཞི་གསུངས་པ་དང་མདོ་སྔགས་ཀྱི་ལམ་རྣམས་སྐྱེས་བུ་གཅིག་གིས་ཉམས་སུ་བླངས་པྱར་གསུངས་པ་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །འོ་ན་མདོ་སྔགས་གཉིས་མི་འགལ་བའི་ཚུལ་ཇི་ལྟ་བུ་ཞིག་ཡིན། ད་ཤོད་དང་ཟེར་ན། དེ་ལ་ཐོག་མར་མདོ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས། འཁོར་བའི་ཉེས་དམིགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཕར་ཕྱིན་དྲུག་དང་བསྡུ་བཞི་སོགས་ལམ་ཐུན་མོང་པའི་རྒྱུད་སྦྱངས། ལམ་ཐུན་མོང་པའི་རྒྱུད་འབྱོངས་ནས་སྔགས་ཀྱི་སྣོད་རུང་དུ་གྱུར་ཚེ། མདོའི་རིང་ལམ་དེ་གཅིག་པུ་ལ་མི་ཞེན་པར། ལམ་ཐུན་མོང་མ་ཡིན་པ་ཐེག་པ་ཀུན་གྱི་མཆོག་སྔགས་ཀྱི་ལམ་མ་ནོར་ཇི་བཞིན་སྟོན་པའི་བླ་མ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་ཡིན་པས་དབང་བཞི་རྣམ་པར་དག་པ་ཞུས་དབང་དུས་སུ་ཁས་བླངས་པའི་སྡོམ་ཁྲིམས་

p. 167

མིག་གི་འབྲས་བུ་བཞིན་བསྲུངས་ནས། ཤ་ཆང་སོགས་འདོད་ཡོན་དངོས་སུ་མི་བསྟེན་པར་རྫས་ཙམ་བསྟེན་ནས་སྔགས་ཀྱི་ལམ་བསྐྱེད་རྫོགས་ཉམས་སུ་བླངས། རྟོགས་པ་མཐོན་པོར་སླེབས་ནས་འདོད་ཡོན་བསྟེན་ན་འདོད་སྲེད་སླར་ལངས་འདོད་ཡོན་གྱི་དབང་དུ་མི་འགྲོ་བར་འདུག་སྙམ་དུས་ལས་རྒྱ་མི་བསྟེན་པར་ཡེ་རྒྱ་མོས་པ་ཙམ་བྱས། ཤ་ཆང་སོགས་འདོད་ཡོན་གཞན་རྣམས་དངོས་སུ་བསྟེན། དེ་ནས་རྟོགས་པ་ཆེར་སོང་ནས་འདོད་ཡོན་ལ་བརྟེན་ནས་རྫོགས་རིམ་གྱི་འོད་གསལ་མངོན་དུ་བྱས། ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པའི་གྲོགས་སུ་འགྲོ་བར་འདུག་སྙམ་པའི་ཚད་ལ་སླེབས་དུས། སྤྱིར་ཤ་ཆང་སོགས་འདོད་ཡོན་ལྔ་དང་ཁྱད་པར་མཚན་ལྡན་གྱི་ལས་རྒྱ་མ་བཙལ་ནས་དབང་བསྐུར་བྱིན་གྱིས་བརླབས་ནས་ཤིན་ཏུ་གསང་བའི་ཚུལ་དུ་ཞག་བདུན་ནམ། ཉེར་གཅིག་ལོ་རེ་ཙམ་སོགས་ཅི་ཙམ་བསྟེན་པ་དེ་ཙམ་དུ་དངོས་སུ་བསྟེན་ཀྱང་གསང་སྔགས་ནས་དེ་ལྟ་བུའི་གང་ཟག་ལ་གནང་བ་དགྱེས་བཞིན་བྱིན་པར་མ་ཟད། མདོ་འདུལ་བའི་དགོངས་པ་དང་མི་འགལ་བ་ཡིན་པའི་གནང་

p. 168

བ་ཡོད་དེ། དེ་ཅིའི་ཕྱིར་ན། མདོ་འདུལ་བ་ཡང་སེམས་ཅན་རྣམས་དངོས་སམ་བརྒྱུད་ནས་སངས་རྒྱས་པའི་ཐབས་ཤ་སྟག་ཡིན་པས་ཉོན་མོངས་པ་ཟད་ཚོགས་བདེ་བླག་ཏུ་རྫོགས་ནས་འཚང་རྒྱ་ན་དགོས་པ་ཆེ་བས་མདོ་ན་དགག་བྱ་བ་ལས་དགོས་པ་གཙོ་བས་དེ་འདམས་ན་སྐྱོན་མེད་ཅེས་གསུངས་པའི་དགོངས་པ་དང་མཐུན་པས་ན། དེ་ལྟ་བུའི་གང་ཟག་ལ་འདུལ་བ་ནས་ཀྱང་དམིགས་བསལ་གྱིས་གནང་བ་ཡོད་པར་གསུངས་སོ། །འོ་ན་དེ་ལྟ་བུའི་གང་ཟག་དབང་པོ་ཡང་རབ་ལ་དགོས་པ་ཆེ་བའི་དབང་གིས་དམིགས་བསལ་བྱས་གནང་བ་བྱིན་ཡོད་ཀྱང་དེའི་དུས་སོ་ཐར་གྱི་སྡོམ་པ་ཤོར་བ་མ་ཡིན་ནམ་ཟེར་ན། དེ་ཤོར་བ་ལྟར་སྣང་ཙམ་ཡིན། དོན་གྱིས་མ་ཤོར་བར་མ་ཟད་སོ་ཐར་གྱི་སྡོམ་པ་གོང་འཕེལ་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐྱེད་རིམ་གྱིས་ཐ་མལ་སྣང་ཞེན་སྦྱངས་ནས་རང་གཞན་སྣོད་བཅུད་ལྷ་སྔགས་ཏིང་ངེ་འཛིན་གྱི་རང་བཞིན་དུ་འཆར་བ་མ་གཏོགས། ཐ་མལ་གྱི་སྣང་བ་གཏན་ནས་མི་འཆར་ཞིང་། རྫོགས་རིམ་གྱིས་རྩ་རླུང་ཐིག་ལེ་རྒྱས་ལས་སུ་རུང་ནས་མར་ཡུངས་འབྲུ་ཙམ་ཡང་འཆོར་མི་སྲིད་པར་དབབ་བཟུང་

p. 169

ལྡོག་འགྲེམས་བཞི་ནུས་པའི་དུས་སུ་བསྟེན་པ་ཡིན་པས། དེ་དུས་ལས་རྒྱ་ལ་བརྟེན་ནས་ཀྱང་ཐིག་ལེ་སྔར་བས་མང་དུ་སོང་། དཔེར་ན་རྐྱལ་པ་འོ་མས་བཀང་བ་ལྟར་སྐབས་ཤིག་རྣལ་འབྱོར་པའི་ལུས་ཐམས་ཅད་བྱང་སེམས་ཀྱི་ཐིག་ལེས་གང་ནས། སྐུའི་རྩ་ཞིག་ལ་གཏར་ཁ་ཞིག་རྒྱག་རྒྱུ་ཡིན་ན་ཡང་ཁྲག་གི་ཚབས་སུ་བྱང་སེམས་འབབ་གསུངས། དེ་ལྟ་བུའི་རྣལ་འབྱོར་པ་སྔོན་བྱུང་བའི་གཏམ་རྒྱུད་མང་པོ་སྣང། ཐིག་ལེ་མ་ཉམས་པར་མ་ཟད་སྔར་ཚུལ་ཁྲིམས་བསྲུང་བའི་དུས་ལས་ཀྱང་བརྒྱ་འགྱུར་གྱིས་གོང་འཕེལ་དུ་བཏང་ན་སོ་ཐར་གྱི་སྡོམ་པ་མ་ཉམས་པར་མ་ཟད། སླར་སྔགས་ལ་ཞུགས་ནས་གོང་འཕེལ་དུ་དོན་གྱིས་བཏང་བ་ཡིན་པས། སྔགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཚངས་སྤྱོད་སྲུང་བའི་དགེ་སློང་ཀུན་གྱི་མཆོག་ཡིན་ཏེ། སྔོན་བྲམ་ཟེ་ས་ར་ཧས། མདའ་མཁན་གྱི་བུ་མོ་ཕྱག་རྒྱར་བཞེས་ནས། ཁ་སང་ཕན་ཆད་བྲམ་ཟེ་ཡིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཚངས་པར་སྤྱོད་པ་དགེ་སློང་སྟེ། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །གསུངས་སྐད། དེས་ན་ཨོ་རྒྱན་གྱི་བསྟོད་པ་ན། ལེ་

p. 170

བརྒན་དམར་པོའི་ཆོས་གོས་གསོལ་བ་ནི། །ཚུལ་ཁྲིམས་རྣམ་དག་སྡོམ་དང་ལྡན་པའི་རྟགས། །གསུངས། གྲུབ་ཐོབ་གླིང་ཆེན་རས་པའི་བསྟོད་པ་ན། ལྷ་དང་མི་མོ་དང་འགྲོགས་ཀྱང་། །འཛག་པའི་དྲི་མ་མི་མངའ་བའི། །ཚངས་པར་སྤྱོད་པ་ཐམས་ཅད་ཀྱི། །མཆོག་ཏུ་གྱུར་པ་ཁྱོད་ལ་འདུད། །གསུངས། དེང་སང་ཆོས་པ་དགའ་མོ་འགའ་རེས་ཀྱང་། ཨོ་རྒྱན་ཆེན་པོ་དང་རྗེ་བཙུན་མི་ལ་སོགས་རྒྱ་བོད་ཀྱི་གྲུབ་ཐོབ་ཕལ་ཆེ་བ་དོན་གྱི་དགེ་སློང་མཆོག་ཡིན་པ་དེ་མི་ཤེས་པར། ཡར་གྱི་རྡོ་རྗེ་འཆང་མན་ཆད་ལ་ཕོག་པའི་སྐར་འདེབས་བརྙས་སྨོད་བྱེད་པ་དེ་ཆོས་མ་ཤེས་པའི་རང་མཚང་ཕྱིར་བསྟན་པ་ཡིན་པས་གཞན་མ་སེམས། དགེ་སློང་ཟེར་ཚད་སྐྲ་བྲེགས་ཆོས་གོས་གྱོན་པ་ཁོ་ནས་མ་ཡིན་ཏེ་འཁོར་ལོ་བཅུ་པའི་མདོ་ལས། ཁྱིམ་ན་གནས་ཤིང་། ཁ་སྤུ་མ་བྲེགས། ཆོས་གོས་ཀྱང་མ་གྱོན། ཚུལ་ཁྲིམས་ཀྱང་མ་མནོས་ཀྱང་། འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ཉིད། དོན་དམ་པའི་དགེ་སློང་ཞེས་བྱའོ། །གསུངས། དེས་ན་སྔགས་འདུལ་བའི་གྲོགས་སུ་སོང་བ་འདི་ལྟ་བུའི་ཚུལ་ལ་ཟེར་ཞེས། རྙིང་མའི་བསྟན་འཛིན་

p. 171

གྱི་ཁྱུ་མཆོག་མདོ་སྔགས་གཉིས་གདམས་པར་ཤར་བའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། ཕྱག་ཆེན་གྱི་བསྟན་འཛིན་བླ་མ་ཞང་རིན་པོ་ཆེ་སོགས་ཀྱིས་མདོ་རྒྱུད་ཀྱི་ལུང་ཡིད་ཆེས་ཀྱི་གནས་སུ་དྲངས་ནས་ཡང་ཡང་གསུངས། དེ་ལྟར་རྗེ་བདག་ཉིད་ཆེན་པོས་ཀྱང་དགོངས་པ་འཁྲུལ་མེད་ཡིན་པ་ཀུན་ལ་མ་བཤད་ཀྱང་ཤེས་སླ། དེ་ལྟ་བུའི་ནུས་པ་མ་ཐོབ་བར་དུ། སྔགས་ཀྱི་རྣལ་འབྱོར་པས་ཀྱང་སྤྱིར་འདོད་ཡོན་ལྔ་དང་། སྒོས་སུ་ཕྱག་རྒྱ་མ་ཡིད་ཀྱིས་མོས་པས་སྤྱོད་པ་ཙམ་མ་གཏོགས། ཚོགས་ཀྱི་འཁོར་ལོའི་སྐབས་ལྟ་བུ་ཡང་ཤ་ཆང་གཉིས་རྫས་ཙམ་མ་གཏོགས་བག་མེད་དུ་བསྟེན་མི་ཆོག་ཅེས་སྔགས་གཞུང་དུ་མ་ནས་གསུངས་ན། དངོས་སུ་རིགས་མ་བསྟེན་མི་ཆོག་པ་སྨོས་ཅི་དགོས། འབྲུག་པ་ཀུན་ལེགས་ཀྱིས། གསང་སྔགས་ཀྱི་བསྐྱེད་རྫོགས་འདིས་ཉོན་མོངས་པ་ཕྲ་ཞིབ་གཅོད་དགོས་པས་ད་རིམ་གཉིས་བསྒོམ། སྔགས་ལ་སྤྱོད་ཟེར་ནས་ནག་ཆང་བག་མེད་དུ་མ་བསྟེན། གནས་བརྟན་ཆེན་པོ་བཅུ་དྲུག་དང་ཇོ་བོ་དི་པཱ་ཀ་ར་སོགས་སྔགས་ཀྱི་བདག་པོར་འདུག་སྟེ་དེ་འདྲ་རང་མཛད་སྒྲོས་མི་གདའ།

p. 172

ཕྱི་འདུལ་བ་དང་ནང་གསང་སྔགས་པ་ཟེར་ཏེ། འདུལ་བ་དོན་དང་མཐུན་ན་གསང་སྔགས་དེ་ཁའི་ནང་ན་བཞུགས། སྔགས་ཀྱི་སྤྱོད་པ་འདི་དྲོད་མ་ཐོབ་པའི་གང་ཟག་གིས་སྤྱད་ན། བོང་བུ་གཟིག་ལྤགས་བཀབ་ནས་ལོ་ཏོག་ཟོས་མཐར་གཞན་གྱིས་བསད་པ་བཞིན་འོང་བས། རེ་ཞིག་ཡིད་སྨོན་དུ་གྱིས་ལ་དངོས་སུ་མ་སྤྱོད་གསུངས། དེ་ལྟ་བུའི་གང་ཟག་ལ་འདུལ་བ་ནས་གཏན་ནས་གནང་བ་མེད་ཅེས་གསུངས་པ་ཡིན་ནོ། །རྟོགས་པ་མཐོན་པོར་མ་སླེབས་པར་རང་གར་སྤྱད་ན་སོ་ཐར་གྱི་རྩ་བ་བཞིའི་སྡོམ་པ་ཤོར་བ་ཙམ་དུ་མ་ཟད། སྔགས་ཀྱི་བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ་འབྱུང་། འདོད་ཡོན་ལམ་གྱི་གྲོགས་སུ་བསྟེན་ན་ལམ་སྒྲུབ་པ་ལ་ས་ཆོད་ཆེན་པོ་བྱུང་ནས་མྱུར་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པའི་དུས་སུ་བསྟེན་ན་རྒྱལ་བ་རྣམས་ཀྱི་རྣམ་ཐར་དང་མཐུན་ཏེ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ལམ་གྱི་རྟོགས་པ་མཐོན་པོར་སླེབས་དུས་ཡུམ་ཐིག་ལེ་མཆོག་མ་ཞེས་བྱ་བ་ཞིག་བསྟེན་ནས་རྫོགས་རིམ་གྱི་འོད་གསལ་མངོན་དུ་བྱས་ནས་ཟུང་འཇུག་གི་གོ་འཕང་བརྙེས་པའི་ཚུལ་བསྟན་སྐད། མཉམ་མེད་

p. 173

ཇོ་བོ་ཆེན་པོས་ཀྱང་། རྒྱ་གརན་བཞུགས་དུས་སྔགས་ཉམས་སུ་བླངས་ནས་རྟོགས་པ་མཐོན་པོར་སོན་དུས། སྐུ་ལ་རུས་པའི་རྒྱན་དྲུག་གསོལ་མཚན་ལྡན་གྱི་ཕྱག་རྒྱ་མ་གྲོགས་སུ་ཁྲིད་ནས་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་བསྐྱངས་ཞེས་རྣམ་ཐར་ནས་གསུངས། རྗེ་རིན་པོ་ཆེས་ཀྱང་། འགའ་ཞིག་གིས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་རུ་སངས་རྒྱས་པའི་ཚུལ་བསྟན་ཞེས་བཤད་སྲོལ་འདུག་སྟེ། ཡང་ཁ་ཅིག་གིས་སྐུ་ཚེ་འདིར་སྔགས་ཉམས་སུ་བཞེས་ནས་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སླེབས་ནས་ལྷ་མོོ་དབྱངས་ཅན་མ་གྲོགས་སུ་བསྟེན་ནས་རྫོགས་རིམ་མངོན་དུ་བྱས་ཟུང་འཇུག་གི་སྐུ་ཚེ་འདིར་བརྙེས་རུང་། གདུལ་བྱ་རྣམས་ཀྱི་སྣང་ངོར་མ་བརྙེས་པའི་ཚུལ་ལྟ་བུ་སྦས་ནས་བཞུགས། སྔགས་ཀྱི་ལམ་རྣམས་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲྭ་བ་ཡོད་ཚད་བཅད་ནས། མ་ནོར་ཇི་བཞིན་པར་རྒྱས་པར་བསྟན་པས་མཁའ་སྤྱོད་དང་ཡུལ་ཉི་ཤུ་རྩ་བཞི་སོགས་ལ་གནས་པའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་སྔགས་ཀྱི་ལམ་ཟབ་མོ་རྣམས་དམར་ཁྲིད་ལག་ལེན་དུ་བསྟན་པ་མཐོང་ནས་སེར་སྣ་ཤོར་

p. 174

བ་ཡིན། རྗེ་རིན་པོ་ཆེས་སྔགས་གསུང་གསུང་ཞིག་སྔར་གཞན་གྱིས་མ་གསུངས་ཞེས་སྐྱེས་བུ་དམ་པ་དུ་མས་གསུངས། གདུལ་བྱ་རྣམས་ལ་བར་དོར་སངས་རྒྱས་པའི་ཚུལ་བསྟན་པ་ཙམ་མ་གཏོགས་དོན་གྱིས་རྗེ་མི་ལ་བཞིན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ཡིན་ཞེས་སྐྱེས་བུ་དམ་པ་རེ་གཉིས་ཀྱི་ངག་རྒྱུན་དུ་གསུངས། དེ་ཆ་གཅིག་ན་རྗེ་རིན་པོ་ཆེའི་བསྔགས་བརྗོད་བླ་ན་མེད་པ་ཞིག་ཏུ་སྣང་། དེ་བདེན་ཤེས་ཀྱང་ཆེ་སྟེ། དཔལ་གསང་བའི་བདག་པོས། རྗེ་བདག་ཉིད་ཆེན་པོའི་ཕྱི་ནང་གསང་བའི་ཡོན་ཏན་ཁོང་གིས་ཀྱང་བརྗོད་ཀྱིས་མི་ལང་གསུངས། སྐྱོན་ཟད་ཡོན་ཏན་ཀུན་ལྡན་ཟུང་འཇུག་གི་སྐུ་མ་བརྙེས་ན་དཔལ་གསང་པའི་བདག་པོས་བརྗོད་ཀྱིས་མི་ལང་བའི་ཡོན་ཏན་ཞིག་སོ་སྐྱེས་ཞིག་ལ་ཡེ་མེད་པའི་ཕྱིར་རོ། །ལུང་བསྟན་ན་ཡང་། འཇམ་པའི་དབྱངས་ནི་ལྷག་པའི་ལྷ། །དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པར་ཁོ་ན་བྱང་ཆུབ་པོ་ཅེས་གསུངས་པས་ན་ཆ་གཅིག་ན་འདི་ཡང་ཡིད་ཆེས་ཀྱི་གནས་སུ་འཛིན་པར་རིགས་སོ། །དགོས་པ་ཆེ་ན་མདོ་ལྟརན་ཡང་། དཔེར་ན་གཞན་གྱི་སྲོག་འཚོ་བའི་སླད་དུ་བྱང་ཆུབ་སེམས་དཔའི་ལུས་

p. 175

ཀྱང་སྦྱིན་པར་གཏོང་དགོས་པར་གསུངས་ཀྱང་། ལུས་མ་བཏང་བར་ལུས་འདིའི་སྟེང་ནས་རང་གཞན་ཡོངས་ལ་འཕྲལ་ཕུགས་ཕན་པའི་དགོས་པ་ཆེན་པོ་འབྱུང་ན། ལུས་སློང་མཁན་བྱུང་ཀྱང་མི་སྟེར་བར་མ་ཟད་ལུས་ལ་གཅེས་སྤྲས་བྱས་ཡུན་རིང་འཚོ་བའི་ཐབས་བྱ་དགོས་ལ། བྱས་ན་སངས་རྒྱས་ཀྱིས་ལུས་གཞན་ལ་གཏོང་དགོས་གསུངས་པ་དང་འགལ་བའི་ཉེས་པ་མེད་པར་མ་ཟད་ཕན་ཡོན་ཡོད་པར་གསུངས། བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱིས་དུས་རྟག་ཏུ་སྲོག་གཅོད་སྤོང་དགོས་ཞེས་གསུངས་ཀྱང་། མི་བརྒྱ་སྟོང་མང་པོའི་སྲོག་འཆོར་བའམ་བསྟན་འགྲོ་དཔག་མེད་ལ་ཕན་པའི་བྱང་ཆུབ་སེམས་དཔའ་རེ་རེ་ཙམ་གྱི་སྐྲ་ཚེའི་བར་ཆད་བསལ་ནས་འགྲོ་དོན་ཚད་མེད་འབྱུང་བ་ལྟ་བུའི་དགོས་པ་ཆེ་ན་གཞན་ཕན་བྱང་སེམས་ཀྱིས་ཀུན་ནས་བསླང་མི་རེ་ཙམ་བསད་ཀྱང་། སྡོམ་པ་ཤོར་བ་ལྟ་བུ་ཀུན་གྱི་མིག་ཏུ་སྣང་རུང་། དོན་གྱི་སྡོམ་པ་མ་ཤོར་བར་མ་ཟད་བསྐལ་བ་མང་པོའི་ཚོགས་རྫོགས་པར་གསུངས། དཔེརན་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་མང་

p. 176

པོའི་ཚོགས་རྫོགས་པའི་ལོ་རྒྱུས་ལྟ་བུའོ། །སོ་ཐར་སྡོམ་ལྡན་གྱིས་མི་ཚངས་བ་སྤྱོད་མི་རུང་གསུངས་ཀྱང་། གཞན་གྱི་སྲོག་ཆད་པ་མཐུད་ནུས་པ་ལྟ་བུའི་དགོས་པ་ཆེན་པོ་བྱུང་ན་མི་ཚངས་བ་ཞིག་གཞན་ལ་སྤྱད་ཀྱང་སྐྱོན་གྱིས་མི་གོས་གསུངས། དཔེར་ན་བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་ལ་སྤྱད་པས་ཚོགས་རྫོགས་པའི་གཏམ་རྒྱུད་ལྟ་བུའོ། །དེ་བཞིན་དུ་རབ་བྱུང་དགེ་སློང་གིས་ཆང་རྩྭ་མཆོག་ཟིལ་པ་ཙམ་ཡང་འཐུང་མི་རུང་བའི་བཅས་པ་གནང་ཡང་། ནད་ཀྱིས་བཏབ་ནས་འཆི་ལ་ཕྱོགས་པ་སླར་གསཽ་བའི་སྨན་དུ་འགྲོན། ཆང་ཇི་ཙམ་བསྟེན་དགོས་པ་དེ་ཙམ་སྨན་པའི་ངག་བཞིན་བསྟེན་ཀྱང་ཆོག་ཅེས་དམིགས་བསལ་གྱི་གནང་བ་ཡོད། དེ་ཡོད་པའི་རྟགས་སུ་དུས་དྲན་ན་ཆོས་ལྡན་གྱི་བྱ་བ་དང་གཞན་གྱི་དོན་དུ་གླུ་གར་དང་རོལ་མོ་ལ་སོགས་པ་བྱེད་དམ་བྱེད་དུ་གཞུག་པ་དང་། ཞེས་སོགས་གནང་བ་ཞུས་པ་ཡིན། གནང་བ་མེདན་གནང་བ་ཞུ་དོན་མེད། དེས་ན་མདོ་སྔགས་ཀྱི་གནང་བཀག་གི་མཚམས་མཚན་ལྡན་གྱི་བླ་མ་དང་། ཚད་ལྡན་གྱི་བསྟན་བཅོས་ལ་བརྟེན་ནས་ཤེས་པ་གཅེས། དེ་རྣམས་དགེ་སློང་རྡོ་རྗེ་འཛིན་པའི་སྤྱོད་

p. 177

ཚུལ་ཡིན་གྱི། དགེ་སློང་གི་རྟེན་མ་ཡིན་པ་རང་དགར་སྣ་འགའ་བཟུང་བའི་དགེ་བསྙེན་ནམ། ཁྱིམ་པའི་སྔགས་པ་ཡིན་ན་འདོད་ཡོན་དང་ལས་རྒྱ་འབད་རྩོལ་མེད་པར་བསྟེན་རྒྱུ་ཡོད། བསྟེན་ན་གྲོགས་སུ་འགྲོ་ཕྱིན་གསང་སྔགས་ཀྱི་དབང་ཐོབ་ནས་བཟུང་། བསྐྱེད་རྫོགས་ཉམས་སུ་ལེན་དུས་ཀྱི་ཐོག་མཐའ་བར་གསུམ་དུ་བསྟེན་ཆོག་པར་གསུངས་སོ། །མདོར་ན་མདོ་སྔགས་ཀྱི་གཞུང་རྒྱ་ཆེ་བས་འདི་ལྟར་གནང་བཀག་མི་འདྲ་བ་རྒྱབ་འགལ་ལྟ་བུ་མང་བས། དེ་རྣམས་གང་ཟག་སྤྱི་དང་བྱེ་བྲག་དབང་པོ་རྣོ་རྟུལ་གང་ལ་དགོངས་ནས་གསུངས། དྲང་དོན་ངེས་དོན་གབ་སྦས་དཀྲུགས་པ་སོགས་གང་དགོས་པའི་ཆེ་ཆུང་གནང་བཀག་གིས་མཚམས་དམིགས་བསལ་ཡོད་མེད་ལེགས་པར་བརྟགས་ཤིང་དཔྱད་ནས་འཁྲུལ་མེད་ངེས་པ་རྙེད་ན། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་མི་འགལ་བ་ཙམ་དུ་མ་ཟད་གཅིག་གྲོགས་སུ་གཅིག་འགྲོ་སྟེ། འབྲོམ་སྟོན་པ་རིན་པོ་ཆེས་འདུལ་བ་སྔགས་ཀྱི་གྲོགས་སུ་འགྲོ། སྔགས་འདུལ་བའི་གྲོགས་སུ་འགྲོ་བ་ཇོ་བོ་བཀའ་གདམས་པ་ཡིན་གསུངས། ཡང་བསྟན་པ་ཐམས་ཅད་གྲུ་

p. 178

བཞིར་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཡིན་ཞེས། ཇོ་བོ་རྗེའི་བསྔགས་བརྗོད་དུ་མཛད་པར་གདའ། འོ་ན་སྔོན་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་འབྲུག་པ་ཀུནལེགས་སོགས་སྐྱེས་བུ་དམ་པ་འགའ་རེས་སྔགས་ཉམས་སུ་ལེན་དུས། སོ་ཐར་གྱི་སྡོམ་པ་སྔར་བཞེས་པ་ཡར་ཕུལ་ཆས་ཀྱང་རྣལ་འབྱོར་པ་ལྟ་བུའི་ཚུལ་མཛད་པ་དེ་ཅི་ཡིན་ཟེར་ན། དེ་བཙུན་པའི་ཚུལ་བཟུང་ནས་སྔགས་ཀྱི་ནང་ལྟར་སྤྱིར་འདོད་ཡོན་ལྔ་དང་ཁྱད་པར་ཤ་ཆང་བུད་མེད་ལ་སྤྱད་ན། སྤྱིར་འདུལ་བའི་བསྟན་པ་ལ་གནོད་ཀྱིས་དོགས་ནས་དེ་ལ་ཕན་ཕྱིར་དེ་ལྟ་བུའི་ཚུལ་བསྟན་པ་ཙམ་མ་གཏོགས། སྔགས་ཉམས་སུ་ལེན་དུས་སོ་ཐར་གྱི་སྡོམ་པ་བཏང་སྐྱ་བོའི་ཆས་སུ་ཞུགས་དགོས་ཞེས་མདོ་རྒྱུད་བསྟན་བཅོས་ཚད་ཐུབ་གང་ནས་མ་བཤད་ཅེས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། རྗེ་བདག་ཉིད་ཆེན་པོ་སོགས་གསར་རྙིང་གི་བླ་མ་བཟང་བཟང་ཐམས་ཅད་ཀྱི་ཞལ་མཐུན་པར་གསུངས། བདེན་ཏེ་ཅིའི་ཕྱིར་ཞེན། སྔགས་ཉམས་སུ་ལེན་དུས་སོ་ཐར་ཕུལ་དགོས་ན་ཐོག་མར་སོ་ཐར་གྱི་སྡོམ་པ་ལེན་ཡང་མི་དགོས་པའི་ཕྱིར་རོ། །དེང་སང་འགའ་ཞིག་གིས་འདི་ལྟ་

p. 179

བུའི་དགོངས་པ་མ་ལོན་པར། སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་བར་རློམས་པ་འགའ་རེས་འདུལ་བ་རྒྱན་དུ་མ་སོང་ཁུར་དུ་སོང་སོ་ཐར་མི་ལེན། གལ་ཏེ་སྔར་བླངས་པ་ཡིན་ན་ཕྱིས་བསླབ་པ་རིན་པོ་ཆེ་ཡར་འབུལ་ཅི་ཐུབ་བྱེད་པ་མང་། འདུལ་བ་མཁན་དུ་རློམས་པ་འགའ་རེས་སྔགས་ཀྱི་ལམ་གྲོག་སུ་འགྲོ་བ་ཕར་ཞོག །དགྲ་རུ་སོང་ནས་ངའི་ཆོས་ཁྱོད་ཀྱི་ཆོས་ལུགས་ཞེས་ཆོས་སྐད་མི་འདྲ་བ་མང་པོ་བྱས། ཆགས་སྡང་ལངས་ཆོས་ལ་བརྟེན་ནས་སྡིག་པ་བསགས་རང་གི་སྡོམ་པ་འཆོར་གི་འཇུག་པ་སྙིགས་དུས་འདིར་མང་བས། བློ་གྲོས་ཅན་རྣམས་ཀྱིས་འདི་འདྲའི་དཀའ་གནས་ལ་ངེས་པ་རྙེད་པར་བྱས། ཇོ་བོ་བཀའ་གདམས་པ་སོགས་གོང་མའི་རྣམ་ཐར་ལྟར་སོ་ཐར་ཚུལ་ཁྲིམས་ཀྱི་གཞི་བཟུང་ནས་མདོ་སྔགས་ཀྱི་ཆོས་གང་ཡིན་ཡང་ཡི་གེ་ན་གཅིག་གི་དོན་ཡན་ཆད་ཉམས་སུ་ལེན་པ་ལ་འབད་ཅིང་། གལ་ཏེ་སྙིགས་དུས་ཚེ་ཐུང་། རང་ཉིད་ལེ་ལོ་ཆེ། གསུང་རབ་རྒྱ་ཆེ་བས་ཚེ་འདིར་ཉམས་སུ་ལེན་མི་ནུས་ཀྱང་། མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་མདོ་སྔགས་ཀྱི་ལམ་ཡོངས་སུ་རྫོགས་པ་རང་གིས་

p. 180

ཉམས་སུ་བླང་། གཞན་ལ་ལམ་ཡོངས་སུ་རྫོགས་པ་བསྟན་ནས་རང་གཞན་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཡིད་སྨོན་བྱེད་པ་གལ་ཆེ་སྟེ། འབྲུག་པ་ཀུན་ལེགས་ཀྱིས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་ཞིང་། །ནང་དུ་གསང་སྔགས་རྡོ་རྗེ་འཛིན། །གསུངས། ཨོ་རྒྱན་ཆེན་པོས་ཀྱང་། ཕྱི་ལྟར་ལག་ལེན་འདུལ་བའི་ལུགས་སུ་སྤྱོད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོངས་ལུགས་སུ་སྤྱོད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱོད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །གསུངས། རྗེ་རིན་པོ་ཆེས་ཀྱང་། མདོ་སྔགས་ཀྱི་ཆོས་རྣམས་སྐྱེས་བུ་གཅིག་སངས་རྒྱས་པའི་ལམ་གྱི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་རྙེད་པར་བྱས། རང་ཉམས་སུ་ལེན་ཅིང་། གལ་ཏེ་ཉམས་སུ་མ་ལོན་ཀྱང་། རང་གིས་མ་ལོན་པ་རྒྱུ་མཚན་དུ་བྱས་ནས་མི་སྤང་བར། ནམ་ཞིག་ཉམས་སུ་ལོན་པའི་རྒྱུར་ཚོགས་བསགས་སྒྲིབ་པ་སྦྱང་། སྨོན་ལམ་ཡང་འདེབས་དགོས་ཞེས་ལམ་རིམ་སོགས་ནས་ཡང་དང་ཡང་དུ་

p. 181

གསུངས་སོ། །ཡང་དཔེརན་དུག་གི་ལྟོ་ཡོང་བ་རྨ་བྱ་མ་གཏོགས་ཁྭ་ཏ་སོགས་བྱ་གཞན་གྱིས་མི་འོང་བས། དུག་སྤང་ས་ནས་གཞན་ཟོས་ན་ལུས་ལ་གཟི་མདངས་རྒྱས་པ་ལྟར། འདོད་ཡོན་ལྔ་དང་ཁྱད་པར་ཤ་ཆང་བུད་མེད་ལམ་གྱི་གྲོགས་སུ་ཁྱེར་ནས་སངས་རྒྱས་བའི་གང་ཟག་དབང་པོ་ཡང་རབ་སྔགས་ཀྱི་རྣལ་འབྱོར་རེ་རེ་ཙམ་མ་གཏོགས། གཞན་གང་ཟག་དམན་པ་དམངས་མང་གི་དཀའ་བས་འདོད་ཡོན་སྤངས་ནས་ཆགས་བྲལ་གྱི་ལམ་བཟང་མདོ་འདུལ་བ་ལྟར་བྱས་ན་རིམ་གྱིས་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པས་ན། སྐྱེས་བུ་དམ་པ་རྣམས་ཀྱིས་སེམས་ཅན་སྤྱི་ལ་སྔགས་མི་གསུང་བར་སྡེ་སྣོད་གསུམ་རྒྱ་ཆེར་གསུངས་པའི་རྒྱུ་མཚན་དེ་ཡིན། ཇོ་བོ་རྗེ་བོད་ལ་བྱོན་ནས་ཆོས་ཅི་འདྲ་ཞིག་དར་དགོས་དྲིས་པའི་ལན་དུ། བོད་ཀྱི་མི་ཆེན་འགའ་རེས་ཁྱེད་ལ་ཆོས་གང་མངའ་དེ་གསུངས་དགོས་ཞུས་པའི་ཚེ། ཁོང་ལ་ཤ་ཆང་བུད་མེད་སོགས་འདོད་ཡོན་མ་སྤངས་པར་ལོངས་སྤྱད་གླུ་གར་རོལ་མོ་བྱེད་བཞིན་ཉམས་སུ་བླངས་ནས་སངས་རྒྱ་བ་དང་། འདོད་ཡོན་ལྔ་སྤངས་ནས་ཉམས་སུ་བླངས་

p. 182

ན་སངས་རྒྱ་བའི་ཆོས་སོགས་མང་པོ་ཡོད་པའི་གང་དར་དགོས། འདེམས་ཐོངས་གསུངས་ཚེ། ཐམས་ཅད་གྲོས་བྱས། ག་རེ་འདོད་ཡོན་བསྟེན་ནས་སངས་རྒྱས་པའི་ཆོས་ཤིག་དར་ན་ལེགས་ལེགས་ཏེ། འོ་སྐོལ་བོད་འདི་ཉོན་མོངས་རགས་འདོད་སྲེད་ཆེ། བྱེད་ལས་མང་ཆོས་དེ་འདྲ་ཞིག་དར་གི་བཅུག་ན་ལས་ཅན་དབང་རབ་རེ་གཉིས་ཀྱིས་ཉམས་སུ་བླངས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཁེ་ཆེ་སྟེ། ཕལ་ཆེ་བ་སྤྱིའི་དེ་ལྟར་ཉམས་སུ་མི་ལོན་པ་འདོད་ཡོན་གྱི་དབང་དུ་སོང་། ལས་ངན་པ་བསགས་སངས་མི་རྒྱ་བར་མ་ཟད་ངན་སོང་དུ་ལྷུང་བའི་ཉེན་ཆེ་བར་འདུག །དེ་བས་འདོད་ཡོན་སྤངས་ནས་སྒྲུབ་དགོས་པའི་ཆོས་དེ་རང་དར་གི་བཅུག་ན་སེམས་ཅན་སྤྱི་ལ་ཕན་ཆེ་ཞིང་ཉེ་ན་ཆུང་སྙམ་ནས། དེ་ལུགས་ལྟར་ཞུས་པས། ཇོ་བོ་ཆེན་པོས་སྐལ་ལྡན་དབང་པོ་རབ་རེ་རེ་ཙམ་ལ་གསང་བའི་ཚུལ་དུ་གསང་སྔགས་ཀྱི་ཆོས་གསུངས་པ་མ་གཏོགས། གཞན་ཡོངས་ལ་མདོ་འདུལ་བའི་ཆོས་གཙོ་བོར་བཏོན་ནས་གསུངས་པ་ཡིན་ཞེས་འགའ་རེའི་ངག་ལས་གོ །དེ་ཆ་གཅིག་ན་གང་ཟག་སྤྱི་ལ་གསུང་གིས་མ་བཅུག་པ་བཀའ་དྲིན་ཆེ་

p. 183

བར་གདའ། དེང་སང་བླ་མ་འགའ་རེས་སྔགས་ཉམས་སུ་བཞེས། གཞན་ལ་ཅུང་ཟད་རེ་གསུངས་པས་ཀྱང་དགོན་པ་ཕལ་ཆེར་སེར་ཁྱིམ་དུ་སོང་ནས་ཆོས་འཇིག་རྟེན་གཉིས་ཀྱི་གང་ཡང་མེདཚུལ་ལ་ལྟོས། སྔོན་ཇོ་བོ་རྗེས་གསང་སྔགས་ཆོས་འདི་ཀུན་ལ་དར་དུ་འཇུག་རྒྱུ་ཡིནན། དྭ་ཙམ་དགོན་པ་འདི་ཀུན་གང་འདྲ་ཞིག་གིས་སོང་ཡོད་དམ་མི་ཤེས། དེས་ན་འབྲོམ་སྟོན་རིན་པོ་ཆེས། གང་ཟག་རབ་ཀྱིས་ཉམས་སུ་ལོནན་ཁེ་ཆེ་ཡང་། མ་ལོན་ན་ཉེན་ཡང་ཆེ་བ། གང་ཟག་སྤྱི་ལ་ཕན་ཆུང་བའི་གསང་སྔགས་སྒེག་མོའི་ཤ་གཟུགས་འདྲ་བ་དེ་སྦེད་ན་སྦེད་དཀའ། གསང་ནགསང་མི་ཐུབ་པ་དེ་ཀའི་ཅི་བྱ། ཁོ་བོས་སྡེ་སྣོད་གསུམ་གྱི་ཐང་མ་བརྡལ་ནས། ཁ་རེག་ཁ་སྣུམ། ལག་རེག་ལག་སྣུམ། ཁེ་རི་རབ་ཙམ། ཉེན་མགོ་བོ་ཙམ་ལས་མེད་པ་འདི་འདམས་གསུངས་སྐད། དཔེརནརི་རྩེ་ཞིག་ལ་འགྲོ་བའི་ལམ་རྩུབ་འཕྲང་དོག་པ་ལ་གཟར་པ་མི་བདེ་མོ་རེ་རེ་ཙམ་མ་གཏོགས་འགྲོ་དཀའ་བ། ལམ་ཐག་ཉེ་རུང་། རྐང་ལག་མི་བདེ་བའི་རིགས་རྣམས་ཀྱིས་ལམ་ཅུང་ཟད་ཐག་རིང་རུང་ལམ་ཆེན་བདེ་ས་ཞིག་

p. 184

ཡོད་ན་དེ་གྱེན་དུ་དལ་པོར་སོང་ན་བཟང་བ་ལྟར། ཁེ་ཉེན་གཉིས་ཀ་ཆེ་བའི་གསང་སྔགས་ཉེ་ལམ་གང་ཟག་དབང་པོ་བརྟུལ་པོ་རྣམས་ཀྱིས་ཉམས་སུ་ལོན་དཀའ་བས། དེ་བས་ལམ་ཐག་རིང་རུང་ཆགས་བྲལ་གྱི་ལམ་མདོ་འདུལ་བ་ལ་ཞུགས་ན་ལེགས། འདིནི་སྔ་རབས་འདས་པའི་སངས་རྒྱས་མར་མེ་མཛད། ད་ལྟར་བྱོན་པ་རྒྱལ་བ་ཤཱཀྱ་ཐུབ་པ། མ་འོངས་འབྱོན་པ་བྱམས་པ་མགོན་པོ་སོགས་དུས་གསུམ་སངས་རྒྱས་རྣམས་གཤེགས་པའི་ལམ་བཟང་ཡིན་ཏེ་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །གསུངས། དེས་ན་འདོད་ཡོན་ལ་མ་བརྟེན་པར་ཆགས་བྲལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་པ་གྲངས་མང་། སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་ཆགས་བྲལ་གྱི་སྐྱེས་བུ་དམ་པ་ངུར་སྨྲིག་འཆང་བ་རྣམས་ལ་ཁ་གཏོང་མི་རུང་། སྡེ་སྣོད་གསུམ་གྱི་བསྟན་པ་ནུབ་ན་བསྟན་པའི་གཞི་མ་ནུབ་པ་ཡིན་པས་སྙིང་པོ་ཡང་ནུབ་འགྲོ་ཞེས་མཁས་གྲུབ་དུ་མས་གསུངས། སྔགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་མདོ་ལ་ཁ་མི་གཏོང་པ་ཙམ་དུ་མ་ཟད་ཉམས་སུ་

p. 185

བླངས་གཞན་ལ་སྤེལ་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐེག་ཆེན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་ཡིན་པས་རང་གི་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཆེ་རུ་འགྲོ་ཞིང་། གཞན་གང་ཟག་མང་པོ་ལ་ཕན་ཐོགས། བསྟན་པའི་གཞི་མ་འཇིག་རྟེན་ཁམས་འདིར་ཡུན་རིང་དུ་གནསནས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་འབྱུང་བའི་ཕྱིར་རོ། །ཡང་གསང་སྔགས་སྒྲུབ་པའི་རྟེན་ཁམས་དྲུག་ལྡན་གྱི་ལུས་ས་གཞི་ལྟ་བུ་ལ་འདོད་ཡོན་ལྔའི་ཆུ་ལུད་སྦྱར། བྱང་ཆུབ་སེམས་ཀྱི་ས་བོན་བཏབ། བསྐྱེད་རྫོགས་གཉིས་ཀྱི་དྲོད་གཤེར་གྱིས་བསྐྱངས་ན། ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་ལོ་ཏོག་ལྟ་བུ་མྱུར་དུ་འབྱུང་བ་ཡིན་ལ། ཞིང་ལ་ཆུ་ལུད་མ་བཀྲམ་ན་སྟོན་ཐོག་ལེགས་པོ་ཞིག་མི་འོང་བ་ལྟར། སྔགས་ཉམས་སུ་ལེན་པའི་རྣལ་འབྱོར་པ་འདོད་ཡོན་བསྟེན་ཆོག་པ་རྣམས་ཀྱིས་འདོད་ཡོན་མ་བསྟེན་པར་འཚང་མི་རྒྱ་ཞེས་རྒྱུད་དུ་མནས་གསུངས། སྔོན་རྒྱལ་པོ་ཨིནྡྲ་བོ་དྷིས་གསང་སྔགས་གཞུང་བཞིན་འདོད་ཡོན་ལྔ་ལ་སྤྱད། ཉིན་མཚན་མེད་པར་བཙུན་མོས་བསྐོར་ཀྱང་ཚེ་གཅིག་ལུས་གཅིག་ལ་རྒྱལ་པོ་འཁོར་བཅས་སངས་རྒྱས།

p. 186

དེ་བཞིན་དུ་གྲུབ་ཐོབ་ས་ར་ཧ་པ། ཏཻ་ལོ་པ། ནཱ་རོ་པ། མར་པ་རྣམས་ཀྱིས་འདོད་ཡོན་རྒྱན་དུ་རོལ་བཞིན་སངས་རྒྱས། སློབ་དཔོན་ཆེན་པོ། རྗེ་འབངས་ཉེར་ལྔ། རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཕལ་ཆེར་འདོད་ཡོན་ལ་བརྟེན་ནས་སངས་རྒྱས། རྗེ་བཙུན་མི་ལས་སྔོན་བླ་མའི་དྲུང་དུ་དབང་ཡོན་འབུལ་དུས་སྣོད་སྟོང་པར་ཕུལ་བའི་རྟེན་འབྲེལ་ཕྱོགས་ཕྱིས་གསང་སྔགས་བསྒོམ་དུས་ལོ་དུ་མར་དཀའ་བ་སྤྱད་དགོས་པ་བྱུང་ཀྱང་། སྲིང་མོ་དང་མཛེས་སེ་གཉིས་ཀྱིས་ཤ་ཆང་དྲངས་པའི་རྟེན་འབྲེལ་གྱིས་རྩ་མདུད་གྲོལ། ཉམས་རྟོགས་ཁྱད་པར་ཅན་འཁྲུངས་བྱས་པ་དྲིན་གཟོའི་མགུར་གསུངས། གསང་སྔགས་འདོད་ཡོན་ལ་བརྟེན་ནས་འགྲུབ་ཅེས་ལྷོ་བྲག་མར་པས་སྔར་གསུངས་པ་ལ་ངེས་ཤེས་ལྷག་པར་འདྲོངས་གསུངས། དཔེར་ན་རྐང་བདེ་ལག་བདེ་མི་གཞོན་རྣམས་རི་རྩེ་ཞིག་ལ་ལ་མ་ཐག་ཉེ་བ་ཞིག་ནས་སོང་ན་མྱུར་དུ་ཐོན་པ་ཡིན་ཀྱང་། མི་ཕྱུགས་རྐང་ཆག་ཤེད་ངན་ལོ་ལོན་མང་པོ་ཡོད་པ་ལམ་ཐག་ཉེ་བ་ནས་སོང་ན་ལམ་རྩུབ། འཕྲང་དོག །ལ་ཆེ་བས་ཆད་ལུས་འགྱེལ་ནས་འཆི་བ་ཤེས་ནས་རྫི་བོ་ས་ལམ་ཐག་རིང་ཡང་བདེ་བའི་

p. 187

ལམ་ཆེན་ཞིག་ལ་བདེ་མི་བདེ་ཐམས་ཅད་དེད་ནས་སོང་ན། ཡུན་རིང་སོང་ནས་རྐང་བདེ་ལག་བདེ་ཤེད་ཅན་གཞོན་པ་རྣམས་མྱུར་དུ་རི་རྩེར་ཕྱིན་པ་ལ་གནོད་པ་ལྟར། གང་ཟག་དབང་པོ་རབ་རྣམས་སྔགས་ལམ་ལ་ཞུགས་ན་མྱུར་དུ་འཚང་རྒྱ་བ་ཡིན་ཀྱང་། གང་ཟག་དབང་པོ་རྟུལ་པོ་མང་པོ་སྔགས་ལམ་ལ་ཞུགས་ན་ཉམས་སུ་མི་ལོན་པར་ངན་སོང་དུ་འགྲོ་བ་ཤེས་ནས། སྐྱེས་བུ་དམ་པ་འགའ་རེས་ལམ་ཐག་རིང་ཡང་། གང་ཟག་སྤྱི་ལ་མདོ་ལམ་ཉམས་སུ་ལེན་དུ་བཅུག་པས་ཡུན་རིང་སོང་ནས་གང་ཟག་དབང་བོ་ཡང་རབ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཅན་རྣམས་མྱུར་དུ་སངས་རྒྱས་པ་ལ་ཅུང་ཟད་གནོད་པར་དགོངས་ནས། རྗེ་བཙུན་མི་ལ་རས་པས་མཉམ་མེད་དྭགས་པོ་ལྷ་རྗེ་ལ། ལར་བོད་ཀྱི་སྙིང་དུ་འདྲེ་ཞུགས་པས། ཨ་ཏི་ཤ་གསང་སྔགས་འཆད་དུ་མ་བཅུག་པས་མི་མང་པོ་འཕུངས་གསུངས། དེས་ན་འདོད་ཡོན་སྤྱོད་བཞིན་དུ་འཚང་རྒྱ་བ་གྲངས་མེད་པ་ཐབས་མེད་ཀྱིས་འདོད་ཡོན་དུག་ལྟར་སྤོང་དགོས་པའི་ངེས་མེད། ཆགས་བྲལ་རྣམས་ཀྱིས་སྔགས་ལམ་ཉམས་སུ་ལེན་པ་རྣམས་ལ་ཁ་

p. 188

གཏོང་མི་རུང་། སྔགས་ཀྱི་ཆོས་འདི་ཉིད་ནུབ་ན་བསྟན་པའི་སྙིང་པོ་ནུབ་པ་ཡིན་ཞེས་རྗེ་རིན་པོ་ཆེས་གསུངས། མདོ་ཉམས་སུ་ལེན་པའི་བླ་མ་རྣམས་ཀྱིས་སྔགས་ཀྱི་ལམ་བཟང་འདི་ལ་ཁ་མི་གཏོང་བ་ཙམ་དུ་མ་ཟད་གསང་བའི་ཚུལ་དུ་ཉམས་སུ་བླངས། གཞན་ཡང་དབང་པོ་ཡང་རབ་རྣམས་ལ་སྤེལ་ཡང་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་ཉིད་མྱུར་དུ་སངས་རྒྱས་ཤིང་གཞན་གང་ཟག་རབ་ལ་ཕན་ཐོགས། བསྟན་པའི་སྙིང་པོ་འཇིག་རྟེན་ཁམས་འདིར་ཡུན་རིང་དུ་གནས་ནས་འགྲོ་བ་མང་པོ་འཚང་རྒྱ་བའི་ཕྱིར་རོ། །ཡང་སྔགས་ཀྱི་བསྐྱེད་རིམ་གྱི་དུས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷ་ལྷ་མོ་སོགས་དག་པ་རབ་འབྱམས་འབའ་ཞིག་ཏུ་མོས། འོད་ཟེར་སྤྲོ་བསྡུ་སོགས་ཀྱི་དུས་འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་བྱིན་རླབས་རྣམས་ཚུར་བསྡུས་རང་ལ་བསྟིམ་ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་མེད་པའི་ནུས་པ་ཐོབ། ཡང་འོད་ཟེར་འཕྲོས་མནར་མེད་སོགས་རིགས་དྲུག་སེམས་ཅན་ལ་ཕོག །དེ་དག་གི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས་ནས་སྣོད་ཐམས་ཅད་

p. 189

གཞལ་ཁང་། བཅུད་ཐམས་ཅད་ཡི་དམ་ལྷའི་རང་བཞིན་དུ་བྱས་སོང་སྙམ་པའི་འདུན་པ་དྲག་པོ་བྱས་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་མངོན་དུ་བྱས། འགྲོ་བ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་འགོད་པ་མྱུར་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པ་ལ། དེང་སང་བླ་མ་འགའ་རེས་བདག་གཞན་མཉམ་བརྗེས་ཟེར། བསྐྱེད་རིམ་སོགས་གྱི་སྐབས་འགའ་ཞིག་ཏུ་རང་གཞན་ཐམས་ཅད་ཐ་མལ་དུ་བལྟས། རང་གི་བདེ་བ་དང་དུས་གསུམ་བསགས་པའི་དགེ་བ་རྣམས་འོད་ཟེར་དཀར་པོའི་རྣམ་པར་ཕར་བཏང་། སེམས་ཅན་གྱི་སྡུག་བསྔལ་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་དུད་པ་ནག་པོ་སོགས་ཀྱི་རྣམ་པར་ཚུར་བླངས་པའི་འདུན་པ་དྲག་པོ་བྱེད་དགོས་ཟེར་བ་འདི། དཔེར་ན་དབུལ་པོ་རྩལ་སྟོབས་ཆུང་བ་ཞིག་གིས་རང་གི་སྤྲང་ཟས་མི་ལྟོགས་མང་པོ་ལ་ཕར་བྱིན། དེ་རྣམས་ཀྱི་ཁུར་ལྕི་བ་གང་ཡོད་པ་ཚུར་བླངས་ནས་རང་ཐོག་ཏུ་སྤུངས་ན་ལྟོ་ཕྱིར་སྤྲང་དུ་ཡང་འགྲོ་མི་ཐུབ་པར་སྡུག་བསྔལ་མྱོང་བ་ལྟར་གཞན་ལ་ཕན་ཆུང་ཞིང་།

p. 190

རང་ལ་ནད་སོགས་བྱུང་ནས་གནོད་ཆེ་བས་ཐབས་རྡུགས་ཀྱི་དམིགས་པ་ངན་པ་འདི་འདྲ་ལམ་བདེ་ནས་བདེ་བར་བགྲོད་པ་ཐབས་མཁས་སྔགས་ལམ་ལ་ཞུགས་པས་བྱེད་གཏན་ནས་མི་རུང་། སྤྱིར་ཆོས་ཐམས་ཅད་འདུན་པ་ལ་རག་ལས་གསུངས། སྒོས་སུ་སྔགས་མོས་ལམ་གྱིས་འགྲུབ་པ་ཡིན་པས་འདི་ལྟ་བུའི་དམིགས་པ་ངན་པ་བྱས་ན། ཡི་ངམ་ལྷའི་ང་རྒྱལ་གསལ་སྣང་འདོན་པ་ལ་གནོད་ཅིང་། སྐབས་ཤིག་དེའི་སྟེང་དུནད་སྣ་དུ་མ་ཡང་འབྱུང་། ནད་བྱུང་ན་མི་བཟོད་པར་སྔར་དེ་འདྲ་བྱས་པའི་མ་བཟང་བ་ཡིན་སྙམ་འགྱོད་པ་སྐྱེ། བསྐྱེད་རིམ་བསྒོམ་པ་སོགས་གང་ཡང་མི་ནུས་པས་ལམ་གྱི་བར་ཆད་དུ་འགྱུར། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་རིང་དུ་འགྱུར་བ་སོགས་ཉེས་འགལ་དུ་མ་འབྱུང་བས་སྔགས་ཀྱི་རྣལ་འབྱོར་པས་འདི་ལྟ་བུའི་དམིགས་པ་ངན་པ་རྣམས་དུག་ལྟར་སྤོང་བ་གལ་ཆེ། དེ་ལྟར་མ་བྱས་ཀྱང་བྱང་ཆུབ་སེམས་བསྒོམ་ཚུལ་མེད་པ་མ་ཡིན། བསམ་པ་བཟང་པོ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཟེར་བས། སྔགས་ཀྱི་འོད་ཟེར་སྤྲོ་བསྡུ་དེ་བས་བྱང་ཆུབ་ཀྱི་སེམས་རྒྱ་ཆེ་བ་ལས་བཟང་བ་ཞིག་མེད། དེས་ན་

p. 191

རང་གཞན་ལ་ཕན་རྒྱ་ཆེན་ཐོགས་པའི་དམིགས་པ་གང་ལེགས་པ་ཐམས་ཅད་བྱ་དགོས་ཟེར་ན། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་ད་ལྟའི་སྐྱེས་བུ་དམ་པ་དུ་མས་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཐུགས་དམ་གྱི་མཐིལ་དུ་བཟུང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་བས་ཀྱང་བདག་གཞན་བདེ་སྡུག་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་སྔགས་ལམ་གྱི་ཐོག་མཐའ་མཐུན་མཚམས་སུ་བསྟེན་ན། ལམ་ལ་ས་ཆོད་ཆེན་པོ་འབྱུང་ཞེས་ལན་གྲངས་དུ་མར་གསུངས་པ་འདི་ཁྱོད་ཀྱི་ལམ་གྱི་བར་ཆད་ཡིན་བྱང་ཆུབ་ཡུན་རིང་པོར་མི་ཐོབ་པའི་རྒྱ་ཡིན་པས་དུག་ལྟར་སྤོང་དགོས་ཟེར་བ་འདི་རང་ཉིད་གཅེས་པར་འཛིན་པའི་ཐེག་དམན་ནས་ཡར་མ་འཕགས་པའི་གཏམ། ཐེག་ཆེན་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་པའི་རང་མཚང་ཕྱིར་བསྟན་པ་ཡིན་ཏེ། ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཡང་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱི་སྟེང་ནས་བཞག་པ་ཡིན། བྱང་ཆུབ་ཀྱི་སེམས་མེད་ན་ཆོས་ཐེག་པ་ཆེན་པོའི་གསང་སྔགས་ཡིན་ཀྱང་གང་ཟག་ཐེག་པ་

p. 192

ཆེན་པོར་མི་འགྱུར། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ས་བོན་ལྟ་བུ་དེ་བྱང་ཆུབ་ཀྱི་སེམས་ཡིན། ཕར་ཕྱིན་དྲུག་དང་བསྐྱེད་རྫོགས་སོགས་ཆུ་ལུད་དྲོད་གཤེར་དང་འདྲ་གསུངས། དཔེར་ན་ས་བོན་མེད་པར་སོ་ནམ་བྱས་ཀྱང་སྟོན་ཐོག་མི་འོང་བ་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པར་ལམ་བསྐྱེད་རྫོགས་སོགས་ལ་ཅི་ཙམ་འབད་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མི་འགྱུར། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་མཐའ་དག་ལ་སློབ་པ་གལ་ཆེ། མཉམ་མེད་ཇོ་བོ་ཆེན་པོས་རྡོ་རྗེ་གདན་ལ་བསྐོར་བ་མཛད་དུས། ཅི་ལྟར་བྱས་ན་མྱུར་དུ་འཚང་རྒྱའམ་ཐུགས་ལ་དགོངས་པ་ན། ལྷ་ཆུང་བ་རྣམས་ཀྱིས་བཞེངས་ནས་ཆེ་བ་ལ་ཕྱག་ཕུལ་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ལ། ལྷ་ཆེ་བ་རྣམས་ཀྱིས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས། གནྡྷོ་ལའི་གཙུག་ལག་ཁང་གི་སྟེང་ནམ་མཁའ་ན་བུད་མེད་རྒན་མ་ཞིག་ལ་གཞོན་མ་ཞིག་གིས་ཕྱག་བྱས་ནས་དྲིས་པ་ལ་ཡང་

p. 193

སྔར་ལྟར་གསུངས་ཚེ། བླ་མ་གསེར་གླིང་པ་སོགས་བསྟེན་ནས་བྱང་ཆུབ་སེམས་ཀྱི་གདམས་པ་བླངས་ནས་ཉམས་སུ་བཞེས། གཞན་ལ་སྤེལ་ནས་རྒྱ་བོད་གཉིས་ཀར་རང་གཞན་དོན་གཉིས་ལྷན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་ནམ་མཁའི་སྐར་ཚོགས་ཙམ་བྱུང་བ་ཡིན། བྱང་ཆུབ་སེམས་དཔའ་དེ་དག་གི་ཐུགས་དམ་གྱི་མཐིལ་དེ་ཁྱོད་མ་གཏོགས་སུས་མི་བཟང་ཟེར། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སློབ་པ་ལམ་གྱི་གནས་སྐབས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡིད་ཀྱིས་བླངས་པ་ཙམ་དུ་མ་ཟད། དངོས་སུ་ཡང་སྡུག་བསྔལ་བླངས་ནས་སྦྱངས་བའི་དུས་དཔག་ཏུམེད། དེ་ལྟར་མཛད་པས་སངས་རྒྱས་པ་ཡིན། འོ་སྐོལ་རྣམས་ཀྱིས་གཅེས་འཛིན་བྱས་སྡུག་བསྔལ་དངོས་སུ་ལེན་པ་ཕར་ཞོག །ཡིད་ཀྱིས་ཀྱང་ལེན་མ་ནུས་པས་ད་བར་འཁོར་བར་འཁྱམས་པ་ཡིན། ད་ཡང་སངས་རྒྱས་འདོད་ན་དེ་ལྟར་བྱ་དགོས། གཅེས་འཛིན་འདོད་ན་ཅི་ཤེས། སྐྱེས་བུ་དམ་པ་རྣམས་ཀྱིས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེ་ཕྱིར་

p. 194

བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །གསུངས་སྣང་། འོ་ན་ཁོ་བོ་སྔགས་ཀྱི་རྣལ་འབྱོར་པ་ཐེག་དམན་པ་ཡིན་དོགས་མེད། བྱང་ཆུབ་ཀྱི་སེམས་དེ་བས་རྒྱ་ཆེན་པོ་སྨོན་པ་བྱང་ཆུབ་ཀྱི་སེམས། འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད། དོན་དམ་བྱང་ཆུབ་ཀྱི་སེམས་སོགས་ལ་སློབ་པ་ཡིན། ཁོ་བོ་ཚོ་ལ་དེ་ཀས་ཆོག་ཟེར་ན། འོ་ན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་དེ་རྒྱུ་གཅིག་གཉིས་ལས་བྱུང་བ་མ་ཡིན། རྒྱུ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ་ཡིན་པས། དེད་དཔོན་ལྟ་བུའི་སེམས་བསྐྱེད། མཉན་པ་ལྟ་བུའི་སེམས་བསྐྱེད། རྫི་བོ་ལྟ་བུའི་སེམས་བསྐྱེད་བྱང་ཆུབ་སེམས་བསྐྱེད་ཉེར་གཉིས་སོགས་མཐའ་ཡས་ལ་ཕུན་སུམ་ཚོགས་པ་སློབ་དགོས། ཚོགས་གཉིས་གསོག་པ་ཡང་གཅིག་གཉིས་ཙམ་མ་ཡིན་པར་བསམ་གྱིས་མི་ཁྱབ་པ་ཞིག་ལ་སློབ་དགོས། ཁྱོད་ཀྱིས་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེདན་བདག་གཞན་བདེ་སྡུག་བརྗེ་བ་ལ་དངོས་སུ་ཡང་འཇུག་ཅེས་ཁས་བླངས་པ་ཡིན་ན་དངོས་སུ་མི་འཇུག་རུང་ཡིད་ཀྱིས་ཀྱང་མི་འཇུག་པ་དེ་ཡ་མཚན། བདག་

p. 195

གཞན་བདེ་སྡུག་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལ་སློབ་མི་ཐུབ་པ་དེ་བདག་འཛིན་ཆེ་བས་ལན། བདག་འཛིན་ཆེ་ན་ཁྱོད་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གནད་དུ་སོང་མ་སོང་གི་ཧ་གོ་ཡོང་། བྱམས་སྙིང་རྗེ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐེག་པ་ཆེན་པོའི་གང་ཟག་གིས་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ལ་བློ་སྦྱོང་དགོས་ན། འདི་ལ་བློ་སྦྱོང་དགོས་པ་སྨོས་ཅི་དགོས། ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་ཅིང་། གང་སྣང་ཐམས་ཅད་ནམ་མཁའི་འཇའ་སྤྲིན། ཆུ་ནང་གི་ཟླ་བ། མེ་ལོང་གི་གཟུགས་བརྙན་ལྟར་རང་གི་སེམས་ཀྱི་རྣམ་རོལ་ཏུ་ཐག་ཆོད་པ། ནང་སེམས་ཉིད་ལ་ངོ་བོ་ངོས་གཟུང་དབྱིབས་ཁ་དོག་སོགས་གང་ཡང་མ་གྲུབ་པར་སྐྱེ་འགག་གནས་གསུམ་དང་བྲལ་བ། སྟོང་གསལ་ཕྱི་ནང་མཐའ་དབུས་མེད་པ་ནམ་མཁའ་ཡངས་པ་ལྟར་ཁྱབ་གདལ་ཟངས་ཐལ་ཆོས་སྐུ་ཉག་གཅིག་ཏུ་བློ་ཐག་ཆོད་པའི་རྣལ་འབྱོར་བ་རྣམས་ཀྱིས། བདག་འཛིན་བཟང་ངན་དགའ་སྡུག་བླང་དོར་རེ་དོགས་ཉེ་རིང་ཆགས་སྡང་སོགས་ཉོན་མོངས་

p. 196

པ་དང་གཏན་བྲལ་བྱས། སྐྱེ་མེད་ཆོས་དབྱིངས་ཀྱི་ངང་དུ་དུས་གསུམ་འཕོ་འགྱུར་མེད་པར་གནས་པའི་བཙན་ས་ཟིན་པའི་ཕྱིར་གཏོང་ལེན་འདི་ལ་འབད་ན་ལེགས་ཏེ། དེ་ཅིའི་ཕྱིར་ཞེ་ན། མདོ་སྔགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་འཛིན་སོགས་ཉོན་མོངས་འདུལ་བའི་གཉེན་པོ་ཡིན་པས་བདག་འཛིན་གྱི་གཉེན་པོར་འགྲོ་དགོས། བདག་འཛིན་མ་ཐུལ་ན་འཁོར་བ་ལས་གྲོལ་བ་ཞིག་མདོ་རྒྱུད་བསྟན་བཅོས་གང་ནས་མ་གསུངས། དེས་ན་གསང་སྔགས་པས་ཀྱང་བསྐྱེད་རིམ་སོགས་བསྒོམས་ནས་བདག་འཛིན་སོགས་ཉོན་མོངས་པ་འདུལ་དགོས་སྙམ། དེ་འདུལ་དགོས་ན་བདག་འཛིན་གྱི་དགྲ་ཆམ་ལ་ཕབ་ནས། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་གཏོང་ལེན་འདི་གདམས་པ་ཟབ་པས། འདི་སྔགས་ཀྱི་རྣལ་འབྱོར་བས་སྤོང་དགོས་ཟེར་བ་དེ་ཆོས་མ་ཤེས་པའི་གཏམ་ཞིག་ཡིན་པས་གཞན་མ་སེམས། སེམས་ཅན་ཐམས་ཅད་མར་ཤེས་དྲིན་དྲན་དྲིན་གཟོ་དགོས་ཚུལ་བསམ། བྱམས་སྙིང་རྗེའི་ཀུན་ནས་བསླང་རང་གི་ཚེ་འདིའི་དྲིན་ཅན་ཕ་མས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་སྤྱིའི་སྡིག་སྡུག་གཏམ་ངན། ཁྱད་པར་

p. 197

འཇིག་རྟེན་ཁམས་འདིའི་མཛེ་ནད་སྐེམ་དང་། དམུ་ཆུ་སྐྲན་དང་རྨ་འབྲས་སོགས་ནད་བཞི་བརྒྱ་རྩ་བཞི་གཟའ་གདོང་ཐུག །ཀླུ་གདོལ་པ། རྒྱལ་པོ་སྨྱོ་འབོག །བཙན་གཟེར་ནད་གཏོང་བ་སོགས་གདོན་སྟོང་ཕྲག་བརྒྱད་ཅུ་སོགས་མི་འདོད་པའི་རིགས་དང་། གཞན་ཡང་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད་སོགས་སྡུག་བསྔལ་གྱི་རྒྱུ་ལས་ངན་པ་གཞན་གྱིས་བསགས་ཚད། གཞན་ཡང་ཆོས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། སྔགས་ཀྱི་དམ་ཚིག་དང་འགལ་བ་གང་བགྱིས་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་རྣག་ཁྲག་དུད་ཁུ་སོལ་ཁུ་དུད་པ་ནག་པོ་སྡོམ་སྡིག་སྦལ་ལྕོང་འོད་ཟེར་ནག་པོ་སོགས་ཀྱི་རྣམ་པར་རང་གི་ལུས་ཀྱི་སྟེང་དུ་བྱུང་ནས། འཇིག་རྟེན་ཁམས་ན་ནད་པ་སོགས་སྡུག་བསྔལ་ཅན་ཇི་སྙེད་མཆིས་པ་བདེ་ཕྱམ་གྱིས་སོང་། དགའ་བའི་ལུས་ཀྱི་གར་དང་ངག་གི་གཏམ་སྨྲས་པར་བསམ། རང་གི་ལུས་ལནད་ཀྱི་ཚང་བཅས། གདོན་གྱི་གཞི་བཏིང་། ནད་རྣམས་ཤ་རུས་ལ་ཐིམ། གདོན་རྣམས་རྒྱུན་དུ་ཉལ།

p. 198

ལུས་སྐྲངས་རྩ་འཕར། རུས་པ་གཟེར་བ་སོགས་བྱུང་། སེམས་ཅན་ཐམས་ཅད་ཀྱི་ཚབ་ཏུ་རང་ནད་གདོན་སྡུག་བསྔལ་ཐར་མེད་ཀྱི་འོག་ཏུ་ཤོར་སོང་སྙམ་པ་བྱ། གལ་ཏེ་དེ་ལྟར་བྱེད་མི་རུང་ཆོས་རྣམས་འདུན་པ་ལ་རག་ལས། དེ་ལྟར་མ་བྱེད། བྱས་ན་རང་གི་ཐོག་ཏུ་མཛེནད་ལ་སོགས་ནད་ངན་པ་རེ་འབྱུང་ཉེན་ཡོད་སྙམ་བདག་འཛིན་མངོན་གྱུར་དུ་འོང་བས། དེའི་དུས་སུ་འོ་ལགས་སོ་ད་བཟང་བཙལ་བས་མ་རྙེད་པའི་དགྲ་དེ་ལག་ཏུ་ཆུད་བྱུང་སྙམ་དུ་ཁོ་རྐུན་མ་བཞིན་ངོས་ཚིར་གྱིས་བཟུང་ལ། འོ་ངའམ་བདག་ཅེས་མིང་གཉིས་ཡོད་པ་དོན་གྱི་གཅིག་པ་ཁྱོད་ལ་གནོད་པ་ཡིནན། ཁྱོད་ལ་གནོད་ཡུལ་འདི་འདྲ་ཞིག་གོ་ཞེས་སྟོན་རྒྱུ་ཞིག་ཡོད་དགོས། ཡོདན་ལུས་སེམས་དང་གཅིག་ཏུ་ཡོད་དགོས། ཡངན་ཐ་དད་དུ་ཡོད་དགོས། དེ་མ་གཏོགས་གཞན་ཡོད་ཚུལ་ཞིག་གཏན་ནས་མེད་སྙམ་དུ་ཐག་བཅད། ལུས་སེམས་གཉིས་དང་གཅིག་བྱས་ཡོད་ན། ལུས་ཡན་ལག་ལྔ་ཡོད་པ་དང་། སེམས་ལ་རྣམ་རྟོག་མང་པོ་ཡོད་པ་བཞིན་ང་ཡང་མང་པོ་ཞིག་ཡོད་དགོས། མི་གཅིག་ལ་ང་གཅིག་མིན་མང་པོ་མི་སྲིད། གཅིག་ཡིན་ན་ངའི་ལུས་

p. 199

དང་ངའི་སེམས་ཞེས་གཉིས་སུ་འབྱེད་པ་དང་ཡང་འགལ། ང་ཟེར་བ་འདི་ལུས་སེམས་དང་གཅིག་མ་ཡིན་པར་འདུག་སྙམ་དུ་ཐག་བཅད། ལུས་སེམས་གཉིས་དང་ཐ་དད་ཡིན་ན་ལུས་སེམས་སོ་སོར་བསལ། དེ་ཡང་སེམས་ཀྱི་དྲན་རྟོག་སྔ་ཕྱི་བར་གསུམ་ཐམས་ཅད་ཡིད་ཀྱིས་སོ་སོར་བསལ་ནས། ང་ཟེར་བ་ཞིག་ཤུལ་ན་ཨེ་ཡོད་ལྟོས་དང་། ལུས་ཀྱི་ཡན་ལག་ཉིང་ལག་ཕྱི་ནང་བར་གསུམ་ཐམས་ཅད་ཀྱི་སོ་སོར་ཕྱེ་ནས་བསལ་བའི་ཤུལ་ན། ང་ཞེས་པའམ་བདག་ཟེར་བ་ཞིག་ཨེ་གྲུབ་བལྟས་པས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མ་རྙེད་ཚེ། ཡང་ལུས་ཟེར་བ་ཁྱོད་ལ་གནོད་པ་ཡིན་ན་ལུས་ཁྱོད་ཡན་ལག་ལྔ་པོ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་སྔར་ལྟར་དཔྱད། དེ་བཞིན་དུ་སེམས་ཟེར་བ་ཁྱོད་ལ་གནོད་པ་ཡིནན། སེམས་ཁྱོད་རྣམ་རྟོག་སྔ་ཕྱི་བར་གསུམ་རྣམས་དང་གཅིག་ཏུ་གྲུབ་བམ་ཐ་དད་ཡིན་སོགས་སྔར་ལྟར་དཔྱད། འོན་ཡང་ནད་དང་གདོན་ཟེར་བ་ཁྱོད་ཚུར་སྟེང་དུ་འོངས་པ་ཡིན་ན་རྒྱུ་རྐྱེན་གང་ལས་བྱུང་། དེ་དག་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་པར་དཔྱད་ནས་མ་རྙེད་ཚེ། འོ་ང་བདག་

p. 200

ལུས་སེམས་ནད་གདོན་སོགས་ཆོས་ཐམས་ཅད་ཕྲེང་བ་དམག་གི་དཔེ་བཞིན། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་མི་འདུག །ང་སྔོན་ཆད་མ་རིག་འཁྲུལ་པའི་དབང་དུ་སོང་ནས་ང་མེད་པ་ལ་ངར་བཟུང་། བདག་མེད་པ་ལ་བདག་ཏུ་བཟུང་། གཞན་ཡལ་བར་དོར། རང་གཅེས་པར་བཟུང་བས་འཁྲུལ་པ་ཙམ་མ་གཏོགས། བླ་མའི་གདམས་ངག་ལྟར་བརྟགས་ཤིང་དཔྱད་ན་ངོས་གཟུང་གང་ཡང་མི་འདུག །བདག་མེད་པ་ལ་བདག་ཏུ་སུ་ཞིག་འཛིན། གཟུང་བ་དོན་མི་འདུག །ད་ནི་བདག་གཅེས་འཛིན་ཐམས་ཅད་བློས་བཏང་ལ་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི་རྣམ་པར་ཐར་པ་ལྟར་སྙིང་ཐག་པ་ནས་བདག་གཞན་བདེ་སྡུག་བརྗེ་དགོས་སྙམ་དུ་རང་བདེ་ཕར་གཏང་། གཞན་སྡུག་ཚུར་བླང་། ལྷག་པར་གཞན་གྱི་ནད་མ་རུངས་པ་འཇིག་རྟེན་ཁམས་ན་ཡོད་པ་མིག་གིས་མཐོང་བ། རྣ་བས་གང་ཐོས་པ་ཐམས་ཅད་ཚུར་ཆེད་གཉེར་གྱིས་བླངས། ཡང་ང་བདག་ལུས་སེམས་ནད་གདོན་སོགས་ལ་རིག་པ་སྣ་ཚོགས་པས་བརྟགས་དཔྱད་བྱས། རང་བཞིན་གྱིས་ཨེ་

p. 201

གྲུབ་བལྟས་མ་གྲུབ་ཚེ། གནས་ལུགས་ཀྱི་ངང་ལ་མཉམ་པར་འཇོག་པ་སོགས་བྱས་ན། བདག་འཛིན་བཟང་ངན་བླང་དོར་རེ་དོགས་ཉེ་རིང་ཆགས་སྡང་དང་བྲལ་ནས། བདག་མེད་གནས་ལུགས་མངོན་སུམ་དུ་རྟོགས་ནས་གཞན་གྱི་སྡུག་བསྔལ་ཡིད་ཀྱིས་ལེན་པ་ལ་ཞུམ་པ་མེད་པར་མ་ཟད། དངོས་སུ་ལེན་རྒྱུ་བྱུང་ན་སྤྲོ་བཞིན་འཇུག་ནུས། དེ་ལྟ་བུའི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཚེ་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པ་ཡིན་པས། དེ་ལྟ་བུའི་གང་ཟག་ལ་ཐེག་པ་ཆེན་པོའི་རྣལ་འབྱོར་པའམ། བྱང་ཆུབ་སེམས་དཔའ་ཞེས་མཚན་གསོལ་ཀྱང་ཆོག །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་བསོད་ནམས་ལ་གཟུགས་ཤིག་ཡོད་རྒྱུ་ཡིན་ན་ནམ་མཁའི་ཁམས་ལ་མི་ཤོང་སྟེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ཆེ་བར་འགྱུར། །གསུངས། སངས་རྒྱས་ནི་བསོད་ནམས་རྒྱ་ཆེན་པོས་མཐུ་ལས་ཐོབ་པ་ཡིན་

p. 202

པས། བྱང་ཆུབ་སེམས་ཀྱི་བསོད་ནམས་ཀྱི་མཐུས་མྱུར་དུ་འཚང་རྒྱ་ངེས་ཤེས་ནས་གཏོང་ལེན་བྱེད་པ་འདི་བདག་འཛིན་འཇོམས་པའི་ཐོ་བ། སངས་རྒྱས་འཐོབ་པའི་མྱུར་ལམ། གཞན་ཡོངས་ལ་མ་གྲགས་པའི་ཁྱད་ཆོས་ཅན་ཞིག་ཡིན་པས་སྔགས་ཀྱི་རྣལ་འབྱོར་པས་འདི་ཐོག་མཐའ་བར་གསུམ་དུ་བསྟེན་པར་རིགས་སོ། །སྤྱིར་ཆོས་ཐམས་ཅད་འདུན་པ་ལ་རག་ལས། སྨོན་ལམ་གང་བཏབ་འགྲུབ་གསུངས་པ་དེ། ལས་དགེ་བ་བསགས་ནས་མཐོ་རིས་ཐར་པའི་བདེ་བ་གང་འདོད་ལ་འདུན་པ་བྱས་སྨོན་ལམ་བཏབ་ན་འགྲུབ་གསུངས་པ་ཡིན་གྱི། ལས་སྡིག་པ་བྱས། འབྲས་བུ་བདེ་བ་འདོད་ནས་འདུན་པ་བྱས་སྨོན་ལམ་བཏབ་ནས་སྡིག་ཅན་གྱིས་ཐར་པ་འཐོབ་པ་ཞིག་ཤིན་ཏུ་དཀོན། ཡང་ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ་གསུངས་པ་ཡིན་པས། རང་གིས་ཚེ་སྔོན་ལས་ངན་མ་བསགས་ན། དེ་ལྟར་གཏོང་ལེན་གྱི་འདུན་པ་བརྒྱ་སྟོང་བྱས་རུང་། བྱས་ཀྱིན་སྟེང་དུ་བདེ་བ་ཞིག་མི་འབྱུང་རུང་ནད་གདོན་སོགས་གཏནནས་འབྱུང་མི་སྲིད་སྟེ། སྔོན་དགེ་བཤེས་གླང་རི་ཐང་པས་སེམས་ཅན་དམྱལ་བར་སྐྱེ་བ་ཀུན་གྱི་

p. 203

ཚབ་ཏུ་སྐྱེ་བ་ཕྱི་མ་དེ་ལ་དམྱལ་བར་སྐྱེ་བར་འདོད་ནས། དེ་ལ་འདུན་པ་དྲག་པོ་བཏང་སྨོན་ལམ་བཏབ་ཀྱང་མར་དམྱལ་བར་སྐྱེ་བའི་རྟགས་མ་བྱུང་བར་ཡར་དག་ཞིང་དུ་སྐྱེ་བའི་ལྟས་མང་པོ་བྱུང་ཚེ། སློབ་མ་རྣམས་ལ། ང་ལ་འདོད་པ་ཞིག་ཡོད་དེ། དེ་མི་འགྲུབ་པར་གདའ་གསུངས་ཚེ། དེ་གང་ལགས་ཞུས་པས། སེམས་ཅན་དམྱལ་བར་སྐྱེ་བ་རྣམས་ཀྱི་ཚབ་ཏུ་དམྱལ་བར་སྐྱེས་ན་སྙམ་སྨོན་ལམ་བཏབ་སྟེ། ད་དེ་རུ་མི་སྐྱེ་བར་གདའ། དག་ཞིང་དུ་སྐྱེ་བའི་ལྟས་མང་པོ་འོང་གིན་འདུག་གསུངས་སྐད། འོ་ན་གཏོང་ལེན་བྱས་སྟེང་དུ་མི་འོང་ན་སེམས་ཅན་ལ་ཕན་ག་ལ་ཐོགས། དེ་ཡིན་ན་སྟེང་དུ་མི་འོང་བ་ཤེས་ནས་སེམས་ཅན་ལ་ཁ་བཟང་རྫུན་གྱིས་མགོ་གཡོགས་ཤིག་བྱས་པ་རེད། དགོས་པ་མི་འདུག་ཟེརན། དེ་ལྟར་བསམ་པ་སྦྱངས་པས་སེམས་ཅན་ལ་འཕྲལ་དུ་ཕན་ཐོགས་ཤིག་མ་བྱུང་ཡང་། དེ་ལྟ་བུའི་སེམས་ལན་ཅིག་བསྐྱེད་ཀྱང་བསོད་ནམས་དཔག་མེད་ཐོབ་ཅིང་བདག་འཛིན་ཐུལ། བདག་མེད་ཆོས་སྐུ་མངོན་དུ་བྱས་མྱུར་དུ་སངས་རྒྱས་ནས། ཕུགས་སུ་སེམས་ཅན་ལ་ཕན་རྒྱ་ཆེན་ཐོགས་

p. 204

པས་དོན་མེད་པར་ག་ལ་འགྱུར། འོན་ཀྱང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩ་ལ་རབ་ཏུ་གནས། །གསུངས་པ་དང་། སྔོན་གྱི་དམ་པ་འགའ་རེས་གཞན་གྱི་སྡུག་བསྔལ་དངོས་སུ་བླང་གསུངས་པ་རྫུན་ནམ་ཟེར་ན། གལ་ཏེ་དེ་ལྟར་གཏོང་ལེན་ཤུགས་དྲག་ལ་ཡུན་རིང་བར་སྦྱངས་ནས། འཕྲལ་དུ་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལོན་པའི་བྱང་ཆུབ་སེམས་དཔའ་བཟང་པོ་རེ་གཉིས་ཡོད་སྲིད། དེ་ལྟར་གཏོང་ལེན་བྱས་སྟེང་དུ་ལོན་ན་སྐལ་བ་བཟང་། འདོད་ཐོག་ཏུ་སོང་བ་ཡིན་པས་མི་དགའ་རྒྱ་ཅི་ཡོད་རང་གི་བྱེད་ཉེས་མི་དགེ་བ་བྱས་པའི་མཐུ་ལས་བྱུང་བ་ནི་མིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམས་པའི་མཐུ་ལས་བྱུང་བ་ཡིན། སེམས་ཅན་གཅིག་གི་ནད་སེལ་ཕྱིར་དམིགས་ནས་གཏོང་ལེན་བྱས་ཚུར་ལོན་པ་བྱུང་ན། དེ་གཅིག་པུའི་ཕན་ཡོན་མཐའ་ཡས་ན། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡུག་བསྔལ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བསལ་ནས། བདེ་བར་གནས་པའི་ཕྱིར་དུ་དམིགས་ནས་སྟེང་དུ་ནད་སོགས་མི་འདོད་པ་ཞིག་བྱུང་ན། དེའི་བསོད་ནམས་ནམ་མཁར་མི་ཤོང་། ཐུགས་དམ་གྱི་

p. 205

མ་སེམས། །མཆོག་དེ་ཁ་ཡིན་པས། ཁ་ནས་མ་ཎི་སོགས་འབག་འབུག་བཏོན་པ་དང་། རླུང་བཟུང་ཟང་ཟིང་བྱེད་པ་སོགས་ཐུགས་དམ་གྱི་མཆོག་ཡིན་པར་སྔོན་གྱི་བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་རྐྱེན་ངན་བྱུང་ན་དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པའམ། མི་ཟད་པའི་གཏེར་དང་འཕྲད་བ་བཞིན་དང་དུ་བླངས། མ་གྱུར་སེམས་ཅན་གཞན་གྱི་སྡིག་སྡུག་གཏམ་ངན་མཐོང་ན་སྙིང་རྗེ་ནས། དེའི་རྣམ་སྨིན་བདག་ལ་འདུས་ནས་དེ་ཀུན་བདེ་བར་ཤོག་ཅེས་ཚུར་འོང་པའི་འདུན་པ་དྲག་པོ་བྱས་སྨོན་ལམ་འདེབས་པ་ཡིན་སྐད། དེ་ཡིནན་རང་གི་སྡུག་བསྔལ་གཞན་ལ་མི་བསྒྱུར་བ་སྨོས་ཅི་དགོས། སྔོན་ཇོ་བོ་ཆེན་པོས་འབྲོམ་སྟོན་པ་རིན་པོ་ཆེ་ལ། ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ལ་ཐུགས་དམ་གྱི་མཐིལ་གྱྀས་ཤིག །སྐུ་ཚེའི་མཇུག་གཤེགས་ཁ་ལ་སྙུང་གཞི་མཛེ་ཞིག་འོང་ན་དགའ་ལྡན་དུ་སྐྱེ་ཞེས་གསུངས། ཕྱིས་འབྲོམ་སྟོན་པའི་གདུལ་བྱ་རྫོགས་ནས་སྐུ་ཚེའི་མཇུག་དེར། སེམས་ཅན་ནད་པ་ཇི་སྙེད་པ་མྱུར་དུ་ནད་ལས་ཐར་པའི་ཕྱིར་གཏོང་ལེན་ལ་སྦྱངས་བས་སྙུང་གཞི་དེ་ཀ་བྱུང་ཚེ།

p. 206

ཐུགས་དགྱེས་འདོད་ཐོག་ཏུ་སོང་ད་དགའ་ལྡན་དུ་སྐྱེའོ་གསུངས་སྐད། ཁོང་གིས་སྐུ་གཤེགས་པའི་དུས་སུ་ཡང་སྤྱིར་འཇིག་རྟེན་ཁམས་ཀྱི་ནད་དང་ཁྱད་པར་མཛེ་ནད་ཐམས་ཅད་ཀྱི་རྒྱུན་བཅད། སེམས་ཅན་དཔག་ཏུ་མེད་པ་ནད་ལས་གྲོལ། དེའི་བསོད་ནམས་ཀྱིས་ཁོང་དགའ་ལྡན་གནས་སུ་པདྨོ་ལས་བརྫུས་ཏེ་སྐྱེས། དོན་གཅིག་གིས་དོན་གཉིས་འགྲུབ་པར་བྱས་པ་ཡིན། འོ་སྐོལ་རྣམས་ཀྱིས་ལུས་འདི་གཅེས་འཛིན་བྱས་ནས་བསྐྱངས་བསྐྱངས་བའི་མཐར་ཁྱི་དང་བྱ་རྒོད་ལ་འཆའ་རུ་བཅུག་པ་ལས་དོན་གཅིག་ཀྱང་མ་བྱུང་བས་སྙིང་པོ་ཅི་བླངས་སོམས་དང་། ཡང་གཞན་གྱི་སྡུག་བསྔལ་དངོས་སུ་ལེན་ནུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡུག་བསྔལ་མི་འདོད་དུས་གཞན་ས་རྡོ་རི་བྲག་སོགས་ལ་སྤོ་འདོད་ན་སྤོ་ཡང་ནུས་ཏེ། རྗེ་མི་ལས་སྙུང་གཞི་སྒོ་ལ་སྤོས་ནས་སྒོ་ཙག་ཙག་ཡེར་ཡེར་ཞིག་འགྲོ་བ་ལྟ་བུ་བྱས་པ་དང་འདྲ། ནད་བྱུང་བ་མ་བཟང་ད་ཅི་བྱ་ཞེས་སེམས་ཁྲལ་མི་དགོས། རང་མི་འདོད་དུས་གཞན་ས་རྡོ་རི་བྲག་སོགས་ལ་སྤོས་ཆོག །ཡང་གནས་ལུགས་སྟོང་ཉིད་རྟོགསནས་མངོན་དུ་གྱུར་བའི་རྣལ་འབྱོར་པར་ནད་

p. 207

བྱུང་ཀྱང་། ནད་གདོན་རྣམས་ནམ་མཁའ་ལ་འཇའ་ཚོན་ཤར་བའམ། རླུང་རྒྱུ་བ་བཞིན་སེམས་ཉིད་སྟོང་པའི་རྒྱན་ཡིན་པས་སྤོ་ཡང་མི་སྤོ། སྡུག་བསྔལ་རི་ཙམ་བྱུང་ཡང་འཇའ་ཚོན་མང་པོ་ཞིག་གི་ནང་དུ་གནས་པ་ཙམ་གྱི་སྣང་བ་མ་གཏོགས་ཕན་གནོད་གང་ཡང་མི་འོང་བས་ནད་སྤོ་མི་དགོས། དེས་ན་གཏོང་ལེན་༔འདི་མདོ་སྔགས་ཀྱི་ཆོས་ཉམས་སུ་ལེན་པ་ཐམས་ཅད་དང་། ཁྱད་པར་བདག་མེད་གནས་ལུགས་བསྒོམས་ནས་མངོན་དུ་གྱུར་པར་འདོད་པས། ལམ་གྱི་བོགས་འདོན་ཡིན་༜པས་བསྟེན་པ་གལ་ཆེ། འོན་མདོ་སྔགས་གང་ན་ཡང་ཐོག་མར་སྨོན་འཇུག་གི་སེམས་བསྐྱེད་དུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དམ་པའི་ཆོས་བྱའོ་སྙམ་ནས་ཆོས་གང་ནུས་བྱས་པ། ཕྱི་ནས་དགེ་བ་རྫོགས་བྱང་དུ་བསྔོ་དགོས་པ་ལ། གཏོང་ལེན་བྱེད་དུས་དགེ་བ་ཐམས་ཅད་སེམས་ཅན་ལ་ཕན་ཕྱིར་བཏང་གཏོང་བ་འདིས་སེམས་ཅན་ལ་འཕྲལ་དུ་ཅུང་ཟད་ཕན་ཐོགས་རུང་། ཕུགས་སུ་རང་ཉིད་སངས་རྒྱས་ཐོབ་ནས་སེམས་ཅན་ལ་ཕན་རྒྱ་ཆེན་ཐོགས་པའི་གེགས་སུ་སོང་

p. 208

བ་ཡིན། དཔེར་ན་དབུལ་ཕོངས་ཀྱི་སྡུག་བསྔལ་སེལ་ཕྱིརནོར་བུ་ལེན་སྙམ་འགྲོ་ཆས་བསྒྲབས་པ་རྣམས་དབུལ་པོ་ལ་བྱིན་པ་དང་འདྲ་ཟེར་ན། དཔེ་དེ་དང་འདྲ་དོགས་མེད། དཔེར་ན་བུ་བློ་རྒོད་ཅིག་གིས་ཕ་མ་ཉེ་འབྲེལ་སོགས་ལ་ཕན་འདོགས་སྙམ། འབྲུ་རྣམས་ཞིང་ལ་བཏབ་ཚུར་བླངས། སླར་ཡང་དེ་ཐམས་ཅད་ཞིང་མང་པོར་བཏབ། ཡང་ཚུར་བླངས། སླར་ཡང་འབྲུ་རྣམས་ཞིང་དེ་བས་མང་བར་བཏབ་ཚུར་བླངས་ཁྱིམ་ན་ནོར་རྫས་གཞན་གང་ཡོད་བུ་ལོན་དུ་བཏང་། ཚོང་བྱས་གོང་འཕེལ་དུ་བཏང་། སླར་ཡང་དེ་དག་རྣམས་སྔར་ལྟར་ཡང་ཡང་བྱས་ན་མྱུར་དུ་ཕྱུག་པོར་གྱུར་ནས་རང་གཞན་ཡོངས་ལ་ཕན་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ། ཆོས་བྱས་བ་དེ་དག་སེམས་ཅན་ཐམས་ཅད་ལ་གནས་སྐབས་བདེ་ཞིང་མཐར་ཐུག་འཚང་རྒྱ་བའི་ཕྱིར་བསྔོས་ན། སེམས་ཅན་རེ་རེ་ལ་བརྟེན་ནས་བསོད་ནམས་སྔར་གྱི་དེ་བས་བརྒྱ་འགྱུར་རེ་འོངས། བསོད་ནམས་བརྒྱ་འགྱུར་མི་དགོས་སེམས་ཅན་རེ་རེའི་སྟེང་ནས་ཁབ་རྩེ་ཙམ་རེ་ལས་མ་བྱུང་ཡང་སེམས་ཅན་གྲངས་མེད་པས་བསོད་ནམས་དེ་ཀུན་ཕྱོགས་

p. 209

གཅིག་ཏུ་བསྡུས་ན་འཇིག་རྟེན་གྱི་ཁམས་འདིར་མི་ཤོང་། བརྒྱ་འགྱུར་རེ་ཐོབ་ནནི་ནམ་མཁའི་ཁམས་ལའང་མི་ཤོང་། དེ་ལྟར་བསྔོས་ནས་བསོད་ནམས་ཆེར་སོང་བ་དེ་ཡང་། སླར་སེམས་ཅན་ལ་ཕན་ཕྱིར་བསྔོས་ན་དེ་བས་ཆེ་རུ་འགྲོ། དེ་ཡང་བསྔོས་ན་དེ་བས་རྒྱ་ཆེར་འགྲོ། སངས་རྒྱས་ནི་བསོད་ནམས་རྒྱ་ཆེན་པོ་བསགས་པའི་མཐུ་ལས་བྱུང་བ་ཡིན་པས་མྱུར་དུ་སངས་རྒྱས་པའི་ཐབས་ལ་དེ་ལྷག་པར་བཟང་། དེས་ན་དེང་སང་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་རང་གཞན་གྱི་དགེ་བ་བསྔོ་དུས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་རྣམ་དཀར་མཛད་ཕྲིན་རྒྱས་པ་དང་། སེམས་ཅན་ཐམས་ཅད་གནས་སྐབས་སུ་བདེ་ཞིང་མཐར་ཐུག་འཚང་རྒྱ་ཕྱིར་བསྔོ་བ་དེ་གནད་ཤིན་ཏུ་ཆེ། དེ་ལྟར་ཡང་ཡང་བསྔོས་ན་ཅི་ཙམ་བསྔོ་ཐུབ་པ་དེ་ཙམ་གྱི་བསོད་ནམས་རྒྱ་ཆེན་པོ་འབྱུང་། སྐབས་རེ་བསོད་ནམས་དེ་དག་རྣམས་སེམས་ཅན་

p. 210

གྱི་དོན་དུ་མྱུར་བར་སངས་རྒྱས་པའི་ཕྱིར་བསྔོ་བ་སྨོན་ལམ་བཏབ་ན་ཤིན་ཏུ་ལེགས། དེས་ན་བསྔོ་བ་མཐའ་ཡས་རྒྱ་ཆེན་པོ་བྱས་ན་དགེ་བ་འཕེལ་བ་མ་གཏོགས་ཟད་མི་འགྲོ་བས། བསྔོ་བ་གཅིག་བྱས་ན་ད་བསྔོ་རྒྱུ་ཞིག་མེད་མི་སེམས་པར་བསྔོ་བ་སྨོན་ལམ་རང་གི་གང་ཤེས་དང་རྒྱ་གང་ཆེ་རྣམས་ཡང་དང་ཡང་དུ་བྱེད་པ་གཅེས་ཏེ། བསོད་ནམས་དམ་པའི་མདོ་ལས། དགེ་བ་ཆུང་ངུ་ནས་བསགས་དགོས། དེ་ཡང་བསྔོ་དགོས། མ་བསྔོས་པའི་རྫས་རྣམས་ནི། བྱེ་ཚན་ལ་ཆུ་ཐིག་གཅིག་བརྒྱབ་ན་ཆུ་དེ་མྱུར་དུ་སྐེམ་པ་དང་འདྲ། བསྔོ་བ་བྱས་པའི་ཕན་ཡོན་ནི། རྒྱ་མཚོ་ཆེན་པོ་ལ་ཆུ་ཐིག་གཅིག་བླུག་ན་ཆུ་དེ་མི་ཟད་ཅིང་སླར་འཕེལ་བར་འགྱུར་པ་དང་འདྲ་གསུངས། ཡང་དེང་སང་འགའ་རེས་སངས་རྒྱས་ཀྱི་བསྟན་པ་འདི་ཞྭ་མོ་དང་གོན་པའི་མདོག་དབྱིབས་ཞིག་གི་སྟེང་ན་ཡོད་པར་སེམས། གསར་རྙིང་སོགས་རང་གི་གྲུབ་མཐའ་གང་ཡིན་པ་དེ་དང་ཆ་ལུགས་མི་མཐུན་པ་རེ་མཐོང་ན་བསྟན་བཤིག་ཀ་ཚོ་ཟེར་བ་འདི། མཁས་པས་བལྟས་ན་ཡི་མུག་ལ་དགོད་ཁ་འཆོར་བའི་གནས་ཤིག་ཡིན་ཏེ། བསྟན་པ་ཟེར་བ་དེ་གང་ལ་ཟེར།

p. 211

ཕྱིའི་ཆ་ལུགས་ལ་ཟེར་རམ་ནང་ཆོས་ལུགས་ལ་ཟེར། སོ་སོར་ཕྱེ་ལ་དམ་བཅའ་ཚུགས་དང་། ཕྱིའི་ཆ་ལུགས་ལ་ཟེར་ན། ཕྱིའི་ཆ་ལུགས་བསྟན་པ་ཡིན་པ་རྟགས་མ་གྲུབ། རྒྱ་གར་ན་ཕྱི་རོལ་པ་མང་བས། ནང་པ་དང་ཕྱི་རོལ་པ་གཉིས་མི་ནོར་བའི་རྟགས་དང་། ཆ་ལུགས་འདི་ལྟར་མཛད་ནས་སྡིག་སྤོང་དགེ་སྒྲབ་བྱེད་དགོས་ཟེར་བའི་བརྡ་ཙམ་ཡིན་གསུངས་ཀྱི། བསྟན་པ་ཡིན་ཞེས་མ་གསུངས་པའི་ཕྱིར་རོ། །བསྟན་པ་ཡིན་ན། ཕྱིའི་རྟགས་ཙམ་འཛིན་གྱི་དུས་འདུལ་བ་ལ་སོགས་པའི་བསྟན་པ་མེད། སྐྱེས་བུ་དམ་པའི་གསུངས་པ་དང་ཡང་འགལ་བར་འགྱུར། ཁྱོད་ཀྱི་འདི་ཡིནན་དེའི་དུས་ཀྱང་བསྟན་པ་ཡོད་པར་ཁས་ལེན་དགོས། དེ་ཁས་ལེན་ན་ཁྱོད་ཀྱི་བསྟན་པ་འདི་དར་དགོས་ན་ལས་སླ་བར་གདའ། ཞྭ་མོ་དང་ཆོས་གོས་དམར་སེར་རེ་མི་འགྱུ་བ་སུ་ཡོད། རྒན་རྒོན་དང་བྱིས་བ་ཤན་པ་ཡུགས་ས་མ་ཡན་ཆད་ཀྱིས་གྱོན་ནས་བསྟན་པ་རྒྱས་སུ་བཅུག་ན་ཆོག་སྟེ། དེས་མི་ཡོང་། འོན་ཀྱང་དེང་སང་ཆོས་པ་རྣམས་ཀྱིས་ཞྭ་མོ་དང་གོན་པ་སོགས་ཕྱིའི་ཆ་ལུགས་དམར་སེར་གང་ཡིན་ཡང་དེ་

p. 212

ངེས་ན་ཆོས་ལུགས་དེ་ཀས་ཡོང་ཡོང་འདྲ་སྟེ། དེ་ཡིན་ན་གཞན་ལ་རྟགས་ཙམ་འཛིན་ཟེར་བ་ཞིག་ཕྱི་ནས་འོང་ཞེས་སྨྲ་བར་མི་རིགས། རྟགས་ཙམ་འཛིན་རྣམས་ད་སླེབས་ཡོད་དོ་ཞེས་བསྒྲག་པར་རིགས། འོ་ན་ཕྱིའི་ཆ་ལུགས་བསྟན་པ་མིན་རུང་གཅིག་དགོས། སྣ་ཚོགས་བྱས་ན་བསྟན་པ་བཤིག་པའི་རྒྱུ་ཡིན་ཟེར་ན། འོ་ན་ཆ་ལུགས་དེ་སུ་དང་གཅིག་དགོས། མདོ་རྒྱུད་གཉིས་གསུང་བ་པོ་རྡོ་རྗེ་འཆང་དང་སངས་རྒྱས་བཅོམ་ལྡན་འདས་སོགས་དང་གཅིག་དགོས་སམ། དེ་འཛིན་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་ཡུལ་དུ་བྱོན་པའི་ཇོ་བོ་ཡབ་སྲས། རྒྱལ་བ་བློ་བཟང་གྲགས་པ་མར་པ་མི་ལ་སོགས་ཀྱི་སྐྱེས་བུ་དམ་པ་ཞིག་དང་མཐུན་དགོས། སོ་སོར་ཕྱེད་ལ་ཤོད་དང་། ནག་ནོག་བྱས་གང་ཡོང་། མདོ་ཉམས་སུ་ལེན་པའི་གང་ཟག་གིས་སངས་རྒྱས་ཀྱི་མཛད་སྤྱོད་གསུང་ལྟར་བྱེད་དགོས་ཟེར་ན། དེ་ཡིན་ན་སངས་རྒྱས་ཀྱིས་ཀྱང་རང་གི་བསྟན་པ་རང་གིས་བཤིག་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁོང་རྡོ་རྗེ་འཆང་རིགས་ལྔ་སོགས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་གསང་སྔགས་ཀྱི་རྒྱུད་སྡེ་དུ་མ་གསུངས་པ་ཡིན་

p. 213

ལ། གཞན་ཡང་གང་ལ་གང་འདུལ་གྱི་སྐར་སྤལ་ནས་ཆོས་བསྟན་སེམས་ཅན་གྱི་དོན་མཛད་ཅེས་གསུངས་པའི་ཕྱིར་རོ། །ཡང་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས་སོགས་དང་། རྒྱ་གར་གྱི་ཏཻ་ལོ་ནཱ་རོ། བོད་ཀྱི་མར་མི་འབྲོམ་སྟོན་སོགས་དབུ་རལ་པ་ཅན་རུས་རྒྱན་ཅན་སོགས་ཆ་ལུགས་སྣ་ཚོགས་མཛད་པ་དེ་རྣམས་ཀྱང་ཁྱོད་ཀྱི་སངས་རྒྱས་བསྟན་པ་བཤིག་ཏུ་ཁས་ལོང་། མཉམ་མེད་ཇོ་བོ་རྗེས་ཀྱང་སངས་རྒྱས་ཀྱིས་མ་གནང་བའི་དབུ་ཞྭ་དམར་པོ་སྐུ་འགག་སྔོན་པོ་ཞིག་མནབས་འདུག་པས་དེས་ཀྱང་བསྟན་པ་བཤིག་པར་འགྱུར། སྔགས་ཉམས་སུ་ལེན་པའི་གང་ཟག་གིས་རྒྱལ་བ་རྡོ་རྗེ་འཆང་ཨོ་རྒྱན་ཆེན་པོ་སོགས་ཀྱི་མཛད་སྤྱོད་གསུང་ལྟར་བྱེད་དགོས་ཟེར་ན། དེ་ཡིན་ན་སངས་རྒྱས་ནས་བཟུང་གནས་བརྟན་བཅུ་དྲུག །རྒྱན་དྲུག་མཆོག་གཉིས་རྒྱ་གར་མཁས་གྲུབ་ཕལ་ཆེར་དང་། བོད་ཀྱི་རྒྱལ་བ་ཡབ་སྲས་སོགས་མཁས་གྲུབ་དབུ་བྲེགས་ཞབས་རྗེན་ཐམས་ཅད་ཀྱིས་གསང་སྔགས་ཀྱི་བསྟན་པ་བཤིག་པར་འགྱུར། ཡང་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་དང་མཐུན་དགོས་

p. 214

ཟེར་ན། དེ་ཡིན་ན་གདམས་པའི་མཛོད་འཛིན་དཔལ་མར་མེ་མཛད་ཀྱི་ཆ་ལུགས་ལྟར་མཛད་དགོས། དེ་ལྟར་མཛད་ན་དབུ་ཞྭ་དམར་པོ་སྐུ་འགག་སྔོན་པོ་ཀུན་གྱིས་གནང་དགོས་ཀྱང་། ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་རིན་པོ་ཆེའི་དབུ་ཞྭ་སེར་པོ་སྐུ་འགག་རྒྱན་དྲུག་མ་གསོལ་བས་ན། རྗེ་རིན་པོ་ཆེས་ཀྱང་དཔལ་ལྡན་མར་མེ་མཛད་ཀྱི་བསྟན་པ་བཤིག་པར་ཁས་ལོང་། རྗེ་རིན་པོ་ཆེ་ལྟར་མཛད་དགོས་ན། དེང་སང་བླ་ཆེན་རྣམས་ཀྱིས་གསེར་ཞྭ་ཆེན་པོ་འོད་ལམ་མེ་བ་གྱོན། ན་བཟའ་ཕུ་དུང་ཅན་ཆུ་ལྭ་སོགས་བཞེས་པས་བླ་ཆེན་རྣམས་ཀྱིས་ཀྱང་རྗེ་རིན་པོ་ཆེའི་བསྟན་པ་བཤིག་པར་འགྱུར། གཞན་ཡང་སངས་རྒྱས་ཀྱི་བསྟན་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ཡོད་པས། ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་སོགས་ཀྱི་ཆ་ལུགས་མཐུན་དོགས་མེད། དེས་ན་དེ་དང་དེང་སང་གི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་ཆ་ལུགས་མི་མཐུན་པའི་ཚངས་པ་བརྒྱ་བྱིན་ལ་སོགས་པ་ཡང་བསྟན་བཤིག་ཏུ་ཁས་ལེན་དགོས། དེ་ཡིན་ན་བསྟན་འཛིན་གཅིག་མི་འདུག །དེ་ཅིའི་ཕྱིར་ཞེ་ན། ཆ་ལུགས་མི་མཐུན་པ་བྱས་པའི་ཕྱིར་

p. 215

རོ། །ཡང་འོ་ན་ཆ་ལུགས་མདོ་རྒྱུད་བསྟན་བཅོས་གསུང་པ་པོ་ཀུན་དང་མཐུན་དགོས་སམ། གཅིག་དང་མཐུན་པས་ཆོག་སོ་སོར་ཕྱེ་ལ་ཤོད་དང་། ཀུན་དང་མཐུན་དགོས་ཟེར་ན། མདོ་རྒྱུད་བསྟན་བཅོས་ཐམས་ཅད་གདམས་པར་ཤར་བའི་བཀའ་གདམས་པ་དང་། རྗེ་རིན་པོ་ཆེས། གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །གསུངས་པས། འདི་ཉམས་སུ་ལེན་པའི་ཆོས་པ་གཅིག་གིས་ཆ་ལུགས་མི་འདྲ་བ་བརྒྱ་ཡི་མི་ཚད་སྟོང་བྱེད་དགོས་པར་གདའ། དེ་སུ་ཞིག་གིས་འགྱུ། འགྱུ་རུང་ལུས་གཅིག་གིས་ཇི་ལྟར་དུས་གཅིག་ལ་གྱོན། ཐུགས་བསམ་བཞེས། དེ་ཙམ་གྱི་མང་པོ་ཞིག་མི་དགོས་གཅིག་ཙམ་གྱིས་ཡོང་ཟེར་ན། དེ་ཡིན་ན་ཁྱེད་ཀྱི་ཆ་ལུགས་མི་མཐུན་པ་རེ་མཐོང་དུས་བསྟན་བཤིག་ཚོ་ཟེར་བ་དེ་སྐུ་རླུང་ལངས་པའམ། སྙིང་ཁམས་མ་བདེ་བའི་གཏམ་ཞིག་མ་ཡིན་ནམ། སེམས་རྣལ་དུ་ཕོབ་ལ་དག་སྣང་གི་སྨན་རེ་བཞེས་འཚལ། ད་སྟོན་པའི་རྗེས་འཇུག་རྣམས་ཀྱི་ཆ་ལུགས་ཁོང་གི་བཅས་པ་ལྟར་མཛད་དགོས་ན་ཡང་། དེང་

p. 216

སང་བསྐལ་པ་སྙིགས་ཡུལ་དུས་ངན་པའི་དབང་གིས་གསུང་ཐམས་ཅད་ཇི་བཞིན་སྒྲུབ་པ་དཀའ། ཆོས་གོས་རྣམ་གསུམ་དུས་རྒྱུན་དུ་གྱོན་གསུངས་པ་ཡང་། དེང་སང་འོ་སྐོལ་རྣམས་ཀྱིས་ཟད་འགྲོ་གི་དོགས་ནས་དྲིལ་ནས་ཁུར་དགོས་པར་གདའ། དེས་ན་འབྲུག་པ་ཀུན་ལེགས་ལ། འདུལ་བ་དང་སུ་མཐུན་དྲིས་པས། རྒྱན་དྲུག་མཆོག་གཉིས་དང་ཇོ་བོ་ཡབ་སྲས་མཐུན་གསུངས། གཞན་མ་གསུངས་པ་དེ་གང་ཡིན་སོམས་དང་ཧ་གོ་ཡོང་། དེ་བཞིན་དུ་རྡོ་རྗེ་འཆང་སློབ་དཔོན་པད་འབྱུང་སོགས་ཀྱི་གསུང་རྣམས་ལྟར་བྱེད་པ་ཤིན་ཏུ་དཀའ་རེ་རེ་ཙམ་སྒྲུབ་ནུས་ན་ཡང་བུ་རྒོད་དུ་བརྩི་དགོས། སྟོན་པ་དང་རྡོ་རྗེ་འཆང་སློབ་དཔོན་པདྨ་སོགས་རྒྱལ་བ་གོང་མ་ཞིང་བརྗེས་པའི་ཤུལ་ན། བླ་མ་རེ་ལ་ཆོས་ལུགས་རེ། ཆོས་ལུགས་རེ་ལ་ཆ་ལུགས་རེ་བྱུང་འདུག །དེས་གང་ཡིན་གང་མིན་ཟེར། ཆོས་དང་མཐུན་ན་གང་ཡིན་ཡང་འདྲ་སྐྱོན་མེད་དག་སྣང་གྱིས། གལ་ཏེ་དག་སྣང་མ་བྱུང་ཡང་བསྟན་བཤིག་ཅེས་དངོས་སམ་བརྒྱུད་ནས་སྐྱེས་བུ་དམ་པ་ཐམས་ཅད་ལ་ཕོག་པའི་གཏམ་འདི་འདྲ་མ་སྨོས་ན་བཟང་། འོ་ན་སངས་རྒྱས་ཀྱི་བསྟན་པ་ཕྱིའི་

p. 217

ཆ་ལུགས་གཅིག་པུ་ལ་རག་མ་ལུས་ནང་ཆོས་ལུགས་ལ་རག་ལས་ན། བསྟན་པ་དེ་གང་ལ་ཟེར། སུས་བཟུང་ནས་སུས་འཇིག་ཟེར་ན། སངས་རྒྱས་ཀྱི་བསྟན་པ་ནི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས། ནང་རྒྱུད་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡོད་སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་པའི་ཐབས་སྲོག་བསྐྱབ་སྦྱིན་གཏོང་སོགས་རྒྱལ་བའི་གསུང་རབ་ལྟར་བྱེད་ན་ཆ་ལུགས་ཕོ་ཡིས་མོ་ཆས་སྤྲད་ཀྱང་སྐྱོན་མེད་དེ། འབྲུག་པ་ཀུན་ལེགས་ཀྱིས། ཅི་བྱས་ཆོས་སུ་སོངན་ཆ་ལུགས་མོ་ཆས་སྤྲད་ཀྱང་མཛེས་པོ་ཡོང་གསུངས། དགེ་བཤེས་ནམ་མཁའི་སྙིང་པོས། ཆོས་དང་མཐུན་ན་ཆ་ལུགས་གང་བྱས་ཀྱང་ཆོག་གསུངས། དེ་བདེན་ཏེ། སྟོན་པའི་གསུང་བཞིན་དགེ་བ་སྒྲུབ་མཁན་གྱི་མི་ལ། གཞན་ལྷ་མི་སུ་ཞིག་གིས་མཐོང་ཀྱང་ཡིད་སྨོན་བྱེད་པའི་གནས་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བཟང་པོ་དེ་ཕན་བྱེད་རྒྱུ་མེད། དེ་ལ་བསྟན་འཛིན་མི་ཟེར་ན་སུ་

p. 218

ལ་ཟེར། དེ་ལྟར་གོ་ན་དེང་སང་ཀྱང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཡོད་པས་གང་ལའང་ཁ་མི་གཏོང་། ཡང་ནང་བསམ་པ་ནག་སྦྱོར་བ་རྩུབ། ཆོས་གོས་གྱོན་ནས་སྲོག་གཅོད་བྱས་སྣམ་སྦྱར་གྱོན་ནས་བུད་མེད་ལ་སྤྱོད་རྒྱུ་ཡིནན། ཕྱིའི་ཆ་ལུགས་སྟོན་པ་སངས་རྒྱས་ལས་མཛེས་ཀྱང་སྡིག་ཆས་ཡིན་ཏེ། ཆོས་རྗེ་ཀུན་ལེགས་ཀྱིས། བསམ་ངན་ཁོང་པར་བཅུག་ན་ཆ་ལུགས་གསེར་གྱི་བེར་ཡང་སྡིག་ཆས་ཡིན་གསུངས། །ལྷ་མི་ཡོངས་ཀྱིས་ཁྲེལ་བའི་གནས་སངས་རྒྱས་ཀྱི་བསྟན་པ་དངོས་སུ་ཁྱད་གསོད་བྱས་ན་སྨ་དེ་ཕན་འབེབས་རྒྱུ་མེད། དེ་བས་སྐྱེ་བོ་མི་ནག་པས་ལས་དེ་བྱས་ན་དྲག །ཞེ་སྡང་ལངས་ནས་གཞན་ལ་བསྟན་བཤིག་ཅེས་ཚིག་རྩུབ་སྨྲས་ན་ཡང་སངས་རྒྱས་ཀྱི་བསྟན་པ་བཤིག་པ་ཡིན་པས་བསྟན་འཛིན་དུ་མ་རློམས། དེ་བཞིན་དུ་མི་དགེ་བཅུ་སོགས་ཆོས་མིན་གྱི་ལས་བྱས་ཚད་བསྟན་བཤིག་ཡིན་པར་གོ་ན། བསྟན་པ་ཡོད་མེད་བཤིག་མ་བཤིག་སོགས་ཀྱི་གནད་ཤེས་སླ་བར་འདུག་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དེ་ལྟར་ཤེས་པར་གྱིས་ལ་ཆོས་པ་རབ་འབྲིང་ཐ་གསུམ་ཆ་ལུགས་བཟང་ངན་གང་ལའང་

p. 219

བརྙས་སྨོད་ཁྱད་གསོད་སུན་འབྱིན་སོགས་མི་བྱེད་པར་དད་གུས་དག་སྣང་སྦྱོངས། ཡང་སྐྱབས་མགོན་རྒྱལ་བ་པཎ་ཆེན་ལ་སོགས་ས་ཐོབ་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བླ་མ་སྐ་སྐྱེས་ཀྱིས་ཆང་དང་བུད་མེད་གཉིས་མ་གཏོགས་གཞན་ཤ་ཁྲག་སོགས་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་རྣམས་དང་། གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་གང་ཟག་དབང་པོ་ཡང་རབ་རྣམས་ཀྱིས་ཤ་ཆང་བུད་མེད་གཙོ་བོར་བསྟེན་པ་དང་། ཁྲིམས་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདོད་ཡོན་དཀོར་ལ་ལོངས་སྤྱོད་པ་རྣམས་ཀྱིས་ཅི་ཙམ་སྤྱད་ཀྱང་སྐྱོན་གྱིས་མི་གོས་པ་དེ་མི་ཤེས། དེང་སང་འགའ་རེས་ཁོང་རྣམས་ཀྱིས་འདོད་ཡོན་ལྷག་པར་སྤྱོད་མི་རུང་བ་ལྟ་བུའི་གོ་བ་ལོག་པ་སྐྱེས། འདོད་ཡོན་ལ་སྤྱོད་པའི་སྐྱེས་བུ་དམ་པ་ཞིག་མཐོང་ན། ཁོང་རྣམས་ཀྱིས་འདི་ལྟར་མཛད་ན་འོ་སྐོལ་སྐྱེ་བོ་ཕལ་པ་རྣམས་ཀྱིས་བྱས་ན་ལོས་ཆོག་ཟེར་དཔེ་འཐེན་ཚད་དུ་བཞག་ནས་ལད་མོ་བྱེད་པ་འདི་ཆོས་མ་ཤེས་པའི་རང་མཚང་སྟོན་བཞིན་དུ་རང་འཕུང་དུ་བཅུག་པ་ཡིན་ཏེ། དཔེར་ན་རྨ་བྱ་ལ་དུག་འཇུ་བའི་ནུས་པ་རང་

p. 220

བཞིན་གྱིས་ཡོད་པས་དུག་ཅི་ཙམ་ཟོས་ཀྱང་ལུས་ལ་མི་གནོད་པར་མ་ཟད། ཟོས་བཞིན་སྒྲོ་མདོངས་འཇའ་ཚོན་ལས་མཛེས་པ་སྐྱེ་བ་དང་། མི་རྫས་སྔགས་ཏིང་འཛིན་མཁན་གྱིས་དུག་ཟོས་ན་མི་གནོད་པར་ལུས་འཚོ་བའི་ཟས་ཀྱི་མཆོག་ཏུ་འགྱུར་བ་དང་། སྨན་པ་མཁས་པས་དུག་དང་འདྲེས་པའི་ཟས་ཟོས་ཀྱང་དུག་གསོད་པའི་སྨན་ཡོད་པས་བཏུངས་ན་ལུས་སྲོག་ལ་མི་གནོད་ཅིང་། གཞན་སྐྱེ་བོ་ཕལ་པས་དེ་རྣམས་ཀྱི་ལད་མོ་བྱས་དུག་ཟོས་ན་ལུས་མི་འཚོ་བར་མ་ཟད་སྲོག་མྱུར་དུ་ཆད་པ་ལྟར། སྐྱབས་མགོན་རྒྱལ་བ་པཎ་ཆེན་སོགས་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་འདོད་ཡོན་ཅི་ཙམ་བརྟེན་ཀྱང་སྐྱོན་གྱིས་མི་གོས་པར་མ་ཟད། དེ་ལ་བརྟེན་ནས་ཐུགས་ལ་ཉམས་རྟོགས་ཁྱད་པར་ཅན་གསར་དུ་འཁྲུངས་ཤིང་གཞན་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་ལ། གསང་སྔགས་ཀྱི་རྣལ་འབྱོར་རབ་ཀྱིས་འདོད་ཡོན་ལ་སྤྱད་ཀྱང་མི་གནོད་པར་ལམ་གྱི་གྲོགས་སུ་འགྱུར། མདོ་ལུགས་ཤ་སྟག་བྱེད་པའི་ཁྲིམས་ལྡན་བྱང་ཆུབ་སེམས་དཔས་འདོད་ཡོན་དཀོར་ལ་སྤྱད་ཀྱང་། ཚུལ་ཁྲིམས་དང་བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་སྐྱོན་གྱིས་

p. 221

མི་གོས། གཞན་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཁོང་རྣམས་ཀྱི་ལད་མོ་བྱས། སྤྱིར་འདོད་ཡོན་ལྔ་དང་ཁྱད་པར་ཤ་ཆང་བུད་མེད་ལ་ལོངས་སྤྱད་ན་མཐོ་རིས་ཐར་པའི་བདེ་བ་མི་འབྱུང་བར་མ་ཟད། སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་དུ་འགྲོ་བ་ཐག་ཆོད། དེས་ན་གཞན་བླ་མ་སྐྱེས་བུ་དམ་པ་དང་སྔགས་ཀྱི་རྣལ་འབྱོར་པ་འགའ་རེས་འདོད་ཡོན་ལྔ་དང་ཁྱད་པར་ཤ་ཆང་བུད་མེད་བསྟེན་པ་ལ་བརྙས་སྨོད་ནམ་ཡང་མི་བྱ་བར་དད་གུས་དག་སྣང་སྦྱང་ཅི་ནུས་ཀྱི་མཆོད་བསྟོད་བཀུར་སྟི་གྱིས། རང་ལ་འདོད་ཡོན་སྤྱད་ན་སྐྱོན་གྱིས་མི་གོས་པའི་ནུས་པ་མ་ཐོབ་བར་དུ་ཁོང་རྣམས་ཀྱི་ལད་མོ་བྱེད་མི་རུང་། ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཅིང་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་རྟོགས། གནས་ལུགས་སྟོང་ཉིད་ཀྱི་དོན་མངོན་དུ་གྱུར། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་གསད་པ་གསོ་ནུས། གསང་བ་གོ་ནུས། རྫུ་འཕྲུལ་སྟོན་ནུས་པའི་གང་ཟག་གིས་གཞན་ཕན་གྱི་དགོས་པ་ཆེ་ན་པན་སེམས་ཀྱིས་ཀུན་ནས་བསླང་། ཞིང་བཅུ་ཚང་བའི་དགྲ་བགེགས་སོགས་སངས་རྒྱས་བསྟན་དང་

p. 222

སེམས་ཅན་བདེ་ལ་གནོད་པའི་སེམས་ཅན་ལ་མཚོན་ཆ་རྡོ་དང་དབྱུག་པ་སོགས་ཀྱིས་བརྡེག་བརྡུང་དང་། རྒྱབ་ཀྱི་གོས་བཤུས། ཁའི་ཟས་འཕྲོག །རྫུན་ཕྲ་མཚིག་རྩུབ་སོགས་ལབ། ལུས་ངག་གི་བྱ་བ་མ་ཡིན་པ་གང་ཡང་བྱས་ཆོག་སྟེ། ཀུན་ཏུ་སྤྱོད་པའི་རྒྱུད་ལས། མི་བྱ་ཅི་ཡང་ཡོད་མིན་ཏེ། །རྟག་ཏུ་མི་བསམ་ཡོད་མ་ཡིན། །མི་ཟ་ཅི་ཡང་ཡོད་མིན་ལ། །དགེ་དང་མི་དགེ་གང་སྨྲས་མེད། །ཅེས་དང་། གཉིས་མེད་ཡེ་ཤེས་སེམས་ལྡན་གྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྣམ་པར་མི་རྟོག་སེམས་གཅིག་བརྡར། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱོད། །ཅེས་དང་། སམྦུ་ཊ་ལས། རྟོག་པ་ཀུན་ལས་རྣམ་གྲོལ་བས། །སེམས་ཅན་བསམ་པའི་ཁྱད་པར་གྱིས། །སྒྱུ་མ་ལ་སོགས་སྦྱོར་བ་ཡིས། །ཐམས་ཅད་དུ་ནི་ལོངས་སྤྱད་བྱ། །ཞེས་དང་། སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་དང་། ལུང་གཞན་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །དེ་ལྟར་ཤེས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་།

p. 223

གསང་འདུས་ཀྱི་དམ་ཚིག་ཏུ། ཁྱོད་ཀྱི་སྲོག་ཆགས་གསད་པར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོངས། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཕ་རོལ་བུད་མེད་བསྟེན་པར་གྱིས། །གསུངས། དཔེརན་གཞན་རྒྱུད་མཁྱེན་པའི་གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། གཞན་འདུལ་ཕྱིར་གང་ལ་གང་འདུལ་གྱི་སྤྱོད་པ་འཇམ་རྩུབ་སྣ་ཚོགས་པ་བསྟན་པ་ལྟ་བུའོ། །དེ་ལྟ་བུའི་རྣལ་འབྱོར་བས་སྤྱིར་འདོད་ཡོན་ལྔ་དང་ཁྱད་པར་ཤ་ཆང་བུད་མེད་སོགས་བསྟེན་ནས་སྤྱོད་པ་གུ་ཡངས་མཛད། གཞན་ལ་བརྡེག་བརྡུང་སྲོག་གཅོད་སོགས་མི་འོས་པ་བྱས་ཀྱང་སྐྱོན་གྱིས་མི་གོས་པར་མ་ཟད། བསྟན་འགྲོ་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོས་པ་ཡོད་སྲིད་པས་ཁ་གཏོང་མི་རུང་། བཏང་ན་ཉེས་པ་ཆེ་སྟེ། བདེ་མཆོག་བསྡུས་པ་ལས། དམ་ཚིག་སྤྱོད་པར་བྱེད་པ་ཡི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །གསུངས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སྦས་པའི་རྣལ་འབྱོར་པ་མང་། མངོན་ཤེས་མེད་པས་ཤེས་དཀའ་བས་དེ་ལྟ་བུ་མཛད་པའི་གང་ཟག་

p. 224

མཐོང་ཐོས་ཀུན་ལ་སྨོད་མི་རུང་སྟེ། རྗེ་སྐལ་ལྡན་རྒྱ་མཚོས། བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས། །མཐོང་ཐོས་ཀུན་ལ་མ་སྨོད་རི་ཁྲོད་པ། །གསུངས། འོ་ན་གསང་འདུས་ཀྱི་ལུང་དེའི་འགྲེལ་བ་མཁས་གྲུབ་གཞན་གྱིས་མཛད་ཙ་ན། ཁྱོད་ཀྱི་སྲོག་ཆགས་གསད་པར་བྱ། །ཞེས་པ་བསྐྱེད་རྫོགས་སོགས་ཀྱི་གདམས་པ་མཚོན་རྣོན་ལྟ་བུས་འདོད་ཆགས་བྱ། ཞེ་སྡང་སྦྲུལ། གཏི་མུག་ཕག་དང་ཉོན་མོངས་པ་རྟོག་ཚོགས་སྲོག་ཆགས་ལྟ་བུ་རྣམས་གསད་པར་བྱ་ཞེས་པའི་དོན་ཡིན་གསུངས་པར་གདའ། དེ་བཞིན་དུ་ཚིག་གཞན་གསུམ་ལའང་དེ་འདྲའི་འགྲེལ་པ་གནང་འདུག་པ་ལ། ཁྱོད་ཀྱིས་སྒྲ་ཇི་བཞིན་པར་བཟུང་ནས་ལུང་འདིར་འདྲེན་པར་མི་རིགས་ཟེར་ན། འོ་དེ་ལ་ཕྱི་ནང་གསང་གསུམ་དུ་སྦྱར་བའི་འགྲེལ་བ་བཤད་ཚུལ་མང་། དེ་ཁྱོད་བལྟ་རྒྱ་ཆུང་ཞིང་བློ་གྲོས་ཆུང་ནས་མཐའ་གཅིག་ཏུ་བཟུང་བས་ལན་པ་ཡིན། ངའི་འདི་ཕྱི་ལྟར་གྱི་འཆད་ཚུལ་ཡིན། འདི་ལྟར་རྒྱལ་བའི་གསུང་རབ་མདོ་རྒྱུད་ཀྱི་རྡོ་རྗེའི་ཚིག་རེ་ལ་དོན་སྣ་ཚོགས་པ་འཇུག་པ་མང་། ལོག་པར་མ་གོ་བར་ལེགས་པར་གོ་ན་ལུང་རེ་རེ་གོང་འོག་མང་པོར་

p. 225

དྲངས་ཀྱང་འགལ་བ་མེད་དེ། རྒྱུད་ལས། ཚིག་གཅིག་ལ་ནི་སྣ་ཚོགས་དོན་གསུངས་པ། །གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ །གསུངས། དེས་ན་མདོ་རྒྱུད་ཀྱི་ཚིག་རེ་ལ་རྒྱ་བོད་ཀྱི་མཁས་པས་འགྲེལ་པ་མི་འདྲ་བ་མང་པོ་མཛད་པ་ལ། ལེགས་པར་གོ་ན་ཚིག་ངན་པ་ཡང་བཟང་པོར་འགྱུར་ན་བཟང་པོ་སྨོས་ཅི་དགོས། སྔོན་བླ་མ་སྐྱབས་འགྲོ་ཙམ་མིན་མི་ཤེས་པ་ཞིག་ལ་རྒན་མོ་དད་ཅན་ཞིག་གིས་ཆོས་ནན་གྱིས་ཡང་ཡང་ཞུས་པས། བླ་མ་སྐྱབས་འགྲོ་བ་དེ་སྡུག་ཐུག་ནས་མི་ཤེས་པ་འདི་སྡུག་བསྔལ་ཞེས་སྨྲས་པ་རྒན་མོས་ཆོས་སུ་གོ་ནས། མི་ཤེས་པ་འདི་ཞེས་པ་མ་རིག་པ་རེད། སྡུག་བསྔལ་གསུངས་པ་མི་ཤེས་པའི་དབང་གི་སྡུག་བསྔལ་འབྱུང་གསུངས་པ་རེད་སྙམ་མ་རིག་པ་སྤངས་པས་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་གཏམ་རྒྱུད་དང་འདྲ། ལོག་པར་གོ་ན་ཆོས་བཟང་པོ་ཡང་དགོས་པ་མེད་པར་མ་ཟད་ཉེས་པ་བསྐྱེད་དེ། སྔོན་སྔགས་པ་གཅིག་གི་ཕྲེང་བའི་ནང་དུ་མུ་མེན་ཞིག་ཡོད་པ་བླ་མ་ཞིག་ལ་འབུལ་དུས། མི་མེན་ཡེ་ཤེས་མཁའ་འགྲོ་མ་གསུངས། མུ་མེན་འདི་

p. 226

བཟང་པོ་ཞིག་རེད་འདི་ཁོ་ལ་མི་དགོས་བླ་མ་ཁྱེད་ལ་འབུལ་སྨྲས་པ་དང་། ཡང་གཅིག་གིས་གེ་སར་རྒྱལ་པོ་དེ་བྱི་བ་ལོ་པ་ཞིག་ཡིན་རྒྱུ་རེད་སྨྲས་པ་ལ། གཞན་ཞིག་གིས་དེ་གང་ནས་བཤད་འདུག་དྲིས་པས། དེ་སྒྲོལ་མའི་ནང་ན་གེ་སར་བྱི་བ་ལོ་ནས་བྱུང་མ། ཟེར་བ་འདུག་སྨྲས་པ་དང་། བླ་རྒན་ཅིག་གིས་ཇ་མང་པོ་འཐུང་བ་ལ་འགའ་རེས་བླ་རྒན་ཁྱེད་ལ་སྣོད་ཆེན་པོ་འདུག་སྨྲས་པས། བླ་རྒན་ན་རེ། དགེ་འདུན་འདྲ་བའི་སྣོད་མེད་དེ་གསུངས་པས། སྣོད་ཆེ་ན་བཟང་སྨྲས་པ་དང་། ཡང་གྲྭ་པ་ཅིག་གིས་བླ་མ་ཞིག་ལ་ཁྱེད་ཀྱི་མལ་ས་སྟན་འདི་བཟང་པོ་འདུག་སྨྲས་པས། དེ་རེད། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་གསུངས་པས། སྟན་སྤྱོན་ལེ་ལོ་མེད་པ་རེད་སྨྲས་པ་དང་། སྔགས་པ་ཅིག་གིས་ཨང་གི་ཡི་གེ་མ་ཤེས་ལྷ་ཆེན་འདི་ལ་འཁོར་ར་ཕོ་གཅིག་ཀྱང་ཡོད་རྒྱུ་རེད་སྨྲས་པས། གཞན་ཞིག་གིས་དེ་ག་ན་བཤད་འདུག་དྲིས་པས། དེ་ལྷ་ཆེན་གསོལ་མཆོད་ནང་ན་ལྷ་ཆེན་པོ་འཁོར་བཅས་ཀྱི་ཞེས་བཤད་འདུག་སྨྲས་པ་དང་། ཡང་གཅིག་གིས་བཟང་སྤྱོད་བཏོན་ནས་མཇུག་ན་ངན་སོང་རྒྱུ་རྣམས་མ་ལུས་སྟོང་པར་ཤོག་ཟེར་བ་དེ་ལ།

p. 227

ངན་སོང་རྒྱུད་རྣམས་མ་ལུས་འགྲུབ་པར་ཤོག་སྨྲས་པས། གཞན་ཞིག་གིས་དེ་ཅི་ཡིན་དྲིས་པས། ངན་སོང་སྦྱོང་བའི་རྒྱུད་རྣམས་སྟོངས་སོང་ན་མི་བཟང་བར་འདུག་འགྲུབ་པར་ཤོག་ཅེས་སྨྲས་པའི་ཁ་གཏམ་རྣམས་དང་འདྲ། དེས་ན་བློ་གྲོས་ཅན་གྱི་རྒྱལ་བའི་གསུང་རབ་དང་བླ་མ་དམ་པའི་གསུང་སྒྲོས་བཟང་ངན་འབྲིང་གསུམ་གང་ཡིན་ཡང་སྡིག་སྤོང་དགེ་སྒྲུབ་དད་གུས་དག་སྣང་འཕེལ་བའི་ཐབས་སོགས་ཆོས་དང་མཐུན་པར་ཤིན་ཏུ་ལེགས་པར་གོ་བ་གཅེས། བླ་མའི་ཆོས་ཟབ་མོ་གསུངས་ཀྱང་སློབ་མས་ལོག་པར་གོ་ན་མི་ཟབ་པར་འགྱུར། བླ་མའི་ཆོས་མི་ཟབ་པ་གསུང་རུང་སློབ་མས་ལེགས་པར་གོ་ན་ཟབ་པར་འགྱུར་བས་དེས་ན། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་གྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །གསུངས་པ་ལྟར་བླ་མ་དང་མཆེད་གྲོགས་ཕྱོགས་བཅུའི་ཆོས་མཛད་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་བཟང་ངན་གང་མཐོང་ཡང་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་འདི་

p. 228

གལ་ཆེ། དེ་ལྟར་ལེགས་པར་གོ་ན་བླ་མ་མཆེད་གྲོགས་ཕྱོགས་བཅུའི་ཆོས་མཛད་ཐམས་ཅད་ཆོས་རེ་དང་མི་མཐུན་པ་གཅིག་མེད། དེས་ན་ཆོས་པ་རྣམས་ཀྱིས་ཅི་མཛད་ཅི་གསུང་ཐམས་ཅད་ལ་བཟང་ངན་སྤང་བླང་མེད་པར་ཐམས་ཅད་ལེགས་པ་འབའ་ཞིག་ཏུ་བལྟས་ནས་དུས་རྒྱུན་དུ་དད་གུས་བྱས་ན་བླ་མ་དང་ཕྱོགས་བཅུའི་ཆོས་མཛད་རྣམས་ཀྱི་བྱིན་རླབས་སེམས་ལ་འཇུག་པར་ཐེ་ཚོམ་མེད། འོ་ན་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་ངོ་མཚར་བའི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་ཐོགས་པ་མེད་པར་བསྟན་ཀྱང་དེང་སང་དེ་འདྲའི་སྐྱེས་བུ་དམ་པ་མཐོང་ངམ་ཐོས་རྒྱུ་མེད་པས་ན། འདོད་ཡོན་ལ་སྤྱོད་པ་འདི་རྣམས་ལ་དག་སྣང་ཞིག་སྐྱེ་དཀའ་བར་འདུག་ཟེརན། འོ་དེང་སང་དབུ་རྫོགས་ཕྱག་གསུམ་སོགས་གྲུབ་མཐའ་གང་ན་ཡང་ངོ་མཚར་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དམ་པ་མེད་པ་མ་ཡིན། མང་པོ་ཡོད་དེ་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ཕྱི་སྣོད་འཇིག་རྟེན་སྡིག་པའི་འབྲས་བུས་གང་། ནང་བཅུད་སེམས་ཅན་ཉོན་མོངས་དུག་ལྔས་མྱོས་ནས་རང་བས་གཞན་ལ་མཐོང་ཆུང་། གཞན་གྱི་ཡོན་ཏན་རྣམས་ཀྱང་སྐྱོན་དུ་བལྟས།

p. 229

རང་གི་སྐྱོན་ཞིག་ཡིན་ཡང་ཡོན་ཏན་དུ་རློམས་པའི་དུས་ངན་འདིར། ཡོན་ཏན་ཅན་གྱིས་ཡོན་ཏན་བསྟན་ཀྱང་། གཞན་མང་པོའི་རྒྱུད་ལ་ཆགས་སྡང་ཕྲག་དོག་ལོག་ལྟ་སོགས་སྐྱེས། ལྐོག་ནས་སྒྲོ་བསྐུར་བཏབ། དུག་དང་མཐུ་སོགས་སྦྱོར་བ་རྩུབ་པ་བྱེད་པ་མ་གཏོགས་ཡ་མཚན་པར་བཟུང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་པ་རེ་རེ་ཙམ་ཡང་དཀོན་ཏེ། སྔོན་རྗེ་བཙུན་མི་ལ་རས་ཆེན་ལ་ཡང་། སྟོན་པ་དར་ལོ་དང་ལོ་སྟོན་གཉིས་ཀྱི་ཕྲག་དོག་གིས་རྩོད་པ་བྱས། བརྙས་སྨོད་ཁྱད་གསོད་མང་པོ་དང་ཁ་ནང་དུ་ཐལ་བ་གཏོར། དགོན་པ་གཅིག་གིས་ཆད་ལྟ་བ་ཞེས་སྐུར་པ་བཏབ་བརྡེག་བརྡུང་བྱས། དགེ་བཤེས་རྩག་ཕུ་པས་དུག་དྲངས་ནས་གཤེགས། གཞན་ཡང་བླ་མ་མཁས་པ་དང་གྲུབ་པ་ལ་གཞན་གྱིས་དུག་དང་མཐུ་བཏང་ནས་སྐུ་ཚེ་ལ་བར་ཆད་བྱས་པ་མཐོང་ཐོས་མང་། དེས་ན་སྐལ་ལྡན་དད་གུས་ཅན་མ་གཏོགས་མངོན་ཤེས་རྫུ་འཕྲུལ་བསྟན་རུང་ཡ་མཚན་པར་མི་འཛིན་པར་མ་ཟད། དེ་ལ་བརྟེན་ནས་ཆགས་སྡང་ཉོན་མོངས་ལངས་ལས་ངན་པ་གསོག་པ་མང་བས། དེ་ལ་དགོངས་ནས་མཁས་

p. 230

གྲུབ་རྣམས་ཀྱིས་ཡོན་ཏན་ཡོད་ཀྱང་སྐལ་ལྡན་དད་གུས་ཅན་རེ་རེ་ཙམ་ལ་སྟོན་པ་མ་གཏོགས། གཞན་ཡོངས་ལ་མི་སྟོན་པར་དུས་རྒྱུན་དུ་ཡོན་ཏན་གང་ཡོད་སྦས་ནས་སྐྱེ་བོ་ཐ་མལ་པ་དང་ཁྱད་མེད་བལྟ་བའི་ཚུལ་གནང་བ་ཡིན། དེང་སང་འབྲེལ་ཚད་དོན་ལྡན་སྦས་པའི་སངས་རྒྱས་མི་གཟུགས་ཅན་མང་བས་རང་གི་བླ་མ་ཆོས་གྲོགས་ཕྱོགས་བཅུའི་ཆོས་པ་མཆོག་དམན་བར་པ་ཡོངས་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཞག་ནས་དད་གུས་དག་སྣང་སྦྱང་། འབྲེལ་བ་ཆེ་ཐོག་ཆུང་ཐོག་གྱིས་དང་བཟང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདས་མ་འོངས་ད་ལྟ་དུས་གསུམ་པོ་གཅིག་ཆར་དུ་ས་ལེར་མཁྱེན་ཀྱང་། བདུད་སྡིག་ཅན་གྱིས་སྒྱོགས་རྡོ་དང་མཚོན་ཆར་ཕབ་པ་ལ་སོགས་མ་མཁྱེན་པའི་ཚུལ་གནང་། རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ་རུང་ལྷས་སྦྱིན་གྱིས་སྒྱོགས་རྡོ་འཕངས་པས་ཞབས་ཀྱི་མཐེའུ་ཆུང་ཅུང་ཟད་བསྣད་པའི་ཚུལ་དང་། སྒྱོགས་རྡོའི་ཟེར་མ་ཞིག་ཛམྦྷ་ལའི་མགོར་ཕོག་པས་ད་དུང་ཡང་རྨ་ཡོད་པའི་ཚུལ་དང་། དྲག་པོ་འཇིགས་བྱེད་འཁོར་བཅས་ཀྱིས་མི་ཐམས་ཅད་ཟ་བ་ལ། སངས་རྒྱས་བྱོན་ནས་བདེན་བཞིའི་ཆོས་

p. 231

བཤད་ཀྱང་། སླར་གོའུ་ཏ་མ་ཁྱོད་བྱ་རྒོད་ཕུང་པོའི་རི་ལ་སོང་ལ་གསོ་སྦྱོང་གྱིས་ཟེར་མ་ཐུལ། སྤྱན་རས་གཟིགས་བྱོན་ནས་ཕར་ཕྱིན་བཅུའི་ཆོས་བཤད་པས། མི་དཀར་པོ་ཁྱོད་རང་སོང་ལ་ཡིག་དྲུག་ཐོན་ཟེར་ནས་མ་ཐུལ། རྟ་མགྲིན་གྱིས་ཕྱག་རྒྱ་བཞིའི་ཆོས་གསུངས་པས། ཁྱོད་རང་གནས་སུ་ལོག་ལ་རིའི་རྩྭ་ཟོ་ལུང་པའི་ཆུ་འཐུང་ལ་རྟ་སྐད་འཐོན་ཟེར་མ་ཐུལ་པའི་ཚུལ་བསྟན་པར་གསུངས། མོའུ་འགལ་གྱི་བུ་རྫུ་འཕྲུལ་ཐོགས་པ་མེད་རུང་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་འདམ་བུའི་ཚལ་ལྟར་བཅོམ་དུས་རྫུ་འཕྲུལ་གང་ཡང་མི་མངའ་བའི་ཚུལ་བསྟན་པ་སོགས་དེ་ལྟ་བུའི་ལོ་རྒྱུས་མང་། དེས་ན་དེང་སང་རྒྱལ་བ་པཎ་ཆེན་ལ་སོགས་པ་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་མཁྱེན་པ་ཆུང་ཞིང་རྫུ་འཕྲུལ་མེད་པ་ལྟ་བུའི་ཚུལ་བསྟན་པ་དགོངས་གཞི་རེ་ཡོད་པས། གཏན་ནས་མེད་རྒྱུ་རེད་སྙམ་ནས་ལོག་ལྟ་བྱེད་མི་རུང་སྟེ། སྔོན་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པའི་སྡིག་ཅན་སོར་ཕྲེང་ཅན་ཡང་ཚེ་སྔོན་མར་འདི་ནས་སངས་རྒྱས་ཀྱི་ཞིང་ལྷོ་ཕྱོགས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་

p. 232

ཀྱི་ཞིང་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བར་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་དེ་ཡིན་པར་མདོ་ནས་གསུངས། བདུད་ལྷས་སྦྱིན་གྱིས་ཆོས་མ་ཡིན་པ་སྣ་ཚོགས་བསྟན། བདུད་ཀྱི་ལས་མང་པོ་བྱས་ཁྱད་པར་སངས་རྒྱས་ལ་སྒྱོགས་རྡོ་འཕངས་མཚོན་ཆར་ཕབ་པ་སོགས་མི་འཚམས་པའི་ལས་བྱས་ཀྱང་མདོ་སྡེ་པད་དཀར་ལས། ལྷས་སྦྱིན་མ་འོངས་པ་ན་འཇིག་རྟེན་གྱི་ཁམས་ལྷའི་ཐེམ་སྐས་སུ་སངས་རྒྱས་ལྷའི་རྒྱལ་པོ་ཞེས་བྱ་བར་ལུང་བསྟན། ལྷས་སྦྱིན་བྱང་ཆུབ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་ཆེ་བ་དབྱུང་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ་དཀའ་བ་སྤྱོད་གསུངས། དེསན་དེང་སང་བླ་མ་འགའ་ཞིག་གིས་སྲོག་གཅོད་སོགས་མི་དགེ་བ་བཅུ་བྱེད་པའི་གྲོས་དཔོན་བྱེད་པ་དང་། སྡེ་རིས་འཛིན་པ་སོགས་བྱེད་མི་འོས་པ་བྱེད་ནའང་མངོན་ཤེས་མི་ལྡན་པར་སུ་ཡིན་ངོ་མི་ཤེས་བཞིན་དུ་བདུད་སྤྲུལ་ཁྲིམས་འཆལ་དམ་ཉམས་བསྟན་བཤིག་བླ་བཙོངས་

p. 233

རྐང་འདྲེན་སོགས་ངན་སྨྲས་བྱེད་མི་རུང་སྟེ། སྡུད་པ་ལས། སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཆལ། །ཞེས་དེ་ལྟ་བུའི་འདུ་ཤེས་སྐྱེས་ན་རང་གི་ཚུལ་ཁྲིམས་དེ་བས་ཀྱང་ཤིན་ཏུ་འཆལ་དུ་བཅུག་པ་ཡིན་གསུངས་ཡང་དེང་སང་རང་སྡོམ་ལྡན་དུ་རློམས་པ་རྣམས་ཀྱིས་ཀྱང་འདི་ལ་མི་འཛེམ་པ་མང་པོ་འདུག་སྟེ། མངོན་ཤེས་ཡོད་ནས་སྨྲས་པ་ཡིན་ན་མ་གཏོགས། མེད་བཞིན་སྨྲས་པ་ཡིན་ན་སུས་སྡོམ་པ་ཤོར་ཆེ་བར་ཆ་མི་ཤེས་པས་བློ་གྲོས་ཅན་རང་གི་སྡོམ་པ་ལ་གཅེས་སྤྲས་སུ་མཛད་འདོད་པ་རྣམས་ཀྱིས་འདི་ལ་འཛེམ་པ་ག་ལ་ཆེ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལ་འདས་གྲོང་མི་མངའ་ཡང་སྐྱེ་འགྲོ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། སྐུ་བསྙུང་སྨན་པས་ཀྱང་གསོ་མ་ནུས་པར་གཤེགས་པའི་ཚུལ་བསྟན། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཟུང་འཇུག་གི་སྐུ་བརྙེས་དགོངས་ལོ་དྲུག་བརྒྱ་བཞུགས་ཀྱང་། ཕྱིས་མི་སྡིག་ཅན་ཞིག་གིས་དབུ་འཇག་མ་ཞིག་གིས་བཅད་ནས་གཤེགས་པའི་ཚུལ་བསྟན། རྗེ་

p. 234

བཙུན་མི་ལའི་སྐུ་ལ་འབྱུང་གཞིའི་གནོད་པས་ནམ་ཡང་མི་ཚུགས་ཀྱང་། ཕྱིས་དུག་ཟས་ཞིག་ལ་ཁག་བཞག་ནས་གཤེགས། འབྲོམ་སྟོན་པ་སྤྱན་རས་གཟིགས་དངོས་ཡིན་ཀྱང་། མ་དག་པའི་སྣང་ངོར་སྐུ་ཚེའི་མཇུག་མཛེ་བཞེས་ཕྱག་གི་མཁྲིག་ཚུན་ཆད་ནས་གཤེགས་པའི་ཚུལ་བསྟན། རྗེ་རིན་པོ་ཆེ་འཇམ་དབྱངས་དངོས་ཡིན་ཀྱང་ཞབས་བསྙུང་ནས་གཤེགས་པའི་ཚུལ་བསྟན། ལྷོ་བྲག་མར་པའི་སྲས་དར་མ་མདོ་སྡེ་ཡང་བསྐྱེད་རིམ་མངོན་དུ་གྱུར་འཕོ་བ་གྲོང་འཇུག་ནུས་པ་ཡིན་ཀྱང་། སྐུ་གཞོན་དུས་རྟས་འཕངས་དྲུད་ནས་དབུ་ཚལ་བར་སོང་ནས་གཤེགས་པའི་ཚུལ་བསྟན་པ་དེ་འདྲའི་ལོ་རྒྱུས་མང་། དེས་ན་དེང་སང་བླ་མ་འགའ་རེས་སྐུ་ལ་སྙུང་གཞི་མི་འོས་པ་བྱུང་གཤེགས་ཁར་འཁྲུལ་སྣང་བྱུང་ལྡབ་ལྡིབ་མང་པོ་ལབ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གཞན་རྣམས་ལ་སྡིག་པ་བྱེད་པ་ཕར་ཞོག་དཀོར་མང་པོ་ཟོས་ནས་དཀོར་སྦྱོང་མ་བྱས་ན་འཆི་ཁ་དང་བར་དོ་ཕྱི་མ་རྣམས་སུ་འདི་འདྲའི་དཀའ་ལས་ཆེ་བ་འབྱུང་བ་ཡིན་ཞེས་དེ་འདྲའི་ཚུལ་བསྟན་པ་ཙམ་མ་གཏོགས། ངེས་པར་དེ་ལྟར་བྱུང་བ་ཡིན་སྙམ་ནས་ཁ་གཏོང་མི་རུང་། དད་གུས་དག་

p. 235

སྣང་སྦྱོང་དགོས། སྔོན་བླ་མ་ཞིག་གིས་ཉིན་རེ་བཞིན་སྲིན་འབུ་མང་པོ་གཅུར་ནས་མེ་ལ་བཏབ་ནས་རྣམ་ཤེས་དག་ཞིང་དུ་དྲངས་པ་ཡིན་ཀྱང་། ཉིན་ཅིག་ཁོང་ལ་ཐུགས་བྲེལ་ཞིག་བྱུང་ནས་སྲིན་འབུ་གཅུར་བའི་དུས་ལས་ཡོལ་ཚེ། ཉེ་གནས་ཞིག་ཡོད་པས་དེ་རིང་ཁོང་གི་ཐུགས་བྲེལ་གྱི་དབང་གིས་གཅུར་མི་ཐུབ་པར་འདུག་སྙམ། སྲིན་འབུ་འཁྱེར་འོང་ནས་ཁོང་གི་ལད་མོ་བྱས་གཅུར་ནས་བཞག་དུས། བླ་མས་ཉེ་གནས་བོས་ནས་འབུ་རྣམས་ཁྱེར་ཤོག་གསུངས་པས། ཁོ་བོས་གཅུར་ཚར་ཡོད་སྨྲས་པས། ཁོང་གི་ཨ་ཙ་མ་སྙིང་རྗེ་འདིར་རོ་རྣམས་ཁྱེར་ཤོག་གསུངས་མདུན་དུ་བཞག་ནས་སྤྱན་བཙུམས་ཏེ་ཏིང་ངེ་འཛིན་ལ་བཞུགས་སེ་གོལ་ཞིག་བརྡབས་པས། འབུ་རྣམས་ཀྱི་རོ་སྔར་ལྟར་སོས་ཙི་དི་རི་རི་ནམ་མཁའ་ལ་འཕུར་རྣམ་ཤེས་དག་ཞིང་དུ་འདྲེན་ནུས་པའི་རྟགས་བསྟན་སྐད། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་གི་འགའ་རེས་ཁྱི་འཁྲིད་ནས་རི་ལ་སོང་རི་དྭགས་ཆེ་ཆུང་མང་པོ་ཉིན་རེ་བཞིན་བསད་པས། ཕྱིས་མི་རྣམས་ཀྱིས་དད་ལོག་བྱས་དུས། རི་དྭགས་བསད་པ་རྣམས་གསོས་ནས་སྔར་བཞིན་

p. 236

འགྲོ་རུ་བཅུག་པས་ཀུན་དད་པར་འགྱུར། འབྲུག་པ་ཀུན་ལེགས་ཀྱིས་རི་དྭགས་གཤོར་དུ་འགྲོ་བ་སོགས་བྱས་པས་ཕལ་ཆེར་གྱིས་སྨྱོན་པ་ལྟ་བུར་བལྟས། ཁ་གཏོང་པ་ཡིན་ཀྱང་ཉིན་ཅིག་ཁྱི་དཀར་ནག་གཉིས་ཤོར་ཡོང་བས་སྐེད་པར་གྲིས་བརྒྱབ་ནས་གཏུབས། ཁྱི་འདི་གཉིས་ཀྱི་དཀར་པོ་དང་ནག་པོ་ཐག་ཆོད་བྱས་གང་ཡང་ཁྲ་ཁྲ་བྱས་ན་ལེགས་ཞེས་ཁྱི་ནག་པོའི་སྟོད་དུ་དཀར་པོའི་སྨད་སྤྲད། དཀར་པོའི་སྟོད་དུནག་པོའི་སྨད་སྤྲད་ནས་སླར་གསོས་ཁྲ་ཁྲ་བྱས་བཏང་བས་ཀུན་ངོ་མཚར། དེ་ལྟ་བུའི་གཏམ་རྒྱུད་མང་པོ་ཡོད། དེས་ན་དེང་སང་ཡང་ཆོས་པ་ཕལ་ཆེར་གྱིས་སྲོག་གཅོད་སོགས་ལ་མི་འཛེམ་པ་ཡང་ཅི་ཡིན་ཆ་མེད་པས་ཁ་མི་གཏོང་བར་དག་སྣང་སྦྱོང་དགོས། རང་གི་དེའི་ལད་མོ་བྱེད་མི་རུང་ལས་རྒྱུ་འབྲས་རྩིས་དང་བཟང་། ཡང་སྔོན་མི་རྒྱུད་སྤེལ་བའི་སྤྲེའུ་བྱང་ཆུབ་སེམས་དཔའ་དེ་ཚངས་སྤྱོད་བསྲུང་བ་ཞིག་ཡིན་ཀྱང་། བྲག་སྲིན་མོས་ཉིན་རེ་བཞིན་སྡོད་དུ་མ་བཅུག་ཁྱོད་ཀྱིས་མོ་ལ་ཆགས་པ་སྤྱད་དགོས་མི་སྤྱོད་ན་མོ་སྲིན་པོ་དང་འགྲོགས་ནས་ཡུལ་ཁམས་ཕུངས་སུ་འཇུག་པ་ཡིན་སྨྲས་པས། བྱང་ཆུབ་སེམས་དཔའ་དེ་རྫུ་

p. 237

འཕྲུལ་གྱིས་ལྷོ་ཕྱོགས་རི་བོ་པོ་ཏ་ལའི་རྩེར་གཤེགས། སྤྱན་རས་གཟིགས་ལ་དེ་ཨེ་རུང་ཞུས་པས། འཕགས་པའི་ཞལ་ནས་ཁྱོད་བྲག་སྲིན་མོ་དང་ཁྱིམ་ཐབས་མ་བྱསན་སྲིན་པོ་དང་ལྷན་དུ་བསྡེབས་པས་ཕྲུ་གུ་མང་དུ་བྱུང་། སྐབས་ཤིག་སྲིན་པོས་བོད་ཡུལ་གང་ནས་རྒྱལ་ཁམས་སེམས་ཅན་ཀུན་ལ་གནོད་འཚེ་བྱས་ནས་ཕུངས་བར་འགྱུར། དེ་བས་ཁྱོད་སྲིན་མོ་དང་ལྷན་དུ་བསྡེབས་ནས་མི་རྒྱུད་སྤེལ་ན་དམ་པའི་ཆོས་ཀྱང་དར་ནས་འགྲོ་བ་ཡོངས་ལ་བདེ་སྐྱིད་འབྱུང་བར་འདུག་པས། ཁྱོད་བྲག་སྲིན་མོ་དང་ལྷན་དུ་སྡོད་ཅེས་གནང་བ་བྱིན་ནས་མི་རྒྱུད་སྤེལ་བས་བསྟན་འགྲོའི་དོན་རྒྱ་ཆེན་བྱུང་། སྔོན་བྲམ་ཟེའི་ཁྱེའུ་སྐར་མས་ཚེ་ལོ་བཞི་ཁྲི་བཞི་སྟོང་དུ་ཚངས་པར་སྤྱད་ནས་བཞུགས་ཀྱང་། ཉིན་ཅིག་བུ་མོ་ཞིག་ཆགས་པའྀ་དབང་གིས་འཆི་ལ་ཐུག་པ་ཞིག་གཟིགས་ནས་སྙིང་རྗེ་དྲག་པོ་སྐྱེས་བུད་མེད་དེ་མི་འཆི་བའི་སླད་དུ་ཆགས་པ་སྤྱད་ནས་སླར་སྔར་བཞིན་ཚུལ་ཁྲིམས་བསྲུངས་པས་བསྐལ་བ་མང་པོའི་ཚོགས་རྫོགས་པར་གསུངས། ཡང་སྔོན་དེད་དཔོན་སྙིང་རྗེ་ཅན་གྱིས་རྒྱ་མཚོའི་ཚོང་པ་མི་ལྔ་བརྒྱ་ཕྲག་ཙམ་ཞིག་སྡིག་

p. 238

ཅན་མདུང་ཐུང་ཅན་གྱིས་གསོད་པར་ཤེསནས། ཚོང་པ་རྣམས་ཀྱི་ཚེ་ཐར་ཞིང་བསམ་ངན་ཅན་གྱི་མི་དེ་སྡིག་པའི་དབང་གིས་དམྱལ་བར་སོང་ནས་ནམ་ཡང་མི་ཐར་བར་སྡུག་བསྔལ་མྱོང་དགོས་པ་ལ་སྙིང་རྗེ་དྲག་པོ་སྐྱེས། ངས་འདི་བསད་པའི་རྣམ་སྨིན་གྱིས་བདག་གཅིག་པུ་དམྱལ་བར་སོང་ཡང་བཟོད་སྙམ། མི་དེ་ལ་ཁོ་རང་གི་མདུང་བསྣུནནས་བསད་པས་ཚོགས་རྒྱ་ཆེན་པོ་རྫོགས་པར་གསུངས། ཡང་རྒྱལ་པོ་གསེར་མདོག་ཅན་གྱིས་དཔྱ་ཁྲལ་མ་བྱིན་པར་བླངས་པ་དང་། དྲང་སྲོང་མེ་བྱིན་གྱིས་གཞན་དོན་དུ་རྫུན་ཆེན་པོ་སྨྲས་པ་སོགས་བྱང་སེམས་མང་པོས་གཞན་དོན་དུ་ལུས་ངག་གི་མི་དགེ་བ་སྤྱད་ཀྱང་སྡིག་པར་མ་གྱུར་པར་ཚོགས་རྫོགས་པའི་ལོ་རྒྱུས་མང་། གཞན་ཡང་སེམས་ཅན་གསོད་པ་འཚོལ་བའི་མིས་ཁྱོད་ཀྱི་ཨེ་མཐོང་ཞེས་དྲིས་པ་ལ། མཐོང་ཡང་མ་མཐོང་ཟེར་བའམ། ཡང་མཐོང་ཡང་རྗེས་མི་ཟིན་པར་འདུག་ཟེར་བའི་ཕན་པའི་རྫུན་དང་། བླ་མ་དཀོན་མཆོག་གསུམ་གྱི་དབུ་འཕང་དམའ་བ་བསྟོད་ཕྱིར་ཡོན་ཏན་སྤུ་ཙམ་མཐོང་བ་ཡང་རི་ཙམ་དུ་བཏང་ནས་དད་པ་ཅན་གྱི་རྣ་བར་སྒྲོགས་པ་དང་། འཁོན་འགྲས་ཅན་

p. 239

གྱིས་ཕན་ཚུན་གང་གི་རྣར་སྙན་ཡིད་འབབ་ཀྱི་གཏམ་མི་སྨྲ་རུང་སྨྲ་གི་ཞེས་བདེ་ལེགས་ཀྱི་གཏམ་སྙན་བསྒྲགས་ནས་སླར་མཐུན་པོ་བྱེད་པ་ལྟ་བུའི་རྫུན་དང་། གསང་སྔགས་ཀྱི་ལྟ་སྤྱོད་རྣམས་སྣོད་མིན་ལ་མི་སྟོན་པར་གབ་པའི་ཕྱིར་རྫུན་བཤད་པ་སོགས་བསྟན་འགྲོ་ལ་ཕན་ཐོགས་པའི་རྫུན་བཤད་ཀྱང་། ཉེས་པ་མེད་པར་མ་ཟད་ཕན་ཡོན་ཡོད་པ་སྐྱེས་བུ་དམ་པ་དུ་མས་གསུངས། ཡང་ཕྱུག་པོ་སེར་སྣ་ཅན་ཡི་དྭགས་སུ་སྐྱེ་བའི་རྒྱུ་སྒྲུབ་པ་རྣམས་ཀྱི་ལོངས་སྤྱོད་ཕལ་ཆེར་རྫུན་གཡོ་སྒྱུ་རྐུ་འཕྲོག་སློང་གསུམ་གང་རུང་གི་སྒོ་ནས་བླངས་ནས་ཆོས་ཕྱོགས་སུ་བཏང་ནས་རྒྱ་བདག་ཁོ་རང་ལ་ཕན་པའི་སྨོན་ལམ་འདེབས་པ་དང་། སྡེ་དགོན་དང་མི་རེ་གཉིས་ཀྱི་རྩོད་གཞིའི་ཟས་ནོར་རྣམས་རྐུ་བ་སོགས་ཐབས་གང་རུང་གི་སྒོ་ནས་བླངས་ཏེ་རྩོད་པ་རང་ཞི་ལ་བཏང་། ཟས་ནོར་རྣམས་ཆོས་ཕྱོགས་སུ་བཏང་ནས་དེ་རྣམས་ལ་ཕན་ཕྱིར་བསྔོ་སྨོན་བྱེད་པ་དང་། དུག་དང་མཚོན་གྱིས་སེམས་ཅན་གཞན་གསོད་ངེས་པ་རྣམས་ཀྱི་ཚེ་ཐར་ཕྱིར་དུག་མཚོན་བརྐུས་ནས་བཅག་མེ་ལ་བསྲེག་གམ་ས་ལ་སྦེད་པ་སོགས་གཞན་ལ་ཕན་ཕྱིར་མ་བྱིན་པ་

p. 240

བླངས་ཀྱང་ཉེས་པ་མེད་པར་གསུངས། དེ་བཞིན་དུ་གཞན་ལ་ཕན་པའི་དགོས་པ་ཡོད་ཅིང་དགོས་པ་ཡོད་པའི་ནང་ནས་ཆེ་ཆུང་སོགས་ཤེས་ནས། ལུས་ངག་གི་མི་དགེ་བ་བདུན་སོགས་བྱ་བ་མ་ཡིན་པ་གང་བྱས་ཀྱང་ཆོག་ཅེས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས། དེས་ན་དེང་སང་བླ་མ་རྣམས་ཀྱིས་བསྟན་པའི་གཞི་མ་དགོན་པ་བཏབ་ནས་ར་ལུག་གཡག་གསུམ་གསོད་པ། ས་རྐོ་རྡོ་སློག་བྱས་ཏེ་སྲིན་འབུ་མང་པོ་འཆི་བ། དགེ་འདུན་སྤྱིའི་དོན་དུ་བསོད་སྙོམས་བྱས་དྲེའུ་རྟ་མཛོ་གཡག་མང་པོ་ལ་སྒལ་པ་བཏོན་ནས་ཤི་བ་སོགས་སྲོག་གཅོད་བྱེད་པ་དང་། དེ་བཞིན་མ་བྱིན་པར་ལེན་པ་དང་། མི་ཚངས་པ་སྤྱོ་པ་དང་རྫུན་སྨྲ་བ་སོགས་ཆོས་དང་མི་མཐུན་པའི་མི་དགེའི་སྡིག་པ་བྱེད་པ་ལྟ་བུ་མང་ཡང་ཡར་འདྲེན་ཐུབ་པ་དང་། བསྟན་འགྲོ་ལ་ཕན་པའི་དགོས་པ་ཆེན་པོ་ཡོད་ན་དེ་ལྟར་བསམ་བཞིན་མཛད་པའང་ཡོད་སྲིད་པས། ཆོས་པ་སྤྱི་ལ་ཁ་བཏང་མི་བྱེད་པར་མངོན་ཤེས་མ་ཐོབ་བར་དུ་དག་སྣང་སྦྱང་དགོས། ཡང་དཔེར་ན་མཁྲིས་ནད་ཅན་གྱིས་དུང་དཀར་དང་གངས་ལ་ཐག་ཉེ་རིང་གང་ནས་བལྟས་ཀྱང་སེར་པོར་མཐོང་བ་མ་

p. 241

གཏོགས་དཀར་པོའི་ཆ་ནམ་ཡང་མི་མཐོང་བ་ལྟར། དེང་སང་སྐྱེས་བུ་དམ་པ་མང་པོ་ཡོད་ཀྱང་གང་ཟག་ལས་སྣང་མ་དག་པ་ཕལ་ཆེར་གྱིས་ཐག་ཉེ་རིང་གང་ནས་བལྟས་ཀྱང་། སྐྱེས་བུ་དམ་པ་རུ་མི་མཐོང་བར་སྐྱེ་བོ་ཐ་མལ་པ་དང་ཁྱད་མེད་པར་མཐོང་ཡོང་། སྔོན་རྗེ་བཙུན་ནཱ་རོ་བས་ཏཻ་ལོ་བ་ཉ་གསོན་བསྲེགས་བྱེད་པར་མཐོང་བ་དང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་བ་དང་། དགེ་བཤེས་ཚེམས་བུ་པས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང་། ཡང་འགའ་ཞིག་གིས་སློབ་དཔོན་འཇམ་དཔལ་བཤེས་གཉེན་འཕན་པོ་ཆུང་མ་ཅན་དུ་མཐོང་བ་དང་། སློབ་དཔོན་ཤཱ་ཝ་རིའི་དབང་ཕྱུག་རི་དྭགས་གསོད་པའི་རྔོན་པར་མཐོང་བ་སོགས་སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་མ་མཐོང་བར་ཐ་མལ་དུ་མཐོང་བའི་གཏམ་རྒྱུད་མང་། དེ་འདྲའི་གང་ཟག་བཟང་པོ་རྣམས་ཀྱིས་ཀྱང་སྐྱེས་བུ་དམ་པའི་ཡོན་ཏན་མ་མཐོང་བར་མཐོང་སྣང་ངན་པ་དེ་འདྲ་བྱུང་ན། འོ་སྐོལ་ལས་དང་ཉོན་མོངས་པའི་གཏིང་དུ་ལྷུང་བ་རྣམས་ཀྱིས་སྐྱེས་བུ་དམ་པའི་ཡོན་ཏན་མི་མཐོང་བར་ཐ་མལ་དུ་མཐོང་ཡོང་བ་སྨོས་ཅི་

p. 242

དགོས། དེས་ན་སྐྱེས་བུ་དམ་པ་མེད་མ་སྙམ་པར་རང་གི་ལས་ཉོན་གྱི་སྒྲིབ་པའི་དབང་གིས་མ་མཐོང་བ་ཡིན་སྙམ་དུ། བླ་མ་རྡོ་རྗེ་སྤུན་གྲོགས་ཡོངས་ལ་ཐ་མལ་དུ་མི་བལྟ་བར་སྐྱེས་བུ་དམ་པའི་འདུ་ཤེས་བཞག་ནས་དད་གུས་དག་སྣང་སྦྱང་། རང་གི་ལས་ཉོན་གྱི་སྒྲིབ་པ་སེལ་བའི་སླད་དུ་ཚོགས་གསོག་སྒྲིབ་སྦྱོང་གྱིས། དཔེར་ན་མཁྲིས་ནད་མེད་ཅིང་མིག་ཤེས་བཟང་པོའི་མིག་དུང་དཀར་པོ་ལ་ཐག་ཉེ་རིང་གང་ནས་བལྟས་ཀྱང་དཀར་པོར་མཐོང་བ་མ་གཏོགས་སེར་པོར་མི་མཐོང་བ་ལྟར། གང་ཟག་ལས་ཉོན་གྱི་སྒྲིབ་པ་དག་ཅིང་གང་ལ་དད་གུས་དག་སྣང་འབྱོངས་པས་གང་ལ་བལྟས་ཀྱང་དག་པའི་སྣང་བ་མ་གཏོགས་མ་དག་པའི་སྣང་བ་མི་འཆར། སྐྱེས་བུ་དམ་པ་ངོ་མཚར་ཅན་བརྒྱ་མཐོང་དགོས་ན་སྟོང་མཐོང་བའི་ཚོད་ཡིན། ལས་ཉོན་གྱི་སྒྲིབ་པའི་སྲབ་མཐུག་དག་མ་དག་གི་དབང་གིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་སྐྱེས་བུ་དམ་པ་ལ་ཡང་བལྟས་ན་མཐོང་སྣང་བཟང་ངན་འབྲིང་གསུམ་སྣ་ཚོགས་འབྱུང་སྟེ་རས་པ་བཅུ་གཉིས་ཀྱིས་མཛད་པའི་རྗེ་བཙུན་མི་ལའི་རྣམ་ཐར་ནས། རྗེ་བཙུན་གྱི་ཞལ་ནས། རྣལ་འབྱོར་ལུས་ཀྱི་མེ་ཏོག་

p. 243

འདི། །འཆི་བདག་རྐྱེན་གྱི་བ་མོ་ཡིས། །བཅོམ་ནས་ཕ་རོལ་འགྲོ་དུས་སུ། །ང་ལ་མཐོང་སྣང་སྣ་ཚོགས་ཡོང་། །གསུངས་པས། འབྲི་སྒོམ་གྱིས་དག་མ་དག་གིས་ལགས་སམ་ཞུས་པས། ཁྱོད་ཀྱིས་གོ་འདུག །དེ་ག་རང་ཡིན་གསུངས། དེ་ཞིབ་ཏུ་ཕྱེད་ན་ཙུག་ལགས་ཞུས་པས། ང་ལ་སློབ་མ་བཅུ་གཉིས་ལ་ཡང་སྣང་བ་བཅུ་གཉིས་འཆར་ཏེ། དག་པ་དྲུག་དང་མ་དག་པ་དྲུག་གོ །ང་ལ་དག་པའི་ལུས་དང་མ་དག་པའི་ལུས་གཉིས་སུ་ཡོད་པས། དག་པའི་ལུས་མཁའ་སྤྱོད་དུ་མ་མཁའ་འགྲོས་སེངྒེ་དང་རིན་ཆེན་ཁྲི་ལ་གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ་དང་བཅས་པས་སྤྱན་འདྲེན་པས། དག་པའི་ལྷ་དང་དཔའ་བོ་མཁའ་འགྲོ་མིན་པས་མི་མཐོང་། སློབ་མ་ཡང་གྲུབ་པ་ཐོབ་པ་རེ་རེས་མཐོང་བ་སྲིད། མ་དག་པའི་ལུས་གཅིག་ལུས་ན་ཡང་ལུང་བསྟན་ཡོང་བས་དེ་བཞིན་མཛོད་གསུངས་པ་ལྟར། ཕྱིས་ནས་གཤེགས་དུས་སྣང་བ་དག་པ་རྣམས་ལ་གདུང་བཞུ་རྒྱུ་མ་རྙེད་གཟིམས་མལ་བུག་པ་ཧ་རེ་འདུག་པ་མཐོང་། མ་དག་པ་རྣམས་ཀྱི་སྣང་ངོར་གདུང་བཞུ་རྒྱུཞིག་ལུས་པ་བཞུ་བ་ལ།

p. 244

རས་པ་ཚོ་དང་། ཡོན་བདག་ཚོ་ཁ་མ་འཆམས་པས། བུ་ཆུང་ལོ་བརྒྱད་པ་རལ་པ་ཁམ་སེ་གེ་བ་ཞིག་བར་སྣང་ནས་གར་བྱེད་བཞིན་བྱུང་། ལུང་པ་གཉིས་ཀྱི་བར་སྒང་འདིར་བཞུས་ན་ཕན་ཡོན་ཆེ་ཞེས་ལུང་བསྟན་པའི་བྲག་ཐོག་དེར་བཞུ་དུས་ཡང་། གང་ཟག་རེ་རེ་ལ་མཐོང་སྣང་མི་འདྲ་བ་སྣ་ཚོགས་བྱུང་གསུངས། དེས་ན་ལས་སྣང་དག་མ་དག་གི་དབང་གིས་ཡིན་གྱི། དེང་སང་སྐྱེས་བུ་དམ་པ་མེད་ཟེར་ག་ལ་རུང་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྔོན་བྱོན་རྒྱ་བོད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་དང་པོ་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་སངས་རྒྱསནས་གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་དུས། གདུལ་བྱ་རྣམས་ལ་ཞལ་ཆེམས་སུ། མ་འོངས་སྙིགས་མའི་དུས་སུ་དགེ་བའི་བཤེས་གཉེན། རྒྱལ་བློན་པཎ་གྲུབ། ཁྱིམ་པ་ཕོ་མོ། གླང་ཆེན། སྟག་དང་། སེངྒེ། གྲུ་དང་། ཟམ་པ་སོགས་བཟང་ངན་སྣ་ཚོགས་པར་སྤྲལ་ནས། འགྲོ་བའི་དོན་འཁོར་བ་མ་སྟོངས་བར་དུ་མཛད་པ་ཡིན། ཞི་བར་སྐད་ཅིག་ཙམ་ཡང་མི་

p. 245

གནས་ཞེས་ཞལ་བཞེས་གནང་ཡོད་པ་རྣམ་ཐར་དང་། གསུང་འབུམ་ན་མཐའ་ཡས་ཡོད་པ་ཡང་རྫུན་ཡིན་ཞེས་དོན་གྱིས་བསྐུར་པ་བཏབ་པར་འགྱུར། འཇིག་རྟེན་གཏམ་དཔེ་ལ་ཡང་། རྔ་ཅི་བྱས་བརྡུང་གི་རྔ་འཆམ་དེ་ལྟར་བྱེད་ཟེར་བ་ལྟར། སྙིགས་དུས་འདིར་རྒྱལ་བ་སྲས་བཅས་ཀྱིས་སེམས་ཅན་རང་རང་གི་སྤྱོད་འགྲོས་དང་མཐུན་པའི་མཛད་པ་བཟང་ངན་སྣ་ཚོགས་བསྟནནས་འགྲོ་དོན་མཛད་པ་ཡིན། སྐྱེས་བུ་དམ་པ་ཐ་མལ་དུ་བརྫུས་ནས་འགྲོ་དོན་བྱེད་པ་ཤིན་ཏུ་མང་སྟེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་ལ་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་འཁོར་དང་མིང་གིས་དེ་དང་དེའི་དོན་མཛད་དོ་གསུངས། རྩོད་ལན་ངེས་དོན་འབྲུག་སྒྲ་ལས། གཞན་ཡང་འདུས་པ་ཆེན་པོའི་མདོར། གང་དག་གླང་པོ་ཆེས་འདུལ་བ། །སེམས་ཅན་དེ་དག་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་པ་གླང་པོར་མཐོང་། །དེ་བཞིན་སྟག་དང་སེང་གེ་དང་། །གྲུ་དང་ཟམ་པ་ལ་སོགས་པ། །དེ་དང་དེ་ཡིས་འདུལ་བ་ཡི། །གཟུགས་སུ་མཐོང་

p. 246

ཞེས་མ་གསུངས་སམ། །རྡོ་རྗེ་གུར་གྱི་རྒྱུད་ལས་ཀྱང་། །གང་དུའང་སྣང་ནས་སེམས་ཅན་དོན། །མཛད་ཅིང་ཆང་འཚོང་མ་སོགས་སུ། །སྣང་ནས་འགྲོ་དོན་མཛད་པར་གསུངས། །ཞེས་བཤད་ལ། དེས་ན་འོ་སྐོལ་རྣམས་ཀྱིས་མ་ཤེས་པ་མ་གཏོགས་སྐྱེས་བུ་དམ་པ་སྙིགས་མའི་དུས་འདིར་ཇེ་མང་དུ་སོང་མེད་རུང་ཇེ་ཉུང་དུ་སོང་ག་ལ་ཡོད། སྣོད་བཅུད་ཐམས་ཅད་དག་པའི་དཀྱིལ་འཁོར་འབའ་ཞིག་ཏུ་མོས་ལ་ཐ་མལ་དུ་འཛིན་པའི་སྣང་ཞེན་སྦྱོངས་དང་། སྐྱེས་བུ་དམ་པར་མཐོང་བར་མ་ཟད། སྣོད་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་མཐོང་ཡོང་། ངས་ཀྱང་དག་སྣང་འབའ་ཞིག་བྱས་བའི་མཐུས་བླ་མ་སྐྱེས་བུ་དམ་པ་དུ་མར་དབང་ལུང་རེ་ཞུ་དུས་སུ་བླ་མ་དེ་ཡི་དམ་གྱི་ལྷ་རུ་ཁྲ་ལམ་མེ་མཐོང་དུས་འགའ་རེ་བྱུང་། གཞན་ཡང་ངོ་མཚར་བའི་སྐྱེས་བུ་དམ་པ་མང་པོ་དང་ཡ་མཚན་པའི་ལྟད་མོ་སྣ་ཚོགས་མཐོང་། གསང་སྔགས་བསྐྱེད་རྫོགས་སོགས་ནང་ཏིང་འཛིན་དུ་མ་ལ་མངའ་བརྙེས་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་

p. 247

བཞུགས་ཡོད་དུས། གང་ཟག་དད་གུས་དག་སྣང་ཅན་གྱིས་བལྟས་ན་མཐོང་སྣང་སྣ་ཚོགས་འབྱུང་སྟེ། སྔོན་ལྷོ་བྲག་མར་པ་མི་ལ་རས་ཆུང་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་ནང་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཕྱེ་ནས་མཉམ་པར་བཞག་ཡོད་དུས། སློབ་མ་རྣམས་ཀྱིས་སྐ་དགྱེས་པ་རྡོ་རྗེ། འཁོར་ལོ་བདེ་མཆོག །གསང་བ་འདུས་པ་སོགས་ལྷ་སྐུ་སྣ་ཚོགས་དང་། རྡོ་རྗེ་དྲིལ་བུ་འཁོར་ལོ་རིན་པོ་ཆེ་པདྨ་སོགས་ཕྱག་མཚན་དང་། ༀ་ཨཱཿ་ཧཱུྃ་ཨ་ལི་ཀ་ལི་ལ་སོགས་ཡིག་འབྲུ། ས་ཆུ་མེ་རླུང་ཅི་ཡང་མི་སྣང་བ་སོགས་མཐོང་སྣང་སྣ་ཚོགས་པ་བྱུང་བས། དེ་གང་ཡིན་ཞུས་ཚེ། རྣལ་འབྱོར་པ་རབ་ཀྱིས་ནང་ཏིང་ངེ་འཛིན་དུ་མ་ལ་མཉམ་པར་བཞག་ཡོད་དུས་དང་། གང་ཟག་དད་གུས་དག་སྣང་ཅན་གཉིས་འཛོམ་པའི་རྟེན་འབྲེལ་ལས་མཐོང་སྣང་སྣ་ཚོགས་འབྱུང་བ་ཆོས་ཉིད་ཡིན་གསུངས། དར་མ་མདོ་སྡེ་སྐུ་གཤེགས་ཁར་བསྐྱེད་རིམ་གསལ་བཏབ་དུས། དེར་ཚོགས་པའི་མིས་ཡི་དམ་གྱི་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཁྲ་ལམ་མེ་མཐོང་ཞེས་མར་པའི་རྣམ་ཐར་ནས་གསུངས། བདག་

p. 248

གི་སྐྱབས་མགོན་ཆོས་རྒྱལ་ཝང་རིན་པོ་ཆེས། དུས་རྒྱུན་དུ་དབུ་གཙུག་ཏུ་བླ་མ་ཐུབ་པའི་དབང་པོའི་རྣམ་པར་བསྒོམས་པས། ཉིན་ཅིག་སྟོན་གྲལ་ཞིག་ཏུ་བྱོན་པས་ཆང་གིས་བཟི་བའི་མི་ཞིག་གིས་དབུ་ཐོག་ན་འོད་ཟེར་སེར་པོ་ཞིག་འཕྲོ་བ་མཐོང་ནས་ཕྱག་འཚལ་བ་བྱུང་ཞེས་ཉིད་ཀྱི་ཞལ་ནས་གསུངས། དེས་ནས་སྐྱེས་བུ་དམ་པ་མཐོང་བར་འདོད་ན་ཐབས་གཞན་མེད། གདམས་པ་གཞན་མེད། དད་གུས་དག་སྣང་འབའ་ཞིག་གྱིས་དང་མང་པོ་མཐོང་ཡོང་། འོ་ན་སྐྱེས་བུ་དམ་པ་ངོ་མཚར་ཅན་ཡོད་ན་སྐལ་ལྡན་ངེས་ཤེས་བསྐྱེད་པ་དང་། ལོག་སྨྲ་ཚར་གཅོད་པ་དང་མཁས་པ་མགུ་བ་བསྐྱེད་པ་དང་བསྟན་པའི་ཆེ་བ་འདོན་པའི་ཕྱིར་མངོན་ཤེས་རྫུ་འཕྲུལ་སྟོན་དགོས་གསང་ནས་ཅི་བྱ། ཁོ་བོ་ལ་ཡོན་ཏན་དེ་འདྲ་ཡོདན་ཀུན་ལ་སྟོན་པ་ཡིན་ཟེར་ན། སྐལ་ལྡན་ངེས་ཤེས་བསྐྱེད་པ་སོགས་དགོས་པ་ཆེ་དུས་སྟོན་དགོས་པ་ཁྱོད་བདེན། སྔོན་ཡང་བསྟན་པའི་ལོ་རྒྱུས་མང་པོ་སྣང་། དེང་སང་ཡང་རེ་གཉིས་བསྟན་པ་མཐོང་ཐོས་ཡོད། དུས་རྒྱུན་དུ་རུལ་མས་བུ་གསོར་གསོར་བྱས་སྟོན་པ་དགོས་པ་མེད་པར་མ་ཟད། དེ་ལ་བརྟེན་ནས་ལས་དང་ཉོན་མོངས་པ་

p. 249

གསོག་པར་འགྱུར་བས། དེས་ན་དུས་རྒྱུན་དུ་མཁས་གྲུབ་རྣམས་ཀྱི་ཡོན་ཏན་སྦས་ནས་བསྡད་པ་ལ་དགོས་པ་ཆེ་སྟེ། དེའི་རྒྱུ་མཚན་ནི་དཔེར་ན་སྒྱུ་མ་མཁན་གྱིས་སྒྲ་མའི་རྩེད་མོ་སྣ་ཚོགས་པ་ཤེས་པ་ལན་རེ་ཙམ་བསྟད་མོ་ལ་དགའ་བ་རྣམས་ལ་བསྟན་ན་མཛེས་ལ་བལྟ་མཁན་མང་། དུས་རྒྱུན་དུ་ལམ་གྱི་གཞི་མདོ་ཚོང་འདུས་སོགས་ནས་བསྟནན། བལྟ་མི་ཉུང་བར་མ་ཟད་འགའ་རེས་འདིས་ངེད་ཚོའི་མགོ་བསྐོར་ནས་ནོར་རྫས་འཕྲོག་ཡོང་ཟེར་དོགས་ཟོན་བྱེད་ཅིང་། གཞན་གྱིནོར་རྫས་སྟོར་ན་སྒྱུ་མ་མཁན་ཁོ་ལ་ཡིད་མི་ཆེས་རྐུས་བཙུགས་གྱོད་སྣ་ཁ་མཆུ་ཡང་ཡོང་བ་ལྟར། མངོན་ཤེས་རྫུ་འཕྲུལ་ལ་མངའ་བརྙེས་པ་རྣམས་ཀྱིས་སྐལ་ལྡན་དད་གུས་ཅན་ལ་ངེས་ཤེས། ལོག་ལྟ་ཅན་ལ་དད་པ། བསྟན་པའི་ཆེ་ཁྱད་འདོན་ཕྱིར་རེ་རེ་ཙམ་བསྟནན། སློབ་མ་རྣམས་སྒྲུབ་ལ་བརྩོན་འགྲུས། ལོག་ལྟ་ཅནཆོས་ལ་མོས་གུས། བསྟན་པ་ཉམས་པ་སླར་དར་བ་སོགས་དགོས་པ་ཆེན་པོ་འབྱུང་བས་ལེགས་ཀྱང་། དུས་རྒྱུན་དུ་བྱུང་རྒྱལ་དུ་བསྟན་ན། འགའ་རེས་ཨང་དེ་འདྲ་རྫས་སྔགས་ལ་བརྟེན་ནས་ཀྱང་འབྱུང་བར་བཤད་

p. 250

པས་དེ་ལ་ཡིད་བརྟན་མེད། གྲུབ་རྟགས་དངོས་ཡིན་མིན་ད་དུང་བལྟ་རྒྱུ་ཡོད་ཁོ་བོ་ཡིད་མི་ཆེས་ཟེར། ཁ་ཅིག་གིས་དེའང་ཕྱི་རོལ་པ་དང་བོན་པོ་གཟུགས་མེད་ཀྱི་ལྷ་འདྲེ་ཡན་ཆད་ལ་ཡོད་དེ་ལ་ཡ་མཚན་རང་ཆེ་རྒྱུ་མེད་ཡོན་ཏན་སེམས་ལ་ཡོད་དགོས་ཟེར། འགའ་རེས་དེ་ཐུན་མོང་གི་དངོས་གྲུབ་ཙམ་རེད་མཆོག་གི་དངོས་གྲུབ་ལ་རེག་པ་མེད་ཚེ་ཟེར། ཡ་མཚན་པར་འཛིན་པ་དཀའ་སྟེ། སྔོན་སྟོན་པ་དར་ལོ་ལ་རྗེ་མི་ལས་གྲུབ་རྟགས་མང་པོ་བསྟན་རུང་། དར་ལོས་རྗེ་མི་ལ་འབྱུང་པོ་ཞིག་གིས་བདག་ཏུ་བཟུང་བ་ཙམ་ཞིག་ལས་ཆོས་མཐོང་སྤུ་ཙམ་མ་བྱུང་བར་འདུག །སྔོན་ཉེ་གནས་ལེགས་སྐར་གྱིས་སྟོན་པ་སངས་རྒྱས་ཀྱིས་ཅི་མཛད་ཟོག་བྱས་པ་འབའ་ཞིག་ཏུ་མཐོང་བ་མ་གཏོགས་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མ་མཐོང་། མི་ལོ་བཅུ་གཉིས་བར་དུ་ཁྱོད་གཡོག་བྱས། །ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་། །ཞེས་སྨྲས་པ་ལྟར། ལས་དང་ཉོན་མོངས་པའི་སྒྲིབ་པ་ཆེ་བས་སྐྱེས་བུ་དམ་པའི་ཡོན་ཏན་བསྟན་རུང་ལོག་པར་མཐོང་བ་ཡང་མང་། འགའ་རེས་ཇི་བཞིན་མཐོང་ཡང་དེ་རྒྱུ་མཚན་དུ་བྱས་གཞན་གྱི་ཆོས་པ་སྒོམ་ཆེན་པ་ལ་ཡོན་ཏན་ངོ་

p. 251

མཚར་ཅན་འདི་འདྲ་འདུག །ཁྱོད་ཀྱིས་ལོ་འདི་ཙམ་ལ་བསྒོམས་པའི་ཡོན་ཏན་གང་ཡོད་སྟོན་དགོས་ཟེར་ནས་རྒྱུད་ཞི་བ་དུལ་པའི་ཆོས་པ་བཟང་པོ་ཡང་སུན་འབྱིན། མ་བསྟནན་ཁྱོད་ལ་ཅི་བྱུང་ཆོས་པ་བཟང་པོ་མ་རེད་ཟེར་བརྙས་སྨོད་ཁྱད་གསོད་བྱེད། དེ་ལ་བརྟེན་ནས་ཆོས་པ་དེ་ཡང་རྒྱུད་འཁྲུགས། ཕ་རོལ་རྫུ་འཕྲུལ་སྟོན་མཁན་ལ་ཕྲག་དོག་གི་དབང་གིས་སྒྲོ་སྐུར་འདེབས། དུག་མཐུ་ཡང་གཤོམ། འགའ་རེས་ཆོས་པ་བཟང་པོ་གྲུབ་ཐོབ་དེ་རེད་ཟེར། ཐམས་ཅད་དེར་འདུས་འབུལ་བ་ཐམས་ཅད་དེ་ལ་ཕུལ། ཆོས་པ་གཞན་ལ་མཐོང་ཆུང་བརྙས་སྨོད། མང་ཆེས་པ་གཞན་གྱི་ཡོང་སྒོ་ལ་གནོད་པ་འབྱུང་། ཡང་གྲུབ་རྟགས་སྟོན་རྒྱུ་ཞིག་གི་དབང་དུ་སོང་ན་མི་གཅིག་ལ་བསྟན་པས་མི་ཡོང་། གཉིས་བྱུང་ནས་ཁོ་ལ་ཡང་སྟོན་ཟེར། དེ་ལ་མ་བསྟནན་གྲུབ་རྟགས་ཡོད་པ་རྫུན་རེད་ཟེར། ལོག་ལྟའམ་ཐེ་ཚོམ་བྱེད། བསྟན་ན་ཇེ་མང་དུ་སོང་ནས་བཞི་སྟོན་དགོས། བཞི་བསྟན་ན་བརྒྱད་ཡོང་། བརྒྱད་བསྟན་ན་བཅུ་དྲུག །ཉི་ཤུ་སུམ་ཅུ་བཞི་བཅུ་བྱུང་ནས་སྐབས་ཤིག་ཁྱི་དང་ཕག་མིན་ཚད་ལ་སྟོན་དགོས།

p. 252

སྟོན་གྱིས་ག་ལ་ལང་། མང་པོ་བསྟན་ན་ཉམས་རྟོགས་མཐར་མ་ཕྱིན་པའི་རྣལ་འབྱོར་ཡིནན་སྐབས་ཤིག་སླར་འགྲིབ་ཡང་སྲིད། མ་འགྲིབ་ཀྱང་འདུ་ལོང་མང་པོ་སྒོམ་གྱི་བར་ཆད་དུ་སོང་སྒོམ་གྱི་འཕྲོ་ཆད་ནས་ཉམས་རྟོགས་གོང་ནས་གོང་དུ་འཕེལ་མི་སྲིད། དེ་རྣམས་ལ་དགོངས་ནས་ལྷོ་བྲག་མར་པ་ལོ་ཙཱས་རྗེ་བཙུན་མི་ལ་ཡུལ་དུ་འབྱོན་ཁར་སྐུ་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་སོགས་སྣ་ཚོགས་པར་སྤྲལ་ཏེ་བསྟན་ནས། བུ་འདི་ཀུན་རྫུ་འཕྲུལ་ལུས་ཀྱི་བཀོད་པ་བྱ་བ་ཡིན། དུས་རྒྱུན་དུ་བྱུང་རྒྱལ་དུ་བསྟན་པ་ལ་དགོས་པ་ཆུང་། ད་ལན་བུ་འགྲོ་བའི་ལྗོངས་སུ་བསྟན་པ་ཡིན་གསུངས། རྗེ་མི་ལས་ཀྱང་བསྒོམས་ནས་འདི་འདྲ་བྱེད་དགོས་སྙམ་པ་བྱུང་གསུངས། དེས་ན་སྐལ་ལྡན་དད་གུས་ཅན་རེ་རེ་ལ་སྐབས་རེ་ཙམ་སྟོན་པ་མ་གཏོགས། དུས་རྒྱུན་དུ་ཡོན་ཏན་གང་ཡོད་མི་ལ་མི་སྟོན་པར་རིན་ཆེན་གཏེར་ལྟར་སྦས་ན། གཞན་གྱི་ཕྲག་དོག་སོགས་སྔར་བཤད་པའི་ཉེས་སྐྱོན་དེ་རྣམས་མི་འོང་བར་མ་ཟད། ཆོས་པ་གཞན་ལ་ཡང་འདི་ལྟར་ཡོན་ཏན་ཡོད་ཀྱང་སྦས་ནས་ཡོད་རྒྱུ་རེད་སྙམ། ཆོས་པ་ཡོངས་ལ་སྐྱེ་བོ་ཕོ་མོ་ཀུན་གྱིས་བརྙས་སྨོད་ཁྱད་གསོད་

p. 253

སོགས་མི་བྱེད་པར་དད་གུས་དག་སྣང་བྱས་ནས་སྔར་བས་མཆོད་བསྟོད་བཀུར་བ་སོགས་བསྟན་དང་བསྟན་འཛིན་འགྲོ་བ་ཡོངས་ལ་ཕན་པའི་གོས་པ་དུ་མ་ཡོད། སྒྱུ་མ་མཁན་གྱིས་སྒྱུ་མའི་བཀོད་པ་ལྟད་མོ་འདོད་པ་ལ་ལན་ཅིག་གཉིས་ལས་མ་བསྟན་ཀྱང་། སྒྱུ་མའི་བཀོད་པ་མཐོང་མཁན་དེས་གཅིག་གིས་གཅིག་པ་བསྒྲགས་ནས་མ་མཐོང་བས་ཀྱང་ཐོས་ཚོ་ཡ་མཚན་པའི་གནས་སུ་འཛིན་པ་ལྟར། མཁས་གྲུབ་རྣམས་ཀྱིས་མངོན་ཤེས་རྫུ་འཕྲུལ་ལན་རེ་གཉིས་ཙམ་སྐལ་ལྡན་འགའ་རེ་ལ་བསྟན་ཀྱང་། དེ་གཅིག་གིས་གཅིག་ལ་བསྒྲགས་ན་སྐད་ཆ་རླུང་ལས་མྱུར་བས་ཀུན་གྱིས་གོ་ནས་གཞན་མ་མཇལ་བའི་དད་ཅན་མང་པོས་ཞལ་མཇལ་གསུང་ཐོས་ན་འདོད་ཅིང་། མ་འོངས་པ་ན་ཁོང་ལྟ་བུར་སྐྱེ་བའི་སྨོན་ལམ་ཐོབ་ཟེར་རྗེས་སུ་ཡི་རང་བྱས། སྨོན་ལམ་བཏབ། ཐམས་ཅད་དད་པའི་སྤུ་ལོང་གཡོ་ཞིང་མཐར་ཐུག་བྱང་ཆུབ་འཐོབ་པའི་རྣམ་ཀར་གྱི་བག་ཆགས་བཟང་པོ་རྒྱུད་ལ་འཇོག་པས་གྲུབ་རྟགས་མང་པོ་སྟོན་མི་དགོས། དེས་ན་སྔོན་བྱོན་ད་ལྟའི་མཁས་གྲུབ་བཟང་བཟང་ཐམས་ཅད་ཀྱིས་ལན་རེ་ཙམ་མ་

p. 254

གཏོགས་དུས་རྒྱུན་དུ་ཡོན་ཏན་གང་ཡོད་ནང་དུ་སྦས་ནས་ཟུར་ཙམ་ཡང་སྟོན་མི་སྲིད། གཞན་ཆོས་གྲོགས་སློབ་མ་རྣམས་ལ་ཡང་རང་གི་ཡོན་ཏན་གང་ཡོད་སྦོས། གཞན་གྱི་ཡོན་ཏན་གང་མཐོང་སྒྲོགས་ཞེས་གསུངས་ཏེ། ནོར་བུའི་ཕྲེང་བ་ལས། རང་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །གསུངས། དེ་ལྟར་བྱས་ན་བསྟན་པ་དང་བསྟན་འཛིན་འགྲོ་བ་ཡོངས་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་མང་པོ་འབྱུང་། དེང་སང་མཁས་གྲུབ་རྣམས་ཀྱི་ཡོན་ཏན་སྦས་ནས་མཁྱེན་པ་དང་རྫུ་འཕྲུལ་སོགས་གང་ཡང་མི་མངའ་བའི་ཚུལ་མཛད་པ་ཆེ་འདོད་གྲགས་འདོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་གཏནནས་ཟད་པའི་རྟགས་ཆོས་ལ་མཁས་པའི་ཁྱད་ཆོས་ཀྱང་ཡིན། གཞན་ཡོན་ཏན་སྣ་རེ་ཙམ་ཡོད་པ་ཕུ་མདོ་བར་གསུམ་ཐམས་ཅད་གྱི་མི་དང་ཁྱི་ཡན་ཆད་ལ་ངོམས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་ཁོལ་པོར་གྱུར་པའི་རྟགས་བླུན་པོའི་རྣམ་ཐར་ཡིན་ཏེ་ས་སྐྱའི་ལེགས་བཤད་ལས། བླུན་པོའི་ཡོན་ཏན་ཁ་རུ་འབྱིན། །མཁས་པའི་ཡོན་ཏན་ཁོག་ཏུ་སྦེད། །སོག་མ་ཆུ་ཡི་སྟེང་ན་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་

p. 255

འབྱིང་། །གསུངས་པའི་དཔེ་དོན་སོམས། དཔེརན་ཇག་རྐུན་ཆེ་དུས་ཕྱུག་བོའི་རྒྱུ་ནོམ་སྦས་ནས་ཉེ་བ་རེ་གཉིས་རེ་མ་གཏོགས་ཀུན་གྱིས་མི་མཐོང་བ་ལྟར། སྙིགས་མ་ལྔ་བདོ་བའི་དུས་འདིར་མཁས་གྲུབ་རྣམས་ཀྱི་ཡོན་ཏན་གང་ཡོད་སྦས་ནས་གྲྭ་སློབ་རེ་གཉིས་མ་གཏོགས་གཞན་ཀུན་གྱིས་མཐོང་དཀའ། དེས་ན་སྙིགས་མའི་དུས་འདིར་སྐྱེས་བུ་དམ་པ་ཟད་ནས་མེད་སྙམ་དེ་སྐད་གཞན་ལ་སྒྲོགས་པ་ཆོས་མ་ཤེས་པའི་རང་མཚང་དུ་གོ་ནས་རང་ལ་མངོན་ཤེས་མེད་པའི་དབང་གིས་མ་ཤེས་པ་མ་གཏོགས། སྦས་པའི་རྣལ་འབྱོར་པ་མང་པོ་བཞུགས་པར་ཐག་ཆོད་འདུག་སྙམ་དུ་ངེས་ཤེས་བསྐྱེད་དགོས། དཔེར་ན་མིག་ཤེས་ངན་པའི་མིས་མིག་རཞིག་མིག་ལ་བཀབ་ནས་བལྟས་ན་ས་རྡོ་རི་བྲག་རབ་རིབ་ཏུ་མཐོང་བ་གཞིར་བཞག་ནམ་མཁའི་འཇའ་ཚོན་ཤར་བ་ལ་བལྟས་ཀྱང་རབ་རིབ་ཟང་ཟིང་དུ་མཐོང་བ་ལྟར། གང་ཟག་སྒྲིབ་པ་མཐུག་པས་ལོག་ལྟ་བྱས་ན་སྐྱེ་བོ་ཐ་མལ་པ་ཐ་མལ་དུ་མཐོང་བ་ཕར་ཞོག །གཞན་སྐྱེས་བུ་དམ་པ་རྣམས་ལ་བལྟས་ཀྱང་ཐ་མལ་པ་དང་ཁྱད་པར་མེད་པར་མཐོང་བ་རྟེན་འབྲེལ་གྱི་ཆོས་ཉིད་

p. 256

ཡིན་པས་ལོག་ལྟ་འདི་སྐྱོན་ཐམས་ཅད་བསྐྱེད་པའི་གཞི་དང་རྟེན་ལྟ་བུར་མཐོང་ནས་ནམ་སྐྱེས་ཀྱང་དུག་ལྟར་སྤང་དགོས། དཔེར་ན་མིག་ཤེས་བཟང་པོའི་མིས་འཇའ་ཤེལ་མིག་ལ་བཀབ་ནས་བལྟས་ན། མཁའ་ལ་ཤར་བའི་འཇའ་ཚོན་ལེགས་པ་གཞིར་བཞག །གཞན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སོགས་ཀྱང་འཇའ་འོད་ཀྱི་རང་བཞིན་དུ་མཐོང་བ་གང་ཟག་སྒྲིབ་པ་དག་པས་དག་སྣང་བྱས་ན་སྐྱེས་བུ་དམ་པ་སངས་རྒྱས་དངོས་སུ་མཐོང་བ་གཞིར་བཞག །གཞན་ཕལ་པ་རྣམས་ཀྱང་སྐྱེས་བུ་དམ་པ་རུ་མཐོང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་དག་སྣང་འདི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིད་བཞིན་གྱིནོར་བུ། དཔག་བསམ་གྱི་ཤིང་། གཏེར་ཆེན་གྱི་བུམ་བཟང་ལྟ་བུར་བལྟས་ནས། རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་གོང་འཕེལ་དུ་བཏང་ནས་ཐུགས་དམ་གྱི་མཐིལ་དུ་འཛིན་དགོས། དཔེར་ན་སྨན་པས་སྨན་བཟང་པོ་བྱིན་ཀྱང་མ་འཐུང་ན་དུག་རོ་རྙིང་པ་ར་ཤ་གསར་བའི་རྐྱེན་གྱིས་བསླངས་ནས་ན་ཟུག་བྱུང་། ཟས་བཟང་པོ་ལ་ཡང་ཟ་འདོད་མི་སྐྱེ་བ་ལྟར། མཁས་གྲུབ་གོང་མ་རྣམས་ཀྱིས་ལེགས་བཤད་འདི་ལྟ་བུ་

p. 257

བསྟན་ཀྱང་། དེ་ལ་མ་ཉན་ན་སྔོན་ལས་ངན་པ་བླ་མ་གྲོགས་ངན་པའི་རྐྱེན་གྱིས་བསླངས་ཏེ་ལོག་ལྟ་བྱུང་ནས་ཆོས་དང་གང་ཟག་བཟང་པོ་ལ་ཡང་དད་གུས་དག་སྣང་མི་སྐྱེ་ཡང་དཔེར་ན་འཇིག་རྟེན་གྱི་ལྷ་བབ་པ་འགའ་རེས་ལྷ་མཆོད་པ་ཡིན་ཟེར། ར་ལུག་གསོན་པོར་གཤེགས་པའི་ཁྲག་དང་རང་ལ་མཚོན་གྱིས་བརྒྱབ་པའི་ཁྲག་ལག་པས་མཆོད་ནས་ཡར་གྱི་ཕུའི་ལྷའི་བྲིས་ཐང་སྙན་དར་སོགས་ཁྲག་གི་དམར་པོར་བཏང་ནས་བརྗོད་པ་ལྟར། ཁོག་ཏུ་ཆགས་སྡང་གི་གདོན་ཆེན་པོ་འཇིགས་སུ་རུང་བ་ཞུགས་པ་འགའ་རེས་བསྟན་པའི་ལ་རྒྱ་རྩོད་པ་ཡིན་ཟེར་གྲུབ་མཐའ་གཉིས་རེ་འཁྲུག་རྩོད་བྱེད་དུ་བཅུག །བཙན་པོས་སྙོམ་ཆུང་གི་ཚོད་བྱས་ལག་ནས་དགོན་སྡེ་འཕྲོག །སྙོམ་ཆུང་གིས་དུག་དང་མཐུ་བྱས། བཙན་པོ་ཚང་གི་བླ་རབས་གདུང་རྒྱུད་གཅོད་པ་སོགས་རང་གཞན་ཀུན་ཚེ་འདིར་སྡུག་ལ་ཕྱི་མར་དམྱལ་བ་མནར་མེད་དུ་སོངནས་སངས་རྒྱས་སྟོང་གིས་ཀྱང་སྐྱོབ་མི་ནུས་པའི་ལས་ངན་པ་བྱས། སངས་རྒྱས་ཀྱི་བསྟན་པ་ནག་འབྱམས་སུ་བཏང་ནས་བརྗོད་པ་འདི་བསྟན་པ་ལ་ཕན་འདོགས་པ་རུ་བརྫུས་ནས་ཕམ་གླན་

p. 258

པའི་བསྟན་བཤིག་ཅིག་བྱུང་བ་ཡིན་ཏེ། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་སྦྱིན་བདག་རྒྱལ་པོ་ཀྲྀ་ཀྲྀ་ཞེས་པ་དེའི་རྨི་ལམ་བཅོ་བརྒྱད་རྨིས་པའི་ནང་ནས་སྐྱེ་བོའི་ཚོགས་འདུས་ནས་འཐབ་རྩོད་བྱེད་པརྨིས་པ་དེ། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་རྩོད་པའི་ཆོས་ཀྱིས་ནུབ་འབྱུང་པར་བའི་བལྟས་ཡིན་ཞེས་སངས་རྒྱས་འོད་སྲུང་གི་ལུང་བསྟན་གྱི་སྟེང་དུ་བབ་པ་ཡིན་ལ། འདི་ལྟ་བུའི་སྦྱོར་བ་རྩུབ་པོ་ལག་ལེན་དུ་འདེབས་པ་ཕར་ཞོག །བསམ་ངན་དེ་འདྲ་སྐད་ཅིག་མ་ཅི་ཙམ་སྐྱེས་པའི་གྲངས་བཞིན་བསྐལ་པར་དམྱལ་བར་གནས་དགོས་ཏེ། སྤྱོད་འཇུག་ལས། གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས། འབྲུག་པ་ཀུན་ལེགས་ཀྱིས། སྡེ་འཁྲུག་ཆེན་པོ་དང་། བཙུན་པ་དམག་བྱེད་པའི་ས་ཕྱོགས་མཐོང་བའི་མི་དམྱལ་བར་འགྲོ་བར་བཤད། བཅོམ་ལྡན་འདས་ལ་བདུད་ཀྱིས་སྒྱོགས་དང་མཚོན་ཆར་ཕབ་དུས། ཉན་ཐོས་རྣམས་ཀྱིས་སེར་དམག་ནམ་བྱས། མོའུ་མགལ་གྱི་བུ་ཀུན་ཏུ་རྒྱུ་རྣམས་ཀྱིས་འདམ་

p. 259

བུའི་ཚལ་བཞིན་བཅོམ་འདུག་སྟེ། སུས་སེར་དམག་བྱས། མིང་བསྟན་པ་འཛིན་པར་བཏགས་ནས། དོན་ལ་བསྟན་པ་བཤིག་པར་འདུག་གསུངས། དེ་ཐུགས་བདེན། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས་པ་དང་རྒྱབ་འགལ་བྱས་པའི་ཕྱིར་རོ། །བསྟན་པ་འཛིན་མཁན་དཀའ་ཐུབ་ཅན་གྱི་ངུར་སྨྲིག་འཛིན་པའི་དགེ་སློང་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །གསུངས། བསྟན་འཛིན་ངུར་སྨྲིག་འཆང་བ་རྣམས་རྙེད་བཀུར་འདོད་པ་མ་ཡིན་པར་ཁོང་ཁྲོ་གཏན་ནས་བྲལ་བ་ཞིག་དགོས་ཏེ། སྡུད་པ་ལས། གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཅིང་དག །རྙེད་པ་འདོད་པ་མ་ཡིན་ཁྲོས་པས་སེམས་དཀྲུགས་མེད། །གསུངས། གཞན་ལ་གནོད་པ་ནི་སངས་རྒྱས་ཀྱི་རྗེས་འཇུག་བསྟན་འཛིན་གྱི་དགེ་སློང་ངམ་

p. 260

དགེ་སྦྱོང་མ་ཡིན་ཏེ། བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིནནོ། །གསུངས། གཞན་ལ་སྡང་ཞིང་བཟོད་པ་མེད་པས་བྱང་ཆུབ་ཀྱི་གོ་འཕང་ནམ་ཡང་མི་ཐོབ་སྟེ། ཐུབ་པས། སྡངཞིང་བཟོད་པ་དང་བྲལ་པ་ལ་བྱང་ཆུབ་ག་ལ་ཡོད་གསུངས། བྱང་ཆུབ་མི་ཐོབ་པར་མ་ཟད་ཞེ་སྡང་གི་དབང་གིས་དམྱལ་བར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། ཞེ་སྡང་གིས་ནི་དམྱལ་བར་འཕེན། །གསུངས། གྲུབ་མཐའི་ཕྱོགས་རིས་ཁ་འཛིན་བྱས་གཞན་གྱི་ཆོས་ལ་སྨོད་པས་ནམ་ཡང་ཐར་པ་མི་འཐོབ་སྟེ། རྗེ་མི་ལས། གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །ཞེས་དང་། དཔལ་གསང་བའི་བདག་པོས། གྲུབ་མཐའི་ཁ་འཛིན་ཆེ་བས་ཐམས་ཅད་མཁྱེན་པའི་ལམ་དང་བྲལ། །གསུངས། དེང་སང་པོ་ཏི་ཁ་ཤས་རེ་སྦྱངས་ནས་མཁས་པར་རློམས་པ་འགའ་རེས། མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་རེའམ། རྒྱ་བོད་ཀྱི་མཁས་གྲུབ་དང་རང་གི་བླ་མའི་གསུང་རེ་ཙམ་

p. 261

ལ་ངེས་པ་ལྟར་སྣང་རེ་རྙེད་ཚེ། གཞན་དེ་དང་མི་མཐུན་ཚད་ཐམས་ཅད་ཆོས་མིན་དུ་བལྟས། བཟང་ངན་འདོར་ལེན་བྱེད་པ་འདི་ཆོས་དང་བླ་མ་ལ་བརྟེན་ནས་རང་དམྱལ་བ་མནར་མེད་དུ་ལྟུང་ཞིང་སངས་རྒྱས་བསྟན་པ་ཉམས་པའི་རྒྱུ་ཆོས་སྤོང་གི་ལས་ངན་པ་ཡིན་ཞེས་ཚད་ལྡན་གྱི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ཞལ་མཐུན་པར་གསུངས་ཏེ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ་དམ་པའི་ཆོས་སྤངས་པའི་ལས་ཀྱི་སྒྲིབ་པ་ནི་འདི་འདྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི། དམ་པའི་ཆོས་སྤངས་པའོ། །དམ་པའི་ཆོས་སྤང་པས་ནི། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིནནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ། །འདི་ནི་མི་རིགས་པའོ། །ཞེས་ཟེར་ན་དམ་པའི་ཆོས་སྤང་པའོ། །ཞེས་དང་། ཆོས་ནི་ཆོས་མ་ཡིན་པར་སྟོན་པའོ། །ཞེས་ཟེར་ན་ཡང་ཆོས་སྤང་པ་ཡིནནོ། །ཞེས་དང་། སྤོབས་པ་གོ་བར་མི་བྱེད་ཟེར་ན་ཡང་ཆོས་སྤང་པ་ཡིན་

p. 262

ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ། །ཞེས་ཟེརན་ཆོས་སྤང་པ་ཡིནནོ། །ཞེས་དང་། ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤང་པ་ཡིན་ནོ། །དོན་ལ་ལ་མོས་ཤིང་། ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤངས་པ་ཡིན་ནོ། །ཞེས་དང་། དཀྲུགས་མ་བྱེད་ན་ཆོས་སྤངས་པ་ཡིནནོ། །ཀུན་ཏུ་རྟོགས་པའི་སྨྲས་ན་ཆོས་སྤངས་པ་ཡིནནོ། །འདི་ལ་དཔྱད་འདི་ལ་མི་དཔྱད་ཟེར་ན་ཆོས་སྤངས་པ་ཡིན་ནོ། །འདི་ནི་ལེགས་པར་གསུངས། འདི་ནི་ལེགས་པར་གསུངས་པ་མ་ཡིན་ནོ་ཟེར་ན་ཆོས་སྤངས་པ་ཡིན་ནོ། །ཆོས་སྤོང་གི་ཉེས་པ་ནི་བསམ་གྱིས་མི་ཁྱབ། མཚམས་མེད་ལྔ་དང་མི་དགེ་བ་བཅུ་ལས་ཀྱང་ཆེ་སྟེ། ཡུམ་རྒྱས་པ་ལས། མཚམས་མེད་ལྔ་ནི་ཆོས་སྤང་བར་འགྱུར་པ་འདིའི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ་གསུངས། འབྲོམ་སྟོན་པ་རིན་པོ་ཆེས། ཆོས་ལ་བརྟེན་པའི་སྡིག་པའི་གམ་ན། །མི་དེའི་དབང་གིས་ཤི་མ་ཐག་མནར་མེད་དམྱལ་བ་སོགས་ངན་སོང་གསུམ་དུ་ལྷུང་ནས་སྡུག་བསྔལ་བཟོད་བླགས་མེད་པ་མྱོང་དགོས་ཏེ།

p. 263

རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས་བདག་གི་སེམས་ཀྱི་གནས་ལུགས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་གྱི། འདི་ནི་རང་བཟོ་ཅན་གྱིས་བྱས་པ་ཡིནནོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། །མི་བླུན་པོ་དེ་དག་ནི། འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་དང་། སྡུད་པ་ལས། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །གསུངས། མནར་མེད་དུ་སོངན་ཐར་པའི་དུས་མི་འབྱུང་སྟེ། རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །གངཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོད་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་ཐར་འགྱུར་གྱི། །གང་ཞིག་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །གསུངས། གལ་ཏེ་དམྱལ་བ་གཅིག་ནས་ཐར་ཀྱང་འཇིག་རྟེན་ཁམས་གཞན་གྱི་དམྱལ་བ་

p. 264

བསམ་གྱིས་མི་ཁྱབ་པར་སྐྱེ། དམྱལ་བ་དེ་དག་ལས་ཐར་ཀྱང་བྱོལ་སོང་སོགས་སུ་སྐྱེས་ནས་ནམ་ཡང་བདེ་བ་ཞིག་འཐོབ་མི་སྲིད་དེ། ཡུམ་རྒྱས་པར། ཤེས་རབ་འཆལ་བར་གྱུར་པའི་ལས་བྱས་ཤིང་བསགས་པ་དག་གིས། ཤེར་ཕྱིན་དང་ཆོས་སྤངས་པར་འགྱུར་ཏེ། དེ་དག་གིས་ཆོས་སྤངས་པས། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤང་བར་འགྱུར་ཏེ། རྣམ་མཁྱེན་སྤངས་པས་ཆོས་བརླག་པར་འགྱུར་ཞིང་། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་པོར་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་དམྱལ་བ་རྣམས་སུ་སྐྱེ་ལ། དམྱལ་བ་དེ་དག་མེད་ཀྱང་འཇིག་རྟེན་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འཕོ་ཞིང་བསྲེག་གོ །དེ་ནས་བྱོལ་སོང་གི་གནས་སུ་སྐྱེ་ཞིང་། དེའི་དེ་དག་གི་ལས་ཟད་ནས་བརྒྱ་ལ་མིར་སྐྱེས་ཀྱང་ཆོས་སྤོང་གི་ལས་བྱས་པ་དང་བསགས་པ་དང་སྒྲུབ་པ་དང་ཚང་པ་དང་རྫོགས་པའི་རྣམ་སྨིན་གྱིས། མིའི་སྐྱེ་བ་གང་དུ་ཡང་། དམུས་ལོང་དང་།

p. 265

ཕྱག་བདར་དང་། གདོལ་པ་དང་། སྨྱིག་མ་མཁན་གྱི་རིགས་དང་། ཞར་བ་དང་། སྣ་དང་ལྕེ་དང་རྐང་ལག་མེད་པ་དང་། མཛེ་དང་། ཤ་ཁྲ་ཅན་དང་། སྒུར་པོ་དང་། དཀོན་མཆོག་གསུམ་གྱི་སྒྲ་མེད་པར་སྐྱེ་བ་སོགས་མང་པོ་གསུངས། ཀུན་མཁྱེན་ཀློང་ཆེན་པས། ཆོས་སྤོང་གི་ལས་བསགས་པའི་ཉེས་པ་གོང་དུ་སྨོས་པ་རྣམས་དང་། ཁྱད་པར་ཚེ་འདིར་ཡང་ལྷ་མི་ཀུན་གྱིས་སྤངས་ཤིང་ཡིད་དུ་མི་འོང་བ་དང་། བསྙེན་བསྒྲུབ་བཟླས་པ་སོགས་ལ་འབད་ཀྱང་ངག་གི་ནུས་པ་མི་འོང་བ་དང་། ཆོས་བདག་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་གློ་བུར་དུ་སྲོག་འཕྲོག་པ་དང་། མི་འདོད་པ་སྣ་ཚོགས་སྟེང་དུ་འབབ་ཅིང་། རྩ་ལྟུང་གཉིས་པ་དང་དྲུག་པ་ཕོག་སྟེ། དེའི་རྐྱེན་གྱིས་རྡོ་རྗེ་དམྱལ་བར་སོང་ནས་འོ་བརྒྱལ་བར་འགྱུར་རོ་གསུངས། ཆོས་སྤོང་གི་ཉེས་པ་བསགས་ནས་ཕྱིས་བཤགས་པ་བྱས་ཀྱང་། བཟོད་པ་ཐོབ་པ་ལ་བསྐལ་བ་བཅུ་དགོས་ཏེ། རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པས་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་ལས། སྡིག་གྲོགས་ཀྱི་དབང་གིས་དེར་བཤད་པས་ཆོས་སྤོང་བ་བྱུང་ན།

p. 266

ལོ་བདུན་གྱི་བར་དུ་ཞག་རེ་ལ་ལན་གསུམ་གསུམ་དུ་བཤགས་ན་སྡིག་པ་འདག་པ་དང་། འོན་ཀྱང་མྱུརནའང་བཟོད་པ་ཐོབ་པ་ལ་བསྐལ་པ་བཅུ་དགོས་པར་གསུངས་པས། གོ་བ་ལོག་པ་དེས་དུས་འདས་ན་དོན་མ་ཡིན་པ་ཆེན་པོ་ལ་སྦྱོར་ཞིང་། མནོར་བའི་གོ་བ་རྙེད་ན། རྙེད་པ་ཙམ་གྱིས་ཉེས་པ་དེ་དག་མི་འབྱུང་ངོ་། །དེའི་ཕྱིར་བདེན་པ་པོའི་ལེའུ་ལས། རྒྱ་མཚོ་ཆེན་པོར་སྒོ་ཐ་དད་ནས་ཆུ་མང་པོ་འབབ་པ་བཞིན་དུ། ཐེག་པ་གསུམ་གྱི་ཆོས་ཀྱི་ཆུ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རྒྱ་མཚོ་ཆེན་པོར་འབབ་པར་གསུངས་པ་ལྟར། སངས་རྒྱས་ཀྱི་ཆོས་གང་གསུངས་ཐམས་ཅད་ཐད་ཀའི་གདུལ་བྱ་ལ་ལྟོས་ཏེ། སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཁོ་ནར་ཤེས་པར་བྱའོ། །ཞེས་གསུངས། དེས་ན་ལུས་དང་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་སྟེ། ལྗོན་ཤིང་གི་མདོ་ལས། ཕ་དང་མ་ཡི་དོན་དུ་སྡིག་པའི་ལས་མི་བྱ། །ལུས་དང་སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤང་། །གསུངས། ཆོས་སྤོང་གི་ལས་གསོག་པའི་གང་ཟག་དང་འཕྲད་ན། རང་གཞན་ཀུན་ཕུངས་བར་འགྱུར་བས་འགྲོགས་པ་ལྟ་ཅི་སྨོས།

p. 267

དུག་ལྟར་སྤང་དགོས་ཏེ། ཡུམ་ལས། ཤཱ་རིའི་བུ། ཆོས་སྤང་བའི་བསམ་པས། འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིནནོ། །འདི་ནི་དེ་བཞིན་གཤེགས་པའི་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་དེ་ཉིད་ཀྱིས་ཀྱང་སྤངས་ལ། གཞན་ཡང་མོས་པ་མེད་པར་བྱེད་ཅིང་། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་གྱི་བསམ་པ་གདུག་པར་བྱེད་པ། བདག་གཞན་ཆུད་གཟན་པར་དགའ་བ། བདག་ཉིད་ཀྱི་ཕྱིར་སྤང་བར་འདོད་ལ། གཞན་ཡང་སྤོང་དུ་འཇུག་པས་ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་འགྱུར་རེ་སྐན། ཤཱ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་བྱ་བ་ཡང་མ་གནང་ན། འཕྲད་པ་དང་འགྲོགས་པ་ལྟ་ཅི་སྨོས་ཀྱང་ཅི་དགོས། ཞེས་དང་། ཨོ་རྒྱན་ཆེན་པོས། དག་སྣང་ཆུང་ལ་ལོག་ལྟ་ཆེ་བ། མཁྱེན་པ་ཆུང་ཞིང་ཕྱོགས་ཆ་ཆེ་བའི་བླ་མ་དེ་བསྟེན་ན་ཕུངས་བར་འགྱུར་བས་སྤང་བར་བྱའོ། །གསུངས། འོ་ན་སངས་རྒྱས་ཀྱི་

p. 268

བསྟན་པ་ལ་གཅེས་སྤྲས་སུ་མཛད་འདོད་པ་རྣམས་ཀྱིས་ཇི་ལྟར་མཛད་དགོས་ཟེར་ན། གླང་རི་ཐང་པའི་ཞལ་ནས། ངས་ཆོས་ཅི་ཙམ་གྱི་ཆོས་ཟབ་མོ་ཅིག་ཞལ་ཕྱེ་ནས་བལྟས་ཀྱང་། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག །དེའི་གནད་ཀའི་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པའི་རྩ་བ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་དང་། ཕྱག་ལེན་བཟང་པོ་ཁེ་དང་རྒྱལ་ཁ་གཞན་ལ་བྱིན། གྱོང་དང་ཕམ་ཁ་རང་གིས་ལེན་པ་ལ་གོམས་པར་མཛད་ན། སྡིག་སྤོང་དགེ་སྒྲུབ་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར་བས་ཀུན་གྱི་ཕྱག་ལེན་ལ་ཅི་ཐེབས་གྱིས་ཤིག། །། ༈ སྨྲས་པ། ལེགས་རྒྱུ་དགེ་ཚོགས་བྱེ་བས་བསྐྲུན་པའི་སྐུ། །ལེགས་བཤད་འགྲོ་བའི་རྣ་བར་སྒྲོགས་པའི་གསུང་། །ལེགས་ཉེས་ཆོས་ཀུན་ས་ལེར་མཁྱེན་པའི་ཐུགས། །ལེགས་པའི་ལམ་སྟོན་བླ་མ་ཐམས་ཅད་མཆོད། །མི་རྒན་གླུ་དབྱངས་ལེན་པ་མི་འོས་མོད། །འོན་ཀྱང་རང་

p. 269

གི་གཤིས་ལུགས་ཡིན་པས་ན། །བར་སྐབས་འདིར་ཡང་སྙན་པའི་གླུ་ཞིག་ལེན། །དད་གུས་དག་སྣང་ཅན་རྣམས་དགའ་བས་ཉོན། །མཐོང་ཐོས་བླ་མ་རྣམས་ལ་དད་གུས་ཆེ། །ཆོས་མཛད་མཆེད་གྲོགས་ཀུན་ལ་བརྩེ་གདུང་ཆེ། །ཉམ་ཐག་སེམས་ཅན་ཡོངས་ལ་སྙིང་རྗེ་ཆེ། །ཆོས་ལུགས་གཞན་ལ་དག་སྣང་ཆེ་ན་ལེགས། །ཁྱད་པར་བོད་དུ་དར་བའི་གྲུབ་མཐའ་ཀུན། །ནང་པ་སངས་རྒྱས་བསྟན་པ་ཁོ་ན་ཡིན། །གྲུབ་མཐའ་གང་ལའང་སྡང་པོ་མི་བྱེད་པར། །དག་སྣང་བྱེད་བཞིན་བྱམས་པོ་བྱས་ན་ལེགས། །དམིགས་བསལ་ཅན་གྱིས་གནང་བཀག་རེ་གཉིས་ཙམ། །མ་གཏོགས་མདོ་སྔགས་གཉིས་ཀྱང་འགལ་བ་མེད། །གནང་བཀག་གསོ་མཚམས་ཤེས་ནས་ཉམས་བླངས་ན། །གཅིག་གྲོགས་གཅིག་འགྱུར་ཤིན་ཏུ་ངོ་མཚར་ཆེ། །དེང་སང་གསར་རྙིང་གང་ཡང་ཕྱོགས་རིས་ཆེ། །ཆོས་པ་འགའ་རེས་ཆགས་སྡང་ཆེན་པོ་སྣང་། །ཞྭ་ཡང་དམར་སེར་གཉིས་ལ་གྲུབ་མཐའ་འདུག །ང་ནི་ཞྭ་མེད་རྣལ་འབྱོར་བྱེད་སྙིང་འདོད། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཕྱོགས་མེད་རྒྱལ་

p. 270

ཁམས་ངེས་མེད་རི་ཁྲོད་འགྲིམ། །ཆོས་དང་གང་ཟག་ཕྱོགས་དམན་བར་གསུམ་ལ། །དག་སྣང་སྦྱོང་བཞིན་ཞབས་ཏོག་སྒྲུབ་པར་སྨོན། །སྙིགས་དུས་ཚེ་ཐུང་ནམ་འཆི་ངེས་པ་མེད། །དེ་རིང་ཙམ་ཡང་མི་འཆིའི་གདེངས་མེད་བཞིན། །གྲུབ་མཐའི་ཕྱོགས་རིས་བྱས་ནས་ཅི་ཞིག་བྱ། །དབེན་པར་གཅིག་པུར་ལྷ་ཆོས་བྱེད་པར་རིགས། །ཆོས་ཀྱི་སྙིང་པོ་དག་སྣང་འདི་ཡིན་པས། །སྣོད་རྣམས་གཞལ་ཡས་བཅུད་རྣམས་ལྷ་ཡི་སྐུ། །དག་པ་རབ་འབྱམས་འབའ་ཞིག་ཡིན་སྙམ་དུ། །མོས་ནནམ་ཞིག་དེ་ལྟར་མཐོང་བར་འགྱུར། །ས་གསེབ་སྲིན་འབུ་ཡན་ཆད་ལྷར་གྱུར་ནས། །དངོས་གྲུབ་སྟེརན་གཞན་རྣམས་སྨོས་ཅི་དགོས། །དེ་ཕྱིར་ཆགས་སྡང་ལོག་ལྟ་ཐེ་ཚོམ་སྤོངས། །དད་གུས་དག་སྣང་ཁོ་ན་ད་སྦྱོངས་ཤིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་མཁས་ཤིང་གྲུབ་པ་བརྙེས་པའི་རྗེ་ཡང་དགོན་པའི་རི་ཆོས་ཡོན་ཏན་ཀུན་འབྱུང་ལས། ཕྱི་སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་དུ་མོས་པ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་དུ་བསྒོམ་ཞིང་མོས་པ་བྱ། །ཁྱད་པར་དུ་སྲོག་ཆགས་ཕོ་མོ་འདོད་པ་བསྟེན་པ་

p. 271

ཐམས་ཅད་ཡི་དམ་ཡབ་ཡུམ་དུ་བསྒོམ་ཞིང་ཆགས་སྡང་མིག་སེར་མི་བྱ། བར་དོའི་མངལ་སྒོ་དགག་པའི་གནད་ཀྱང་དེ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སྐྱོན་ནས་མི་བསམ་ཞིང་། ཡོན་ཏན་དུ་བལྟས་ལ་ཞིང་ཁམས་སྦྱང་། དག་སྣང་བརྟན་པར་བྱ། སེམས་ཅན་ཐམས་ཅད་ལྷན་སྐྱེས་ཡི་དམ་གྱི་འཁོར་ལོ་ཡིན་ནོ། །བླ་མ་ཆོས་སྐུའི་རང་བཞིན་ཡེ་ཤེས་ཀྱི་གཟུགས་བརྙན་སྣང་བ་ཡིན་པས་རང་རྒྱུད་པས་སྙིང་རྗེ་ཡང་བསྒོམ་དུ་མི་རུང་ན། སྡང་ཞིང་སྨོད་པ་ལྟ་ཅི་སྨོས། ངག་བརླང་པོ་དང་འགོམ་པ་ལ་སོགས་པ་དུད་འགྲོ་ཚུན་ཆད་ལ་སྤང་། བརྙས་པ་དང་ཁྱད་གསོད་མི་བྱ། ཐམས་ཅད་བདེ་གཤེགས་ཀྱི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་བླ་མ་ཡི་དམ་ཆོས་སྐུར་ཤེས་པས། ཐམས་ཅད་ཀྱི་ཡོན་ཏན་ནས་བསམ་ཞིང་མོས་གུས་བྱས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བུམ་པ་གང་བྱོས་ཐོབ་པ་ལ་ཚེགས་མེད། སྣང་བ་རང་སེམས་ཡིན་པ། རང་ལ་འགྲོ་བ་ཐམས་ཅད་ཀྱི་ཡོན་ཏན་དུ་མཐོང་ཞིང་། དངོས་པོའི་སྒྱུར་ལྡང་། སུ་དང་སུ་ལ་ཡང་མ་དད་པ་མི་

p. 272

འབྱུང་བར་དད་ཅིང་འདུན་པར་འགྱུར་རོ། །བསྐྱེད་རིམ་བརྟན་པའི་ཡན་ལག་མོས་གུས་ཀྱི་མཐར་ཐུག །བྱམས་སྙིང་རྗེའི་མཐར་ཐུག །དག་པ་ཡེ་ཤེས་ཀྱི་སྣང་བ་ཆོས་སྐུར་ཆར་བ་དག་སྣང་སྦྱངས་པ་ཡིན་པས། འདི་གནད་དུ་གཏོང་བ་གལ་ཆེའོ། །ཚུར་ལ་གནོད་པ་བསྐྱལ་བ་ཐམས་ཅད་སངས་རྒྱས་ཀྱི་བྱིན་རླབས་སུ་ཤེས་པར་བྱ། སྨོད་ཚིག་སྐར་བ་གཏོང་བ་ཐམས་ཅད་སངས་རྒྱས་ཀྱི་བཀའ་བཀྱོན་ཡིན་པས་སྒྲིབ་པ་འདག །སངས་རྒྱས་ཀྱི་མཛད་པ་ཇི་ལྟར་འདུག་དང་། ཁྲོ་བ་དང་ཞེ་སྡང་སུ་ཡིས་ཕོད། ཕན་འདོགས་པ་དང་བསྙེན་བཀུར་བྱེད་པ་ཐམས་ཅད་སངས་རྒྱས་ཀྱི་ཐུགས་རྗེས་སུ་འཛིན་པ་ཡིན་པས་ཁ་ལན་དང་རློམས་སེམས་སུ་སྐྱེས། ཕར་སུ་ལ་ཕན་བཏགས་ཀྱང་སངས་རྒྱས་ལ་ཞབས་ཏོག་བྱས་པར་འགྲོ་སྟེ། ཞིང་ལ་བཟང་ངན་མེད། ཁྱུ་ལ་ཟན་ཆང་ཅིག་བྱིན་དང་། བྱང་ཆུབ་སྟོབས་ཀྱིས་སྦྱིན་པར་འགྲོ། དེ་ལྟར་ཤེས་ཙན། ཕར་སུ་དང་འཕྲད་ཀྱང་སངས་རྒྱས་དང་མཇལ། ཚུར་སུ་དང་ལབ་ཀྱང་སྔགས། གང་དུ་ཕྱིན་ཀྱང་བསྐོར་བ། སྙན་པར་སྨྲས་ཚད་བསྟོད་པ། ཅི་བྱས་ཆོས་སུ་འགྲོ་བར་འདུག་སྟེ།

p. 273

བློ་སྦྱོང་ངོ་མཚར་རྨད་དུ་བྱུང་བ་སྐྱེས་པ་ཙམ་གྱིས་ངོ་བོ་ཉིད་ཀྱིས་དགེ་ཞིང་འཁོར་བ་དོང་ནས་སྤྲུགས་པ་ཡ་མཚན་ཅན་གྱི་ལམ་འཁྱེར་ཡིན་ནོ། །འདི་མ་ཤེས་པས་སྒོམ་ཆེན་པ་གཞན་ཁྱད་དུ་གསོད་ཅིང་རང་ཁ་ལང་རྒྱུན་ཆད་མེད་པར་འོང་བ་ཡིན། འདི་ཤེས་ན་གྲོགས་མཆེད་ཆོས་ལ་ཞུགས་པ་ལྟ་ཅི་སྨོས་ཏེ། འཇག་མིག་གི་སྲིན་འབུ་ཡན་ཆད་ལ་ངན་པར་སྨྲས་པ་ཆད་པ་མེད་པར་འགྲོ་བ་ཡིན་ནོ། །སོམས་ཤིག་བུ་ཀུན། དེ་ལྟར་དུས་རྣམ་པ་ཐམས་ཅད་དུ་རང་གཞན་ལྷའི་དཀྱིལ་འཁོར་གྱིས་ཐ་མལ་གྱི་སྒོ་གསུམ་སྐད་ཅིག་དང་མ་ཤོར་བར་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་དང་མི་འབྲལ་བར་བྱའོ། །ཞེས་གསུངས། ལེགས་བཤད་བསྟན་པའི་སྙིང་པོ་ལས། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་རྟེན་དང་བརྟེན་པར་བཅས་པའི་ལྷའི་ངོ་བོར་གདོད་ནས་ལྷན་སྐྱེས་སུ་གནས་གསུངས། གསང་བ་འདུས་པའི་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དྲག་དང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་

p. 274

ཡིན། །ཆུ་ཡི་ཁམས་ནི་མ་མ་ཀི །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་གྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །རྡོ་རྗེ་འཛིན་པ་དེ་ཉིད་ཡིན། །ཞེས་དང་། འཁོར་ལོ་སྡོམ་པ་ངེས་པར་བརྗོད་བའི་རྒྱུད་བླ་མ་ལས། གཟུགས་ནི་རྣམ་པར་སྣང་མཛད་ཡིན། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་པདྨ་གར་དབང་ཡིན། །འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན། །བདེ་གཤེགས་ཀུན་ཉིད་ཧེ་རུ་ཀ །མིགནི་གཏི་མུག་རྡོ་རྗེ་ཡིན། །རྣ་བ་ཞེ་སྡང་རྡོ་རྗེ་ཡིན། །སྣ་ནི་སེར་སྣ་རྡོ་རྗེ་ཡིན། །ལྕེ་ནི་འདོད་ཆགས་རྡོ་རྗེ་སྟེ། །ལུས་ནི་ཕྲག་དོག་རྡོ་རྗེ་ཡིན། །སྐྱེ་མཆེད་དབང་ཕྱུག་རྡོ་རྗེའོ། །ཞེས་དང་། སྡོམ་པ་འབྱུང་བའི་རྒྱུད་ལས། ཉི་ཤུ་རྩ་བཞིའི་ལྷ་རྣམས་ཀྱི། །ལུས་ནི་སྡུག་ཅིང་འཛིན་པ་སྟེ། །ལུས་ནི་དབང་པོའི་རང་བཞིན་ཅན། །འདི་དེ་སངས་རྒྱས་ཀུན་དང་མཚུངས། །ཞེས་རྩ་དང་ཁམས་རྣམས་དཔའ་བོ་དང་མཁའ་འགྲོ་མའི་དཀྱིལ་འཁོར་དུ་གསུངས། གཞན་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བསྒོམ་རུང་མ་བསྒོམ་རུང་གདོད་མ་ནས་སངས་རྒྱས་ཀྱི་ངོ་བོར་གནས་

p. 275

པས་ན། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །ལུས་འདི་སངས་རྒྱས་རང་བཞིན་སྐུ། །ཆ་ཤས་བྱང་ཆུབ་ཡན་ལག་གནས། །དེ་ཡི་བ་སྤུ་དགྲ་བཅོམ་པ། །ཞེས་དང་། སམྦུ་ཊའི་རྒྱུད་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་དུ་སངས་རྒྱས་མེད། །ལུས་ལས་གཞན་དུ་སངས་རྒྱས་ཉིད། །མི་ཤེས་པ་ཡི་ས་སྒྲུབ་སྒྲི་པར་འདོད། །གསུངས། འོ་ན་དེ་ལྟར་གདོད་ནས་ལྷ་ཡིན་ན། སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་རོ་ཞེ་ན། དཔེར་ན་ཐག་པ་ལ་སྦྲལ་དུ་འཁྲུལ་པའམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདམ་རྫབ་ཀྱི་ནང་ན་གནས་པ་ལྟར། ལྷ་ལ་ཐ་མལ་དུ་འཛིན་པའི་རྟོག་པས་བསྒྲིབས་ནས། སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པ་ཡིན་ལ། འདིར་སྣོད་བཅུད་ལྷའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་ངོ་ཤེས་ནས་དེ་བཞིན་དུ་བསྒོམ་དགོས་ཏེ། མཁའ་འགྲོ་མ་རྡོ་རྗེའི་གུར་ལས། དེ་ལྟ་བུའི་ལུས་གློ་བུར་གྱི་དྲི་མས་སྦགས་པ་དག་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱི་སྐུའི་རྣམ་པར་བསྒོམ་པར་བགྱི། ཞེས་གསུངས་པ་

p. 276

ལྟར། སྣོད་བཅུད་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་ནུས་ན། ནམ་ཞིག་དེ་ཇི་ལྟར་བསྒོམ་པ་དེ་ལྟར་མངོན་དུ་འགྱུར་ཏེ། ཐམས་ཅད་གསང་བ་དང་ལྷ་མོ་བཞིས་ཞུས་པའི་རྒྱུད་ལས། ཕུང་པོ་ལ་སོགས་སངས་རྒྱས་ལྔའི། །རང་བཞིན་མངོན་ཤེས་བཤད་པ་ཡིན། །དངོས་དེ་ངེས་པར་བསྒོམ་པ་ཡི། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ཞེས་དང་། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །གསུངས། དེ་ལྟར་འགྲུབ་པ་ཅིའི་ཕྱིར་ཞེ་ན། སྣང་བ་རང་གི་སེམས་ཡིན་པའི་ཕྱིར་གོང་དུ་གྲུབ་པ་དེའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་ཅིང་། དེ་ཙན་གྲུབ་པ་ཐོབ་པའམ། ཡི་དམ་གྱི་ལྷ་གང་ཡིན་པ་ཞལ་མཐོང་བ་ཡིན་ཏེ། དེས་འཇིག་རྟེན་གྱི་ཆོས་བརྒྱད་ཟིལ་གྱིས་གནོན། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཁྲ་ལམ་མེ་མཐོང་། ཕྲིན་ལས་བཞི་ལ་ཐོགས་པ་མེད་པ་ཡིན་གསུངས། དེས་ན་སྣོད་བཅུད་ཐ་མལ་དུ་མི་ལྟ་བར། ཕྱི་སྣོད་ཐམས་ཅད་དག་

p. 277

པའི་ཞིང་དང་ལྷའི་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསྒོམ་པས་དག་སྣང་འབའ་ཞིག་ལ་གོམས་པར་བྱས་ན། མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཆར་བཞིན་དུ་འབབ་པར་འགྱུར། གསང་སྔགས་ཉེ་ལམ་ཡང་དེ་འདྲ་ལ་ཟེར་བས་གཞན་དུ་མ་སེམས། ཡང་སེམས་ཅན་ཐམས་ཅད་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱང་གདོད་ནས་ལྷ་རུ་གནས་པས་ཐ་མལ་དུ་མི་ལྟ་བར་ལྷ་རུ་བལྟ་དགོས་ཏེ། ཀློང་གསལ་ལས། ལུས་ཀྱིས་ཁྱབ་ཚད་སེམས་ཅན་ལ། །ཕུང་པོ་ལྔ་ནི་རིགས་ལྔ་དངོས། །ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས། །ཞེས་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཧེ་རུ་ཀནི་ཕུང་པོ་ཉིད། །ཕུང་པོ་ཡང་ནི་ཧེ་རུ་ཀ །ཁམས་ནི་རྡོ་རྗེ་སེམས་དཔའ་སྟེ། །རྡོ་རྗེ་དཔལ་མོ་ཁམས་ཉིད་དོ། །སྐྱེ་མཆེད་ཡངནི་དེ་བཞིན་ཏེ། །ལྷའི་ངོ་བོར་ཤེས་པར་བྱ། །ཞེས་གསུངས། ཐ་མལ་དུ་བལྟས་ནས་སྨད་ན་སྔགས་ཀྱི་རྣལ་འབྱོར་པ་ཡིན་ན་རྩ་ལྟུང་བརྒྱད་པ་ཕོག་སྟེ། ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་

p. 278

ཡིན། །གསུངས་པའི་ཕྱིར་རོ། །དེས་ན་སེམས་ཅན་མཆོག་དམན་བར་མ་ཐམས་ཅད་ལྷ་རུ་བལྟས་ནས་གུས་པར་བྱའོ། །གསང་འདུས་ལས། མདོར་ན་ཕུང་པོ་རྒྱལ་བ་ལྔ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་དང་། སློབ་དཔོན་དྲིལ་བུ་ཞབས་ཀྱིས། འགྲོ་ལྔ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། ཅེས་དང་། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། །ཅེས་དང་། ཟབ་དོན་ཆོས་ཀྱི་གཏེར་མཛོད་ལས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཡི་དམ་ལྷ། །གླེང་བརྗོད་སྒྲ་སྐད་སྔགས་སུ་བསྒོམ། །ཆགས་པ་སྤྱོད་པ་མཐོང་ཚད་ལ། །ཡི་དམ་ཡབ་ཡུམ་ཡིན་པར་བསྒོམ། །མོས་གུས་དྲག་པོ་གནད་དུ་གཏང་། །ཆགས་སེམས་སྐྱེ་རུ་མི་གཞུག་གོ །ཕ་རོལ་སུ་དང་སུ་ཡིས་ཀྱང་། །བདག་ལ་དངོས་པོ་གང་བྱིན་ཀྱང་། །ཡི་དམ་ལྷ་ཡིས་

p. 279

གནང་བར་བསྒོམ། །རང་གིས་ཕ་རོལ་ཅི་འབུལ་ཡང་། །ཡི་དམ་ལྷ་ལ་ཕུལ་བར་བསྒོམ། །ས་སྟེང་དུནི་མཐོང་བ་ཀུན། །ཐམས་ཅད་ཧེ་རུ་ཀ་དཔལ་གཟུགས། །འགྲོ་བ་དྲུག་པོའི་སྲིད་པ་སྦྱང་། །འབུ་སྦྲང་སྦུར་པ་ལ་སོགས་པ། །བརྙས་དང་ཁྱད་གསོད་མི་བྱ་སྟེ། །བདེ་གཤེགས་སྙིང་པོས་ཁྱབ་པས་ན། ཡི་དམ་ལྷ་ཡི་རང་བཞིན་ཡིན། །ཡི་དམ་ལྷ་ཞེས་བྱ་བ་ཞིག །ལོགས་ན་ཡོད་རེ་བ་ཞིག་མེད། །རང་གི་སྣང་བ་དག་པ་ན། །ཐམས་ཅད་ལྷ་ཡི་ངོ་བོར་འཆར། །རང་གི་སྣང་བ་མ་དག་པར། །དུས་གསུམ་བདེ་གཤེགས་ཀུན་བྱོན་ཡང་། །བདག་གིས་མཐོང་བར་མི་ནུས་ཏེ། །དམུས་ལོང་བ་ལ་གསེར་བསྟན་བཞིན། །མོས་དང་གུས་པ་ཆེར་བྱས་ན། །སྡིག་སྒྲིབ་དག་དང་ཚོགས་རྫོགས་པའི། །དངོས་གྲུབ་སྦུར་པ་ཡིས་ཀྱང་སྟེར། །རང་གི་ལྷག་བསམ་དགེ་བའི་ཕྱིར། །བཏང་སྙོམས་བཞག་ན་ཡི་དམ་གྱིས། །དངོས་གྲུབ་སྟེར་བར་མི་ནུས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་ལ། །གསོལ་བ་མ་ཐེབས་པ་དང་འདྲ། །ཞེ་སྡང་མི་དགེའི་སེམས་སྐྱེས་ན། །ཡི་དམ་གྱིས་ཀྱང་

p. 280

ངན་སོང་བསྐྱར། །སྦུར་བས་ཀྱང་ནི་བསྐྱར་བར་ནུས། །དེ་ཕྱིར་ཐམས་ཅད་ཡི་དམ་ཡིན། །མདོརན་མངོན་ཤེས་མ་ཐོབ་པར། །དམ་པ་སུ་ཡིན་མི་ཤེས་པས། །སུ་ལའང་བརྙས་པ་མི་བྱ་ཞིང་། །བཟང་པོར་ལྟ་ཞིང་དག་སྣང་སྦྱང་། །གསུངས། བླ་མ་ཞང་གི་ཞལ་ནས། རང་གི་སྣང་བ་མ་དག་ན། །སྤྱན་རས་གཟིགས་ཀྱང་ཁྱི་རོར་མཐོང་། །རང་གི་སྣང་བ་དག་གྱུར་ན། །འཇག་མིག་སྲིན་བུ་ཆོས་སྐུར་མཐོང་། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པས་གང་ལའང་དག་སྣང་ཁོ་ན་བྱ་བ་གཅེས་སོ། །སྐྱེས་མཆོག་འབའ་ར་བའི་རི་ཆོས་ལས། རང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་བ་དང་། །གཞན་སུ་དང་སུ་ཡི་སྐྱོན་ནས་མི་བསམ་པ་དང་། ཐམས་ཅད་ལ་དག་པའི་སྣང་བ་སྦྱང་བའོ། །དང་པོ་ནི། སྤྱོད་ལམ་གང་དང་གང་བྱེད་ཀྱང་། ལུས་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བར་བྱ་སྟེ། སློབ་དཔོན་བྱང་ཆུབ་བཟང་པོའི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ་ལས། བདག་ནི་འགྲོ་འམ་ཉལ་འདུག་རུང་། །སྤྱོད་ལམ་ཇི་ལྟར་གནས་འདུག་རུང་། །ཡིད་ནི་ལྷ་ཡི་ང་རྒྱལ་དང་། །སྐད་ཅིག་ཙམ་ཡང་མི་འབྲལ་

p. 281

བར། །རང་ཉིད་ཡིན་པར་རྟག་ཏུ་བསམ། །ཞེས་སོ། །གཉིས་པ་ནི། སེམས་ཅན་ནི་སུ་དང་སུ་མཐོང་ཡང་། དེ་དག་གི་སྐྱོན་ལ་མི་བསམ་པར་བྱ་སྟེ། དང་པོ་ནི། མི་ཁ་དོག་ངན་པ་འདུ་ཤེས་བླུན་པོ་ནོར་མེད་པ་དག་ལ་བརྙས་པར་མི་བྱ་སྟེ། མི་དེའི་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཇི་འདྲ་ཡོད་དང་། ཉམས་རྟོགས་བཟང་པོ་ཇི་འདྲ་ཡོད་མི་ཤེས་པས་སོ། །རྨི་ལམ་བསྟན་པའི་མདོ་ལས། མདོག་ནག་གླེན་ནམ་ཡང་ན་གཉེན་མེད་དམ། །སྙོམས་ཤིང་བརྙས་པར་བྱ་བ་ཡིནན་ཡང་། །མི་ཡི་ཁམས་དང་ཤེས་པ་བརྟགས་དཀའ་བས། །དེ་ལ་ཐེ་ཚོམ་སྐྱེད་ཅིང་སྐྱོན་མི་གདགས། །ཞེས་སོ། །གཉིས་པ་དུས་འདིར་སྡིག་པ་རླབས་པོ་ཆེ་བྱས་སུ་ཟིན་ཀྱང་། སྔ་མའི་ལས་འཕྲོ་དང་། བསོད་ནམས་ཀྱི་སྟོབས་ཆེན་པོ་ཡོད་པ་ཚེ་འདིའི་སྡིག་པས་ལོག་པར་འཁྲིད་མི་ནུས་པས། རྐྱེན་དགེ་བའི་བཤེས་གཉེན་དང་འཕྲད་པ་ཙམ་གྱིས་གྲོལ་བའི་རིགས་ཡོད་པ་ཅི་འདྲ་ཡོད་པ་ཡིན་ནམ་མ་ཡིན་མི་ཤེས་པས་ན་བརྙས་པ་དང་སྨད་དུ་མི་རུང་སྟེ། མདོ་དེ་ཉིད་ལས། མ་སྐྱེས་དགྲ་ཡིས་ཕ་ནི་བསད་བྱས་

p. 282

ཤིང་། །དེ་བཞིན་གཤེགས་པ་བཀྲོང་པར་སྦྱར་བྱས་ཀྱང་། །དེ་སེམས་གཅིག་གིས་ངན་འགྲོ་རྣམ་གྲོལ་ན། །གང་ཟག་དག་པ་གང་ཡིན་སྨོས་ཅི་དགོས། །ཞེས་པས། སྡིག་ཅན་ལ་ཡང་སྨད་དུ་མི་རུང་ན། སྡིག་པ་མི་བྱེད་པ་རྣམས་ལ་དེ་བས་ཀྱང་སྨད་དུ་མི་རུང་ངོ་། །གསུམ་པ་ནི། ཆོས་པའི་རིགས་དབེན་པ་མི་བསྟེན་པར་འདུ་འཛི་འབའ་ཞིག་བྱེད་པ་མཐོང་ཡང་། དེ་ལ་བཙུན་པ་དབེན་པ་ལ་མི་གནས་པར་འདུ་འཛིས་གཡེང་བ་འདི་ལྟ་བུ་ཞེས་སྨད་དུ་མི་རུང་སྟེ། ལུས་འདུ་འཛི་ལ་གནས་ཀྱང་སེམས་ཏིང་ངེ་འཛིན་ལ་གནས་པ་འདུ་འཛིས་མི་འཕྲོག་པར་གནས་པ་ཡོད་སྲིད་པས། འདུ་འཛི་བསྟེན་པ་ལ་སྨད་དུ་མི་རུང་སྟེ། མདོ་དེ་ཉིད་ལས། སེམས་ཀྱི་འཆིང་བར་བྱེད་ཅིང་གྲོལ་བྱེད་པས། །ལུས་སེམས་འདི་ལ་ངེས་པ་ཅི་ཡང་མེད། །ལུས་ཀྱི་འདུ་འཛི་མཐོང་ནས་གཤེ་མ་བྱེད། །ཕ་རོལ་རྒོལ་བར་མ་བྱེད་ལུས་སྦྱོངས་ཤིག །ཅེས་སོ། །བཞི་པ་ནི། སྐྱེས་བུ་དམ་པ་གང་ཞིག་འགྲོ་ཕན་རླབས་ཆེན་པོ་བྱེད་པ་མཐོང་བ་ན་འཇིག་རྟེན་པ་དང་མཐུན་འཇུག་དང་། འདུན་གྲོས་དང་། མི་ཆོས་བྱེད་པ་དག་ཡོད་པས། དེ་དག་བྱེད་

p. 283

ཀྱང་དེ་དག་གི་རྐྱེན་གྱིས་མ་ཡེངས་པ་དག་ཡོད་པས། དེ་ལ་སྨད་པར་མི་བྱ་སྟེ། མདོ་དེ་ཉིད་ལས། གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང་། །འབར་བའི་རང་བཞིན་ནམ་ཡང་མི་བྲི་ལྟར། །ངེས་པར་འབའ་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་། །ནམ་ཡང་བསམ་པའི་རང་བཞིན་དེ་མི་སྤོང་། །ལ་ལ་དུག་ཟོས་འཆི་བར་མི་འགྱུར་ལ། །མེ་སྟག་བཟུང་བས་ཚིག་པར་མི་འགྱུར་ཞིང་། །གང་དག་ཡེ་ཤེས་སྤྱོད་པ་རླབས་དེ་དག །བྱིས་པའི་སྤྱོད་པས་མི་འཕྲོག་སྨོས་ཅི་དགོས། །ཞེས་དང་། དཔའ་བར་འགྲོ་བའི་མདོ་ལས། བཅོམ་ལྡན་འདས་དེང་སླན་ཆད་སེམས་ཅན་ལ་སྟོན་པའི་འདུ་ཤེས་བསྐྱེད་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་གང་ལ་བྱང་ཆུབ་ཡོངས་སུ་སྨོན་པའི་དབང་པོ་རྣམས་མཆིས་པ་དང་། གང་ལ་མ་མཆིས་པ་དེ་ཤེས་པར་འགྱུར་བ་དེ་བདག་ལ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་བདག་ཅག་ནི་ཤེས་པ་མ་མཆིས་པས་སེམས་ཅན་དེ་ལྟ་བུ་དག་ལ་དམན་པའི་འདུ་ཤེས་བསྐྱེད་ནས། དེས་བདག་ཅག་སྨད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

p. 284

འོད་སྲུངས་ལེགས་སོ་ལེགས་སོ་ཚིག་དེ་ལེགས་པར་སྨྲས་པའོ། །ངེས་དོན་གྱི་དབང་འདི་ལེགས་པར་མཐོང་ནས། དགེ་སློང་དག་ངའམ་ང་དང་འདྲ་བས་གང་ཟག་གི་ཚོད་གཟུང་གིས། གང་ཟག་གིས་གང་ཟག་གི་ཚོད་མི་གཟུང་ངོ་། །གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་ཉམས་པར་འགྱུར་བ་ཤེས་པར་གྱིས་ཤིག །ཁྱོད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ། འོད་སྲུངས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་གྱིས་འདི་ན། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་ཡོད་དུ་འོང་ཞིང་། སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། འདི་སྙམ་དུ་སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་བས། བདག་གི་ཕ་རོལ་པོའི་སེམས་མི་ཤེས་སོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས། གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་གིས། ངའམ་ང་འདྲ་བས་གང་ཟག་གི་ཚོད་བཟུང་ངོ་། །ཞེས་ཆོས་སྟོན་ཏོ། །རིགས་ཀྱི་བུ་གང་དག་བསྲུང་བར་འདོད་པ་དེ་རྣམ་

p. 285

པར་འཕྱ་བར་མི་བྱ་སྟེ། འདི་ནི་འདི་འདྲའོ་ཞེས་གཞན་ལ་འཕྱ་སྨོད་མི་བྱའོ། །ཞེས་པས། གཞན་གྱི་སེམས་ཤེས་པའི་མངོན་ཤེས་མ་ཐོབ་བར་དུ་སུ་ལ་ཡང་བརྙས་པར་མི་བྱའོ། །ལྔ་པ་ནི། རང་ཚུལ་ཁྲིམས་དང་ལྡན་པ་ཙམ་གྱིས་སེམས་ཁེངས་ནས། གཞན་ཚུལ་ཁྲིམས་འཆལ་བ་དེ་ལ་བརྙས་བར་མི་བྱ་སྟེ། ཚུལ་ཁྲིམས་འཆལ་བ་དེ་ལ་སེམས་རང་བཞིན་གྱིས་རྣམ་པར་དག་པའི་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས། དེ་སངས་རྒྱས་ཀྱི་རིགས་དང་ས་བོན་ཡིན་པས་སྨད་པར་མི་བྱ་ཞིང་། སྤྱོད་པ་ངན་པ་ལྟར་སྣང་ཡང་། ཐེག་ཆེན་ཚུལ་ཁྲིམས་བསམ་པ་རྣམ་དག་སུ་ལ་ཡོད་མི་ཤེས་པས་སྨད་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ང་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མ་སྙེམས། །འདི་ནི་ཚུལ་ཁྲིམས་ངན་ཞེས་གཞན་མ་བརྙས། །ཚུལ་ཁྲིམས་ཙམ་གྱིས་གཞན་ལ་གང་བརྙས་པ། །བརྙས་ཕྱིར་དེ་ནི་ཚུལ་ཁྲིམས་འཆལ་ཞེས་བྱ། །ཞེས་གཞན་སྐྱོན་མི་བརྟག །གཞན་ལ་སྐྱོན་འཚོལ་ཙན། རང་ལ་སྐྱོན་ངེས་པར་ཡོད་པས་ཏེ། གཞན་ལ་སྐྱོན་རྟོག་པའི་དུས་ན།

p. 286

རང་གི་སེམས་ལ་གཞན་དེ་སྡུག་ན། ངནན། རྙེད་བཀུར་མ་བྱུང་ན་སྙམ་པའི་ཞེ་སྡང་ངམ། ཕྲག་དོག་ཡོད་པས་སྐྱོན་མེད་ཀྱང་འཚོལ། འདུག་པ་ལ་སྒྲོ་བཏགས་ནས་འཕྱ་བས་ཏེ། བསམ་པ་ངན་པས་ཆོས་པ་ལས་སྐྱོན་ཆེ་བ་མེད་དེ། གཅིག་གིས་གཅིག་ལ་གནོད་སེམས་ཡིད་ལ་བྱེད་ན་ཚུལ་ཁྲིམས་དང་ཐོས་པ་དང་། སྦྱིན་པ་ལ་སོགས་པ་གང་གིས་ཀྱང་མི་སྐྱོབ་པར་ངན་འགྲོར་འགྲོ་བར་གསུངས་པས། གཞན་ལ་སྐྱོན་འཚོལ་བ་དེ་རང་གི་སྐྱོན་དུ་ཤེས་པས་སྤང་བར་བྱ་སྟེ། ཇོ་བོས་ཚུལ་ཁྲིམས་གྱི་སྤྱོད་པ་གླུར་བླངས་བ་ལས། གཞན་སྐྱོན་མ་བརྟག་རང་སྐྱོན་བརྟག །གཞན་གྱི་སྙིང་ལ་མི་འབབ་པའི། །ཚིག་ཀྱང་མཁས་པས་རིང་དུ་སྤང་། །ཞེས་དང་། སྡོམ་པ་གསུམ་བསྟན་པའི་མདོ་ལས། ང་ནི་དཀར་གྱི་ཁྱོད་ནག་ཅེས། །དེ་ནི་གཞན་ལ་བརྙས་བྱས་ན། །ནག་པོར་འགྱུར་ཏེ་མུན་པ་བཞིན། །ངག་ནི་ཤིན་ཏུ་བསྡམས་པར་གྱིས། །ཞེས་དང་། མྱང་འདས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་གྱི་སྐྱོན་མཐོང་ཡང་མི་བརྗོད་དོ། །རང་ལ་ཉོན་མོངས་པ་སྐྱེ་བར་དོགས་པའི་ཕྱིར། གལ་ཏེ་ཉོན་

p. 287

མོངས་པ་སྐྱེས་ན་ངན་སོང་དུ་སྐྱེ་བའི་ཕྱིར་རོ། །ཞེས་སོ། །གསུམ་པ་དག་པའི་སྣང་བ་སྤྱོད་པ་ལ་གཉིས་ལས། དང་པོ་སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོ་ཡོད་པས། དེ་ནི་སངས་རྒྱས་ཀྱི་རང་བཞིན་ཡིན་པས་མོས་གུས་བྱ་སྟེ། སེམས་ཅན་གང་མཐོང་ཡང་སངས་རྒྱས་ཀྱི་རང་བཞིན་ཆོས་ཀྱི་སྐ་ཡིན་ལ། ཆོས་སྐྲ་སངས་རྒྱས་ཀྱི་རང་བཞིན་ཡིན་པས་དེ་ལ་བསམས་ནས་མོས་གུས་བྱ་སྟེ། མྱང་འདས་ལས། བྱང་ཆུབ་སེམས་དཔའ་གལ་ཏེ་ལེགས་པ་ཅུང་ཟད་མཐོང་ཡང་བསྔགས་ཤིང་བསྟོད་དོ། །ལེགས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་པས། སེམས་ཅན་ལ་སྦྱིན་པ་ལ་སོགས་པ་སྦྱིན་པ་དང་། གུས་པས་སྙན་པར་སྨྲ་བ་དང་། བཀུར་སྟི་བྱས་ན་སྡིག་པ་འདག །བསོད་ནམས་ཐོབ་ལ་བརྙས་པ་དང་བརྡེག་འཚོག་བྱས་ན་སྡིག་པ་འབྱུང་བས། མཆོད་པའི་ཡུལ་དམ་པ་སེམས་ཅན་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་

p. 288

ཐམས་ཅད་འཐོབ་པར་འགྱུར་བས། དེ་ལ་ལོག་པར་སྒྲུབ་པ་མི་རིགས་སོ་སྙམ་ན། དེ་ཡང་འདི་སྙམ་དུ་ལེགས་པར་སྤྱོད་པ་དང་། ཉེས་པར་སྤྱོད་པ་ཐམས་ཅད་ནི། སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། ཉེས་པར་སྤྱད་པ་ལ་བརྟེནནས་ངན་སོང་རྣམས་འབྱུང་ངོ་། །ལེགས་པར་སྤྱད་པ་ལ་བརྟེན་ནས་ལྷ་དང་མིར་འགྱུར་རོ། །ཞེས་དང་། དགེ་སློང་གི་བྱ་བ་རྒྱས་པའི་མདོ་ལས་ཀྱང་གསུངས་ཏེ། གོང་དུ་བཤད་དོ། །སེམས་ཅན་མགུ་བར་བྱས་པས་སངས་རྒྱས་ཐོབ་པ་ལྟ་ཞོག །ཚེ་འདི་རང་ལ་ཡང་། ལོངས་སྤྱོད་འཕེལ་བས་དཔལ་ཆེ་བ་དང་། ཐམས་ཅད་ཀྱིས་བཟང་པོར་ལྟ་བས། དམ་པར་གྲགས་པ་ཆེ་བ་དང་། ཐམས་ཅད་དང་མཐུན་པས་གནོད་འཚེ་དང་བྲལ་བས་བདེ་བར་འགྱུར་ཏེ། དགེ་སློང་གི་བྱ་བ་རྒྱས་པའི་མདོ་ལས། སེམས་ཅན་མགུ་བྱས་ལས་བྱུང་བའི། །སངས་རྒྱས་ཉིད་འགྱུར་དེ་ལྟ་ཞོག །ཚེ་འདིར་དཔལ་ཆེ་གྲགས་པ་དང་། །བདེ་བར་གནས་པ་མ་མཐོང་ངམ། །ཞེས་སོ། །སེམས་ཅན་ལ་བཀུར་སྟི་བྱས་པས། ཚེ་ཕྱི་མ་ཕན་ཆད་སངས་རྒྱས་མ་ཐོབ་བར་དུ་ལུས་མཛེས་པ་དང་། ནད་མེད་

p. 289

པ་དང་། མཆོག་ཏུ་བདེ་བ་དང་། ཚེ་རིང་དུ་འཚོ་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ། །དུཿ༔ཁ་ཞི་བའང་འཁོར་བར་གནས་པ་ན་འབྱུང་སྟེ། མདོ་དེ་ཉིད་ལས། །མཛེས་པ་ཉིད་དང་ནད་མེད་དང་། །མཆོག་དུ་དགའ་དང་རིང་དུ་འཚོ། །འཁོར་ལོས་བསྒྱུར་བའི་བདེ་རྒྱས་དང་། །ཞི་བའང་འཁོར་བར་འཐོབ་པར་འགྱུར། །ཞེས་སོ། །གཉིས་པ་སེམས་ཅན་གང་མཐོང་ཡང་སངས་རྒྱས་སུ་བསྒོམས་ལ་དག་སྣང་སྦྱངས་ཏེ་ཚོགས་བསགས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་པས་ཀྱང་སངས་རྒྱས་ཡིན་ལ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་ཆོས་ཉིད་ཡིན་པས་ཀྱང་སངས་རྒྱས་ཡིན་ལ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཀྱང་། ནུས་མཐུའི་ཚུལ་དུ་ཚང་བས། ལམ་གོམས་པའི་རྐྱེན་གྱིས་མངོན་དུ་བྱར་ཡོད་པས་སངས་རྒྱས་ཡིན་ཏེ། རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ་ལས། གཟུགས་སུ་སྣང་རྣམས་སྐུ་ཉིད་ཡིན། །སྒྲ་རྣམས་གསུང་དུ་བདག་ཉིད་བརྟག །སེམས་ཅན་ཁམས་རྣམས་ཇི་སྙེད་པ། །ཐམས་ཅད་བྱང་ཆུབ་རྒྱུ་ཡིན་ཕྱིར། །དེ་ཡི་ཤེས་པ་

p. 290

ཡེ་ཤེས་ཡིན། །ཞེས་དང་། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། སེམས་ནི་སངས་རྒྱས་ཉིད་ཡིན་ཏེ། །གཞན་དུ་ཆེན་པོའི་སངས་རྒྱས་ནི། །འཇིག་རྟེན་ཁམས་ནི་ཡོད་མ་ཡིན། །དེ་ལ་རྙེད་བཀུར་བྱས་པ་དང་། །མི་རྟོག་པས་ནི་སྲིད་པ་གཙང་། །འཁུ་བར་བྱེདན་རྣལ་འབྱོར་པ། །ངུ་འབོད་ལ་སོགས་དམྱལ་ཆེན་འགྲོ། །ཞེས་པས། སེམས་ཅན་མཐོང་ཚད་ཡི་དམ་གྱི་ལྷར་བསྒོམས་ལ། སེམས་ཅན་སུ་ལ་ཡང་འགོམ་པ་དང་བརྙས་པ་མི་བྱ་བར་གུས་པ་དང་སྙན་པར་སྨྲ་བར་བྱ། སེམས་ཅན་གྱི་ངག་ནས་སྨྲས་པ་ཐམས་ཅད་སྔགས་ཀྱི་སྒྲར་བསྒོམ། སུ་ལ་སྟེར་ཀྱང་སངས་རྒྱས་ལ་འབུལ་བར་བསྒོམ། སུས་རང་ལ་སྟེར་ཀྱང་ཡི་དམ་ལྷས་རང་ལ་གནང་བར་བསྒོམ། གང་དུ་འགྲོ་ཡང་བསྐོར་བ་བྱེད་བར་བསྒོམ་སྟེ། བོན་བསྐོར་དུ་འགྲོ་དགོས་པ་འདི་ལ་ཤེས་རབ་སྟོང་པ་ཉིད་ཀྱིས་མཚོན་པའི་གཡོན་བསྐོར་བདེ་མཆོག་གི་བསྐོར་བ་དང་། ཆོས་བསྐོར་དུ་འགྲོ་བ་ཐམས་ཅད་བྱམས་སྙིང་རྗེས་མཚོན་པའི་གཡས་བསྐོར་ཆོས་སྤྱིའི་བསྐོར་བར་མོས་པར་བྱའོ། །ས་སངས་རྒྱས་སྤྱན། ཆུ་མ་མཱ་ཀི །མེ་གོས་དཀར་མོ།

p. 291

རླུང་སྒྲོལ་མ། ནམ་མཁའ་རྡོ་རྗེ་དབྱིངས་ཕྱུག་མ། སེམས་ཅན་ལ་སངས་རྒྱས་སམ། བླ་མར་བསྒོམས་ལ་གར་འགྲོ་ཡང་བསྐོར་བར་ཤེས་པར་བྱའོ། །ཞེས་དང་། སློབ་དཔོན་ཞི་བ་ལྷའི་ཞལ་ནས། རྒྱལ་བ་རྣམས་དང་སེམས་ཅན་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །གསུངས་པ་ལྟར། རྒྱལ་བ་ལ་བསྟེན་ནས་གནས་སྐབས་སུ་བདེ་ཞིང་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལྟར། སེམས་ཅན་ལ་བརྟེན་ནས་ཀྱང་གནས་སྐབས་བདེ་ཞིང་མཐར་སངས་རྒྱས་འཐོབ་པས་ན། རྒྱལ་བ་ལ་དད་གུས་བཞིན་སེམས་ཅན་ལ་དད་ཅིང་གུས་པར་བྱ། ཐ་ན་མིག་གིས་ལྟ་ཚུལ་ཡང་། ཇི་སྐད་དུ། མིག་གིས་སེམས་ཅན་བལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །གསུངས། གང་གི་སྐྱོན་མཐོང་ཀྱང་མི་བསྒྲོག་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། གང་གི་འཁྲུལ་པ་ཅི་མཐོང་ཡང་། །དེ་དག་ཉེས་པར་མི་བསྒྲགས་ཏེ། །ཅི་འདྲ་བ་

p. 292

མི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །གསུངས། ཇི་ལྟར་སྨྲས་ན། སྨྲས་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་གང་གསུངས་པ་ལྟར་བྱའོ། །པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཐམས་ཅད་རྒྱལ་བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་བར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་དང་། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། རང་རེ་རྣམས་སྤྱིར་ལུས་ཅན་ཀུན་དང་། སྒོས་ཆོས་བྱེད་ཡོངས་ལ་དག་སྣང་སྦྱོང་བ་ཞིག་གཙོ་བོར་བྱ་དགོས། མི་འགའ་ཞིག་རང་གི་ཉམས་ལེན་གྱི་ཐད་ནས། སློང་མོ་བའི་ཕྱེ་ལྟར་གང་ལ་མཛུབ་མོ་འཛུགས་རྒྱུ་མེད་པའི་དཀར་དམར་ཁྲ་གསུམ་འཛོམ་པ་ཞིག་བྱས། དག་སྣང་གི་ཐད་ནས་རང་གི་ཉམས་སུ་བླང་བྱ་ལའང་ཡིད་མི་ཆེས་པ་ལྟ་བུ་འདི་འདྲ་བྱེད་མི་ཉན། ཉམས་ལེན་གྱི་དོན་རྡོ་མ་འཕྱུགས་པ་ཞིག་དང་། དག་སྣང་གི་ཕྱོགས་རིས་སུ་མ་ཆད་པ་ཞིག་

p. 293

བྱ་དགོས། དེ་ཡང་མགོན་པོ་བྱམས་པས། གང་དང་གང་ལ་གང་དངནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ་། །ཞེས་རྒྱལ་བ་སྲས་བཅས་རྣམས་ཀྱིས་གདུལ་བྱའི་དོན་དུ་ལྷ་དང་ཀླུ་དང་། དགེ་སྦྱོང་དང་། དེ་ལ་ཕན་པར་འགྱུརན། ཤ་ཟ་མི་སྡུག་པ་ལྟ་བུར་ཡང་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་པ་རྣམས་ལ་ངས་ཤེས་དྲངས་སྟེ། ཆོས་མཛད་སྐྱེ་བོ་ཡིན་ཕྱིན་ཆད་ཆ་ལུགས་ཅི་འདྲར་སྣང་ཡང་། འདི་ནི་བདག་ཉིད་འཁོར་བ་དང་ངན་སོང་ལས་འདོན་པའི་གྲོགས་ཀྱི་མཆོག་དགེ་འདུན་དཀོན་མཆོག་གོ་སྙམ་དུ་བསམ་དགོས། དེར་མ་ཟད་རང་གི་ཚུལ་མ་ཡིན་པའི་བྱ་བ་ཞིག་ལ་ཞུགས་པ་ན། ཁྱིམ་པ་རྒན་འཁོགས་ཞིག་གིས། ཁྱེད་ཀྱི་དབུ་ལ་སངས་རྒྱས་ཀྱིས་སྐྲ་གྲི་བཞག་པས་དེ་ལྟར་མཛད་པར་རིགས་སམ་ཟེརན། རྒན་པོ་དེ་ཡང་སངས་རྒྱས་ཀྱི་སྤྲལ་པར་བལྟ་དགོས་པ་ཡིན། བཀའ་གདམས་གོང་མའི་དུས་སུ་བཙུན་གཟུགས་ཞིག་གིས་ལྷམ་དང་ཤོ་ཀ་ལི་མཉམ་དུ་ཁྱེར་བ་ན། རྒན་མོ་ཞིག་གིས་དགེ་སློང་ལགས་སངས་རྒྱས་ཀྱི་བཀའ་དང་ལྷམ་མཉམ་དུ་འཁྱེར་རུང་

p. 294

ངམ་བྱས་པས། སངས་རྒྱས་ཨ་བོ་ལ་མ་གྲུབ་ཅེས་ཟེརནས། སེ་གོལ་ཞིག་བྱ་བ་རྫོགས་སྟེ་ཕྱིན་པ་རེད། དེ་འདྲ་བྱས་ཏེ་རང་ཉིད་ངན་འགྲོར་མངོན་སུམ་དུ་མཆོང་རྒྱུ་ཡིན་ན་ཅི་ཤེས། དེ་མིན་དབུས་གཙང་མངའ་རིས་སོགས་ཀྱི་གྲུབ་པའི་མཐའ་ཕལ་ཆེར་སེམས་ཅན་རྣམས་ངན་འགྲོ་ལས་རིམ་གྱིས་དྲངས་ཏེ། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཐབས་ཤ་སྟག་ཡིན། དེས་ན་རང་ལུགས་འདི་བདེན་གྱི། ཆོས་ལུགས་གཞན་གྱི་གྲུབ་མཐའནི་མ་རུངས་པའོ། །དེ་འཛིན་པའི་སྐྱེས་བུ་ནི་གཏི་མུག་པའོ། །ཞེས་སྨོད་པ་ནི་མདོ་ལས་གསུངས་པའི་ཆོས་སྤོང་གི་ལས་འབྲས་བུ་སྡུག་བསྔལ་མི་བཟད་པ་འབྱིན་པའི་རྒྱུ་གྲུང་པོ་ཡིན་པས་སྲོག་གི་ཕྱིར་ཡང་། དེ་ལྟ་བུའི་ལས་ལ་འཇུག་མི་ཉན་ཞེས། གཞན་ལ་དག་སྣང་སྦྱོང་བའི་སྐོར་འདི་དཔེ་དང་གཏན་ཚིགས་དུ་མའི་སྒོ་ནས་གལ་པོ་ཆེར་གསུངས་སོ། །རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས་ཞལ་ནས། གང་ཤར་ངོས་འཛིན་ལྟ་བུའི་གནད་འདི་འདྲ་བ་ལ་ནི་རང་ཅག་རི་བོ་དགེ་ལུགས་པ་དང་། རྙིང་མ་བ་རྒད་པོ་རྣམས་དང་། ས་སྐྱ་བ་སོགས་མཐའ་དག་དགོངས་པ་མཐུན་པ་ཡིན་ཞེས།

p. 295

ཐམས་ཅད་ཀྱི་ལྟ་བའི་དགོངས་པ་མཐུན་ཚུལ་རྒྱས་པར་གསུངས་པའི་མཇུག་ཏུ། རྗེ་བླ་མ་ཙོང་ཁ་པའི་མན་ངག་ལ་བརྟེན་ནས། འདི་འདྲ་བའི་བཤད་པ་གུ་ཡངས་པོ་བརྒྱབ་ཆོག་ཅེས་གསུངས་པ་ལྟར་ཐམས་ཅད་ལ་དད་གུས་དག་སྣང་སྐྱེ་བའི་བཤད་པ་གུ་ཡངས་པོ་རྒྱག་པ་ལ་ཀུན་གྱིས་བརྩོན་པར་བྱའོ། །ད་བཤད་པ་ཀུན་མདོར་བསྡུ་ན། འོ་སྐོལ་ལས་དང་པོ་བ་རྣམས་ཀྱིས་ཀུན་མཁྱེན་གོ་འཕང་མ་ཐོབ་བར་དུ། རང་གི་བླ་མ་ཆོས་གྲོགས་རྣམས་ཀྱིས་ཐོག་དྲངས། ཕྱོགས་བཅུའི་གང་ཟག་མཆོག་དམན་བར་མ་ཐམས་ཅད་ལ་སྟོན་པ་དང་། ཆོས་ཐམས་ཅད་ལ་སྟོན་པའི་གསུང་གི་འདུ་ཤེས་བཞག་ནས་དད་གུས་དག་སྣང་སྦྱོང་བཞིན་རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལེན་དགོས་ཏེ། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ལས། ལས་དང་པོ་བ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་དང་། སྤྱན་སྔ་བས། སེམས་ཅན་ཀུན་ལའང་སྟོན་པའི་འདུ་ཤེས་ཀྱིས། །དག་སྣང་དགོས་པ་མདོ་རྒྱུད་ཀུན་ནས་གསུངས། །ཞེས་དང་། ཇོ་བོ་རྗེས། རང་དགེ་མ་བསམས་གཞན་དགེ་

p. 296

སོམ་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། ཅེས་དང་། རྗེ་རིན་པོ་ཆེས། ཆོས་མཛད་འདུག་ཚད་རྣམས་ལ་མོས་གུས་གྱིས། །ཞེས་དང་། པཎ་ཆེན་རིན་པོ་ཆེས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ནི་ཤིན་ཏུ་མི་བཟད་པས། ཕྱོགས་འཛིན་སྡང་ཞུགས་དོར་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་སོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། བཤེས་གཉེན་རྣམས་ཇི་ལྟར་བྱས་ནས་འདུག་ཀྱང་། དེ་རང་སྣང་མ་དག་པ་ཡིན་པས། རྒྱལ་བའི་གསུང་རབ་ལ་མི་དག་པ་ག་ལ་སྲིད། རང་གི་བྱད་ཀྱི་གྲིབ་མ་མེ་ལོང་དུ་མཐོང་བ་དང་འདྲ། བདག་རང་སྣང་མ་དག་པ་ལས། འདི་རྣམསནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་དངོས་ཡིན་སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དང་དག་སྣང་ཞེ་ཐག་པ་ནས་གྱིས་ཤིག །ཅེས་དང་། རྗེ་བཙུན་མི་ལས། ཆོས་ཐམས་ཅད་ལ་དག་སྣང་སྦྱོངས་ལ་སྒྲུབ་པའི་རྒྱལ་མཚན་ཚུགས། གསུངས་པ་ལྟར་

p. 297

བྱའོ། །བདག་ནི་བློ་གྲོས་དམན་ཞིང་ཚེ་འདིར་སྦྱངས་པ་ཆུང་བ་དང་། རྒྱལ་བའི་གསུང་རབ་རྒྱ་ཆེ་གཏིང་དཔག་དཀའ་བས་འདི་ལྟར་བཤད་པ་ལ་འགལ་འཁྲུལ་ནོངས་པ་མཆིས་སྲིད། འོན་ཀྱང་དེང་སང་སྙིགས་མའི་དུས་འདིར་སྔོན་བྱོན་དམ་པ་གོང་མ་རྣམས་ལྟར་བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་ཤེས་པ་མེད་པས། སློག་ཧྲུལ་ཁྱིས་ཐེད་པ་ལྟར་ཕྱོགས་རེ་བ་བཟུང་ནས། གཞན་གང་ལ་དད་གུས་དག་སྣང་མི་བྱེད་པར་མ་ཟད། ངའི་ཆོས་ལུགས་དང་གང་ཟག་བཟང་། ཁྱོད་ཀྱི་ཆོས་དང་གང་ཟག་ངན་ཞེས། ཆོས་དང་གང་ཟག་ལ་བཟང་ངན་དང་བླང་དོར་བྱས། ཆོས་སྤོང་གི་ལས་དང་། འཕགས་པའི་དགེ་འདུན་ལ་སྐར་བ་འདེབས་པ་སོགས་ལས་ངན་པ་བསགས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་པ་མཐོང་བའི་རྒྱུ་དང་། སློབ་བུ་རྣམས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་རྐྱེན་བྱས། བདག་གིས་དེ་དག་རྣམས་ལ་ཕན་ཐོགས་རེ་བྱུང་ན་ཅི་མ་རུང་སྙམ་པའི་ལྷག་བསམ་དག་པས། རྒྱལ་བའི་གསུང་རབ་དང་། བླ་མ་དམ་པའི་གསུང་རྒྱུན་ལ་བརྟེན་ནས་བཤད་

p. 298

པ་ཡིན་པས། འདི་ལ་ཚིག་གི་ངོས་ནས་འགལ་བ་དང་། མ་འབྲེལ་བ་འདྲ་ཡོད་སྲིད་ཀྱང་། མཁས་པ་རྣམས་ཀྱིས་གཟིགས་ན་ཐུགས་མི་ཁྲེལ་བར། དོན་གྱི་དགོས་པ་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྐྱེ་ཐབས་སུ་དམིགས་ནས་བཤད་པ་ཡིན་པར་གོ་ནས། ཁྱེད་མཆོག་དམན་པར་མ་སྐྱེ་བོ་ཕོ་མོ་སུ་ཡིན་ཀྱང་མཐུན་འགྱུར་མཛོད་ལ། ཕྱོགས་བཅུའི་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྦྱོང་བཞིན་རང་ཉིད་གང་མོས་ཆོས་དེ་ལ་ཐོས་བསམ་སྒོམ་གསུམ་གྱིས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་ཐོབ་ནས་འབད་རྩོལ་ཆེར་མི་དགོས་པར་རྒྱུད་ལ་ཉམས་རྟོགས་ཡར་ངོའི་ཟླ་ལྟར་རྒྱས་ཤིང་། ས་སྐྱ་དགེ་ལྡན་རྙིང་མ་ཕྱག་ཆེན་ཞི་བྱེད་གཅོད་ཡུལ་སོགས་རྒྱལ་བའི་བསྟན་པ་བསྟན་འཛིན་བརྒྱུད་པ་དང་བཅས་པ། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ནས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཉི་མ་བཞིན་དུ་འཆར་བར་གདོན་མི་ཟའོ། །འདི་ལྟར་རྒྱལ་བའི་གསུང་རབ་མདོ་རྒྱུད་དང་། རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་དཔང་པོར་བཞག་ནས་

p. 299

ལེགས་པར་བཤད་པ་འདི་ལ་ཡིད་ཆེས་དགོས་ཚུལ་ནི། བསྔགས་བསྟོད་ལས། བཅོམ་ལྡན་དུས་ཀུན་རྟོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོ་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཐུགས་ལ་དུས་གསུམ་དང་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་ལེར་མཁྱེན་པས་ན། དུས་ནམ་ཡང་རྫུན་གསུང་དོན་མེད་དེ། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་དང་། མདོ་གཞན་ལས་ཀྱང་། ནམ་མཁའ་ས་གཞིར་གྱུར་པའམ། །ས་གཞི་ནམ་མཁར་འགྱུར་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །གཞན་དུ་འགྱུར་བ་མ་མཆིས་སོ། །རི་རབ་གནས་ནས་འཕོ་བའམ། །ཉི་

p. 300

ཟླ་ཐང་ལ་ལྷུང་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །གཞན་དུ་འགྱུར་བ་མ་མཆིས་སོ། །གསུངས། དེསན་ལེགས་བཤད་འདི་ཉིད་ཀུན་མཁྱེན་རྒྱལ་བའི་གསུང་དང་། རྒྱལ་བའི་རྣམ་འཕྲུལ་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་བསྟན་བཅོས་དང་མཐུན་པར་སྦྱར་བའི་ཕྱིར། འདིའི་ནང་ལྟར་བྱས་ན་སངས་རྒྱས་ཀྱི་གསུང་ལྟར་བསླུ་མི་སྲིད་དེ། དེ་ཅིའི་ཕྱིར་ཞེན། གཞན་ལྷ་དང་། དྲང་སྲོང་གི་ངག་ལས་ཀྱང་བསླུ་བ་མ་མཐོང་ན། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་གི་མི་བསླུ་བ་སྨོས་ཅི་དགོས། སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ཆེན་པོ་ལས། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱར་བའི་ནུས་པ་ཡང་། །བསླུ་བར་བྱེད་པ་མ་མཐོངན། །སྨོན་ལམ་སྙིང་རྗེས་གཞན་དོན་འཇུག །ཡེ་ཤེས་ཆགས་པ་མི་མངའ་བའི། །ཐམས་ཅད་མཁྱེན་པ་སྨོས་ཅི་དགོས། །ཞེས་གསུངས། དེས་ན་ལུང་དང་མཐུན་པ་གལ་ཆེ་སྟེ། གཙུག་ན་རིན་ཆེན་གྱི་མདོ་ལས། ལུང་ནི་ངེས་འབྱེད་ཚིག་ཡིན་ཏེ། །ངེས་པ་མེད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ངེས་འབྱེད་ལུང་དུ་ཤེས་པར་བྱ། །ཞེས་དང་།

p. 301

འཕགས་པ་རྒྱན་སྟུག་པོའི་མདོ་ལས། ཡིད་ཆེས་ལུང་དང་མི་ལྡན་པའི། །ཆོས་གང་སྟོན་པར་བྱེད་པ་ནི། །རྣམ་པར་རྟོག་པའི་བདག་ཉིད་དེ། །བདག་ཀྱང་ཆུད་ཟོས་གཞན་ཆུད་ཟོས། །ཞེས་དང་། སློབ་དཔོན་འཕགས་པའི་མན་ངག་དྲུག་ཅུ་པ་ལས། གང་དག་བདག་དང་གཞན་གྱི་དོན་ལ་མངོན་བརྩོན་པའི། །ལུང་དག་ཀུན་ཏུ་སྤངས་ནས་སྨྲ་བར་མི་བྱ་སྟེ། །ཤིན་ཏུ་ཡང་དག་མིན་པས་སྨྲས་གྱུར་ན། །ལྟུང་འགྱུར་ལྕགས་བསྲེག་བརྒྱ་ཕྲག་ལྕེ་ལ་འདེབས། །ཞེས་དང་། ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། རྣལ་འབྱོར་ལུང་ནི་མི་ཤེས་པ། །སངས་རྒྱས་མུ་སྟེགས་ཅན་ཡིན་ཏེ། །རྟག་ཏུ་ལུངནི་མི་སྤང་ཞིང་། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །ཞེས་དང་། སློབ་དཔོན་ཨཱརྱ་དེ་བའི་མན་ངག་ལས། གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོའི་མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །ཞེས་གསུངས། ལུང་དང་མི་མཐུན་པར་རིགས་པས་དཔྱད་ནས་འཐད་ཀྱང་ཚད་མར་འཛིན་མི་འོས་ཏེ། ཀྲྀ་ཡ་བསམ་གཏན་ཕྱི་མ་

p. 302

ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དཔེ་འམ་ཚད་མའི་གཏན་ཚིགས་དང་། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །དབྱེ་བར་ནུས་པ་མ་ཡིན་ནོ། །ཞེས་དང་། འཇམ་དཔལ་སྒྲ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། ལུང་མ་གཏོགས་པར་རྟོག་གེ་ཡི། །ཆོས་རྣམས་རྣམ་པར་དག་མ་ཡིན། །དྲང་སྲོང་རྣམས་ཀྱིས་ཤེས་པ་ཡང་། །དེ་ཡང་ལུང་ནི་སྔོན་གཏོང་ན། །ལོང་བའི་རྐང་པས་ཚོད་དཔག་ཅིང་། །ཉམ་ངའི་གཡང་སར་རྒྱུག་བྱེད་ལྟར། །རྗེས་སུ་དཔག་པ་གཙོར་བྱེད་གང་། །རྣམ་པར་ལྟུང་བ་དཀའ་མ་ཡིན། །ཞེས་དང་། སློབ་དཔོན་འཕགས་པ་ལྷའི་མན་ངག་ལས། མ་འོངས་ཕྱི་མའི་དུས་སུ་ནི། །ལུང་ཟབ་མན་ངག་མི་བསྟེན་པར། །འཐད་སྒྲུབ་རིག་གཉིས་གཙོར་བྱེད་པ། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོས་བྱེད་ཅིང་། །མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེ་ནི་རང་ཉིད་གཞན་བརླག་འགྱུར། །གསུངས། ལུང་དགོས་པར་ཤེས་ཀྱང་། ལུང་དོན་ལོག་པར་དཀྲུགས་ནས་བཤད་ན། ཐུབ་པའི་བསྟན་པ་ལ་གནོད་པ་བྱས་པར་འགྱུར་ཏེ།

p. 303

མགོན་པོ་བྱམས་པའི་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པས། །དེ་ཕྱིར་དྲང་སྲོང་རང་ཉིད་གྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །གསུངས། འོ་ན་རྒྱལ་བའི་གསུང་རབ་ཀྱི་ལུང་གང་ཐད་ན་ཚུར་བཅད་ནས་བླངས་ན་རུང་ངམ་སྙམ་ན། འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས་ཅི་བདེར་རྒྱས་པར་བྱོས་ཤིག །གསོལ་བ་ལུང་བཞིན་དུ་འཆད་པར་འདོད་ན་མདོ་སྡེའི་མཐའ་མི་རུང་བར་མི་འགྱུར་རམ། ཞེས་ཐེ་ཚོམ་དུ་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གིས། མདོའི་དོན་ཉེ་ཚོ་ཐུས་ལ། སྐབས་སུ་གཏམ་རྒྱུད་དུ་བྱ་བ་དང་། ལུང་བཞིན་དུ་ཚིག་དང་དོན་དུ་འབྲེལ་བར་སྟོན་ཅིག་གསུངས། དེ་ལྟར་བསྟན་ན་ཉེས་པར་མི་འགྱུར་བར་མ་ཟད། ཚིགས་བཅད་གཅིག་བསྟན་ན་ཡང་ཕན་ཡོན་ཆེ་སྟེ། གསེར་འོད་དམ་

p. 304

པའི་མདོ་ལས། རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། མདོ་སྡེ་འདི་རྣམས་ཀྱི་ནང་ནས་ཚིག་གཅིག་གམ། ལེའུ་གཅིག་གཞན་ལ་བཀོལ་ནས་བཤད་ན། དེའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་ཅིང་དགེ་བའི་རྩ་བ་དཔག་ཏུ་མེད་པ་འཕེལ་ལོ། །གསུངས། བློ་ཐེ་ཚོམ་བྱུང་ན་ཡང་གྲོས་རྒྱལ་བའི་བཀའ་ལ་འདྲི་དགོས་ཏེ། རྗེ་མི་ལས། ཡིད་མི་ཆེས་ན་རྒྱལ་བའི་བཀའ་ལ་ལྟོས། །བཀའ་དྲི་མེད་ཚིག་གིས་ངེས་ཤེས་སྐྱེ། །ཞེས་དང་། ཚངས་པས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ངའི་སྐུ་གདུང་རྣམས་དང་། ངའི་རྗེས་སུ་འཇུག་པའི་དགེ་འདུན་རྣམས་ལ་བརྟེན་ནས་ཚོགས་རྫོགས་པར་གྱིས་ཤིག །ཐེ་ཚོམ་རྣམས་ངའི་གསུང་རབ་མདོ་སྡེ་ཡན་ལག་བཅུ་གཉིས་དང་མཐུན་པར་གཅོད་པར་གྱིས་ཤིག །གསུངས། དེས་ན་ལེགས་བཤད་འདི་ནི་བློ་གྲོས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ལྟར་ཡིད་ཆེས་པའི་གནས་སུ་བཟུང་ལ། སྔར་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་དོན་མ་རྟོགས་ལོག་རྟོག་ཐེ་ཚོམ་དུ་གྱུར་པ་རྣམས་ཀྱི་སློབ་དཔོན།

p. 305

མི་གསལ་བ་རྣམས་ཀྱི་གསལ་འདེབས། བརྗེད་པ་རྣམས་ཀྱི་དྲན་བསྐུལ་གྱིས་ཤིག་ཅེས་༧ཚོགས་དྲུག་རང་གྲོལ་གྱིས་གསོལ་བ་འདེབས་པ་ལགས་སོ།། །། ༈ སྨྲས་པ། རྣམ་དཀར་དད་པའི་ཞིང་ས་གཤིན་པོར་ཐུགས་བསྐྱེད་ས་བོན་ལེགས་པར་བཏབ། །བསྐལ་མང་ཚོགས་གཉིས་དྲོད་གཤེར་གྱིས་བསྐྱངས་ས་ལམ་སྡོང་པོ་རབ་ཏུ་རྒྱས། །མཚན་དཔེའི་ཡལ་འདབ་མེ་ཏོག་གིས་མཛེས་སྟོབས་བཅུའི་འབྲས་བུ་ཕང་ཕུང་གཡོ། །ཉོན་མོངས་ཚ་གདུང་སེལ་མཛད་རྒྱལ་བ་དཔག་བསམ་ལྗོན་པས་འགྲོ་ཀུན་སྐྱོངས། །སྒྲ་དང་ཚད་མའི་སྡེར་མོ་རྣོན་པོས་སྨྲ་ངན་གླང་པོའི་མྱོས་བུམ་འགེམས། །བཟོ་དང་གསོ་བ་རིགས་པའི་མིག་གིས་གདུལ་བྱའི་རི་དྭགས་རྟག་ཏུ་འཚོ། །སྡེ་སྣོད་གསུམ་གྱི་གཡུ་རལ་བརྗིད་ཅིང་རྒྱུད་སྡེ་བཞི་ཡི་མཆེ་བ་དཀར། །སྨྲ་བའི་སེངྒེ་རྣམས་ཀྱིས་སེང་ཕྲུག་བདག་ལ་བརྩེ་བའི་སྤྱན་གྱིས་གཟིགས། །ངོ་མཚར་རྨད་བྱུང་ཕྱོགས་བཅུའི་ཞིང་ན་ལེགས་བཞུགས་རྒྱལ་བ་སྲས་བཅས་ཀྱིས། །ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས་ཀྱི་དོན་དེ་མི་མཛད་གཅིག་ཀྱང་མེད། །མངོན་མཐོ་ངེས་

p. 306

ལེགས་བདེ་སྐྱིད་སྟེར་བའི་གསུང་རབ་མི་འདྲ་མཐའ་ཡས་གསུངས། །རྒྱལ་བའི་གསུང་རབ་ཕ་མཐའ་འདི་ཞེས་མཁས་པ་སུ་ཞིག་ཚད་འཛིན་བྱེད། །སྙིགས་མའི་དུས་འདིར་རྡོ་རྗེ་འཆང་དང་ཐུབ་དབང་པད་འབྱུང་བློ་བཟང་སོགས། །རྒྱལ་བ་སྲས་བཅས་ཀུན་གྱིས་བླ་ཆེན་དགེ་བཤེས་གྲུབ་ཆེན་རྒྱལ་བློན་དང་། །ཁྱིམ་པ་ཕོ་མོ་བྱ་བཏང་གནས་སྐོར་པ་སོགས་བཟང་ངན་སྣ་ཚོགས་སུ། །སྤྲུལ་ནས་འགྲོ་དོན་མཛད་གསུངས་སངས་རྒྱས་བྱང་སེམས་གངན་བཞུགས་མི་ཤེས། །མི་ཤེས་བཞིན་དུ་མདོ་རྒྱུད་བསྟན་བཅོས་བླ་མའི་གསུང་རེ་ཚད་མར་བཟུང་། །དེ་དང་མི་མཐུན་པ་རྣམས་ཆོས་དང་གང་ཟག་བཟང་པོ་མིན་སྙམ་ནས། །བཟང་ངན་འདོར་ལེན་བྱེད་པ་ཆོས་ལ་བརྟེན་ནས་རང་ཉིད་ལྟུང་བའི་རྒྱུ། །བསྟན་པ་རིན་ཆེན་མཆོད་རྟེན་བཤིག་པའི་ལག་ཆ་གསར་དུ་རྙེད་པ་ཡིན། །གང་ཞིག་གངྒཱའི་བྱེ་སྙེད་དགྲ་བཅོམ་བསད་ལས་ཆོས་སྤོང་ཉེས་པ་ཆེ། །ཤི་མ་ཐག་ཏུ་དམྱལ་བ་མནར་མེད་གནས་སུ་ལྟུང་ཞེས་ཐུབ་པས་གསུངས། །དེས་ན་ཆོས་ལུགས་གང་ལའང་བརྙས་སྨོད་མི་བྱེད་དེ་དག་ཚིག་དོན་རྣམས། །ནམ་ཞིག་གོ་བའི་སྨོན་ལམ་འདེབས་

p. 307

ཤིང་དད་གུས་དག་སྣང་སྦྱོང་བ་གཅེས། །བོད་དུ་དར་བའི་ཆོས་ལུགས་འདི་ཀུན་སྔ་ཕྱི་བྱས་ནས་བྱུང་བའི་ཁྱད། །མ་གཏོགས་ནང་པའི་བསྟན་པ་ཡིན་ཀྱང་འགའ་རེས་ཆོས་ལོག་ལྟ་ལོག་ཟེར། །ཉམས་སུ་འཇུག་འདི་བསྟན་པ་གཟུགས་ཕུང་ལྟ་བུའི་ཡན་ལག་བཅད་དང་མཚུངས། །མགོ་དང་རྐང་ལག་གཅོད་ལ་སྨྱོན་པ་མ་གཏོགས་བློ་ལྡན་སུ་ཞིག་དགའ། །སྔ་སོར་གཟུ་བོར་མི་གནས་སྡང་ཞེན་ཅན་གྱི་པགས་བྱེ་བྱེའུ་འགའ། །མཁས་ཀྱང་སྨྲ་ངན་གཤང་གཅི་དུས་ངན་མཚན་མོའི་མུན་མཐར་དབང་མེད་ཤོར། །མདོ་རྒྱུད་བསྟན་བཅོས་ཀུན་དགའ་ར་བ་མང་པོ་དྲི་མ་ཅན་དུ་བྱས། །མཁས་རྣམས་སྐྱགས་ལོག་ཁ་སྣ་ཟུམ་པ་ལེགས་བཤད་ཆུ་འདིས་ཡང་ཡང་ཁྲུས། །ད་ལྟ་དུག་ལྔའི་གདོན་གྱིས་སྨྱོས་པ་འགའ་རེས་ཁ་ལྕེ་འཁྱོགས་པའི་གཞུ། །ལུང་རིགས་འཁྱོག་པོའི་མདའ་ངན་སྤྲད་ནས་རང་འདོད་རྣ་བའི་བར་དུ་བཀང་། །འཕེན་ལ་ལུང་རྟོགས་གོ་མཚོན་ཅན་གྱི་མཁས་གྲུབ་དཔའ་བོ་སུ་ཞིག་འཇིགས། །བླུན་པོ་བརྡར་མ་འཇིགས་ན་ལེགས་བཤད་མཁར་འདི་བཟུང་ལ་བཞད་གད་གྱིས། །ཕྱིན་ཆད་ཕྱོགས་རིས་ཅན་གྱི་

p. 308

གང་ཟག་མ་དུལ་གླང་ཆེན་འགའ་ཞིག་གིས། །རང་འདོད་རྙེད་བཀུར་གླང་མོར་རྔམས་བཞིན་མདོ་རྒྱུད་བསྟན་བཅོས་སྨན་ལྗོངས་དང་། །ཆོས་མཐུན་གང་ཟག་པད་ཚལ་ཉེས་བཤད་རྐང་པས་བརྫིས་པ་བྱུང་སྲིད་ན། །ལེགས་བཤད་དར་སེང་འདི་ཉིད་སྟོན་དང་རྒོལ་ངན་གླང་པོའི་སྙིང་རྩ་འདར། །མཁས་གྲུབ་ཀླུ་དབང་བྱེ་བ་ཐེར་འབུམ་དགྱེས་པའི་གར་གྱིས་རོལ་པའི་གནས། །ཟབ་ཅིང་རྒྱ་ཆེའི་མདོ་རྒྱུད་མན་ངག་ཆུ་གཏེར་ཆེན་པོ་ལས་གཞན་གང་། དེ་ཉིད་རྒོལ་ངན་རླུང་གིས་བསྐྱོད་པར་མི་ནུས་རྣམ་དག་ལུང་རིགས་ཀྱི། །མི་ཤིགས་ལྕགས་རི་མཐོན་པོས་བསྐོར་ཚར་ལྀག་སྨྲའི་རླུང་དམར་ག་ལེར་བཞུགས། །བདག་བློའི་པདྨོ་འདབ་བརྒྱའི་ལྟོ་བར་ལེགས་བཤད་སྦྲང་རྩི་གང་འཁྱིལ་བ། །སྐལ་བཟང་བུང་བའི་ཚོགས་ལ་ཕན་ཕྱིར་དགའ་སྟོན་བཟང་པོ་བྱས་འདི་རྨད། །ཀུན་གྱིས་ལེགས་བཤད་སྦྲང་རྩིར་རོལ་ལ་དག་སྣང་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །མདོ་སྔགས་ཆོས་ཀྱི་གཤོག་ཟུང་རྐྱོངས་ལ་ཚེ་འདིར་རྣམ་མཁྱེན་མཁའ་ལ་འཕུར། །མཁས་གྲུབ་དབང་ཕྱུག་གཡུ་འབྲུག་རྣམས་ཀྱིས་བྱིན་རླབས་སྤྲིན་ཕུང་འཁྲིགས་བཞིན་

p. 309

དུ། །འཆད་པའི་སྒྲ་དབྱངས་མཐོན་པོས་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་ཅིས་མི་འགེངས། །རྩོད་པའི་གནམ་ལྕགས་རྩུབ་མོས་ལོག་སྨྲའི་སྤོབས་པའི་བྲག་རི་རྡུལ་དུ་རློག །རྩོམ་པའི་སྦྲང་ཆར་འཇམ་པོས་གདུལ་བྱའི་ཞིང་ས་ཐམས་ཅད་བརླན་པར་གྱིས། །མི་རྒན་གཏམ་སྙན་སྨྲ་བ་ཀུན་གྱིས་ཡ་མཚན་གནས་སུ་:འཛིན་མོད་ཀྱང་། །དེ་བས་བྱིས་པ་ཆུང་ངུས་སྨྲས་ན་ཕ་མས་མཚར་དུ་འཛིན་པ་ལྟར། །མཁས་པས་ལེགས་བཤད་གསུངས་པ་ཀུན་གྱིས་ཡ་མཚན་གནས་སུ་འཛིན་མོད་}ཀྱང་། །དེ་བས་རྨོངས་པ་བདག་འདྲས་སྨྲས་པ་ཀུན་གྱིས་མཚར་དུ་འཛིན་པར་རིགས། །བདག་གི་བློ་གྲོས་སྐྲ་ཡི་རྩེ་མོས་གསུང་རབ་རྒྱ་མཚོའི་གཏིང་དཔག་དཀའ། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་བྱུང་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་འདིས་མཚོན་རྣམ་དཀར་དགེ་བའི་མཐུས། །བདག་གཞན་དེང་ནས་ཚེ་རབས་ཀུན་ཏུ་དལ་འབྱོར་ཚང་བའི་རྟེན་ཐོབ་ཤོག །སྐྱེས་མ་ཐག་ཏུ་སྨྲ་ཞིང་འགྲོ་ཤེས་ཕྱག་འོས་བསྟོད་ནས་ཕྱག་འཚལ་ཤོག །ཞིང་ཁམས་འདི་དང་ཞིང་གཞན་

p. 310

བཞུགས་པའི་རྒྱལ་བ་སྲས་བཅས་མཆོད་པར་ཤོག །དམ་པའི་ཆོས་སྤངས་བསྐུར་པ་བཏབ་སོགས་སྡིག་ལྟུང་ཐམས་ཅད་བཤགས་པར་ཤོག །བླ་མ་ཆོས་མཛད་ཡོངས་ལ་ཕྲག་དོག་མེད་པར་ཡི་རང་བྱེད་པར་ཤོག །ཡོན་ཏན་ཡོད་བཞིན་སྦས་ནས་བཞུགས་ལ་ཆོས་འཁོར་བསྐོར་ཞེས་བསྐུལ་བར་ཤོག །བསྟན་འཛིན་མྱ་ངན་འདའ་བཞེད་ཡུན་རིང་བཞུགས་ཞེས་གསོལ་བ་འདེབས་པར་ཤོག །དགེ་བ་ཐམས་ཅད་བསྟན་དང་བསྟན་འཛིན་ཡོངས་ལ་ཕན་ཕྱིར་བསྔོ་བར་ཤོག །དེའི་མཐུས་བདག་གཞན་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་འཐོབ་པར་ཤོག །ཅེས་ལེགས་བཤད་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་འདི་ནི། བླ་མ་དང་ཕྱོགས་བཅུའི་ཆོས་མཛད་རྣམས་ཞྭ་ལྟར་བཀུར་ཞིང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་ལེན་པའི་སློབ་བུ་སྐལ་ལྡན་རང་གྲོལ། ཀུན་བཟང་གཞན་ཕན། བསྟན་འཛིན་ཉི་མ་གསུམ་གྱིས་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྐྱེ་བའི་ལེགས་བཤད་ཅིག་དགོས་ཞེས་བསྐལ་ངོར། བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སར་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲཱའི་ལྕོགས་ཆར་

p. 311

ཡང་དགོན་ནས་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱེད་ནུས་པར་གྱུར་ཅིག། །། །༈ ཨོཾ་སྭ་སྟི། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྒྱལ་སྲས་སློབ་མའི་ཚོགས་རྣམས་ལ། །རབ་འབྱམས་ཕྱི་ནང་མཆོད་སྤྲིན་རྒྱ་མཚོ་དང་འགྲོགས་དྲུག་ཅུའི་དབྱངས་སྙན་འབུམ། །རབ་འབྱམས་སྟོང་ཁམས་བྱེ་བ་རྒྱ་མཚོ་ཀུན་བཀང་རང་གཞན་གྲོལ་སླད་སྤྲོས། །རབ་༉འབྱམས་ཞིང་རྡུལ་གྲངས་སྙེད་རྒྱ་མཚོའི་རྒྱལ་ཀུན་དགྱེས་སྐོང་མགོན་དེ་དྲན། །ཀྱེ་ཧུད་སྙིགས་དུས་རྒུད་པའི་མུན་སྟུག་མ་ལུས་པ། །ཁྱོད་ཞབས་དྲན་པའི་མོད་ལ་ལྷག་མེད་གསལ་མཛད་ཀྱང་། །འགྲོ་བའི་ལས་དབང་བདོ་བས་ཆུ་ལྷའི་ཕང་པར་གཞོལ། །དུས་ཀྱི་རྒུད་མུན་སྟུག་པོར་བདག་ཅག་དབང་མེད་འཁྱམས། །དེ་ལྟ་མོད་ཀྱང་གསུང་གི་ཟླ་ཟེར་གྱིས། །མུན་ཁྲོད་སྣང་བའི་དཔལ་གྱིས་ངལ་གསོར་བྱས། །ལོག་མུན་སྟུག་པོར་འཁྱམས་པའི་འགྲོ་བ་ཀུན། །དབུགས་སྦྱིན་ཆེན་པོའི་གནས་ལ་ཅིས་མི་སྦྱོར། །བཟང་

p. 312

བཟང་མདོ་རྒྱུད་ལུང་གི་ལྟོ་བ་རྒྱས། །ལེགས་ལེགས་རིག་པའི་རྩིབས་སྟོང་རྣམ་པར་བཀྲ། །འགྲིག་འགྲིག་ཚིག་གི་མུ་ཁྱུད་ཀྱིས་མཛེས་པའི། །མྱུར་མྱུར་ལོག་རྟོག་སྦྱིན་སྐྱེས་མཐར་བྱེད་མཚོན། །ངེས་འབྱུང་ས་སྲུངས་དབང་པོའི་སྟེང་དུ་འགྱིང་། །བྱང་སེམས་ཉེ་དབང་ཚོགས་ཀྱིས་ཡོངས་སུ་བསྲུངས། །ཡང་དག་ལྟ་བའི་སྤྱན་སྟོང་མངའ་བ་ཅན། །ཐར་འདོད་སྐབས་གསུམ་དབང་པོའི་ཕྱག་ཆར་འོས། །འདི་སྣང་སྒེག་མོའི་བཞིན་ལ་རྟག་ཆགས་ཤིང་། །འདོད་ཡོན་རྩེ་དགས་ཉིན་མཚན་འདའ་བྱེད་པའི། །ལོག་རྟོག་རང་སྙེམས་ཅན་གྱི་འདོད་ལྷ་དང་། །མཚུངས་འདྲའི་མཁས་རློམས་རྣམས་དང་མཛའ་བ་མིན། །དེ་ཕྱིར་འགྲོ་ཁམས་ལོག་རྟོག་ལྕགས་ཀྱི་ཁམས། །དག་པ་རབ་འབྱམས་གསེར་དུ་སྦྱར་བའི་ཐབས། །ཟབ་མོའི་གདམས་པ་གསེར་འགྱུར་རྩི་མཆོག་འདི། །ཐར་འདོད་སྐྱེ་བོ་ཀུན་གྱི་སྙིངནོར་མཛོད། །ཚུལ་འདིའི་སྒོ་འཕར་བརྒྱ་ཕྲག་གཅིག་ཆར་དུ། །འབྱེད་ཕྱིར་ལྷག་བསམ་དགེ་བའི་སྦྱིན་པའི་བདག །མོག་གི་གཡུང་དྲུང་ཞེས་བྱས་མཐུན་པའི་རྐྱེན། །སྦྱར་ཏེ་པར་གྱི་འཕྲུལ་ལྡེའུ་འདི་བསྐྲུན་ཏོ། །དགེ་

p. 313

འདི་སངས་རྒྱས་བསྟན་དང་བསྟན་འཛིན་ལ། །ཕྱོགས་དང་རིས་མེད་གཙུག་ཏུ་ལེགས་མཆོད་ནས། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་ཡི་རང་བསྐུལ། །གསོལ་བཏབ་འཁོར་བ་དོང་སྤྲུགས་རྒྱུར་བསྔོའོ། །དེའི་མཐུས་དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས། །འབྲེལ་ཐོགས་ལས་བྱེད་པར་ཕུལ་ཐམས་ཅད་ཀྱི། །ཚོགས་རྫོགས་སྒྲིབ་བྱང་གནས་སྐབས་བདེ་ཞིང་སྐྱིད། །མཐར་ཐུགས་རྣམ་མཁྱེན་གྲོང་དུ་ཕྱིན་གྱུར་ཅིག །ཕྱི་སྣོད་འཇིག་རྟེན་དག་པའི་གཞལ་ཡས་ཁང་། །ནང་བཅུད་སྐྱེ་འགྲོ་ཞི་ཁྲོའི་ལྷ་སྐུརརྫོགས། །མ་དག་འཁོར་བ་དག་པ་རབ་འབྱམས་གྱུར། །སྐུ་གསུམ་རང་རྩལ་རྫོགས་པའི་བཀྲ་ཤིས་ཤོག །ཅེས་པར་བྱང་ཉུང་འདུས་འདི་ཡང་བསླབ་གསུམ་རྒྱན་གྱིས་མཛེས་པའི་པར་རྐོན་བླ་མ་སྙན་གྲགས་རྒྱ་མཚོས་བསྐུལ་ངོར་རྨོངས་བརྟུལ་སྙོམས་ལས་པ་བུདྡྷ་རཏྣས་བྲིས་པ་སིདྡྷི་རསྟུ། །དགེའོ།། །།བཀྲ་ཤིས་པར་གྱུར་ཅིག། །།

ལེགས་བཤད་ཉི་མ་རང་ཤར།

p. 314
p. 315

ལེགས་བཤད་ཉི་མ་རང་ཤར་ཞེས་བྱ་བ་བཞུགས་སོ། །

p. 316

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཤེས་བྱའི་ཆོས་རྣམས་ལག་མཐིལ་རྫས་བཞིན་དུ། །ས་ལེར་གཟིགས་ནས་མཁའ་མཉམ་འགྲོ་ཀུན་ལ། །གང་ལ་གང་འདུལ་ཆོས་འཁོར་བསྐོར་མཁས་པའི། །སངས་རྒྱས་ཐུགས་རྗེ་ཅན་ལ་མགོས་ཕྱག་འཚལ། །རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པ། །འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །ཕྱག་ན་པདྨོ་ཀུན་མཁྱེན་པད་དཀར་སོགས། །བསྟན་འཛིན་སྐྱེས་མཆོག་རྣམས་ལ་ལན་བརྒྱར་འདུད། །རྒྱལ་བའི་གསུང་རབ་དགོངས་འགྲེལ་མ་ལུས་པ། །མཐའ་

p. 317

དྲུག་ཚུལ་བཞིའི་སྒོ་ནས་ལེགས་པར་དཔྱད། །དགོངས་པ་གཅིག་ཏུ་ཕབ་ནས་འདོམས་མཁས་པའི། །པཎ་ཆེན་ཐམས་ཅད་མཁྱེན་ལ་གུས་ཕྱག་འཚལ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཡི། །ཞབས་ཀྱི་པདྨོར་ཕྱག་འཚལ་གསོལ་བ་འདེབས། །ས་དགེ་རྙིང་འབྲུག་གྲུབ་མཐའ་ཐམས་ཅད་ལ། །དད་གུས་དག་སྣང་སྐྱེ་བར་བྱིན་གྱིས་རློབས། །འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་སོགས། །དམ་པ་གོང་མའི་དགོངས་པ་མ་ལོན་པར། །སེང་གེའི་རྗེས་སུ་ཝ་སྐྱེས་མཆོངས་པ་བཞིན།

p. 318

ཆོས་སྤོང་གཡང་ལ་མཆོངས་པ་ཐམས་ཅད་ལ། །ཕན་པར་དགོངས་ནས་ཀུན་མཁྱེན་པད་དཀར་སོགས། །མཁས་གྲུབ་གོང་མ་རྣམས་ཀྱིས་རྩོད་པའི་ལན། །གང་གསུངས་རྣམས་ཀྱི་ནང་ནས་རགས་རིམ་ཙམ། །ཕྱོགས་གཅིག་བཀོད་ནས་སྐད་གསང་མཐོན་པོས་སྒྲོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །གྲུབ་མཐའ་སྣ་ཚོགས་སྒོ་ནས་ཕྱོགས་ཀུན་དུ། །དར་ཞིང་རྒྱས་ནས་འགྲོ་ལ་བདེ་སྐྱིད་ཀྱི། །ཉི་མ་འཆར་བར་འདོད་རྣམས་དགའ་བས་ཉོན། །དེ་ཡང་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་

p. 319

བཤེས་ཆེན་པོ་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱི་སྐུ་དངོས་དང་། གཞན་ཡང་གང་ལ་གང་འདུལ་གྱི་སྐུ་རུ་སྤྲུལ་ནས། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དུ་བློ་ཁ་དང་འཚམས་པའི་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་བསྟན་པ་རྣམས་ཀྱི་དགོངས་དོན་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བཀྲལ་ནས། བཞེད་སྲོལ་མི་འདྲ་བ་མཐའ་ཡས་ཀྱང་། མཁས་པ་ཉམས་མྱོང་ཅན་གྱིས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་དཔྱད་

p. 320

ན་དགོངས་པ་གཅིག་ཏུ་འབབ་པ་ཡིན་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱིས་རྣམ་རོལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་ཞལ་གྱིས་བུམ་བཟང་ལས། ལྷན་ཅིག་སྐྱེས་སྦྱོར་ག་འུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །གསུངས། ཡང་སློབ་དཔོན་དུལ་བ་ལྷས། ཤཱཀྱ་སེངྒེའི་བསྟན་པ་ནི། །དེ་ལྟར་གྱེས་པ་བཅོ་བརྒྱད་དུ། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་ངེས་པ་ཡིན། །ཞེས་གསུངས་པ་ལྟར་རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་གཅིག་ལ་ཉན་ཐོས་སྡེ་པ་བཅོ་བརྒྱད་བྱུང་བ་བཞིན་དུ་བོད་ལ་ཡང་གྲུབ་མཐའ་མང་དུ་བྱུང་བ་འདི་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལས་བྱུང་བ་ཡིན་པས་ཀུན་ལ་དག་སྣང་སྦྱང་དགོས་ཏེ། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཞལ་ནས། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་

p. 321

བསྟན་ཁོ་ན་ཡིན་པས་ན། །ཕྱོགས་ལྷུང་གདོན་གྱིས་སྡང་ཞུགས་མི་མཛད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་གསུངས་པ་ལྟར་གྲུབ་མཐ ན་ལ་དག་སྣང་སྦྱང་བར་བྱའོ། །འོ་ན་འཇམ་དབྱངས་ས་སྐྱ་པཎྜི་ཏ་དང་། འཇམ་མགོན་བླ་མ་ཙོང་ཁ་པ་སོགས་དམ་པ་གོང་མ་འགའ་རེས་རང་ལུགས་བཞག་གཞན་ལུགས་ལ་དགག་པ་མང་པོ་བཏང་འདུག་པས། གྲུབ་མཐའ་གཞན་རྣམས་ལ་དག་སྣང་སྐྱེས་དཀའ་བ་འདུག་སྙམ་ན། དེ་ནི་གཞན་ལུགས་ངེས་པར་གཏན་ནས་དགག་པ་མ་ཡིན། རང་གཞན་གྱི་གྲུབ་མཐའ་ལ་ཕན་པའི་དགོངས་གཞི་རེ་ཡོད་ནས་དེ་སྐད་གསུངས་པ་ཡིན་ཏེ། སྔོན་བསྟན་པའི་མངའ་བདག་དཔལ་ལྡན་འབྲི་གུང་པའི་བླ་ཆེན་ཞིག་ཞིང་གཤེགས་ནས་གྲྭ་པ་འགའ་ས་སྐྱ་པཎྜི་ཏའི་མདུན་དུ་བསྔོ་རྟེན་འབུལ་དུ་ཕྱིན་དུས། ཁོང་གི་ཞལ་ནས། བླ་མ་རིན་པོ་ཆེ་འོག་མིན་དུ་གཤེགས་པ་མ་བཟང་གསུངས་པས། གྲྭ་པ་དེ་རྣམས་ཀྱིས་མ་གོ་བར་འོག་མིན་དུ་མ་གཤེགས། ཐོག་མིན་དུ་གཤེགས་སོང་བྱས་པས། ཁོང་གིས་གྲྭ་པ་གླེན་པ་འདི་ཚོས་ཐོག་འོག་ཙམ་ཞིག་

p. 322

ཀྱང་མི་ཤེས་པར་བླ་མའི་རྐང་འདྲེན་པར་འདུག་དགོངས། བླ་མའི་གདུང་བཞུ་དུས་རྐང་གི་ནངན་འདྲེན་པའི་སྐུ་འདྲ་མེད་དམ་གསུངས་པས། གྲྭ་པ་རྣམས་ཀྱིས་དེ་ཡང་མ་གོ་བར། མང་པོ་འདུག་ཞུས་པས། ཁོང་ཐུགས་ལྷག་པར་སྐྱོ་ནས་ཐོས་བསམ་རེ་མ་བྱས་པར་རང་གར་བསྡད་པ་འདི་སྐྱོན་ཆེ་བར་འདུག་དགོངས། ཕྱི་རབས་གང་ཟག་རྣམས་ཀྱིས་རང་གི་བླ་མའི་གདམས་ངག་གི་ཐོག་ཏུ་རྒྱལ་བའི་བཀའ་མདོ་རྒྱུད་བསྟན་བཅོས་རྣམས་ལ་ཐོས་བསམ་རེ་བྱེད་པའི་ཕྱིར་སྡོམ་གསུམ་རབ་དབྱེ། ཕྱོགས་བཅུའི་ཞུ་འཕྲིན། ཐུབ་པ་དགོངས་གསལ་སོགས་གསུངས་པ་ཡིན་སྐད། ཡང་སྔོན་སི་ལི་རྒོད་ཚང་ན་ལོ་བཅོ་བརྒྱད་མཚམས་ལ་བསྡད་པའི་སྒོམ་ཆེན་པ་ཞིག་ཡོད་པ་གསནནས། རྗེ་རིན་པོ་ཆེ་གྲྭ་རྐྱང་གི་དུས་སུ་རྭ་སྒྲེང་དུ་ཕེབས་ཞོར་ལ། སྒོམ་ཆེན་པ་དེ་ལ་མཇལ་དུ་ཕྱིན་ནས། ཁོང་གིས་དེ་ལ་རེ་བ་ཆེན་པོ་བྱས། ཁྱེད་ཀྱིས་ལོ་བཅོ་བརྒྱད་མཚམས་ལ་བསྡད་པ་ངོ་མཚར་ཆེ། དེའི་བར་ལ་ཉམས་ལེན་གང་ལ་མཛད་གསུངས་པས། སྒོམ་ཆེན་པ་ན་རེ། ཁོ་བོས་ཐོས་བསམ་མ་བྱས་པས་ཅི་ཡང་མི་ཤེས། མ་ཎི་འདོན་མཁན་ཞིག་ཡིན་

p. 323

བྱས་པས། དེར་ཁོང་གི་ཐུགས་ལ་ད་དུང་མི་བཤད་པ་ཡིན་དགོངས། ཞི་ལྷག་གི་སྐབས་ཤིག་གི་གཅིག་དྲིས་པས། དེ་འདྲ་ཁོ་བོས་མི་ཤེས་ཟེར། འོ་ན་མ་ཎི་འདོན་དུས་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་དམིགས་རིམ་ཇི་ལྟར་བྱས་དྲིས་པས་དེ་ཡང་ཁོ་བོས་མི་ཤེས་ཟེར། དེ་རྣམས་མི་ཤེས་ན་སྤང་བྱ་དང་བླང་བྱ་གང་ཡིན་ཨེ་ཤེས་དྲིས་པས། དེར་ཁོས་བསམ་བསམས་ནས་སྤང་བྱ་གོང་མོ་དང་གླང་བྱ་འཇོལ་མོ་ཨེ་ཡིན་དེ་མ་ཡིན་ན་ཁོ་བོས་མི་ཤེས་སྨྲས་ཚེ། ཁོང་གི་ཐུགས་དགོངས་ལ་མ་ཎི་བཏོན་པ་ཡང་ཕན་ཡོན་ལོས་ཆེ་སྟེ། ཐོག་མར་ཐོས་བསམ་རེ་མ་བྱས་པ་འདི་སྐྱོན་ཆེ་བར་འདུག་དགོངས། ཕྱི་རབས་སྒོམ་ཆེན་རྣམས་ཀྱིས་རང་གི་བླ་མའི་མན་ངག་གི་ཁུངས་གཏུགས་ས་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་རེ་བྱེད་པའི་ཕྱིར། བོད་གངས་ཅན་ཁྲོད་ཀྱི་སྒོམ་ཆེན་པ་རྣམས་ལ་དྲི་བ་ལྷག་བསམ་རབ་དཀར་སོགས་མཛད་པ་ཡིན་སྐད། དེས་ན་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱིས་ཕྱག་རྫོགས་སོགས་བོད་སྔ་རབས་པའི་ལྟ་བ་ཧྭ་ཤང་དང་མཚུངས་སོ་ཞེས། ཧྭ་ཤང་དཔེར་

p. 324

འཐེན་ཚད་ཀྱིས་བཞག་ནས་སྨོད་པ་ལ། བསྟན་འགྲོ་སྤྱི་ལ་ཕན་པའི་དགོངས་གཞི་རེ་ཡོད་ནས་དེ་སྐད་གསུངས་པ་ཡིན་པར་མ་གོ་བར་རྗེས་འཇུག་ཏུ་རློམ་པ་ཁ་ཅིག་གིས། ངེས་པར་ལྟ་ལོག་ཅིག་ཡིན་རྒྱུ་རེད་སྙམ། དགོས་པ་གང་ཡང་མེད་པར་དམ་པ་དེ་དག་གི་གསུང་རེ་གཉིས་ཁ་ལ་ཁྱེར་ནས་གྲུབ་མཐའ་གཞན་ལ་སྨོད་ཅི་ཐུབ་བྱས་པས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ཅིང་། སེམས་ཅན་མང་པོ་ཆོས་སྤོང་གི་ལས་ལ་བཀོད་ནས་ངན་སོང་དུ་འགྲོ་བ་རྣམས་ལ་ཕན་པར་དགོངས་ནས། ཕྱག་ན་པདྨོའི་རྣམ་འཕྲུལ་ཀུན་མཁྱེན་པདྨ་དཀར་པོ་སོགས་མཁས་གྲུབ་གོང་མ་མང་པོས་ལུང་དང་རིགས་པ་རྣོན་པོས་ལན་མང་པོ་བཏབ་པ་ཡིན་ལ། དེ་ལྟར་ཕན་ཚུན་གྱི་དགོངས་པ་ལོན་ན། དགག་པ་གཏོང་མཁན་དང་དེའི་ལན་འདེབས་མཁན་གཉིས་ཀ་ལ་ལོག་ལྟ་མི་སྐྱེ་བར་མ་ཟད། རྩོད་ཚིག་དང་ལན་གཉིས་ཀ་ལ་བལྟས་ནས། ཁོང་རྣམས་ཚོ་གང་ལས་གང་མཁས་རེད་སྙམ་དད་གུས་དག་སྣང་སྐྱེ་ཞིང་ཕྱིན་ཆད་དམ་པ་གོང་མ་དེ་དག་གི་དགོངས་པ་བདག་དང་བདག་འདྲས་ལོན་དཀའ་བ་འདུག་སྙམ། ཆོས་སྤོང་གི་ལས་ལ་ཉམ་ང་བ་དང་བག་ཚ་

p. 325

བ་མེད་པར་འཇུག་པ་ལས་སླར་ལྡོག་པ་སོགས་བསྟན་འགྲོ་ལ་ཕན་པའི་དགོས་པ་དུ་མ་ཡོད་པའི་ལོ་རྒྱུས་དེ་རྣམས་སྔོན་དུ་བཏང་ནས། ད་ནི་ཕྱག་རྫོགས་ཀྱི་ལྟ་བ་ཧྭ་ཤང་དང་མཚུངས་སོ་ཞེས་པའི་རྩོད་པ་བྱུང་བའི་ལན་ལ། ཐོག་མར་ཀུན་མཁྱེན་ཐོའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་རིན་པོ་ཆེས་མཛད་པའི་རྒྱ་ནག་གི་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་བྱུང་ཚུལ་ལས། རྒྱ་གར་ནས་པཎྜི་ཏ་དང་གྲུབ་ཐོབ་མང་པོ་བྱོན། ཧྭ་ཤང་མཁས་པ་རྒྱ་གར་དུ་བྱོན་པ་དང་མ་བྱོན་པ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་བགྲང་ལས་འདས་པ་བྱུང་བས། དེ་དག་གི་བཀའ་དང་བསྟན་བཅོས་དུ་མ་རྒྱ་སྐད་དུ་བསྒྱུར་བ་དང་། བསྟན་པ་ལ་བྱ་བ་བྱས་པའི་རྣམ་ཐར་ངོ་མཚར་ཅན་ཆེས་མང་ཡང་ཡི་གེས་འཇིགས་ནས་མ་བྲིས་པས་རྒྱ་ནག་ཆོས་འབྱུང་སོགས་ལས་ཤེས་པར་བྱ་ལ། ཧོར་གྱི་རྒྱལ་པོའི་རིང་ནས་བཟུང་བོད་ཀྱི་སྐྱེས་བུ་དམ་པ་མང་པོ་ཡང་བྱོན་པས། རྒྱལ་བའི་བསྟན་པ་གོང་ནས་གོང་འཕེལ་དུ་གྱུར་ཏེ་དེའི་ཚུལ་འོག་ཏུ་འབྱུང་ངོ་། །བཀའ་དང་བསྟན་བཅོས་བསྒྱུར་བའི་གྲངས་ནི། སུས་ཀྱི་རྒྱལ་པོ་

p. 326

ཝེན་དྷེའི་དུས་སུ་དེ་ཡན་ཆད་དུ་བསྒྱུར་པ་རྣམས་དཀར་ཆག་ལ་བཏབ། དེའི་རྗེས་སུ་ཐང་གི་དུས་སུ་སྔ་ཕྱི་ལན་གཉིས་དང་། སུང་གི་དུས་ལན་གཉིས་སུ་དེ་དག་གི་བར་བར་དུ་བྱང་བའི་གསར་བསྒྱུར་རྣམས་བསྣན་ནས་དཀར་ཆག་རེ་བསྒྲིགས། མཇུག་ཏུ་ཧོར་གྱི་རྒྱལ་པོ་སེ་ཆེན་གྱི་དུས་སུ་བོད་དང་རྒྱའི་བཀའ་བསྒྱུར་གོ་བསྡུར་ནས་མ་ཚང་བ་རྣམས་བོད་སྐད་ལས་བསྒྱུར་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པའི་མཇུག་ཏུ། རྒྱ་གཞུང་གི་བསྟན་བཅོས་པོད་ཉེར་གཅིག །ཧྭ་ཤང་མཁས་པ་དག་གིས་བརྩམས་པའི་གཞུང་ཆེ་བ་པོ་ཏི་བརྒྱ་དང་ལྔ་བཅུ་ང་གསུམ་བཅུག་ནས་ཁྱོན་སྡོམ་པོ་ཏི་བདུན་བརྒྱ་དང་བཞི་བཅུར་ལོངས་པའི་དཀར་ཆག་གསར་དུ་བསྒྲིགས། དེའི་ཁྲོདན་བོད་དུ་མ་བསྒྱུར་བའི་མདོ་རྒྱུད་བསྟན་བཅོས་ཀྱང་མང་དུ་སྣང་ངོ་། །རྒྱའི་ཡུལ་དུ་དར་བའི་བསྟན་པ་ལ་བརྒྱུད་པ་རྣམ་པ་ལྔར་གྲགས་ཏེ། འདུལ་བའི་བརྒྱུད་པ། གསང་སྔགས་ཀྱི་བརྒྱུད་པོ། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། སྙིང་པོ་དོན་བརྒྱུད་དང་ལྔའོ་གསུངས། སྙིང་པོ་དོན་གྱི་བརྒྱུད་པ་འདི་ལ་ཙུང་མེན་ཞེས་ཟེར་ཞིང་། དོན་ལ་བོད་ཀྱི་བཀའ་བརྒྱུད་པ་དང་ཕྱོགས་མཚུངས་པ་

p. 327

ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་ཡིན་པར་སྣང་ངོ་། །བོད་དུ་བྱུང་བའི་ཧྭ་ཤང་མ་ཧཱ་ཡ་ན་ཡང་ཙུང་མེན་པ་ཞིག་ཡིན་པར་སྣང་ཡང་། ཁོས་བཤད་པ་ཙུང་མེན་པ་སྤྱིའི་ལྟ་བའི་འདོད་ཚུལ་གཉིས་མི་གཅིག་པར་སྣང་སྟེ། ཙུང་མེན་པ་དག་གིས། ངེས་འབྱུང་དང་བྱང་སེམས་ཀྱིས་མ་ཟིན་པའི་དགེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུས་བདེ་སྡུག་སོ་སོར་འབྱིན་ཡང་། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བ་ལ་ཁྱད་པར་མེད་པ། དཔེར་ན་སྤྲིན་དཀར་ནག་ཁ་དོག་སོ་སོར་སྣང་ཡང་། ནམ་མཁའ་སྒྲིབ་པ་ལ་ཁྱད་པར་མེད་པ་བཞིན་ནོ། །ཞེས་བཤད་པ་ཧྭ་ཤང་མ་ཧཱ་ཡ་ནས། དབྱེ་བ་དེ་མ་ཕྱེད་པར་བཟང་རྟོག་དང་ངན་རྟོག་ཐམས་ཅད་འཆིང་བྱེད་དུ་སྨྲས། ཙུང་མེན་གྱི་ལྟ་སྒོམ་ཚུལ་གྱི་མན་ངག་ཏུ་ཅི་ཡང་མི་བྱ། གང་ཡང་མི་བསམ་ཟེར་བའི་ཚིག་ཡོད་ཀྱང་། གནས་ལུགས་མངོན་དུ་གྱུར་པའི་གང་ཟག་གི་དབང་དུ་བྱས་པ་ཡིན་པ་ལ། མ་ཧཱ་ཡ་ནས་ལས་དང་པོ་པའི་སྐབས་ནས། ཅི་ཡང་ཡིད་ལ་མི་བྱེད་པར་གྲོལ་བར་སྨྲས་པ་ཡིན་པས། དེས་ན་ཧྭ་ཤང་གཅིག་གིས་ཟེར་ལུགས་ཉེས་པས་ཧྭ་ཤང་གི་ལྟ་

p. 328

བ་ཐམས་ཅད་ལོག་པར་གཟུང་མི་རུང་ངོ་། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་བརྒྱུད་པ་རིམ་པ་ལྔ་བྱོན་ལ། ཐང་གི་རྒྱལ་རབས་ཀྱི་གུང་ཡོལ་གྱི་སྐབས་ཙམ་ནས། ཁྱུའི་མེན་ཞེས་འདུལ་བ་དང་། གེ་ཡོའུ་མེན་ཞེས་བཤད་བརྒྱུད་དང་། ཙུང་མེན་ཞེས་སྒྲུབ་བརྒྱུད། དེ་གསུམ་དུ་བསྡུས་པས་ཐ་སྙད་དེ་གསུམ་འབྱེད་པའི་སྲོལ་ད་ལྟའི་བར་དུ་གྲགས་སོ་གསུངས། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དུས་ཧྭ་ཤང་གི་མཁན་པོ་ཞིག་ལ་དྲི་བ་མཛད་པའི་ལན་ངེད་ཚོ་དང་མཐུན་པ་ཐོགས་པ་མེད་པར་བཏབ་བྱུང་ཚེ། ངོ་མཚར་ཆེ་བཟང་པོ་རེད་གསུངས་སྐད། འོ་ན་རྗེ་བདག་ཉིད་ཆེན་པོས་ལམ་རིམ་གྱི་ཐོག་མཐའ་བར་གསུམ་ན་ཧྭ་ཤང་ཚད་ཀྱིས་བཞག་ནས་སྨད་སྨད་ཡོད་པ་ཅི་ཡིན་ཟེར་ན། དེ་སྔོན་སངས་རྒྱས་ཉིད་ཀྱིས་ཆོས་དང་དེ་ཉམས་སུ་ལེན་པ་ལ་གཙིགས་ཆེ་ཞིང་དགའ་སྤྲོ་འཕེལ་བ། ཉམས་ལེན་ལ་བརྩོན་པ་སོགས་ལ་དགོངས་ནས། མེ་ཏོག་ཙམ་པ་ཀ་ནི་རྙིང་གྱུར་ཀྱང་། །མེ་ཏོག་ཕལ་པ་རྣམས་ཀྱིས་དོ་ཟླ་མིན། །ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །མུ་སྟེགས་ཕལ་པ་རྣམས་ཀྱིས་དོ་ཟླ་མིན། །ཞེས་པ་ལ་སོགས་

p. 329

གསུངས། ཕྱི་རོལ་པ་ཚད་གིས་བཞག་ནས་ནང་པའི་ཆོས་དང་གང་ཟག་ལ་བསྔགས་བརྗོད་གནང་བ་ལྟར། རྗེ་རིན་པོ་ཆེས་ཀྱང་། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་རྗེ་རང་ཉིད་ཀྱིས་མཛད་པའི་གདམས་པ་འདི་ཉིད་ཧྭ་ཤང་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅན་ཞིག་ཡིན་རྒྱུ་རེད་སྙམ། གཙིགས་ཆེ་ཞིང་འདི་དང་མཇལ་བ་སྐལ་བ་བཟང་སྙམ། དགའ་ཞིང་སྤྲོ་བཞིན་ཐོས་བསམ་སྒོམ་ལ་བརྩོན་པ་སོགས་ལ་ཕན་པར་དགོངས་ནས་དེ་སྐད་གསུངས་པ་ཡིན་ལ། ཐུགས་ཀྱི་གཏིང་ནས་སྨད་པ་མ་ཡིན་ཏེ། ཆོས་གསུང་བ་པོ་དང་ཆོས་ཀྱི་ཆེ་བ་བརྗོད་པའི་སྐབས་སོགས་སུ་མདོ་རྒྱུད་བསྟན་བཅོས་ན་དེ་འདྲ་གསུངས་པ་མཐའ་ཡས་ཏེ། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་དང་། ཡང་དེ་ཉིད་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཕྲག་ཁྲིག་ནི། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །དེ་བཞིན་ཤེས་རབ་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་

p. 330

ཡིན། །ཞེས་དང་། དགེ་བའི་རྩ་བ་རྗེས་སུ་འཛིན་པའི་མདོ་ལས། བསྐལ་པའི་བར་དུ་ཚུལ་ཁྲིམས་བསྲུང་བྱེད་ཅིང་། །ཡུན་རིང་དུས་སུ་བཟོད་པ་བསྒོམས་བྱས་ཀྱང་། ཡང་དག་ཉིད་ལ་གོམས་པར་མི་བྱེད་ན། །དེ་ནི་ང་ཡི་བསྟན་ལ་མུ་སྟེགས་ཡིན། །ཞེས་དང་། སམྦུ་ཊིའི་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་གི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་དང་། དགྱེས་པ་རྡོ་རྗེའི་རྒྱུད་ལས། གང་ཞིག་དགྱེས་རྡོར་མི་ཤེས་པ། །དེ་ནི་ངལ་བ་དོན་མེད་ཡིན། །ཞེས་དང་། འཁོར་ལོ་བདེ་མཆོག་ལས། སྙིང་པོ་འདི་ནི་མི་ཤེས་པས། །གཞན་དག་སྙིང་པོ་མེད་རྩར་མཚུངས། །ཞེས་དང་། བདེ་མཆོག་འཁོར་ལོ་མི་ཤེས་པས། །བླུན་པོ་ཕུབ་མ་བརྡུངས་དང་མཚུངས། །ཞེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །མན་ངག་མེད་པའི་བཟླས་པ་ནི། །སྔགས་ཀྱི་རྒྱལ་པོ་བློ་རྨོངས་བྱེད། །དེ་ཡིས་དཀའ་བ་ཅི་བྱས་ཀྱང་། །ཆུ་བསྲུབས་མརནི་མི་འབྱུང་ལྟར། །ཞེས་དང་། ལྟ་བ་མདོར་བསྟན་ལས། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། །བསྒོམ་དང་

p. 331

བཟླས་པའི་རང་བཞིན་གྱིས། །བསྐལ་པ་བྱེ་བ་དུ་མས་ཀྱང་། །དངོས་གྲུབ་ནམ་ཡང་འཐོབ་པ་མེད། །རྟོག་པ་ཐམས་ཅད་སྤངས་ནས་ནི། །གང་གི་དེ་ཉིད་ལ་གནས་ན། །སྐྱེ་བ་འདིར་ཡང་འགྲུབ་པ་འོ། །དེ་ལ་བྱང་ཆུབ་མཆོག་རིག་པའོ། །ཞེས་དང་། བཏགས་གྲོལ་གྱི་རྒྱུད་ལས། ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད། །ཡང་དག་དོན་འདི་མ་རྟོགས་ན། །དུས་གསུམ་ཀུན་ཏུ་འཚང་མི་རྒྱ། །ཞེས་དང་། མི་གཡོ་བའི་རྟོགས་པ་ལས། བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་སྟེ། །གཞན་དུ་སྔགས་སྒྲུབ་ཆོ་ག་ཡི། །བྱ་བ་ཐམས་ཅད་འབྲས་བུ་མེད། །ཅེས་དང་། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོགས་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །ཞེས་དང་། དོན་གསལ་མེ་ལོང་ལས། །འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམས་བསྒོམས་བསྒྲུབས་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཞེས་དང་། སློབ་དཔོན་ཟླ་བ་

p. 332

གྲགས་པས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་སྒྲུབ་ཡོད་མིན། །ཞེས་དང་། སློབ་དཔོན་ས་ར་ཧའི་ཞལ་ནས། གང་གིས་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བ། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་དང་། ཏཱཻ་ལོ་པའི་ཞལ་ནས། སྔགས་སུ་སྨ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་མི་ནུས། །ཞེས་དང་། ཨོ་རྒྱན་ཆེན་པོའི་ཞལ་ནས། འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུའི་བཤད་པ་ཡོངས་ལ་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་བསྙད་པ་བཞིན། །སངས་རྒྱས་ས་ལ་སྐད་ཅིག་ཉེ་མི་ནུས། །ཞེས་དང་། གྲུབ་ཐོབ་བྷིར་ཝ་པའི་ཞལ་ནས། སངས་རྒྱས་མཆོད་རྩོལ་རྣམས་ལ་དོན་མི་འབྱུང་། །འདོད་དང་རྩོལ་བ་ཡོད་ན་འཚང་མི་རྒྱ། །བླ་མས་བྱིན་

p. 333

བརླབས་ངང་གིས་ཉམས་མྱོང་འཕེལ། །ཞེས་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ་ལས། ཆོས་འདི་ནི་འབྲས་བུ་དང་འདྲ། གཞན་ཐམས་ཅད་ཕུབ་མ་དང་འདྲ་གསུངས། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཀྱང་། ངའི་ལུས་གནད་གཅིག་པུ་ལ་ཡང་མི་དོ་གསུངས་སྐད། མ་གཅིག་གི་ཞལ་ནས། བྱས་པས་ཕུང་། བསྒོམས་པས་གོལ། བསམ་པས་བརླགས། སྐྱར་ལ་ཐོངས། གློད་ལ་ཞོག །ཡན་པར་ཞོག །སངས་རྒྱས་འཐོབ། བྱང་ཆུབ་འགྲུབ། ཅེས་པ་ལ་སོགས་འདི་འདྲ་བ་མང་པོ་གསུངས་པ་རྣམས་ཀྱི་དགོངས་གཞི་གང་ཡིན་སྙམ་ན་དཔེར་ན་ཁྲོམ་ཆེན་པོ་ཞིག་ལ། ཚོང་པ་འགའ་ཞིག་གིས་རྟ་བཟང་པོ་མང་པོ་བཙོང་དུ་ཁྱེར་ན། རྟ་ཐམས་ཅད་གང་གི་གང་བཟང་ཡིན་ཡང་། ཁྲོམ་གྱི་མི་རྣམས་ལ་ཁོ་བོའི་རྟ་འདི་བཟང་ཚུལ་བཟང་རབས་བརྗོད། རྟ་འདི་ལ་བལྟས་ན་གཞན་ཚོ་བོང་བུ་དང་འདྲ། རྒྱུག་གམ་གོམས་འགྲོས་མེད་སོགས་སྨྲས་ན་གཞན་འགའ་རེ་ཡིད་འཕྲོག་ནས་རིན་ཆེན་པོ་བྱིན་ནས་མྱུར་

p. 334

དུ་ཉོ། །ཉོས་ནས་རྟ་འདི་བཟང་སྙམ་ཤིན་ཏུ་གཙིགས་ཆེ་ལེགས་པར་གསོ་བ་སོགས་ཕན་པའི་དགོས་ཆེད་ཀྱི་དབང་གིས་དེ་སྐད་སྨྲས་པ་མ་གཏོགས་ངེས་པར་རྟ་གཞན་ཐམས་ཅད་བོང་བུ་བཞིན་ངན་ནས་དེ་སྐད་སྨྲས་པ་མ་ཡིན་པ་ལྟར། ཆོས་ཐམས་ཅད་གང་གི་གང་བཟང་ཡིན་ཡང་། གདུལ་བྱ་ལ། ཆོས་མཛད་པ་པོ་དང་ཆོས་ཀྱི་ཆེ་བ་བརྗོད་པའི་སྐབས་སུ་གདམས་པ་འདི་ལ་བལྟས་ན་གཞན་ཕུབ་མ་སོགས་དང་འདྲ་ཞེས་གདམས་པ་གཞན་དམན་པ་ཅན་ཞིག་བྱསན། གདུལ་བྱ་འགའ་རེ་ཡིད་འཕྲོག་ནས་རབ་ཏུ་དད་པས་མྱུར་དུ་ཉན་པ་དང་། ཉན་ནས་གདམས་པ་གཙིགས་ཆེ་ཞིང་རྒྱུན་དུ་ཉམས་སུ་ལེན་པ་སོགས་ཕན་ཆེ་བར་དགོངས་ནས་དེ་སྐད་གསུངས་པ་མ་གཏོགས། ངེས་པར་ཆོས་གཞན་ཐམས་ཅད་ཕུབ་མ་དང་རྩྭ་བཞིན་བཟང་པོ་མིན་ནས་དེ་སྐད་གསུངས་པ་མ་ཡིན་ཏེ། དེ་ཡིན་ན་རྒྱ་བོད་ན་ཆོས་རྣམ་དག་ཅིག་ཡོད་མི་སྲིད་པའི་ཕྱིར་རོ། །དེས་ན་རྒྱནག་ཧྭ་ཤང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་པས་དེའི་ནང་ན་རྒྱ་བོད་ཀྱི་མཁས་གྲུབ་གོང་མ་ལྟ་བུས་བསྟན་འཛིན་གྱི་སྐྱེས་མཆོག་དམ་པ་མང་པོ་ཡོད་པའི་ལོ་རྒྱུས་འདུག་པས།

p. 335

དེ་དག་ལ་དད་གུས་དག་སྣང་མི་བྱེད་རུང་། དོན་གང་ཡང་མེད་བཞིན་བསམ་པ་ངན་པའི་སྒོ་ནས་གཤེ་སྐུར་དྲག་པོ་འདེབས་པའི་ཁ་བདུད་ཀྱིས་འཁྲིད་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཉེས་པ་ཀུན་གྱི་རྩ་བ་སྟེ། །ཡིད་ནི་དུག་གི་སྡོང་པོ་སྟེ། །ནག་པོའི་ཆོས་ཀུན་འབྱུང་བའི་ཕྱིར། །ཁ་ནི་བདུད་ཀྱི་སྒོ་མོ་ཆེ། །ཞེས་གསུངས་པ་ལྟར་ཡིན་པས། དེ་ལ་དགོངས་ནས་རྒྱ་གར་དྷརྨཱ་བོ་དྷིས། འཁྲུགས་པ་བྱས་ན་ཕུང་གཞི་ཆེ། ཁ་རོག་བསྡད་པ་གདམས་ངག་ཟབ། །ཅེས་དང་། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས། ཅི་ཡང་མི་ཤེས་པའི་བླུན་པོ་ཁ་བཙུམས་ནས་བསྡད་ན་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཆུང་། ཞེས་གསུངས་པ་ལྟར་རང་ལེགས་སུ་འདོད་པ་རྣམས་ཀྱིས་ཁ་བཙུམས་ནས་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པར་བྱའོ། །ཡང་ཀུན་མཁྱེན་ཆོས་ཀྱི་ཉི་མས་མཛད་པའི་ནོར་བུ་ཀེ་ཏ་ཀའི་བྱི་དོར་ལས། ཆོས་ཀྱི་གནས་ལུགས་ཇི་བཞིན་ལེགས་གཟིགས་ནས། །ཆོས་ཀྱི་སྣོད་དུ་རུང་བའི་གདུལ་བྱ་རྣམས། །ཆོས་ཀྱི་བདུད་རྩིས་ཚིམ་མཛད་བླ་མ་ལ། །ཆོས་ཀྱི་རྗེས་སུ་འབྲང་བའི་དད་

p. 336

པས་འདུད། ཁྱོད་གསུང་དཔྱད་གསུམ་དག་པའི་ལེགས་བཤད་ལ། །འཁྲུལ་པའི་དྲི་མ་ཀུན་མཁྱེན་ཡེ་ཤེས་ཀྱིས། །སྲིད་མཐའི་བར་དུ་བཙལ་ཡང་མི་རྙེད་ན། །གཞན་གྱིས་ཀླན་ཀའི་གོ་སྐབས་ག་ལ་མཆིས། །འོན་ཀྱང་དཔྱད་པ་གྱིས་ཞེས་བཀའི་གནང་བ། །སྤྱི་བོས་ནོད་དེ་བདག་བློ་འཁྲུལ་པའི་ངོར། །དུང་དཀར་སེར་སྣང་ལྟ་བུའི་ལོག་རྟོག་འགའ། །ཤར་རྣམས་གསོལ་ལ་ཡུད་ཙམ་དགོངས་པར་འཚལ། །ཞེས་ཐོག་མར་སྙན་གསན་ཕུལ་ནས་གསུང་རབ་རྣམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀའི་བྱི་དོར་བགྱིས་པའི་བར་སྐབས་ཤིག་ན། ཡང་ཀེ་ཏ་ཀར། པདྨ་སམྦྷ་ཝ་དངོས་ཁ་བ་ཅན་དུ་བྱོན་ནས་བསྟན་པ་ལ་བྱ་བ་བྱས་པ་སོགས་ཀྱི་ཡི་གེ་རྒྱལ་བཞེད་སྦ་བཞེད་ཅེས་པ་ལྷད་མེད་ན་ཡང་མེད་པ་ཞིག །རྒྱལ་པོ་གླང་དར་མ་ཞེས་པ་ཐུགས་རྗེ་ཆེེན་པོས་ཞི་བས་མི་ཐུལ་བའི་རིགས་འདུལ་ཆེད་དུ་སྤྲུལ་པ་ཡང་སྲིད། དེས་གཙོ་བོར་བསྟན་པ་མ་དག་པ་བྱུང་བ་རྣམས་སེལ་ཆེད་དུ་རྒྱལ་བསྟན་བསྣུབས་པའི་རྗེས་སུ་བྱུང་བ་ཤ་སྟག་ཏུ་གདའ་ལ། ཞེས་གསུངས་པ་ལ། ཕྲན་བློ་གྲོས་དམན་པས་གོ་བ་དཔྱིས་ཕྱིན་པ་ཞིག་མ་རྙེད་ཀྱང་།

p. 337

ཕལ་ཆེར་ཨོ་རྒྱན་པདྨས་བོད་དུ་བསྟན་པ་ལ་བྱ་བ་བྱས་པ་མེད། གླང་དར་མ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན། དེས་བསྟན་པ་བཤིག་པ་མ་དག་པ་སེལ་ཕྱིར་ཡིན། ཞེས་གསུང་རྒྱུ་ཡིན་འདྲ་བས། དེ་ལྟ་ན་སློབ་དཔོན་ཆེན་པོས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་ཚུལ་མང་ཡང་རེ་ཞིག་བྱང་ཆུབ་ལམ་རིམ་ལས། བསྟན་པ་སྔ་དར་ལ་མཁན་ཆེན་ཞི་བ་འཚོ་དང་། པདྨ་སམྦྷ་ཝས་བསྟན་པའི་སྲོལ་བཙུགས་པ་ཡིན་ཞེས་གསུངས་པ་ཚད་མར་བྱེད་དགོས་པས། བསྟན་པའི་སྲོལ་བཙུགས་པ་ལས་ལྷག་པའི་བསྟན་པ་ལ་བྱ་བ་ཅི་དགོས། དེང་སང་བླ་ཆེན་ཕལ་མོ་ཆེས་རང་འདོད་ཕུགས་སུ་བཅུག་ནས། དགོན་སྡེ་གོག་པོ་རེ་གཉིས་བདག་འཛིན་བྱས་ཏེ། བུན་སྐྱེད་སོགས་ལོག་འཚོའི་འགྱེད་ཕོག་ཇ་ཚུལ་འཛུགས་པ་དང་། རྙེད་བཀུར་བསྡུ་ཕྱིར་ཁྲོམ་དབང་མང་པོ་བསྐུར་ཏེ། དམ་ཉམས་ཀྱིས་རྒྱལ་ཁམས་འགེངས་པར་བྱེད་པནི་བསྟན་པའི་བྱ་བ་ཨ་རྫི་བར་བརྩི་ན། བོད་ཡུལ་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་ཐོག་མར་སྦར་བར་མཛད་པ་ནི། བསྟན་པའི་བྱ་བའི་ནང་ནས་ཀྱང་། རབ་དང་ཕུལ་དམ་པ་ཞིག་

p. 338

ཡིན་པར་ཁུམས་ཏེ། རྗེ་བླ་མས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་སྨོན་པ་མཛད་པའི་གནས་ཡིན་འདུག་པས་སོ། །དེར་མ་ཟད་ཇོ་བོ་ཆེན་པོ་དང་། མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་རྣམས་ཀྱང་སློབ་དཔོན་ཆེན་པོའི་རྣམ་འཕྲུལ་ཡིན་པར་ཚད་མའི་སྐྱེས་བུ་རྣམས་ཀྱིས་ཡང་ཡང་གསུངས་ན། སློབ་དཔོན་ཆེན་པོ་ལས་ལྷག་པའི་བོད་གངས་ཅན་ལྗོངས་ཀྱི་བསྟན་འགྲོ་ལ་བཀའ་དྲིན་ཆེ་བ་སུ་ཞིག་མཆིས། དེས་ན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གྲུབ་དབང་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། ཁྱོད་མིན་བདག་ལ་སྐྱབས་གཞན་གང་། ཞེས་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བོད་ཡུལ་རྨོངས་པའྀ་མུན་པ་སེལ་བ་དང་། །ལོག་འདྲེན་སྡེ་བརྒྱད་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ། ཞེས་དང་། བོད་ཡུལ་ཡོངས་

p. 339

ཀྱི་སྤྱི་བོ་ལ། །བཀའ་དྲིན་ནོར་བུ་ངལ་གསོ་བ། །པདྨ་འབྱུང་གནས། ཞེས་སོགས་མང་དུ་གསུངས། དེ་བཞིན་དུ་གྲུབ་མཐའ་གཞན་ཕྱོགས་ཀྱི་སྐྱེས་བུ་དམ་པ་མང་པོ་དང་། རྒྱལ་བ་སྐུ་ན་རིམ་གྱིས་གསུངས་པ་མང་དུ་མཆིས་ཀྱང་། ཉིད་ཐུགས་མོས་མི་མཛད་པས་འདིར་མ་དྲངས་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་ལྷག་པའི་དགེ་ལུགས་པའི་བསྟན་པའི་བདག་པོ་ཞིག་འཇོག་དཀའ་བས། ཁོང་གི་གསུང་ཉིད་ཀྱིས་ཀྱང་ཚད་མར་བཞེད་དགོས་སམ་སྙམ་ལགས། འདིར་འཕྲོས་དོན་ཅུང་ཟད་གླེང་ན་ལམ་རིམ་ཆེན་མོ་ནས་སྔར་དྲངས་པའི་ལུང་དེའི་མཇུག་དེ་མ་ཐག་ཏུ། ལྟ་བའི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས། ཐབས་ཀྱི་ཆ་ལ་སྐར་ཞིང་། ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས། ཞེས་གསུངས་པ་ལ། དེང་སང་གི་མཁས་རློམས་མང་པོས། ཞི་འཚོ་དང་། སློབ་དཔོན་གྱིས་བསྟན་པའི་སྲོལ་བཙུགས་པ་ལ་ལྟ་བའི་གོ་བ་གནད་དུ་མ་སོང་བར་ལམ་རིམ་ལས་བཤད་དོ། །ཞེས་ཟེར་མོད། དེ་ནི་ལམ་རིམ་གྱི་པར་ཡིག་གི་གཅོད་མཚམས་ནོར་བ་ཡིན་ཏེ། སྲོལ་

p. 340

བཙུགས་པ་ལ་ཞེས་ཡར་བཅད། ལྟ་བའི་གོ་བ་ཞེས་སོགས་མར་གཅོད་དགོས་རྒྱུ་ལ། སྲོལ་བཙུགས་པ་ལ་ལྟ་བའི་གོ་བ་གནད་དུ་མ་སོང་བ་ལ་བརྟེནནས་ཞེས་ཡར་བཅད། ཐབས་ཀྱི་ཆ་ལ་ཞེས་སོགས་མར་བཅད་པས་མང་པོ་ཞིག་ལ་འཁྲུལ་གཞི་བྱས་འདུག་ཅེས། ཉི་ཟླ་ལྟ་བུའི་མཁས་གྲུབ་ཆེན་པོ་རྗེ་བླ་མ་མཻ་ཏྲིའི་མཚན་ཅན་དང་། ཐམས་ཅད་མཁྱེན་པ་ལྕང་སྐྱ་རིན་པོ་ཆེས་གསུངས་པ་ཤིན་ཏུ་མད་པར་སྣང་སྟེ། གཅོད་མཚམས་ཕྱི་མ་ལྟར་བྱས་ན་འབྲེལ་ཅི་ཡང་མི་ཆགས་པར་བལྟས་པས་ཤེས་པར་སྣང་བའི་ཕྱིར་རོ། །ཡང་གླང་དར་མ་སྤྱན་རས་གཟིགས་ཀྱི་སྤྲལ་པ་དང་། དེས་བསྟན་པ་བསྣུབས་པ་མ་དག་པའི་དྲི་མ་སེལ་ཆེད་ཡིན་པ་འདྲ་ཞིག་གསུངས་པ་ཡང་། བདག་ལྟ་བུའི་བློར་ཤོང་དཀའ་སྟེ། སྤྱིར་གང་ཟག་གི་ཚོད་འཛིན་དཀའ་ཡང་། གླང་དར་སྤྱན་རས་གཟིགས་ཀྱིས་སྤྲུལ་པར། གཞན་སུ་གང་གིས་ཀྱང་གསུངས་པ་མ་ཐོས་ཤིང་། བྱ་བ་བྱས་པ་རྣམས་ལ་བལྟས་ཀྱང་། སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་སྙམ་པ་མི་འདུག །དེས་ན་ཚད་མའི་སྐྱེས་བུ་རྣམས་ཀྱིས་སངས་རྒྱས་གཉིས་པར་བསྔགས་པའི་སློབ་དཔོན་ཆེན་

p. 341

པོས་བསྟན་པའི་བྱ་བ་མ་བྱས་པར། བདུད་ཀྱི་སྤྲལ་པར་གྲགས་པའི་རྒྱལ་པོ་གླང་དར་གྱིས་བསྟན་པ་དར་བར་བྱས་སོ་བནི། ཀཉྩའི་ཡུལ་གྱི་རྒྱལ་ཕྲན་འགའ། །ཕ་བསད་པ་ལ་རྒྱལ་རྔ་བརྡུངས། །ཞེས་པའི་དཔེར་སེམས་སོ། །དར་མས་བསྟན་པ་བཤིག་ནས་ཇེ་བཟང་ལ་མ་སོང་སྟེ། དཔལ་འཛིན་གྱིས། རྒྱལ་པོ་དར་མས་བསྟན་པ་བསྣུབས། །དེ་རྗེས་ཆོས་ལོག་དུ་མ་འཕེལ། །ཞེས་ཆོས་ལོག་རྣམས་དེའི་རྐྱེན་གྱིས་བྱུང་བར་བཤད་པས་སོ་གསུངས། མཇུག་ན་འདི་ཙམ་ཞུས་པའི་དགོས་པ་ནི། ལྕང་སྐྱ་རྡོ་རྗེ་འཆང་གིས། རང་གཞན་ལྟ་སྒོམ་གྲུབ་མཐའི་ཁྱད་པར་རྣམས། །ལྟ་ཅི་ཐ་སྙད་ཙམ་ལ་རྨོངས་ན་ཡང་། །གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད། །དེ་ཉིད་བསྟན་པའི་ག་དར་ཡིན་པར་བསྒོམ། ཅོལ་ཆུང་གཡམ་རྒྱུག་མཁན་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་པ་ལྟར། ཉིད་ཀྱི་གསུང་འདི་ལ་བརྟེན་ནས་དེང་སང་གི་མི་རྣམ་པ་སྲབ་པ་འགའ་ཞིག་གིས། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་བས། །གང་

p. 342

གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་པའི་ཆོས་སྤོང་གི་ལས་མི་བཟད་པ་གསོག་སྣང་སྟེ། དེ་ཉིན་དགོན་ལུང་གི་ཆོས་གྲྭར་ཉིད་ནས་གསུང་རྩོམ་འདི་ལྗགས་བཤད་མཛད་པའི་ཕྱི་ཉིན་མི་ཀླད་མེད་ཅིག་གིས། མ་ཎི་བཀའ་འབུམ་གྱི་གླེགས་བམ་ཞིག་རྒྱ་ལམ་བཞི་མདོར། མི་གཙང་བའི་ཁྲོད་དུ་བསྐྱར་འདུག་ཅིང་། སླད་མར་ཡང་དེ་འདྲའི་རིགས་འབྱུང་སྲིད་པས། དེ་དག་ལ་ཅུང་ཟད་ཕན་དུ་རེ་བ་དང་མཛེས་ལམ་དུ་མ་སོང་བའི་དྲང་གཏམ་འབའ་ཞིག་སྙན་སྒྲོན་དུ་གསོལ་བ་ལ་ཆོས་ཀློང་ཟབ་མོ་རྙོག་པ་མེད་པ་མཁྱེན་མཁྱེན་ལགས། ཆོས་ཀྱི་ཆུ་བོ་རྙོག་མ་དྭངས་བྱེད་པ། །ཆོས་རྗེ་བླ་མའི་ལེགས་བཤད་ཀེ་ཏ་ཀར། །ཆོས་ཀྱི་རྡོ་རྗེས་ལྷག་བསམ་རས་དཀར་གྱིས། །ཆོས་དང་མཐུན་པའི་བྱི་དོར་འདི་བགྱིས་སོ། །ཆོས་ལ་ཆོས་མིག་རྡུལ་བྲལ་མ་ཐོབ་བར། །ཆོས་དང་ཆོས་མིན་ཇི་བཞིན་དབྱེ་དཀའ་བས། །ཆོས་སྨྲ་ཆོས་ཀྱི་ཁ་ཚོན་གཅོད་པ་རྣམས། །

p. 343

ཆོས་འདོད་ཆོས་ལས་ལྡོག་པར་མི་གྱིད་འཚལ། །ཆོས་འདོད་ཆོས་རྗེས་འབྲང་རྣམས་གཞན་གྱི་ལུགས། །ཆོས་དང་ཆོས་མིན་དཔྱོད་ལས་རང་གི་རྒྱུད། །ཆོས་དང་ཆོས་མིན་གང་དུ་འདུག་ལྟོས་ལ། །ཆོས་ལ་ཆོས་བཞིན་དཔྱོད་ཅེས་བདག་གསོལ་ལོ། །ཞེས་གསུངས་པ་ལྟར་བྱའོ། །ཡང་ཕྱག་ན་པདྨོའི་རྣམ་འཕྲུལ་ངུར་སྨྲིག་གར་གྱིས་རྣམ་རོལ་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཕྱག་ཆེན་རྒྱལ་བའི་གན་མཛོད་ལས། ཀུན་གྱི་བློ་གྲོས་ཨ་ཡིག་ལས་འཁྲུངས་མགོན་པོ་གསུང་གི་དབང་ཕྱུག་སྟོན་ཁའི་ཟླ་བ་ཉ་འདྲ་བ། །སྡུག་བསྔལ་མྱུ་གུ་རྩད་ནས་གཅོད་དང་ཐེ་ཚོམ་བསལ་བར་དཔུང་པའི་སྟོབས་ལྡན་ཡིན་ཕྱིར་ཕྲག་གོང་དུ། །མཁྱེན་པའི་རལ་གྲི་སྙིང་རྗེའི་གླེགས་བམ་ཨུཏྤལ་སྙེ་མ་བུང་བ་སྡུད་པའི་ཟེའུ་འབྲུའི་རྩེར་འཛིན་ཅིང་། །ཚར་དུ་དངར་བའི་ཆོས་ཀུན་གྱིས་བརྒྱན་པད་འདབ་རྒྱས་པའི་སྤྱན་མངའ་བ་དེ་བདག་གི་སྙིང་ལ་རོལ་གྱུར་ཅིག །བླ་མས་སྨྲས་པ་ཀུན་གྱི་སྙིང་བཅུག་ན། །ཤེས་བྱ་ཐམས་ཅད་ལག་མཐིལ་གཏེར་ལྟ་བུར། །གཞལ་ནུས་ཡེ་ཤེས་མིག་པོ་ཆེ་འཆར་བ། །བསླུ་བ་མེད་འདིས་

p. 344

བཤད་པའི་སྐབས་ཕྱེ་འོ། །དེ་ཡང་བཅོས་མའི་འཆིང་བ་ཐམས་ཅད་རྡོག་རྫིས་སུ་མཛད་དེ་སངས་རྒྱས་ཐམས་ཅད་འཚང་རྒྱ་བར་གང་ལས་བྱོན་པའི་ལམ་རྣལ་མ་མཛུབ་བཙུགས་སུ་བསྟན་པའི་རྡོ་རྗེ་སློབ་མ་ཐམས་ཅད་ཆོས་བརྒྱད་ཀྱི་བསྡུ་ཚོམ་ཞིག །རིའི་བུ་བྱས། ན་བུན་གྱི་གོས་གྱོན། ལྟོ་གོས་གཏམ་ནོར་ལ་རྩེག་རུམ་མི་བྱེད་པར་ཕྱི་དབེན་པ། ནང་མལ་སྟན། གསང་བ་ལུས་གནད། དེ་ཁོ་ཉིད་དམིགས་པ་གར་གཏད་ཀྱི་སྟེང་དུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྡོད་ཚུགས། དེས་བླ་མའི་མན་ངག་སྙིང་ལ་ཞུགས་ཏེ། སྲིད་པའི་རྭ་བ་དུམ་བུར་གཏུབས་ནས་བདེ་བ་ཆེན་པོའི་ས་ཞེས་པ། མིང་སྙན་པོ་སྙན་པོ་ཅན་དེར་སོང་བ། ཤབ་དང་ཤོབ་མ་དགོས། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ། སའི་དྲེག་པ་ཙམ་ཞེས་ཀུན་གྱི་རྣ་བའི་རྒྱན་དུ་སོང་བ་འདི་ཀའོ། །ཞེས་ཐོག་མར་གླེང་ནས། རྩོད་པ་དངོས་ལ། འཇམ་དབྱངས་ས་སྐྱ་པཎ་ཆེན་གྱིས་མཛད་པའི་སྡོམ་གསུམ་གྱི་རབ་ཏུ་དབྱེ་བ་ལས། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། རྒྱནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེགས་གཉིས། །རིམ་གྱིས་པ་དང་ཅིག་ཆར་བ། །མིང་

p. 345

འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། །བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །ལུང་བསྟན་ཇི་བཞིན་ཐོག་ཏུ་བབ། །ལུང་བསྟན་དེ་ཡང་བཤད་ཀྱིས་ཉོན། །རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདིར། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་མོད། །འོན་ཀྱང་རྟེན་འབྲེལ་འགའ་ཡི་རྒྱུས། །ཆོས་ལུགས་གཉིས་སུ་འགྲོ་བར་འགྱུར། །དེ་ཡང་ཐོག་མར་ང་འདས་ནས། །རྒྱ་ནག་དགེ་སློང་བྱུང་ནས་ནི། །དཀར་པོ་གཅིག་ཐུབ་ཅེས་བྱ་བ། །ཅིག་ཆར་པ་ཡི་ལམ་སྟོན་འགྱུར། །དེ་ཚེ་ང་ཡི་སློབ་མནི། །མཁས་པ་ཆེན་པོ་ཀཱ་མ་ལ། །ཤཱི་ལ་ཞེས་པ་རྒྱ་གར་ནས། །སྤྱན་དྲོངས་དེ་ཡིས་དེ་སུན་འབྱིན། །དེ་ནས་དེ་ཡི་ཆོས་ལུགས་བཞིན། །དད་ལྡན་རྣམས་ཀྱིས་སྤྱོད་ཅིག་གསུངས། །དེ་ཡིས་ཇི་སྐད་གསུངས་པ་བཞིན། །ཕྱིས་ནས་ཐམས་ཅད་བདེན་པར་གྱུར། །རྒྱ་ནག་ལུགས་དེ་ནུབ་མཛད་ནས། །རིམ་གྱིས་པ་ཡི་ཆོས་ལུགས་སྤེལ། །ཕྱི་

p. 346

ནས་རྒྱལ་ཁྲིམས་ནུབ་པ་དང་། །རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ཞེས་སོ། །ཐོག་མར་ལོ་རྒྱུས་འདི་ཀ་མ་དག་པ་སྟེ། སྒོམ་རིམ་གྱི་དབུར་ཀཱ་མ་ལ་ཤཱི་ལ་རང་གི་སློབ་མ་དག་གིས་ཡི་གེར་བཀོད་པ་ལསནི་འདི་ལྟར་འབྱུང་། སྔོན་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་ཞེས་བྱ་བ། ལེགས་པར་སྦྱར་བའི་སྐད་དུ་ཤཱནྟ་རཀྵི་ཏ་ཞེས་བྱ་བ་བོ་དྷི་སཏྭ་ཞེས་ཀྱང་གྲགས་པ་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་དོན་མ་ལུས་པ་མཁྱེན་པ་ཞིག་སྤྱན་དྲངས་ཏེ། བོད་ཡུལ་དུ་ཆོས་རྒྱས་པར་བྱས་སོ། །དེ་ནས་དབུ་མ་རྒྱན་དང་དེ་ཉིད་བསྡུས་པ་དང་། རྡོ་རྗེ་འཆང་གི་དབྱངས་ཀྱི་རྒྱ་ཆེར་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །དེ་གྲོངས་ཁར་རྒྱལ་པོ་ལ་སོགས་པ་ལ་བཀའ་བསྩལ་པ། བོད་ཡུལ་དུ་བསྟན་པ་ལྔ་བརྒྱ་ཐ་མ་ལ་བྱུང་སྟེ། ཅུང་ཟད་རྒྱས་པར་གྱུར་པ་ལ། མུ་སྟེགས་

p. 347

ཀྱིས་ཕྱིར་རྒོལ་བ་ནི་མི་འབྱུང་སྟེ། སངས་རྒྱས་པ་རང་ལ་ལྟ་བ་མ་མཐུན་ནས་རྩོད་པར་འགྱུར་གྱི། ངའི་སློབ་མ་ཀཱ་མ་ལ་ཤཱི་ལ་བྱ་བ་རྒྱ་གར་ན་ཡོད་ཀྱི་སྤྱན་དྲོངས་ལ་རྩོད་པ་གྱིས་ཤིག །རྒྱལ་པོས་བཟླུམས་གྱིས་ཤིག་པར་བཀའ་བསྩལ་ཏོ། །དུས་ཕྱིས་རྒྱནག་གི་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ན་ཞེས་བྱ་བ་ཐེག་པ་ཆེན་པོ་བསམ་གཏན་གྱི་མན་ངག་དང་ལྡན་པ་བྱེད་པ་ཞིག་བོད་ཀྱི་རྒྱལ་པོས་སྤྱན་དྲངས་ཏེ། དེའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་གདམས་ངག་འཕགས་པ་འོད་སྲུངས་ལ་གཏད། དེ་རྒྱ་གར་མཐའ་ཡས་པ་དེ་བཞིན་དུ་རྒྱ་གར་བ་བཅུའི་བར་དང་། དེའི་མཐའ་མ་དེས་རྒྱ་ནག་ཨེ་ག་ལ། དེས་ཨེ་ནེ་ཡ། དེས་ཨེ་ས། དེས་བུ་སུ་ལ། དེ་བཞིན་དུ་རིམ་གྱིས་བཅུ་གཅིག་པ་མ་ཧཱ་ཡ་ན་ལ་གདམས་པ་སྟེ། བརྒྱུད་པ་ཉི་ཤུ་རྩ་གཅིག་པ་སྟོན་མིན་ཅིག་ཆར་དུ་འཇུག་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་དབང་པོ་རྣོན་པོ་དག་ཐབས་ཀྱིས་བསྐལ་པ་གྲངས་མེད་དུ་མར་འབད་པ་ལ་མ་བལྟོས་པར་གད་དག་ཅིར་ཡང་མི་སེམས་མི་འཛིན་ཡིད་ལ་མི་བྱེད་པ་ནི་འཁོར་བ་ལས་ཡོངས་སུ་

p. 348

ཐར་བར་འགྱུར་ཏེ། དེ་ལྟ་བུ་ཐོབ་པ་ནི་ཅིག་ཅར་བར་འཇུག་པ་ས་དང་པོ་ཐོབ་པ་དང་འདྲའོ་ཞེས་ཟེར་ཞིང་། སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་བྱེད་པ་ནི་སྐྱེ་བོ་ལས་འཕྲོ་ཆུང་བ་སྔར་བས་དབང་པོ་རྟུལ་བ་ཁོ་ན་ལ་བསྟན་པ་ཡིན་ནོ། །སྔོན་དུ་མ་སྦྱངས་པ་དག་ལ་ནི། མཁའ་ལ་སྤྲིན་དཀར་ནག་གཉིས་ཀས་བསྒྲིབས་པ་དང་འདྲ་བར་དགེ་མི་དགེ་གཉིས་ཀ་ཡང་དེ་ཁོ་ནའོ། །དོན་རྟོགས་པར་བྱེད་པ་ལ་སྒྲིབ་པར་དོགས་ནས་འདུས་བྱས་ཀྱི་དགེ་བ་མི་བྱེད་དོ། །བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་འཐོབ་བོ་ཞེས་བྱ་བའི་བསྐལ་པ་ནི་རྟོག་པའོ། །རྟོག་པ་དེ་གྲངས་མེད་པ་གསུམ་སྟེ། ཉོན་མོངས་པ་དུག་གསུམ་གྱི་བྱེ་བྲག་གིས་སོ། །དེ་གང་གིས་སྤོངན་སྐྱེ་བ་གཅིག་གམ་ནམ་རྟོགས་ཀྱང་རུང་། སངས་རྒྱས་ཐོབ་བོ་ཞེས་ཟེར་བ་མཁའ་ལྟར་ཡས་འབུབ་པ་ཞིག་བྱུང་ངོ་། །དེ་ནས་རྗེ་བཙད་པོས་སློབ་དཔོན་ཀཱ་མ་ལ་ཤཱི་ལ་བོད་དུ་སྤྱན་དྲངས་སོ། །ཧྭ་ཤང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་བཀླགས་པས་བསམ་གཏན་གླིང་གི་སྒོ་བཅད་ནས་སྟོན་མིན་གྱི་ཕྱོགས་ཀྱི་རྩོད་པ་བླངས། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་རྡོག་པས་

p. 349

བསྒྲིལ་ནས་འདི་ཐེག་ཆེན་པོ་རང་ཅང་ཡིན་ནམ་ཞེས་ཟེར་ནས་ཆོས་སྤངས། སློབ་དཔོན་ཀཱ་མ་ལ་ཤཱི་ལ་མ་བྱོན་བར་དུ། ཡེ་ཤེས་དབང་པོ་དང་། སྦ་དཔལ་དབྱངས་དང་། རཏྣ་ལ་སོགས་པ་རྩེན་མིན་གྱི་ཕྱོགས་བཟུང་ངོ་། །སྟོན་མིན་གྱི་སློབ་མ་ཇོ་བོ་བྱང་ཆུབ་དང་། སྲུ་ཡང་དག །བནྡེ་ནམམཁའ་ལ་སོགས་པ་མང་། དེ་ལྟར་སྟོན་མིན་རྩན་མིན་གྱི་རྒྱག་འདྲེ་ཆེར་བྱུང་། རྩེན་མིན་གྱི་ཕྱོགས་འཛིན་པ་ལ་ལྷ་སྲས་ཀྱང་དགྱེས་སོ། །དེ་ནས་བྱང་ཆུབ་གླིང་དུ་བཙད་པོ་གུང་ལ་བཞུགས། ཧྭ་ཤང་དང་། སློབ་དཔོན་ཀཱ་མ་ལ་ཤཱི་ལ་གཉིས་གཡས་གཡོན་དུ་སེང་གེའི་ཁྲི་ལ་བཞག །རང་རང་གི་ཕྱོགས་སུ་རང་རང་གི་སློབ་མ་རྣམས་དངར་ཏེ། དེ་ནས་བཙད་པོས་མཁན་པོ་གཉིས་དང་། བནྡེ་རྣམས་ལ་མེ་ཏོག་གི་ཕྲེང་བ་རེ་ལག་ཏུ་བསྐུར་ནས་མཁན་པོ་གཉིས་ཤེས་པ་བསྟུན་ལུང་རིགས་གང་ཆེ་བ་ལ་ང་རྒྱལ་མ་བྱེད་པར་གང་མཁས་པ་དེ་ལ་མེ་ཏོག་གི་ཕྲེང་བ་ཕུལ་ཅིག་ཅེས་བཀའ་གནང་ནས། དེ་ནས་པཎྜི་ཏ་གཉིས་ཆོས་ཀྱི་བགྲོ་བ་བགྱིས། རིགས་པ་དང་ལུང་གིས་ཅིག་ཅར་པ་བཀག་སྟེ། ཧྭ་ཤང་སློང་མ་དང་བཅས་པ་

p. 350

སྤོབས་པ་མེད་པར་བྱས། མེ་ཏོག་གི་ཕྲེང་བ་ཡང་སློབ་དཔོན་ཀཱ་མ་ལ་ཤཱི་ལ་ལ་ཕུལ་ལོ། །སློབ་དཔོན་འདི་ཡང་རིགས་པའི་གནས་དུ་མ་ལ་མཁས་ཤིང་མང་དུ་ཐོས་པ། ཐེག་པ་ཆེན་པོའི་མདོ་སྡེ་མང་དུ་གཟིགས་ཤིང་མང་དུ་མཁྱེན་པ། ཐུགས་རྗེ་ཆེན་པོས་ཐུགས་ཀྱི་རྒྱུད་བརླན་པ། ཚུལ་ཁྲིམས་དྲི་མ་མེད་པ། རྒྱ་གར་སྐད་དུ། ཀཱ་མ་ལ་ཤཱི་ལ། བོད་སྐད་དུ་པདྨའི་ངང་ཚུལ་ལོ། །འདིས་མདོ་འགྲེལ་དང་བསྟན་བཅོས་མང་དུ་མཛད་དོ། །རྡོ་རྗེ་གཅོད་པའི་མདོ་འགྲེལ་དང་། མི་རྟོག་པ་ལ་འཇུག་པའི་མདོ་འགྲེལ་དང་། སཱ་སུ་ལྗང་པའི་མདོ་འགྲེལ་དང་། ཤེས་རབ་སྙིང་པོའི་འགྲེལ་པ་ལ་སོགས་པ་དང་། དབུ་མ་སྣང་བ་དང་། སྣང་བ་ཆུང་ངུ་དང་། རྒྱན་གྱི་འགྲེལ་ཊིཀ་དང་། རིགས་ཐིག་གི་ཕྱོགས་སྔ་མ་དང་། དབུ་མ་སྒོམ་པའི་རིམ་པ་གསུམ་ལ་སོགས་པ་མང་དུ་མཛད་དོ། །དེ་ལ་དབུ་མའི་སྒོམ་པའི་རིམ་པ་འདི་དག་ཧྭ་ཤང་ལ་སོགས་པ་ཐེག་པ་ཆེན་པོ་ལྟར་བཅོས་པའི་སྒོམ་པའི་རིམ་པ་རྣམས་སྤངས་ཤིང་ཕྱིན་ཅི་མ་ལོག་པའི་རིམ་པ་རྟོགས་པར་བྱ་བའི་དོན་དུ་ཡིན་ལ། གསུམ་དུ་རྩོམ་པའི་དགོས་པ་ནི། རྒྱས་འབྲིང་བསྡུས་པའི་བྱེ་

p. 351

བྲག་གིས་གང་ལ་ཆོས་པའི་སྐྱེ་བོའི་དབང་དུ་བྱས་པའམ། གཞན་ཧྭ་ཤང་ལ་གཞུང་བེའུ་བུམ་དམར་པོ་ལ་སོགས་པ་གསུམ་ཡོད་དེ། དེའི་དོན་དུ་བརྩམས་པའམ། ཡང་ན་རང་གི་གཞུང་རྒྱས་བསྡུས་ཀྱི་དོན་ནི་སྒོམ་པའི་རིམ་པ་བར་མ་དང་། དང་པོ་བརྩམས། གཞན་གཞུང་མི་འཐད་པ་ནི་སྒོམ་རིམ་མཐའ་མས་བསྟན་ཡང་། གཞུང་མི་འདྲ་སྟེ། སྙིང་རྗེ་དང་། སེམས་བསྐྱེད་དང་། སྒྲུབ་པ་གསུམ་གྱི་དབང་དུ་བྱས་ནས་སྒོམ་རིམ་དང་པོ་བརྩམས་ཤིང་། ཞི་གནས་དང་ལྷག་མཐོང་གི་དབང་དུ་བྱས་ནས་མཐའ་མ་བརྩམས་སོ། །དེ་ལ་སྒོམ་པའི་རིམ་པ་དང་པོ་ནི་ལངྐར་གཤེགས་པ་ལ་བརྟེནནོ། །བར་མ་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ལ་བརྟེན་པའོ། །མཐའ་མ་ནི་དགོངས་པ་ངེས་པར་འགྲེལ་བའི་མདོ་ལ་བརྟེན་པའོ། །ཞེས་འབྱུང་གི །དེ་ལས་གཞན་ནི་བླུན་པོས་སྦྱར་བའི་གཏམ་ཡིན་པས་ཚད་མར་བྱ་མི་རིགས་པས་སོ། །དེས་ན་རྩོད་པ་པོས་རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཞེས་སྦྱར་བས་འདི་མ་གཟིགས་པར་ཟད་དོ། །འདིར་མདོ་སྡེའི་སྒོམ་རིམ་དུ་བཤད་ལ། རྫོགས་ཆེན་ནི་ཨ་ཏི་ཡོ་ག་ཡིན་པ་

p. 352

ཤན་མ་ཕྱེ་བར་རྩོད་པས་ཚར་གཅོད་ཀྱི་གནས་སོ། །གལ་ཏེ་རྫོགས་པ་ཆེན་པོར་ཁས་བླངས་ན། ཀཱ་མ་ལ་ཤཱི་ལས་རྒྱུའི་མདོ་སྡེ་དང་། རྣམ་སྣང་མངོན་བྱང་གི་ལུང་གིས་སུན་ཡང་མི་འབྱི་ཏེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་འབྱུང་བས་སོ། །དེ་བས་ན་ལུགས་དེ་གཉིས་ཀ་མཚན་ཉིད་ཀྱི་ཐེག་པ་ཁོ་ནའི་དབང་དུ་བྱས་པར་ཤེས་སོ། །ཡང་རྒྱནག་མཁན་པོའི་ཆོས་ལུགས་ཕྱིས་འཕེལ་བའི་གཞུང་ལུགས་ཡིན་ན། དེའི་གཞུང་ལུགས་གར་འཕེལ། ཐོག་མར་སུའི་ལག་ཏུ་བྱུང་དྲིསན་སྨྲ་བ་བཅད་དགོས་པས་ཚར་བཅད་གཉིས་པར་ལྷུང་ངོ་། །མདོར་བསྡུ་ན་དེའི་གཞུང་ལུགས་མཐོང་། དེ་འདི་རེད་ཅེས་སྟོན་རྒྱ་ཡོད་ནས་དོན་མཐུན་འདུག་གོ་ཞེས་སྨྲས་ན་ལེགས་པར་སྨྲས་པ་ཡིན་གྱི། མ་གཟིགས་པ་དང་གསནཔའི་ཡུལ་དུ་མ་གྱུར་པར་དེ་སྐད་སྨྲ་བ་ནི་སྨྱོན་པའི་ཚིག་སྟེ། མོ་གཤམ་གྱི་བུའི་བཞིན་རས་ནག་གོ །དཀར་རོ་ཞེས་པ་ལྟ་བུའོ། །སྒོམ་རིམ་གསུམ་གྱི་ཕྱི་མས་ཧྭ་ཤང་གི་ལུགས་བཀག་པར་བཤད་ལ། དེ་ཡང་ཕྱོགས་སྔ་མི་རྒྱས་ཏེ། དེ་ཉིད་དུ་གང་ཞིག་སེམས་ཀྱི་རྣམ་པར་རྟོག་པ་ལས་

p. 353

བསྐྱེད་པའི་དགེ་བ་དང་། མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པའི་དགེ་བ་སྤྱད་པར་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །ཞེས་པ་ཕྱོགས་སྔ་ཡིན། དགག་པ་དེར་དེ་སྐད་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤང་བར་འགྱུར་རོ། །འདི་ལྟར་ཅི་ཡང་མི་སེམས་མོ་ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་སྤང་བར་འགྱུར་རོ། །ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན། དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་། སྦྱིན་པ་ལ་

p. 354

སོགས་པའི་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །ཞེས་སོགས་དགག་པ་བརྗོད། རྩོད་པ་དང་པོ་ལ། གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེས་པ་ཡིན། དེ་ཡང་རིགས་པ་མ་ཡིན་ཏེ། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་འདི་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་། དེ་དག་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བསྒོམ་ན་ནི་ཆོས་དེའི་ཚེ་དེས་ཤིན་ཏུ་དྲན་པ་དང་ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །ཅི་སྟེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ། དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱས་ན། དེའི་ཚེ་དེ་གཉིས་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ། མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ། གང་གིས་མཚན་མ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ལས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱིས་ཕྱིར་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བ་ལ་ཡང་དྲན་པ་དང་།

p. 355

ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་གྱིས་དྲན་པ་མེད་ཅིང་། ཡིད་ལ་བྱེད་པ་མེད་པའི་ཐབས་མེད་དོ། །དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་གྱུར་དུ་ཟིན་ཀྱང་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པར་ཇི་ལྟར་འགྱུར། ཆོས་ཐམས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན་དེ་དག་གི་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་མེད་པར་ནི་སྒྲིབ་པ་སྤོང་བར་མི་འགྱུར་རོ། །དེ་ལྟར་གྱུར་དུ་ཟིན་ན་ཐམས་ཅད་ཀྱང་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ། །ཡང་གལ་ཏེ་རྣལ་འབྱོར་བ་དེ་གལ་ཏེ་ཐམས་ཅད་ལ་དྲན་པ་ཉམས་པའི་རྨོངས་པའི་དྲན་པ་དང་ཡིད་ལ་བྱེད་པ་མི་འཇུག་ནནི། དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས་རྣལ་འབྱོར་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་དེ་ལ་དྲན་པ་དང་། ཡིད་ལ་བྱེད་པ་མེད་པར་བྱས་པས་གླེན་པ་ཉིད་གོམས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ཡེ་

p. 356

ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིང་པར་འགྱུར་རོ། །ཇི་སྟེ་དེ་དྲན་པ་ཉམས་པའང་མ་ཡིན་གླེན་པ་ཡང་མ་ཡིན་ན་ནི་དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུའང་མི་དྲན། མཐོང་བཞིན་དུའང་མི་མཐོང་ངོ་ཞེས་བྱ་བར་མི་རུང་ངོ་། །དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན། ཇི་ལྟར་སྔོན་གནས་པ་རྗེས་སུ་དྲན་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་སོགས་འགྱུར་ཏེ་འགལ་བའི་ཕྱིར། དྲོ་བ་དང་གྲང་བ་འགལ་བས་གྲང་བ་བར་རྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ཡང་རྣལ་འབྱོར་བ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཇི་སྟེ་མེད་ནནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར། གཉེན་པོ་གང་གིས་ཉོན་མོངས་པ་སྤང་བར་འགྱུར། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོ་སྐྱེ་བོའི་སེམས་ནི་

p. 357

འགོག་པར་འགྱུར་མི་སྲིད་དོ། །དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་བ་གང་གི་ཚེ། ཡང་དག་པའི་ཤེས་རབ་གྱིས་བརྟགས་ན། དོན་དམ་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་དྲན་པ་མ་མཐོང་བ་དེའི་ཚེ་ཇི་ལྟར་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་ཞུགས་པ་ཡིན་ནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་པས་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པ་ཡིན་ནོ། །ཐབས་དང་ལྡན་པའི་ཤེས་རབ་བརྟེན་པས་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡིནནོ། །དེ་བས་ན་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་རོ། །ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་ཡི་གཞན་དུ་མ་ཡིན་ཏེ། རིམ་

p. 358

གྱིས་དཀྱུས་བསྟན་ནས་རྒྱུག་པ་བཞིན་ནོ། །དེ་ལྟ་བས་ན་ཡང་དག་པར་སོ་སོར་བརྟག་པར་བྱའོ། །དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་མེ་བྱུང་ན། ཤིང་རྣམས་དྲུད་པ་ལས་མེ་བྱུང་བས་ཤིང་དེ་ཉིད་བསྲེག་པ་བཞིན་དུ་དེ་ཡང་ཕྱིས་དེ་ཉིད་ཀྱིས་བསྲེག་པར་འགྱུར་རོ། །ཞེས་ཐོས་བསམ་གྱི་ཤེས་རབ་དཀྱུ་ས་བསྟན་པ་ཙམ་ཡིན་ལ་དེར་རྟས་རྩེ་བ་ལྟ་བུ་ཡང་དག་པར་སོ་སོར་རྟོག་པ་འདི་ཉིད་ཡིན་པས་སོ། །འདི་རྟོག་པར་བཞག་པའང་། པྲ་ཏི་ཀལྤ་ཞེས་པའི་སྒྲ་དང་། སཾ་ཀལྤ་ཞེས་པའི་སྒྲ་བཤད་ཀྱི་དབང་གིས་ཡིན་ལ་ཐོས་བསམ་གྱི་ཤེས་རབ་དེ་ནི་རྗེས་སུ་དཔག་པ་ཡིན་པས་སྒྲ་དོན་འདྲེར་རུང་དུ་འཛིན་པའི་རྟོག་པའི་ནང་ཚན་ཁོ་ན་བས། བི་ཀལྤ་ཞེས་པའི་སྒྲར་རུང་གིས་གཞན་གཉིས་སུ་ནི་མི་རུང་ངོ་། །ཡང་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་ཅེས་པ་ནི་སྤྱིར་གྱི་དབུ་མ་པ། སྒོས་སུ་སྒོམ་རིམ་པས་ཐེར་

p. 359

བཀག་ནེར་བཀག་བྱས་སོ་སྙམ་པ་མཁས་རློམ་གྱི་གཞུང་མང་པོ་ན་སྣང་ངོ་། །མི་འཐད་དེ་གོང་དུ་དྲངས་པར་ཡང་དག་པར་སོ་སོར་རྟོག་པས་ངན་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས། དེས་སྟོང་ཉིད་རྟོགས། དེས་ལྟ་བ་ཐམས་ཅད་སྤོང་བར་སྒྲུབ་པས་སོ། །དེ་བས་ན་བདག་ཇི་ལྟ་བ་དང་འདིའི་ལུགས་མཐུན། བདག་ཅག་ཀྱང་སོ་སོ་རང་རིག་གིས་བལྟ་བྱ་ལྟ་བྱེད་དྲན་པ་དང་ཡིད་བྱེད་སྤོང་བར་འདོད་པ་ཡིན་ཞིང་། རང་རིག་འདི་མ་རྙེད་ཚུན་རྣམ་བཞག་འདི་དག་ཁས་མི་ལེན་པ་འདི་ཡང་ལྟ་བའི་དབང་དུ་བྱས་ལ། དེང་སང་གི་དགེ་བཤེས་རྣམས་ཞི་གནས་ལ་ལབ་ལོབ་འདི་པ་མཛད་སྣང་སྟེ་དེནི་བྱིས་པ་དར་མའི་བྱ་བ་ལ་ཞུགས་པ་ལྟ་བུའོ། །ཡང་དེར་དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ་ཟེར་བ་དེ་ནི། དེ་སྐད་སྨྲས་པས་ལས་ཟད་ན་གྲོལ་བར་འགྱུར་རོ་ཞེས་མུ་སྟེག་ཅན་ཀུན་ཏུ་འཆོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས། ཉོན་མོངས་པ་ཟདནས་གྲོལ་བར་འགྱུར་གྱི། ལས་ཟད་ནས་གྲོལ་བར་འགྱུར་བ་མེད་དེ། ཐོག་མ་མེད་པ་ནས་བསགས་པའི་ལས་

p. 360

ཟད་པར་བྱ་མི་ནུས་ཏེ། འདི་ནི་མཐའ་ཡས་པའི་ཕྱིར་རོ། །ཞེས་སོགས་ཀྱི་དགག་པ་མཛད་པའི་ཚུལ་གཉིས་པོ་ལས་དགག་པ་གཞན་མ་བྱུང་ངོ་། །དེས་ན་དེས་ཅིག་ཅར་བ་བཀག་གོ་སྙམ་ནས་ཐ་སྙད་དེ་བཟོ་བ་ལ་འཇིགས་འཇིགས་ལྟ་བའང་གདའ་སྟེ། རྒྱ་ནག་ལུགས་ཅིག་ཅར་བར་བཞག་པ་དེ་བཀག་གི །སྤྱིར་གྱི་ཅིག་ཅར་བ་མ་བཀག །བདག་ཅག་གི་ལམ་འདི་ཀ་ཅིག་ཅར་བའི་ལམ། དེ་ཉིད་ལའང་ཅིག་ཅར་ཐོད་རྒལ། རིམ་གྱིས་པ་གསུམ་དུ་འབྱེད་པའི། ཡས་བབས་དང་ནི་མས་འཛེགས་གཉིས། །རིམ་གྱིས་པ་དང་ཅིག་ཅར་བ། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཅེས་པའང་བོང་སྨྱོན་གྱི་མཆོངས་ཡིན་པས་ཚར་བཅད་གསུམ་པར་ལྷུང་ངོ་། །ཞེས་ལན་རྒྱས་པར་གསུངས་སོ། །ཡང་དྲི་བ་ལྷག་བསམ་རབ་དཀར་ཞེས་པར། ཧྭ་ཤང་དང་ཁྱད་མེད་ཟེར་རབ་དབྱེར་གསུངས་པའི་གཏམ་ཅོལ་ཁོ་ན་དབྱངས་སུ་གྱེར་བ་དེ་དེ་དང་ཤན་ལེགས་པར་ཕྱེ་ཟིན་ཏོ། །སྦྱིན་པ་སོགས་སྤྱོད་མི་སྤྱོད་ཀྱང་སྐབས་ཀྱི་ལན་དུ་ལོས་འགྲོ་སྟེ། ཧྭ་ཤང་དང་ཁྱད་མེད་པར་བཤད་པ་ལ་གནོད་པས་དང་། མཆོད་སྦྱིན་

p. 361

དང་ལྷས་སྦྱིན་མི་འདྲ་བ་ལ་རིགས་རུས་ཕ་མ་ལ་སོགས་ཀྱི་ཁྱད་ཀུན་བཤད་རུང་བས། གདོང་དྲིས་པས་བཤང་ལམ་ཆེ་ཆུང་གི་ལན་བཏབ་པ་ལྟར་དུ་གར། འགྲོ་འོན་ཀྱང་དཔེ་དེ་དངོས་སུ་བྱུང་ནས། དོན་དམ་པའི་བསྒོམ་པ་བློར་མི་འཆུན་པ་དག་གི་ཞལ་ཁེབས་སུ་བྱས་ནནི་ལེགས་པར་འོང་ངོ་། །ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ཀླུ་སྒྲུབ་ཀྱི་ལྟ་སྒོམ་ཇི་ལྟ་བ་ཡིན་པར། རྒྱ་གར་འཕགས་པའི་ཡུལ་དཔལ་བི་ཀྲ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་ཇོ་བོ་རིག་པའི་ཁུ་བྱུག་དང་། ནཱ་རོ་པཎྜི་ཏ་སོགས་མཁས་པ་རིའི་དབང་པོ་ལྟ་བུ་དེ་ཚོའི་མདུན་དུ་གྲུབ་ཟིན་ལ། དེས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་དཱ་ཡི་ཐུགས་སུ་མ་ཤོང་ནས་མི་འཐད་དོ་དགོངས་རྩོད་ཡིག་སྒོ་ལྕིབ་ལ་བཏབ། མཻ་ཏྲི་པས་མ་གཟིགས་པས། ཤ་བ་རིའི་མན་ངག་གིས་ཤཱནྟི་པའི་རྩོད་པ་མ་ཐུབ་ཟེར་གྲགས་པ་ངན་པ་ཆེ་ལབ་བྱུང་། སླར་རྒྱལ་པོ་དང་པཎྜི་ཏ་མཁས་པ་དཔང་དུ་བཙུགས་ནས་རྩོད་དོ་ཞེས། བང་ཆེན་ལན་བཅུ་གཉིས་བཏང་བས་ཤཱནྟི་པ་རྩོད་པ་ལ་འོང་ནུས། དེས་མཻ་ཏྲི་པ་ཆེན་པོ་རྩོད་མེད་དུ་བཀུར་བར་འདུག་པས་ཁྱེད་ཀྱིས་ཀླུ་

p. 362

སྒྲབ་ལུགས་སྐྱོར་བ་དང་ཨེ་མཐུན་མི་ཤེས་ཏེ། ཚད་མའི་སྐྱེས་བུ་དེ་ཙམ་གྱིས་དཔྱད་པས་དག་པ་མཆོག་ཡིན་པས་སོ། འོན་ཀྱང་དྲི་བ་དེ་དག་གི་དོན་རྟག་ཆད་སེལ་ཚུལ་སོགས་ཕལ་མོ་ཆེ་སྔར་གཏན་ལ་ཕབ་ཀྱང་ཟིན་ཏོ། །ཡང་གང་དུ་ཡང་མ་གྲུབ་པར་བསྒོམས་པའི་འབྲས་བུ་གང་དུ་ཡང་མ་གྲུབ་པ་གཅིག་ལས་འོས་མེད་འདི་ཐུགས་བདེན་དེ་དེ་བཞིན་ནོ། །དེ་བླ་ན་མེད་པའི་སྒོམ་མ་ཡིནནོ། །ཤེས་བྱེད་ཅི་ཡོད་སླར་འདྲི། འཁོར་གསུམ་དག་པའི་སྦྱིན་པས་ཐོབ་ནས་མེད་པ་གར་ཡོང་། དེ་ན་འཇུག་པའི་གཞུང་ལུགས་ཁས་ལེན་བཞིན་དུ་དེ་སྐད་སྨྲ་ཅི་རིགས། སོ་སོ་སྐྱེ་བོ་ལ་ཉམས་ལེན་དེ་མེད་པས་དེའི་སྦྱིན་པ་ཕར་ཕྱིན་དུ་འགྲོ་བ་ཡོངས་སུ་བསྔོ་བ་ལ་ལྟོས་དགོས་བྱུང་བ་ཡིན། དེས་ན་དེ་དག་གིས་སྦྱིན་པ་གཏོང་མ་ཤེས་པ་གར་ཡིན། འཁོར་གསུམ་ཡོངས་དག་མི་ཤེས་པ་ཡིན་ནོ། །ཡང་གང་ཟག་རང་རེ་བདེན་པར་མེད་པའི་དོན་དེ་གང་ལ་བྱེད་ན། སྒྱུ་མ་ལྟ་བུ་ཡིན་པ་ལ་བྱེད་དོ། །བདེན་པར་གྲུབ་པ་སྲིད་ན་ཇི་ལྟ་འོང་རྒྱུ་ཡིན་ཞེས་དྲི་བ་ལ། སོ་སོ་སྐྱེ་བོ་གྲུབ་མཐའ་མི་ཤེས་པས་བདག་ཏུ་བལྟ་བའི་ཞེ་འདོད་དེ་འདྲ་ཞིག་ཀ་འོང་། བདེན་མེད་

p. 363

དུ་འཛིན་པ་དང་། བདེན་པར་མི་འཛིན་པ་ཁྱད་ཆེ། སྔ་མ་མེད་པར་གཟུང་བའི་དོན་དུ་སོང་། ཕྱི་མ་ཡོད་མཐའ་དགག་པ་ཙམ། ཡང་འགའ་ཞིག་སེམས་འདི་ཁ་དོག་དང་དབྱིབས་གང་དུ་གྲུབ་འདུག་ལེགས་པར་བལྟས་པའི་ཚེ་སོགས་ཀྱིས་དགག་པ་ནི། གསུང་རབ་ཀྱི་དོན་ལས་གཞན་དུ་སོང་བ་སྟེ། སྒོམ་རིམ་རྣམས་སུའང་རེ་ཞིག་གཟུགས་ཅན་འདི་རྣམས་ཞེས་སོགས་ཀྱིས་དེ་ལྟར་བཤད་ལ། མིག་ཤེས་ཀྱིས་གཟུང་བ་ནི་དབྱིབས་དང་ཁ་དོག་གི་གཟུགས་གཉིས་སུ་མངོན་པ་འོག་མར་ཁས་བླངས། གོང་མས་ནི་ཁ་དོག་གི་གཟུགས་ཉིད་དུ་བཤད་པ་མ་དགོངས་པར་ཟད་དོ། །ཡང་ད་ལྟའི་སེམས་སྐད་ཅིག་མ་སོགས་ཀྱི་དགག་པ་འདི་ནི་ཕྱོགས་སྔ་མ་ལོན་ཏེ། སྐད་ཅིག་ཁོ་རང་གི་དུས་ལས་གཞན་སྔ་ཕྱི་གང་ཡང་དེ་ངོ་ཤེས་སུ་མི་འཇོག་པ་མ་གོ་བར་ཟད་དོ། །སེམས་ཀྱི་ངོ་ལ་ལྟ་ཚུལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་དེ་ལོས་ཡིན་ཀྱང་སོ་སོར་རྟོག་པའི་ཤེས་རབ་ངོས་འཛིན་ལ་མ་མཐུན་པ་ཡིན། ཁྱེད་ལུང་རིགས་ཀྱིས་དཔྱད་པ་ཁོ་ན་མཛད་དེ་འཐད་རྒྱུ་ཡིན་ལ། དེརནི་རྗེས་དཔག་འཇུག་མི་འགྱུར།

p. 364

གནས་གསུམ་པ་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་ཅི་ལ་གསུངས་ཏེ་འདི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གཏན་འབེབས་པའི་སྐབས་ཡིན་པས་སོ། །དེ་བཞིན་རྟོག་གེས་མི་རྟོགས་པར་ཡང་། མཚན་མ་ཀུན་ལས་བཏུས་སུ། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །དེ་ནི་ཐུབ་པའི་བསྟན་ལ་ཆེ་སྲིད་ཉམས་པའང་ཡིན། །དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་ནི། །གལ་ཏེ་གཞན་དུ་འགྲོན་དཔྱད་པར་བྱ་བར་རིགས། །ཞེས་སོ། །དེས་ན་བཀའ་བརྒྱུད་པ་འདི་ཚོས་རིགས་པ་མི་ཤེས། ལུང་འདྲ་འདྲེན་འདུག་བསམ་པའང་མི་རིགས་པར་འདིས་ཤེས་པར་བྱའོ། །ཉན་ཐོས་སྡེ་གཉིས་ཀྱི་སྟོང་པའི་ལྟ་ཚུལ་དང་ཁྱད་ཆེ་བར་ཡང་སྔར་དམིགས་པ་མི་རྟག་པ་ལ་སོགས་པ་སོགས་དྲངས་ནས་བཤད་པས་དང་། དེ་དག་གི་དཔེས་སྒྱུ་མར་མཚོན་པའི་སྒྱུ་མ་ཙམ་ལས་མ་རྟོགས་པར་རྒྱས་པར་བསྟན་ཟིན་ཏོ། །སྟོང་པ་དང་ཆོས་སྐྲ་གཅིག་པ་འདི་སུའི་རང་བཟོ་ཡིན། ཞེས་དྲི་བ་ལ་འདི་ནི་ཤཱཀྱ་ཐུབ་པའི་རང་བཟོ་སྟེ། འདུལ་བ་ལུངན། ཚེ་དང་ལྡན་པ་ཀ་ཏྱ་ཡ་ནའི་སློབ་མ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིའི་

p. 365

གཏམ་རྒྱུད་ལས། བདག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་ཡང་། གཟུགས་ཀྱི་སྐ་མ་མཐོང་བས་བལྟ་བར་འགྲོ་ཞུས་པ་ལ། དེས་མཐའ་འཁོབ་ཏུ་ཀོ་པགས་ལོངས་སྤྱད་ཆོག་མི་ཆོག་སོགས་དྲི་བ་བསྐར་སྣང་བས་སོ། །ཡང་ཁྱེད་ཀྱི་སོ་སོར་རྟོག་པའི་ལྟ་བ་ལ་དེ་ནི་རྟོག་པ་ལས་མ་འདས་ཏེ། དེས་ཡང་དག་པར་མཐོང་བ་ཐམས་ཅད་རྗེས་དཔག་ཁོ་ནར་ཟད་དེ། མ་ཟད་ན་ཚད་མ་མདོ་རྣམ་འགྲེལ་སོགས་ཀྱི་དོན་ཐམས་ཅད་བདེན་མེད་དུ་སོང་། དེར་རྗེས་དཔག་རྣམ་གཉིས་རང་དོནནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། ཞེས་གསུངས་པས་སོ། །ངེད་ཅག་གི་འདི་མངོན་སུམ་གྱིས་ཡིན་པས། དུས་འཁོར་དུ། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིར་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་ལ། སྟོང་ཉིད་ཕྱི་མ་དེ། བཀབ་དང་མ་བཀབ་མིག་དག་གི །སྟོང་པ་འདི་ནི་རྗེས་བརྟགས་མིན། །ཞེས་མ་བརྟགས་མ་དཔྱད་པའི་མངོན་སུམ་གྱི་སྣང་བར་གསལ་བར་གསུངས་པས་སོ། །དྲང་དོན་དུ་རྣམ་རྟོག་རྣམ་

p. 366

རྟོག །ངེས་དོན་དུ་ཆོས་སྐུ། དང་པོའི་སྐབས་སུ་རྣམ་རྟོག་སྤང་བྱ། གཉིས་པར་རྣམ་རྟོག་ཅི་མང་བ་ཆོས་སྐུའི་ཡོ་ལང་ཆེ་བ། ཞེས་སྨྲས་པ་ནང་འགལ་རྒྱུ་ཡིནན། དྲང་ངེས་ཀྱི་གཞུང་ཐམས་ཅད་དེ་ལྟ་བུས་འགལ་བ་དེ་ལྟར་སྨྲ་མཁན་ནི་ཟས་གཙང་གི་སྲས་ཆེ་བ་དེ་ཡིན་པས་རེ་ཞིག་དེ་དང་རྩོད་པར་གྱིས་ཤིག །ཅེས་སོ། །མཇུག་ཏུ། ཨེ་མ་ཐུབ་བསྟན་ནམ་མཁའི་སྐྱེད་ཚལ་འདིར། །ལེགས་བཤད་ཉི་མ་གཞོན་ནུས་མ་བརྩེསན། །ཡེ་ཤེས་མིག་གི་ལྟད་མོ་མི་འབྱུང་བས། །འབད་པའི་དྲི་བཞོན་དེ་བསུའི་སྤོས་སུ་གཏུལ། །ཟས་གཙང་སྲས་ཀྱི་དག་བྱེད་རྫེང་བཟང་པོ། །ཚིག་གི་ཆང་ལ་སྲེད་པའི་གཉིས་འཐུང་གིས། །འདམ་དུ་རྫིར་ཉེ་གྲུབ་རིགས་ངང་མོའི་སྡེ། །སྐྲག་པའི་དབུགས་འབྱིན་ལ་འོངས་ལྕགས་ཀྱུ་དང་། །རྒྱལ་བ་རྣམས་ཀྱི་ཐུགས་ལ་གཅེས་པའི་ནོར། །མ་ལུས་འདིར་ཆུད་དེ་ཕྱིར་གན་མཛོད་སྟེ། །ཚིག་ལ་དབང་བ་རྣམས་ལ་བརྣབ་སེམས་པས། །རེ་བ་སྐོང་ལ་པདྨ་དཀར་པོས་སྦྱར། །ཕྱོགས་ཀྱི་མཛེས་མའི་སྙན་གོང་ཨུཏྤ་ལར། །རྣམ་འགྲེལ་ཆོས་ཀྱི་ཉིང་ཁུ་འདི་ཞུགས་པ། །སྐལ་པ་བཟང་པོའི་བུང་བས་རྟག་

p. 367

མྱོང་བའི། །འཇམ་པའི་དབྱངས་ཀྱིས་ས་གསུམ་གང་གྱུར་ཅིག །ཅེས་གསུངས་སོ། །ཡང་ཀུན་མཁྱེན་པད་དཀར་ཐུགས་སྲས་འཇམ་དབྱངས་སངས་རྒྱས་རྡོ་རྗེས་མཛད་པའི་ཕྱག་ཆེན་རྒྱལ་བའི་གན་མཛོད་ལ་རྩོད་པ་སྤོང་བའི་གཏམ་སྲིད་གསུམ་རྣམ་པར་རྒྱལ་བའི་དགེ་མཚན་ལས། རྣམ་འདྲེན་གསུང་གི་དབང་ཕྱུག་རལ་གྲིའི་གཉེན། །མཚན་མའི་རྐྱེན་གྱིས་མི་གཡོ་གཏུམ་པོ་ཆེ། །རྒྱུད་མང་ཆོས་ཀྱི་གླུར་འབབ་དབྱངས་ཅན་སོགས། །ལྷག་པའི་ལྷ་ཚོགས་རྒྱ་མཚོས་ཤིས་པར་མཛོད། །འཇམ་པའི་དབྱངས་དང་སྤྱན་རས་ཀྱི། །གཟིགས་པ་ནམ་མཁའི་རྗེས་འགྲོ་གཉིས། །ལེགས་བགྲོས་བདུད་རྩིའི་རྒྱུན་བཟང་པོས། །ཐུབ་བསྟན་བྱི་དོར་མཛད་ལ་དགྱེས། །དེ་ཡང་སྙིང་པོའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་སྐྱེས་ཆེན་དཔལ་དྭགས་པོ་དཀར་བརྒྱུད་ཀྱི་རིང་ལུགས་འཛིན་པ་རབས་ནས་རབས་སུ་བྱོན་པ་རྣམས་ཀྱིས་ལེགས་པར་བཀོད་པའི་ལྟ་གྲུབ་ཀྱི་གནད་ལ། འཇམ་པའི་དབྱངས་ས་སྐྱ་པཎྜི་ཏ་ཞེས་གྲགས་པའི་དབྱངས་ཀྱི་ང་རོ་སྲིད་པའི་ར་བ་ལས་འགོངས་པ་དེ་ཉིད་ཀྱིས་སྡོམ་པ་གསུམ་

p. 368

གྱི་རབ་ཏུ་དབྱེ་བ་ཞེས་བྱ་བ་དང་། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་ལ་སོགས་པའི་བསྟན་བཅོས་ཆེན་པོ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་ལ་ཞུ་འཕྲིན་དུ་བྱ་བ་ལ་སོགས་པ་ལས་སྐབས་སུ་བབ་པའི་ཀླན་ཀ་དང་། བརྒལ་བརྟགས་ཀྱི་གསུང་ཇི་སྙེད་བྱོན་པ་ལ། དཔལ་འབྲུག་པ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷས། ལན་དུ་འོས་པའི་བསྟན་བཅོས་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ཅེས་བྱ་བ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཆོས་བཞིན་དུ་སུས་ཀྱང་བརྒལ་དུ་མེད་པ་འདི་སྦྱར་བའི་ཚེ་དུས་མཚུངས་ཀྱི་བཤེས་གཉེན་ཕལ་ཆེར་རང་རང་གི་སློབ་ཚོགས་འདུས་པའི་དཀྱིལ་འཁོར་དུ་སེང་གེ་ལྟར་རྣམ་པར་འགྱིངས་བའི་ངང་ཚུལ་ཤ་སྟག་གིས་སྙེམས་ཀྱང་། མཁས་པའི་དབང་པོ་འདི་ཉིད་ཀྱི་འདུན་སར་ཝ་སྐྱེས་ཀྱི་བརྟུལ་ཞུགས་ཉེ་བར་བླངས་ཏེ་ཞུམ་ཞིང་འདར་བས་སྨྲ་བའི་རྔོ་མ་ཐོགས་ནའང་། ང་ཡིར་འཛིན་པའི་བག་ཆགས་ཀྱི་གཞན་དབང་ལས།

p. 369

ལྐོག་ཏུ་གཤུང་ཞིང་འཁུ་བའི་སྨྲེ་སྔགས་ཤིབ་བུར་བཟློ་བ་འབའ་ཞིག་ཏུ་ཟད་སྐབས་མཁས་པའི་འབྱུང་ཁུངས་གཉན་ཡོད་བྱ་གཤོངས་ཞེས་བྱ་བའི་ཆོས་གྲྭ་ཆེན་པོའི་ཇི་སྙེད་པའི་ཤེས་བྱ་ལ་བློ་གྲོས་ཀྱི་འཇུག་པ་མི་གཡེལ་བས་མཁས་པའི་དབང་པོའི་གྲངས་སུ་བགྲང་རིགས་པ། མཁན་རིན་པོ་ཆེ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཞལ་སྔ་ནས་ཀྱིས་རྩོད་སྤོང་ལེགས་བཤད་ཉི་མའི་འོད་ཟེར་ཞེས་བྱ་བའི་ཡིག་འཇོག་དང་བཅས། ཐུབ་བསྟན་རིན་པོ་ཆེའི་བྱི་དོར་ལ་གཞོལ་སྐབས་ཀུན་མཁྱེན་འབྲུག་པས། ཉི་མའི་འོད་ཟེར་དེའི་ཐོག་ཏུ་ཚིག་ཚོགས་ཉུང་ཡང་། དོན་གྱི་མཐུ་ཆེ་བ་སྒྲ་གཅན་གྱི་ལག་པ་ལྟ་བུ་ཞིག་མཆན་བུར་བཏབ་པ་ལ། སླད་ཀྱི་མཁན་ཆེན་པས། ཡང་ལན་མཁས་པའི་མིག་ཐུར་ཞེས་མིང་དུ་བཏགས་པའི་ཡི་གེ་བརྩམས་ཀྱང་། དེས་མཁས་པའི་མིག་མ་ཕྱེ་བར་བླུན་པོའི་ཁ་ཕྱེནས། འབྲུག་པས་ལན་མ་ཐེབས་སོ་ཞེས་བདེན་མེད་བྲག་ཆའི་སྒྲ་དབྱངས་སམ་རི་བོང་གི་ཅལ་ལྟ་བུ་ཞིག་གཟུ་བོར་མི་གནས་པའི་བཤེས་གཉེན་ཁ་ཅིག་གིས་དང་པོར་བསྒྲགས་ལ། ཕྱིས་ནས་བརྟག་དཔྱད་ཀྱི་རྣམ་དབྱེ་མ་དམིགས་པའི་སྐྱེས་

p. 370

བུ་མང་པོས། རི་དྭགས་ཀྱི་ཚོགས་ལྟར་ཀུ་ཙོའི་དབྱངས་དང་བཅས་ཏེ་བརྒྱུགས་པས་ངལ་བ་དག་དབུགས་དབྱུང་བའི་སླད་དུ། སེང་གེ་རལ་པ་ཅན་ཁོ་བོ་ཅག་མི་འཇིགས་པའི་གང་རྒྱངས་སྒྲོག་པར་སྤྲོའོ། །དགོས་པ་ཅིའི་སླད་དུ་ཞེན། ཀུན་སློང་ངན་པ་ཞེ་ལ་བརྣགས་པའི་ངན་ཤགས་སྨྲ་བ་མ་ཡིན་གྱི། རང་གཞན་གྱི་ལུགས་འཛིན་པར་རློམ་པ་རྣམས་ལ་བློ་གྲོས་ཀྱི་མཐུ་བརྟག་པ་དང་། ལེགས་པར་སྨྲ་བའི་སྒོ་དབྱེ་བའི་སླད་དུའོ། །ཞེས་ཐོག་མར་གླེང་ནས་བར་དུ་ལུང་དང་རིགས་པ་རྣོན་པོས་རྩོད་ལན་མང་པོ་བཏབས་པའི་སྐབས་ཤིག་ན། ཀུན་མཁྱེན་པད་དཀར་གྱིས་སྔར་ཕྱག་ཆེན་རྒྱལ་བའི་གན་མཛོད་དུ། ཧྭ་ཤང་དང་རྩོད་པ་བྱས་པའི་ལོ་རྒྱུས་སྒོམ་རིམ་ན་གང་ཡོད་རྣམས་ཚུར་ལུང་དྲངས་ནས། དེ་ལས་གཞནནི་བླུན་པོས་སྦྱར་བའི་གཏམ་ཡིན་པས་ཚད་མར་བྱར་མི་རིགས་པས་སོ། །ཞེས་པའི་ལན་རྩོད་སྤོང་དུ། དེ་ཡང་། ས་དགེ་བོ་དོང་བཀའ་ཕྱག་ལ་སོགས་པ་ཕལ་མོ་ཆེ་ཞིག་གཞན་ཕྱོགས་ཀྱི་ལྟ་བ་གང་ཡིན་ཧྭ་ཤང་གི་ལྟ་བར་སོང་ངོ་ཞེས་ཆོ་ངེས་འདེབས་པ་དེ་འདིར་གཏན་ལ་འབེབས་པ་ཡིན། དེ་གཏན་ལ་འབེབས་པ་ཧྭ་

p. 371

ཤང་གི་ཕྱོགས་སྔའི་གནད་དང་། དེ་འགོག་བྱེད་ཀ་མ་ལ་ཤཱི་ལའི་རིགས་པའི་གནད་དང་། དཔང་པོ་རྣམས་གྱིས་ཤན་ཕྱེ་བའི་གནད་རྣམས་ཀྱི་སྙིང་པོ་ཟིན་པ་ཞིག་གཅེས་ཀྱི། ལོ་རྒྱུས་ཅུང་ཟད་དག་མ་དག་དང་། མིང་འདོག་ཅུང་ཟད་མ་མཐུན་པ་ལ་འགངས་ཆེར་མི་སྣང་མོད། འོན་ཀྱང་དེ་ལས་གཞན་ནི་བླུན་པོས་སྦྱར་བའི་གཏམ་ཡིན་པས་ཚད་མར་བྱར་མི་རིགས་གསུངས་པ་གཏམ་ནི། སྨྲ་བ་པོ་རང་གི་གསུང་དེ་ཉིད་དེ། ཐུབ་པ་དགོངས་གསལ་དུ་ལོ་རྒྱུས་ཟུར་ཙམ་བཀོད་ནས་རྒྱས་པར་རྒྱལ་བཞེད་དང་དབའ་བཞེད། རྦ་བཞེད་རྣམས་སུ་བལྟ་བར་བྱའོ། །གསུངས་ནའང་དེ་གསུམ་ན་གསལ་བ་རྣམས་ཀྱང་སུན་ཕྱུང་བའི་ཕྱིར་རོ། །ཞེས་བྲིས་མོད། རང་འདོད་སྒྲུབ་ཕྱིར་ལོ་རྒྱུས་ལ་ལྷན་པ་བཏབ་པ་དག་ལ་དགོངས་ནས། དེ་ལས་གཞན་ནི་བླུན་པོས་སྦྱར་ཞེས་གསུངས་ཀྱི། ལྷད་མ་བཏབ་པའི་རྦ་བཞེད་སོགས་འགོག་པ་ཅི་སྟེ་སྲིད། ལོ་རྒྱུས་ཕྱོགས་སྔ་ཕྱི་གཉིས་ཀས་དྲངས་པའི་དགོས་པ་ཡིན་པས་དག་མ་དག་དཔྱོད་པར་ཤིན་ཏུ་ཡང་རིགས་སོ། །འོ་ན་ཕྱོགས་སྔས་བཀོད་པའི་ལོ་རྒྱུས་དེ་ལ་མ་

p. 372

དག་པ་ཅི་དང་ཅི་སྣང་བ་སྨོས་ཤིག་ཅེན། དེ་བཞིན་དུ་བྱ་སྟེ། ཐོག་མར་རྦ་དང་དབའ་ཞེས་པ་དོན་གཅིག་པ་ལ་བརྡ་གསར་རྙིང་གིས་བཏགས་པ་མ་གོ་བར་ཐ་དད་དུ་ཕྱེ་བ་འདི་མ་དག །རབ་དབྱེར་ཞི་འཚོས་རྒྱལ་པོ་ལ་དངོས་སུ་ལུང་བསྟན་པ་དང་། ཐུབ་དགོངས་སུ་ཡེ་ཤེས་དབང་པོ་ལ་དྲིས་པར་བཤད་པ་དང་གཉིས་མ་མཐུན་པས་གང་རུང་ཞིག་མ་དག །ཆོས་འབྱུང་ཪྙིང་མ་དང་སྒོམ་རིམ་དུ་དཀར་པོ་ཆིག་ཐུབ་ཀྱི་འཕྲོས་ཙམ་ཡང་མེད་པ་ལ། ཐུབ་དགོངས་སུ། རྒྱ་ནག་དགེ་སློངན་རེ། སེམས་དཀར་པོ་ཆིག་ཐུབ་ཡིན་པར་སྨྲས་ཞེས་སྒྲོ་བཏགས་པས་མ་དག །ལོ་རྒྱུས་ཧྭ་ཤང་གི་བསྟན་བཅོས་མཐོང་ནས་བྲིས་སོ་ཞེ་ན། དེ་བསྟན་རྒྱུ་མེད་པས་མ་དག །རྦ་བཞེད་གཙང་མ་དང་ཐུབ་དགོངས་སུ། རྒྱ་ནག་རྩོད་པས་ཕམ་འཕྲལ་ཡི་གེ་རྣམས་གཏེར་དུ་སྦས་པར་བཤད་པ་དང་། རབ་དབྱེར་ཕྱིས་རྒྱནག་གི་ཡི་གེ་ཙམ་ལ་བརྟེནནས་བྱས་བར་བཤད་པ་འགལ་བས་གང་རུང་ཞིག་མ་དག །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཟེར་བ་ཚད་ལྡན་ལས་མ་བཤད་ཅེས་གཟུར་གནས་དག་གསུངས་ན། མིང་གསར་འདོགས་སྒྲོ་བཏགས་ཡིན་པས་མ་དག

p. 373

སྒོམ་རིམ་དུ། བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་གདམས་ངག་འཕགས་པ་འོད་སྲུངས་ལ་གཏད་པ་ནས་བཟུང་། བརྒྱུད་པ་ཉེར་གཅིག་པ་ཧྭ་ཤང་མ་ཧཱ་ཡ་ན་ཡིན་པར་བཤད་པ་ལ། ཧྭ་ཤང་གི་ཆོས་ལུགས་མུ་སྟེགས་ལས་ཀྱང་ལོད་པར་བརྩི་བ་བསྐུར་འདེབས་ཡིན་པས་མ་དག །རབ་དབྱེར་ཕྱག་རྒྱ་བའི་ཆོས་འདི་རྒྱ་ནག་གི་ལུགས་སུ་ཐག་བཅད་ནས། ཐུབ་དགོངས་སུ་ཕྱག་རྒྱ་བའི་ནང་ཚན་ཧྭ་ཤང་གི་རྗེས་འབྲངས་དང་། སེམས་ཙམ་རྣམ་མེད་པའི་སྒོམ་དང་། ཤེས་ཕྱིན་ལྟར་སྣང་ཕྱག་ཆེན་དུ་འདོད་པའི་ལུགས་གསུམ་དུ་བཤད་པ་འགལ་བས་གང་རུང་ཞིག་མ་དག །ཐུབ་དགོངས་སུ་ཐེག་པ་ཆེ་ཆུང་གང་ཡང་མིན་པ་ལ་འགོག་པ་ལ་གཞིར་བྱས་པའི། སེམས་ཙམ་རྣམ་མེད་པ་དང་ཤེས་ཕྱིན་ལྟར་སྣང་ཐེག་ཆེན་མིན་ཞིས་གསུངས་པ་མཁས་པ་སྤྱི་དང་མི་མཐུན་པས་མ་དག །སྐྱོན་མཚང་དེ་འདྲ་མང་པོ་ཡོད་པ་སྒྲིབ་ཟོལ་དུ་རྩོད་སྤོང་ལས། ལོ་རྒྱུས་ཅུང་ཟད་དག་མ་དག་དང་། མིང་འདོགས་ཅུང་ཟད་མི་མཐུན་པ་ལ་འགངས་ཆེར་མི་སྣང་མོད་ཅེས་སྒྱུ་ཐབས་སུ་རྐུན་རྒྱབ་རྫུན་གྱིས་མནན་པས་མ་དག །དེ་

p. 374

རྣམས་ལོ་རྒྱུས་ལས་འཕྲོས་པ་ཙམ་སྟེ། གཞན་གཞུང་སོ་སོའི་སྐབས་སུ་མཚང་བརྟོལ་བར་བྱའོ། །གན་མཛོད་ལས། དེས་ན་རྩོད་པ་པོས། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཞེས་སྦྱར་བས་འདི་མ་གཟིགས་པར་ཟད་དོ། །འདིར་མདོ་སྡེའི་སྒོམ་རིམ་དུ་བཤད་ལ། རྫོགས་ཆེན་ནི་ཨ་ཏི་ཡོ་ག་ཡིན་པ་ཤན་མ་ཕྱེད་པར་རྩོད་པས་ཚར་གཅད་ཀྱི་གནས་སོ། །ཞེས་པའི་ལན་རྩོད་སྤོང་དུ། ཚར་བཅད་ཀྱི་མིང་ཙམ་ལ་དགེས་པའོ་ཞེས་གོང་དུ་བཤད་ཉིན་ཏེ། ཞེས་འཛེར་ཏོ། །ཚར་བཅད་ཀྱི་མིང་ཙམ་ལ་དགེས་པ་ནི་བདེན་ཏེ། ཕ་རོལ་གནོན་པའི་གཏམ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཕྱོགས་སྔ་སྨྲ་བའི་ལོ་དེ་དང་། པདྨ་དཀར་པོ་ང་དུས་མཚུངས་པ་ཞིག་ན་དེ་ལུང་རིགས་ཀྱིས་ཚར་གཅད་འོས་པའི་གནས་ཡིན་མོད་ཀྱང་། དུས་སྔ་ཕྱི་ཁྱད་འཛོལ་བས་མ་གྲུབ་ཞེས་པའི་ཐ་ཚིག་གོ །རྩོད་སྤོང་དུ། རྫོགས་ཆེན་དུ་ཁས་བླངས་པ་ལ། རྒྱུའི་མདོ་སྡེ་དང་རྣམ་སྣང་མངོན་བྱང་གི་ལུང་གིས་མི་གནོད་གསུངས་པའང་མ་ཕྱེད་པ་སྟེ། དེ་རྣམས་ཐུན་མོང་གི་ལྟ་བ་ལོག་པར་སྨྲ་བ་ལ། འོག་མའི་ལུང་གིས་ཀྱང་གནོད་རིགས་པའི་ཕྱིར་རོ། །ཞེས་བྲིས་མོད། རྫོགས་

p. 375

ཆེན་དང་། རྒྱུའི་མདོ་སྡེ་དང་། རྣམ་སྣང་མངོན་བྱང་རྣམས་ལ་ཐུན་མོང་བའི་ལྟ་བ་ལོག་པ་མེད་ཀྱི་སྟེང་དུ། དེ་དག་ལས་ལྟ་བ་རྣམ་དག་འབའ་ཞིག་གསུངས་སྙམ་ཁོ་བོ་སེམས་ལགས་སོ། །ལ་ལ་ཐེག་པའི་རིམ་དགུ་ལ། །ལྟ་བ་ཐ་དད་ཡོད་ཅེས་ཟེར། །ཞེས་སྐད་ཆ་གསན་འདུག་པ་བཞིན། གསང་སྔགས་རྙིང་མའི་རིག་འཛིན་ཆེན་པོ་རྣམས་ཀྱང་བཞེད་ངེས་སུ་འདུག་གོ །དེའི་ཚེ་མདོ་དགོངས་པ་ངེས་འགྲེལ། དེ་བཞིན་གཤེགས་པ་རྣམ་སྣང་མངོན་བྱང་སོགས་དང་། ཨ་ཏི་ཡོ་ག་ལྟ་སྒོམ་དམའ་མཐོ་ཁྱད་ཆེས་པས་མ་སྙོགས་དོགས་པ་དང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ལུང་དེ་ཡང་བདེན་དུ་རེ་བས་སོ། །རྩོད་སྤོང་དུ། སྒོམ་རིམ་རྣམ་གསུམ་དེ་དུས་ཀྱི་ལན་དངོས་ནི་མ་ཡིན་ཏེ། རྩོད་པའི་རྗེས་སུ་བརྩམས་པའི་ཕྱིར། ཞེས་བྲིས་མོད། དེ་གསུམ་རྩོད་པའི་རྗེས་སུ་བརྩམས་པ་གཞིར་བཅས་ཀྱང་། ཕན་ཚུན་གྱི་རྩོད་ངག་ཐམས་ཅད་དེ་གསུམ་ཅི་རིགས་པར་ཚང་བ་ཡིན་ཏེ། མཁས་པ་འཇུག་པའི་སྒོ་ལས། དེ་ལྟར་ལེགས་པར་གཏན་ཕབ་ནས། །

p. 376

དབང་པོས་འཛིན་དུ་གཞུག་པའི་ཕྱིར། །རྩོད་པའི་ངག་རྣམས་བསྡུས་ཏེ་བསྒྲགས། །འདི་ནི་མཁས་པའི་གཞུང་ལུགས་ཡིན། །ཞེས་གསུངས་ལ། དེ་ཡང་རང་རང་གི་གྲུབ་མཐའ་བཟུང་ནས་རྩོད་པའི་ངག་འཕེན་ལེན་རྣམས། གཏམ་དང་བྱ་བ་གཞན་གྱིས་བར་ཆོད་པ་ལྟ་བུའི་རྐྱེན་གྱིས་དོན་ཅུང་ཟད་མ་ངེས་པའམ། ངག་འཐོར་བ་སྲིད་པས་རྩོད་པའི་མཇུག་ཐོགས་སུ་སླར་གོ་རིམ་བསྒྲིགས་ནས་བསྟན་བཅོས་ཀྱི་ལུས་སུ་དྲིལ་བ་འདི་ལྟ་བུ་མཁས་པའི་གཞུང་ལུགས་ཡིན་པར་བཤད་པས་སོ། །བསྡུས་ཏེ་ཞེས་པའང་། སྔར་རྒྱས་པ་ཞིག་ཕྱིས་བསྡས་སུ་བཏང་བ་ལྟ་བུ་ནི་མ་ཡིན་ཏེ། ཇི་སྐད་དུ། རང་གི་གཞུང་ཀུན་ལས། བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་པ་ལྟ་བུ་སྟེ། མཁས་འཇུག་གི་གཞུང་དེའི་རང་འགྲེལ་ལས། དེ་ལྟར་རྩོད་པའི་དངོས་གཞི་ལ་བརྒལ་ལན་གྱི་སྒོ་ནས་དགག་སྒྲུབ་ཀྱི་གནས་མ་འཁྲུལ་བས་གྲུབ་མཐའི་བླང་དོར་རྟོགས་པར་བྱས་ནས། ངག་ཅུང་ཟད་འཐོར་བ་རྣམས་ཚོགས་པས་གོ་བར་བྱ་བའི་ཕྱིར་བསྡུས་ཏེ་བརྗོད་པར་བྱའོ། །ཞེས་སོ། །དེ་ལྟར་དེའི་ཐད་དུ་རྒྱས་ཙམ་སྨོས་པའི་རྒྱུ་མཚན།

p. 377

སྒྲོ་བཏགས་ཀྱི་རྩོད་ཡིག་མང་པོའི་གྲབས་ཤོམས་ཚོ་ཞེ་ལ་བཞག་ནས། སྒོམ་རིམ་ལས་བྱུང་བའི་རྩོད་པ་དང་ལན་གྱིས་འདིར་གོ་མི་ཆོད་དེ། སྒོམ་རིམ་གསུམ་རྩོད་པ་གྲུབ་ནས་བྲིས་པའི་ཕྱིར་ཞེས་གསུང་རྒྱུར་འདུག་པ་ལ་བསམས་ཏེའོ། །གན་མཛོད་ལས། ཡང་རྒྱ་ནག་མཁན་པོའི་ཆོས་ལུགས་ཕྱིས་འཕེལ་བའི་གཞུང་ལུགས་ཡིན་ན། དེའི་གཞུང་ལུགས་གར་འཕེལ། ཐོག་མར་སུའི་ལག་ཏུ་བྱུང་དྲིས་ན་སྨྲ་བ་བཅད་དགོས་པས་ཚར་བཅད་གཉིས་པར་ལྷུང་ངོ་། །ཞེས་པའི་ལན་རྩོད་སྤོང་དུ། དེའི་གཞུང་ལུགས་བསམ་གཏན་ཉལ་ཆོག །བསམ་གཏན་གྱི་ལོན། ཡང་ལོན། ལྟ་བའི་རྒྱབ་ཤ །མདོ་སྡེ་བརྒྱད་ཅུ་ཁུངས་སོགས་ལྔའམ་གསུམ་ཙམ་བྱུང་བ་གཏེར་དུ་སྦས། ཕྱིས་འོད་སྲུངས་དང་ཡུམ་བརྟན་འཁྲུགས་པའི་དུས་དེའི་གཞུང་ལུགས་འགའ་ཞིག་གཏེརནས་ཐོན། བླུན་པོ་འགའ་ཞིག་གིས་དེའི་ཡི་གེ་ལ་ཟུར་བཅོས་ཏེ་སྣང་བ་སེམས་སུ་ངོ་སྤྲོད། སེམས་ནམ་མཁར་ངོ་སྤྲོད། ནམ་མཁའ་ཅི་ཡང་མེད་པའི་སྟོང་པ་ཉིད་དུ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་གསུམ་པར་གྲགས་པ་བཅོས་ཏེ།

p. 378

ཧྭ་ཤང་གི་ལྟ་བ་ལ་ཕྱག་རྒྱ་ཆེན་པོའི་མིང་འདོགས་བྱེད་པ་དེ་ནས་བྱུང་ཟེར་ཡིག་གེ་རྙིང་མ་མཐོང་བ་དེ་ཉིད་དུ་བཀོད་པར་སྣང་བས། སྨྲ་བཅད་མི་དགོས་པར་ཡིག་གེ་དེ་ཉིད་ན་གསལ་ལོ། །ཞེས་བྲིས་མོད། ཧྭ་ཤང་གི་ཆོས་རྒྱུས་ཁྱེད་ཚང་ཆེ་བར་འདུག་པས། གཞུང་ལུགས་ལྔ་པོ་དེ་ལ་བརྟེན་ནས་སུས་གང་བཅོས་ཐེངས་དཀའ་བ་འདྲ་ཡང་། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་ནས་འཕྱིད། །ཅེས་པ་ལྟར་དུ་ཅུང་ཟད་དོགས་ལ། ཧྭ་ཤང་གི་ཆོས་རྣམས་གཏེར་སྟོན་སྐྱག་རྫུན་གླིང་པས་བཏོན་ན་མ་གཏོགས་གཞན་ལོ་རྒྱུས་ཁུངས་ཅན་མེད་དོ། །རབ་དབྱེར། ཕྱིས་ནས་རྒྱལ་ཁྲིམས་ནུབ་པ་དང་། །རྒྱནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ཞེས་རྒྱལ་ཁྲིམས་ནུབ་ཟིན་ནས་ཆོས་ལུགས་དེ་བཅོས་པར་བཤད་ཀྱང་། ཁྱེད་ཀྱི་རྩོད་སྤོང་དུ། འོད་སྲུངས་དང་ཡུམ་བརྟན་འཁྲུགས་པའི་སྐབས་སུ་ཐོན་ཟེར་བ་བྱས་འདུག་པ་འགལ་ཏེ། འོང་སྲུངས་ཀྱི་དུས་རྒྱལ་ཁྲིམས་མ་ནུབ། དེའི་སྲས་དཔལ་འཁོར་བཙན་

p. 379

གྱི་སྐུ་ཚེའི་མཇུག་ལ་ནུབ་པར་བཤད་ཅིང་སློབ་དཔོན་སངས་རྒྱས་གསང་བས་ཀྱང་ལུང་དེ་ལྟར་དུ་བསྟན་པའི་ཕྱིར་རོ། །ཡང་ཁྱེད་ཀྱིས་ཧྭ་ཤང་གི་ཡི་གེ་ལ་ཟུར་བཅོས་པའི་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་གསུམ་པ་དེ་ནི། ལམ་བསྐོར་གྱི་མཆོད་རྟེན་དྲུང་ཐོབ་ནའང་སྣང་སྟེ། དེ་ཉིད་ལས། སེམས་ལ་བརྟགས་ལ་སེམས་ཐོག་མ་དང་ཐ་མ་མེད་པ་ནམ་མཁའ་ལྟ་བུ། སྐྱེ་འཇིག་མེད་པ། འགྲོ་འོང་མེད་པ་སོགས་འགྲེས་རྐང་ཅན་དུ་བྱུང་བས་སེམས་ནམ་མཁའ་དང་། ནམ་མཁའ་སྟོང་པ་ནི་དེར་ཚང་གདའ། དེའི་རྩོམ་གཞི་བསྟན་བཅོས་ལྔ་པོ་གང་ལ་བརྟེན་ནས་བརྩམས་པ་ལགས་སམ། ཧྭ་ཤང་གི་ལྟ་བ་ལ་ཕྱག་རྒྱ་ཆེན་པོའི་མིང་བཏགས་པའི་ཡི་གེ་རྙིང་མ་དེ་རི་བོང་གི་རྭས་ཕུག་ཟིན་ནས་མཐོང་བ་སུ་ཡང་མི་གདའ་ལགས། སྨྲ་བ་བཅད་དགོས་པས་ཞེས་པའང་། དོན་དང་འབྲེལ་བའི་སྨྲ་བ་ལ་དགོངས་པར་གདའ་ཡི། གཞན་རྗེ་ས་པཎ་གྱི་ལེགས་བཤད་དུ། སྨྲ་བ་ཉུང་ན་མཛེས་ཞེས་གསུངས་ཀྱང་མི་ཉན་པས་སྨྲ་བ་གཅོད་པའི་རིས་སུ་མི་སྣང་ངོ་། །ཡང་ཁྱེད་ཀྱིས་ཧྭ་ཤང་གི་ལྟ་བར་རྫོགས་ཆེན་གྱི་མིང་འདོགས།

p. 380

དེ་གཉིས་རྩོད་པའི་རྗེས། སེ་ལོ་ཆེན་པོའི་གོང་ཙམ་དུ་བྱུང་ངམ་སྙམ་སྟེ། ཞེས་པ་ནི་རང་ཉིད་ཐེ་ཚོམ་གྱི་དཔྱང་ཐག་ལ་འཕྱང་བཞིན་དུ་གཞན་ལ་ཚེར་མ་འཛུགས་པ་སྟེ། ཐེ་ཚོམ་སེལ་ཕྱིར་སྡེ་པ་དྲང་སྲོང་བོས་ལ་མོ་ཕྱྭ་འདེབས་སུ་ཆུག་ཅིག །རྩོད་པ་དེ་ནི་བསྟན་པ་སྔ་དར་གྱི་འགོ་སྒང་ལ་ཡིན་ལ། དེ་ནས་ས་ལོའི་བར་ལ་ལོ་ཚོགས་ཤིན་ཏུ་མང་བས་ཁྱེད་ཀྱི་ཕོ་ཚོད་དེ་ནི་མུན་པའི་འབེན་ལ་སྨྱོན་པས་མདའ་བསྣུན་པའམ། རི་བོང་གི་རྭ་ནི་ནམ་མཁའི་པདྨོའི་ལྟེ་བ་ལ་གནས་སོ་ཞེས་བརྗོད་པ་དང་འདྲའོ། །སྒོམ་རིམ་དུ། དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །ཞེས་སོགས་ལྟར་ན། ས་ལུགས་ཀྱི་ལམ་ཟབ་བླ་མ། མཆོད་རྟེན་དྲུང་ཐོབ། ཡི་གེ་མེད་པ་སོགས་ཀྱང་ཧྭ་ཤང་དང་མཐུན་པར་གོང་དུ་བརྗོད་ཟིན་ལ། འཆད་ཁ་བ་ནམ་མཁའ་འབུམ་གྱི་ཞུས་ལན་དུ། སེམས་ལ་གོལ་ས་དུ་ཡོད་དྲིས་པ་ལ། གོལ་ས་ཁ་ཡར་གསུངས་པའི་རྗེས་སུ་དོན་བསྡུ་ལ། དེ་བས་ན་གང་ལ་ཡང་མི་གནས་པར་བྱ། མི་གནས་པ་ལ་མཚན་མ་མི་སྐྱེ། དེ་མ་སྐྱེས་ན་ལེགས་ཉེས་ཀྱི་འབྲས་བུ་མི་འབྱིན། འབྲས་བུ་མ་བྱུང་ན་ཁམས་གསུམ་དུ་སྐྱེ་བ་མི་ལེན།

p. 381

མ་བླངས་ན་འཁོར་བའི་སྡུག་བསྔལ་མི་མྱོང་། དེ་ལ་བྱང་ཆུབ་ཅེས་བཏགས་པ་ཡིན་གསུངས་པ་འདི་ཧྭ་ཤང་གི་ལྟ་བ་ལས་ཕྲོགས་སམ་བརྐུས། ཡང་ཐུབ་དགོངས་སུ། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་འཐོབ་པར་འགྱུར། །ཞེས་སེམས་མ་བཅོས་པར་འཇོག་པ་རྨོངས་སྒོམ་དུ་བྲིས་ནས། དེ་རྒྱ་ནག་ལུགས་ཀྱི་དཀར་པོ་ཆིག་ཐུབ་གསར་བཟོ་ཁོ་དང་ཁྱད་མེད་ཚུལ་གསུངས་པ་དང་། ལམ་འབྲས་བུ་བཅོས་མིན་སེམས་ཀྱི་ངོ་བོ་ཞེས་བཤད་ཅིང་། རྗེ་བཙུན་གྲགས་པའི་ཉམས་མགུར་དུའང་། བྱར་མེད་ཚོགས་དྲུག་ལྷུག་པར་ཞོག །ཅེས་དང་། རབ་དབྱེར། རྒྱ་སྐད་དྭོ་ཧ་ཞེས་བྱ་བ། །བོད་སྐད་ལྷུག་པའམ་མ་བཅོས་པ། །ཞེས་འཐད་ལྡན་དུ་གསུངས་པ་རྣམས་ཀྱང་རྒྱ་ནག་ལུགས་སུ་བཏང་གདའ། དེ་ལྟར་ཡིན་པ་ལ། དྭགས་པོ་དཀར་བརྒྱུད་རྒྱ་ནག་ཧྭ་ཤང་གི་ལུགས་འཛིན་ཡིན་ནོ་ཞེས་ཧ་ཅང་མི་འོས་པའི་ཡི་གེ་ཇི་སྙེད་སྤེལ་བ་འདི་ནི། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་ལྟ་ན་མེ་ལོང་དགོས། །ཟེར་བ་དེར་སྣང་བས་ཅུང་ཟད་བག་ཡོད་མཛད་ན་མཛེས་སོ། །འོན་ཀྱང་

p. 382

སྔར་ཕན་ཆད་ཕྱག་རྒྱ་ཆེན་པོ་འདི་ཧྭ་ཤང་གི་ལུགས་ཡིན་ནོ་ཞེས་ཐོས་ཚེ་ཡིད་ལ་ཟུག་རྔུ་ལྡང་བ་ཞིག་ཡོད་ཀྱང་། བོད་ཡུལ་དུ་ལུགས་གཉིས་ཀྱི་སྒོ་ནས་ཆེ་བ་དག་ཀྱང་དེའི་རྗེས་འབྲང་དུ་གོ་བས། དནི་གོལ་ཤོར་ཅི་བྱུང་ཡང་འགྱོད་མེད་ཀྱི་རང་བྱན་ཚུད་པ་འདིའང་བློ་བདེའོ། །གན་མཛོད་ལས། དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ནི། ཞེས་སོགས་དང་། བདག་ཅག་ཇི་ལྟ་བ་དང་། འདིའི་ལུགས་མཐུན་ཞེས་སོགས་ཀྱི་ལན་རྩོད་སྤོང་དུ། བཤད་གཞི་ཆེར་སྣང་བས་འདི་ལ་བཞི། ཧྭ་ཤང་གི་ཕྱོགས་སྔ་ངོས་བཟུང་། ལན་ཤིས་སྐྱོན་འཕེན་ཚུལ། དཔང་པོས་ཇི་ལྟར་ཕྱེ་ཚུལ། རྩོད་ལན་དངོས་སོ། །ཞེས་རྩ་བའི་ས་བཅད་དང་པོ་གསུམ་གྱི་དོན། དབུ་མའི་རིགས་པས་གཏན་ལ་འབེབས་ཚུལ་ཤིན་ཏུ་རྒྱས་པ་ཅན། མཁྱེན་རབ་ཀྱི་དཔལ་ལས་གྲུབ་པ་ཞིག་འདུག་ནའང་། དབུས་པ་བློ་གསལ་གྱི་ཞལ་སྐྱིན་ཟེར་སྒྲོས་སྣ་ཚོགས་པས་བརྒྱན་པ་ཞིག་ཏུ་ཁུམས་པས་རེ་ཞིག་ཁས་མི་ལེན། དེའི་ཕྱིར། འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ། །སློབ་དཔོན་གཞན་ལ་གུས་བྱེད་པ། །ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་

p. 383

བརྐོ་བ་ཡིན། །ཞེས་གསུངས་པ་ཡིད་ལ་བཅགས་པས། ཁོ་བོ་ཅག་ནི་ལྷའི་གནད་ལ་ལྷ་བཟོ་བ་རང་མཁས་པ་བཞིན། རྩོད་པ་འདིའི་རྣམ་བཞག་འཆད་པ་ལ། མང་དུ་ཐོས་པའི་བློ་གྲོས་དང་ལྡན་ཅིང་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པ། ཁྱད་པར་རྩོད་པའི་དཀྱིལ་འཁོར་དེ་ཉིད་དུ། མཁས་མཆོག་པདྨའི་ངང་ཚུལ་གྱི་རྗེས་སུ་ཐུན་མོང་མ་ཡིན་པར་ཞུགས་པའི་སྡོམ་བརྩོན་དམ་པ་ཡེ་ཤེས་དབང་པོ་དང་དཔལ་དབྱངས་ལ་སོགས་པ་རྣམས་རྒྱས་ཆེ་བར་ངེས་ནས། དེ་བས་སྒོམ་རིམ་གྱི་དབུར་བཀོད་པའི་ལོ་རྒྱུས་གོང་དུ་གཙང་མར་དྲངས་པ་དང་། ཧྭ་ཤང་གི་དམ་བཅའ་ལ་གནོད་བྱེད་བསྟན་ཚུལ་རྣམས་ཀྱང་ཀ་མ་ལ་ཤཱི་ལའི་གསུང་ལྷད་མེད་སྒོམ་རིམ་གསུམ་ལས་ཇི་ལྟར་འབྱུང་བ་བཞིན་ཁས་ལེན་གྱི། ཕྱིས་ཀྱི་ཟེར་སྒྲོས་མང་པོ་ལ་ཡིད་རྟོན་པར་མི་བགྱིད་པ་ནི། དག་དུག་བསྡུས་པའི་གོས་ལ་ནི། །ཆེན་པོ་རྣམས་ཀྱི་ཆས་མི་རུང་། །དེ་ཕྱིར་ཐུན་ཚགས་བསགས་པ་ཡི། །ཆོས་ཀྱིས་དད་ལྡན་འཚང་མི་རྒྱ། །ཞེས་གསུངས་པའི་གནད་ཀྱིས་སོ། །དེས་ན་ཆོས་རྗེ་བས། སྐབས་མིན་རྒོལ་བ་མི་འདོད་

p. 384

པའི། །ལུང་གཞན་འགལ་ཡང་སྐྱོན་མ་ཡིན། །ཞེས་དང་། གལ་ཏེ་ལུང་དེ་ཁས་མི་ལེན། །རང་གི་ལུང་གཞན་ཁས་ལེན་ན། །དེ་ཚེ་ངེད་ཀྱི་ལུང་གིསནི། །དེ་ཡི་ཆོས་ལོག་དགག་མི་ནུས། །ཞེས་གསུངས་པ་བཞིནནོ། །དེ་ལྟརན། ཐོག་མར་སྒོམ་རིམ་གྱི་ལུང་དྲངས་ལ། དེ་ཐོག་ཏུ་འོས་འབབ་ཀྱི་གཏམ་ཚོགས་འགོད་པར་བྱའོ། །དེ་ཡང་སྒོམ་རིམ་ཕྱི་མར། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར། གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པའི་དགེ་བ་སྤྱད་པར་ཡང་མི་བྱའོ། །སྦྱིན་པ་ལ་སོགས་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིནནོ། །ཞེས་ཕྱོགས་སྔ་མ་ཧྭ་ཤང་རྒད་པོའི་འདོད་པ་བརྗོད་ནས། དེ་འགོག་པ་ལ་མཁས་མཆོག་ཀ་མ་ལ་ཤཱི་ལས་འདི་གསུངས་ཏེ། དེ་སྐད་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིནནོ། །ཐེག་པ་

p. 385

ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤང་བར་འགྱུར་རོ། །འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བས་ནི་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །དེ་སྤངས་ན་རྩ་བ་ཆད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པའི་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། མདོར་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་ནི་ཐེག་པ་ཆེན་པོའོ། །ཞེས་དགག་པ་བརྗོད་པ་འདིརནི། ཅི་ཡང་མི་བསམ་ཞེས་པ་རྣམ་རྟོག་འགོག་པ་དང་། ཅི་ཡང་མི་བྱེད་པ་ལུས་ངག་གི་དགེ་བ་འགོག་པ་ལ་བཤད་པ་མ་གཏོགས་གཞན་ལབ་ལོབ་མང་པོ་མ་བྱུང་། ཡང་ཕྱོགས་སྔ་མས་ཅི་ཡང་མི་སེམས་ཞེས་སྨྲས་པ་དེ། གསུང་རབ་དག་ལས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ཞེས་འབྱུང་བ་དེ་ལ་བློ་རྩེ་གཏད་པ་ཞིག་གམ། གཞན་ཞིག་ཡིན་ཞེས་ཧྭ་ཤང་གི་འདོད་པ་ལ་བརྟགས་ནས། དེ་འགོག་པ་ལ་སྒོམ་རིམ་དེས་གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་མེད་པ་

p. 386

དང་ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེས་པ་ཡིན་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཞེས་མཚམས་སྦྱར་ནས། ཁྱོད་ཀྱི་སྒོམ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བ་ཡིན་ལ། སོ་སོར་རྟོག་པའི་ཤེས་རབ་མེད་ན་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་འཇུག་མི་ནུས་སོ་ཞེས་སྟོན་པར་བཞེད་ནས། དེའི་འཕྲོར། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་མི་ནུས་སོ། །གལ་ཏེ་བདག་གི་ཆོས་འདི་དག་དྲན་པར་མི་བྱའོ། །ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བསྒོམ་ན་ནི་དེའི་ཚེ་དེས་ཤིན་ཏུ་དྲན་པ་དང་ཡིད་ལ་བྱས་པར་འགྱུར་རོ། །ཅི་སྟེ་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ཙམ་ལ། དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱས་ན། དེའི་ཚེ་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱད་དགོས་ཏེ། མེད་པ་ནི་རྒྱུར་རུང་བར་ཡང་མི་འགྱུར་ཏེ། གང་གིས་མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ལས་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱི་ཕྱིར་རྣམ་པར་མི་

p. 387

རྟོག་པར་འགྱུར་དུ་ཟིན་ན་ནི་བརྒྱལ་བ་ལ་ཡང་དྲན་པ་དང་། ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་གྱི་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཐབས་མེད་དོ། །དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་འགྱུར་དུ་ཟིན་ཀྱང་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པར་ཇི་ལྟར་འགྱུར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན་དེ་དག་གིས་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །སྟོང་པ་ཉིད་རྟོགས་པ་མེད་པར་ནི་སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ། །དེ་ལྟར་གྱུར་ཏུ་ཟིན་ན་ཐམས་ཅད་ཀྱང་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ། །ཡང་གལ་ཏེ་རྣལ་འབྱོར་པ་དེ་གལ་ཏེ་ཐམས་ཅད་ལ་དྲན་པ་ཉམས་པའི་རྨོངས་པས་དྲན་པ་དང་ཡིད་ལ་བྱེད་པ་མི་འཇུག་ན་ནི་དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས་རྣལ་འབྱོར་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་དེ་ལ་དྲན་པ་དང་། ཡིད་ལ་བྱེད་པ་མེད་པར་བྱས་པས་གླེན་པ་ཉིད་

p. 388

གོམས་པར་བྱས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིང་པར་འགྱུར་རོ། །ཇི་སྟེ་དེ་དྲན་པ་ཉམས་པའང་མ་ཡིན་གླེན་པ་ཡང་མ་ཡིནན་ནི་དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར། ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུའང་མི་དྲན། མཐོང་བཞིན་དུའང་མི་མཐོང་ཞེས་བྱ་བར་མི་རུང་ངོ་། །དྲན་པ་མེད། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ན། ཇི་ལྟར་སྔོན་གནས་རྗེས་སུ་དྲན་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་སོགས་པར་འགྱུར་ཏེ་འགལ་བའི་ཕྱིར། དྲོ་བ་དང་གྲང་བ་འགལ་བས་གྲང་བ་བསྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིན་ནོ། །ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་གདོན་མི་ཟ་བར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི་འགྱུར་རོ། །ཇི་སྟེ་མེད་ན་ནི། དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར། གཉེན་པོ་གང་གིས་ཉོན་མོངས་པ་སྤོང་བར་འགྱུར།

p. 389

བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོ་སྐྱེ་བོའི་སེམས་ནི་འགོག་པར་འགྱུར་མི་སྲིད་དོ། །དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱི་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། །འདི་ལྟར་རྣལ་འབྱོར་པ་གང་གི་ཚེ། ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན། དོན་དམ་ན་དུས་གསུམ་དུ་ཆོས་སྐྱེས་པ་གང་ཡང་དྲན་པ་མ་མཐོང་བ་དེའི་ཚེ་ཇི་ལྟར་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས་པ་ཡིནནོ། །དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་རྟོགས་པས་ལྟ་བ་ངན་པའི་དྲ་བ་མཐའ་དག་སྤངས་པ་ཡིན་ནོ། །ཐབས་དང་ལྡན་པའི་ཤེས་རབ་བསྟེན་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡིན་ནོ། །དེ་བས་ན་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་རོ། །ཡང་། ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་

p. 390

བསྒོམ་པར་བྱ་ཡི་གཞན་དུ་མ་ཡིན་ཏེ། རིམ་གྱིས་དཀྱུ་ས་བསྟན་ནས་རྒྱུག་པ་བཞིན་ནོ། །དེ་ལྟ་བས་ན། ཡང་དག་པར་སོ་སོར་བརྟག་པར་བྱའོ། །དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཡིན་པའི་ཕྱིར། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན་ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་བྱའོ། །རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་མེ་བྱུང་ན། ཤིང་རྣམས་དྲུད་པ་ལས་མེ་བྱུང་བས་ཤིང་དེ་གཉིས་བསྲེག་པ་བཞིན་དུ། དེ་ཡང་ཕྱིས་དེ་ཉིད་ཀྱིས་བསྲེག་པར་འགྱུར་རོ། །ཞེས་འཕྲོས་དང་བཅས་གཙང་མར་བྲི་དགོས་པའི་རྒྱུ་མཚན། སྒྲོ་བཏགས་ཀྱི་ཕྱོགས་སྔ་ཕྱི་མང་དུ་བཟོས་པ་རྣམས་འབྲས་བུ་མེད་པའི་ལོ་མའོ་ཞེས་གོ་བའི་ཆེད་དུའོ། །རྩོད་སྤོང་གི་ས་བཅད་བཞི་པ་དངོས་ལན་ལ། བདག་ཅག་ཇི་ལྟ་བ་དང་འདི་མཐུན་གསུངས་པ་ནི་མི་མེད་དེ། འདིརནི། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོགས་དྲངས་ནས། དབུ་མའི་གཞུང་ནས་བཤད་པའི་རྟེན་འབྲེལ་གྱི་རིགས་པ་སོགས་ལ་བརྟེནནས་ཆོས་ཐམས་

p. 391

ཅད་རང་བཞིན་གྱིས་སྐྱེ་མེད་དུ་རྟོགས་པའི་སོ་སོར་རྟོག་པའི་ཤེས་རབ་ཐོས་བྱུང་བསམ་བྱུང་སྔོན་དུ་བཏང་། སོར་རྟོག་ཤེས་རབ་དེས་ཟིན་པའི་སྒོམ་བྱུང་གོམས་དགོས་པར་བཤད་གདའ་ན། རང་རེའི་ཕྱག་ཆེན་ཁྲིད་པའི་ཚེ་དེ་འདྲ་ཞིག་མི་མཛད་པར་སྣང་བའི་ཕྱིར་རོ། །ཞེས་སོགས་བཀོད་མོད། དབུ་མ་རང་རྒྱུད་པའི་རིགས་པ་སྒྲུབ་པའི་ལུང་རྒྱབ་ཏུ་ཐལ་འགྱུར་བའི་གཞུང་བཀོད་ནས། སྲང་ཚད་མའི་འཕྲོས་བཏང་ཀྱང་སྲང་དེ་ལ་ཤེས་ལྡན་སུ་ཞིག་བློ་འགེལ། འདི་སྐད་དུ། གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུརན་བསྟན་པ་དོན་མེད་འགྱུར། །སོགས་གསུངས་ཕྱིར་ཐོས་བསམ་སྔོན་དུ་གཏོང་དགོས་ལ། དེ་ཡང་། ཁ་ཅིག་ཐོས་བསམ་རྒྱ་མཚོའི་ཕ་རོལ་ཏུ་བརྒལ་བའི་མཐར། སྒོམ་བྱུང་བརྟེན་པ་དང་། ལ་ལ་དག །ཇོ་བོ་རྗེས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས་པ་བཞིན་རང་ལ་ཇི་ཙམ་འོས་པའི་ཐོས་པ་བཙལ་རྗེས་གྲུབ་པའི་ཤུལ་རྗེས་སྙེག་པ་ཡང་

p. 392

གདའ་བས་མཐའ་གཅིག་ཏུ་མ་ངེས་སོ། །གལ་ཏེ་དེ་ལྟར་མིན་ན། པཎ་གྲུབ་རྣམས་ཀྱི་མདོ་རྒྱུད་ཀྱི་གཞུང་ཆེན་པོ་རྣམས་ལས་མན་ངག་གི་གླེགས་བམ་ཆུང་ངུར་བསྡུས་པ་ལའང་དགོས་པ་ཅི་ཞིག་ཡོད། འདིར་ཡང་། ཐོས་བསམ་གྱི་ཤེས་རབ་དཀྱུ་ས་བསྟན་པ་ཙམ་དང་། དེར་རྟས་རྩེ་བ་ལྟ་བུ་ཡང་དག་པར་སོ་སོར་རྟོག་པ་ཁོན་ཡིན་པར་བཤད་དོ། །དེས་ན་ཐོས་བསམ་རྒྱ་ཆེན་པོ་སྔོན་དུ་གཏོང་ངམ་མི་གཏོང་ཡང་རུང་། སྒོམ་གྱི་དངོས་གཞི་ཕྱག་ཆེན་དང་སྒོམ་རིམ་ཇི་ལྟ་བར་མཐུན་ཚུལ་འདི་སྟེ། སྒོམ་རིམ་ལས། ཞི་གནས་ཀྱི་ལམ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཤད་དེ། བཀའ་སྩལ་པ། དེ་དང་དེ་ལ་སེམས་འཇོག་གོ །རྒྱུན་དུ་འཇོག་གོ །བསླན་ཏེ་བཞག་གོ །ཉེ་བར་འཇོག་གོ །དུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ །ཞེས་ཚིག་དགུ་སྨོས་སོ། །དེ་ལ་འཇོག་ཅེས་བྱ་བ་ནི་དམིགས་པ་ལ་སེམས་འདོགས་པའོ། །ཞེས་རྒྱས་བཤད་དང་བཅས་གསུངས་པའི་འཇོག་ཐབས་དགུས་ཕྱག་ཆེན་ཁྲིད་ཀྱི་དབེན་གསུམ། རྟེན་ཅན། ཐོལ་སྐྱེས་

p. 393

རྦད་གཅོད། གང་ཤར་བཟོ་མེད། བཞག་ཐབས་བཞི་རྣམས་བསྟན་ཏེ། དེ་དག་དང་དོན་གཅིག་ཏུ་བབ་པའི་ཕྱིར་རོ། །དེ་ཉིད་དུ། གང་གི་ཚེ་དམིགས་པ་དེ་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པར། ཇི་སྲིད་འདོད་པའི་བར་དུ་སེམས་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞི་གནས་ཀྱི་ངོ་བོ་ཉིད་ནི་སེམས་རྩེ་གཅིག་པར་ཟད་པའི་ཕྱིར་འདི་ནི་ཞི་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དོ། །ཞེས་རྩེ་གཅིག་གི་རྣལ་འབྱོར་བཤད་ནས། ཡང་དེ་ཉིད་དུ། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བ་རྣམས་ཀྱི་དམིགས་པའི་དངོས་གཞི་བསྟན་ཏེ། ཞེས་སོགས་ཀྱིས་མཚན་མེད་ཀྱི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་ཏེ་གནས་འགྱུ་རིག་གསུམ་གྱི་ཐོག་ཏུ་ཁ་ནང་ལྟའི་ཚུལ་གྱིས་དཔྱད་པས། གཙུབ་ཤིང་དང་གཙུབ་གཏན་སྲུབ་པའི་དཔེས་བསྟན་པའི་ལྷག་མཐོང་མངོན་དུ་བྱེད་ཚུལ་བཤད་དོ། །དེའི་མཐར་སྒོམ་རིམ་དུ་དོན་དམ་མཐོང་བ་གང་ཞེ་ན་ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ། །སོགས་ཀྱིས་ཡིད་ལ་མི་བྱེད་པའི་འཐད་པ་དང་། ཡིད་ལ་བྱེད་པ་ཙམ་དེའི་དོན་དུ་

p. 394

མི་འགྱུར་བ་དང་། ཞི་གནས་ཀྱི་ཏིང་ངེ་འཛིན་ལ་གནས་པའི་དཔྱད་པ་འདིས་ཉོན་མོངས་པ་སྤོང་བར་ནུས་ཀྱི། གཞན་གྱིས་མ་ཡིན་པར་བཤད་པ་སོགས་དཀར་བརྒྱུད་རིན་པོ་ཆེ་དགོངས་པ་དང་ཐིག་གཅིག་ཏུ་བབས་སོ། །ཡང་རྩོད་སྤོང་དུ། དེ་ལྟ་བུའི་སོར་རྟོག་དེ་ཞི་གནས་ཀྱི་ངང་ནས་དཔྱོད་པའི་སོར་རྟོག་ཡིན་གསུང་བ་ཡང་མི་མད་དེ། འོ་ན་ཞི་གནས་ངང་ནས་དཔྱད་པའི་སོར་རྟོག་དེ་ཞི་གནས་ཡིན་ནམ། དེ་ལས་ལངས་པའི་རྟོག་པ་ཞིག་ཡིན། སྔ་མ་ལྟར་ན་མཐོང་ལམ་སྐྱེས་ནས་དེ་སྲེག་དགོས་པར་བཤད་པ་དང་འགལ་ཏེ། དེ་མཐོང་ལམ་གྱི་རྟེན་དུ་དགོས་པའི་ཕྱིར། ཕྱི་མ་ལྟར་ན། དེ་ལས་མཐོང་ལམ་སྐྱེབ་ཁྱེད་ལ་འགལ་ཏེ། རྟོག་པ་ལས་མཐོང་ལམ་མི་སྐྱེ་བར་ཁས་བླངས་པའི་ཕྱིར། ཞེས་བཀོད་པ་འདི་ནི། རྩོད་སྤོང་ཉི་མའི་འོད་ཟེར་དུ། རིགས་སྦྱོར་གྱི་རྣམ་གྲངས་ཇི་སྙེད་བྱུང་བ་ཐམས་ཅད་ལས་ཕུལ་དུ་བྱུང་བ་དཔྱོད་ལྡན་ལ་སྐྱེ་རིགས་པའི་འགལ་འདུ་བསྔགས་པར་འོས་པ་ཡིན་ནོ། །ཞི་གནས་ཀྱི་ངོ་བོ་ནི་ཚུལ་བཞིན་ཡིད་བྱེད་ཀྱི་དྲན་པ། དེའི་ངང་ནས་དཔྱོད་པའི་སོར་རྟོག་དེ་ཤེས་བཞིན། དྲན་ཤེས་དེ་གཉིས་འཇུག་པ་

p. 395

གཅིག་པའི་དབང་གིས་མཚན་མེད་ཀྱི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཏུ་ལངས་ཏེ་གསུངས་པའི་གནད་དེ་ཡིན། དེའི་ཕྱིར་མདོ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ལས་དེ་གཉིས་བསྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་གཙུབ་ཤིང་དང་གཙུབ་གཏན་གཙུབས་པ་ལས་སྐྱེས་པའི་མེས་ཤིང་དེ་གཉིས་བསྲེགས་པའི་མཐར། སྲེག་བྱེད་ཀྱི་མེ་དེ་ཡང་ཞི་བ་བཞིན། གནས་འགྱུ་ལས་བྱུང་བའི་སོ་སོར་རྟོག་པའི་ཤེས་རབ་དེས་གནས་འགྱུ་ལ་དཔྱད་པས་གནས་འགྱུ་རང་བཞིན་མེད་པར་ཤེས་པའི་མཐར། དཔྱོད་པ་པོ་སོར་རྟོག་དེ་ཡང་དབྱིངས་སུ་ཞི་ཞེས་པའི་དོན་དུ་འཆད། དེས་ན་ཁྱེད་ཀྱི་དགོངས་ཡུལ་ན་འདི་བཞིན་བཞུགས་པ་འདྲ་སྟེ། ཞི་གནས་མེས་བསྲེགས་ནས་མེད་པར་སོང་ན་ལྷག་མཐོང་ལ་རྟེན་མ་བྱུང་དོགས་འདུག་པ། ཞི་ལྷག་རང་བཞིན་མེད་པར་རྟོགས་པ་ལ་བསྲེགས་པའི་དཔེ་མཛད་པ་ཡིན། གཞན་ད་དུང་ཞི་ལྷག་གཉིས་ཀ་ཡོད་དེ། སེམས་ཡུལ་ལ་མི་འཕྱན་པ་ཞི་གནས། དེ་ཁོ་ན་ཉིད་

p. 396

རྟོགས་པ་ལྷག་མཐོང་། དེ་དག་མཚུངས་ལྡན་དུ་སྐྱོང་བ་ཞི་ལྷག་ཟུང་འབྲེལ་ཡིན་ཞིང་། དེ་ནི་ངེས་པར་བསྐྱང་དགོས་ལ། རྟོག་པ་ལས་མཐོང་ལམ་མི་སྐྱེ་བའི་རྟོག་པ་དེ་སྒྲ་དོན་འདྲེས་རུང་གི་རྟོག་པ་ཁ་ཕྱིར་ལྟ་དེ་ལ་ཟེར་བས་ཁས་བླངས་འགལ་བ་མེད་དོ། །མཁས་རློམ་གཞན་གྱིས། དྲན་པ་དང་ཡིད་ལ་བྱེད་པ་མེད་པ་སྒོམ་རིམ་དུནན་གྱིས་བཀག་གོ་སྙམ་སེམས་མོད་ཀྱི། འདིར་ཡང་དག་པར་སོ་སོར་རྟོག་པས་དྲན་པ་དང་ཡིད་ལ་བྱེད་པ་མེད་པ་ལ་ཞུགས། དེས་སྟོང་ཉིད་རྟོགས། དེས་ལྟ་བ་ཐམས་ཅད་སྤོང་བར་བསྒྲུབས་པའང་གོ་བར་མཛོད་ཅིག །ཡང་སྒོམ་རིམ་དུ། དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ། །ཟེར་བ་དེ་ནི། དེ་སྐད་སྨྲས་པས་ལས་ཟད་ནས་གྲོལ་བར་འགྱུར་རོ་ཞེས་མུ་སྟེགས་ཀུན་ཏུ་རྒྱུ་འཆོལ་བའི་སྨྲ་བ་ཁས་བླངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་གསུང་རབ་ལས། ཉོན་མོངས་པ་ཟད་ནས་གྲོལ་བར་འགྱུར་གྱི། ལས་ཟད་ནས་གྲོལ་བར་འགྱུར་བ་མེད་དོ། ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་མི་ནུས་ཏེ། དེ་ནི་མཐའ་ཡས་པའི་ཕྱིར་རོ། །ཞེས་དགག་པ་མཛད་ཚུལ་ཉུང་ངུ་ཙམ་

p. 397

ལས་མེད་ཀྱང་། ཐུབ་དགོངས་སུ། རྒྱ་ནག་ན་རེ། ངེད་ཀྱི་ཆོས་ལུགས་སྐྱབས་འགྲོ་དང་སེམས་བསྐྱེད་ནས་བཟུང་སྤྲེའུ་ཤིང་རྩེར་འཛེག་པ་ལྟར་མས་འཛེག་པ་མིན། ཞེས་སོགས་རྒྱ་ནག་གི་འདོད་པ་སྨོས་པའི་ཚུལ་མཛད། དེ་ལ་སློབ་དཔོན་གྱིས། དཔེ་དོན་གཉིས་ཀ་མི་འཐད་པ་ལས་ཐོག་མར་དཔེ་མི་འཐད་དེ། ཞེས་སོགས་ལན་འདེབས་པ་ལྟར་བཅོས་པའི་རབ་བཏགས་ཀྱི་རྒྱན་མཛད་པར་སྣང་ཡང་། རྒྱའི་དམ་བཅའ་སེམས་ཉིད་རྟོགས་པ་ཁོ་ནས་འཚང་རྒྱ་ཟེར་བ་དང་། ཡས་བབས་ཀྱི་ཆོས་དེ་དཀར་པོ་ཆིག་ཐུབ་ཡིན་ཞེས་སྨྲས་ཟེར་བ་དེ་ལ་སྒོམ་རིམ་དུ་གནོད་བྱེད་མ་བརྗོད་པས་སློབ་དཔོན་དེ་ཡང་རྩོད་པ་ལ་མི་མཁས་པ་ཞིག་ཅེས་སྐུར་འདེབས་འབྱུང་སྲིད་དོ། །སོགས་ཁོངས་སུ་དགག་པ་ཡོད་དོ་ཞེ་ན་དམ་བཅའ་གཙོ་བོ་ལ་སྐྱོན་བརྗོད་པ་སོགས་ཁོངས་སུ་སྡུད་པ་དེ་བས་ཀྱང་མི་མཁས་པའོ། །དམ་བཅའ་ལྟར་བཅོས་པ་དེ་གཉིས་ལ་དགག་ཚིག་སྒོམ་རིམ་དུ་མ་བྱུང་བ་ལ་བརྟེན་ནས། ཧྭ་ཤང་དང་ཕྱག་རྒྱ་བ་ལྟ་སྒོམ་མཐུན་པའི་སྒྲུབ་བྱེད་སླར་བཟོ་དགོས་བྱུང་བ་ཡིན་ནོ། །གན་མཛོད་ལས། དེས་ན་ཅིག་

p. 398

ཅར་བ་བཀག་གོ་སྙམ་ནས་ཐ་སྙད་དེ་བཟོ་བ་ལ་འཇིགས་འཇིགས་ལྟ་བའང་གདའ་སྟེ། རྒྱ་ནག་ལུགས་ཅིག་ཅར་བར་བཞག་པ་དེ་བཀག་གི །སྤྱིར་གྱི་ཅིག་ཅར་བ་མ་བཀག །བདག་ཅག་ལམ་འདི་ཅིག་ཅར་བའི་ལམ། དེ་གཉིས་ལའང་ཅིག་ཅར་ཐོད་རྒལ་རིམ་གྱིས་པ་གསུམ་དུ་འབྱེད་པས། ཡས་བབས་དངནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བར། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཅེས་པའང་བོང་སྨྱོན་མཆོང་ཡིན་པས་ཚར་གཅད་གསུམ་པར་ལྷུང་ངོ་། །ཞེས་པའི་ལན་རྩོད་སྤོང་དུ། ཞེས་བཤད་པའྀང་བོང་སྨྱོན་མཆོང་གི་ལན་དུ་སྣང་སྟེ། ཧྭ་ཤང་གི་ཡས་བབས་ཞེས་པའི་མིང་དེ་ཅིག་ཅར་བའི་མིང་དུ་བསྒྱུར། མས་འཛེག་ཅེས་པའི་མིང་དེ་རིམ་གྱིས་པའི་མིང་དུ་བསྒྱུར་བ་ཙམ་མ་གཏོགས་ཧྭ་ཤང་གི་ལུགས་དང་། ཕྱིས་ཀྱི་ཕྱག་ཆེན་པ་གཉིས་དོན་ལ་ཁྱད་པར་ཆེར་མི་སྣང་ཞེས་པ་ཙམ་དུ་གསུངས་ཀྱི། ཕྱག་ཆེན་ལུགས་ལ་ཐོད་རྒལ་བ་དང་རིམ་གྱིས་པ་མེད་ཅེས་མ་གསུངས་འདུག་པའི་ཕྱིར། ཞེས་བྲིས་མོད། ཁྱེད་མཁས་པ་སྔ་ཕྱི་རྣམས་བོང་སྨྱོན་མཆོང་གི་རྩོད་པ་དང་།

p. 399

བོང་སྨྱོན་མཆོང་གི་ལན་གཉིས་མཆོང་འགྲན་མཛད་པར་སྣང་ཡང་། ཁོ་བོ་ཅག་བླུན་པོ་འདི་ནི་རྟ་མ་སྨྱོ་བ་བང་འགྲན་བྱེད་པ་ལགས་སོ། །དེ་ཡང་། ཡས་བབས་དང་མས་འཛེག་གིས་བཙུན་པ་བྱས་པའི་ཆོས་མིང་ལ་ཅིག་ཅར་བ་དང་རིམ་གྱིས་པར་བཏགས་པའི་བཟོ་འདྲ་ཞིག་ཏུ་སྨྲ་བར་འདུག་ནའང་མིང་དེ་ནི་གསར་འདོགས་མ་ཡིན། ཧྭ་ཤང་རྒད་པོ་རང་སྐ་ཁམས་བཟང་དུས་ནས་ཅིག་ཅར་བའི་མིང་དེ་ཡོད་པར་སྣང་སྟེ། སྒོམ་རིམ་དུ་རྒྱའི་འདོད་པ་བརྗོད་པའི་ཚེ། དེ་ལྟ་བུ་ཐོབ་པ་ནི་ཅིག་ཅར་དུ་འཇུག་པ་ས་དང་པོ་ཐོབ་པ་དང་འདྲའོ། །ཞེས་བཀོད་པ་གཟིགས་བཞིན་དུ་དམ་པའི་ངང་ཚུལ་ཅི་སླད་འདོར། རྩོད་སྤོང་དུ། དོན་ལ་ཁྱད་པར་མེད་པ་ཅིས་ཤེས་སྙམ་ན། དགོངས་འཚལ་ཅིག །ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །ཞེས་རང་ཉིད་བཞེད་པའི་ཅིག་ཅར་བ་དེས། ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་མི་དགོས་པར་བཞེད་པ་འདྲ་ན། དེ་འདྲའི་ཅིག་ཅར་བ་དེ་ནི་སངས་རྒྱས་སར་ཡས་བབས་དང་ཐོག་བབས་མཚན་ཉིད་པར་སོང་འདུག་པའི་ཕྱིར་དང་། ཞེས་བྲིས་མོད།

p. 400

ཞང་ཚལ་པའི་གསུང་ཚིགས་བཅད་དེ་ལ་ཁྱེད་དུ་མ་ཟད་ཐུབ་དགོངས་སུའང་བཀའ་བཀྱོན་བྱུང་འདུག་སྟེ། མི་དཀར་ལ་ཞྭ་ནག་གཡོགས་པར་འདུག་གོ །ཅིས་ཤེས་སྙམ་ན། དགོངས་འཚལ་ཅིག །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ཡིན་པ་དང་། དེ་ལ་ས་ལམ་བརྩི་བ་འགལ་ན། རྗེ་བཙུན་གྲགས་པས། ལམ་ལྔ་ས་བཅུར་ཤར་བ་ཡང་། །རི་བོང་རྭ་གཉེར་བགྲང་བ་ཡིན། །ཞེས་མགུར་མ་སྙན་པོ་འཐེན་པ་དང་། ངེད་རའི་གསུང་ངག་རིན་པོ་ཆེར་ས་ཕྱེད་དང་བཅུ་གསུམ་བརྩིས་པ་ཡང་ཨེ་འགལ་གཟིགས་དང་། དེ་ནི་དོན་དམ་ལ་དགོངས་ལ། འདི་ནི་ཀུན་རྫོབ་སྟེ། ས་དང་ལམ་གྱི་དབྱེ་བ་དང་། །རྫོགས་པའི་སངས་རྒྱས་ཐོབ་པ་ཡང་། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །ཞེས་དབྱེ་བར་མཛད་དོ་ཞེན། ཞང་རིན་པོ་ཆེས་ཀྱང་དོན་དམ་ལ་ས་ལམ་ཆིག་ཆོད་ཡིན་པས་ཚིག་སྔ་མ་གསུངས་ནས། འོན་ཀྱང་རྨོངས་པ་དགའ་བའི་ཕྱིར། །ས་ལམ་དོད་པོ་བརྩི་བར་བྱ། །ཞེས་མ་རྟོགས་པའི་ངོ་ཀུན་རྫོབ་ཙམ་དུ་ས་ལམ་གྱི་དོད་པོ་རྣལ་འབྱོར་བཞི་རིམ་བརྩི་བར་བཤད་གདའ། དེས་ན། གྲུབ་མཐའ་དེའི་ཐད་དུ་ས་དཀར་གཉིས་པོ་ཧྭ་ཤང་དང་དོན་ལ་ཁྱད་

p. 401

མེད་ན་མེད་མཉམ་དང་ཡོད་ན་ཡོད་མཉམ་དུ་འདུག་པས་སྨྲ་ཚོད་ཟིན་པར་བྱའོ། །ཡང་། རྩོད་སྤོང་དུ། རྒྱུད་དབང་གིས་མ་སྨིན་པ་ཞིག་ལ་སྟོང་ལྟ་ཙམ་བསྟན་པའི་ལམ་དེ་ཕྱག་ཆེན་ཡིན་གསུངས་པ་ནི་ཧྭ་ཤང་ལས་ཀྱང་ཅུང་མི་རིགས་པར་སོང་སྟེ། ཞེས་བཀོད་པ་ནི་ཕྱོགས་སྔ་མེད་པའི་དགག་སྟོང་ཡིན་པས་ཅི་ཞིག་བཏུབ། ངེད་ཅག་ནི་བླ་མའི་བྱིན་རླབས་དང་སྔོན་དགེས་བསྐུལ་བའི་སློབ་མའི་མོས་གུས་ཕྲད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སོ་སོ་རང་གི་རིག་པ་དེ་ཀ་རྟོགས་པ་དོན་གྱི་དབང་སེམས་ཐོག་ཏུ་ཐོབ་པ་ཡིན་ཚུལ་གོང་དུའང་སྨྲས་ཟིན་པ་ལྟར་དབང་གིས་མ་སྨིན་པའི་དོགས་གཞི་མེད་ལ། ཟུང་འཇུག་དེ་ཀ་ཕྱག་ཆེན་དཀར་པོ་ཆིག་ཐུབ་ཏུ་འདོད་པས་སྟོང་རྐྱང་གི་དོགས་པའང་མི་གད་འོ། །འོ་ན་སྒོམ་རིམ་གསུམ་མདོའི་ལམ་དུ་ཁྱེད་རང་འདོད་ལ། དེ་དང་ཕྱག་ཆེན་མཐུན་པར་ཡང་སྨྲས་པས་སོ་སྙམ་ན། མདོ་ལས་གསུངས་པའི་ཤེར་ཕྱིན་གྱི་ལྟ་བ་སྔགས་ཀྱི་གསང་སྔགས་ཀྱི་ཐབས་མཁས་ཀྱིས་རྟོགས་པར་བྱས་པ་ལ་སྐྱོན་ཅི་ཞིག་ཡོད། དེས་ན་གྲུབ་པའི་མཐའ་

p. 402

འདི་ལ་ཆོས་དང་མཐུན་པའི་རྒོལ་བ་འཇུག་པའི་གནས་མེད་དོ། །ཞེས་ཞུས་པས་དེ་འཕྲོས་ཀྱི་རྩོད་སྤོང་ཐམས་ཅད་ཚིག་རོར་སོང་གྲུབ་པས་ཕྱག་དར་དང་ལྷན་ཅིག་ཁང་རྒྱབ་ཏུ་དོར་ཅིག །ཞི་བའི་མཚོ་ལས་སྐྱེས་པ་མཁས་དབང་པོ། །པདྨའི་ངང་ཚུལ་བཟང་པོས་བསྐྲན་པའི་རྡུལ། །ལེགས་བཤད་གསེར་གྱི་ཁུ་བར་བབས་དེ་ཡིས། །མཐའ་བྲལ་དབུ་མའི་ལུགས་བཟང་སྲོལ་དུ་བཙུད། །ཧྭ་ཤང་ལྟ་ལོག་འགེགས་པའི་ཟོལ་ཅན་དེས། །ལམ་བསྐོར་རྒྱནག་ལུགས་སུ་ཡུད་ཀྱིས་དྲངས། །གཞན་སྡེ་གཞོམ་པའི་སྤོབས་པས་ཆེར་བསྒྱིངས་ཀྱང་། །གོ་མེད་གཡུལ་དུ་ཞུགས་པའི་རྣམ་ཐར་བསྟན། །ཞེས་ལྐོག་ལབ་ཤུབ་བཟླས་སོ། །མཇུག་ཏུ་ཡང་གན་མཛོད་ལས། རྩོད་པ་འདིའི་ཅལ་རྒྱུགས་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ཧྭ་ཤང་གི་འདོད་པ་དང་མཚུངས་པར་སྨྲ་བ་བྱུང་བས་ཕྱོགས་འདི་ཚར་བཅད་པས་རྗེས་འབྲངས་དང་བཅས་པའི་རྩོད་པ་ཐམས་ཅད་ལྟར་སྣང་དུ་གྲུབ་པ་ཉིད་དོ། །ཞེས་པའི་ལན་རྩོད་སྤོང་དུ། འདིའི་རྩོད་སྤོང་གི་ལན་དང་གནོད་བྱེད་ལུང་རིགས་ཐམས་ཅད་ཀྱང་ལྟར་སྣང་ཁོ་ནའོ། །ཞེས་ཁོ་བོས་རེ་རེ་ནས་ངོ་སྤྲོད་ཟིན་པས།

p. 403

དཔྱོད་ལྡན་གཟུ་བོར་གནས་པ་དག་གིས་ཆོས་ཀྱི་རྗེས་སུ་འབྲང་བའི་བློས་ཕྱོགས་སྔ་ཕྱི་ལ་གཞིག་བརྟགས་ལེགས་པར་བཅུག་པའི་སྒོ་ནས་ཡིད་ཆེས་པར་མཛོད་ཅིག །ཅེས་བྲིས་པ་ལ། ཁྱེད་ཀྱིས་ངོ་སྤྲོད་པའི་སྐྱ་རིས་རེ་རེའི་ཐོག་ཏུ། ཁོ་བོས་ཀྱང་གསེར་མདོག་འོད་དུ་འཕྲོ་བའི་ཡུང་བ་གསར་པའི་ཚོན་བྱུག་གི་བཀུར་སྟི་རེ་ཕུལ་བ་འདི་ལ། རྣམ་དཔྱོད་ཀྱི་སྤྱན་རས་མཆོག་ཏུ་གསལ་བ་རྣམས་ཀྱིས་དྲང་པོར་གཟིགས་ན་རྗེས་སུ་ཡི་རང་བར་མཛད་ངེས་ཀྱང་། དེ་བཞིན་དུ་གཞན་ལ་གསུངས་ན་གྲུབ་མཐའི་གཞུང་མ་ཚུགས་པ་འདྲ་ཞིག་ཏུ་རང་ལུགས་འཛིན་པར་རློམས་པ་དག་གིས་བསྒྲགས་པར་དོགས་པའི་དཔྱང་ཐག་ལ་དཔྱང་སྲིད་ཀྱི། རྒྱལ་བ་སྲས་དང་བཅས་པས་དགོངས་པར་འགྱུར་བ་བཞིན་དགྱེས་པ་བསྐྱེད་དུ་གསོལ། ཡང་རྩོད་སྤོང་ལས། ས་ལོ་ཙཱ་བའི་གཞུང་ལུགས་འདིནི་ཆོས་དང་མཐུན་པར་བརྒལ་བའི་སུན་འབྱིན་གྱི་སྒོ་ནས་སུས་ཀྱང་ཚར་གཅད་པར་མི་ནུས་ཏེ། དཔལ་ཆོས་ཀྱི་གྲགས་པས། རང་བཞིན་ལནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །

p. 404

ཞེས་པ་ལྟར། གཞི་ཆོས་དབྱིངས་འོད་གསལ། ལམ་ལྷན་སྐྱེས་ཕྱག་ཆེན། འབྲས་བུ་དུས་གསུམ་རྒྱལ་བ་ཐམས་ཅད་འདི་ཉིད་ཀྱི་ཕྱོགས་ན་གནས་པའི་ཕྱིར་རོ། །ཞེས་སྤོབས་པ་གཟེངས་བསྟོད་དེ་སྨྲས་སོ། ཁྱེད་ཀྱིས་བཀོད་པའི་གཞི་ལམ་འབྲས་བུ་དེ་ནི་ཀུན་ཁྱབ་ཕྱོགས་ལྷུང་དང་བྲལ་བ་ཡིན་གྱི་སྒོས་ཆོས་མ་ཡིན་ལ། ཆོས་ཀྱི་གྲགས་པའི་ལུང་དེ་ནི་ངེད་ཀྱི་རྒྱབ་ཏུ་རི་བོ་ལྟར་ལངས་པ་ཡིན་ཏེ། མཁས་པ་དགྱེས་པར་འགྱུར་བའི་ལུང་རིགས་ཐམས་ཅད་གོང་དུ་བཀོད་ཟིན་པ་ལྟར་གནས་པའི་ཕྱིར་རོ། །ས་ལོའི་གཞུང་ཕུན་སུམ་ཚོགས་མོད་ཀྱི། ཇི་སྐད་དུ། ཆེན་པོ་རྣམས་ལ་དགྲ་བས་ཀྱང་། །རང་གི་འཁོར་གྱིས་གནོད་པ་མང་། །སེང་གེ་ལུས་ཀྱི་འབུ་མིན་པ། །སྲོག་ཆགས་གཞན་གྱིས་ག་ལ་ཟ། །ཞེས་ཁོང་རང་གིས་ཐུགས་རྒྱུས་ཐོག་ནས་གསུངས་པ་བཞིན་རྗེས་སུ་འཇུག་པ་དག་གིས་སུན་མ་འབྱིན་ཅིག །རྩོད་སྤོང་ལས། གནད་དེས་ན། རབ་དབྱེའི་བསྟན་བཅོས་དག་ལ་དཔལ་འབྲུག་པ་དཀར་རྒྱུད་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་ཕྱག་བྱ་བར་རིགས་ཏེ། སྤྲུལ་སྐུ་པདྨ་དཀར་པོ་འདིའི་ལན་འདེབས་པ་ལ་ཡང་

p. 405

དང་ཡང་དུ་སྐུ་སྐྱེ་བ་བཞེས་དགོས་པར་སྣང་བའི་ཕྱིར་རོ། །ཞེས་བྲིས་མོད། རབ་དབྱེའི་བསྟན་བཅོས་ལ། དཔལ་འབྲུག་པ་དཀར་རྒྱུད་པས་ཕྱག་མཛད་པར་དཀའ་ཡང་། བདག་ནི་བསྟན་བཅོས་ཆེན་པོ་དེ་ལ། ཇི་ལྟར་ཆོས་ཀྱི་གཎྜི་ལ་བཀུར་སྟི་འབུལ་བ་བཞིན། ཕྱག་འཚལ་བའི་རྗེས་སུ་དབྱུག་གུའི་མཆོད་པ་ཡང་འབུལ་བར་སྤྲོའོ། །སྤྲུལ་སྐུ་པདྨ་དཀར་པོ་བསྟན་འགྲོའི་དོན་དུ་ཡང་ཡང་སྐྱེ་བ་འཛིན་པ་ནི་སྐྱེས་བུ་ཆེན་པོའི་ངང་ཚུལ་ལགས་པས་འགོག་པ་མི་མངའ་ཡང་། རེ་ཞིག་འདི་ལྟ་བུའི་ལན་གྱི་འཕྲེང་བ་སྤེལ་བའི་དུས་ལ་མ་བབ་པར་དགོངས་ཏེ། མཁྱེན་རབ་ཕུན་སུམ་ཚོགས་པའི་ནོར་དང་ལྡན་བཞིན་དུ་བཏང་སྙོམས་ཚད་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ལྟན་རྩོད་སྤོང་ཆ་ལག་དང་བཅས་པའི་དངོས་ཤུགས་ཀྱི་ལན་འདེབས་ལེགས་པར་གྲུབ་བོ། །བདེ་བར་གཤེགས་རྣམས་བགྲོད་པ་གཅིག་པའི་ལམ་པོ་ཆེ། །སྲིད་ཞིའི་དངོས་ཀུན་རང་བཞིན་མེད་པའི་རང་བཞིན་དུ། །སྨྲ་བསམ་བརྗོད་བྲལ་སྨྲ་བའི་གཞིར་གྱུར་མ་ཧཱ་མུ་དྲའི། ཁྱབ་བདག་ཆེན་པོ་དྭགས་པོའི་དཀར་རྒྱུད་དེ་

p. 406

བསྔགས་འོས། །ཕྱོགས་རེའི་ཞེན་པས་འགྲིབས་པའི་ཆུ་བུར་མིག །ཇི་ལྟར་བལྟས་ཀྱང་བསྟན་བཅོས་རྒྱ་ཆེའི་ཞིང་། །མཐོང་བའི་སྐབས་བྲལ་དེ་ཕྱིར་དག་སྣང་གི །མིག་སྨན་གསར་པ་བརྟེན་པ་མན་ངག་ཡིན། །བསྟན་པ་རྒྱ་མཚོའི་ཡང་སྙིང་ཕྱག་ཆེན་དབྱིག །ལོག་རྟོག་འདམ་ལས་ཕྱུང་སྟེ་ལུང་རིགས་ཆུས། །ལེགས་པར་སྦྱངས་པ་སྒྲུབ་རྒྱུད་རྒྱལ་མཚན་རྩེར། །མཆོད་པའི་སྤྲིན་ཕུང་དཀར་རྒྱུད་རྣམས་ལ་འབུལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་མང་པོ་སྣང་། ཡང་མཉམ་མེད་དྭགས་པོ་ལྷ་རྗེའི་སྐྱེ་མཐའ་མཁས་པའི་དབང་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་རིམ་གསལ་བར་བྱེད་པའི་ལེགས་བཤད་ཟླ་བའི་འོད་ཟེར་ལས། རྒྱལ་བ་ཉིད་ལས་སྔོན་བྱང་ཆུབ་ཀྱང་རྒྱལ་སྲས་ཟླ་འོད་གཞོན་ནུའི་ཚུལ། །གངས་ཅན་འགྲོ་ལ་བརྩེ་བའི་གར་བསྒྱུར་དགེ་སློང་འཚོ་བྱེད་ཅེས་བྱ་བར། །རྒྱལ་བས་ལུང་བསྟན་སྙིགས་མའི་དུས་འདིར་ངེས་དོན་ཆོས་སྒྲ་ཆེར་སྒྲོག་པ། །སྒམ་པོ་པ་ཞེས་ས་གསུམ་ཡོངས་གྲགས་སྟོན་པ་གཉིས་པ་དེ་ལ་འདུད། །མདོ་སྔགས་གཞུང་དོན་ཆ་ཤས་ཡོངས་རྫོགས་ནས། །

p. 407

གནས་ལུགས་དོན་གྱི་རི་དྭགས་གཟུགས་ངོམས་པ། །ལེགས་བཤད་ཟླ་བའི་འོད་ཟེར་དེང་འདིར་སྤྲོ། །མི་ཤེས་མུན་པར་འཁྱམས་རྣམས་ཡིད་བདེར་གྱིས། །ཞེས་ཐོག་མར་བརྗོད་ནས། སྐབས་དོན་ལ་ཁ་ཅིག །ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ། །ཡས་འབབ་དང་ནི་མས་འཛེག་གཉིས། །རིམ་གྱིས་པ་དང་ཅིག་ཅར་བར། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཅེས་སྨྲ་བནི་སྨྲ་འདོད་པ་ཙམ་དུ་ཟད་དེ། རྫོགས་ཆེན་ཨ་ཏི་ཡོ་ག་ཞེས་པ་གསང་སྔགས་ཀྱི་མཐར་ཐུག་ཏུ་བཞེད་པ་དྀང་། ཧྭ་ཤང་གི་སྒོམ་ནི་མདོ་སྡེ་བརྒྱད་ཅུ་ཁུངས་སུ་བྱས་པར་འདོད་པས། དེ་གཉིས་སྒོམ་རིམ་གྱི་ཁྱད་པར་མི་འདྲ་བ་མ་ཟད། བསྟན་ཁུངས་ཙམ་ཡང་མི་འདྲ་བའི་ཕྱིར་དང་། རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ཡོད་པ་ཚད་ལྡན་སུས་ཀྱང་མ་བཤད་པའི་ཕྱིར་དང་། རྫོགས་ཆེན་ཧྭ་ཤང་གི་སྒོམ་དུ་སྨྲ་ན་ཆོས་ལ་ཆོས་མིན་དུ་སྐུར་བ་བཏབ་པར་འགྱུར་བའི་ཕྱིར་དང་། ཕྱག་རྒྱ་ཆེན་པོའི་དོན། དོ་ཧ་སྐོར་གསུམ། དོ་ཆུང་མཛོད་བརྒྱད། གྲུབ་སྙིང་དང་། ཨ་མ་ན་

p. 408

སིའི་ཆོས་འཁོར་སོགས་ཀྱི་དགོངས་པར་གནས་པའང་གཏནནས་མ་གོ་བར་སྣང་བའི་ཕྱིར་རོ། །དེ་བཞིན་དུ། ཆོས་ལུགས་འདི་འདྲ་འབྱུང་བ་ཡང་། ཞེས་སོགས་ཀྱི་ལོ་རྒྱུས་བསྡེབས་པ་ལའང་ཡིད་བརྟན་ཅི་ཡང་མི་སྣང་སྟེ། སྒོམ་རིམ་གྱི་དབུན་ཀ་མ་ལ་ཤཱི་ལའི་སློབ་མས་ཡིག་གེར་བཀོད་སྣང་བ་སོགས་ཀྱི་ལོ་རྒྱུས་ཁུངས་བཙུན་ཐམས་ཅད་དང་མི་མཐུན་པའི་བློ་བཟོ་མང་དུ་སྣང་བའི་ཕྱིར་རོ། །ཡང་རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱནག་ཆོས་ལུགས་ཡིན། །ཞེས་པའང་རང་གི་ཞེ་འདོད་བདེན་པར་སྒྲུབ་པའི་རྫུན་རིས་ཁོ་ནར་སྣང་སྟེ། རྒྱ་ནག་མཁན་པོའི་གཞུང་ལ་བརྟེན་ནས་ཕྱིས་ཕྱག་རྒྱ་ཆེན་པོར་མིང་བསྒྱུར་པའི་ཁུངས་དང་ཤེས་བྱེད་ཅི་ཡང་མེད་པའི་ཕྱིར་དང་། ཕྱག་རྒྱ་ཆེན་པོའི་མཚན་རྒྱུད་འགྲེལ་རྣམས་དང་པཎ་གྲུབ་ཐམས་ཅད་ལ་སྔོན་ནས་གྲགས་ཟིན་པའི་ཕྱིར་དང་། དེ་སྟོན་པའི་རྒྱུད་གཞུང་ཕལ་ཆེར་ལ་རྟོག་པ་མ་ཚུད་པའི་རང་སྐྱོན་སྦས་ནས་ཆོས་ཆོས་མིན་དུ་ཁ་ཚོན་གཅོད་པ་

p. 409

ནོངས་པར་གྱུར་པའི་ཕྱིར་དང་། མ་ངེས་བཞིན་དུ་བསྙོན་ནས་སྨྲ་བ་གཟུར་གནས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། ནག་ཧྭ་ཤང་དེས་སྤྱོད་པའི་སྐབས་སུ་རྒྱུ་འབྲས་ཁས་མི་ལེན། ལྟ་སྒོམ་གྱི་སྐབས་སུ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་དྲངས་ཏེ། རྟོག་པ་བཟང་ངན་གང་ཡང་ཡིད་ལ་མི་བྱེད། བྲས་བུའི་སྐབས་སུ་སེམས་རྟོགས་པ་ལས་གཞན་པའི་སངས་རྒྱས་ཁས་མི་ལེན་པ་ཡིན་པས། དེང་སང་གི་ཕྱག་རྒྱ་ཆེན་པོ་སྒོམ་པ་རྣམས་ཀྱང་། དེའི་ལུགས་སུ་སྣང་ཞེས་་ཟེར་བ་དང་། ཕྱིས་ཀྱི་མཁས་རློམ་དག་གིས་ཀྱང་རྣམ་དཔྱོད་ཀྱིས་མ་བརྟགས་པར་སླར་བཤད་ཚུལ་དེ་ཉིད་ཅལ་སྒྲོག་ཏུ་སྨྲ་བ་རྣམས་ནི། ཕྱོགས་སྔ་མའི་གྲུབ་མཐའ་དང་ལྟ་མ་གྱི་གནད་མ་གོ་བཞིན་དུ་བསྐོན་ཚིག་གི་སྒྲོ་མང་པོ་བཏགས་ནས་ཅལ་ཅོལ་དུ་སྨྲ་བ་ཁོ་ནར་སྣང་སྟེ། སྒོམ་རིམ་ཐ་མ་ལས། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་འི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་

p. 410

བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པ་དགེ་བ་སྤྱད་པར་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ། །སྙམ་དུ་སེམས་ཤིང་དེ་སྐད་ཀྱང་སྨྲ་བ་དེས་ནི་ཐེག་པ་ཆེན་པོ་མཐའ་དག་སྤངས་པ་ཡིན་ནོ། །ཐེག་པ་ཐམས་ཅད་ཀྱི་རྩ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤངས་ན་ཐེག་པ་ཐམས་ཅད་སྤང་བར་འགྱུར་རོ། །འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བས་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤང་བར་འགྱུར་རོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྤང་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ་ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤངས་པ་ཡིན་ནོ། །ཞེས་པ་ལ་སོགས་པ་ཧྭ་ཤང་གི་འདོད་པ་བཀོདནས་བཀག་པ་ལས། ལྟ་སྒོམ་གྱི་སྐབས་སུ་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་དང་། སྐབས་དེར་སྦྱིན་སོགས་ཀྱི་དགེ་བ་ཁྱད་དུ་གསོད་

p. 411

པ་ཙམ་སྣང་མོད། རྒྱུ་འབྲས་ཁས་མི་ལེན་ཟེར་བ་རང་ཉིད་ཀྱིས་མ་གོ་བ་སྟེ། འདོད་པ་བཀོད་པའི་ཐོག་མར་དགེ་སྡིག་གི་ལས་འབྲས་སྨྲོས་པའི་ཕྱིར་དང་། མདོ་སྡེ་བརྒྱད་ཅུ་ཁུངས་སུ་འཛིན་ན་དེས་ཀྱང་རྒྱུ་འབྲས་ཤེས་པར་འགྱུར་བའི་ཕྱིར་རོ། །གཞན་ཁྱེད་ཅག་གི་བསྟན་བཅོས་སུ་ཧྭ་ཤང་དང་ཀ་མ་ལ་ཤཱི་ལ་རྩོད་པ་བྱས་པའི་ལོ་རྒྱུས་ཞིབ་ཏུ་བྲིས་སྣང་བ་ལའང་། འབྲེལ་མེད་དང་བསྙོན་ཚིག་གི་སྒྲོ་འདོགས་དངནང་འགལ་དང་ཀ་མ་ལ་ཤཱི་ལས་མཛད་པའི་སུན་འབྱིན་འབྲེལ་མ་ཆགས་པ་སོགས་མང་དུ་སྣང་བས་ཡིད་བརྟན་ཅི་ཡང་མི་སྣང་ངོ་། །དེ་བཞིན་དུ་གནས་ལུགས་རྒྱ་ཆེན་གྱི་སྒོམ་དེ་དང་མཐུན་ཟེར་བ་ཡང་སྒྲོ་འདོགས་ཁོ་ནར་ཟད་ཀྱང་དེའི་སུན་འབྱིན་ནི་མང་བའི་འཇིགས་པས་རེ་ཞིག་མི་སྤྲོ་ལ། འོན་ཀྱང་འདིར་ལོག་རྟོག་ཞི་བའི་ཆེད་དུ་ཕྱག་རྒྱ་ཆེན་པོ་དང་ཧྭ་ཤང་གི་ལུགས་མི་འདྲ་བའི་ཚུལ་ཉུང་ཟད་ཙམ་ཞིག་བརྗོད་ན། སྤྱོད་པའི་སྐབས་སུ། ཧྭ་ཤང་ནི་བསག་སྦྱང་གི་ལས་བླུན་པོ་དེ་ཉིད་མི་ཤེས་པའི་དབང་དུ་བྱས་ནས་གསུངས་པར་འདོད་ཅིང་དོན་ལ་བསག་སྦྱང་ཁྱད་དུ་གསོད་ལ། འདིར་སྟོང་ཉིད་རྒྱུ་

p. 412

འབྲས་སུ་འཆར་བ་ཞེས་བྱ་བ་སྟོང་ཉིད་རྟོགས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ཤིན་ཏུ་བརྩོན་དགོས་པའི་ཕྱིར་དང་། དེ་བཞིན་དུ་རོ་གཅིག་དུ་མའི་རྟེན་འབྲེལ་དུ་ཤར་མ་ཤར་དང་། ཀུན་རྫོབ་ལ་རང་བྱན་ཚུད་མ་ཚུད་དང་། གཟུགས་སྐུའི་ས་བོན་འདེབས་ཤེས་མ་ཤེས་ལ་སོགས་པའི་རྣམ་དབྱེ་ཤིན་ཏུ་ཕྲ་བ་ཡོད་པའི་ཕྱིར་རོ། །སྒོམ་པའི་སྐབས་སུ། ཧྭ་ཤང་ནི་གང་ཅི་ཡང་ཡིད་ལ་མི་སེམས་ཤིང་ཡིད་ལ་མི་བྱེད་པར་འདོད་ལ། འདིར་ནི་ཐོག་མའི་གནས་པ་སྒྲུབ་པ་ནའང་དམིགས་པ་ལས་མ་ཡེངས་པའི་དྲན་པ་དང་བྱིང་རྒོད་རྟོགས་པའི་ཤེས་བཞིན་གསལ་པོ་བརྟེན་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་མི་རྟོག་པར་ཅོམ་འཇོག་བྱེད་པ་ལས་སྐྱོན་ཡོན་ཅི་ཡང་མི་རྟོག་ལ། འདིར་དེ་འདྲ་ལ་རྟོག་མེད་སྟེངས་པོ་ཞེས་སྐྱོན་དུ་བྱེད་པའི་ཕྱིར་དང་། ཧྭ་ཤང་ནི་སྒོམ་ལ་རྟོག་དཔྱོད་ཅི་ཡང་མི་བྱེད་ལ། འདིར་ནི་ཅི་རིགས་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྒོམ་དོན་ལ་རྟོག་ཅིང་དཔྱོད་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་དྲན་རིག་དང་བྲལ་བའི་ལུང་མ་བསྟན་གྱི་ཡིད་ལ་མི་བྱེད་པའི་ངང་དུ་འཇོག་ལ། འདིར་ནི་སྒོམ་དོན་སོ་སོའི་དྲན་རིག་ལས་སྐད་ཅིག་ཀྱང་མ་ཡེངས་པ་

p. 413

དགོས་པའི་ཕྱིར་དང་། ཧྭ་ཤང་ནི་ཅི་ཡང་མི་བསམ་པར་བྱས་པ་ཁོ་ནས་ཆོག་ལ། འདིརནི་དེ་ལྟ་བུ་ལ་སོགས་པ་གོལ་ས་དང་ཤོར་སར་བྱས་ནས་དེའི་སྐྱོན་སེལ་དགོས་པའི་ཕྱིར་རོ། །ལྟ་བའི་སྐབས་སུ། ཧྭ་ཤངནི་བསམ་བྱུང་སྒོམ་བྱུང་གི་ཤེས་རབ་མི་འདོད་ལ། འདིརནི་ཤེས་རབ་དེ་གཉིས་ཀྱིས་གནས་ལུགས་ཀྱི་ལྟ་བ་འཚོལ་བ་དང་དེ་རྟོགས་པར་བྱེད་དགོས་པའི་ཕྱིར་དང་། ཧྭ་ཤང་ནི་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་བྲལ་ལ། འདིར་ནི་གཟུང་འཛིན་ཐམས་ཅད་ཀྱི་གཞི་རྩ་བཅད་ནས་དེ་དག་གི་གནས་ལུགས་རིག་པའི་ལྟ་བ་སྐྱོང་དགོས་པའི་ཕྱིར་རོ། །འབྲས་བུའི་སྐབས་སུ། ཧྭ་ཤང་ནི་ཅི་ཡང་མི་སེམས་པ་ཙམ་གྱི་རྒྱུན་གོམས་པ་ཁོ་ནས་ཐར་པ་ཐོབ་པར་འདོད་ལ། འདིར་ནི་དེ་ཁོ་ན་ཉིད་རྟོགས་ནས་ཀྱང་དེ་ལས་མ་ཡེངས་པའི་ཚུལ་གྱིས་གོམས་པར་བྱས་ནས་གཉིས་སྣང་ཕྲ་ཞིང་ཕྲ་བའང་མ་ལུས་པ་དག་དགོས་པར་བཞེད་པའི་ཕྱིར་རོ། །དེས་ན་ཡང་དག་པའི་དོན་ལ་ཕྲག་དོག་གི་སྒོ་ནས་སྒྲོ་བཏགས་ཀྱི་སྐུར་འདེབས་སྨྲ་བར་མི་རུང་སྟེ། རང་ལ་ཡིད་རྟོན་པ་དག་ཆོས་སྤོང་གི་ལས་ལ་བཀོད་པར་འགྱུར་

p. 414

བའི་ཕྱིར་རོ། ཁྱེདརང་གི་ལུགས་ལ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་འདོད་པ་ལ་དཔྱད་ན། རིམ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སྤྱིར་ཕྱག་རྒྱ་བཞི་དང་། ཐུན་མོང་མ་ཡིན་པ་གནས་ལུགས་ཕྱག་ཆེན་གྱི་རྟོགས་པ་འཆར་བར་འགྱུར་བ་ནི་གདོན་མི་ཟ་མོད་ཀྱང་། དབང་གསུམ་པ་ལ་བརྟེན་ནས་བྱུང་བའི་འཛག་བདེ་ལུས་ཤེས་འཁོར་གྱི་ཚོར་བ་སིམ་པའི་བདེ་བ་ལ་སྟོང་པས་རྒྱས་བཏབ་པའི་ཉམས་མྱོང་ལ་ཕྱག་རྒྱ་ཆེན་པོར་འདོད་པ་ཤིན་ཏུ་མི་འཐད་དེ། ཨིནྡྲ་བོ་དྷིས། དབང་པོ་གཉིས་བྱུང་བདེ་བ་ནི། །དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲའི། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །རྟེན་ཅིང་འབྲེལ་འབྱུང་ལས་སྐྱེས་པ། །གང་དུའང་དེ་ཉིད་ཤེས་མི་འགྲུབ། །གང་ཕྱིར་བདེ་དེ་ཐམས་ཅད་དུ། །ངོ་བོ་ཉིད་ཀྱིས་ཡོད་མ་ཡིན། །བདེ་གཤེགས་ཀུན་གྱི་ཡེ་ཤེས་ནི། །རང་ཉིད་ངོ་བོ་ཉིད་མཁྱེན་པའི། །བདེ་བ་ཀུན་གྱི་གཙོར་གྱུར་པ། །བདེ་བ་ཆེན་པོ་ཞེས་བཤད་དོ། །བདེ་ཆེན་མི་རྟག་མ་ཡིན་

p. 415

ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་སོགས་ཀྱིས་བཀག་པ་ལྟར་མང་པོས་བཀག་པའི་ཕྱིར་དང་། དུས་འཁོར་ནས་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བར་གསུངས་པ་དང་ཡང་འགལ་བའི་ཕྱིར་ཏེ། དེ་ཉིད་འཕོ་འགྱུར་དང་བཅས་པའི་འཛག་བདེའི་ཚོར་བ་ཡིན་པའི་ཕྱིར་རོ། །དེ་དཔྱད་སྟོང་གིས་རྒྱས་འདེབས་པ་དེ་བས་ཀྱང་མི་འཐད་དེ། དུས་འཁོར་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། དུས་འཁོར་ཡེ་ཤེས་ལེའུའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་ཉིད་ལས་རིང་དུ་བྱས་པ། ཞེས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པ་ཆད་སྟོང་དུ་བཤད་པའི་ཕྱིར་དང་། གཞན་ཡང་ཁྱེད་ཀྱི་ལུགས་ལ་དབང་གསུམ་པའི་དཔེའི་ཡེ་ཤེས་འཛག་བདེ་འཕོ་འགྱུར་ཅན་ལ་ངོ་སྤྲོད་པ་དང་། དབང་བཞི་པའི་དོན་གྱི་ཡེ་ཤེས་སྤྲོས་བྲལ་དུ་མིང་བཏགས་པའི་ཆད་སྟོང་དུ་ངོ་སྤྲོད་པར་བྱེད་པ་ཡང་ཤིན་ཏུ་མི་འཐད་དེ།

p. 416

དུས་འཁོར་དང་ཡེ་ཤེས་གྲུབ་པ་གཉིས་སུ་བཀག་པའི་ཕྱོགས་སྔ་ཁས་བླང་བར་འགྱུར་བའི་ཕྱིར་དང་། དཔེ་དོན་གྱི་ཡེ་ཤེས་དེ་གཉིས་ཀྱང་རྒྱུ་འབྲས་རིགས་འདྲ་མཚུངས་ཤིང་འབྲེལ་བ་ཞིག་དགོས་པ་ལ་འབྲེལ་མེད་རིགས་མི་མཐུན་གཉིས་སུ་ངོ་སྤྲོད་པར་སྣང་བའི་ཕྱིར་རོ། །ཡང་ཁྱེད་ཀྱི་ཐུབ་དགོངས་སུ། ཕྱག་རྒྱ་ཆེན་པོ་ཡིན་ན་དབང་ལས་འབྱུ་དགོས་པའི་ཁྱབ་པ་འཆའ་བའང་མི་རིགས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་གཞིའི་ཕྱག་རྒྱ་ཆེན་པོ་དེ་ཡང་དབང་བསྐུར་ལས་བྱུང་ཚུལ་བརྗོད་དགོས་པར་འགྱུར་བའི་ཕྱིར་དང་། དེ་འདྲའི་གཞིའི་ཕྱག་ཆེན་ཁས་མི་ལེན་ན། གཞི་ལ་གནས་པ་ལམ་གྱིས་གོམས་པར་བྱས་ནས་འབྲས་བུ་མངོན་དུ་བྱེད་དགོས་པས། ལམ་གྱི་ཕྱག་ཆེན་དང་འབྲས་བུའི་ཕྱག་ཆེན་ཡང་མེད་པར་སྨྲ་དགོས་པའི་ཕྱིར་དང་། སྔར་བཤད་པའི་ས་ར་ཧ་ཆེ་ཆུང་ཏཻ་ལོ་ནཱ་རོ་མཻ་ཏྲི་པ་སོགས་ཀྱི་ཕྱག་རྒྱ་ཆེན་པོའི་གཞུང་དང་། གྲུབ་པ་སྡེ་བདུན་ལ་སོགས་པའི་གཞུང་མང་པོ་ལ་ཆོས་སྤོང་གི་ལས་བསྒྲུབ་དགོས་པར་འགྱུར་བའི་ཕྱིར་དང་། གཞུང་མཛད་པའི་གྲུབ་ཆེན་དེ་དག་ཀྱང་ལོག་ལྟས་སུན་འབྱིན་

p. 417

དགོས་པར་འགྱུར་བའི་ཕྱིར་རོ། །ཞེས་དང་། ཡང་མཁས་པ་ཁ་ཅིག །ལྟ་བ་ངོས་འཛིན་པ་ན། རང་གི་མ་རིག་པས་ཇི་ལྟར་སྒྲོ་བཏགས་པའི་འཛིན་སྟངས་སུན་ཕྱུང་བའི་སྒོནས། དེའི་ཟློག་ཕྱོགས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་ནས་སྟོང་ཉིད་སྒོམ་དགོས་པ་དང་། ལྟ་བ་དྲན་ནས་དེའི་སྟེང་དུ་བཞག་པ་ཙམ་ཞིག་ལ་དོགས་པའང་ཞི་གནས་སྐྱོང་ཚུལ་ཉིད་དུ་ཟད་པས་ཡང་ཡང་དཔྱད་ནས་ངེས་ཤེས་ཤུགས་ཅན་བསྐྱེད་དགོས་པ་དང་། ཆོས་ཉིད་ཀྱི་དོན་ལ་བློས་གང་བཟུང་བ་ཐམས་ཅད་བདེན་ཞེན་གྱི་མཚན་འཛིན་པ་དང་། སོ་སོར་རྟོག་པ་དང་བྲལ་བའི་མི་རྟོག་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དུ་འགྱུར་བ་སོགས་འཆད་ལ། དེའི་རྗེས་འབྲང་ཁ་ཅིག །གཟུང་འཛིན་གྱི་ཆོས་ཐམས་ཅད་དབུ་མའི་རིགས་པས་དཔྱད་ཅིང་གཞིག་པ་ན། ཐམས་ཅད་བདེན་པས་སྟོང་པ་བདག་མེད་ཀྱི་དོན་དང་། དེ་ལ་བློ་ཁ་ཕྱོགས་ནས་བདག་མེད་དམ་བདེན་སྟོང་གི་འཛིན་སྟངས་ཤུགས་དྲག་བསྐྱེད་པ་ལྟ་བའི་ངེས་ཤེས་དང་། དེ་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་མཉམ་པར་འཇོག་པ་ཡང་དག་པའི་ལྟ་

p. 418

སྒོམ་དུ་བྱེད་ཅིང་ཚུལ་གཞན་ཐམས་ཅད་སྔ་མ་དང་འདྲ་བར་སྨྲའོ། །འདི་དག་ལ་དཔྱད་པར་བྱ་སྟེ། སྔ་མར་བཤད་པའི་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཀྱི་སྟེང་དུ་ངེས་པ་ཤུགས་དྲག་བསྐྱེད་པའི་ངེས་པ་དེ། རང་བཞིན་མེད་དོ་སྙམ་པའམ་རང་བཞིན་གྱིས་མ་གྲུབ་བོ་སྙམ་པའི་ཞེན་འཛིན་ལས་མ་འདས་པས། དེ་ལྟརན་འདོད་པ་ཕྱི་མ་དང་འདྲ་བར་མངོན་ལ། ཕྱི་མར་ཆོས་ཐམས་ཅད་བདག་མེད་པའམ་བདེན་པས་སྟོང་པའི་འཛིན་སྟངས་དེ། བདག་མེད་དམ་བདེན་མེད་དུ་འཛིན་པ་ཞིག་ལས་མ་འདས་ཤིང་། དེ་ཇི་ལྟར་ཤུགས་དྲག་པ་དེས་འཛིན་པ་ཇེ་ཆེར་བསྐྱེད་པར་འགྱུར་བས། བདག་འཛིན་བཀག་ཀྱང་བདག་མེད་དུ་འཛིན་པའམ་དེར་བལྟ་བ་དང་། བདེན་འཛིན་བཀག་ཀྱང་བདེན་མེད་དུ་འཛིན་པའམ་དེར་བལྟ་བར་སྣང་བས། དེ་ནི་ཤིན་ཏུ་སྐྱོན་ཆེ་བར་བཤད་དེ། སྒོམ་རིམ་དུ། ཆོས་ཐམས་ཅད་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཞེས་སོགས་བཤད་པ་དང་དངོས་སུ་འགལ་ཞིང་། རྩ་ཤེས་ལས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་

p. 419

མེད་པར་གསུངས། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །ཞེས་སོགས་དང་། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་དང་། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་དུ། །སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པ་གང་སྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་པ་རྣམས་ཀྱི་ཕྱོགས་སྔ་མར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྩ་ཤེར། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པའི་འགྲེལ་པ་ཚིག་གསལ་དུ། རེ་ཞིག་གལ་ཏེ་ཐམས་ཅད་སྟོང་པ་སྟེ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་རྟོག་པ་དེའི་ཚེ་འདི་ལོག་པར་ལྟ་བར་འགྱུར་ཏེ། ཞེས་པ་ལྟར་འགྱུར་བ་ལ་ཉེ་ཞིང་། ཅིས་ཀྱང་ཞེན་འཛིན་བྱེད་ན་ཡོད་པའི་ཕྱོགས་ཅུང་ཟད་ལེགས་པ་ཡིན་ཏེ། རྩ་ཤེས་ལས། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །

p. 420

བྱེད་པ་པོ་ནི་ངན་འགྲོར་འགྲོ། །ཞེས་སོ། །གཞན་ཡང་ལྟ་བ་དྲནནས་དེའི་སྟེང་དུ་བཞག་ན་ཞི་གནས་ཙམ་དུ་འགྱུར་བའང་མི་འཐད་དེ། ཞི་ལྷག་གཉིས་མ་ཚང་ན་ལྟ་བ་དེ་ལྟ་ཐ་ཡང་དག་མིན་ལ། ཚང་ན་དེའི་ཐོག་ཏུ་བཞག་པ་ལ་ལྷག་མཐོང་ཚང་བའི་ཕྱིར་དང་། ལྷག་མཐོང་ཐམས་ཅད་རྟོག་པར་འདོད་ཅིང་ཞི་གནས་ཐམས་ཅད་མི་རྟོག་པར་འདོད་ན། ག་པ་དང་མི་རྟོག་པའི་གཞི་མཐུན་མི་སྲིད་པས་ཁྱེད་ལ་ཞི་ལྷག་ཟུང་འཇུག་གི་སེམས་རྩེ་གཅིག་པའང་མི་སྲིད་པར་འགྱུར་ཞིང་། མདོ་དགོངས་འགྲེལ་གྱི་འགྲེལ་པར། ཞི་ལྷག་ཟུང་འབྲེལ་འཆད་པའི་སྐབས་སུ་སློབ་དཔོན་ཡེ་ཤེས་སྙིང་པོས། ཞི་གནས་ཀྱི་ལམ་ནི་ལྷག་མཐོང་གི་དམིགས་པའི་སེམས་ཁོ་ན་ལ་དམིགས་པས། དམིགས་པར་བྱ་ཐ་དང་དམིགས་པར་བྱེད་པ་གཉིས་ཀ་སེམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐ་དད་པ་མ་ཡིན་པ་ཉིད་དོ། །ཞེས་པའང་མི་འཐད་པར་འགྱུར་རོ། །དེ་ཁོ་ན་ཉིད་ལ་ཞུགས་པའི་ཚེ་ཡང་ཡང་དཔྱད་ནས་སྟོང་འཛིན་ནམ་མེད་འཛིན་བསྐྱེད་པའང་རྒྱ་བོད་ཀྱི་ངེས་དོན་སྨྲ་བ་གཞན་སུའང་མི་བཞེད་ཅིང་མི་འཐད་དོ། །ཆོས་དབྱིངས་བསྟོད་པར། ཡིད་གཙོར་གྱུར་

p. 421

པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམས་སྤངས་ནས། །ཆོས་རྣམས་རང་བཞིན་མེད་ཉིད་ལས། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། ཞེས་དང་། བྲམ་ཟེ་ཆེན་པོས། མཐའ་ཡིས་མ་གོས་དྲི་མ་མེད་པའི་སྙིང་པོ་ནི། །རང་བཞིན་གདོདནས་དག་པས་ཀུན་གྱིས་དཔྱད་བྱ་མིན། །གལ་ཏེ་དཔྱད་ན་དུག་སྦྲུལ་བཙེས་པ་ཁོ་ནར་ཟད། །ཅེས་སོགས་ལུང་མང་པོ་དང་འགལ་བ་དང་། སྒྲ་དོན་ཅན་གྱི་རྟོག་དཔྱོད་ནི་འཁྲུལ་ཤེས་ཀུན་རྫོབ་པའི་བློ་ཡིན་ལ། དེས་དོན་དམ་པ་ལ་དཔྱོད་པ་བཀག་པའི་ཕྱིར་ཏེ། ཞི་བ་ལྷས་ཀྱིས། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་དུ་འདོད། །ཅེས་སོ། །ཆོས་ཉིད་ཀྱི་དོན་ལ་བློས་གཟུང་བ་མཚན་འཛིན་དུ་མི་འགྱུར་བའང་མི་འཐད་དེ། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཤེར་ཕྱིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་རྟག་མི་རྟག་དང་སྟོང་མི་སྟོང་དང་བདག་ཡོད་མེད་གང་དུ་སྤྱོད་ཀྱང་མཚན་མ་ལ་སྤྱོད་པའི་ཕྱིར་དང་། བྲམ་ཟེ་ཆེན་པོས།

p. 422

གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་གབ་པ་གཅེས་པར་བྱས་ནནི། །ཏིལ་གྱི་ཤུན་པ་ལྟ་བུའི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བྱེད་པར་ཟད། །ཅེས་དང་། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །སོ་སོར་རྟོག་པ་དང་བྲལ་བའི་མི་རྟོག་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དང་མཐུན་པར་སྨྲ་བའང་ཤིན་ཏུ་ཐལ་ཆེས་ཏེ། བྱང་ཆུབ་སེམས་འགྲེལ་དུ། རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་དུ་རྣམ་རྟོག་སྣང་གྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །ཅེས་དང་། དབུ་མ་འཇུག་པར། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་དང་། ཇོ་བོ་རྗེའི་དབུ་མའི་མན་ངག་གི་བཞག་ཐབས་ཀྱི་སྐབས་སུ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། ཞེས་སོགས་རྣམ་པར་མི་རྟོག་པར་འཇོག་པར་བཤད་པ་ཐམས་ཅད་ཧྭ་ཤང་གི་སྒོམ་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་ཐམས་ཅད་བདེན་སྟོང་དུ་འཛིན་པའི་ཤེས་རབ་དེ་བྱམས་ཆོས་ཀྱི་སྐོར་ནས་རྟག་འཛིན་རྟོག་པར་བཤད་ཅིང་།

p. 423

དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྤང་བྱར་བཤད་པས་ཡང་དག་པའི་ལྟ་བར་མི་རུང་ཞིང་། དེ་ཞི་གནས་ཀྱི་རྟ་ལ་བསྐྱོན་ཀྱང་ཡང་དག་པའི་ལྟ་སྒོམ་དུ་མི་འགྱུར་བའི་ཕྱིར་དང་། ཁྱེད་རང་ལྟར་ན་ཞི་གནས་ཡིནན་མི་རྟོག་པ་ཡིན་དགོས་པ་དང་། རྟོག་པ་དང་བྲལ་ན་ལྷག་མཐོང་འཆོར་བར་སྣང་བས། རྟ་པ་བསྐྱོན་རྒྱུ་གཉིས་ཤིན་ཏུ་འགལ་བར་འགྱུར་བའི་ཕྱིར་དང་། སོ་སོར་རྟོག་པས་དཔྱད་པའི་མཐར་སོ་སོར་རྟོག་པ་ཉིད་ཀྱང་རང་ཞི་བར་བཤད་པས་དེའི་ཚེ་ཡང་ལྷག་མཐོང་འཆོར་བ་དང་ཧྭ་ཤང་གི་སྒོམ་དུ་འགྱུར་བ་སོགས་ལུང་རིགས་ཀྱི་དཔྱད་པ་དུ་མ་ཞིག་འཇུག་པར་སྣང་ཡང་མང་བའི་འཇིགས་པས་མ་སྤྲོས་སོ། །གཉིས་པ་རང་ལུགས་བཞག་པ་ནི། སྔར་ལྷག་མཐོང་གི་སྐབས་སུ་ལྟ་བ་ངོས་བཟུང་ནས་སྐྱོང་ཚུལ་བཤད་པ་དང་། དོགས་གཅོད་རིམ་པར་བརྗོད་པའི་ལུང་རིགས་རྣམས་ཀྱིས་ཤེས་པར་ནུས་ལ། འདིར་ཡང་ཅུང་ཟད་བཤད་པར་བྱ་སྟེ། སྟོང་ཉིད་ཀྱི་ལྟ་བ་མངོན་སུམ་དུ་རྟོགས་པ་ནི་འཕགས་པའི་ས་ཐོབ་པ་ནས་འབྱུང་བར་བཤད་པས། སྐབས་འདིར་ནི་སོ་སྐྱེའི་སྤྱོད་ཡུལ་དུ་གྱུར་པའི་ལྟ་བ་

p. 424

གཏན་ལ་འབེབ་པ་ཡིན་ནོ། །དེ་ཡང་གོང་དུ་བཤད་པའི་དཔྱད་སྒོམ་དང་འཇོག་སྒོམ་གྱི་ཕྱོགས་གང་ལ་བརྟེན་ཡང་སྟོང་ཉིད་ཀྱི་ལྟ་བ་རྙེད་པནི་ཅི་ནས་ཀྱང་གལ་ཆེ་སྟེ། དེ་མ་རྙེད་པའི་ལྟ་སྒོམ་ནི་ཇི་ལྟར་བཟང་ཡང་སྲིད་པའི་རྩ་བ་གཅོད་མི་ནུས་པར་མདོ་ལས་གསུངས་པ་ལྟར། བྱང་ཆུབ་སེམས་འགྲེལ་དུ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བསྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་སོ། །ལྟ་བ་དེ་ཡང་ཕྱིན་ཅི་མ་ལོག་པ་ཞིག་མ་རྙེད་ན་གཏན་མི་རུང་སྟེ། ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། དེ་ལྟར་ལྟ་བ་མ་ནོར་བས། །སྒོམ་པ་དང་ནི་སྤྱོད་པ་དག །དངོས་དང་མཐུན་པས་བྱང་ཆུབ་ཐོབ། །དཀྱུ་ས་བསྟན་པའི་རྟ་བཞིན་ནོ། །ལྟ་བ་དངོས་སུ་མ་མཐུནན། །སྒོམ་པ་སྤྱོད་པ་འཁྲུལ་འགྱུར་བས། །འབྲས་བུ་ཇི་བཞིན་མི་ཐོབ་སྟེ། །དམུས་ལོང་མིག་བུ་མེད་པ་བཞིན། །ཞེས་བཤད་པ་ལྟར་རོ། །དེ་ལྟ་བུའི་ལྟ་བ་འཚོལ་བ་དེ་འང་ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་ལྟ་བའི་གོ་ཡུལ་རྙེད་པ་ཙམ་གྱིས་མི་ཆོག་པས། གཙོ་བོར་སྒོམ་བྱུང་གི་ཤེས་རབ་ལ་བརྟེན་ནས་རང་གི་

p. 425

སེམས་ཐོག་ཏུ་ཉམས་སུ་མྱོང་ཞིང་རིག་པ་ཞིག་གལ་ཆེ་ལ། དེ་ཡང་སྒོམ་རིམ་གྱིས་མཐར་ཐུག་སེམས་ལ་དམིགས་ནས་སྒྲུབ་དགོས་པར་མདོ་སྔགས་མན་ངག་དང་བཅས་པར་གསུངས་ཏེ། གསང་འདུས་ལས། རང་གི་སེམས་ནི་བརྟགས་པ་ན། །ཆོས་ཀུན་རང་གི་སེམས་ལ་གནས། །ཆོས་འདི་ནམ་མཁའི་རྡོ་རྗེར་གནས། །ཆོས་དང་ཆོས་ཉིད་མེད་པ་འོ། །ཞེས་དང་། གུར་ལས། རིན་ཆེན་སེམས་ཀྱིས་བསྐལ་པ་ལས། སེམས་ཉིད་བསྒོམས་པས་སངས་རྒྱས་ཏེ། །ཞེས་སོགས་དང་། ལང་གཤེགས་ལས། སེམས་ཙམ་ལ་ནི་བརྟེནནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་བ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པརནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་སོགས་དང་། བྲམ་ཟེ་ཆེན་པོས། སེམས་བཅིངས་ན་ནི་

p. 426

འཆིང་འགྱུར་ཏེ། །དེ་ཉིད་གྲོལ་ན་ཐེ་ཚོམ་མེད། །ཅེས་སོ། །རྒྱུ་མཚན་དེ་ལ་བརྟེནནས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་སྲོལ་དབུ་མའི་སྒོམ་རིམ་དང་ཤེར་ཕྱིན་གྱི་མན་ངག་གཉིས་ཀར་མདོ་ལང་གཤེགས་སུ་གསུངས་པའི་དོན་བཀྲལ་ནས། སེམས་ཙམ་ལ་དམིགས་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། སྣང་མེད་ལ་དམིགས་པའི་རྣལ་འབྱོར་རྣམས་བཤད་པ་ཡིན་ནོ། །དེ་ལྟར་མདོ་སྔགས་མན་ངག་དང་བཅས་པའི་སྒོམ་རིམ་གང་ཡིན་ཡང་དང་པོར་ལྟ་བ་འཚོལ་བའི་ཚེ་སོ་སོར་རྟོག་པའི་ཤེས་རབ་མེད་དུ་མི་རུང་སྟེ། སྒོམ་རིམ་ཐ་མར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པའི་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་མེད་ན་དེ་དག་གི་སྟོང་པ་ཉིད་རྟོགས་པར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་དང་པོར་སོ་སོར་རྟོག་པ་དགོས་པའི་རྒྱུ་མཚན་མང་དུ་བཤད་དོ། །འོན་ཀྱང་སོ་སོར་རྟོག་པས་དཔྱད་པན་མཐར་སོ་སོར་རྟོག་པ་ཉིད་ཀྱང་ཞི་ནས་མི་རྟོག་པ་འདྲེན་པ་ཞིག་དགོས་ཏེ། འོད་སྲུངས་ཀྱིས་ཞུས་པར། འོད་སྲུངས་འདི་ལྟ་སྟེ་དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ་བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་

p. 427

དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པའི་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་དང་། སྒོམ་རིམ་བར་པར། འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན། གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱི་བཀའ་བསྩལ་ཏོ། །ཞེས་སོ། དཔྱོད་པ་དེ་ཡང་སྒྲ་དོན་ཅན་གྱི་རྟོག་དཔྱོད་ཁོན་མ་ཡིན་པར་མཉམ་གཞག་གི་ངང་ནས་དཔྱོད་དགོས་ཏེ། མདོ་ལས། མཉམ་པར་བཞགན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་དང་། སྒོམ་རིམ་དུ། ཞི་གནས་ཀྱི་དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། ཞེས་སོ། །དེ་ལྟར་དཔྱད་པས་དཔྱོད་བྱེད་ཀྱི་སོ་སོར་རྟོག་པ་ཉིད་ཀྱང་རང་ཞི་ནས་ཅིའི་ངོ་བོར་ཡང་མ་གྲུབ་པའི་མི་རྟོག་པར་གྱུར་པ་ནི་སྐབས་འདིའི་ལྟ་བ་དངོས་གཞི་ཡིན་ཏེ། མདོ་ལས། ཆོས་ཐམས་ཅད་མཐོང་བ་མེད་པ་གང་

p. 428

ཡིན་པ་དེ་ནི་ཡང་དག་པར་མཐོང་བའོ། །ཞེས་དང་། སྒོམ་རིམ་དུ། དོན་དམ་པར་མཐོང་བ་གང་ཞེ་ན་ཆོས་ཐམས་ཅད་མཐོང་བ་མེད་པ་གང་ཡིན་པའོ། །ཞེས་སོ། །དེ་ནས་སྐབས་དེར་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན་གཟུང་འཛིན་གྱི་དྲན་པ་དང་ཡིད་ལ་བྱེད་པ་མེད་པར་སེམས་སྤྲོས་བྲལ་དུ་འཇོག་པ་ཡིན་ཏེ། མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པས། །མིང་དུ་མི་ཐོགས་ཉམས་མྱོང་འཆར། །ཏིང་ངེ་འཛིན་ཞེས་དེ་ལ་བྱ། །ཞེས་སོགས་དང་། ཇོ་བོ་རྗེས། ཆོས་དབྱིངས་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག །ཅེས་དང་། ཆོས་དབྱིངས་མཐའ་དང་དབུས་མེད་པར། །བློ་མིག་ཞིབ་མོས་རྟོག་བྲལ་བར། །བྱིང་རྒོད་རབ་རིབ་མེད་པར་བལྟ། །ཞེས་པའི་དོན་ཏོ། །ཚུལ་འདི་དག་ཇོ་བོའི་དབུ་མའི་མན་ངག་ལས། འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་

p. 429

མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པའི་རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིག་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ནི་དངོས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན་སོ་སོར་རྟོག་པའི་ཤེས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེརན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ་རྣམ་པར་རྟོག་པའི་དགྲ་འམ་ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་

p. 430

བྱའོ། །ཞེས་བཤད་པ་གོ་བདེ་ཡང་ཅུང་ཟད་བཀྲོལ་ན། ཐོག་མར་ལྟ་བ་འཚོལ་བའི་ཚེ་གཟུང་འཛིན་གྱི་ཆོས་ཐམས་ཅད་སེམས་སུ་བརྟགས་ལ། སེམས་ཀྱང་དུས་གསུམ་གྱི་སྒོནས་སམ། གཅིག་དུ་བྲལ་ལམ། སྐྱེ་འགག་གནས་བྲལ་ལམ། རང་བཞིན་གྱི་འོད་གསལ་བ་སོགས་རིགས་པའི་སྒྲོ་ཅི་རིགས་པས་བརྟག་ཅིང་གཞིག་ནས་ངོ་བོ་ཉིད་དུ་མ་གྲུབ་པར་བརྟགས་ཏེ། དེ་ལྟར་གཟུང་འཛིན་གཉིས་དངོས་པོ་གང་དུའང་མ་གྲུབ་ཅིང་མེད་ཙམ་ན། རྟོག་བྱེད་ཀྱི་སོ་སོར་རྟོག་པ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་དྲུད་པའི་མེས་ཤིང་བསྲེགས་ནས་མེ་ཡང་རང་ཞི་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་དེ་ཡང་སྣང་མེད་འོད་གསལ་ཅིར་ཡང་མ་གྲུབ་པར་འགྱུར་ཏེ། དེ་ལྟ་བུའི་ལྟ་བ་རྙེད་པ་དེའི་ཚེ་བྱིང་རྒོད་སོགས་ཀྱི་སྐྱོན་བསལ་ལ། སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན་པར། གཟུང་འཛིན་གྱི་བློའི་དྲན་པ་དང་ཡིད་བྱེད་ཐམས་ཅད་སྤངས་ཏེ། ཇི་སྲིད་མཚན་འཛིན་ནམ་རྣམ་རྟོག་གི་སྐྱོན་མ་ལངས་ཀྱི་བར་དེ་སྲིད་དུ་དེ་ལྟ་བུ་ལ་སེམས་གནས་པར་བྱེད་དགོས་པར་བསྙོན་མེད་པར་བསྟན་ལ། སྒོམ་རིམ་དུ་ཡང་། ཆོས་

p. 431

ཐམས་ཅད་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ། ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་པ་མེད་པར་བསྒོམ་པར་བྱའོ། །ཞེས་གོང་བཞིན་དུ་བསྟན་ཏེ། དེ་ལྟར་ན་ལྟ་བ་སྐྱོང་བའི་ཚེ་དཔྱད་སྟོང་གི་ངེས་ཤེས་སམ། རང་བཞིན་མེད་པའི་ངེས་ཤེས་སམ། བདག་མེད་པའི་ངེས་ཤེས་རྣམས་ཤུགས་དྲག་པ་ཞི་གནས་ལ་བརྟེནནས་སྐྱོང་བར་འདོད་པ་རྣམས་ལུང་དོན་དེ་དག་ལ་ལེགས་པར་སོམ་དང་ལྟ་བའི་ངེས་པ་རྙེད་པར་འགྱུར་རོ། །དེར་མ་ཟད་གཞན་ཡང་ལྟ་བ་རྙེད་ནས་རྟོག་མེད་སྒོམ་པར་བཤད་པའི་ཚུལ་ཤིན་ཏུ་མང་སྟེ། ཏིང་འཛིན་རྒྱལ་པོ་ལས། མཁས་པ་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་བ་ཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རྟག་ཏུ་ཤེས། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་སྒོམ་རིམ་དུ་དྲངས་པ་ལས། སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་

p. 432

བཙལ་ན་སྟོང་པར་རྟོགས་ཏེ། དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ །ཞེས་དང་། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་གོ །ཞེས་དང་། སྒོམ་རིམ་བར་པ་ལས། དེ་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་གང་གི་ཚེ་རྣལ་འབྱོར་བས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཞེས་དང་། ཀ་མ་ལ་ཤཱི་ལས་མཛད་པའི་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་འགྲེལ་བར་ཡང་། དཔྱད་པའི་མཐར་མི་རྟོག་པ་ལ་འཇོག་དགོས་པ་ཁོ་ན་བཤད་ལ། བྱང་ཆུབ་ལམ་སྒྲོན་ལས་ཀྱང་། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་རྐྱེན་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །ཞེས་སོ། །དེ་དག་གིས་ལྟ་སྒོམ་གྱི་དོགས་གཅོད་བཤད་ཟིན་ཏེ། ཞེས་གསུངས། མཇུག་ན་འདིར་སྨྲས་པ། སྐལ་བཟང་ཐར་འདོད་བསྟན་ལ་འཇུག་པའི་སྒོ། །ཚུལ་གནས་ཐོས་བསམ་སྒོམ་ཞེས་མཁས་ལ་གྲགས། །འོན་ཀྱང་སྲིད་པ་རྩད་ནས་གཅོད་པའི་

p. 433

ཐབས། །མཐར་ཐུག་ངེས་དོན་སྒོམ་པ་མཆོག་ཏུ་བསྔགས། །སྟོང་ཉིད་སྒོམ་ལ་དཔྱད་སྟོང་མེད་དགག་དང་། །རྒྱས་འདེབ་བེམ་པོའི་སྟོང་པ་ལ་སོགས་པ། །ཕལ་ཆེར་དཔལ་ལྡན་དུས་ཀྱི་འཁོར་ལོར་བཀག །འགའ་ཞིག་གྲུབ་སྙིང་གཞུང་གི་ཕྱོགས་སྔར་གྱུར། །རྣམ་ཀུན་མཆོག་གི་སྟོང་ཉིད་སྒོམ་ཚུལ་ལ། །འཕགས་ཡུལ་བྲམ་ཟེ་ཆེན་པོའི་རྗེས་འབྲང་དང་། །གངས་ཅན་འདི་ན་དྭགས་པོའི་བཀའ་བརྒྱུད་ཅེས། །མཁས་གྲུབ་གཟུར་གནས་རྣམས་ཀྱིས་བསྟོད་ཅིང་བསྔགས། །ཞེས་པ་ལ་སོགས་པའི་ཚིགས་བཅད་མང་པོ་སྣང་བ་འདིར་མ་སྤྲོས་སོ། །ཀུན་མཁྱེན་འབྲུག་པ་པདྨ་དཀར་པོས་མཛད་པའི་ཀླན་ཀ་འཇོམས་པའི་གཏམ་ཞེས་བྱ་བ་ལས། གང་གསུང་བདུད་རྩིའི་ཆ་ཤས་རེ་རེས་ཀྱང་། །ལོག་རྟོག་མུན་པའི་ཁེངས་འཇོམས་ངེས་དོན་གྱི། ཀུ་མུད་འབྱེད་པའི་འཇམ་མགོན་བསིལ་ཟེར་ཅན། །དད་པའི་ཡིད་མཁར་རོལ་དེར་ཕྱག་འཚལ་ལོ། །དཔྱོད་ལྡན་ཡོན་པོའི་ངག་གི་རྗེས་ཞུགས་འགའ། །སོམ་ཉིས་རྒྱལ་བའི་གཞུང་ལམ་འདི་སྤངས་ནས། །ཚུལ་མིན་མྱ་ངམ་ལམ་འཁྱམས་དུབ་པ་དག །

p. 434

སྙིང་རྗེའི་གཞན་དབང་སོང་བས་སླར་འདིར་ཁྲིད། །དེང་སང་འགའ་ཞིག་ན་རེ། ཁྱོད་ཀྱི་ཕྱག་རྒྱ་ཆེན་པོ་དང་རྒྱནག་ལུགས་ཀྱི་རྫོགས་ཆེན་གཉིས་ཡས་འཛེག་དང་མས་འཛེག་མིང་འདོག་ཕྱོགས་བསྒྱུར་བ་མ་གཏོགས་ཁྱད་མེད་དོ་ཞེས་གྲག་གོ །དཔྱད་ཀྱི། ཁོ་བོ་ཅག་ལྟ་བ་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པ་ནི་གནས་ལུགས་མངོན་སུམ་དུ་རྟོགས་པ་ཁོ་ན་ལ་རག་ལས་ཏེ། གཞན་ངག་གི་ལམ་ལས་འདས་ཤིང་། ཡིད་ཀྱི་སྤྱོད་པའི་ཡུལ་དུ་ནམ་ཡང་མ་གྱུར་པས་སོ། །དེ་ལྟར་མངོན་སུམ་དུ་རྟོགས་པའི་དོན་དེ་ཉིད་ཇི་ལྟ་བ་བརྗོད་པ་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཚིག་གིས་ཕོངས་པར་གྱུར་པ་ཉིད་དོན་ལ་གནས་པས། ཐ་སྙད་རྣམ་པར་འཇོག་པའི་ཚེ་ཁས་ལེན་དང་བྲལ་ལོ་ཞེས་སྨྲས་སོ། །དེ་ལས་གཞན་དུ་ལྟ་བའི་རྣམ་བཞག་བཤད་པ་ཐམས་ཅད་བློས་བཏགས་ནས་བཞག་པའི་ཕྱིར། རིགས་པས་དཔྱད་བཟོད་པ་མ་ཡིནནོ། །དེ་ཙམ་གྱིས་ཧྭ་ཤང་དང་ཁྱད་པར་མེད་པར་འགྱུར་ན། སློབ་དཔོན་འཕགས་པ་ཡབ་སྲས་ཀྱིས། ལྟ་བ་ཀུན་བཟློག་ལ་ཞུགས་པའི་དུས་སུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་

p. 435

པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། །གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དེ་ཉིད་གསུངས་པས། དེ་ཡང་ཧྭ་ཤང་དང་ཁྱད་པར་མེད་པར་འགྱུར་རོ། །དེ་ལྟར་ན་ལུགས་འདི་འཛིན་པའི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྒྱའི་ཧྭ་ཤང་ཅི་ལ་རྩོད། ཁྱོད་ཀྱིས་བསམ་པར་བྱ་དགོས་སོ། །སློབ་དཔོན་ཡབ་སྲས་དོན་དམ་དཔྱོད་པའི་རིགས་ངོར་དེ་སྐད་གསུངས་ལ། ཁྱོད་ལ་རིགས་པས་དཔྱད་པ་མེད་པས་མི་མཐུན་ནོ་སྙམ་ན། དེ་ཡང་ག་ལ་ཡིན། སློབ་དཔོན་ཡང་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་དེ་སྐད་གསུངས། ངེད་ཀྱང་དོན་དམ་གཏན་ལ་འབེབ་པའི་ཚེ་དེ་སྐད་སྨྲ་བས་ཇི་ལྟར་མི་མཐུན། དོན་དམ་དཔྱོད་པའི་རིགས་པ་ཡང་། དོན་དམ་གཏན་ལ་འབེབ་པའི་ཚུལ་ཉིད་ཡིན་པས། དེ་གཉིས་ལ་བྱེ་བྲག་

p. 436

ཅི་ཡོད། ཁྱོད་ཁོན་དེ་ལྟར་སྨྲ་བས་སྐྱོན་མེད་དུ་ཆུག་ཀྱང་། གོང་མ་རྣམས་ཀྱིས་མ་ཡིནནོ་ཞེན། དེ་ཡང་ཅི་ལ་འཐད། རྗེ་བཙུན་མི་ལས། ལྟ་བ་གཏན་ལ་འབེབ་ཙན། རྨོངས་པ་དང་འདྲ་མ་ཡིན་པ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ལྐུག་མའམ་གཞོན་ནུའི་བདེ་བ་བཞིན། །མཚོན་པ་ཙམ་ལས་མ་རྟོགས་པ། །དེ་ཉིད་སྟོན་པར་ག་ལ་ནུས། །ཞེས་དང་། ཁ་ལྟ་དོན་དུ་ཁྱེར་བ་རྣམས། །དོན་དང་མཐུན་པར་ངས་མ་མཐོང་། །ཞེས་གསུངས་པ་མ་མཐོང་ཞིང་མ་གོ་བར་ཟད་ལ། གཞན་ལུགས་མི་ཤེས་བཞིན་དུ་སུན་འབྱིན་བྱེད་པའི་ངལ་བ་བརྟེན་དགོས་པ་ཁྱེད་ལ་རྒྱལ་པོའི་ལུང་ཞིག་བྱུང་བ་ཡིན་ནམ། ཡང་མནོ་བསམ་མཐོངས་པ་ལ་ལ། ལྟ་བ་དེ་ལྟར་ཡིན་དུ་ཆུག་ནའང་། །སྒོམ་པའི་ཚུལ་དང་སྤྱོད་པ་ལ་ཁྱད་པར་མེད་དོ་ལོ། །ཅི་ཧྭ་ཤང་གིས་ལུས་ངག་གི་དགེ་བ་ཐམས་ཅད་ཁྱད་དུ་བསད་ནས་མི་རྟོག་པ་འབའ་ཞིག་གིས་སེམས་རྟོགས་ཤིང་དེ་ཉིད་ཀྱིས་གྲོལ་བར་འདོད་ལ། ཁོ་བོ་ཅག །དང་པོ་འདུ་འཛི་དང་གཡེང་བ་ཐམས་ཅད་སྤངས་ཏེ་ཞི་གནས་སམ་སེམས་རྩེ་གཅིག་པའམ། རྣམ་པར་མི་རྟོག་པའམ། མཚན་མ་

p. 437

མེད་པ་ལ་གནས་པ་བསྒྲུབས། དེ་ལ་འབྱམས་ན་གོལ་སར་བཞག །དེ་ཙམ་ཞིག་མེད་ན་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པའི་གཞི་མི་འབྱུང་བས་མེད་མི་རུང་དུ་བྱས། དེ་ནས་སྙིང་རྗེ་ཆེན་པོ་སོགས་ཐབས་ཇི་སྙེད་པ་དང་། དེ་གཉིས་ཟུང་འབྲེལ་གྱི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཤེས་པ་བསྐྱེད། དེ་སྐྱེས་པ་དང་སེམས་ངོ་འཕྲོད། ཟབ་མོའི་ཤེས་རབ་དེས་སྤང་བྱ་མཐའ་དག་སྤོང་ཞིང་། དེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བསྒྲུབ་པར་བཤད་པས་ཁྱད་པར་མེད་པར་ཇི་ལྟར་འགྱུར། མ་གྱུར་ཀྱང་ཁྱད་མེད་པར་གྱུར་ན་སྙམ་ན། ཁྱེད་ཀྱི་རེ་བ་རྫོགས་པར་གྱུར་ཅིག་ཅེས་ཁོ་བོ་ཅག་གིས་ཀྱང་སྨོན་ལམ་འདེབས་རོགས་བྱའོ། །ཚུལ་དེ་ཉིད་མདོ་ལས་མ་བཤད་པ་མ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། མཁས་པས་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་བཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །ཞེས་དང་། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཏེ། །ཁམས་གསུམ་མ་

p. 438

ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་རབ་ཏུ་སྟོན། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ན་བླ་མེད་ཐེག་པ་ནི། །འདུས་མ་བྱས་པ་དེ་ཐོབ་བོ། །ཞེས་གསུངས། དེ་བསན། མདོ་རྒྱུད་གང་ནས་ཀྱང་མ་བཤད་པའི་རྒྱ་མཚན་ཅི་ཞིག་ཡོད། ཁྱོད་ཀྱིས་མི་རྟོག་པ་བསྒྲུབ་པའི་ཚེ། འདས་པ་མི་མནོ། མ་འོངས་པ་མི་བསམ། ད་ལྟ་བ་མི་དཔྱད། ཆེད་དུ་ཅི་ཡང་མི་བསྒོམ། སྟོང་པ་ཉིད་ཙམ་དུ་ཡང་མི་སེམས། སེམས་རང་བབས་སུ་བཞག་གོ་ཞེས་སྨྲས་པ་དང་། ཧྭ་ཤང་གིས་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས། རྣམ་པར་མི་རྟོག་པ་བསྒོམས་ནས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ། ཁྱུང་ནམ་མཁའ་ལས་ཤིང་རྩེར་འབབ་པ་ལྟར་ཡས་བབས་ཀྱི་ཆོས་ཡིན་པས་དཀར་པོ་ཆིག་ཐུབ་ཡིན་ནོ། །ཟེར་བ་ཁྱད་པར་མེད་དོ་སྙམ་ན། མཚན་མ་མེད་པའི་ཞི་གནས་བསྒོམ་ཚད་བྱ་བྱེད་ཐམས་ཅད་སྤོང་བས་ཚིག་ཙམ་ལ་ཁྱོད་རྩོད་པ་ཞིག་སྟེ། དེ་ལྟ་ན། ཇོ་བོ་རྗེའི་དབུ་མའི་མན་ངག་

p. 439

ཏུ། ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་བཤད་པས། དེ་ཡང་ཧྭ་ཤང་དང་ཁྱད་མེད་དུ་འགྱུར་བས། ཁྱོད་ཉིད་ཀྱང་ཧྭ་ཤང་གི་ལུགས་འཛིན་པར་འགྱུར་ཏེ། ཇོ་བོའི་རྗེས་འཇུག་ཏུ་གཏན་ཚིགས་མེད་ཀྱང་ཨུ་ཚུགས་ཀྱིས་ཁས་ལེན་པས་སོ། །གཞན་ཡང་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་ཟབ་མོའི་མཚན་མ་མེད་པའི་རྣལ་འབྱོར་གྱི་སྒོམ་རིམ་ཐམས་ཅད་དང་། ཞི་ལྷག་གི་ལམ་མཚན་ཉིད་པ་སྟོན་པའི་མདོའི་སྒོམ་རིམ་ཐམས་ཅད་ཀྱང་ཧྭ་ཤང་གི་དང་ཁྱད་པར་མེད་པར་འགྱུར་ལ། དེ་ལྟ་ན། འཇིག་རྟེན་པ་འགའ་ཞིག་དང་། སྒོམ་ལ་ཞེ་འགྲས་པ་རེ་གཉིས་ལས། ཧྭ་ཤང་གི་གྲུབ་མཐའ་མི་འཛིན་པ་སུ་ཡང་རྙེད་པར་མི་འགྱུར་རོ། །དོན་ལ་རྩོད་དོ་ཞེ་ན། ཧྭ་ཤང་གིས་ལུས་ངག་གི་བྱ་བྱེད་གཏན་དུ་སྤོང་བ་ཡིན་ལ། ངེད་ཅག་ནི་ཞི་གནས་བསྐྱེད་པ་དང་། སྐྱེས་ནས་གོམས་པའི་བར་དུ་སྟེ། དུས་ཐམས་ཅད་དུནི་མ་ཡིན་ནོ། །དེ་ཡང་། ཐོག་མར་ཞི་གནས་བཙལ་བྱ་དེ་ཡངནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་དང་།

p. 440

དྲི་མ་མེད་པའི་འོད་ལས་ཀྱང་། སོམ་ཉི་འགྱོད་པ་དག་དང་གཉིད་དང་ནི། །ལེ་ལོ་རྒོད་པའི་ཆོམ་རྐུན་འདི་རྣམས་ཀྱིས། །གཉེན་འདུན་འཐིབས་པོའི་ནང་དུ་ཞུགས་པ་ཡིས། །ལམ་བཟང་རིན་ཆེན་འདི་ནི་འཕྲོག་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །ཞི་གནས་དེ་ཉིད་ཚུལ་བཞིན་ཡིད་ལ་བྱེད་པ་ཡིན་ཏེ། དེས་ན་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་གསུངས་པས། ལུང་མ་བསྟན་ཡིན་ནོ་སྙམ་པ་ལྟར་དུ་ཡང་ཇི་ལྟར་འགྱུར། ཡང་འགའ་ཞིག །འཇིག་རྟེན་པ་དག་སྟོང་ཉིད་བསྒོམས་ན་ཡང་། །དེ་ཡིས་དངོས་པོར་འཛིན་པ་བཟློག་མི་ནུས། །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་གསུངས། བདག་མེད་མ་རྟོགས་ན་དངོས་པོར་འཛིན་པ་འཇིག་མི་ནུས་པས། སྟོང་ཉིད་བསྒོམ་པ་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་ནོ། །ཟེར་མོད། འོ་ན་སློབ་དཔོན་ས་ར་ཧས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམས་པས་ཀྱང་། །འཁོར་བ་འདིར་གནས་ཐར་པ་ཐོབ་བམ་ཅི། །ཞེས་པས། བདག་མེད་གཉིས་མ་རྟོགས་ན་

p. 441

དངོས་པོར་འཛིན་པ་འཇིག་མི་ནུས་པས། སྙིང་རྗེ་བསྒོམ་པ་ཡང་འཁོར་བ་ངན་སོང་གི་རྒྱུ་ཡིན་ནོ། །ཞེས་ཟེར་དགོས་པར་འགྱུར་ལ། བདག་མེད་གཉིས་མ་རྟོགས་པར་སྟོང་པ་ཉིད་བསྒོམ་པ་འཁྲུལ་པ་ཡིན་པས་སྟོང་པ་ཉིད་མི་བསྒོམ་པ་བཞིན་དུ། སྙིང་རྗེ་ཡང་མཚུངས་པས། སྙིང་རྗེ་ཡང་མི་བསྒོམ་མམ། དེ་ལྟ་ན་ཐབས་སྙིང་རྗེ་དང་། ཤེས་རབ་སྟོང་ཉིད་དང་བྲལ་བའི་བདག་མེད་མ་རྟོགས་པ་རྣམས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་དང་བྲལ་བས། དེ་དག་གིས་བདག་མེད་གཉིས་རྟོགས་པའི་དུས་མི་སྲིད་དེ། སྡུད་པ་ལས། ཇི་སྲིད་ཚོགས་གཉིས་ཡོངས་སུ་རྫོགས་པར་མ་བྱས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པས་སོ། །ཡང་ཡེ་ཤེས་གྲུབ་པ་ལས། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་འཐོབ་པར་འགྱུར། །ཞེས་བློ་མ་བཅོས་པའི་ངང་ལ་འཇོག་པའི་ཚུལ་འགའ་ཞིག་རྨོངས་པའི་སྒོམ་པར་བཤད་པའི་ཕྱིར། དེ་ཡང་རྨོངས་པའི་སྒོམ་པར་སོང་སྙམ་ནས་དགག་མོད། གཞན་བྱ་ཅི་དགོས། ཚུལ་ཁྲིམས་བསྲུང་བའི་ནང་ནས།

p. 442

འཆལ་པ་འགའ་ཞིག་བཤད་པས། ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཚུལ་ཁྲིམས་འཆལ་བར་ཡང་ཁྱོད་ཀྱིས་ཟུངས་ཤིག །གཞན་ཡང་། ཤོར་གོལ་གྱི་སྐྱོན་འཇིགས་འཇིགས་དག་གིས་བདག་ཅག་སུན་འབྱིན་པར་རློམས་ཏེ། བདག་ཀྱང་དེ་ལྟར་འདོད་པས། ཁྱོད་རང་ཅི་དགའ་བར་བྱུང་རྒྱལ་དུ་སྨྲོས་ཤིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཡིན་པས། གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་མ་ཡིན་པར་འདོད་པ་འདི་ཡང་དེང་ཕྱིན་ཆད་དོར་ཅིག །ཅིའི་ཕྱིར་ཞེ་ན། དུས་འཁོར་ནས་གསུངས་པའི་ཕྱག་རྒྱ་ཆེན་པོའི་སྒོམ་པ་སོར་སྡུད་ཀྱི་ཉིན་མཚན་གྱི་རྣལ་འབྱོར་ཉིད། ཤེར་ཕྱིན་གྱི་མདོར། གང་ནམ་མཁའ་རྣལ་འབྱོར་དུ་བྱེད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །གང་བླ་གབ་མེད་པ་རྣལ་འབྱོར་དུ་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ནོ། །ཞེས་ཚུལ་འདི་ཉིད་ཀྱིས་བསྟན་པར་འཕགས་ཡུལ་གྱི་མཁས་པ་ཆེན་པོ་དག་བཞེད་པས་སོ། །ལར་སེམས་མཉམ་པར་འཇོག་པ་ལ་དགྲ་ལྟ་ཅི་འཚལ། གསང་ཆེན་གྱི་ལམ་གཞན་ལྟ་ཞོག །སེམས་རྩེ་གཅིག་པ་

p. 443

མ་ཐོབ་ན། བསྐྱེད་རིམ་ཀྱང་འཆོལ་བར་སོངས་ནས་ནུས་པ་མི་འབྱིན་པར་བརྒྱ་སྟོང་དུ་བཤད་པ་མ་ཡིན་ནམ། ཡང་ཁོ་བོ་ཅག་གི་རྣལ་འབྱོར་བཞི་དང་། རྣམ་རྫུན་པ་མིང་ཙམ་དུ་མཐུན་ཡང་གཅིག་པར་ག་ལ་འགྱུར་ཏེ། གོང་དུ་བཤད་པ་རྣམས་ཀྱིས་གནོད་པར་མ་ངེས་སམ། ཟུང་འཇུག་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱས་པར་བཤད་པས། མདོ་ལམ་རྐྱང་པར་འདོད་པའང་འཇིག་གོ །མདོར་དངོས་བསྟན་མདོ་ཙམ་བཤད་ལ། སྔགས་སུ་སྦས་དོན་རྒྱས་པར་བཤད་པས་ལམ་རིམ་ཐ་དད་པ་ཡང་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །ཞེས་པ་དང་། རྣལ་འབྱོར་བཞི་ལ་ས་ལམ་བརྩི་བ་འགལ་ལོ། །མི་འགལ་ཏེ། དང་པོ་ནི། ཕྱག་རྒྱ་ཆེན་པོའི་ངོ་བོ་བཤད་པའི་སྐབས་ཡིན་པས། དེ་ལ་དབྱེ་བ་མེད་པའི་ཕྱིར་ས་ལམ་ཇི་ལྟར་བརྩི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་གསུངས། རྣལ་འབྱོར་བཞིར་འགྱུར་བ་གང་ཟག་གི་བློ་མཐོ་དམན་ལ་བལྟོས་ནས་བཞག་པའི་ཕྱིར་ས་ལམ་བརྩིས་པ་ལ་ཅི་སྐྱོན། འདི་ལ་

p. 444

ནང་རྟེན་འབྲེལ་གྱི་ས་ལམ་ངོ་མཚར་ཅན་མ་བཤད་པ་མི་འགྲུབ་སྟེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བས་ལུས་བཅིངས་པས་རླུང་ཟིན། རླུང་ཟིན་པས་སེམས་འཆིང་། སེམས་འཆིངས་པས་རླུང་འཆིང་། རླུང་འཆིངས་ནས་དབུ་མར་ཚུད་ཅིང་བརྟན་པའི་ཡོན་ཏན་ཐམས་ཅད་ངམ་ངམ་ཤུགས་ཀྱིས་འབྱུང་ལ། དེ་ལས་ལྷག་པ་རྩ་རླུང་གི་གདམས་ངག་རྣམས་ན་ཡང་མ་བཤད་པས། ཕྱིར་རྒོལ་བའི་སྤོབས་པ་ལན་མེད་དུ་བྱས་པ་ཡིན་ནོ། །ཡང་། གོལ་ས་གསུམ་དང་ཤོར་ས་བཞི། །སྤངས་ནས་གཉུག་མ་བསྒོམ་པར་བྱ། །བྲམ་ཟེ་སྐད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །ཅེས་དཔེ་དོན་ལ་སྨྲེང་མོད། འདིར་དང་པོར་སྒྲིམ་པ་དང་། ཐ་མར་གློད་པ་དང་། དཔེ་དེ་ཉིད་ཀྱིས་གྲིམས་ལྷོད་སྙོམས་པ་ཞིག་དགོས་པར་བཤད་པ་མ་དགོངས་པར་ཟད་ལ། སྐུད་པ་དང་གྲིམས་ལྷོད་སྙོམས་པ་ཆོས་མཐུན་དུ་སྒྱུར་བ་མ་གཏོགས། སྐུད་པའི་གནས་སྐབས་མཐའ་དག་དང་མཐུན་པར་ག་ལ་དགོས། རྟོག་གེའི་ཚུལ་ལའང་། སྒྲ་བྱས་པའི་དཔེར་བུམ་པ་འགོད་མོད། བྱས་པར་ཆོས་མཐུན་པ་ཙམ་ལས། ལྟོ་ལྡིར་བའི་ཡོན་ཏན་

p. 445

མཐའ་དག་སྒྲ་ལ་ཡོད་པ་མ་ཡིན་ནོ། །སོ་སོ་སྐྱེ་བོ་དག་ནི་རང་གི་ལ་བསྟོད། གཞན་ཕྱོགས་ལ་སྨད་པས། དེ་དག་གིས་ཀླན་ཀ་ཙམ་གྱིས་ཅི་ལ་གནོད། འགའ་ཞིག་སོམ་ཉིར་གྱུར་ན། དེ་ཉིད་ཉེས་དོགས་ཀྱི་བརྩེ་བའི་དབང་གིས་ཅུང་ཟད་བཤད་པ་ཡིན་ནོ། །མཁས་རྣམས་དྲང་པོའི་ལུང་རིགས་མིག་གཉིས་ཀྱིས། །ཕྱོགས་འདིར་ཞིབ་མོར་བརྟགས་ནས་དཔྱད་གྱིས་ལ། །རྒྱལ་བའི་གཞུང་ལུགས་རྣམས་དང་སུ་མཐུན་ལྟོས། །ཕྱོགས་འཛིན་ཞར་བའི་མིག་དེས་བལྟས་ཀྱང་ཅི། །རྒྱལ་བའི་གཞུང་ལུགས་མཁས་པས་མ་དཀྲུགས་ན། །བླུན་པོས་འབད་ཀྱང་ཤོག་བུའི་གོང་འོག་ཙམ། །ཚིག་འཁྱོག་འཁར་བ་ནག་པོ་རྟེན་བཞིན་དུ། །རྣམ་དག་གཞུང་བཞིན་སྨྲ་བའི་ཁུར་འཁུར་ལོ། །སྙིང་སྟོབས་འདབ་བརྒྱའི་དབང་ཕྱུག་པདྨ་དཀར། །རྣམ་དཔྱོད་དྲི་བསུང་ཞིམ་པོས་སྙེམས་མིན་ཡང་། དོན་གཉེར་བུང་བ་དགའ་ཕྱིར་ཆ་ཙམ་སྤྲོས། །ཕྱོགས་ལྷུང་མི་གཙང་ངོས་ཀྱི་སྦྲང་བུར་ཅི། །ཞེས་གསུངས་སོ། །ཡང་ཀུན་མཁྱེན་པད་དཀར་གྱིས་མཛད་པའི་དགེ་བའི་བཤེས་གཉེན་མར་ཡུལ་པའི་དྲིས་ལན་ལེགས་པར་

p. 446

བཤད་པའི་གཞི་ཞེས་བྱ་བ་ལས། མ་བཅོས་རྣལ་མའི་གཞུང་ལམ་རྙེད་གྱུར་པས། །ཉོན་ཤེས་མ་རུངས་བསྐུངས་ཀྱི་ཁུངས་ཆད་ནས། །གཅིག་ཤེས་ཀུན་ལ་མཁས་པའི་མཐར་བྱོན་པའི། །འཇིགས་བྲལ་དཀར་བརྒྱུད་བླ་མར་ཕྱག་འཚལ་ལོ། །ལུགས་གཟིགས་ཀླུ་སྒྲུབ་གཏམ་ལ་ཟོང་དུ་བསྙད། །ཐོགས་མེད་རྒྱ་ཆེའི་གཞུང་ཡང་གཅུང་གིས་སྔོན། །སྨད་ཅེས་གྲགས་ཕྱིར་རང་བློར་མ་འཆེལ་ལ། །ཀླན་ཀ་བྱེད་པ་ལྔ་བརྒྱ་མཐའ་མའི་སྲོལ། །བླ་མ་ལྷ་ཡི་བཀའ་དྲིན་ཟླ་ཤེལ་གྱིས། །སྙིང་གའི་ཀུ་མུད་ཅུང་ཟད་བྱེ་བའི་ཆུ། །མཁས་འདོད་ཉི་མས་མ་གདུངས་མཚན་དུས་འདིར། །བུལ་མེད་བསམ་ཚེ་དྲི་སྣོད་འདི་འདོད་འཇོ། །ཞེས་ཐོག་མར་བརྗོདནས། བར་དུ་དྲིས་ལན་ཁ་ཤས་མཛད་པའི་མཇུག་ན། ཕྱག་རྒྱ་ཆེན་པོ་སྒོམ་ཚུལ། ཅི་ཡང་ཡིད་ལ་མི་བྱེད་པར་གསལ་སྟོང་འཛིན་མེད་དུ་ཧད་དེ་བར་འཇོག་དགོས་པ་ཞིག་ནི་ཕལ་ཆེར་གྱིས་མཛད་ཀྱི་འདུག །དེ་ལ་ཧྭ་ཤང་གི་སྒོམ་པ་དང་ཁྱད་མེད་ཀྱི་དགག་པ་མཁས་པ་རྣམས་ཀྱིས་མཛད་འདུག་ལགས་པ་དེ་གཉིས་ལ་མི་འདྲ་བའི་གསང་འདོན་ལུགས། ཡིད་ལ་སྒོམ་བདེ་བ་ཅི་ཞེས་པའི་ལན།

p. 447

ཕྱག་རྒྱ་ཆེན་པོ་པའི་ཡིད་ལ་མི་བྱེད་པ་ནི་མཻ་ཏྲི་པས་རྒྱས་པར་མཛད་མོད། མདོར་བསྡུ་ན། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། རིགས་ཀྱི་བུ། རྒྱུ་གང་གིས་བརྟགས་པས་མི་རྟོག་པའི་དབྱིངས་ལ་ཡིད་ལ་མི་བྱེད་པ་ཞེས་བརྗོད་དོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱི་མཚན་མ་ལས་ཡང་དག་པར་འདས་པ་བླངས་པའོ། །ཞེས་འབྱུང་བས། རྣམ་མེད་འོད་གསལ་བྱས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམ་གྲངས་པ་ཡིན་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ངོ་མ་ཡིན། ཇོ་བོས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་འབྱུང་བས་སོ། །རྒྱ་ནག་མཁན་པོ་དེ་ནི་སོ་སོར་རྟོག་པ་སྤངས་པར་ཀ་མ་ལ་ཤཱི་ལས་བཤད། གསལ་སྟོང་འཛིན་མེད་ཧད་དེར་འཇོག་པ་ཕྱག་ཆེན་གྱི་སྒོམ་གྱི་རྩ་བར་མི་བྱེད། སྤྱིར་གསལ་བ་འཛིན་མེད་དུ་འཇོག་པ་ལ། གྲུབ་ཐོབ་མང་པོས་ཧད་པོར་ཐོངས། ཧད་པོར་ཞོག་ཅེས་པ་ནི་བྱུང་། དེ་ལྟ་བུ་ནི་གསང་བ་འདུས་པར།

p. 448

འདི་མཉམ་གཞག་སྒྱུ་མའི་སྒོམ་པའི་རིམ་པར་བྱས། བདག་བྱིན་རླབས་ཀྱི་ལམ་གྱི་རྩ་བར་འགྲོ། ཕྱག་ཆེན་སྣང་མེད་དམ་འགྱུར་མེད་ཀྱི་བདེ་བ་ལ་འཇོག་པས་གསལ་བའི་སྟེང་དུ་འཛིན་མེད་དུ་འཇོག་རྒྱུ་ཅི་ཡོད། གསལ་བ་དེ་དག་པའི་རང་བཞིན་ལ་ཞུགས་ན་འོད་གསལ་ལམ་མངོན་པར་བྱང་ཆུབ་ཐོབ་ཅེས་འཇོག་པ་དེ་ཡིན། དེ་ལས་ཟུང་འཇུག་ཏུ་ལྡང་ངོ་། །རྒྱ་ནག་མཁན་པོའི་འདོད་པ་སྒོམ་རིམ་མཐའ་མར་འདི་སྐད་བརྗོད། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་གིས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པའི་དགེ་བ་སྤྱད་པར་ཡང་མི་བྱའོ། །སྦྱིན་པ་ལ་སོགས་པ་སྤྱད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིནནོ། །ཞེས་པ་འདི་ཕྱོགས་སྔ་མའི་དམ་བཅའ་ཡིན། དེ་དགག་པ་ལ་དེ་ཉིད་དུ། འདི་ལྟར་ཅི་ཡང་མི་བསམ་མོ། །ཞེས་སྨྲ་བས་ནི་ཡང་དག་

p. 449

པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤང་པར་འགྱུར་རོ། །ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན། དེ་སྤངས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤང་བར་འགྱུར་རོ། །སྦྱིན་པ་ལ་སོགས་པ་སྤྱད་པར་མི་བྱའོ། །ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པ་སྤངས་པ་ཡིན་ནོ། །མདོར་ན་འདི་ལྟ་སྟེ། ཐབས་དང་ཤེས་རབ་ནི་ཐེག་པ་ཆེན་པོའོ། །ཞེས་སོགས་ཀྱིས་བཀག་པ་ཁོ་ན་ལས་གཞན་གར་ཡོད། ཡོད་དོ་ཞེ་ན་དེའི་ལུང་དེ་དཔང་དུ་འོས་པར་བཤད་པ་ཞིག་སྟོན་དང་ཞེས་དྲིའོ། །འདིར་ཡིད་ལ་མི་བྱེད་པ་བཀག་པ་མེད། འདིའི་ཕྱོགས་སྔའི་ཅི་ཡང་མི་བྱེད་པ་ནི་ལུས་ངག་གི་དགེ་བ་ལ་བསམ། དགག་པར་ཡང་དེ་ཀ་བཀོད་པ། ལར་དམ་བཅའ་འདི། རྩོད་པ་འདི་ཟེར་རྒྱུ་མེད་པར་རྣ་ཐོས་ཙམ་ཁྱེར་བའི་ཅལ་རྒྱུགས་འདི་སྡོམ་གསུམ་རབ་དབྱེ་བས་རི་བོང་ལྟ་བུར་སྨྲས། དེའི་རྒྱུས་གཞན་དག་གིས་རི་དྭགས་ཀྱི་ཚོགས་ལྟ་བུར་བྱས་སོ། །རབ་དབྱེ་བ་རང་ལ་འདི་ཐད་དུ་ཏིག་ཏིག་མེད་དེ། རྒྱ་ནག་ལུགས་ཀྱི་

p. 450

རྫོགས་ཆེན་ཞེས་སྨོས་པས་སོ། །སྒོམ་རིམ་གྱི་ལོ་རྒྱུས་རྟིང་མར་ཐེག་ཆེན་མདོ་ལུགས་ཀྱི་གདམས་ངག་སྟོན་པས་འོད་སྲུངས་ལ་གནང་བ་རྒྱ་གར་བ་བཅུ། རྒྱ་ནག་པོ་བ་བཅུ། ཉེར་གཅིག་པ་བོད་དུ་འོངས་པའི་ཧྭ་ཤང་མ་ཧཱ་ཡ་ནར་བཅས་པ་ལ་གཏད། གལ་ཏེ་འདི་རྫོགས་ཆེན་ཡིན་ན་དེ་ནི་ཐེག་པ་རིམ་དགུར་འདོད་པའི་རྩེ་མོ་ཡིན་པས་ཀ་མ་ལ་ཤཱི་ལས་མདོ་ལུང་གིས་དགག་པ་སུན་འབྱིན་ལྟར་སྣང་དུ་འགྲོ། དེས་ན་ནི་ཀ་མ་ལ་ཤཱི་ལ་ངོས་ཚར་བཅད་ཀྱི་གནས་སུ་འགྲོ་དགོས་པར་འགྱུར་རོ། །རྫོགས་ཆེན་ཡིན་པ་མི་འཐད་པ་ཞིག་ན། ཨ་ཏི་ཉིད་ཀྱི་ལུང་གིས་སུན་འབྱིན་པར་རིགས་སོ་ཞེས་ཀྱང་སྨྲའོ། །ཅལ་རྒྱུགས་ལ་ཅིག་ཅར་བ་ལ་དགག་པ་བྱས་རྒྱུ་བ་བཤད་ཀྱང་། དེས་མཛད་པའི་གཞན་གཞུང་འགོག་པ་སྒོམ་རིམ་མཐའ་མ་ཡིན་པས་དེར་ཅི་ཡང་མི་གྲགས་པས་ཕྱིས་ནས་དཔེ་ལྟ་ནུས་པ་རེ་ཙམ་བྱུངན། ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་གཟིགས་ན་ཆོས་སྤོང་གི་ལས་མི་གསོག་པའི་ཁྱད་ཆེའོ། །དེ་ཡང་ཕྱག་རྡོར་གྱིས། འདི་ལྟ་སྟེ། དོན་ལ་རྟོན་པར་བྱ་ཡི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱ་ཡི་རྣམ་ཤེས་ལ་རྟོན་པ་

p. 451

མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་པར་བྱ་ཡི་དྲང་བའི་དོན་ལ་རྟོན་པ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱ་ཡི་གང་ཟག་ལ་རྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་པ་འདི་ལྟ་བུའི་ལུང་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཟབ་དོན་ལ་འཇུག་པར་མཛོད་ཅིག །སྐབས་ཀྱི་དྲིས་ལན་འདི་ཙམ་གྱིས་ཐེབས་མོད། འདིར་བལྟས་རྟོག་དཔྱོད་ཅན་འགའ་སླར་སྨེ་ན། །ལུང་རིགས་བརྡར་ལ་བརྡར་རོ་ཤེས་ལྡན་ཁྱོད། །ཀུན་གྱི་རྣ་བར་དེ་སྐད་སྒྲོགས་པ་བབ། །ཅེས་གསུངས། ཡང་ཀུན་མཁྱེན་པད་དཀར་གསུང་ཤར་རྩེ་ཞལ་སྔའི་བརྒལ་ལན་ལས། བསྟན་པ་ཐམས་ཅད་འགལ་མེད་དུ་འཁྱེར་དགོས་གསུངས་པའང་། འཁྱེར་ཐུབ་མི་ཐུབ་སྔོན་ལོ་ཙཱ་བ་རིན་ཆེན་བཟང་པོས་ཇོ་བོ་བོད་དུ་ཕེབས། མཐོ་ལྡིང་དུ་གདན་དྲངས། དེ་དུས་རྒྱུད་སྡེའི་ལྷ་ཚོགས་ལྡེབས་བྲིས་ལ་བཀོད་པ་ལ། དྲི་བ་མཛད་པས་གསང་སྔགས་རྒྱུད་སྡེ་སོ་སོའི་སྒོམ་པ་ལ་བསྔགས། ལོ་ཙཱ་བ་འདི་ལྟར་མཁས་པ་

p. 452

འདུག་པ་ལ་ང་བོད་དུ་འོང་མི་དགོས་གསུངས། ཡང་དེ་རྣམས་གང་ཟག་གཅིག་གིས་ཐུན་གཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་གསུངས་པ་ལ་ཞུ་ལན་འབུལ་མ་ཐུབ་པས། ལོ་ཙཱ་བ་རུལ་ང་འོང་དགོས་པར་འདུག་ཅེས་གསུངས་ནས་གསང་སྔགས་འཕྲུལ་གྱི་བཤད་པ་བརྩམས་དེ་ལ། མཁས་གྲུབ་རྗེས། དེ་ལོ་ཙཱ་བ་མ་རུལ། ཇོ་བོ་རང་རུལ་པ་ཡིན་། ཞེས་གསུངས་པས་འཕྲུལ་བཤད་ཐུགས་སུ་མ་སོང་། དེ་ལྟ་བུན་བསྟན་པ་ཐམས་ཅད་འགལ་མེད་ཀྱང་ཅི་ལ་ཤོང་མཚུངས་སོ། །ཡང་ལོ་ཙཱ་བ་ཉིད་ཇོ་བོ་ལས་རང་མཁས་སྙམ་པའི་ང་རྒྱལ་ཡོད་པ་དེ་ཐོས་པས་ཞི་སྟེ། ཇོ་བོའི་གདམས་ངག་ཉམས་སུ་བཞེས་པས་འཇའ་ལུས་བརྙེས་ཞེས་གྲག་གོ །དེ་ལྟ་ན་བསྟན་པ་ཐམས་ཅད་འགལ་མེད་ཨ་ཅང་སྦྱོར་བ་ཐམས་ཅད་གཅིག་ཏུ་འབབ་པ་ཆུ་ཐམས་ཅད་རྒྱ་མཚོར་འཇུག་པ་ལྟ་བུ་ཞིག་འོང་བ་ཡིནནོ། །དེསན་གཞུང་ཆེན་མོ་དང་མན་ངག་ཉུང་ངུ་གཅིག་གི་ཕྱོགས་བཟུང་གཅིག་ཤོས་དགག་མི་འཚལ་ལོ་གསུངས། ཡང་དྲི་བ་ལྷག་བསམ་རབ་དཀར་འདི་རྗེའི་བཀའ་འབུམ་དུ་ཚུད་པ་མ་གཏོགས། རྗེས་མཛད་པ་མིན་ཞེས་རྒྱལ་ཚབ་རྗེའི་དངོས་

p. 453

སློབ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བས་གསུངས་ཤིང་དེ་ལ་དོན་མི་འཐད་པའི་དགག་པ་དང་རྗེའི་གསུང་མ་ཡིན་པའི་སྒྲུབ་བྱེད་ཡིག་རིགས་སུ་བཀོད་པའང་མཐོང་ལ། མཐོང་བ་ལྟར་བདེན་ནམ་བསམ་པར་འདི་ཉིད་དུའང་འདི་ལྟ་བུས་ང་ལ་རྒྱུད་མ་ཐུལ་ཟེར་བ་རྐྱང་ཡོང་གི་འདུག་ཟེར་བ་ཞིག་གནང་བས། རྗེ་ལ་དེ་ལྟ་བུའི་དོགས་པ་ལངས་ས་མེད་པས་སོ་ཞེས་གསུངས། ཡང་མཁས་པའི་དབང་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་ལྷག་བསམ་རབ་དཀར་གྱི་དྲིས་ལན་པན་ངག་གི་དགོངས་རྒྱན་ལས། སྒྲིབ་ཀུན་བསལ་བའི་ཡེ་ཤེས་ཉི་མ་ལ། །འཇམ་དཔལ་དབྱངས་ཞེས་གྲགས་པའི་འོད་སྟོང་ཅན། །རྨོངས་པའི་མུན་ཆེན་སེལ་ལ་རྟག་གཞོལ་བ། །བརྩེ་ཆེན་མཁྱེན་པའི་དབང་པོ་ལ་ཕྱག་འཚལ། །བློ་བཟང་གྲགས་པ་གསལ་ལྡན་ཙོང་ཁ་པས། །སྔོན་བྱོན་རྒན་རབས་ཕལ་ཆེར་ཁྱད་གསོད་པ། །ལྷག་བསམ་ངབ་དཀར་ཞེས་བྱའི་དྲི་བ་མཛད། །ཅི་ཞིག་དགོངས་ནས་དྲིས་པ་འདིར་གསལ་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་བར་དུ་དྲི་བ་ལྷག་

p. 454

བསམ་རབ་དཀར་ཀྱི་དྲིས་ལན་རྒྱས་པར་བཏབ་པའི་སྐབས་ཤིག་ན། མདོར་བསྡུན། ཧྭ་ཤང་གི་ལྟ་སྒོམ་གྱི་ཁྱད་པརནི། སྦྱོར་བའི་དུས་སུ་ལྟ་བ་རྟོགས་བྱེད་ཀྱི་མན་ངག་ཡོད་མེད་ཀྱིས་འབྱེད་ལ། དེ་ཡང་ཕར་ཕྱིན་གྱི་ཐེག་པའི་སྒོམ་གྱི་ཁྱད་པརནི། ཀླུ་སྒྲུབ་ཞབས་ཀྱིས་རིགས་པ་སྔོན་དུ་སོང་མ་སོང་ལས་འབྱེད་པ་ཡིན་མོད། ལྟ་བ་ལ་ཁྱད་པར་མེད། སྤྱོད་པ་ལ་ཁྱད་པར་ཡོད་ཅེས་ཟེར་བ་དང་། ལྟ་སྤྱོད་གཉིས་ཀ་ལ་ཁྱད་པར་མེད་པའི་སྒོམ་ཆེན་པ་ཞིག་ཡོད་པར་མཛདནས། དེ་ལ་དགག་པ་མཛད་པའི་མཁས་པ་དག་སྣང་མོད། དེ་ལྟར་ཁས་ལེན་པའི་སྒོམ་ཆེན་པ་དེའི་མཚན་གཞི་ལོགས་ནས་བཙལ་བར་བྱའོ། །གང་འདིར་ཧྭ་ཤང་ཁྱད་པར་དུ་དབྱེ་བ་ནི། དེས་ནི་ཤེས་བྱ་ལ་བདེན་པ་གཉིས་སུ་མི་འབྱེད། གཉེན་པོའི་རྟོག་པ་དང་སྤང་བྱའི་རྟོག་པ་ལ་བཟང་ངན་མེད། འཚང་རྒྱ་བ་ལ་ལྟ་བ་ཁོ་ན་དགོས་ཀྱི། སྤྱོད་པའི་ཁྱད་པར་མང་པོ་དོན་མེད་ཡིན་ཟེར་བར་སྣང་ལ། དེ་ལྟར་ཁས་ལེན་པའི་ཞི་ཕྱག་རྫོགས་གསུམ་དག་ཡོད་ན་ནི་ཀླན་ཀ་དེ་དག་འཇུག་པར་རིགས་སོ། །ཡང་སྔོན་ཁ་ཅིག་ལྟ་བ་ཡས་འབབ་པ་དང་། སྤྱོད་པ་མས་འཛེག་པ་ཞེས་བྱ་

p. 455

བའི་ཐ་སྙད་ཅིག་ཡོད་མོད། གཉིས་པོ་འགལ་བར་ཁས་ལེན་ན་ནི། ཧྭ་ཤང་གི་ལུགས་དང་ཁྱད་པར་མེད་དོ་ཞེས་ས་སྐྱ་བས་གསུངས་སོ། །ཡང་དྲི་བ་པོས་དབུ་མ་རིགས་ཚོགས་ལས་ངེས་དོན་མཐར་ཐུག་ཏུ་བཤད་པ་དེ་སྒོམ་ཆེན་པ་ཀུན་གྱིས་ཀྱང་ངེས་པར་བསྒོམ་དགོས་ཀྱི། དེ་ལྟར་མ་བྱས་ན་སྒྲིབ་པའི་ས་བོན་སྤོང་མི་ནུས་པའི་བཤད་པས་ཐུགས་ཤིན་ཏུ་ཡུས་ཤིང་བརྒྱལ་བར་གྱུར་མོད། ཐལ་རང་ལུགས་ཀྱི་དབུ་མའི་ལྟ་ཁྲིད་ཀྱི་སྒོམ་མ་གཏོགས་གཞན་ལ་དེ་ལྟར་བཤད་པ་མེད་དོ། །དེ་ཡང་འདི་ལྟར། རིགས་ཚོགས་ཀྱི་ངེས་དོན་དེ་ནི་དོན་དམ་དཔྱོད་བྱེད་ཀྱི་རིག་པ་ཁོ་ནས་གཏན་ལ་ཕབ་པ་ཞིག་ཡིན་ལ། རྡོ་རྗེ་ཐེག་པ་ནས་བཤད་པའི་ངེས་དོན་མཐར་ཐུག་དེ་ནི་རིགས་པས་གཏན་ལ་མི་ཕེབས་པའི་ཕྱིར་དང་། དེས་དེ་ལྟར་དུ་ཕེབས་སུ་ཆུག་ཀྱང་། སྤྱི་དོན་གྱི་བཤད་པ་ཡིན་པས་ངེས་དོན་མཐར་ཐུག་ཏུ་མི་རུང་བའི་ཕྱིར། དེ་སྐད་དུ་ཡང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡངནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་

p. 456

ལྟར་རྒྱུད་སྡེ་མཐའ་དག་མཐུན་ནོ། །གཞན་ཡང་རིགས་ཚོགས་ཀྱི་ངེས་དོན་མཐར་ཐུག་ནི། ཡུལ་ཅན་རྟོག་པར་གྱུར་པའི་ཚེན་ངེས་དོན་དུ་མི་རུང་། མེད་པར་དགག་པས་ན་རྟོག་མེད་ཀྱི་ཤེས་པའི་ཡུལ་ལས་ཀྱང་འདས་པར་མདོ་འགྲེལ་ཀུན་ལས་བཤད་ལ། རྡོ་རྗེ་ཐེག་པའི་ངེས་དོན་མཐར་ཐུག་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མྱོང་བྱ་ཉིད་དུ་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར་རོ། །ཡང་དྲི་བ་པོས་དཔྱད་སྒོམ་གཞུང་ལུགས་ལས་དང་། དེ་ཡང་སྒྲ་དོན་འཛིན་པའི་རྟོག་པར་ཁས་ལེན་པ་ཐུགས་ལ་འཆང་མོད་མཚན་ཉིད་ཐེག་པའི་སྒོམ་ལ་དཔྱད་པ་སྔོན་དུ་འགྲོ་དགོས་པ་ཞིག་ཡོད་ཀྱང་། སྦྱོར་བའི་སྐབས་ཡིན་གྱི། དངོས་གཞིའི་དུས་སུནི། རྟོག་པ་དེ་ཡང་ཡེ་ཤེས་ཀྱི་མེས་བསྲེག་དགོས་པར་ནི་སྒོམ་རིམ་དང་། དབུ་མའི་མན་ངག་སོགས་སུ་ཤིང་གཉིས་འདྲུད་པ་ལས་བྱུང་བའི་མེའི་དཔེ་ལན་གཅིག་མ་ཡིན་པར་གསུངས་སོ། །ཡང་གསང་སྔགས་ཀྱི་སྒོམ་ཆེན་པ་འགའ་ཞིག་ལ་དཔྱད་པ་སྔོན་དུ་མ་སོང་ཡང་། རང་བྱིན་གྱིས་བརླབས་པའི་རིམ་པ་ལྟ་བུའི་རྐྱེན་གྱིས་རྟོགས་པའི་ངེས་དོན་དེ་ལ་རྗེས་ཀྱི་སྐབས་སུ། བདག་ཏུ་དང་

p. 457

བདེན་པར་ཞེན་པ་འགོག་པའི་ཕྱིར་དུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་པ་ཞིག་སྲིད་ཀྱང་། དེ་སྒོམ་དངོས་གཞིར་མི་འདོད་དོ། །དེ་བས་ན་དཔྱད་སྒོམ་ཞེས་བྱ་བའི་སྐབས་ཀྱི་དཔྱད་པ་འདི་ནི་མཚན་འཛིན་འགོག་པའི་ཐབས་ཁྱད་པར་ཅན་དང་། བསམ་བྱུང་གི་རིག་པ་སྦྱོར་བ་དང་རྗེས་གང་རུང་དུ་ངེས་པ་ཡིན་གྱི། སྒོམ་གྱི་དངོས་གཞིར་འཆད་པ་མེད་དོ། །འདྲི་བ་པོ་སློབ་དཔོན་ཟླ་བའི་ལུགས་ཀྱི་སྟོང་པ་ཉིད་ཁོ་ན་ཐུགས་ལ་འཆང་མོད། རྒྱ་བོད་དུ་བྱོན་པ་གཞན་དག་ནི། དེ་འདྲ་དེ་ལ་མཚན་འཛིན་བཀག་པའི་དང་། ཕུང་པོ་རྣམ་དཔྱད་ཀྱི་དང་། བེམ་པོའི་སྟོང་པ་ཉིད་ཅེས་བཤད་ནས། སྒོམ་པ་ཉམས་སུ་མྱོང་བྱ་དངོས་ནི། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ཞིག་ལ་བཞེད་པའི་ཕྱིརན། ཀླན་ཀ་དག་གིས་སྐབས་རྙེད་པ་མིནནོ། །མདོར་ན་ཁྱེད་ཀྱི་བཞེད་པ་འདི་ནི་སྦྱོར་བའི་དུས་ཀྱི་སྤོང་བའི་འདུ་བྱེད་བརྒྱད་པོ་སྒོམ་གྱི་དངོས་གཞིར་འཆད་པ་དང་། རྟོག་དཔྱོད་སོགས་བསམ་གཏན་གྱི་མན་ངག་རྣམས་བསམ་གཏན་དངོས་གཞིར་འཆད་པ་དང་། བསམ་བྱུང་གི་ཤེས་

p. 458

རབ་སྒོམ་བྱུང་དངོས་སུ་ལུང་རིག་གིས་སྒྲུབ་པ་ཉིད་ཀྱི་ཕྱིརན། གངས་ཅན་གྱི་བསམ་གཏན་པ་རྣམས་ལ་ལྷག་བསམ་རབ་ཏུ་དཀར་བ་མིན་ནོ། །གསུངས། མཇུག་ན་འདིར་སྨྲས་པ། ལྷག་བསམ་རབ་དཀར་གྱིས་དྲིས་ན། །དེའི་ལན་ལུང་རིགས་ཀྱིས་གྲུབ་པ། །འབྱུང་མི་སྲིད་ཅེས་གང་བསམ་པ། །དྲིས་ནས་ལོ་བརྒྱ་ལོན་པའི་ཚེ། །མདོ་རྒྱུད་བསྟན་བཅོས་མན་ངག་གི །དགོངས་རྒྱན་ཉི་མ་གཅིག་ཤར་ནས། །འཁོར་ལོ་གསུམ་པའི་ངེས་དོན་གྱི། །འོད་སྟོང་ཕྱོགས་བརྒྱར་འཕྲོ་བྱེད་ཤོག །ཅེས་གསུངས་སོ། །ཡང་དཔལ་ལྡན་འབྲུག་པའི་བསྟན་པའི་མངའ་བདག་རྒྱལ་དབང་རྗེས་མཛད་པའི་ལེགས་བཤད་མེ་ཏོག་ཕྲེང་བ་བློ་གསལ་མགུལ་རྒྱན་ལས། སངས་རྒྱས་དངོས་ཀྱི་བླ་མ་དང་། །ཡི་དམ་འཁོར་ལོ་སྡོམ་པ་དང་། །བཅོམ་ལྡན་ལྷན་ཅིག་སྐྱེས་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་འདུད། །རྒྱུད་སྡེ་རྒྱ་མཚོ་ཆེ་ལས་འོངས། །གྲུབ་མཆོག་དེད་དཔོན་མཁས་ཀྱིས་བླངས། །ཐུབ་བསྟན་རྒྱལ་མཚན་རྩེ་ལ་གནས། །དཀར་བརྒྱུད་རིན་ཆེན་དེ་ལ་འདུད། །དེ་ལྟར་བཏུད་ནས་སླར་ཡང་ནི། །འཆུག་མེད་དོན་གྱི་སྲད་བུ་ལ། །གོ་སླའི་

p. 459

ཚིག་གི་མེ་ཏོག་ཕྲེང་། །བློ་གསལ་སྐྱེ་བོའི་མགུལ་རྒྱན་སྤེལ། །ཞེས་ཐོག་མར་བརྗོད་ནས། བར་དུ་དཀར་བརྒྱུད་ཀྱི་གཞུང་གི་བཤད་པ་མང་པོ་མཛད་པའི་སྐབས་ཤིག་ན་འདི་ལྟར་སྣང་། ཐོས་བསམ་སྦྱངས་པའི་ངེས་ཤེས་ཀྱིས། །དོན་སྤྱིའི་ལམ་ལ་མངོན་དགའ་ཞིང་། །ཧྭ་ཤང་འདྲེས་པར་དོགས་པ་རྣམས། །རྣམ་པར་མི་རྟོག་མིང་ལ་སྐྲག །སྤང་བར་བྱ་བའི་ཆོས་རྣམས་ཀྱི། །རྩ་བ་རྣམ་པར་རྟོག་ལ་འདུས། །ལོག་པའི་རྣམ་པར་རྟོག་པ་རྣམས། །སྤོང་བར་མཁས་རྣམས་མི་རྩོད་ཀྱང་། །དགེ་བའི་རྣམ་པར་རྟོག་པ་རྣམས། །མཐར་ཐུག་ལམ་གྱིས་སྤང་བྱ་ཞིང་། །རང་སེམས་འོད་གསལ་སྒོམ་པའི་ཚེ། །རྣམ་རྟོག་ཐམས་ཅད་བྲལ་བར་བསྐྱངས། །དང་པོའི་ལས་ཅན་གང་ཟག་ལ། །འོད་གསལ་ལམ་དང་རྗེས་མཐུན་པ། །མ་བཅོས་རིག་པ་སོ་མ་ལ། །བླ་མ་དམ་པའི་མན་ངག་གིས། །སངས་རྒྱས་ཡེ་ཤེས་ལམ་བྱེད་པ། །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་པའི། །མཁས་པ་རྣམས་ཀྱིས་སྤངས་པ་ནི། །བསམ་ཞིང་ངོ་མཚར་ཇེ་ཆེར་ཐལ། །ཕྲ་མོའི་ཕྱོགས་སྔ་མ་བླངས་པར། །རགས་པའི་དོགས་པས་ཁ་

p. 460

ཚོན་བཅད། །རྒྱ་བོད་མན་ངག་མཐའ་ཡས་ནས། །གཅིག་ཏུ་བསྟན་པ་གཉིས་སུ་ཕྱེ། །གོང་མའི་གསུང་ལ་གཅུས་ཏེ་བསྟན། །འོག་མའི་ཚིག་ལ་སྨད་དེ་དོར། །མཐའ་བཞིའི་སྤྲོས་པ་མི་གཅོད་དང་། །མུ་བཞིའི་རྟོག་པ་མི་འགེགས་དང་། །མདོ་སྔགས་ཕྱག་ཆེན་ཐུན་མོང་ལམ། །འདི་གསུམ་བདག་གི་བློར་མ་ཚུད། །ཡུལ་ལ་སྤྲོས་པའི་མཐའ་བཞི་བྲལ། །ཡུལ་ཅན་རྟོག་པའི་མུ་བཞི་བྲལ། །སྤྲོས་རྟོག་གཉིས་ནི་ངང་གིས་བྲལ། །དབྱིངས་རིག་གཉིས་ནི་ངང་གིས་འདྲེས། །ཚད་མ་དབུ་མའི་རིགས་པ་ཡིས། །འཁྲུལ་པའི་ཞེན་ཡུལ་སུན་ཕྱུངས་ནས། །དགག་བྱ་ལགས་པར་ཁེགས་པ་དང་། །མི་རྟོག་ཡེ་ཤེས་ངོ་སྤྲད་ནས། །ཐབས་ཀྱི་ལམ་གྱིས་སྐྱེད་བསྲིངས་ཏེ། །རྨོངས་པའི་མུན་པ་མཐའ་ནས་སངས། །ཡེ་ཤེས་ཉི་མ་ནང་ནས་འཆར། །ཐོས་དང་བསམ་པའི་ཤེས་རབ་ཀྱིས། །གདམས་པའི་སྒྲོ་འདོགས་ལེགས་ཆོད་ནས། །ཐུན་མོང་མིན་པའི་སྒོམ་བྱུང་གིས། །རང་སེམས་ལྷན་ཅིག་སྐྱེས་པ་རྟོགས། །རྣམ་མི་རྟོག་དང་ཡིད་མི་བྱེད། །བསམ་མི་ཁྱབ་རྣམས་དོན་གཅིག་སྟེ། །ཡུལ་མེད་རྣམ་པར་མི་རྟོག་པ། །འདི་ཡི་མི་

p. 461

རྟོག་མ་ཡིན་ཏེ། །དཔེར་ན་རི་བོང་རྭ་མེད་པས། །རྭ་འཛིན་མེད་པའི་མི་རྟོག་བཞིན། །ཡུལ་ཅན་མེདནས་མི་རྟོག་པ། །འདི་ཡི་མི་རྟོག་མ་ཡིན་ཏེ། །ཀ་བ་ལ་སོགས་བེམ་པོ་ལ། །རྣམ་པར་རྟོག་པ་མེད་པ་བཞིན། །འདུ་ཤེས་འགག་པའི་མི་རྟོག་པ། །འདི་ཡི་སྐབས་ཀྱི་མི་རྟོག་མིན། །འདུ་ཤེས་མེད་པའི་སྙོམས་འཇུག་སོགས། །རྣམ་པར་རྟོག་པ་མེད་པ་འོ། །རྟོག་པ་འགག་པའི་མི་རྟོག་པ། །འདི་ཡི་མི་རྟོག་མ་ཡིན་ཏེ། །བརྒྱལ་དང་ཤི་དང་གཉིད་མཐུག་སོགས། །ཕྱག་རྒྱ་ཆེན་པོའི་རྟོགས་པར་འགྱུར། །ཤེས་པ་ཉམས་ཆུང་མི་རྟོག་པ། །འདི་ཡི་མི་རྟོག་མ་ཡིན་ཏེ། །བུ་ཆུང་ཉམས་ཆུང་ཤེས་པ་རྣམས། །འབད་མེད་ལམ་ལ་གནས་པར་འགྱུར། །མི་རྟོག་སྙམ་དུ་མི་རྟོག་པ། །དེ་ཡངམི་རྟོག་མ་ཡིན་ཏེ། །ངོ་བོ་རྣམ་རྟོག་ཁོན་རུ། །ཤེས་པར་ཤིན་ཏུ་སླ་བའི་ཕྱིར། །བདེན་མེད་འཛིན་པའི་རིག་ཤེས་ཀྱང་། །བདེན་པར་འཛིན་དང་དངོས་འགལ་ཡང་། །འདི་ཡི་སྐབས་ཀྱི་མི་རྟོག་མིན། །ངོ་བོ་རྣམ་པར་རྟོག་པ་འོ། །མ་བསམས་བསམ་གྱིས་མི་ཁྱབ་པ། །ཧྭ་ཤང་མ་ཧཱ་ཡ་ནའི་ལུགས། །བསམས་

p. 462

ནས་བསམ་གྱིས་མི་ཁྱབ་པ། །སློབ་དཔོན་ཀ་མ་ཤཱི་ལའི་ལུགས། །མ་བསམས་ཡོངས་སུ་ཤེས་པ་ནི། །བསམ་གྱིས་མི་ཁྱབ་མཻ་ཏྲིའི་ལུགས། །རྒྱུད་རྒྱལ་བརྟག་པ་གཉིས་པར་ཡང་། །གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །དེ་བཞིན་གསང་བ་འདུས་པར་ཡང་། །དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པ་འོ། །ཐབས་དང་ཤེས་རབ་གྲུབ་པ་ཡི། །བཞི་པ་སྒོམ་པའི་ལེ་འུ་ལས། །ཕུང་པོ་ལྔ་ལ་སོགས་ཆོས་རྣམས། །གང་ཡང་འདོར་བར་མི་བྱ་ཞིང་། །ནམ་ཡང་གཟུང་བར་བྱ་བ་མིན། །ཆོས་རྣམས་མི་མཉམ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་གཟུང་བར་བྱ། །སྟོང་ཉིད་བསྒོམ་པར་བྱ་མིན་ལ། །སྟོང་ཉིད་མི་བསྒོམ་པ་འང་མིན། །སྟོང་ཉིད་རྣལ་འབྱོར་བས་མི་གཏོང་། །སྟོང་ཉིད་མིན་པའང་ཡོངས་མི་གཏོང་། །སྟོང་དང་སྟོང་མིན་ཉིད་འཛིན་པས། །རྟོག་པ་རབ་རྒྱས་སྐྱེ་བར་འགྱུར། །ཡོངས་སུ་བཏང་བའང་རྟོག་པ་སྟེ། །དེ་བས་དེ་གཉིས་ཡོངས་སུ་སྤང་། །འཛིན་པ་གཉིས་པོ་ཡོངས་བཏང་

p. 463

ན། །ཆགས་བྲལ་རྣམ་པར་གྲོལ་བའི་གནས། །དེ་དང་འབྲེལ་བ་བདག་ཅེས་ལ་འང་། །དེ་ཀུན་ཀུན་རྟོག་དེ་ཕྱིར་སྤང་། །ཆགས་པ་མེད་ཅིང་འགྱུར་བ་མེད། །སྡིག་དང་བྲལ་ལ་མངོན་ཞེན་མེད། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །མཁས་པས་ནམ་མཁའ་ལྟ་བུར་བསྒོམ། །དེ་ལྟར་སྒོམ་པའི་ལམ་ལྡནན། །ཐེག་པ་གསུམ་དང་རྒྱུད་སྡེ་བཞི། །བསྐྱེད་རྫོགས་ཇི་སྙེད་བཤད་པ་རྣམས། །ལམ་འདི་སྐྱེད་པའི་ཡན་ལག་ཡིན། །དགའ་བ་བཞི་དང་སྟོང་པ་བཞི། །རྟགས་བཅུ་ཡོན་ཏན་བརྒྱད་ལ་སོགས། །ཕྱག་ཆེན་ལམ་དང་ལམ་རྟགས་ཡིན། །དེ་ལྟར་ཡེ་ཤེས་མིག་ཐོབ་ནས། །སྣང་སྲིད་བརྟན་གཡོ་ལ་སོགས་པ། །ཆོས་རྣམས་ཐམས་ཅད་ཕྱག་རྒྱ་ཆེ། །ཡུལ་གྱི་སྤྲོས་པ་བྲལ་བ་ལ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །མེ་ལོང་དག་ལ་པྲ་ཕབ་བཞིན། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཡུལ་ཅན་རྟོག་དང་བྲལ་བའི་སེམས། །རྣམ་པར་མི་རྟོག་ཡེ་ཤེས་ནི། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །དེ་ལྟར་སྤྲོས་རྟོག་གཉིས་བྲལ་བའི། །ནམ་མཁའ་ནམ་མཁར་སྦྱར་བ་འམ། །ཆུ་ལ་ཆུ་

p. 464

བཞག་ཇི་བཞིན་དུ། །མངོན་དུ་གྱུར་པའི་ལམ་དང་ནི། །མཐར་ཕྱིན་འབྲས་བུར་བཏགས་པ་ལས། །ཕྱག་རྒྱ་ཆེན་པོ་ཉིད་ཡིནནོ། །གདོད་ནས་དག་ཕྱིར་འོད་གསལ་བ། །རྒྱ་ཆད་མ་ཡིན་རྟེན་འབྲེལ་ཡིན། །གཉིས་སུ་མི་གནས་ཟུང་དུ་འཇུག །སྔ་ཕྱི་མ་ཡིན་ལྷན་ཅིག་སྐྱེས། །སྡུག་བསྔལ་མེད་ཕྱིར་བདེ་བ་ཆེ། །ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཆོས་ཀྱི་སྐུ་དང་དེ་བཞིན་ཉིད། །རིས་སུ་མ་ཆད་ཕྱག་རྒྱ་ཆེ། །ཀུན་ཏུ་བཟང་པོ་ཞེས་བྱ་ཞིང་། །མེ་ལོང་ཡེ་ཤེས་ལ་སོགས་པའོ། །རིག་པ་སྔ་ཕྱིའི་འོད་གསལ་དང་། །རྨི་ལམ་གཉིད་ཀྱི་འོད་གསལ་དང་། །སྲིད་པ་འཆི་ཁའི་འོད་གསལ་དང་། །འཁྲིག་པའི་བདེ་བའི་ལྷན་སྐྱེས་དང་། །སྦྲིད་དང་གླལ་སོགས་ཐམས་ཅད་ལ། །ཡེ་ཤེས་རང་དགར་སྐྱེ་བར་བཤད། །དཔེ་དང་དོན་གྱི་ལྷན་སྐྱེས་དང་། །ཕྱག་ཆེན་དངོས་དང་རྗེས་མཐུན་དང་། །བདེ་བ་ཟག་བཅས་ཟག་མེད་དང་། །རྣམ་པར་དབྱེ་བ་མཐའ་ཡས་ཀྱང་། དངོས་སུ་རྒྱུད་ལ་སྐྱེ་བ་ནི། །བླ་མ་དམ་པའི་དྲིན་ལ་གནས། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས། །རྒྱལ་བས་རྒྱུད་སྡེ་དུ་མ་ནས། །གཅིག་ཏུ་དེ་ཉིད་མཚོན་པའི་ཐབས། །བླ་

p. 465

མའི་ཞལ་ལ་ལྟོས་པར་གསུངས། །དབང་གི་ཆོ་ག་དུ་མར་ཡང་། །བཞི་པའི་ངོ་སྤྲོད་མན་ངག་ནི། །ངེས་པར་བླ་མའི་ཞལ་ལ་ལྟོས། །སྙིང་པོའི་གཞུང་དང་མན་ངག་ལས། །དེ་ཉིད་རྣལ་དུ་མཚོན་པརནི། །བླ་མ་ཁོ་ནའི་དྲིན་དུ་གསུངས། །རྒྱ་གར་པཎ་གྲུབ་དུ་མ་དང་། །བོད་ཀྱི་མཁས་གྲུབ་ཆེན་པོ་རྣམས། །བརྗོད་མེད་བློ་ཡི་ཡུལ་མིན་ཡང་། །བླ་མའི་དྲིན་གྱིས་རྟོགས་པར་བཞེད། །ལམ་རྣམས་ཀུན་གྱི་བཅུད་བསྡུས་ནས། །ངེས་དོན་སྙིང་པོའི་ཉམས་ལེན་འདི། །ལྷོ་བྲག་མར་པ་ལོ་ཙཱ་དང་། །རྗེ་བཙུན་དམ་པ་རྒྱ་གར་དང་། །གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་དང་། །རྒྱ་གར་ཕྱག་ན་རྡོ་རྗེ་སོགས། །མཻ་ཏྲི་པ་ཡི་སློབ་མ་རྣམས། །དབྱངས་གཅིག་མགྲིན་གཅིག་རྩོད་པ་མེད། །གསུངས། མཇུག་ན། ཚུལ་བཞིན་སྒྲུབ་པའི་གྲུར་ཞུགས་ནས། །ཐུབ་བསྟན་རྒྱ་མཚོའི་ཕ་རོལ་ཏུ། །རྣམ་གྲོལ་གླིང་དུ་མ་ཕྱིན་ཡང་། །ཟབ་རྒྱས་ཆུ་ཀླུང་རྒྱ་མཚོ་ལས། །ལེགས་བཤད་བདུད་རྩི་བུམ་པའི་ཆུ། །བློ་གྲོས་སྙིམ་པས་འཐུངས་ཤིག་དང་། །ཚད་སྐོམ་མཐའ་དག་སེལ་བྱེད་ཅིང་། །སྲིད་པའི་ངལ་དུབ་སེལ་བར་

p. 466

འགྱུར། །དེང་ནས་ཚེ་རབས་ཐམས་ཅད་དུ། །ལམ་མཆོག་འདི་དང་མི་འབྲལ་ཞིང་། །མཐའ་ཡས་སེམས་ཅན་མ་ལུས་ཀྱང་། །ལམ་འདིར་སྤྱོད་པའི་སྐལ་ལྡན་ཤོག །ཅེས་གསུངས་སོ། །ཡང་དཔལ་ལྡན་འབྲུག་པ་དཀར་བརྒྱུད་པའི་བསྟན་འཛིན་རྗེ་བཙུན་སྟག་རྩེ་རས་པས་མཛད་པའི་ཕྱག་རྒྱ་ཆེན་པོ་ལས་འཕྲོས་པའི་དྲིས་ལན་ངེས་གསང་ཆོས་ཀྱི་གཏེར་མཛོད་ལས། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི། །ཡི་གེ་ཙམ་ལ་བརྟེན་ནས་ཀྱང་། །དེ་ཡི་མིང་འདོགས་གསང་ནས་ནི། །ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས། །ད་ལྟའི་ཕྱག་རྒྱ་ཆེན་པོ་ནི། །ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན། །ཞེས་པས་རྒྱ་ནག་ཧྭ་ཤང་གི་ལྟ་བ་ལ་བསྟིངས་མོད། དེ་ལྟར་མི་འཐད་པ་ནི། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཧྭ་ཤང་གཉིས་བརྩད་པས། ཧྭ་ཤང་ཕམ་པས་དེ་མ་ཐག་དེའི་གཞུང་ལུགས་ཐམས་ཅད་གཏེར་དུ་སྦས་པར་བཤད་དོ། །གལ་ཏེ་དེ་ལྟར་བསྒྲུབས་པ་ན། དེའི་ཡིག་ཚང་ཐོག་མར་གཏེར་ནས་སུས་ཕྱུང་། དེ་ནས་གཞུང་ལུགས་དེ་གར་འཕེལ། དེ་ལས་དཀར་བརྒྱུད་པའི་བསྟན་འཛིན་སུ་ཞིག་ལ་བྱུང་། གཞུང་ལུགས་དེའི་ཕྱི་མོ་དེ་ག་རེ་ཞེ་

p. 467

ན། གཏན་ཚིགས་སུ་གྲུབ་པ་ཅི་ཡང་མེད་པའི་ཕྱིར། དེ་ནི་གསུངས་པ་ཙམ་དུ་ཟད་དོ། །འོན་ཀྱང་བཀའ་བསྩལ་དེ་ཐམས་ཅད་མཁྱེན་པ་ཉིད་ལྟ་བུ་དག་ལ། མཁས་པའི་སྡིག་པ་ལྕི་རུང་ཡང་། །ཞེས་པ་ལྟར་ལགས་ཀྱང་། ཕྱི་རབས་ཀྱི་སྡིག་རྐྱེན་ཁམ་པོ་ཆེར་འགྱུར་བ་ལ་བརྩེ་བས་དགོངས་ཏེ། ཀླུ་སྒྲུབ་ཀྱིས་བྲག་རི་གསེར་དུ་བསྒྱུར་འཕྲོ་བཤོལ་བ་ལྟར་མཛད་དུ་ཐང་པ་ལ། ཞེས་ཅུང་ཟད་ཤུབ་བུའི་གཏམ་ཞིག་ཀྱང་ཤོར་རོ། །ཡང་ད་ལྟའི་ཕྱག་རྒྱ་ཆེན་པོ་དང་། །རྒྱ་ནག་ལུགས་ཀྱི་རྫོགས་ཆེན་གཉིས། །ཡས་བབ་དང་ནི་མས་འཛེགས་གཉིས། །མིང་འདོགས་བསྒྱུར་བ་མ་གཏོགས་པ། །དོན་ལ་ཁྱད་པར་དབྱེ་བ་མེད། །ཅེས་པ་འདི་ལ་སློབ་དཔོན་དེའི་སྒོམ་རིམ་དུ། དེའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀྱིས་བསམ་གཏན་གྱི་གདམས་ངག་འཕགས་པ་འོད་སྲུངས་ལ་གཏད་ཅེས་པ་ནས་ཐེག་པ་ཆེན་པོ་མདོ་སྡེའི་ཚུལ་དབང་པོ་རྣོན་པོ་དག་ཐབས་ཀྱིས་བསྐལ་པ་གྲངས་མེད་དུ་མར་འབད་པ་ལ་མ་ལྟོས་པར། གང་དག་ཅིར་ཡང་མི་སེམས་མི་འཛིན་ཡིད་ལ་མི་བྱེད་པ་ནི་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་

p. 468

ཏེ། དེ་ལྟ་བུ་ཐོབ་པ་ནི་ཅིག་ཅར་བར་འཇུག་པ་ས་དང་པོ་ཐོབ་པ་དང་འདྲའོ། །ཞེས་ཟེར་ཞིང་། སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་བྱེད་པ་ནི་སྐྱེ་བོ་ལས་འཕྲོ་ཆུང་བ་སྔར་བས་དབང་པོ་རྟུལ་པ་ཁོ་ན་ལ་བསྟན་པ་ཡིན་ནོ། །སྔོན་དུ་མ་སྦྱངས་པ་དག་ལ་ནི་ནམ་མཁའ་ལ་སྤྲིན་དཀར་ནག་གཉིས་ཀས་སྒྲིབ་པ་དང་འདྲ་བར་དགེ་མི་དགེ་གཉིས་ཀ་ཡང་དེ་ཁོ་ནའོ། །དོན་རྟོགས་པར་བྱེད་པ་ལ་སྒྲིབ་པར་དོགས་ནས་འདུས་བྱས་ཀྱི་དགེ་བ་མི་བྱེད་དོ། །ཞེས་སོགས་འབྱུང་བས་དེནི་ཧྭ་ཤང་གི་འདོད་པའོ། །དེ་ལས་སྙིང་པོར་དྲིལ་ན། ཅི་ཡང་མི་སེམས་མི་འཛིན་ཞེས་པས་རྣམ་རྟོག་འགོག་པའི་ལྟ་བ་དང་། ཅི་ཡང་མི་བྱེད་པ་ལུས་ངག་གི་དགེ་བ་འགོག་པའི་སྤྱོད་པ་གཉིས་སུ་འདུས་སོ། །དནི་དེ་དང་དཀར་བརྒྱུད་པའི་ཕྱག་ཆེན་མི་མཐུན་པའི་ཤེས་བྱེད་བཤད་པར་བྱ་སྟེ། དེ་ལ་དང་པོར་ལྟ་བ་མི་མཐུན་ཏེ། ཕྱག་རྒྱ་ཆེན་པོར་འདོད་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ལ། གང་དག་རྣམ་པར་རྟོག་པའི་མཚན་མ་ཇི་ལྟར་སྣང་ཡང་རུང་སྟེ། དེ་འགོག་པ་དང་། བསྒྱུར་བ་དང་། རྗེས་སུ་འབྲང་བ་སོགས་ཀྱི་སྤྲོས་པས་ཡེ་མ་བསླད་པར།

p. 469

ཇི་ལྟར་དྲན་བཞིན་ཤེས་བཞིན་དུ་སེམས་ཀྱི་གནས་ཚུལ་དང་སྣང་ཚུལ་ཐམས་ཅད་རང་བབས་ཉིད་དུ་འཇོག་པ་ཡིན་ནོ། །དེ་ལྟར་ཁྲིད་ཡིག་ཏུ་ལུང་ཡང་ཏིལླི་ཆོས་དྲུག་དང་། ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། །དྲན་པ་ཉམས་པའི་ཆོས་ཀུན་འཇིག་པར་འགྱུར། །ཞེས་དྲངས་སོ། །དྲན་པ་དེ་ཡང་ཆོས་མངོན་པར། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཞེས་པ་དེའོ། །དེ་ལྟར་ཏིང་ངེ་འཛིན་ལས་སུ་རུང་བ་དེ་ལས་སྐྱེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་མེ་དེས་དངོས་པོར་འཛིན་པའི་བུད་ཤིང་ཐམས་ཅད་བསྲེགས་ཏེ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དུ་ཡོངས་སུ་སྤྱོད་པའི་ཕྱིར་ན་ལུང་ཡང་། འོང་སྲུངས་ཀྱིས་ཞུས་པའི་མདོར། ཤིང་གཉིས་དྲུད་པ་ལསནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་དྲངས་ཀྱི། དེ་ལྟར་ཀ་མ་ལ་ཤཱི་ལས་ཀྱང་།

p. 470

ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པར་ཇི་ལྟར་འགྱུར། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་དེ་མེད་ན་དེ་དག་གིས་སྟོང་པ་ཉིད་དུ་རྟོགས་པར་མི་འགྱུར་རོ། །ཞེས་སོགས་བདག་ཅག་གི་དེ་ཁོ་ན་ལྟར་གསུངས་སོ། །དེ་ལ་རྣམ་རྟོག་མེད་དུ་མི་རུང་བ་ནི། བདེ་གཤེགས་ཁམས་པས། རྣམ་རྟོག་མེད་ན་རྩ་བ་ཞིག །དེ་བས་རྣམ་རྟོག་ངོ་མཚར་ཆེ། །ཞེས་དང་། དྲན་ཤེས་ཀྱིས་ཟིན་དགོས་པའང་ཆོས་ཀྱི་རྗེས། དྲན་པས་མ་ཟིན་གོ་ཡུལ་ཡིན། །སངས་རྒྱས་ལམ་དུ་འགྲོ་མི་སྲིད། །ཅེས་སོགས་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །དེས་ན་ཕྱག་ཆེན་གྱི་ལྟ་བ་ནི་དྲན་ཤེས་མེད་པའི་ཧད་པོ་ཞིག་གོ་སྙམ་ནས། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པས། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཡངན་ཉན་ཐོས་འགོག་པར་ལྷུང་། །ཞེས་སོགས་ལའང་འདི་ལས་ཟུར་དུ་དཔྱད་མ་དགོས་ཤིང་། ཀླུ་སྒྲུབ་ཀྱིས། རྨོངས་པ་ཕལ་ཆེར་དུད་འགྲོར་འགྱུར། །ཞེས་གསུངས་ཕྱིར་བླུན་རྨོངས་དག་དུད་འགྲོར་འགྱུར་བ་ནི་ཕྱག་ཆེན་གྱི་ཉེས་ཉེས་ཀྱང་མི་འདྲའོ། །ཡང་སྤྱོད་པའི་

p. 471

སྒོ་ནས་ཀྱང་ཧྭ་ཤང་དང་མི་མཐུན་ཏེ། དེར་ནི་དོན་རྟོགས་པར་བྱེད་པ་ལ་སྒྲིབ་པར་དོགས་ནས་འདུས་བྱས་ཀྱི་དགེ་བ་མི་བྱེད་དོ་ཟེར་མོད། ཁོ་བོ་ཅག་ནི་དོན་རྟོགས་བྱེད་ཀྱི་ཐབས་སུ་སྔོན་འགྲོའི་དུས་ནས་བརྩམས་ཏེ་ཚོགས་གསོག་སྒྲིབ་སྦྱང་ཆེད་དུ་འབད་དགོས་ཏེ། ཕག་མོ་གྲུ་པས། དྲི་མེད་ཕྱག་རྒྱ་ཆེན་པོ་རྟོགས་པ་འདི། །ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་ཡིན། །ཞེས་གསུངས་པའི་ཕྱིར་དང་། སངས་རྒྱས་རེ་བ་མ་མཆིས་ཀྱང་། །དཀར་པོའི་ཕྱོགས་ཀྱི་ཆོས་སྤྱོད་ནི། །རྒྱུན་མི་ཆད་པར་ཉམས་སུ་བླང་། །ངན་འགྲོའི་དོགས་པ་མེད་ན་ཡང་། །ཉེས་བྱས་ཕྲ་ཞིང་ཕྲ་བ་འང་། །མིག་གི་འབྲས་བུར་རྡུལ་བཞིན་བསྲུང་། །སྟོང་པའི་གོ་ཆ་བཟངན་ཡང་། །ཐབས་ཀྱི་ལམ་ཁྱེར་དང་དུ་བླང་། །ཞེས་སོགས་ཤིན་ཏུ་མང་ཞིང་། རྟོགས་པ་ནམ་མཁའ་ལྟ་བུའི་ངང་ནས་ཆོས་སྤྱོད་སྒྱུ་མ་ལྟ་བུ་ཞེས་རྒྱུ་ལམ་གང་གི་གནས་སྐབས་སུའང་ཚོགས་གཉིས་ཟུང་འབྲེལ་དུ་ཁྱེར་བ་ལས། ནམ་དུའང་འདུས་བྱས་ཀྱི་དགེ་བ་ཁྱད་དུ་གསོད་པ་མ་ཡིན་ནོ། །རྗེ་བཙུན་མི་ལ་རས་པས། ཕྱག་རྒྱ་ཆེན་པོ་བསྒོམ་དུས་

p. 472

སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །ཅེས་མ་གསུངས་སམ་ཞེན། དེ་ནི་རེ་ཞིག་ལས་དང་པོ་བའི་སྐབས་སུ་ལུས་ངག་གིས་འབད་ཆེས་ན་དེས་ཏིང་ངེ་འཛིན་གཡེལ་གྱིས་དོགས་པ་སྟེ། ཇོ་བོ་རྗེས། གཅིག་ཏུ་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་ལ་བརྩོན་མི་བྱ། །ཞེས་པ་ལྟར་ཏེ་རྣམ་པ་ཀུན་ཏུ་འགོག་པར་བྱ་བ་མ་ཡིན་ནོ། །དེས་ན་འདིར་རྟོགས་པའི་ངོ་བོ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དང་མཚུངས་ལྡན་དུ་སྤྱོད་ཕྱིར་ཆོས་དང་མཐུན་པའི་ཀླན་ཀ་བྱར་མེད་དོ། །ཞེས་གསུངས་སོ། །ཡང་རིས་མེད་བསྟན་པའི་མངའ་བདག་མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་དཔལ་བཟང་པོས་མཛད་པའི་བདེ་བར་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རིག་པ་འཛིན་པའི་སྡེ་སྣོད་རྡོ་རྗེའི་ཐེག་པ་ལས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་ལས། ཡང་རྫོགས་པ་ཆེན་པོའི་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་

p. 473

བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟོན་པའི་སྐབས། དཀར་ནག་རྒྱུ་འབྲས་འབད་རྩོལ་གྱིས་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ་བོད་འགའ་ཞིག་གིས་སྤྱོད་པའི་ཕྱོགས་སྤངས་པས་ཧྭ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྐྱོན་མཐོང་ཧ་ལས་ལས་ཙམ་བྱེད་པ་བྱུང་མོད། ལར་བདེ་བར་གཤེགས་པས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ་དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བར་སྟོན་པ་དེ་ཡང་འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་པ་ཐ་མ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་ལ་མི་མཐུན་པ་མེད་ལ། ངེས་དོན་ལ་ཟབ་མོའི་གནས་ལུགས་སྟོན་པ་ལ་ཟབ་པ་དང་ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་སྒོ་ནས་འབྱེད་ཅིང་བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོནས་དབྱེ་བ་ཡིན་པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟ་ཉིད་ཀྱིས་བཀའ་བར་པ་རྣམ་ཤེས་ཀྱིས་འདུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་བླངས་ནས་དེ་ངེས་དོན་དུ་

p. 474

འཆད་པའི་སྐབས། གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བར་བྱ་བ་དང་དོར་བར་བྱ་བའི་ཆོས་སུ་དམིགས་པ་སྟེ་མདོར་ན་གཟུང་འཛིན་གྱི་རྣམ་པ་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ་རྣམ་པར་ཐར་པ་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར་རྫོགས་ཆེན་པས་གཞིའི་དུས་སུ་འཁོར་འདས་མཉམ་པ་ཉིད་དུ་ལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་དཔྱོད། འབྲས་བུའི་དུས་སུ་འཐོབ་བྱ་རེ་དོགས་བྲལ་བའི་གདེངས་ཆོས་ཀུན་ཟད་སར་འཁྱོལ་བ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་བ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་

p. 475

བཞག་གཅིག་ཏུ་རྟོགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི་གཉིས་སུ་མེད་པར་གསུངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བའོ། །ཞེས་གསུངས་པ་ལྟར་

p. 476

དེའི་ཕྱིར་ལྟ་བ་ཁས་ལེན་དང་བྲལ་བ། བསྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅིཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ། འདི་ལ་ངོས་མ་བཟུང་ན་རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་ནི་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ་། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཡང་སྤྱོད་པའི་ཕྱོགས་དོར་བས་སོ་ཟེརན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་པའི་གནས་ལུགས་མཐོང་བ་ལ་བཞག་ནས་སེམས་དང་སེམས་བྱུང་གི་གོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་གྲུབ་ཅིང་དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ། འཕགས་པ་དཀོན་མཆོག་བརྩེགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། གང་འདུས་མ་བྱས་པ་དེནི་འཕགས་པ་རྣམས་ཀྱི་

p. 477

རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་བསླབ་པ་ཡང་མེད་བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད་མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད། གང་ལ་རྒྱུ་བ་ཡང་མེད་མི་རྒྱུ་བ་ཡང་མེད་རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ། །གང་ལ་སེམས་ཀྱང་མེད་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད། གང་ལ་བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི་ལས་ཀྱང་མེད་ལས་མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཞེས་པ་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་ལ་མི་འདྲེ་ལ།

p. 478

མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་ཡང་མེད་དོ། །ཞེས་པ་དང་། དགྱེས་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་ཀྱིས་བསྟན་པརྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧྭ་ཤང་གི་ལུགས་སུ་འགྱུར་རམ་སོམས་ཤིག །སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས་ཐབས་དེའི་ཡན་ལག་ཏུ་གྱུར་པ་ནི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་དེ་ལྟ་མ་ཡིནནོ། །ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ནས་སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད། གྲོལ་བའི་འབྲས་བུ་འཐོབ་པ་ལ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཆེན་པོ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ནི་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལས་སྤྱོད་པ་ལ་ཆེད་འཛིན་གྱི་སྤྱོད་པས་མ་བསྒྲིབས་པརནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དམ་པ་ལས། རིན་བྱིན་གྱིས་སྨྲས་

p. 479

པ། འདོད་ཆགས་མ་སྤངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུང་ཞིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ལས་ལས་འདའ་བར་མ་བྱེད་ཅིག །མི་དགེ་བ་རྟོག་ཅིག །དགེ་བ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པ་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུས་ལས་དང་པོ་བའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་མིན་པའི་ཕྱིར་རོ། །ཞེས་བཤད་ཅིང་དེ་དང་གཅིག་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་

p. 480

མི་འབུལ་མཆོད་པ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་སྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ན་འཚང་མི་རྒྱ། །སངས་རྒྱས་གུདན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུཐམས་ཅད་འདུས། །འདུས་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་སྤང་། །བྱས་པས་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདེངས་སུ་གྱུར་པའི་ལྟ་བས་ཟིན་པའི་ཚེ་འདུ་བྱས་པའི་དཀརནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་ཇི་བཞིན་པར་བསྟན་པ་འདི་ཉིད་ཀྱི་རྒྱུད་དུ། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱསན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་

p. 481

འགྱུར། །ཞེས་སོ། །དེ་ཡང་གངས་ཅན་ན་ལུགས་དེ་ཐོས་པ་ན་ནན་གྱིས་འགོག་པར་བྱེད་པ་དག་མང་མོད་ཀྱི། དེ་དག་གི་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོངས་པ་ལ་ཁག་མེད་དེ། །འདི་ལྟར་འཕགས་པ་དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པརན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པརན་ལྟ་བར་གྱུར་པ་རྣམས་ཀྱང་དེ་དང་མཉམ་མོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བ་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཆེན་པོ་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་ཀུན་གྱི་ཡུམ་དུ་གྱུར་པ་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་

p. 482

ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་པའི་མཐའ་ཆེན་པོ་འདི་ཡོད་བཞིན་ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་གྲུབ་པ་རང་གི་ངོ་བོ་མངོན་སུམ་རྟོགས་པའི་ཚེ་བདེན་གཉིས་རེ་འཇོག་ཕྱོགས་སུ་མ་ལྷུང་བར་ཕ་རོལ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ་ནི། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེས་དང་འཛིན་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལས་བསལ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་མཐའ།

p. 483

རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོང་ལ་འདུས། །སྨོན་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱུ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྒྱན་དང་བྲལ་བར་སྣང་ལ་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས་པ་བཞིན་དང་། །དེ་དང་མཚུངས་པར་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་མི་འཛིན་པ་ནི་སྦྱིན་པ། མི་གནས་པནི་ཚུལ་ཁྲིམས། མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཞེས་པ་དང་། དེ་བཞིན་ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་

p. 484

བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། ཞེས་སོ། །འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིང་གྲོལ་ལས་འདས་པས་འདུས་བྱས་ཀྱི་ཁམས་སུ་མི་གནས་ན་ལས་དཀར་ནག་དང་རྒྱུ་འབྲས་མི་བསླུ་བའི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་རོ་ཞེན། རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་དཔེརན་རྨི་ལམ་གྱི་ཚུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཀྱང་། སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་སྒྲ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར་རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུནི་བླང་དོར་ཀྱང་ཡོད་ལ་ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་པ་ཟད་ནས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ་དེ་དག་མི་སྣང་སྟེ་ཡུལ་ཅན་གཟུང་འཛིན་

p. 485

གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྒྲ་ཇི་བཞིན་པར་ངེས་ཤིང་། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར་ངེས་པའི་དོན་ཟབ་མོ་འགྲེལ་བར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་ཕྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་གཟིགས། །ཞེས་པ་དང་། དེ་བཞིན་འཇུག་པ་ལས་ཀྱང་། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་བའི་བློས། །དྲི་མེད་བློ་ལ་གནོད་

p. 486

པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས་ཀྱང་། ཇི་སྲིད་རྐྱེན་རྣམས་ཚོགས་གྱུརན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེནནི་རྒྱུནི་ཆད་པ་ན། །ཀུན་རྫོབ་དུ་ཡང་མི་འབྱུང་ངོ་། །གང་ཚེ་འཁྲུལ་པ་ཡོད་མིནན། །ཀུན་རྫོབ་གང་གིས་དམིགས་པར་འགྱུར། །ཞེས་པ་སོགས་ཀྱིས་བཤད་པ་བཞིན་ནོ། །དེ་ལྟར་གྲུབ་པས་རྫོགས་པ་ཆེན་པོ་འདིར་ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་ཟླ་བའི་དབང་དུ་བགྱིས་ན། གཞིའི་དུས་སུ་ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་བླང་དོར་ཡོད་པས་ཐབས་ལ་སྐུར་པ་མ་བཏབ། ལམ་གྱི་དུས་སུ་ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད། འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནས་འདི་བཀའ་འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུག་མཐར་ཐུག་པ་འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་

p. 487

བར་འཛིན་པ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ནོ། །དེ་ལྟར་ཡིན་པ་རྔོག་ལོ་ཆེན་པོ་ནས་ཇོ་སྲས་ཞལ་ཡན་ཆད་ཀྱི་ཀློག་པ་མཁས་པ་རྣམས་དང་བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས་སངས་རྒྱས་ཀྱི་ཡེ་ཤེས་སུ་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས་འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང་། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལའང་ཡིད་ཆེས་དཀའ་ཞིང་། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཡང་ཐེ་ཚོམ་གྱི་འཁྱོགས་ལ་འཕྱང་བར་བྱེད་།མཉམ་གཞག་གི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པས་ཧྭ་ཤང་གི་སྒོམ་དུ་འགྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་

p. 488

མ་ལས། ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག །ཅི་ལ་ཡང་སེམས་པ་མེད་པ། ཞེས་དང་། འཕགས་པ་ཀླུའི་དགོངས་པ་ཇོ་བོས་བཀྲལ་བ་ལས། རྟོག་དཔྱོད་བྲལ་བའི་མཉམ་གཞག་གི་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཚེ་ཤིང་གཉིས་དྲག་ཏུ་དྲུད་པའི་མེའི་དཔེ་དང་བཅས་པས་བཤད་ཅིང་། ཤེས་པ་གང་ལའང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པ་རྒྱས་པར་བཤད་ཅིང་། དེ་དང་མཐུན་པར་ཀ་ཤིའི་སྒོམ་རིམ་གསུམ་ཀར་ཡང་བཤད་པས་དབུ་མ་རང་རྒྱུད་པ་རྣམས་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། དེ་ཧྭ་ཤང་དང་མཐུན་རུང་མི་མཐུན་རུང་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱི་རང་བྱུང་གི་རིག་པ་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་ངེས་པ་དེ་ཉིད་སྒོམ་གྱི་རྟེན་དུ་བྱས་ནས་རྟོག་དཔྱོད་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པའི་ངང་དེར་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་

p. 489

རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། མཚན་བཅས་རང་སར་དག་པ་དང་། །སྟོང་པའི་ངོ་བོ་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་བས་ལྷག་མཐོང་གི་ཆོས་ཉིད་ལ་མ་རེག་ཅིང་སེམས་དང་སེམས་བྱུང་གི་ལྡོག་པས་བཞག་པའི་སྟོང་པ་འབའ་ཞིག་ལྟར་སྣང་བ་ལ་དམིགས་པའི་དེར་འཛིན་གྱི་བློ་དང་བཅས་པའི་འཛིན་སྟངས་ཀྱིས་བསྒྲིབ་པ་ནི་མི་ཟད་པ་དང་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་ཏེ། འོད་སྲུངས་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོན་པ་དེ་ངའི་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དེ། འོང་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་སྟོན་པ་ཉིད་ཀྱིས་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུའི་ཞབས་ཀྱིས། ཐ་སྙད་ལ་ནི་མ་

p. 490

བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་དགག་སྒྲུབ་ཀྱི་རྣམ་དཔྱད་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། ལུང་དེའི་གོ་བ་ནི་དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པ་ཙམ་ལས་མཐའ་གཅིག་ཏུ་རྟོག་གེའི་རིགས་པས་དཔྱད་ནས་རྟོགས་དགོས་པར་གསུངས་པ་མ་ཡིན་ཏེ། དེ་ཕྱིར་དེ་ནི་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟགས། །ཞེས་རྣམ་གྲངས་དུ་མས་སྨད་པར་མཛད་པ་བཞིན་རྟོག་དཔྱོད་ཀྱི་འཕྲང་ལ་གཏུག །དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་དཔྱད་པས་མཐའ་གཉིས་བསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབས་པ་ཤིན་ཏུ་དཀའ་སྟེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཕྱིར། ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་དཔྱོད་ཀྱི་ངོ་བོར་གནས་པ་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་

p. 491

བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར། འདིར་ནི་རང་བཞིན་རྫོགས་པ་ཆེན་པོའི་འདུག་སྟངས་གསུམ་གྱིས་གཟེར་བསྡམས། ལྟ་སྟངས་གསུམ་གྱིས་གནད་གཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ལྟ་བུ་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། །དབང་པོ་ཅིག་ཅར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱི་ནི། །རང་གི་གྲུབ་པའི་མཐའ་ཞིག་ནས། །གང་ལ་འཛིན་དང་ཞེན་མེད་པར། །ཡང་དག་ཆོས་ཉིད་རོ་མྱངས་ནས། །ཁམས་གསུམ་འཁོར་བའི་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་ཕྱོགས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་རྣམས་ལ་དགོངས་ནས་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས་ལ། ལྟ་བ་མ་འཁྲུལ་པར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང་། དེ་ཉིད་ཐེག་པར་མི་འཐད་

p. 492

པར་གསུངས་པ་ནི་དགོངས་པ་ཅན་ཏེ། ཉན་རང་བྱང་སེམས་སངས་རྒྱས་ཀྱི་སས་བསྡུས་པའི་ཡེ་ཤེས་དེ་ཉིད་མ་རྫོགས་པ་དང་། ཅུང་ཟད་རྫོགས་པ་དང་། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་བཞག་དང་ཐེག་པའི་རིམ་པར་བཞག་པ། རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་སྒྲིབ་བྱེད་བྲལ་སྟོབས་ཆེ་ཆུང་གིས་ཡེ་ཤེས་མངོན་དུ་གྱུར་པར་བྱ་རྒྱུ་ཡོད་པ་ལ་དགོངས་པའི་ཕྱིར་ཐེག་པར་བཞག་པ་ལ་འགལ་བའི་གནས་ཆ་ཙམ་ཡང་མེད་དེ། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པར་མཐོང་བའི་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་བཞག་བྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་

p. 493

པ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་གདོད་ནས་གྲུབ་པའི་མཐའ་རྫོགས་པ་ཆེན་པོ་ལ་ཡིད་མི་ཆེས་བཞིན་དུ་བློས་གསར་དུ་བཞག་པའི་གྲུབ་མཐའ་ལ་མཆོག་ཏུ་བཟུང་བས་རྣམ་ཐར་སྒོ་གསུམ་གྱི་དོན་ཀྱང་གཞན་དུ་འཕུལ་བར་འགྱུར་ཏེ། གཟུགས་བརྙན་སྤངས་པའི་གྲིབ་མ་བཞིན་ནོ། །དེ་བཞིན་རྒྱུའི་ཐེག་པར་ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་མ་བསྟན་པར་སྒམ་པོ་པ་ཁོ་ནས་བཅོས་པར་སྨྲ་བ་སོགས་ཀྱིས་བསྟན་པའི་རིགས་པ་མ་ཡིན་པའི་ལམ་དུ་འདྲེན་པའི་སྐབས་ཀྱང་བྱུང་མོད། རྣམ་པར་འདུས་མ་བྱས་པའི་དབྱིངས་ལ་ཕྱག་རྒྱའི་མཚན་གྱིས་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་དགའ་བོ་ཆོས་ཀྱི་ཕྱག་རྒྱ་དེ་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་མེད་པ་ཡིན་ནོ། །མ་བྱས་པའི་ཕྱག་རྒྱ་ཡིན་ནོ། །དབྱེར་མེད་པའི་ཕྱག་རྒྱ་ཡིན་ནོ། །ཀུན་དགའ་བོ། གང་དག་ཕྱག་རྒྱ་དེས་བཏབ་པ་དེ་དང་དེ་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན། རིགས་བཙུན་པ་ཡིན། མིའི་སེང་གེ་ཡིན།

p. 494

ཞེས་པ་ལ་སོགས་གསུངས་པ་དང་། སློབ་དཔོན་ཡེ་ཤེས་གྲགས་པས་དེ་ཁོ་ན་ཉིད་འཇུག་པར་ཡང་། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་རྒྱས་པར་བཤད་པའི་ཕྱིར། མདོའི་དངོས་བསྟན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐབས་འགར་ཕྱག་རྒྱ་ཆེན་པོའི་སྒྲས་སྨྲོས་པར་མཛད་ཅིང་སྔགས་སུ་དེ་ཉིད་བདེ་བ་ཆེན་པོའི་ཐབས་ཀྱིས་བསྒྲབས་པས་བདེ་སྟོང་ཕྱག་རྒྱ་ཆེན་པོར་འགྱུར་བའི་མདོ་སྔགས་ཀྱི་ཁྱད་པར་ཙམ་ལས་མདོའི་ཐེག་པར་ཕྱག་རྒྱ་ཆེན་པོ་གཏན་ནས་མ་བཤད་པར་སྨྲ་བའང་ཅུང་མི་ལེགས་ཏེ། བདེ་གཤེགས་སྙིང་པོ་སྤྱི་ཙམ་ཞིག་མདོའི་ལམ་དུ་བསྟན་ནས་ཤིན་ཏུ་རྒྱས་པའི་ཚུལ་རྣམས་སྔགས་སུ་བསྟན་པ་དང་མཚུངས་པའི་ཕྱིར་རོ། །དེ་བས་ན་དྲང་དོན་ཁོ་ནའི་ཕྱོགས་སུ་འཆེལ་བ་དང་། ཐ་སྙད་ཀྱི་རྣམ་བཞག་ཙམ་ལ་ཞེན་པ་དང་། ཚིག་གི་རྗེས་སུ་འབྲང་བ་རྣམས་ཀྱིས་རང་འདོད་ཕྱོགས་ལྷུང་གི་ལུང་བསྒྲགས་པ་དེ་དག་གི་ཕུགས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དུ་མས་གཏིབས་ཤིང་འོལ་ཚོད་ཀྱི་མུན་

p. 495

མདའ་རློམ་ཚོད་ཙམ་དུ་མ་སོང་བ་ཤིན་ཏུ་མང་བས་རིགས་དེ་ལ་ཚད་མས་འགོག་ནུས་པ་གང་ཡང་མེད་པར་འདི་ཙམ་གྱིས་ཀྱང་མཚོན་ནུས་སོ། །ཞེས་གསུངས། ཡང་ཕན་བདེའི་འབྱུང་གནས་སྔ་འགྱུར་གསང་ཆེན་བསྟན་པའི་མངའ་བདག་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ་མཁྱེན་རྩེའི་འོད་ཟེར་གྱི་རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མ་ལས། མཚན་ཉིད་པའི་དགེ་བཤེས་གཅིག་ལ། ཧྭ་ཤང་གི་འདོད་པ་ཡིན་ཟེར་ནས་ཚིག་གི་ལམ་ནས་སྒྲོ་བཏགས་མང་པོ་འདྲེན་པ་དེ། རང་རྒྱུད་པའི་འདོད་པ་དགག་གཞིར་བྱས་པ་ཡིན་ནནི། ཀླུ་སྒྲུབ་ཀྱི་དགོངས་པ་དཱི་པཾ་ཀཱ་རས་འདི་ལྟར་བཀྲལ་ཏེ། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པ་ལས་མེ་བྱུང་བའི་རྐྱེན་གྱིས། ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ངོ་བོ་ཐམས་ཅད་མེད་པར་གྲུབ་ཙམ་ན། ཤེས་རབ་ཉིད་སྣང་བ་མེད་ཅིང་། འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་སོགས་ཀྱི་སྐྱོན་དུ་

p. 496

གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཞེས་པས་སྒོམ་རིམ་གསུམ་ནི་རབ་ཏུ་བཞར། རྩོད་བཟློག་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་སོགས་པའི་དོན་ཆོས་ཉིད་ལ་ལུང་དུ་མ་བསྟན་པའི་གནོད་བྱེད་གང་གིས་འགེགས་བྱས་པས། ཧྭ་ཤང་གིས་རྒྱལ་བའི་བཀའ་རྡོག་དྲིལ་བྱས་པས་དེ་མཁས་རྟགས་ལ་གྲུབ་ཟེར། འདི་ཡང་དཔྱད་པར་བྱ་སྟེ། དེ་ཉིད་རྒྱལ་བའི་བཀའ་ལ་ཚད་མར་མི་བྱེད་པ་མུ་སྟེགས་ཀྱི་རྗེས་སུ་འབྲང་བའི་གཏན་ཚིགས་ཨེ་ཡོད། མེད་ན་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་གསུང་རབ་ཧྭ་ཤང་གི་བློ་ལ་བཞུགས་ཤིང་། དོན་ལ་རྟོགས་པ་ནི། ཆོས་བྱིང་མ་བསྒྲར་བའི་གོང་དུ། སྦ་སང་ཤིས་ལོ་ཙཱ་བྱས་ཏེ། ཧྭ་ཤང་གི་བློ་ལས་ཕལ་ཆེན་བསྒྱུར་བའི་དཔང་པོ་ཡོད་པས་སོ། །ཡང་ཁྱེད་རང་རྣམ་པ་ཡིད་ལ་མི་བྱེད་པའི་ཆོས་སྐད་ལ་ལོག་པར་ལྟ་བཞིན་འབྲུག་པ་ཀུན་ལེགས་གྲུབ་ཐོབ་ཏུ་འཛིན་གྱིན་འདུག་པས། དེ་ཉིད་ཀྱིས་བསམ་ཡས་སུ་ཧྭ་ཤང་ཆེན་པོའི་གཞུང་ཐམས་ཅད་ཡུམ་

p. 497

གྱི་གླེགས་བམ་ལ་ཁུངས་བཅོལ་བར་འདུག་པས། ཕྱོགས་སྔ་མཛད་མཁན་ཚོས་ཕྱོགས་སྔ་མ་ལོང་ངམ། ཡུམ་ཤེར་ཕྱིན་འཁྲུལ་ན་ནི་མ་ཤེས། གཞན་སློབ་དཔོན་ཀ་མ་ལ་ཤཱི་ལ་ནི་དབུ་མ་རང་རྒྱུད་པར་འདུག་པས། དེའི་གྲུབ་མཐའ་རྣམ་དག་ཡིན་མིན་ཇོ་བོ་དགེ་ལྡན་པ་ལ་འདྲི་བ་ཞུ་ལགས། ཞེས་བྲིས་འདུག་པས་སོ། །དེ་ཡང་བདག་ལྟ་ཕྱོགས་འཛིན་ཡིན་ཟེར་ན། ཇོ་བོས་གཅིག་ཆར་འཇུག་པ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མ་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ། །ཞེས་ཀླུ་སྒྲུབ་ཀྱི་གཞུང་དྲངས་པ་ལ་ལྟོས། ལར་སྦ་བཞེད་ནས་དེ་ལྟར་བཤད་པས་ཟེརན། ཆོས་འབྱུང་དང་རྣམ་པར་ཐར་པ་ཚོ། མཉམ་པ་ཉིད་ཀྱི་བློ་ཅན་ལ་དག་སྣང་དང་། ངེས་ཤེས་སྐྱེ་ཕྱིར་ནི་རུང་ལ། གཞན་དུ་ན་གཟུ་བོ་གཟུ་བོར་བྱས་པའི་དཔྱད་པ་དགོས་པའང་ཤིན་ཏུ་མང་ངོ་། །གལ་ཏེ་དེ་ལྟར་ཡིན་དུ་ཆུག་ཀྱང་། ཆོས་ནི་ཚིག་ལ་མི་རྟོན་དོན་ལ་རྟོན་ལ། བློ་མཆོག་རྣམས་ཀྱི་ཁྱད་པར་ཡིན་པས་ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན་པའི་ཕྱིར། དགོངས་པ་ཅན་དང་ངེས་པ་ཅན་གང་

p. 498

ཡིན་དཔྱད་དཀའ། གྲུབ་པའི་སྐྱེས་བུ་མཆོག་གི་ལྟར་སྣང་ཐམས་ཅད་སྒྲ་ཇི་བཞིན་པར་འཛིན་ན། མི་ལས། མཐོ་མི་མངོན་ནམ་མཁའི་དབྱིངས་ཤེད་ན། །རྗེ་དུས་གསུམ་སངས་རྒྱས་ཞལ་རྫུན་མཁན། །ཆོས་དྲང་དོན་གྱི་བློ་བྲིད་གསུངས་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཅེས་པ་འདིས་ཆོས་དང་གང་ཟག་གཉིས་ཀ་ལ་སྐུར་པ་བཏབ་པར་ཨེ་འགྱུར། དེ་བཞིན་དུ་མཁས་གྲུབ་ཆེན་པོ་དག་གིས་དགོས་པའི་སླད་དུ་ཁྲི་བརྒྱད་སྟོང་པ་འཕོང་སྟེགས་སུ་བཅུག་པའི་ལོ་རྒྱུས་ཀྱང་ཡོད་པས་སོ། །དོན་དམ་པར་ལྟ་བའི་གནད་གང་ཚད་མ་དང་ཅིག་ཤོས་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱི་གཞན་གྱིས་མ་ཡིན་པས། རང་ཉིད་གང་ལ་ཡིད་ཆེས་པ་དེ་སྐལ་པ་དང་བསོད་ནམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ལར་བརྗོད་བྱ་འདིའི་སྙིང་པོའི་རྗོད་དོན་ལ་རྟོག་དཔྱོད་ཕྲ་མོའི་ཤེས་རབ་ཞུགས་མ་ཞུགས་ཀྱི་ཁྱད་པར་ལས་མི་འདུག་པས། དེའི་རང་བཞིན་ཁོ་བོ་ཅག་གི་བཞེད་གཞུང་གླང་ཆེན་རབ་འབོག་ལས། སེམས་ལྔ་སྐྱེས་པའི་སྐྱེས་བུའི་ཐུགས། །ལམ་གྱི་ངོ་བོ་རྒྱུད་ཡིན་པས། །ཐམས་ཅད་མ་ལུས་རྫོགས་པར་བྱེད། །

p. 499

དཔྱད་དུ་མེད་པར་གོ་བ་ནི། །དབང་པོ་རྣོན་པོའི་སྤྱོད་ཡུལ་ཏེ། །སྣང་སྲིད་ཆོས་རྣམས་མ་ལུས་པ། །བྱང་ཆུབ་སྙིང་པོར་གཏན་ལ་འབེབས། །དཔྱད་དུ་ཡོད་པར་གོ་བ་ནི། །དབང་པོ་རྟུལ་པོའི་སྤྱོད་ཡུལ་ཏེ། དཔེ་དོན་རྟགས་དང་གཏན་ཚིག་གིས། །ཡིད་ཆེས་ངེས་ཤེས་བསྐྱེད་པར་སྟོན། །རྟོག་པ་ཞུགས་པ་དམིགས་པའི་རྟེན། །དམིགས་པ་ཞུགས་ན་འཛིན་པས་བཟུང་། །འཛིན་པས་བཟུང་ཕྱིར་གྲོལ་མི་འགྱུར། །ཞེས་དང་། ཆོས་རྣམས་ཐམས་ཅད་སེམས་སུ་འདུས། །སེམས་ཉིད་ནམ་མཁའ་ལ་གནས་ཏེ། །ནམ་མཁའ་ཅི་ཡང་མི་གནས་པས། །དེ་ཕྱིར་དཔྱོད་པའི་བྱ་བྱེད་བྲལ། །བྱར་མེད་བསམ་བྲལ་བརྗོད་འདས་རྟོགས། །དཔྱད་དུ་ཡོད་པར་དངོས་ཞེན་པ། །མུ་སྟེགས་རྟག་པར་ལྟ་དང་མཚུངས། །དཔྱད་དུ་མེད་ལ་ཞེན་འཐས་པ། །མུ་སྟེགས་ཆད་པར་ལྟ་དང་མཚུངས། །མཐའ་གཉིས་གོལ་ས་གཅད་པའི་ཕྱིར། །མཁས་པས་ཕྱོགས་གཅིག་ཞེན་མི་བྱ། །ཞེས་པ་འདི་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་སྒྲ་ཇི་བཞིན་པ་ཡིན། །དེས་སྤྱོད་ཕྱོགས་ཁྱད་དུ་བསད་སྙམ་ན། སེམས་ཀྱི་སྡེ་ལས།

p. 500

མ་བཅོས་རྣལ་དུ་བཞག་པ་དེར། །ཐེག་དམན་རྩོལ་སྒྲུབ་ཀུན་འདུས་ཏེ། །འོག་མའི་བྱང་ཆུབ་དེ་ལ་རྫོགས། །ཞེས་པ་འདི་གནད་ཟབ་མོ་ཡིན། དགེ་བཤེས་མཚན་ཉིད་པའི་ཆོས་སྐད་ཁྱད་དུ་འཕགས་པ་སྣང་ཡང་། འདིའི་ངང་དུ་མཉམ་པར་འཇོག་རང་མི་མཁྱེན་པས་ལན་པ་འདྲ་གསུངས། ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇིགས་མེད་གླིང་པའམ་མཚན་ཡོངས་གྲགས་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་དགོངས་འདུས་རྣམ་བཤད་ལས། དེ་ལ་རྫོགས་ཆེན་རང་ལུགས་ལ་ཀ་དག་གི་རིག་པ་བརྒལ་ལན་གྱིས་གཏན་ལ་དབབ་པའི་དུས་སུ། དབྱིངས་ཀ་དག །ཡེ་ཤེས་ཀ་དག །སྐྱོན་མེད་ཀ་དག །གྲོལ་གཞི་ཀ་དག །གྲོལ་སའི་ཀ་དག་ཅེས་རྣམ་དབྱེ་བསམ་གྱིས་མི་ཁྱབ་ལ། དེ་ཡང་སྔ་མ་གཉིས་ལ་ལྷུན་གྲུབ་ཀྱི་གྲུབ་མཐས་གནོད་ཅིང་། ཕྱི་མ་གཉིས་ནི་མན་ངག་གི་དགོངས་པ་ཡིན་ལ། འདིར་བརྗོད་བྱའི་སྙིང་པོ་ནི་བར་མའི་ཀ་དག་ཆེན་པོའོ། །སྐྱོན་མེད་དུ་གྲགས་པ་གཞི་འབྲས་ཀྱི་མ་རིག་པ་མ་སྤངས་ལ་མི་ལྡན་པའི་དོན་ཧྲིལ་གྱིས་དྲིལ་ན། བློས་པར་མ་བསྒོམས་པ། རིག་པས་ཚུར་ལ་མ་བཅིངས་པ། བཅིངས་གྲོལ་གཉིས་

p. 501

ཀའི་མཐའ་ལས་འདས་པ། ཡིད་ཆེས་ཀྱི་སྒྲོག་གིས་མ་བསླུས་པ། ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས་ཡེ་དག །ཡིད་ལ་བྱ་རྒྱུ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་བྱར་མེད། སྒོམ་འཛིན་གྱི་བློ་དང་བྲལ་བས་བློ་བྲལ། གཉུག་མ་རང་ངོ་ལ་ཡོད་པས་མ་བཅོས་ལྷུག་པ། ཚུར་ལ་མ་བཅུར་བས་རྒྱ་ཡན། ཕར་ལ་མ་བསྒོམས་པས་ཅོག་བཞག །བཅིང་གྲོལ་གཟོད་ནས་དག་པ་དེ་ཀའི་ངང་ལ་འགྱུ་དྲན་ཕྲ་རགས་ཐམས་ཅད་རང་གྲོལ་རྗེེན་པར་ལྷག་གེར་བཞག་སྟེ། ཨོ་རྒྱན་ཆེན་པོས། ཐོས་བསམ་འབད་རྩོལ་བསྒོམ་པ་དང་། །མི་སྒོམ་མི་རྟོག་བྱར་མེད་སོགས། །གང་ལྟར་བྱས་ཀྱང་བཅོས་མའི་ལམ། །མ་བཅོས་ཆོས་སྐུའི་ཀློང་དུ་བཤགས། །བྱས་པའི་ཆོས་ཀྱིས་འཚང་མི་རྒྱ། །བློ་ཡི་ཆོས་ཀྱིས་རང་ཉིད་འཆིང་། །གང་ལ་དམིགས་ཀྱང་ཡིན་ལུགས་སྒྲིབ། །དམིགས་མེད་ཆོས་སྐུའི་ཀློང་དུ་བཤགས། །ཞེས་གསུངས་པ་ལྟར་རོ། ཁ་ཅིག་གིས་རྫོགས་པ་ཆེན་པོའི་ལྟ་བ་དེ་རྒྱུད་དང་མཚོན་བྱེད་ཚིག་གིས་བཤད་པས་དེ་དག་ཧྭ་ཤང་དང་བོན་པོའི་ལྟ་བ་དང་མཚུངས་སོ་ཞེས་སྐུར་པ་མི་བཟད་པ་བྱེད་

p. 502

མོད། དེ་ནི་མཚོན་བྱ་དོན་གྱི་ཡེ་ཤེས་དགོངས་པའི་རྒྱུད་ལ་འབྱོར་པའི་སྤྱན་སྔར་རང་མཚང་རྗེན་པར་སྟོན་པའི་གཏམ་སྟེ། དེ་ཡང་ཧྭ་ཤང་གི་ལུགས་མི་འཐད་ཅེས་ཟེར་བ་ལ་རིམ་གྱིས་སྨྲ་བ་ཐམས་ཅད་མཐུན་མོད། དེ་དང་མ་ཧཱ་སནྡྲི་པའི་ལྟ་བ་མཐུན་པར་གོ་བ་ལ་སྔོན་དུ་ཧྭ་ཤང་གི་གཞུང་ལུགས་མཚང་རིག་པའི་སྒོ་ནས་རྒོལ་བར་རིགས་པའི་ཕྱིར། དེའི་གཞུང་ལུགས་གཏེར་དུ་སྦས་ནས་མེད་པས་གྱ་ཚོམ་གྱི་གཏམ་ཡང་ཡིན་ནོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ཧྭ་ཤང་གི་ལུགས་ལ་དགག་པ་བྱས་པ་དེ་ཉིད་ཀྱི་རྗེས་སུ་འབྲངས་ན་ནི་དགག་པོ་རང་ཉིད་ཀྱི་འདོད་པ་ཡང་དབུ་མ་རང་རྒྱུད་པ་ཡིན་པས། ཤིང་རྟའི་སྲོལ་འབྱེད་གཉིས་འཛམ་གླིང་མཛེས་པའི་རྒྱན་གྱི་གཙོ་བོ། བྲམ་ཟེ་གཙུག་ཕུད་ཅན་གྱི་སྲས་འཕགས་པ་ཀླུ་སྒྲུབ། བྲམ་ཟེ་མོ་སུ་པྲ་ཀ་ཤ་ཤཱི་ལཞེས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ལ་བསམས་ནས་རྒྱལ་རིགས་འདུས་པ་ལས་བྱུང་བའི་སྲས་འཕགས་པ་ཐོགས་མེད་གཉིས། ལས་ཟབ་མོ་ལྟ་བརྒྱུད་པའི་རྗེས་སུ་ཞུགས་པ་རྣམས་འགྲེལ་པ་བུདྡྷ་པ་ལི་ཏ་ལ་སོགས་པའི་རྗེས་སུ་འབྲངས་ནས། དབུ་མ་ཐལ་འགྱུར་ལས་རང་རྒྱུད་པའི་ལྟ་བ་ཤིན་ཏུ་རྣམ་དག་མ་ཡིན་པར་བཞེད་པའི་ཕྱིར་དགག་བྱ་ཁོག་སྐབས་ཀྱང་མེད་ལ།

p. 503

འོན་ཏེ་ཡིད་ལ་མི་བྱེད་པ་ཟེར་བའི་ས་བོན་ཙམ་ལ་བརྟེན་ནས་ཧྭ་ཤང་དང་མཐུན་ནོ་སྙམ་ན་ནི་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་པ་ལྟ་བུས་མཚོན་ཏེ་དགོངས་འགྲེལ་དང་བཀའ་ལུང་མང་པོ་ནས་དེ་ལྟར་གསུངས་པའི་ལུང་མང་པོ་ཡོད་པའི་ཕྱིར་དང་། ཅི་སྟེ་བཟང་རྟོག་ངན་རྟོག་གཉིས་ཀ་དགག་བྱར་བྱེད་པ་ཞིག་ཏུ་ཁྱེད་ཅག་གི་མཐོང་ཕྱོགས་སུ་སྣང་ན་ནི། ཡེ་རྫོགས་པས་དེ་གཉིས་ཀ་སྤང་བསྒྱུར་གང་ཡང་མི་བྱེད་པར་ཟང་ཐལ་དུ་ལམ་དུ་འཁྱེར་བའི་ཕྱིར་དང་། སོ་སོར་རྟོག་པའི་ཤེས་རབ་ཁོ་ན་ལ་མ་བརྟེན་པར་སྒོམ་གྱི་གནས་ལུགས་མི་རྟོགས་པར་འདོད་ཅིང་། མདོ་སྔགས་གཉིས་ཀྱང་ཐབས་ཀྱི་ཁྱད་པར་མ་གཏོགས་ལྟ་བའི་ངོས་ནས་དབྱེ་རུ་མེད་ཅེས་ཟེར་བ་ནི། སྔགས་ཀྱི་སྦས་དོན་མཐར་ཐུག་གི་དོན་ཁྱད་པར་བ་རྣམས་སུ་ལྟ་བའི་གནད་ཐུན་མོང་མ་ཡིན་པ་བཤད་པ་ཐམས་ཅད་སྙིང་པོ་མེད་པར་བཏང་བའི་ཕྱིར་དང་། ཅི་སྟེ་ཐ་སྙད་ལ་མ་བརྟེན་པར་དོན་དམ་པའི་གནས་ལུགས་མི་རྟོག་པར་འདོད་པ་ནི། རྫོགས་རིམ་ཟབ་མོ་རྟོག་དཔྱོད་ཀྱི་ཡུལ་མ་

p. 504

ཡིན་པ་རྒྱུད་སྡེ་རྣམས་ནས་ཇི་སྙེད་ཅིག་གསུངས་པ་རྣམས་དགག་པར་འགྱུར་བ་དང་། གལ་ཏེ་རྟོག་པས་བཏགས་པའི་རིག་ཤེས་ཀྱི་གཉེན་པོ་ཡིན་པར་འདོད་ན་བྱིས་པ་སོ་སོ་སྐྱེ་བོའི་བློས་བསམ་གྱིས་མི་ཁྱབ་པ་རྣམས་མ་ཡིན་པར་འགྱུར་བའི་ཕྱིར་དང་། ཐ་སྙད་ཙམ་ལ་བརྟེན་ནས་དོན་ཇི་བཞིན་པར་རྟོགས་པར་འདོད་ན། ཕྱི་རོལ་ཐ་སྙད་ཀྱིས་ཀྱང་ནང་འི་གྲུབ་མཐའ་རྟོགས་པར་ཧ་ཅང་ཐལ་བའི་ཕྱིར་དང་། ཅི་སྟེ་བློས་བསྒྲུབས་པའི་སྟོང་ཉིད་ལ་མཆོག་ཏུ་བཟུང་ནས་ལྟ་བ་མཐོ་དམའ་ས་མཚམས་གཟུང་དུ་ཡོད་ནནི། རང་ལྟ་མཆོག་འཛིན་གྱི་གོལ་ས་མ་སྤངས་ཤིང་ཡང་དག་པའི་ལམ་རྣལ་མ་ཁ་འགྱངས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀུན་བཏགས་ཡིན་པའི་ཕྱིར་རང་གི་མཚན་ཉིད་མ་གྲུབ་པས། ངོ་བོ་ཉིད་མེད་དེ་ཞེས་པ་ནི་ཐུན་མོང་གི་ཐེག་པའི་སྐབས་ནས་ཀྱང་ཁས་ལེན་དགོས་པའི་རྒྱུ་མཚན་གྱིས། དོན་དུ་ནི་ཅི་ཡང་ཡོད་མ་མྱོང་བས་རྟག་པའི་མཐའ་དང་བྲལ་ཞིང་། རང་བཞིན་གྱིས་འོད་གསལ་བ་ནི་གདོད་མ་ནས་ལྷུན་གྱིས་གྲུབ་པས་མེད་མ་མྱོང་བས་ཆད་པའི་མཐའ་དང་བྲལ་བས། དེ་ལྟར་ཡོད་མེད་ཀྱི་སྒྲོ་འདོགས་རིག་

p. 505

པ་གཅིག་པུའི་སྟེང་དུ་དུས་གཅིག་ལ་ཆོད་ནས་རྡོ་རུས་སིང་སྟེ་ཐུག་པ་ནི་སངས་རྒྱས་ཀྱི་དགོངས་པ་རྣལ་མ་ཡིན་པར་ཁོ་བོ་ཅག་འདོད་པའི་ཕྱིར་བསམ་ངོ་དང་བྲལ་བར་འཇོག་སྟེ། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དང་གྲུབ་ཆེན་ས་ར་ཧའི་རྗེས་འབྲང་རྣམས་ཀྱང་འདི་བཞེད་དེ། དབུ་མ་ལས། ཡོད་པ་མ་ཡིན་མེད་པའང་མིན། །འདིའི་སྐོར་རྒྱས་པར་སྣང་ཉམས་སོ་སོའི་འཆར་ཚུལ་ལྟོ་སྦྱར་བའི་ཉམས་བཤད། རིག་པ་སྒོམ་སྟོབས་ཀྱི་རྩལ་ལས་བྱུང་བའི་ཉམས་མྱོང་གནད་ཀྱི་མེ་ལོང་དང་འགལ་སྤོང་སོགས་ཁོ་བོའི་མགུར་འབུམ་ཡེ་ཤེས་མེ་ལོང་དང་། མན་ངག་དྲིས་ལན་དུ་བརྗོད་པ་ཡིག་ཆུང་རྣམས་སུའང་གསལ་བར་བྲིས་ཡོད་དེ་བགྱི་བ་དོན་ལྡན་ཡིནནོ། གཉིས་ཀྱང་མ་ཡིན་གཉིས་མེད་མིན། །མཐའ་བཞི་དག་དང་བྲལ་བ་ལ། །དབུ་མ་ཞེས་ནི་རབ་ཏུ་བརྗོད། །ཅེས་ཁ་ཙམ་གྱིས་ཡོད་པ་མ་ཡིན་མེད་པ་མ་ཡིན་ཞེས་བརྗོད་པ་མ་ལགས་པར་སེམས་ཀྱི་ངོ་བོ་མུ་བཞི་དང་བྲལ་བས་བསམ་བརྗོད་དང་བྲལ་འགྲོ་བ་རྒྱུད་ཐོག་ཏུ་དཔྱད་པར་བྱ་ལ་དེ་སྐད་དུ། དོ་ཧ་མཛོད་ལས། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཡིད་ལ་བྱར་མེད་མཐའ་བྲལ་གཉུག་མའི་ངང་། །དེ་ཉིད་སྐྱོང་ལ་སྒོམ་ཞེས་

p. 506

ཡུམ་ལས་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ལ་སོགས་པས། ཕུང་པོ་ལྔ་དང་བྲལ་བའི་མཉམ་གཞག །ཚེགས་བརྒྱད་ཀྱི་དྲི་མས་མ་གོས་པའི་རྗེས་ཐོབ་གསལ་བར་བསྟན་ཀྱང་རྟོག་གེའི་རིགས་པས་འདོད་པའི་ལྟ་བ་ཙམ་ལས། ཚུལ་ཇི་བཞིན་མ་དཔོག་བས་ལམ་རྣལ་མ་ལ་སྐུར་པ་འདེབས་པ་སྙིང་རྗེ་བའོ། །ཐ་སྙད་བཏགས། །ཞེས་དང་། དེ་བཞིན་མགོན་པོ་ཀླུས་ཀྱང་། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེནི་བལྟ་བྱ་ལ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་པའང་སྔ་མ་དང་དགོངས་པ་གཅིག་གོ །ཏིལླི་པས། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབ་བཞག །ཅེས་དང་། ནཱ་རོ་པས། གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་དང་། ས་སྐྱ་པ་ཆེན་པོས། ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་མེད་འཛིན་པར་མི་རིགས་ཀྱིས། །གཉིས་མེད་ངང་ལ་གང་དགར་ཞོག །ཅེས་དང་། རྗེ་བཙུན་མི་ལས། ཡང་དག་དོན་ལ་བསམ་རྒྱུ་མེད། །བསམ་རྒྱུ་མེད་པར་བསྒོམ་ཤེས་ན། །ཉོན་མོངས་གྲི་

p. 507

ཟད་བརྡར་ཟད་ཡིན། །བསམ་བློ་མང་པོ་སྐྱེས་ཕྱིན་ཆད། །ཇི་ལྟར་བསྒོམས་ཀྱང་གྲོལ་མི་ནུས། །ཞེས་དེ་དག་ཐམས་ཅད་བསམ་རྒྱུ་མེད་པའི་ཅིར་ཡང་མི་འཛིན་པར་དགོངས་པ་མཐུན་པ་དང་། ཞི་བྱེད་པ་རྣམས་ཀྱང་འདི་བཞེད་དེ། ཕ་དམ་པས། སྒོ་ལྔའི་དབང་པོ་གསལ་བ་ལ། ཡིད་ཀྱི་རྣམ་ཤེས་མི་འཕྲོ་བ། །དེ་ནི་མཉམ་གཞག་ཐབས་ཆེན་ཡིན། །ཞེས་དང་། གཅིག་པུར་ལྐོག་ཏུ་ཉལ་ཙན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་དུ་འདུག་ཙན། །གང་ཤར་ངོ་བོར་ལྟ་བ་ཡིན། །ཞེས་དང་། རིག་པ་དྲི་མེད་སྒོམ་པ་ལ། བློས་སྒོམ་གྱིས་ཞབས་ཏོག་མི་བྱ་ཞབས་འདྲེན་དུ་འགྲོ་གསུངས་པ་ལ་སོགས་དེ་ཐམས་ཅད་ཀྱང་བསམ་རྒྱུ་མེད་པར་དགོངས་པ་མཐུན་མོད། འོན་ཀྱང་དང་པོ་སེམས་ཀྱི་མཚང་དབྱུང་བ་དང་གནས་ལུགས་ཀྱི་གཞི་གཏན་ལ་འབེབས་པའི་རྩལ་སྦྱོང་བ་ཙམ་ལ་ནི། དབུ་མས་འཇོག་སྒོམ་དང་དཔྱད་སྒོམ། རྡུལ་ཕྲན་བསིལ་གཏོར་སོགས་དང་། ཕྱག་ཆེན་པས་ཐོལ་སྐྱེས་རྦད་གཅོད། གང་ཤར་བཟོ་མེད། གང་སྐྱེས་གཉུག་མ་སོགས་དང་། རྫོགས་ཆེན་པས་

p. 508

འབྱུང་ཁུངས་རྩད་གཅོད་གནས་འགྱུ་ཁུངས་བརྟག །འགྲོ་ས་གཏན་འབེབས་སོགས་སོ་སོའི་མན་ངག་གི་ངེས་པས་སེམས་ལ་སེམས་ཀྱིས་ལས་བཀོལ་ནས་ཁ་ཕྱིར་བལྟས་ཀྱི་རྟོག་དཔྱོད་གཏོང་བ་དག་ནི་མཁན་པོ་རྩད་གཅོད་ཀྱི་མན་ངག་ཤིན་ཏུ་རིགས་མོད། གནས་ལུགས་ཀྱི་ངོ་སྤྲོད་ཕྱིན་ཅི་མ་ལོག་པ་ཞིག་ཐོབ་ནས་རིག་པ་ཡིན་ལུགས་ཀྱི་སྟེང་དུ་མི་འཇོག་པར། བལྟ་རྒྱུ་དང་། བསྒོམ་རྒྱུ་དང་། དཔྱད་རྒྱུ་དང་། བསམ་རྒྱུ་ཞིག་ཡོད་ན་བློས་བཅས་ཀྱི་ལྟ་བ་རེས་འཇོག་ཅན་ཞིག་ལས། རྣམ་ཀུན་མཆོག་ལྡན་གྱི་གསེང་ལམ་ཀུ་ས་ལིའི་འཇོག་སྒོམ་རྣམ་དག་གི་དྲི་ཙམ་ཡང་མིན་ལ། ཚུལ་དེ་ལ་དགོངས་ནས་ཀུན་མཁྱེན་ལྔ་པ་ཆེན་པོས། དགག་སྒྲུབ་ཚིག་སྐམ་ལ་ཞེན་སྟོན་ཆེན་དང་། །ཐ་སྙད་རྫུན་གྱི་འཕྲུལ་འཁོར་བསྐོར་དེས་ཀྱང་། །ངེས་ལེགས་གྲོང་དུ་བགྲོད་པ་ཅུང་མ་ཉེ། །ཞེས་ཡིད་དཔྱོད་ཀྱིས་རྣལ་མའི་དོན་མི་མཐོང་བར་བསྟན་པ་དང་། ཡང་དགོན་པས། ཡེ་སྒོམ་ལ་བློ་ཡིས་མ་སྒོམ་མཛོད། །རང་བབ་ལ་བཟོ་ཡིས་མ་བཅོས་མཛོད། །མི་རྟོག་པ་ཆེད་དུ་མ་སྒོམ་པར། །སེམས་རང་ལུགས་སུ་ཞོག་ལ་རྒྱང་སོ་ཚུགས། །ཞེས་

p. 509

དང་། འགྲོ་མགོན་ཞང་རིན་པོ་ཆེས། ཇི་སྲིད་ཡིད་ཀྱིས་དཔྱད་བཟོད་དེ་སྲིད་དུ། །ཇི་ཙམ་ཟབ་པར་རྟོགས་ཀྱང་གནས་ལུགས་མིན། །བལྟ་བྱ་ལྟ་བྱེད་གཉིས་འཛིན་དེ་སྲིད་དུ། །གཉིས་སུ་མེད་པའི་གནས་ལུགས་རྟོགས་མི་སྲིད། །ཅེས་དང་། ཁུ་ལུང་པའི་ཞལ་ནས། སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་གསུངས་པས་ཤིན་ཏུ་གསལ་བར་གོ་ནུས་ཤིང་། དེ་དག་རྣམས་དོན་བརྒྱུད་ཀྱི་བདག་པོ་རྣལ་མ་ཡིན་པར་ངེས་ལ། རང་ལུགས་རྫོགས་པ་ཆེན་པོ་ནས་ལན་གདབ་ན་ཁྱེད་དང་ལས་འབྲེལ་མེད་པའི་ཕྱིར་ས་ཀུ་རྩིའི་རྣ་བར་དབྱར་གྱི་རྔ་གསང་བསྒྲགས་པ་བཞིན་དུ་དངངས་ཤིང་སྐྲག་ནས། དམྱལ་བ་མནར་མེད་དུ་ཡུན་རིང་པོར་ཆགས་པའི་ལོག་ལྟ་མི་བཟད་པ་སྐྱེ་བའམ། ཡངན་རང་ཉིད་འདོད་པའི་སྟོང་ཉིད་ཟབ་མོ་བ་དེ་འཐོར་ཡས་སྲང་དུ་མི་ཚུད་པ་ཙམ་དུ་འགྱུར་གྱིས་དོགས་པར་ཡང་མ་ཟད། རིན་པོ་ཆེ་སྤུངས་པའི་རྒྱུད་ལས་བཀའ་རྒྱ་དམ་པའི་ཕྱིར་རྟོག་གེའི་ཚིག་ལན་དང་ཆང་གྲལ་དུ་ཆོས་གཏམ་གླེང་བའི་ཆོས་མ་ཡིན་པ་དབུ་མའི་སྦུབས་སུ་བསྐྱིལ་བ་ཡིན་

p. 510

ནོ། །དེ་ལྟ་ནའང་ཁྱད་པར་གྱི་ཆོས་ཟུར་ཙམ་བརྗོད་ན། འདོད་ཁའི་ལྟ་བ་ལུང་རིགས་ལ་མ་བལྟོས་པར་རྟོགས་པ་ནང་ནས་འཆར་བའི་ཁྱད་པར། ཡིད་སྨོན་གྱི་སྒོམ་པ་སེམས་ཛིན་ལ་མ་བལྟོས་པར་བྱིང་རྒོད་ཟང་ཐལ་དུ་གྲོལ་བའི་ཁྱད་པར། ཚུལ་འཆོས་ཀྱི་སྤྱོད་པ་གནང་བཀག་ལ་མ་བལྟོས་པར་སྤང་གཉེན་རིས་མེད་དུ་སངས་བའི་ཁྱད་པར། འབྲས་བུ་བསོད་ནམས་ལ་མི་རེ་བར་སྐུ་གསུམ་ལྷུན་གྲུབ་ཏུ་གྲོལ་བའི་ཁྱད་པར་དང་བཞི་སྟེ། དོན་ལ་དབྱིངས་ཐོག་ཏུ་རིག་པ་ཐིམ་པས་གནས་ལུགས་བརྗོད་བྲལ་དུ་རྟོགས་ནས་མངའ་དབང་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལག་པའི་མཐིལ་དུ་ཟིན་པ་མཚན་མ་དང་བྲལ་བའི་བློ་བདེ་རྒྱུན་ཆད་མེད་པ་ཞིག་ལགས་སོ། །འོན་ཀྱང་ཁྱེད་ཅག་རྣམས་ཡུས་པ་ཅུང་ཟད་བདེན་མོད་ཀྱི། གནས་ལུགས་ཀྱི་སྟེང་དུ་ལྷན་ནེ་འཇོག་པའི་ཚེ་ཡང་བག་ཆགས་ཀྱི་གོམས་སྟོབས་འདི་མཚན་ཆེ། འཁྲུལ་པའི་སྣང་བ་འདི་ཤུགས་དྲག །སྒོམ་འཛིན་གྱི་ཤེས་སྒྲིབ་འདི་གཞུང་རིང་། རྣམ་རྟོག་གི་རྒྱུ་དྲན་འདི་མགོ་རྒོད། ཡུལ་སྣང་གི་གཉིས་འཛིན་འདི་རྩལ་ཆེ། ཡིད་ཆེས་ཀྱི་དཔྱད་བཟོད་འདི་ཤུགས་དྲག་པས་

p. 511

ཧར་སངས་བསམ་ངོ་དང་བྲལ་བ་འདི་ཤེས་རྒྱུད་ལ་འགེལ་བར། ཚེ་འདིའི་རྗེས་སུ་སྐད་ཅིག་ཀྱང་མི་འབྲངས་ཤིང་། སེ་གོལ་གཏོགས་ཡུན་ཙམ་ཡང་ཡེངས་མེད་དུ་བྲག་ཕུག་ཞྭ་བྱས་ནས་བསྒོམས་ན་མ་གཏོགས་འདི་དང་མཇལ་ལེན་མི་འོང་ངེས་ཅན་དུ་འཁུམ་མོ། །དེའི་རྒྱུ་མཚན་ཡང་དགྲ་ནག་འཇིགས་བྱེད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཀློག་པ་ཐོས་བསམ་པ་རྣམས་མདོ་ལུགས་ཀྱི་དཔྱད་སྒོམ་ལ་གཞིག་པའི་ཏིང་ངེ་འཛིན་དང་། སྤོང་བ་བསམ་གཏན་པ་སྔགས་ལུགས་ཀུ་ས་ལིའི་འཇོག་སྒོམ་ལ་བློ་བཞག་པའི་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་ཕྱིར། རང་ལུགས་འཐད་ཕྱོགས་སུ་བསྒྲུབས་ནས་གཞན་སུན་དབྱུང་བ་ནི་ཆོས་ལ་བརྟེན་ནས་སྒྲིབ་པ་གསོག་པའི་རྒྱུ་ཁོ་ནར་འགྱུར་བ་དང་། ཁ་ཅིག་ལྟ་བ་མཐོ་དམན་ལ་རྩོད་པ་འདི་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་

p. 512

རྒྱལ་བས་ཀྱང་གནང་བ་ཡིན་ཞིང་། སྔོན་གྱི་མཁན་པོ་རྣམས་ཀྱིས་ཀྱང་བཤད་ཅེས་ཟེར་བ་ཡོད་དེ། དེ་ནི་ཚུལ་འདི་ལྟ་བུས་གཞན་ལ་སུན་རྣམ་པར་ཕྱུང་བ་མ་ཡིན་ལ། ངེས་པའི་དོན་ལ་གང་ཉེ་བའི་རིག་པ་འགྲན་པ་ཙམ་ལ་ཉེས་སྐྱོན་མེད་པར་བཤད་དེ། སྔ་མ་ལྟརན་ཐེག་པ་ཆེན་པོ་ལ་བཀའི་སྤོང་ལེན་གྱིས་ཉམས་པའི་རྒྱུར་ཡང་བཤད་དེ། ཇི་སྐད་དུ། དད་པ་ཙམ་གྱིས་རབ་ཏུ་འཇུག་བྱའི་ཕྱིར། །རྣམ་པར་དཔྱད་པ་དེ་ནི་མིང་ཙམ་སྟེ། །གང་ཞིག་སྒོམ་པ་དེནི་ཡང་དག་བྲལ། །ཞེས་དང་། རྒྱུད་ལས། གྲུབ་མཐའི་ཕྱོགས་ཆ་བཟུང་ནས་ནི། །གང་ཞིག་གཞན་ལ་སྨོད་བྱེད་པ། །སྒྲིབ་པའི་ནང་ནས་སྒྲིབ་པ་སྟེ། །དེ་ལ་ཡོན་ཏན་འབྲས་བུས་དབེན། །ཚེ་འཕོས་ན་རག་སྡུག་བསྔལ་སྤྱོད། །མཚམས་མེད་ལས་དང་འདི་མཚུངས་སོ། །ཞེས་དང་། གསང་སྔགས་ཀྱི་རྩ་ལྟུང་ཡང་འཕོག་སྟེ། སློབ་དཔོན་བྷ་ཝི་ལྷས། རང་ངམ་གཞན་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་གསུངས་པ་དེས་ན། གལ་ཏེ་མུ་སྟེགས་ཅན་གྱི་ལེགས་པར་བཤད་པའི་གཞུང་ལ་ཡང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་

p. 513

པ་དང་། སྤྲལ་པས་བཤད་པར་རྒྱལ་བ་ཉིད་ཀྱིས་ལུང་བསྟན་ན། ལུང་འགྲེལ་གང་ཟག་གི་དཔང་པོ་དང་ལྡན་པ་དེ་བཞིན་ཉིད་དུ་སྣང་བར་གསུངས་པ་འདི་དག་ལ་སྐུར་པ་གདབ་པ་ལྟ་ཅི་སྨོས་ཏེ། དེས་ན་འདི་ལྟ་བུ་ལ་སོགས་པའི་ཉེས་པ་ཤིན་ཏུ་བཟོད་པར་དཀའ་བས་ཁ་འཛིན་གྱི་ཕྱོགས་ཆས་ངན་སོང་གི་དུཿཁ་མི་བསྒྲབ་པར་འཚལ་ཞེས་བདག་གིས་ཐལ་མོ་སྦྱར་ནས་གསོལ་བར་བྱའོ། །གསུངས། ཡང་མཁྱེན་རྩེ་རིན་པོ་ཆེས་མཛད་པའི་ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིག་པ་ལས། ཁྱེད་ཅག་གི་འདོད་པར་ཧྭ་ཤང་ལ་ལྟ་བ་ནོར་བ་དེ་ལྟ་བུ་ཞིག་ཡོད་དོ་སྙམ་ནས་ཅི་ཡང་མི་བསམ་པ་སྒོ་ང་ལྟ་བུའི་ཕྱོགས་སྡེ་ཇི་བཞིན་འདིར་བཀོད་ནས་བརྗོད་ཀྱི། གཞན་དུ་ན་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་གསུང་རབ་མང་པོ་བློ་ལ་བཞུགས་ཤིང་། ཀ་མ་ལ་ཤཱི་ལས་སྒྲ་རྩོད་དྲིས་པའི་ཚེ། ཕྱག་ཤིང་ཀླད་ལ་བསྐོར་བའི་བརྡས་འཁོར་བའི་རྒྱུ་དྲིས་པ་ན། བེར་གྱི་ཐུ་བ་གཉིས་སྤྲགས་ནས་གཟུང་འཛིན་གྱིས་ལན་བྱས་པའི་བརྡ་ལན་སྟོན་ནུས་པ་སོགས་དབང་པོ་རྣོན་པོའི་གང་ཟག་ཡིན་པར་བསྙོན་དུ་མེད་ལ། གང་དྲན་པ་

p. 514

མེད་ཅིང་ཡིད་ལ་བྱར་མེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན། སྐྱོན་འདི་རྒྱལ་བའི་ཡུམ་ལ་ཡང་འཇུག་པས། དོན་དམ་པར་ཧྭ་ཤང་གི་ལྟ་བ་ཡིན་མིན་རྫོགས་པའི་སངས་རྒྱས་ཁོནས་མཁྱེན་གྱི། གཞན་གྱིས་མ་ཡིནནོ། །ཞེས་དང་། ཁ་ཅིག་གིས་ཐེག་པ་འདིའི་དགོངས་པ་ལ་ཧྭ་ཤང་དང་མཚུངས་ཟླར་སྦྲན་ནས་སྤོ་བར་བྱེད་ན་རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །དེ་ཉིད་ལྟ་བ་མཞིག་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བཏང་བའི་ནད་པ་བཞིན། །གསུངས་པས་དེ་ཁོ་ནའི་དགོངས་པ་ལ་ཤེས་རབ་གསུམ་གྱི་མིག་སྒྲུབས་ཤིག །གཞན་ཡང་ཡུམ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་སོགས་ཀྱི་དོན་དཔྱིས་ཕྱིན་པར་སོམས་ལ། སེང་གེའི་ཕྱི་ལ་གད་མཆོངས་གཡང་མཆོངས་མ་བྱེད་ཅིག་ཅེས་གདམས་སོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །བདག་གི་རྩ་བའི་བླ་མ་ཆོས་རྒྱལ་ངག་གི་དབང་པོའི་ཞལ་ནས། འོན་ཧྭ་ཤང་དང་ཕྱག་རྫོགས་ཁྱད་པར་ཅི་འདྲ་ཡོད་ཟེར་ན། ཧྭ་ཤང་གིས་རྣམ་

p. 515

རྟོག་ཐམས་ཅད་ཐར་པའི་གེགས། མི་རྟོག་པ་ཐམས་ཅད་ཐར་པའི་ལམ་དུ་འདོད་ནས་གང་ཡང་ཡིད་ལ་མི་བྱེད་པར་བཞག་དགོས་ཟེར་སྐད། ཕྱག་རྫོགས་པས་རྣམ་རྟོག་ཐམས་ཅད་གེགས་དང་མི་རྟོག་པ་ཐམས་ཅད་ཐར་པའི་རྒྱུར་འདོད་ནས་རྣམ་རྟོག་བཀག་ནས་མི་རྟོག་པ་འབའ་ཞིག་སྒོམ་པ་མིན་ལ། རྣམ་རྟོག་བཟང་པོ་རྣམས་མི་རྟོག་ཡེ་ཤེས་སྐྱེ་བའི་ཐབས་སུ་གོ་ནས། ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་སྔོན་འགྲོ་ཚོགས་གསོག་སྒྲིབ་སྦྱོང་བྱས་གསང་སྔགས་ཀྱི་བསྐྱེད་རྫོགས་སོགས་བསྒོམ་པ་ཡིན་ལ། དེ་བསྒོམ་དགོས་པའི་རྟགས་སུ་བསྐྱེད་རྫོགས་ཀྱི་གཞུང་མང་པོ་བྱུང་བ་ཡིན་ལ། མི་རྟོག་པ་གཅིག་པུས་ཆོག་ན་གཞུང་དེ་རྣམས་ཀྱང་རྩོམ་མི་དགོས་པའི་ཕྱིར་དང་། མི་རྟོག་པ་ཐམས་ཅད་སྒོམ་དུ་མི་འདོད་པས་ཐོག་མར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་ནས་ལྟ་བ་གཏན་ལ་འབེབས་པ་ཡིན་ལ། དེ་ཡིན་པའི་རྟགས་སུ་ཀུན་མཁྱེན་པད་དཀར་ཀློང་ཆེན་རབ་འབྱམས་སོགས་མཁས་གྲུབ་མང་པོས་ལུང་རིགས་ཀྱིས་ལྟ་བ་གཏན་ལ་འབེབས་ཚུལ་གྱི་གཞུང་མང་། དེ་མི་དགོས་ན་

p. 516

གཞུང་དེ་ཡང་རྩོམ་མི་དགོས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལུང་རིགས་ཀྱིས་གཏན་ལ་ཕབ་ནས་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་དེ་ཉིད་དུ་རྩེ་གཅིག་ཏུ་མི་རྟོག་པར་འཇོག་པ་མ་གཏོགས། རང་ཀ་དྲན་མེད་བརྒྱལ་བ་གཉིད་འཐུག་བྱིས་པ་བཞིན་ལུང་མ་བསྟན་ཞི་གནས་ཀྱི་དྭངས་ཆ་ཙམ་སྒོམ་དུ་མི་འདོད་པའི་ཁྱད་པར་ཡོད། དེ་ལྟར་སོ་སོར་རྟོག་པས་ལྟ་བ་གཏན་ལ་ཕབ་ནས་གནས་ལུགས་ཇི་བཞིན་པ་དེའི་ངང་ལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་མི་རྟོག་པར་འཇོག་པ་དེ་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་ཡིན་ཚུལ་གྱི་ལུང་རིགས་བརྒྱ་དགོས་ན་སྟོང་ཡོད་པའི་ཕྱིར་རོ། །དེ་ལྟ་བ་གཏན་ལ་ཕབ་ནས་དེའི་ངང་ལ་བཞག་རུང་མི་རྟོག་པ་ཞིག་ཡིན་ཕྱིན་ཆད་ཧྭ་ཤང་གི་ལྟ་བའམ། ཡང་ན་ཞི་གནས་དང་ཁྱད་མེད་དོ་ཟེར་ན། དེས་ནི་གཞི་ལམ་འབྲས་གསུམ་ལ་སྐུར་པ་བཏབ་པ་ཡིན་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཡེ་སྟོང་གང་དུ་ཡང་མི་རྟོག་པར་ནམ་མཁའ་ལྟ་བུར་གནས་པའི་གཞི་དེ་མི་འཐད་པར་འགོག་པར་རིགས་ལ་དེ་སུས་འགོག་ཐུབ། ལམ་སྐབས་སུ་རྒྱལ་བ་སྲས་བཅས་

p. 517

ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས། དེའི་ངང་ལ་མི་རྟོག་པར་འཇོག་དགོས་ཞེས་རྒྱ་ཆེར་གསུངས་པའི་ཡི་གེ་རྣམས་ཀྱང་བསུབ་དགོས། དེ་མ་རེད་ཅེས་སུས་བསུབ་ནུས། མཐར་ཐུག་གི་འཐོབ་བྱ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་དུས་སུ་ཧྭ་ཤང་དུ་འགྱུར་ལ། སངས་རྒྱས་རྣམས་ཀྱང་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལ་མི་རྟོག་པར་བཞུགས་པ་ཡང་ཧྭ་ཤང་དང་ཁྱད་མེད་ཅེས་ཁ་ནས་མ་སྨས་པ་མ་གཏོགས་དོན་གྱིས་སྐར་བ་བཏབ་པར་འགྱུར་རོ། །ཡང་མི་རྟོག་པར་བཞག་པ་ནི་ཞི་གནས་དང་ཁྱད་མེད་པས། མཐར་ཐུག་ཆོས་སྐུ་ནམ་མཁའ་ལྟ་བུའི་དགོངས་པ་མངོན་དུ་བྱེད་མི་ནུས་ཟེར། དེ་ཡིན་ན་ཁྱེད་ཀྱི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཅི་ཙམ་དཔྱད་ཀྱང་ཐ་མལ་གྱི་རྟོག་པ་དང་ཁྱད་མེད་པས། མཐར་ཐུག་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་མི་ནུས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་དེ་གཉིས་སྒོ་མཚུངས་པའི་ཕྱིར་རོ། །དེ་མི་མཚུངས་ཏེ། རྟོག་པའི་ནང་ན་མི་རྟོག་ཡེ་ཤེས་དང་རྗེས་མཐུན་ཡོད་

p. 518

པས་རྟོག་པ་ཐམས་ཅད་མི་གཅིག་ཟེར་ན། དེ་ཡིན་ན་མི་རྟོག་པ་ཐམས་ཅད་ཀྱང་མི་གཅིག་པས་དེའི་ནང་ན་མི་རྟོག་ཡེ་ཤེས་དང་རྗེས་སུ་མཐུན་པའི་མི་རྟོག་པ་ཡོད་པའི་ཕྱིར་རོ།དེ་ལྟར་ཆུ་དང་འོ་མ་སོ་སོར་དབྱེ་ཤེས་ན་མི་རྟོག་པར་བཞག་ཕྱིན་ཆད་ཧྭ་ཤང་དང་མཚུངས་ཤིང་ཞི་གནས་དང་ཁྱད་མེད་ཅེས་ཟེར་ཚད་ཀྱི་ལྗགས་རིང་པོ་རྣམས་ཐུང་དུ་འགྲོ་ངེས། དེང་སང་ཁ་ཅིག་གིས་མཁས་གྲུབ་གོང་མ་འགའ་རེའི་ཐུགས་ཀྱི་དགོངས་པ་མ་ལོན་པར་གསུང་རེ་གཉིས་སྒྲ་ཇི་བཞིན་པར་བཟུང་ནས། རང་དང་ཅུང་མི་མཐུན་པའི་གྲུབ་མཐའ་གཞན་ཐམས་ཅད་ཧྭ་ཤང་ཞེས་སྒྲོ་སྐར་ངན་པ་འདེབས་པ་འདི་ནི་ཆོས་སྤོང་གི་ལས་ཡིན་པས་རང་ལེགས་སུ་འདོད་པ་རྣམས་ཀྱིས་དུག་བཞིན་དུ་སྤང་བར་བྱའོ། །ཞེས་གསུངས། ད་ནི་བདག་གིས་ཕྱག་རྫོགས་དབུ་གསུམ་གྱི་དགོངས་པ་མཐུན་ཚུལ་ཅུང་ཟད་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་རྗེ་རིན་པོ་ཆེ། ས་སྐྱ་པཎ་ཆེན། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེ་བས་ལྟ་བའི་སྐབས་ལུང་རིགས་ཀྱི་དཔྱད་སྒོམ་གཙོ་ཆེར་བྱེད་པ་མ་གཏོགས། འཇོག་སྒོམ་གྱི་སྐབས་ཐམས་ཅད་ཀྱི་དགོངས་པ་མཐུན་ཏེ།

p. 519

ས་ཆེན་ཀུན་དགའ་སྙིང་པོ་ལ་འཇམ་དབྱངས་གཙོ་འཁོར་གསུམ་གྱི་ཞལ་གཟིགས་དུས། གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། འཁོར་བ་ལ་ཞེནན་ངེས་འབྱུང་མིན། བདག་དོན་ལ་ཞེན་ན་བྱང་སེམས་མིན། འཛིན་པ་བྱུང་ན་ལྟ་བ་མིན། །གསུངས། ས་སྐྱ་པཎྜི་ཏའི་རྩ་བའི་བླ་མ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་མགུར་ལས། ཆོས་ཐོག་མར་སྐྱེ་བ་མེད་པ་ལ། །གནས་པ་དང་འགག་པ་ག་ལ་སྲིད། །སྐྱེ་འགག་མེད་པར་བསམ་པ་ཡིས། །རྣམ་རྟོག་འཕེལ་བས་ཞོག་ལ་ཐོངས། །གཞག་པ་རང་ཡང་ཞོག་ལ་ཐོངས། །འཇོག་པ་རང་ཡང་རྣམ་རྟོག་ཡིན། །རང་བྱུང་གི་གནས་ལུགས་མ་རྟོགས་ཤིང་། །འཛིན་མེད་ཀྱི་གདམས་ངག་མ་གོམས་པས། །ཅི་ལྟར་བསམ་ཀྱང་འཛིན་པར་སོང་། །འཛིན་མེད་བསམ་ཀྱང་འཛིན་པར་སོང་། །གསལ་ལ་མ་འགགས་ཀྱི་བདག་མེད་ཡིན། །ཟུང་འཇུག་གི་གནས་ལུགས་རྟོགས་པར་ཤོག །ཅེས་དང་། ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཕྱག་ཆེན་རྩ་བ་ལས། ཕྱག་རྒྱ་ཆེན་པོ་གོམས་པར་བྱ། །ཡོད་དང་མེད་པ་ལ་སོགས་པ།

p. 520

དངོས་པོའི་གནས་ལུགས་དེ་ལ་མེད། །བསྒོམ་བྱ་སྒོམ་བྱེད་ལ་སོགས་པ། །བསྒོམ་པར་བྱ་བ་ཡོད་མ་ཡིན། །སེམས་ལ་དངོས་པོ་མ་གྲུབ་པའི། །སེམས་ཀྱི་ངོ་སྤྲོད་ག་ལ་ཡོད། །ཚིག་གི་ཡུལ་ལས་འདས་པའི་ཕྱིར། །བརྗོད་པར་བྱ་བ་ཅི་ཡང་མེད། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །སེམས་ཀྱི་རྣམ་གཡེང་གང་ཡང་མེད། །དམ་པའི་དོན་དུ་དེ་ལྟར་ཡིན། །ཞེས་གསུངས་ལ། རྗེ་རིན་པོ་ཆེའི་བསྟོད་པ་འཇམ་དབྱངས་ཁ་ཆེ་པཎ་ཆེན་པུཎྱེ་ཤྲཱིས་མཛད་པའི་ཙོང་ཁ་བརྒྱད་ཅུ་པ་ལས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། །གསང་བའི་བདག་པོའི་སྙན་བརྒྱུད་གདམས་ངག་དང་། །མདོ་རྒྱུད་ལམ་གྱི་རིམ་པ་གསན་པ་ཡིས། །བརྒྱུད་པའི་བཀའ་བབས་ཐོབ་པའི་ཙོང་ཁ་པ། །ཞེས་བསྟོད་པ་ལྟར། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས། རྗེ་རིན་པོ་ཆེ་ལ་སྙན་བརྒྱུད་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བའི་ནང་ནས། ཡི་དམ་གསང་བདག་གིས་དངོས་སུ་ལས་ཀྱི་རྡོ་རྗེ་ལ་གསུངས་པའི་སྙན་བརྒྱུད་ཀྱི་གདམས་པའི་མཐར་ཐུག་བསྐྱེད་རྫོགས་བདུད་རྩིའི་ཐིག་པ་ལས། དངོས་འཛིན་འཁྲུལ་སྣང་མ་ཞིག་ན། །སྟོང་ཉིད་བསྒོམ་པ་

p. 521

གོལ་སའི་གནས། །སྟོང་ཉིད་བློ་དང་མ་བྲལ་ན། །གཉིས་སྣང་ཆོས་ཀྱིས་གྲོལ་མི་ནུས། །སྐུ་ལྔ་བསྒྲུབ་བྱར་འདོད་པ་དང་། །དུག་ལྔ་སྤང་བྱར་འདོད་པ་དང་། །སངས་རྒྱས་འཐོབ་བྱར་འདོད་པ་དང་། །འཁོར་བ་སྤང་བྱར་འདོད་པ་སོགས། །དགག་སྒྲུབ་དེར་འཛིན་མ་ཆོདན། །ཡང་དག་སྙིང་པོའི་དོན་མི་རྙེད། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །ནམ་ཡང་འཁོར་བའི་གནས་སུ་འཁྱམས། །བློ་འདས་ཙམ་ལ་བློ་ཞེན་ཀྱང་། །བློས་བྱས་ཆོས་ཀྱིས་གྲོལ་མི་ནུས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ཟད་ཆོས་ཟད་ཐེག་པའི་རྩེ། །རང་སེམས་ཆོས་སྐ་དངོས་མེད་ལ། །རིག་པའི་མིང་འདོགས་མ་མཛད་ཅིག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་ཞོག །བྱར་མེད་ངང་ལ་ལྷུག་པར་ཞོག །ཞོག་ཅེས་བྱ་བའང་བློ་ཡི་ཚིག །ཞོག་དང་མ་ཞོག་ཐ་སྙད་མེད། །མིང་མེད་བརྗོད་མེད་བརྟག་གཞི་བྲལ། །བརྟགས་ན་བློ་ནི་དབྱིངས་སུ་ཞི། །དགག་སྒྲུབ་སྤང་ལེན་ཀློང་དུ་ཡལ། །སྤྲིན་ཚོགས་མཁའ་ལ་

p. 522

དེངས་པ་འདྲ། །རྣམ་རྟོག་མ་སྤངས་རང་སར་དག །སླརནི་ལྟ་སྒོམ་སྤྱོད་འབྲས་བཞི། །ལྟ་བ་ཞེ་འདོད་མེད་པར་གྱིས། །སྒོམ་པ་བློ་བསྒོམ་འཛིན་པ་བཤིག །སྤྱོད་པ་བྱར་མེད་ཞེན་མེད་སྐྱོངས། །འབྲས་བུ་ཆོས་སྐུ་རང་ཆས་ལ། །གཞན་ནས་སྒྲུབ་པའི་ཡིད་སྨོན་དོར། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ཆོས། །རྒྱུད་འགྲེལ་མན་ངག་བརྗོད་མི་ལང་། །དེ་དག་ཐམས་ཅད་འདུས་པའི་བཅུད། །མར་གྱི་ཡང་ཞུན་ལྟ་བུ་ཡི། །མན་ངག་བདུད་རྩིའི་ཐིག་པ་འདི། །བཅུད་མཆོག་སེང་གེའི་འོ་མ་འདྲ། །སྣོད་མཆོག་གསེར་བུམ་ལྟ་བུ་ཡི། །ལས་ཀྱི་རྡོ་རྗེ་ཁྱོད་ལ་བྱིན། །ཞེས་ཕྱག་རྫོགས་ཇི་ལྟ་བ་བཞིན་གསུང་སྣང་། དེས་ན་རྗེ་བདག་ཉིད་ཆེན་པོའི་བླ་མའི་དྲག་ཤོས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཞེས་ས་གསུམ་ན་འགྲན་ཟླ་བྲལ་བ་དེའི་གསུང་ལ་རྗེས་འཇུག་རྣམས་ཀྱིས་ཚད་མར་འཛིན་དགོས་ཏེ། བདག་གི་རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ནི་རྗེ་བདག་ཉིད་ཆེན་པོའི་བླ་མ་ཡིན་པས། དེ་རང་ཅག་རྣམས་ཀྱི་ཁས་ལེན་དགོས་པ་ཡིན་ན། ཁོ་བོའི་རྒྱབ་སྐྱོར་ནི་དེ་ཉིད་ཡིན་གསུངས།

p. 523

རྗེ་རིན་པོ་ཆེས་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་བསྟོད་པ་ལས། རྒྱལ་བའི་གསང་བའི་མཛོད་འཛིན་རྡོ་རྗེ་འཆང་། །དེ་ཡི་གསུང་རྒྱུན་བདུད་རྩིས་བློ་གྲོས་ལུས། །ལེགས་པར་རྒྱས་པའི་རྒྱལ་སྲས་འགྲོ་བའི་མགོན། །སྐྱེ་དགུའི་གཙུག་གི་རྒྱན་ལ་གསོལ་བ་འདེབས། །གསང་བའི་བདག་པོ་དཔལ་ལྡན་བླ་མ་ཡི། །བརྩེ་བས་བཟུང་ཚེ་བླ་མའི་ཡོན་ཏན་ཀུན། །ལེགས་པར་མཐོང་ཞིང་ཡིད་ཆེས་ཆེན་པོ་ཡིས། །ཐེ་ཚོམ་བྲལ་བའི་གསུང་བཞིན་སྒྲུབ་པར་ཤོག །ཅེས་ཐུགས་སྨོན་གནང་བ་ལྟར་རྗེས་འཇུག་རྣམས་ཀྱིས་ཀྱང་སྒྲུབ་པར་རིགས་སོ། །ཡང་རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པའི་དུས་སུ། གང་ལ་གནས་པ་མེད་པ་ནི། །སེམས་ཉིད་ནམ་མཁའ་ལྟ་བུར་སྒོམས། །དེ་ཡི་གྲོགས་རྣམས་ཀུན་ལ་འབད། །བསེ་རུ་ལྟ་བུར་གནས་པར་བྱ། །ཞེས་དང་། ཡུལ་གྱི་སྣང་བ་ནམ་མཁའི་མེ་ཏོག་བཞིན། །སེམས་ཀྱི་འཛིན་པ་བདེ་གཤེགས་སུ་ཡིས་རྙེད། །དབྱིངས་རིག་གཅིག་པ་མོ་གཤམ་བུ་ཡིས་བསྒྲུབས། །དེ་འདྲ་གང་ཡིན་དེ་དག་རྒྱལ་བའི་ལམ། །ཞེས་གསུངས། གཞན་ཡང་རྗེ་

p. 524

བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ། དཔྱད་ཚེ་མ་རྙེད། རྙེད་ཚེ་མ་དཔྱད། གསུངས། ཁོང་གིས་མཛད་པའི་ལམ་གཙོ་བོ་ལས། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་དང་། ལམ་རིམ་ཆུང་བ་ལས། རྫོགས་རིམ་པའི་མཉམ་བཞག་ཏུ་དེ་ཁོ་ན་ཉིད་སྐྱོང་བ་ན། ལྟ་ཐོག་ཏུ་བཞག་ནས་སྒོམ་པ་ངེས་པར་དགོས་ཀྱང་། ལྷག་མཐོང་གི་དཔྱད་སྒོམ་གཞུང་གཞན་ནས་འབྱུང་བ་ལྟར་མི་བྱེད་དོ། །ཅེས་དང་། རིམ་ལྔ་གསལ་སྒྲོན་སོགས་སུ་དང་། དོ་ཧ་སོགས་ནས་གསུངས་པ་ནི་སྔགས་ལམ་མཐོན་པོའི་ཉམས་བཞེས་ཡིན་གསུངས། ཡང་ཙོང་ཁ་བརྒྱད་ཅུ་ལས། འདུལ་བའི་གཞུང་ལུགས་གསན་ཚེ་འགྲེལ་བ་ཡི། །བཅུ་བདུན་ཙམ་རེ་ཆག་མེད་འཛིན་པ་དང་། །སྐབས་སུ་མདོ་ཡི་ཞལ་འདོན་མཛད་པའི་ཚེ། །ཏིང་འཛིན་རྩོལ་མེད་འཁྲུངས་པའི་ཙོང་ཁ་པ། །ཞེས་བསྟོད་པ་བཞིན་དུ། མཁས་གྲུབ་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་ཚོགས་སུ་མང་ཇ་ལ་བྱོན་པ་སོགས་ཀྱི་སྐབས་སུ། དགེ་འདུན་པ་རྣམས་ཡུམ་གྱི་སྒྲུབ་པ་མཛད་པའི་

p. 525

མདོ་འདོན་པའི་རིང་ལ། ཤེར་ཕྱིན་ཞལ་འདོན་དུ་མཛད་ཅིང་། ཆོས་ཐམས་ཅད་སྣང་ལ་ངོས་བཟུང་མེད་པའི་དོན་ལ་མཉམ་པར་བཞག་པས། དགེ་འདུན་གྱི་ཆོས་སྤྱོད་དང་། བདུད་བཟློག་སོགས་ཀྱི་ཚིག་འབྲུ་ཙམ་ཡང་ཐུགས་ཀྱིས་མི་ངེས་པར། རྣམ་རྟོག་གི་འགྱུ་བ་རགས་པ་ཐམས་ཅད་ལོག་ནས། གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཐུགས་རྩེ་གཅིག་ཏུ་གནས་པ། མང་ཇའི་འགོ་མཇུག་འཁྱོངས་པའང་འབད་རྩོལ་མེད་པ་འཇུག་པ་བྱུང་། བོད་ཀྱི་གྲུབ་ཐོབ་ཏུ་བྱེད་པའི་རྟོགས་པ་བཟང་ཤོས་དེ་ཐུགས་ལ་འཁྲུངས་འདུག་གསུངས། དེས་ན་ཤེར་ཕྱིན་གྱི་དགོངས་དོན་བོད་སྔ་རབས་པའི་ལྟ་བ་འདི་རྗེ་རིན་པོ་ཆེས་སྔ་མོ་ནས་ཐུགས་ཉམས་སུ་བཞེས་པས་ཐུགས་ལ་འཁྲུངས་ཚུལ་མཁས་གྲུབ་རྗེས་གསལ་བར་གསུངས་འདུག་པས། ཁོང་གི་གསུང་ལ་ཚད་མར་མི་འཛིན་པ་སུ་ཡོད། ཁ་ཅིག་གིས་བོད་སྔ་རབས་པའི་ལྟ་བ་འདི་རྗེ་རིན་པོ་ཆེས་ཐུགས་ཉམས་སུ་གཏན་ནས་མ་བཞེས་པ་འདྲ་བའི་གཏམ་ཞིག་སྒྲོག་པའི་རྫུན་ཁུངས་འདི་ན་རྡིབ་འདུག་པས། དེ་འདྲའི་གཏམ་ལ་ཡིད་བརྟན་མི་བྱ་བར་རྣམ་ཐར་དང་གསུང་

p. 526

ཚད་མར་བཟུང་ནས་རྗེས་འཇུག་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་འཚལ། དེ་བཞིན་དུ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པརི་ལམ་རིམ་ལས། བླ་མའི་རྣལ་འབྱོར་སྔོན་འགྲོ་བས། །སྒོ་གསུམ་ཤེས་པ་ཁོང་ནས་གློད། །འཇིག་རྟེན་བྱ་བ་རྒྱབ་ཏུ་སྐྱར། །རྟོག་དཔྱོད་མཁན་པོའི་རྟེན་ས་ཞིག །རེ་དོགས་གཉིས་ཀྱི་མདུད་པ་ཁྲོལ། །དུས་གསུམ་རྗེས་འགྲོའི་རྟོག་པ་ཆོད། །དང་པོ་ལྷོད་ཀྱིས་གློང་ནས་སུ། །གནས་ལུགས་མ་བཅོས་པ་ཉིད་ལ། །སེམས་ཉིད་མ་བཅོས་པ་ཉིད་བཞག །ཅི་ཡང་མི་བསྒོམ་ལྷན་ནེ་བཞག །དེ་ཉིད་མ་ཡེངས་རྟག་ཏུ་བསྐྱང་། །བྱིང་ན་ཙེས་པ་གསལ་ངར་འདོན། །རྒོད་ན་འཛིན་མེད་ངང་དུ་གློད། །བྱིང་རྒོད་མེད་པར་གནས་པའི་ཚེ། །ཤེས་པ་གསལ་སྟོང་མ་འགག་པ། །རྗེན་པར་ཤར་བ་དེ་ཉིདནི། །རང་རིག་ཡེ་ཤེས་ཞེས་བྱ་སྟེ། །བློ་སྒྲ་དཔེ་ཡིས་མཚན་མི་ནུས། །ཤིན་ཏུ་སྤྲོས་མེད་ཏིང་འཛིན་ནོ། །དེ་ལ་རྟག་ཏུ་མཉམ་པར་བཞག །དེ་ལ་བརྟན་པ་ཐོབ་གྱུར་ན། །དངོས་ཀུན་གང་དང་གང་སྣང་བ། །ཐམས་ཅད་རོ་གཅིག་རྟོགས་པར་འགྱུར། །དེ་ནས་འགལ་རྐྱེན་བདེ་སྡུག་སོགས། །ཅི་བྱུང་དེ་

p. 527

ཡི་རང་བཞིན་དུ། །ཤེས་ན་འཁྲུལ་པ་རང་སར་འཇིག །རྗེས་སྤྱོད་སེམས་ཅན་དོན་དུ་བསྔོ། །རྣལ་འབྱོར་འདི་དང་མ་བྲལ་ན། །སྐྱེས་བུ་མཆོག་གི་དོན་གྲུབ་སྟེ། །རྡོ་རྗེ་འཛིན་པ་ཆེན་པོ་ལགས། །ཞེས་དང་། ཡང་བུ་སྟོན་རིན་པོ་ཆེའི་ཞལ་ནས། བྱས་པའི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། དོན་དམ་སྤྲོས་བྲལ་བློ་ཡི་ཡུལ་ལས་འདས། །བློ་འདས་ཕྱག་རྒྱ་ཆེན་པོ་རྟོགས་འདོད་ན། །ཅི་ཡང་མི་སེམས་རྩེ་གཅིག་གློད་ལ་ཞོག །ནང་དུ་ཁ་བལྟས་རང་གི་སེམས་ལ་ལྟོས། །བལྟས་པས་བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །གསལ་སྟོང་མ་འགག་རིག་པ་རྗེན་པར་འཆར། །དེ་ལ་མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །དེ་ལྟར་རྒྱུན་ཏུ་བསྐྱངས་ན་གྲུབ་ཆེན་དང་། །སངས་རྒྱས་ལ་སོགས་དངོས་གྲུབ་རྣམ་གཉིས་འབྱུང་། །དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་གྱུར་ཀྱང་། །གདམས་པའི་མཐར་ཐུག་དེ་ལས་མེད་དོ་ཨང་། །ལུས་ཀྱི་འདུག་སྟངས་མིག་གི་ལྟ་སྟངས་དང་། །དབང་པོའི་བྱེད་བཅིངས་ལ་སོགས་སྣ་ཚོགས་པས། །རིག་པ་ངང་ལ་མ་གནས་བར་དུ་གཅུན། །ཀློང་དུ་གྱུར་ནས་ཅི་བདེར་

p. 528

མཛད་པར་ཞུ། །གསུངས། དེ་བཞིན་དུ་རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱིས་གསུངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྒོམ་རིམ་ལས། གང་གིས་འཁོར་བ་རྣམས་བསལ་ནས། །འགྲོ་བ་རང་གི་སེམས་སུ་རྟོགས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །ཡང་དག་དམིགས་པར་གནས་ནས་སུ། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་ཤིན་ཏུ་བཟླ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་དང་། སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་རིན་པོ་ཆེ་སྒྲོན་མ་ཞེས་བྱ་བ་ལས། སྟོང་པ་ཉིད་སོགས་རྣམ་གྲངས་སྒོ། །སྒྱུ་མ་འདྲ་སོགས་དཔེ་མཐའ་ཡས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །མཚོན་ཀྱང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་ན་ཅི་ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང་། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་གྲོལ་རྣམ་པར་བཅིངས་

p. 529

པ་ཡང་། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་དང་འདྲ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དཔལ་མཐོང་། །སྐྱེ་དང་སྲིད་པའི་འཆིང་བ་ཡི། །འཁོར་བའི་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་དང་། མ་ཧཱ་པཎྜི་ཏ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པའི་དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་ལས། ཐམས་ཅད་རང་སེམས་སྒྱུ་མའི་རྣམ་པར་འཕྲུལ་པ་བརྫུན་བཞིན་དུ་སྣང་། སྣང་བ་བཞིན་དུ་བརྫུན་པས་༈དེ་དག་ལུས་ལ་བསྡུ། དེ་ཡང་སེམས་ལ་བསྡུ། སེམས་ནི་ཁ་དོག་མེད་པ། དབྱིབས་མེད་པ། རང་བཞིན་གྱིས་འོད་གསལ་བ། གདོད་ནས་མ་སྐྱེས་པའོ། །སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་འོད་གསལ་བར་གྱུར་ཏོ། །བར་དེར་ཤེས་པ་ཅི་ཡང་མ་ཡིན་ལ། ཅིར་ཡང་མི་གནས་པ། ཅིར་ཡང་མ་གྲུབ་པ། ཅིའི་རྣམ་པར་ཡང་མ་སྐྱེས་བ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ། སྟོན་ཁའི་ཉི་མ་ཕྱེད་ཀྱི་ནམ་མཁའི་གུང་ལྟ་བུའི་མཚན་མའི་རྡུལ་ཐམས་ཅད་དེངས་པའིནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་སྣང་བ་མེད་པ་

p. 530

ལ་ཅི་ཙམ་ནུས་པར་གནས་སོ། །གསུངས། ཡང་སྔར་བཤད་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་བསྒོམ་ཞིང་། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཅུང་ཞིག་གསལ་བ་ན། ཉོན་མོངས་རྣམས་ཀྱང་ཅུང་ཟད་ཞི་བ་དང་། འཇིག་རྟེན་པའི་བྱ་བ་དང་། ཐ་སྙད་རྣམས་འོལ་ཕྱིར་བརྗོད་པ་དང་། ཕྱི་ནང་གི་དངོས་པོ་ཀུན་ཀྱང་བན་བུན་དང་། ལང་ལོང་དུ་མཐོང་བ་དང་། གཟུགས་ཕྲ་བ་དང་། རགས་པ་ཡངས་པ་དང་ཁྱབ་པ་དང་། འཇམ་པ་དང་། ཡང་བ་དང་། དགའ་བ་དང་། ཉམས་བདེ་བ་འབྱུང་ངོ་གསུངས། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་ལས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེནི་འཇིག་རྟེན་ལས་འདས་པ། སྤོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །ཞེས་དང་། བྱང་ཆུབ་ཀྱི་སེམས་རྟག་ཏུ་གུས་པར་ཡུན་རིང་དུ་བསྒོམས་པ་ན་རིམ་གྱིས་སེམས་ཀྱི་རྒྱུད་ཡོངས་སུ་དག་པའི་སྐད་ཅིག་འབྱུང་བས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར། གཙུབ་ཤིང་གཙུབ་པའི་མེ་བཞིན་

p. 531

དུ་ཡང་དག་པའི་དོན་ལ་སྒོམ་པ་རབ་ཀྱི་མཐར་ཕྱིན་པར་གྱུར་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ཤིན་ཏུ་གསལ་བར་རྟོགས་པ་དྲི་མ་མེད་ཅིང་མི་གཡོ་ལ། མར་མེ་རླུང་མེད་སར་བཞག་པ་བཞིན་དུ། མི་གཡོ་བ་ཚད་མར་གྱུར་པ་ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་དེ་ཁོན་མངོན་དུ་བྱེད་པ་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་འབྱུང་ངོ་། །དེ་བྱུང་ནས་དངོས་པོའི་མཐའ་ལ་དམིགས་པ་ལ་ཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ལོག་པ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་རྟོགས་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན་ནོ་གསུངས། མཁས་པ་ཆེན་པོ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྡུས་པའི་སྒྲོན་མེ་རིན་ཆེན་ཕྲེང་བ་ལས། རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་

p. 532

པ་ཉིད་ཀྱི་རང་བཞིནནོ། །སྟོང་པ་ཉིད་དུ་མི་བསྒོམ་སྟེ། །མི་སྟོང་པ་ཡང་བསྒོམ་མི་བྱ། །སྟོང་དང་མི་སྟོང་འཛིན་པ་ལ། །ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས་བྱ་རྣམ་རྟོག་སྟེ། །དེས་ན་དེ་ཉིད་སྤང་བར་བྱ། །འགའ་ཡང་མཐོང་བ་མེད་པརནི། །མཐོང་བའི་མཆོག་ཅེས་ཡིན་པར་གསུངས། །ཞེས་དང་། བདག་གི་རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་བསྟན་པ་རབ་རྒྱས་ཀྱི་གསུང་གི་ཟིན་བྲིས་ཀུན་གསལ་ནོར་བུའི་མེ་ལོང་ལས། གཞི་དུས་ཀྱི་རླུང་སེམས་དབྱེར་མེད་དེ། སྤྲོས་པ་དང་བྲལ་བའི་ཆ་ནས་བདེ་བ་དང་། རང་བཞིན་གྱིས་མ་གྲུབ་པའི་ཆ་ནས་སྟོང་པ་སྟེ། དེ་ཉིད་དབྱེར་མེད་ཟུང་འཇུག་ཏུ་ཡོད་པ་དེ་ལ་གཞི་དུས་ཀྱི་བདེ་སྟོང་དབྱེར་མེད་ཟེར། ཞེས་དང་། རླུང་སེམས་དབྱེར་མེད་ཅེས་པའི་རླུང་དེ་ཡང་། ཁ་ཅིག་གིས་ཕྱི་རོལ་གྱི་རླུང་བསེར་བུར་ལྡང་བ་དེ་ལྟ་བུ་ཞིག་ཡོད་དམ་སྙམ་པ་ནི་མི་འཐད་དེ། སེམས་གསལ་རིག་དབྱེར་མེད་པ་དེའི་གསལ་བའི་ཆ་ནས་སེམས་དང་། ཡུལ་ལ་བྱ་བ་བྱེད་པའམ་རིག་པའི་ཆ་ནས་རླུང་དུ་བཞག་པ་ཡིན་ནོ། །ཞེས་དང་། གཞན་ཡང་སྔགས་ཀྱི་སྐབས་སུ་བདེ་སྟོང་

p. 533

དབྱེར་མེད་ཀྱི་ཡེ་ཤེས་དེ་བདེ་བ་གསལ་བ་སྟོང་པ། ཤེས་པ་ཐམས་ཅད་ཡིན་ཏེ། ངོ་བོ་ལ་དྲི་མས་མ་གོས་པས་འོད་གསལ་བ། རང་བཞིན་གྱིས་མ་གྲུབ་པས་སྟོང་པ། སྤྲོས་པ་དང་བྲལ་བས་བདེ་བ་ཆེན་པོ། སྣ་ཚོགས་སྣང་བའི་ཆ་ནས་སེམས་ཡིན་པས། འདི་ལྟ་བུ་ལ་སྔར་བཤད་པ་ལྟར་མཚན་ཉིད་པའི་རིག་པའི་རྒྱས་བཀབ་ནས་སྐར་འདེབས་མི་རིགས་ཤིང་། རྒྱལ་བ་རྡོ་རྗེ་འཆང་གིས་ཉན་རང་དང་། སྔགས་ལ་མ་ཞུགས་པའི་བྱང་སེམས་སོགས་ལ་ཡང་གསང་སྔགས་མི་སྟོན་པར་གསུངས་པ་ཡང་འདི་དག་བློ་ཡུལ་དུ་མ་ཤོང་པར་སྐུར་པ་འདེབས་པ་ལ་དགོངས་པ་ཡིན་པས། རང་ཅག་རྣམས་ཀྱིས་ཀྱང་དེའི་གནད་ཤེས་པ་གལ་ཆེ་གསུངས། དེ་ལྟར་རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བཙལ་ཤེས་ན་ལྟ་བ་ཐམས་ཅད་མི་མཐུན་པ་མེད་དེ། མཁས་གྲུབ་རྗེས་མཛད་པའི་ལེགས་བཤད་གཞན་ཕན་ནོར་བུའི་ཕྲེང་བ་ལས། སྔ་འགྱུར་རྫོགས་པ་ཆེན་པོའི་ལྟ་བ་དང་། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་ཡི། །ལྟ་བ་གཉིས་ལ་ཁྱད་པར་ཅུང་ཟད་མེད། །གཟུ་བོའི་བློ་ཡིས་དཔྱད་ན་ཤེས་པར་

p. 534

འགྱུར། །ཞེས་དང་། ཀརྨ་པ་ཀུན་མཁྱེན་ཆོས་ཀྱི་གྲགས་པས། ལྟ་བའི་ཁྱད་པར་དཔལ་ལྡན་ཨ་ཏི་ཤའི། །ཇོ་བོའི་གླུ་དང་དབུ་མའི་མན་ངག་དང་། །གྱེར་སྒོམ་ལས་བརྒྱུད་ལྷན་ཅིག་སྐྱེས་སྦྱོར་སོགས། །ཕྱག་རྒྱ་བ་དང་ཤིན་ཏུ་མཐུན་པ་བྱུང་། །ཞེས་དང་། རྗེ་བཙུན་ཙོང་ཁ་པ་དེ་སྔོན་གྱི་དུས། །གསུམ་སྒྲོས་ཐོར་བུ་རྣལ་འབྱོར་ཆེན་པོའི་ཁྲིད། །བྱང་རྩེ་གུང་རུ་རྒྱལ་བཟང་པ་སོགས་ལ། །ལྟ་ཁྲིད་ཕྱག་རྒྱ་པ་དང་མཐུན་པར་གསུངས། །ཞེས་དང་། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས། ཕྱག་ཆེན་དང་རྫོགས་ཆེན་དབུ་མ་སོགས། །མཁས་པས་བལྟས་ན་གཅིག་ཏུ་འདུག །བླུན་པོ་ཆོས་སྤོང་མཛད་འདོད་རྣམས། །སོ་སོར་ཕྱེས་ལ་ང་ཡིས་སྒོམས། །འབྲུག་པ་ཀུན་ལེགས་དེ་སྐད་ལོ། །ཞེས་དང་། ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས། རྗེ་ཙོང་ཁ་པའང་དབུ་ཚད་ཀྱི་གྲུབ་མཐའ་འཇོག་སྐབས་མ་གཏོགས། ཉམས་བཞེས་ཕྱག་རྫོགས་དང་མཐུན་ཚུལ། རྗེ་གུང་རུ་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་བཤད་གསུངས། སེར་གུང་རུ་རྒྱལ་བཟང་པའི་ཞལ་ནས། རྗེ་རིན་པོ་ཆེ་དང་བླ་

p. 535

མ་རྗེ་བཙུན་རེད་མདའ་བ་གཉིས། དགག་བྱ་དངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས་མཉམ་གཞག་འཇོག་ཚུལ་འདྲ་ཞེས་དེ་ལྟར་དཔྱད་ཤེས་ན་སྐྱེས་བུ་དམ་པ་རྣམས་ཀྱི་ལྟ་བའི་དགོངས་པ་གཅིག་ཏུ་འབབ་ལ། དམ་པ་འགའ་རེས་གཞན་ལུགས་ལ་དགག་པ་མཛད་པ་ལ། རང་གཞན་གྱི་གྲུབ་མཐའ་ལ་ཕན་པའི་དགོངས་གཞི་རེ་ཡོད་པ་རེད། ངེད་རྣམས་ཀྱིས་གྲུབ་མཐའ་གཞན་ལ་ཁ་བཏང་ན་དེའི་ཞོར་ལ་རང་ཕྱོགས་ཀྱི་གྲུབ་མཐའ་ལ་ཡང་གནོད་པ་མ་གཏོགས་ཕན་པ་སྤུ་ཙམ་ཡང་མེད་པས་ན། ཕྱིན་ཆད་གྲུབ་མཐའ་གཞན་ལ་མི་སྨོད་པའི་དམ་བཅའ་བྱེད་དགོས་ཏེ། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་མགུར་ལས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ཀྱང་དག་སྣང་སྦྱོང་བ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་གང་གསུང་པ་ལྟར་བྱའོ། །གཞན་ཡང་མཁས་པའི་དབང་པོ་ཀུན་མཁྱེན་ཏ་ར་ནཱ་ཐའི་ཞལ་ནས། ཆོས་ཐམས་ཅད་གཅིག་དུ་བྲལ་དང་། རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་

p. 536

ལྟར་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །འདི་ཡང་ལས་དང་པོ་བ་ཞི་གནས་ཕྱོགས་མཐུན་ཙམ་ཡང་མ་གྲུབ་ཅིང་རྣམ་པར་མི་རྟོག་པའི་སྒོམ་གྱི་འཇུག་སྒོ་ཙམ་ཡང་མ་ཤར་བ་ཇི་སྙེད་ཅིག་འབྱུང་བ་རྣམས་ལ་ཕན་ཆེ་བར་འགྱུར་བའི་ཐབས་མཁས་ཟབ་མོ་ཡིན་པས། རྡོ་རྗེ་སློབ་དཔོན་ཆེན་པོ་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཞལ་སྔ་ནས་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལས་ཤིན་ཏུ་རྒྱས་པ་ཆེ་ཐང་དུ་གསུངས་པ་དང་། དེའི་དགོངས་འགྲེལ་གྱི་འདུས་པའི་སྒྲུབ་ཐབས་ཚད་དང་ལྡན་པ་མཐའ་ཡས་པ་ཞིག་ལས་བཤད་པས། གང་དག་གསང་སྔགས་ཀྱི་ལུགས་ལ་རྣམ་པར་མི་རྟོག་པ་འབའ་ཞིག་ཡིན་ཞེས་སྨྲ་བ་དེ་དག་ནི། བདག་ཉིད་ལེགས་པར་མ་བསླབ་བཞིན་དུ། མཐའ་ཡས་པའི་སེམས་ཅན་སྒྲོལ་བར་མཛད་པའི་དམ་པ་རྣམས་ལ་སོ་སོ་སྐྱེ་བོ་ཅི་ཡང་མ་བསྒོམས་ཤིང་། སྡེ་སྣོད་དང་རྒྱུད་སྡེ་ལ་མ་བསླབས་པའི་བླུན་པོ་འགའ་ཞིག་གིས་སྐུར་པ་འདེབས་པའི་ཚིག་ཙམ་ཞིག་གི་རྗེས་སུ་འབྲངས་ནས། སྙིང་ནས་སྨོད་པའི་ལས་ངན་པ་གསོག་པ་ཙམ་དུ་ཟད་ཀྱི། ལུང་རིགས་ཀྱི་སྒྲུབ་བྱེད་སྣ་གཅིག་མེད་

p. 537

པར་མ་ཟད། གསང་སྔགས་རྫོགས་རིམ་གྱི་སྐབས་སུ་བདེན་མེད་ཀྱི་འདུན་པ་སྦྱོང་བ་སོགས་རང་ལུགས་དང་ཡང་འགལ་བ་ཡིན་ནོ། །ཡང་འགའ་ཞིག་ལས་དང་པོའི་སྐབས་སུ། རྣམ་པར་མི་རྟོག་པའི་ཕྱག་རྒྱ་ཆེན་པོ་ནན་གྱིས་འགོག་པ་དེ་དག་ནི་ཤིན་ཏུ་མི་འཐད་མོད་ཀྱི། ལུང་རིགས་དུ་མའི་སྒོ་ནས་གཞན་དུ་བཀག་ཟིན་ཏེ། དེས་ན་གྲོང་ཁྱེར་ཆེན་པོའི་སྒོ་ནས་འགྲོ་ན་ནུབ་སྒོ་ཁོ་ནར་འགྲོ་དགོས་པའི་ཕྱོགས་ལྷུང་གི་གྲུབ་མཐའ་ངན་པ་འདི་མ་འཛིན་ཅིག་ཅེས་གདམས་ངག་ཏུ་བྱའོ་གསུངས། མཉམ་མེད་པོ་ཏོ་པའི་གསུང་སྒྲོས་བེ་བུམ་སྔོན་པོར། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཟེར་ནས། དབུ་ཞབས་ཐམས་ཅད་བཀང་ནས་གསུངས་པ་ཡིན། དེ་ལ་གཞན་དག་གིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་མིང་བཏགས་ནས་དེ་གཅིག་པུས་ཆོག་ཟེར་གསུངས། ཡང་དགེ་བཤེས་སྤྱན་སྔས་པོ་ཏོ་པ་ལ་ཆོས་དང་ཆོས་མ་ཡིན་པའི་ཁྱད་པར་གྱི་བེའུ་བུམ་གཅིག་བསྐུར་ནས། གཅིག་གིས་པོ་ཏོ་པའི་སྤྱན་སྔར་བཀླག་པས། པོ་ཏོ་པའི་ཞལ་

p. 538

ནས། དེ་འདིར་ཁྱོགས་དང་གསུངས་ནས་གཟིགས་ཏེ། ཕག་ཏུ་སྦས་ནས་འདི་ནི་འདི་ཁོ་ན་ཙུག་བྱར་བཏུབ་སྟེ་མི་འོང་། ངས་ནི་ཕུར་ཚོ་བ་ལ་ཆོས་མིན་ཟེར་མི་ནུས། ཨ་མ་ན་སི་ལ་ཡང་ཆོས་མིན་ཟེར་མི་ནུས་ཏེ། ཨ་མན་སི་བྱ་བ་ཡིད་ལ་མི་བྱེད་པ་བྱ་བ་ཡིན་ཏེ། ཆོས་བཟང་པོ་ཡང་དག་པ་ཡིན། གང་ཟག་དེ་ལྟ་བུ་ལ་ཞུགས་མ་རན་པ་རྣམས་ཀྱིས་ཞུགས་པས་ལན་པ་ཡིན་ཏེ། དཔེརན་སྤྱོད་པ་མ་རན་པར་བྱས་པས། སྤྱོད་པ་བ་ནག་པོའི་གཏམ་རྒྱུད་འདྲ་བ་ཡིན་གསུངས། རས་ཆུང་རྡོ་རྗེ་གྲགས་ཀྱིས་ཆོས་སྔ་འགྱུར་འདི་ལ་ལ་ལས་འཐབ་ཅིང་འདུག་པ། འདི་ལ་སངས་རྒྱས་ཀྱིས་ནི་གསུང་ངོ་ཤེས་སམ་ཞུས་པས། མི་ལའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་མ་གསུངས་བའི་ཆོས་ཤིག་ལོ་པཎ་སྤྲུལ་སྐུ་རྣམས་ཀྱིས་ཁྱེར་གན་འོང་གསུངས། ཕ་དམ་པ་རྒྱ་གར་ལ། རྫོགས་པ་ཆེན་པོ་ལས་དཀརནག་གི་འབྲས་བུ་མེད་སྐད་པ་དེ་བདེན་ནམ་ཞུས་པས། རྫོགས་ན་བདེན་གསུངས། འོ་ན་དེ་ལྟ་བ་མཐོ་བ་ལགས་སམ་ཞུས་པས། རྫོགས་པ་ཆེན་པོའི་ལྟ་བ་ལ་མཐོ་དམའ་མེད་ནམ་མཁའ་དང་འདྲ་

p. 539

གསུངས། རྫོགས་ཆེན་ལའང་སེམས་འཛིན་གྱི་སྒོམ་དང་ནི་ཡོད་སྐད་ཞུས་པས། ནམ་མཁའ་ཁོས་ཁབ་མིག་ཏུའང་འོང་ཤེས་པར་གདའ་གསུངས། གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས། སྟོང་ཉིད་ཆོས་མ་ཡིན་ཞིང་། ཀླུ་སྒྲུབ་ཀྱི་ལོག་ཤེས་ཡིན་ཞེས་པ་དང་། ཡང་ཨ་མ་ན་སི་ཆོས་མ་ཡིན། རྫོགས་པ་ཆེན་པོ་ཆོས་མ་ཡིན་ཞེས་ངེས་པའི་དོན་གཏིང་རྩ་བ་ནས་སྤོང་བ། དོན་དམ་པའི་བདེན་པ་རྩ་བ་ནས་སྤོང་བ། ཆོས་ཟབ་མོ་གཏིང་ནས་སྤོང་བ། བསམ་གྱིས་མི་ཁྱབ་པའི་དོན་རྩ་བ་ནས་སྤོང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩ་བ་ནས་སྤོང་བ། དབུ་མ་ཆེན་པོའི་དོན་རྩ་བ་ནས་སྤངས་ཏེ། བཀའ་མ་ཡིན་པར་སྐུར་པ་བཏབ་པ། རང་རང་གི་གྲུབ་མཐའི་རྡོ་ལྗོང་མགོ་བཏོན་ནས། རང་གི་རྒྱུད་ཐོག་ཏུ་ཆོས་སྤོང་གི་ལས་ཁམ་པོ་ཆེ་གསོག་པ་མ་ཚོར་བའི་གང་ཟག་གི་རིགས་རྣམས་ལ། མ་མཐོང་བའི་གཡང་ས་ཆེན་པོ་ཡོད་པར་འདུག་ཅེས་དང་། ཨ་མ་ན་སི་ཆོས་མ་ཡིན། རྫོགས་པ་ཆེན་པོ་ཆོས་མ་ཡིན་ཟེར་བ་ཁམ་ཆེས་པས། ཐེག་པ་ཆེན་པོ་སྤོང་བའི་རྩ་ལྟུང་ཡོང་བས་དེ་སྐད་ཟླར་མི་བཏུབ།

p. 540

སྐུར་པ་དེ་ལྟ་བུ་མ་བཏབ་པར། རང་གི་རྒྱུད་དང་མཐུན་པའི་ཆོས་དེ་ཉམས་སུ་བླངས་ན་ལེགས་པ་ཡིན་གསུངས། སྤྱན་སྔ་བས། རྙིང་མའི་རྫོགས་རིམ་སོགས་གཙོ་བོ་ཡིན་པས། རྫོགས་ཆེན་ལ་སངས་རྒྱས་ཀྱི་ཆོས་མེད་བྱར་མི་རུང་ལ། ཆོས་སྤོང་ནི་མཚམས་མེད་ལས་ལྕི་བར་མང་དུ་གསུངས་ཡོད་པས་བག་ཡོད་པར་གྱིས་གསུངས། སངས་རྒྱས་གཉིས་པ་ཇོ་བོ་རྗེའི་ཞལ་ནས། འབྲོམ་འཚང་རྒྱ་བ་ལ་ཉེ་བ་ཞིག་དགོས་ན། གསང་སྔགས་ཟབ་མོ་རྣམས་འདོམས། ཁྱད་པར་དུ་དོ་ཧ་སེམས་ལ་ཚུད། འཚང་རྒྱ་བ་ལ་དེ་ལས་ཐག་ཉེ་བ་མེད། སྟོན་དུས་ཀྱི་ལོ་ཐོག་ཁམ་རུམ་མེ་བ་དང་འདྲ། གྲུབ་ཐོབ་ཆེན་པོ་རྣམས་ཀྱི་ཉམས་ལེན་ཡིན། ཁྱད་པར་དུ་དོ་ཧ་འདི་ཀུན་བྱས་ན་ལུང་སྟོངན་ཕར་ལ་རྣལ་འབྱོར་པ་བཟང་པོ་ཉམས་གར་བརྩེ་ཞིང་། ཌཱ་མ་རུ་ཁྲོལ་ལེ་བ་འོང་སྲིད། བློ་རབ་ལ་ཆོས་རབ་མཆི། ཁྱོད་ཀྱི་ཆ་ལུགས་འདི་ཀུན་ལ་ལྷག་པར་འདི་མཐུན་གསུངས། ཡང་འབྲོམ་གྱིས་ཇོ་བོ་ལ། འཇིག་རྟེན་གྱི་ཁམས་འདི་ན་ཆོས་པ་རིགས་མི་འདྲ་བ་དུ་མ་རེ་ལ། ཆོས་ལུགས་ཀྱང་མི་འདྲ་དུ་མ་རེ་རེ། དེ་ལ་ལག་ལེན་གྱི་བྱེད་ལུགས་ཀྱང་

p. 541

བསམ་གྱིས་མི་ཁྱབ་པ་རེ་རེ། གཞན་ཕར་བཞག་པའི་བླ་མ་གཅིག་གི་གསུང་ལའང་། སློབ་མ་དུ་མ་རེ་ཡོད་པ་དེའི་འདོད་ལུགས་རེ་རེ་ཐམས་ཅད་ཀྱང་ད་ཁྱོད་ངེད་ཀྱི་ཆོས་ལུགས་དང་། ཁྱེད་ཀྱི་ཆོས་ལུགས། འགལ་འགལ་འདྲ་བ་མང་པོ་གདའ་བ་ལས། ཇོ་བོ་ཁྱེད་ཀྱིས་ཀུན་མཁྱེན་པའི་དེ་རྣམས་ངེས་པར་གང་ལམ་དུ་འགྲོ་བ་ཡིན། གང་མི་འགྲོ་བ་ཡིན་ཞུས་པས། འབྲོམ་འདི་ཀུན་སངས་རྒྱས་ཀྱི་ཤེས་བྱ་ཡིན། ཆོས་ལུགས་གང་ལའང་སྐར་པ་མི་འདེབས་པ་དང་། རང་རང་གང་མོས་པ་དེ་ལ་འདུན་པ་བྱེད་པ་དང་། རང་གི་ཆོས་ལུགས་དེ་ལ་བླ་མ་མཁས་པའི་གསུང་གིས་སྒྲོ་འདོགས་བཅད། བདེ་བར་གཤེགས་པའི་ལུང་ན་ཅི་འདུག་བལྟ། རང་རེའི་རིག་པས་ཀྱང་ལམ་དུ་དཔྱད་གསུངས། ཡང་ཇོ་བོ་ཆོས་ལུགས་དེ་ལྟར་མང་ཡང་། ལམ་དུ་འགྲོ་བའི་གནད་འདི་གང་ལགས། གཞན་དོན་དུ་སངས་རྒྱས་འདོད་ནས། དེའི་གེགས་བདག་གཞན་གཉིས་སུ་འཛིན་པ་སྤོང་ཞིང་། ཆགས་སྡང་གི་དྲི་མས་མ་གོས་པ་དེ་ལགས་མོད་གསུངས། ཡང་འབྲོམ་ཐབས་སྣ་ཚོགས་ཀྱིས་ཆོས་ལུགས་གང་

p. 542

མོས་པ་ལ་འཇུག །ལམ་གྱི་འགྲོ་ལུགས་གང་བྱས་ཀྱང་། མཐར་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་གསུངས། དེས་ན་དམ་པ་རྒྱ་གར་ཇོ་བོ་རྗེ་ལ་སོགས་པའི་རྒྱ་གར་བ་དང་། རྗེ་མི་ལ་ཏ་ར་ནཱ་ཐ་སོགས་བོད་ཀྱི་མཁས་གྲུབ་གོང་མ་དེ་དག་གི་གསུང་ཚད་མར་བཟུང་ནས། ད་ཕྱིན་ཆད་བློ་གྲོས་དང་ལྡན་པ་རྣམས་ཀྱིས་གྲུབ་མཐའ་གང་ལའང་ཁ་མི་གཏོང་བ་ཙམ་དུ་མ་ཟད་དད་གུས་དག་སྣང་སྦྱང་དགོས་ཏེ། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ཆོས་རང་རང་མོས་པའི་དོན་ཟབ་མོ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །ཞེས་དང་། རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས་བདེ་ལམ་འཆད་པའི་སྐབས་སུ། སྤྱིར་ས་དགེ་རྙིང་འབྲུག་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གི་སྡང་ཞུགས་བྱེད་མི་རིགས་ཏེ། དེ་དག་རང་རང་གི་ལམ་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་ཡོད་ལ། དེའི་ཕྱིར་དུ་ཆོས་སྤོང་གི་ལས་འགོག་པའི་སླད་དུ། ཁོ་བོས་ཀྱང་དུས་རྒྱུན་དུ་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱང་དགོས་ཚུལ་ནན་

p. 543

གྱིས་ཞུས་པ་ཡིན། ཞེས་དང་། རྗེ་རྒོད་ཚང་པས། ངས་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞག །ཚེ་བློས་གཏོང་བ། སྤྲང་པོའི་དམན་ས་བཟུང་ནས་ཐམས་ཅད་སྤྱི་བོར་ཁུར་བ། ཀུན་ལ་དག་སྣང་སྦྱོང་བ་གསུམ་ཡིན། བསླབ་པ་རིན་པོ་ཆེ་གསུམ་མམ། སྡོམ་པ་གསུམ་ཡང་འདིར་འདུས་སམ་སྙམ་གསུངས། དཔལ་གསང་བའི་བདག་པོས། དེས་ན་ཐམས་ཅད་ལ་དག་པའི་སྣང་བ་བསྐྱེད་དགོས་ཞེས་གང་གསུངས་པ་ལྟར་བྱའོ། །གཞན་ཡང་དགེ་བའི་བཤེས་གཉེན་ཁུའི་ཞལ་ནས། བྱ་རྒོད་ནམ་འཕང་གཅོད་པ་ལྟར། །སྔོན་ཆད་བཤད་པས་མཐའ་རྒྱ་བཅད། །རྒྱ་ཁྲ་གཟེན་ལ་གཞུངས་པ་བཞིན། །ད་ནི་གདམས་ངག་དོན་དུ་འགྲིལ། །ཞེས་གསུངས་པ་ལྟར་སྔོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། རྗེས་སུ་གདམས་ངག་ཟབ་མོ་ཉམས་སུ་ལེན་དགོས། དགེ་བཤེས་གསང་ཕུ་པའི་ཞལ་ནས། ཟབ་དོན་ཟབ་མོ་བཅུད་བཟང་དྲག་ནས་སེང་གེའི་འོ་མས་རྫ་བཅག་བྱ་བ་འོང་། ལར་ཡང་ཟབ་དོན་གསང་ཆོས་ཐམས་ཅད་ཁུ་སྟོན་གྱི་ཚད་མས་གཞལ་བྱ་ག་ན་ཡིན་གསུངས་པ་ལྟར།

p. 544

ཆོས་ཟབ་མོ་རྣམས་ཚད་མས་གཞལ་དགོས་པའི་ངེས་པ་མི་སྣང་། དགེ་བཤེས་འབྲོམ་གྱི་ཞལ་ནས། སློབ་དཔོན་ལྟར་སྣང་གཅིག་གིས་བཟུང་བའི་དགོན་ཆུང་ཞིག་ཏུ། ཆོས་མ་འཚེངས་པ་ཞིག་གི་སྒོ་རུ་འཇུག་ལོ་བྱས་ཙན། སྔར་དད་པ་དང་སྦྱིན་པ་ཕྱོགས་མེད་དུ་བྱེད་པ་དེ་འགག་ནས། ངའི་ཆོས་ལུགས་དང་ཁོང་གི་ཆོས་ལུགས་གཉིས་སུ་ཕྱེ། རང་གི་ཆོས་ལུགས་སོལ་བ་བཞིན་དུ་སོང་ཡང་དཀར། གཞན་གྱི་ཆོས་ལུགས་དུང་ལྟར་སོང་ཡང་ནག །སེར་སྣ་དང་གསོག་རུམ་ཆེ་རུ་སོང་བ་ཞིག་བྱས། ཡོན་ཏན་ཐམས་ཅད་ཆགས་སྡང་གི་གོང་བུར་ཧྲིལ་གྱིས་བསྒྲིལ། གསུངས་པ་ལྟར་རང་གཞན་གྱི་ཆོས་ལུགས་ལ་བརྟེན་ནས་ཆགས་སྡང་ཆེ་རུ་མ་སོང་བ་ཞིག་གལ་ཆེ། རྒྱལ་བུ་བློ་གྲོས་འཕེལ་གྱིས། རྒྱ་གར་ནང་པའི་བློ་ངོ་ན། །ང་ནི་མགོན་པོ་སྤྱན་རས་གཟིགས། །བློ་གྲོས་འཕེལ་ཞེས་འབོད་པར་བྱེད། །བོན་པོ་གཤེན་ལྷ་འོད་དཀར་ཞེས། །ད་ལྟ་ལྕགས་འབར་བུ་རུ་འབོད། །ཕྱི་པ་དབང་ཕྱུག་ཆེན་པོ་ཞེས། །ཆོས་ཀྱང་དེ་དང་མཚུངས་པར་སྨྲ། །གསུངས་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་

p. 545

འདུལ་གྱི་སྐུར་སྤྲུལ་ནས་ཆོས་ཀྱང་དེ་དང་མཐུན་པར་གསུངས་པས་ན་ཕྱི་རོལ་པ་དང་བོན་པོ་ལ་སོགས་པའི་གྲུབ་མཐའ་གང་ལ་ཡང་ཆགས་སྡང་མེད་པ་ནི་བསྟན་འཛིན་མཆོག་ཡིན་ཏེ། ཡུམ་ལས། གང་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད་ལ། མུ་སྟེགས་ཅན་གྱི་ཆོས་ལ་ཁོང་ཁྲོ་བ་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གང་དག་ཆོས་ཐམས་ཅད་ལ་དབང་བསྒྱུར་ཡང་། ཆོས་དང་ཆོས་མ་ལགས་པའི་འདུ་ཤེས་ལ་མི་སྤྱོད་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་གསུངས། དེས་ན་ཆོས་གང་ལ་ཡང་རྒྱགས་པ་དང་གཤྀ་བ་སོགས་མི་བྱ་སྟེ། མདོ་ཉི་མའི་སྙིང་པོ་ལས། འཁོར་ལོ་རྣོན་པོས་བདག་གི་ལུས། །གཏུབ་པར་འགྱུར་བ་ཆེས་སླ་ཡི། །ལེགས་པར་གསུང་བའི་ཆོས་རྣམས་ལ། །རྒྱགས་དང་གཤེ་བ་བསྐྱེད་མི་བྱ། །གསུངས། རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། རང་ལུགས་ནང་པ་སངས་རྒྱས་ཀྱི་གྲུབ་མཐའ་དང་། གཞན་མུ་སྟེགས་བྱེད་དང་བོན་པོ་སོགས་ཀྱི་གྲུབ་མཐའ་ལ་ཡང་སྡང་སེམས་ཀྱིས་སྨོད་པ་དང་།

p. 546

ཁྱད་པར་དུ་ཡང་བོད་འདིར་ནི་སྔར་བཤད་པ་ལྟར། ས་དགེ་རྙིང་འབྲུག་སོགས་སོ་སོའི་གྲུབ་མཐའི་ཁ་འཛིན་བགྱིས་ཏེ། གཞན་དག་ལ་སྡང་ཞིང་སྨོད་པར་བྱེད་པ་ཆེས་མང་ལ། དེ་ལྟར་བྱས་ན་རྩ་ལྟང་དྲུག་པ་འབྱུང་བ་ཡིན་པས། དེ་དག་གི་ལེགས་ཆ་བླངས་ཏེ་ཉམས་ལེན་དང་མོས་གུས་སོགས་མ་བྱས་ཀྱང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་ངེས་པར་བྱས་ནས་བཏང་སྙོམས་སུ་འཇོག་པར་བྱ་ཞེས་དང་། སྤྱན་སྔ་བས། མུ་སྟེགས་ལམ་གྱི་གཙོ་བོ་རྣམས་ཀྱང་སངས་རྒྱས་བྱང་སེམས་ཀྱིས་བསྟན་པ་ཡིན་པས་སྨོད་པར་མི་བྱ། ཞེས་དང་། བོན་པོའང་ནང་པའི་ཁྱད་ཆོས་རྣམས་ཁས་ལེན་པར་འདུག་པས་ནང་པར་ཐེ་བར་མངོན་ནོ་གསུངས། ཀུན་མཁྱེན་པདྨ་དཀར་པོས། མུ་སྟེགས་བྱེད་ལ་སོགས་པའང་ལམ་གོང་མ་ལ་བགས་ཀྱིས་བཀྲི་བའི་ཆེད་དུ་ཤེས་པར་བྱའོ། ཞེས་དང་། བླ་མ་ཞང་གིས། འོ་སྐོལ་བོན་པོ་ལའང་རེས་ཆོད་མི་བགྱིའོ། ཞེས་དང་། བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེའི་ཞལ་ནས། ཁོ་བོ་ཕྱི་རོལ་པ་དང་བོན་པོ་ལའང་དད་པ་ཡོད་གསུངས། རྣམ་སྣང་མངོན་བྱང་ལས། མུ་སྟེགས་

p. 547

ཅན་ལ་སྨོད་མི་བྱ། །མུ་སྟེགས་ཅན་ལ་སྨད་གྱུར་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། སེམས་ཅན་མོས་པ་བསམ་མི་ཁྱབ། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །རང་གི་གཞུང་དང་མ་མཐུན་ཡང་། །སྨད་ཅིང་སྤང་བར་མི་བྱ་སྟེ། །ནམ་ཞིག་གོ་བར་སྨོན་ལམ་ཐོབ། །ཅེས་དང་། ཞང་གཡུ་བྲག་འགྲོ་མགོན་གྱིས། འོ་སྐོལ་རང་ཅག་ཆོས་དང་ཆོས་མིན་ཞེས། །ཁྱད་དུ་མི་གསོད་རིས་སུ་མི་བཅད་ཅིང་། །ཐམས་ཅད་ཐུབ་དབང་སྲས་བཅས་རྣམ་འཕྲུལ་དུ། །ཤེས་པར་བྱ་ཞིང་མི་སྤང་འཁུར་བགྱིའོ། །ཞེས་གསུངས་པ་ལྟར་ཕྱི་རོལ་མུ་སྟེགས་པ་དང་བོན་པོ་ཡན་ཆད་ལ་ཁ་མི་གཏོང་བར་དད་གུས་དག་སྣང་སྦྱང་བར་བྱའོ། །གཞན་ཡང་ཆོས་ལུགས་གང་ལ་དད་གུས་དག་སྣང་སྐྱེ་བར་འདོད་པའི་བློ་ལྡན་དོན་གཉེར་ཅན་རྣམས་ཀྱིས་ཐོག་མར་བཀའ་འགྱུར། བསྟན་འགྱུར། རྙིང་མའི་རྒྱུད་འབུམ་སོགས་བོད་དུ་བསྒྱུར་ཚད་ལ་ལེགས་པར་གཟིགས་ཤིང་། དེ་ནས་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་བློས་ཞིབ་ཏུ་བརྟགས་ཤིང་དཔྱད་ཤེས་ན། རྒྱལ་བའི་བཀའ་བསྟན་

p. 548

བཅོས་ཀྱི་གཞུང་དང་མི་མཐུན་པའི་ཆོས་ལུགས་གྲུབ་མཐའ་གསར་བྱུང་ཞིག་མེད་ལ། ཁྱད་པར་དུ་གཟིགས་རྒྱ་ཆེ་བའི་ཀརྨ་པ་ཀུན་མཁྱེན་ཆོས་ཀྱི་གྲགས་པ་ལ་ཟང་ཟང་ནེའུ་རིང་པ་རིན་པོ་ཆེས་ལྟ་བའི་དབྱེ་བའི་ལུང་བསྟན་བདེན་རྫུན་དྲིས་པའི་ལན་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཀྱི་ཕྱག་རྒྱ་ཆེན་པོ་གསལ་བའི་སྒྲོན་མེ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཕྱག་ཆེན་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་དང་། ཕ་བོའྀ་ཁ་པ་དཔལ་འབྱོར་ལྷན་གྲུབ་ཀྱིས་མཛད་པའི་ལྟ་བ་སྤྱི་ཁྱབ། རྗེ་བདག་ཉིད་ཆེན་པོའི་ལྟ་བའི་དོགས་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ཡི་དམ་ཕྱག་ན་རྡོ་རྗེ་ལ་ཞུས་པའི་ཞུས་ལན་བདུད་རྩི་སྨན་མཆོག་སོགས་དམ་པ་གོང་མའི་ལེགས་བཤད་བཟང་པོ་རྣམས་དང་། བདག་གིས་རང་འདྲའི་བླུན་པོ་ཚོ་ལ་སྐད་ཆ་བྱས་ནས་བཤད་པའི་ལེགས་བཤད་ཀུན་བཟང་མཆོད་སྤྲིན། ཆོས་བཤད་གཞན་ཕན་ནོར་བུ་སོགས་ལ་ལྟོས་དང་། ཆོས་ལུགས་མི་འདྲ་བ་ཐམས་ཅད་ལ་ཁ་ཞེ་ངོ་ལྐོག་མེད་པའི་དད་གུས་དག་སྣང་སོགས་སྔར་མེད་པའི་ཉམས་རྟོགས་ཡོན་

p. 549

ཏན་མང་པོ་འབད་མེད་ལྷུན་གྲུབ་ཏུ་ཤར་ནས་རིས་མེད་བསྟན་དང་འགྲོ་བ་ཡོངས་ལ་ཕན་ཞིང་། ཚེ་འདི་ཕྱི་གཉིས་ཀ་ལ་བདེ་སྐྱིད་ཀྱི་ཉི་མ་ནང་ནས་འཆར་བར་གདོན་མི་ཟའོ། །དེ་ལྟར་བརྒྱ་བཤད་རུང་བསོད་ནམས་མ་བསགས་པ་ཁ་ཅིག་གི་བློ་ཁ་བདུད་ཀྱིས་བསྐྱོད་ནས་ད་དུང་མི་ཉན་པར་མདོ་སྔགས་མཐར་ཐུག་འོད་གསལ་ཕྱག་རྒྱ་ཆེན་པོ་རྫོགས་པ་ཆེན་པོ་ལ་སོགས་བོད་སྔ་རབས་པའི་གྲུབ་མཐའ་ཐམས་ཅད་ལ་ཧྭ་ཤང་ཞེས་སྒྲོ་སྐུར་བཏབ་ནས་ཆོས་སྤོང་གི་ལས་ངན་པ་བསགས་ན། མཚམས་མེད་ལྔའི་ལས་བྱས་པ་ལས་ཀྱང་སྡིག་པ་ཆེ་སྟེ། སྟོང་ཕྲག་བརྒྱ་པ་ལས། མཚམས་མེད་པ་ལྔས་ནི་ཆོས་སྤང་པར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་ཡང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པ་འདི་སྐད་དུ་འདི་ལ་ཁྱོད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ་ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་སྤངས་ལ། གཞན་དག་ལ་ཡང་མོས་པ་མེད་པར་

p. 550

བྱེད་ཅིང་། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་གྱི་བསམ་པ་གདུག་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤང་བར་འདོད་ལ། གཞན་ཡང་སྤོང་དུ་འཇུག་པ། ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་འགྱུར་རེ་སྐན། ཤཱ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་ཡང་བྱ་བ་མ་གནང་ན། ཕྲད་པ་དང་འགྲོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། ཆོས་སྤངས་པ་དེ་ཡིས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་ཉིད་སྤང་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པས་ཆོས་བརླག་པར་འགྱུར་ཞིང་། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་པོར་སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ལས་ཐར་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་དག་ཏུ་སྐྱེ་ལ། དམྱལ་བ་དེ་དག་ཞིག་ཀྱང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་འཕོ་ཞིང་བསྲེག་གོ །དེ་ནས་ཀྱང་བྱོལ་སོང་གི་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་སྐྱེའོ། །དེ་དག་གི་

p. 551

ལས་ཟད་ནས་བརྒྱ་ལ་མིར་སྐྱེས་ན་ཡང་ཆོས་སྤོང་གི་ལས་བྱས་པ་དང་། བསགས་པ་དང་། བསྒྲུབ་པ་དང་། ཚང་བ་དང་། རྫོགས་པའི་རྣམ་སྨིན་གྱིས། མིའི་སྐྱེ་བ་གང་དུ་ཡང་། དམུས་ལོང་དང་། ཕྱག་དར་པ་དང་། གདོལ་བ་དང་། སྨྱིག་མ་མཁན་གྱི་རིགས་དང་། ཞར་བ་དང་། སྣ་དང་། ལྕེ་དང་། རྐང་ལག་མེད་པ་དང་། མཛེ་དང་། ཤ་བག་ཅན་དང་། སྒུར་མོ་དང་། དཀོན་མཆོག་གསུམ་གྱི་སྒྲ་མེད་པར་སྐྱེ། ཞེས་དང་། རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་གཅེས་འཚོག་བྱེད་པའི་མི་དེ་ཡང་། ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་དང་། རྣམ་སྣང་མངོན་བྱང་ལས། སེམས་ཀྱི་གནས་ལུགས་གཏན་ལ་མ་ཕེབས་པ་རྣམས། རྣམ་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་གྱི། འདི་དག་ནི་རང་བཟོ་ཅན་གྱིས་རང་བཟོ་བྱས་པ་ཡིནནོ། །ཞེས་ཟེར་བ་དག་

p. 552

འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། མི་བླུན་པོ་དེ་དག་གི་འགྲོ་བ་ནི་གཉིས་སུ་རིགས་པར་བྱ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །གསང་བའི་བདག་པོ། དེ་དག་ལ་དགེ་བའི་རྩ་བ་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མི་སྨྲའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་འདི། །རྒྱལ་བའི་མཆོད་པའི་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བར་འགྲོ། །ཞེས་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། །འཇམ་དཔལ་མ་འོངས་པའི་དུས་ན་སེམས་ཅན་སྡིག་པ་ཅན་གང་དག་ཚུལ་འདི་ལ་ཡིད་མི་ཆེས་པ་དག་ཡོད་དོ། །ཞེས་པ་ནས་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ནོ། །ཞེས་ཟེར་ཏེ། དེ་དག་ནི་བདག་ཀྱང་འཕུང་ལ་གཞན་དག་ཀྱང་འཕུང་བར་བྱེད་དོ། །དེ་ལྟར་བྱེད་པའི་སེམས་ཅན་དེ་དག་ལ་ནི་སྔགས་ཀྱི་དངོས་གྲུབ་མེད་དོ། །ཞེས་ཁོ་བོས་སྨྲའོ་ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །དེས་ན་དེང་སང་ཁ་ཅིག་གིས། ས་པཎ་དང་རྗེ་ཡབ་སྲས་ཀྱང་ཆོས་སྤོང་གི་ལས་ངན་པ་གསོག་པའི་གྲལ་འགོ་རུ་སྤྱན་འདྲེན་མཁན་ཡང་འདུག་པས།

p. 553

དེ་འདྲའི་ཁ་ལ་ཉན་ནས་དོན་མེད་ཀྱི་སྡིག་པ་གསོག་མི་རུང་སྟེ། རྗེ་བཙུན་སྐལ་ལྡན་རྒྱ་མཚོས། དམ་པའི་ཆོས་ལ་མི་ཟབ་གང་ཡང་མེད། །དོན་མེད་ཁ་སྡིག་མ་གསོག་རི་ཁྲོད་པ། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། གསུངས་པ་ལྟར་དོན་མེད་ཀྱི་ཁ་སྡིག་མི་གསོག་པར་ཀུན་ལ་དག་སྣང་སྦྱང་བར་བྱའོ། །དེ་ལྟར་དམ་པའི་ཆོས་འཛིན་པའི་གང་ཟག་རྣམས་ལ་སངས་རྒྱས་དངོས་དང་། དེས་བསྟན་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་གསུང་གི་འདུ་ཤེས་བཞག་ནས། དུས་རྒྱུན་དུ་དད་གུས་དག་སྣང་སྦྱང་མཆོད་བསྟོད་བཀུར་ན་སྐབས་ཤིག་ལས་སྒྲིབ་དག་ནས། མ་བསྒྲབས་པའི་ལྷ་ཞལ་མཇལ་བ་དང་། ནམ་མཁའ་སོགས་ནས་དམ་པའི་ཆོས་ཀྱི་སྒྲ་ཐོས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་

p. 554

རྣམས་ཀྱི་སྣོད་དུ་རིག་ནས། དེའི་དྲུང་དུ་གཤེགས་ནས་བྱང་ཆུབ་ཀྱི་ལམ་ཡང་དག་པར་སྟོན་ཏོ། ཅེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ནི་སངས་རྒྱས་མི་བཞུགས་ན་ཡང་། ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སྤྱོད་པ་རྣམ་པར་དག་པ་ལ་ནི། རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས། གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། བསོད་ནམས་ཐམས་ཅད་བསྡས་པའི་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་རྣམས་ཀྱི་ཞལ་སྟོན་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཏེར་རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་བཅུག་པ་དག་ཡོད་དེ། གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་དང་། བསླབ་བཏུས་སུ་སྲེད་མེད་ཀྱི་བུས་ཞུས་པའི་མདོའི་ལུང་དྲངས་པར་ཡང་དེ་

p. 555

དང་མཐུན་པར་གསུངས་ཤིང་། དེ་བཞིན་དུ་ཡོང་བའི་སྨོན་ལམ་ཡང་འདེབས་དགོས་ཏེ། སྤྱོད་འཇུག་སྨོན་ལམ་ལས། ལུས་ཅན་ཀུན་གྱིས་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །གསུངས། དེས་ན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བླ་མ་དགེ་བའི་བཤེས་གཉེན་དང་དམ་པའི་ཆོས་དང་མཇལ་བར་འདོད་པའི་གང་ཟག་རྣམས་ཀྱིས། སྤྱིར་བླ་མ་རྣམས་ལ་མོས་གུས། མཆེད་གྲོགས་རྣམས་ལ་བརྩེ་གདུངས། སེམས་ཅན་ལ་སྙིང་རྗེ། དམ་པའི་ཆོས་རྣམས་ལ་དད་གུས་དག་སྣང་སྦྱང་ཞིང་། ཁྱད་པར་བོད་དུ་དར་བའི་གྲུབ་མཐའ་ཇི་སྙེད་ཅིག་མཆིས་པ་འདི་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལས་མཆེད་པ་ཡིན་པས་ན། འདི་རྣམས་ཀྱི་ཆོས་གང་གསུང་མཁན་གྱི་བླ་མ་རྣམས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། ཆོས་གང་གསུངས་ཐམས་ཅད་ལ་སངས་རྒྱས་ཀྱི་གསུང་གི་འདུ་ཤེས་བཞག་ནས། གང་ལ་ཡང་ལོག་ལྟ་སྤུ་ཙམ་ཡང་མི་བྱེད་པར་དད་གུས་དག་སྣང་སྦྱོང་བ་ལ་བརྩོན་པར་བྱའོ། །དེ་

p. 556

ལྟར་བྱས་ན་གྲུབ་མཐའ་རིས་མེད་ཀྱི་ལྷ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་དགྱེས་ནས་སྲུང་སྐྱོབ་མཛད་ཅིང་། ཞི་རྒྱས་དབང་དྲག་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ་བར་འགྱུར་རོ། །ད་སྔར་བཤད་པ་ཐམས་ཅད་མདོར་བསྡུ་ན་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཟབ་ལ་རྒྱ་ཆེ་བ་དང་། རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་བརྩམས་པའི་རྒྱ་གཞུང་མང་པོ་དང་། བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་པའི་བསྟན་བཅོས་རྒྱ་ཆེན་པོ་རྣམས་ཀྱི་དགོངས་པ་རྣམས་བྱིས་པ་སོ་སོ་སྐྱེ་བོ་ངེད་རྣམས་ཀྱིས་ལོན་དཀའ་བའི་ཕྱིར་ན། ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྒྱ་བོད་གང་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས་གང་ལ་ཡང་ལོག་ལྟ་སྤུ་ཙམ་ཡང་མི་བྱེད་པར་དང་གུས་དག་སྣང་སྦྱོང་བ་གནད་ཆེ་སྟེ། ཀརྨ་པ་ཀུན་མཁྱེན་ཆོས་ཀྱི་གྲགས་པའི་ཞལ་ནས། དཀོན་མཆོག་བརྩེགས་པ་གང་པོས་ཞུས་པའི་མདོར། །བདེ་གཤེགས་མེ་རོ་གྷདྡྷེའི་བསྟན་པའི་མཐར། །དགེ་སློང་དྷརྨ་ཤྲཱི་དང་དྲན་པ་ཐོབ། །ཡ་ཤ་རབ་ཏུ་འདྲེན་པ་

p. 557

ཞེས་བྱ་བཞི། །སྐྱེ་བ་རིམ་པར་བརྒྱུད་པ་ཡིན་མོད་ཀྱི། །སྔ་ཕྱིའི་ཆོས་ཀྱི་བསྟན་ཚུལ་མི་འདྲ་བས། །དེ་ཡི་ལུགས་ཞེས་སྔ་མ་སྔ་མ་དག །ཕྱི་མས་བཀག་ཀྱང་བསྟན་པ་མ་ཉམས་པར། །གསུངས་ཤིང་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལྟར། །སྟོན་པ་ཤཱཀྱའི་དབང་པོའི་བསྟན་པ་ལ། །ཉན་ཐོས་གྱེས་པ་བཅོ་བརྒྱད་བྱུང་ན་ཡང་། །བསྟན་པ་མ་ཉམས་ཚུལ་འདིས་དག་སྣང་སྦྱོངས། །ཞེས་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་ཞལ་ནས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ནི་ཤིན་ཏུ་མི་བཟད་པས། ཕྱོགས་འཛིན་གྱི་སྡང་ཞུགས་དོར་ནས། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་པ་ལགས་སོ། །ཞེས་གསུངས་པ་ལྟར་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ལྟར་གསུངས་འདུག་པས། གང་གསུངས་ལྟར་ཀུན་གྱིས་དད་གུས་དག་སྣང་ཁོན་ལ་གཞོལ་བར་བྱའོ། །བདག་ནི་བློ་གྲོས་དམན་ཞིང་

p. 558

སྦྱངས་པ་ཆུང་བས། མཁས་པ་པཎྜི་ཏའི་བསྟན་བཅོས་བཞིན་སྙན་ངགས་མངོན་བརྗོད་སྔགས་སྐད་བརྡ་ཚིག་གིས་བཅིངས་ནས་ལེགས་བཤད་རྩོམ་མི་ཤེས་མོད། འོན་ཀྱང་ཤེས་ནས་བརྩམས་ཀྱང་གཞན་གྱིས་མ་གོ་ན་གླེགས་བམ་མང་ཡང་། ཡི་དྭགས་ཕྱུག་པོའིནོར་བཞིན་སུ་ལའང་ཕན་མི་ཐོགས་ཏེ། རྗེ་བླ་མ་མཻ་ཏྲིའི་མཚན་ཅན་གྱིས་ཧ་ཅང་མངོན་བརྗོད་བརྡ་ཚིག་དམ་པོ་ཡིས། །ཀུན་ནས་བཅིངས་པའི་གླེགས་བམ་གྲངས་མང་ཡང་། །ཡི་དྭགས་ཕྱུག་པོའི་ནོར་གྱི་ཕུང་པོ་ལྟར། །སུ་ལའང་མི་ཕན་མེད་པ་ཉིད་དང་མཚུངས། གསུངས། བཟང་སྤྱོད་ལས། འགྲོ་བ་ཀུན་གྱི་སྒྲ་ནི་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །གསུངས་པ་དང་། མཁས་པ་འགའ་རེས། ཡུལ་གྱི་སྐད་ཀྱིས་ཆོས་གོ་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་བཤད་པ་ལྟར། འདིར་བདག་འདྲའི་དབང་པོ་རྟུལ་པོ་རྣམས་ཀྱིས་གོ་བའི་ཕྱིར། ཡུལ་སྐད་དང་བསྟུན་ནས་བཤད་པ་ཡིན་ལ། ཀུན་གྱིས་ཚིག་དོན་གོ་ན་སངས་རྒྱས་ཀྱི་ཆོས་ཚིགས་བཅད་རེ་རེ་ཡི་གེར་བཀོད་ནས་བཤད་ན་ཡང་ཕན་ཡོན་དཔག་ཏུ་མེད་དེ། གསེར་

p. 559

འོད་དམ་པའི་མདོ་ལས། རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། མདོ་སྡེ་འདི་རྣམས་ཀྱི་ནང་ནས་ཚིག་གཅིག་གམ། ལེའུ་གཅིག་གཞན་ལ་བཀོད་དེ་བཤད་ན། དེའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་ཅིང་། དགེ་བའི་རྩ་བ་དཔག་ཏུ་མེད་པ་འཕེལ་ལོ། ཞེས་དང་། བྱམས་པ་སེང་གེ་སྒྲའི་མདོ་ལས། གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས། །བཀང་སྟེ་གཞན་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡིས་ཕན་ཐོགས་ཅི་འདྲ་དེ་ལ་མེད། གསུངས། ཁྱད་པར་ཆོས་གང་ལ་སྡང་བ་རྣམས་ཀྱི་ལོག་རྟོག་བསལ་ན་ཕན་ཡོན་དཔག་ཏུ་མེད་དེ། ཡེ་ཤེས་གྲུབ་པའི་རྒྱུད་ལས། ཆོས་ལ་སྡང་བ་ངེས་བསལ་བ། །བསོད་ནམས་འབྲས་བུ་གཏིང་དཔག་མེད། །གསུངས། དེས་ན་ལེགས་བཤད་མཁས་པའི་སྤྱིནོར་ཡིན་པས། ཕྱི་རབས་མཁས་པའི་དབང་པོ་རྣམས་ཀྱིས་བསྟན་འགྲོ་ལ་ཕན་པའི་ལེགས་བཤད་འདི་ལྟ་བུ་རྩོམ་པར་རིགས་ཏེ། དཔའ་བོ་གཙུག་ལག་ཕྲེང་བས། རྒྱ་མཚོའི་ཆུ་བོ་སྔོན་ནས་མང་བཅུས་མོད། །ད་དུང་སུ་ཡིས་བླངས་ཀྱང་མི་ཟད་ལྟར། །ཚུལ་

p. 560

འདི་སྔོན་རབས་མཁས་པས་མང་སྦྱར་མོད། །ད་དུང་ལེགས་བཤད་མཁས་པའི་སྤྱི་ནོར་ཡིན། ཞེས་དང་། སློབ་དཔོན་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །དགེ་བ་བསྒོམ་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱིས་ཀྱང་། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་གྱུར། །གསུངས། འདིར་བདག་གི་བསྟན་འགྲོ་ཡོངས་ལ་ཕན་པའི་ལྷག་བསམ་གྱིས་ཀུནནས་བསླངས་ཏེ། ཀུན་མཁྱེན་རྒྱལ་བའི་བཀའ་དང་། རྒྱལ་བའི་རྣམ་འཕྲུལ་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱི་གསུང་རྣམས་ལུང་དུ་དྲངས་ནས་ལེགས་པར་བཤད་པ་ཡིད་ཆེས་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྟུང་ཞིང་། །རི་དང་གྲོང་དང་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང་། །ཞེས་དང་། སྔགས་

p. 561

བསྟོད་ལས། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཞེས་དང་། མདོ་གཞན་ལས། ནམ་མཁའ་ས་གཞིར་འགྱུར་བ་འམ། །ས་གཞི་ནམ་མཁར་འགྱུར་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །གཞན་དུ་འགྱུར་བ་མ་མཆིས་སོ། །གསུངས། དེས་ན་ལེགས་བཤད་འདི་ཉིད་རྒྱལ་བའི་གསུང་དང་། རྒྱ་བོད་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་དང་མཐུན་པར་སྦྱར་བའི་ཕྱིར། འདིའི་ནང་ལྟར་བྱས་ན་སངས་རྒྱས་ཀྱི་གསུང་ལྟར་བསླུ་མི་སྲིད་དེ། དེ་ཅིའི་ཕྱིར་ཞེ་ན། གཞན་ལྷ་དང་དྲང་སྲོང་གི་ངག་ལའང་བསླུ་བ་མ་མཐོང་ན། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་གིས་མི་བསླུ་བ་སྨོས་ཅི་དགོས་ཏེ། སྒྱུ་འཕྲུལ་དྲ་བའི་བཤད་རྒྱུད་ཆེན་པོ་ལས། ལྷ་དང་དྲང་སྲོང་བདེན་པའི་ངག །གང་ལ་སྦྱར་བའི་ནུས་པ་ཡང་། །བསླུ་བར་བྱེད་པ་མ་མཐོང་ན། །སྨོན་ལམ་སྙིང་རྗེས་གཞན་དོན་འཇུག །ཡེ་ཤེས་ཆགས་པ་མི་མངའ་བའི། །ཐམས་ཅད་མཁྱེན་པ་སྨོས་ཅི་

p. 562

དགོས། །ཞེས་གསུངས། དེས་ན་ལུང་དང་མཐུན་པ་གལ་ཆེ་སྟེ། གཙུག་ན་རིན་ཆེན་གྱི་མདོ་ལས། ལུངནི་ངེས་བྱེད་ཚིག་ཡིན་ཏེ། །ངེས་པ་མེད་པ་རྫུན་གྱིས་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ངེས་བྱེད་ལུང་དུ་ཤེས་པར་བྱ། །ཞེས་དང་། འཕགས་པ་རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཡིད་ཆེས་ལུང་དང་མི་ལྡན་པའི། །ཆོས་གང་སྟོན་པར་བྱེད་པ་ནི། །རྣམ་པར་རྟོག་པའི་བདག་ཉིད་དེ། །བདག་ཀྱང་ཆུད་ཟོས་གཞན་ཆུད་ཟོས། །ཞེས་དང་། སློབ་དཔོན་འཕགས་པའི་མན་ངག་དྲུག་ཅུ་པ་ལས། གང་དག་བདག་དང་གཞན་གྱི་དོན་ལ་མངོན་བརྩོན་པའི། །ལུང་དག་ཀུན་ཏུ་སྤངས་ནས་སྨྲ་བར་མི་བྱེད་དེ། །ཤིན་ཏུ་ཡང་དག་མིན་པས་སྨྲས་གྱུརན། །ལྟུང་འགྱུར་ལྕགས་བསྲེག་བརྒྱ་ཕྲག་ལྕེ་ལ་འདེབས། །ཞེས་དང་། ངེས་པར་བརྗོད་པའི་རྒྱུད་བླ་མ་ལས། རྣལ་འབྱོར་ལུང་ནི་མི་ཤེས་པ། །སངས་རྒྱས་མུ་སྟེགས་ཅན་ཡིན་ཏེ། །རྟག་ཏུ་ལུང་ནི་མི་སྤང་ཞིང་། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །ཞེས་དང་། སློབ་དཔོན་ཨརྱ་དེ་ཝའི་མན་ངག་ལས། གསང་སྔགས་མཐར་ཐུག་ལྟ་དུས་སུ། །ཡིད་དང་དབང་པོའི་

p. 563

མངོན་སུམ་དང་། །རྗེས་སུ་དཔག་པ་མི་ཚད་དེ། །ལུང་ཟབ་མན་ངག་ཚད་མར་བྱ། །ཞེས་དང་། སློབ་དཔོན་ཚོས་ཀྱི་གྲགས་པའི་ཞལ་ནས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས། ལུང་དང་མི་མཐུན་པར་རིག་པས་དཔྱད་ནས་འབད་ཀྱང་ཚད་མར་འཛིན་མི་འོས་ཏེ། ཀྲི་ཡ་བསམ་གཏན་ཕྱི་མ་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི། །དཔེ་འམ་ཚད་མའི་གཏན་ཚིགས་དང་། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །དབྱེ་བར་ནུས་པ་མ་ཡིན་ནོ། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བཤད་རྒྱུད་ལས། ལུང་མ་གཏོགས་པར་རྟོག་གེ་ཡི། །ཆོས་རྣམས་རྣམ་པར་དག་མ་ཡིན། །དྲང་སྲོང་རྣམས་ཀྱིས་ཤེས་ན་ཡང་། །དེ་ཡང་ལུངནི་སྔོན་གཏོང་ན། །ལོང་བའི་རྐང་པས་ཚོད་དཔག་ཅིང་། །ཉམ་ངའི་གཡང་སར་བརྒྱུགས་པ་ལྟར། །རྗེས་སུ་དཔག་པ་གཙོར་བྱེད་གང་། །རྣམ་པར་ལྟུང་བ་དཀའ་མ་ཡིན། །ཞེས་དང་། སློབ་དཔོན་འཕགས་ལྷའི་མན་ངག་ལས། །མ་འོངས་ཕྱི་མའི་

p. 564

དུས་སུ་ནི། །ལུང་ཟབ་མན་ངག་མི་བསྟེན་པར། །འཐད་སྒྲུབ་རིག་གཉིས་གཙོར་བྱེད་པ། །རང་རང་གྲུབ་མཐའ་དམ་པར་འཛིན། །སྦས་དོན་ཙམ་གྱིས་ཆོག་བྱེད་ཅིང་། མཐར་ཐུག་ལྟ་བ་ཟབ་མོ་ལ། །མི་མོས་སླར་ཡང་སུན་འབྱིན་བྱེད། །དེས་ནི་རང་ཉིད་གཞན་བརླག་འགྱུར། །གསུངས། དེསན་བློ་ཐེ་ཚོམ་བྱུང་ན་ཡང་རྒྱལ་བའི་བཀའ་ལ་བལྟ་དགོས་ཏེ། རྗེ་བཙུན་མི་ལ་རས་པས། ཡིད་མི་ཆེས་ན་རྒྱལ་བའི་བཀའ་ལ་ལྟོས། །བཀའ་དྲི་མེད་ཚིག་གིས་ངེས་ཤེས་སྐྱེ། །ཞེས་དང་། ཚངས་པས་ཞུས་པའི་མདོ་ལས། ཐེ་ཚོམ་རྣམས་ངའི་གསུང་རབ་མདོ་སྡེ་ཡན་ལག་བཅུ་གཉིས་དང་མཐུན་པར་གཅོད་པར་གྱིས་ཤིག་གསུངས། དེས་ན་སློབ་དཔོན་ཨཱརྱ་དེ་བ་ས་བརྒྱད་པར་གྲགས་པ་དང་། སློབ་དཔོན་ཀླུ་སྒྲུབ་ས་དྲུག་པར་གྲགས་པ་དང་། སློབ་དཔོནཞི་བ་ལྷས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པ་དང་། སློབ་དཔོན་ཨ་བྷྱ་ལེགས་ལྡན་སྐུ་ཚེ་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་སོགས་ས་ཐོབ་རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱིས་ཀྱང་མདོ་རྒྱུད་ཀྱི་ལུང་ཚད་མར་འཛིན་ན། ངེད་རྣམས་ཀྱིས་ཚད་མར་འཛིན་དགོས་པ་སྨོས་ཅི་

p. 565

དགོས། དེས་ན་ལེགས་བཤད་འདི་ཉིད་བློ་ལྡན་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་བཞིན་ཚད་མར་བཟུང་ནས་གུས་པས་སྤྱི་བོར་ལེན་པར་རིགས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིང་བ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལ་འོ་མ་ལེན་པ་བཞིན། །དེ་ལྟ་བས་ན་མཁས་རྣམས་ཀྱིས། །ཕྱོགས་ལྷུང་དཀྲུགས་པ་རིང་སྤོངས་ལ། །བྱིས་པ་ལས་ཀྱང་ལེགས་བཤད་པ། །ཐམས་ཅད་བླང་བ་ཁོ་ན་བྱ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། ཕྱི་རབས་སྐལ་བཟང་བྱང་ཆུབ་འདོད་པ་དག །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །མདོ་རྒྱུད་མན་ངག་སྙིང་པོ་འདིར་ཚང་ཞིང་། །ཟབ་དོན་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མཆིས། །ཞེས་

p. 566

གསུངས་པ་ལྟར་ཕྱི་རབས་གང་ཟག་རྣམས་ཀྱིས་ཡི་གེ་འདི་ལ་ནན་ཏན་དུ་གཟིགས་ནས། འདིའི་ནང་བཞིན་དབུ་རྫོགས་ཕྱག་གསུམ་ཞི་བྱེད་གཅོད་ཡུལ་ལ་སོགས་པའི་གྲུབ་མཐའ་གང་ལ་དད་གུས་དག་སྣང་བྱེད་བཞིན་རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལོངས་དང་། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྒོ་སྣ་ཚོགས་ནས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་། བསྟན་འཛིན་གྱི་སྐྱེས་མཆོག་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པ་དང་། སེམས་ཅན་ཐམས་ཅད་གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ནས་བདེ་ཞིང་མཐར་ཐུག་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་འགྱུར་རོ།། །།སྨྲས་པ། བླ་མ་སངས་རྒྱས་དགྱེས་བཞིན་སྤྱི་བོར་བཞུགས། །ཆོས་འཁོར་དབུས་སུ་འཇམ་དབྱངས་གར་གྱིས་རོལ། །ལོངས་སྤྱོད་འཁོར་ལོར་དབྱངས་ཅན་རྒྱུད་མང་འཁྲོལ། །རྣལ་འབྱོར་བདག་གིས་སྙན་པའི་གླུ་དབྱངས་ལེན། །རྣམ་དཀར་ལས་ལྡན་འགྲོ་རྣམས་སངས་རྒྱས་སར། །ཚེ་གཅིག་ལུས་གཅིག་འགོད་མཛད་ཕྱག་རྫོགས་

p. 567

ཀྱི། །ལམ་སྲོལ་དེ་འཛིན་བརྒྱུད་པར་བཅས་པ་ལ། །ཧྭ་ཤང་ལུགས་ཞེས་སྨོད་པ་ཆོས་སྤོང་ལས། །དཔེརན་མཁྲིས་ནད་ཅན་གྱི་སྣང་ངོ་རུ། །གངས་རི་དུང་དཀར་སེར་པོར་སྣང་བ་བཞིན། །ཁ་ཅིག་འཁྲུལ་ངོར་ཕྱག་རྫོགས་ལྟ་སྤྱོད་རྣམས། །ཧྭ་ཤང་ལྟ་བུར་སྣང་བ་སྙིང་རྗེའི་གནས། །མ་རྟོགས་ལོག་རྟོག་ཐེ་ཚོམ་མུན་པས་བསྒྲིབས། །ཟབ་མོའི་ལམ་བཟང་མཐོང་བའི་སྐལ་མེད་རྣམས། །ཆོས་སྤོང་གཡང་ལ་གོམས་འགྲོས་འཁྱོར་བ་མཐོང་། །དེ་རྣམས་ཀུན་གྱིས་ལམ་བཟང་མཐོང་བའི་ཕྱིར། །མཁས་གྲུབ་གོང་མའི་གསུང་འབུམ་རྒྱ་མཚོ་ཆེ། །རྣམ་དཔྱོད་སྲུབ་ཤིང་བཟང་པོས་བསྲུབས་པ་ལས། །ཐོན་པའི་ལུང་རིག་འོད་སྟོང་རབ་འབར་བའི། །ལེགས་བཤད་ཉི་མ་ཤར་ལ་ད་ལྟོས་ཤིག །ཇི་སྲིད་ནམ་མཁའི་ཉི་མ་ནམ་གནས་པར། །ལེགས་བཤད་འདི་ཡང་མི་ནུབ་ས་སྟེང་འདིར། །ཡུན་རིང་གནས་ནས་བསྟན་དང་འགྲོ་བ་ལ། །ཕན་ཐོག་དཔག་ཏུ་མེད་པ་འབྱུང་བར་ཤོག །འདི་ཉིད་གང་དུ་གནས་པའི་ས་ཕྱོགས་ཀྱི། །བསྟན་འཛིན་སྐྱེས་བུ་ཐམས་ཅད་ཐུགས་མཐུན་ཅིང་། །རིས་མེད་རྒྱལ་བའི་

p. 568

བསྟན་པ་རིན་པོ་ཆེ། །སྲིད་མཐའི་བར་དུ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་ལེགས་བཤད་ཉི་མ་རང་ཤར་ཞེས་བྱ་བ་འདི་ནི་དད་བརྩོན་ཤེས་རབ་སྙིང་རྗེ་སོགས་སློབ་མའི་ཡོན་ཏན་ཐམས་ཅད་ཚང་བའི་བུ་ཆེན་སངས་རྒྱས་རིན་ཆེན། དགེ་སློང་དགེ་བའི་བློ་གྲོས། སྐྲ་སྐྱེས་བསྟན་འཛིན་ནོར་བུ། ལྷ་བཟོ་ཡེ་ཤེས་བསྟན་འཛིན་སོགས་གྲུབ་མཐའ་གང་ལ་ཡང་དག་སྣང་ཆེ་བའི་སྐལ་ལྡན་གྱི་སློབ་མ་མང་པོས། དེང་སང་ཕལ་ཆེར་གྱིས་སྔོན་གྱི་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་གསུང་གི་དགོངས་པ་མ་ལོན་པར་དགོས་པ་ཅི་ཡང་མེད་བཞིན་དུ། ཕྱག་རྫོགས་སོགས་བོད་སྔ་རབས་པའི་ལྟ་བ་འདི་ཧྭ་ཤང་དང་མཚུངས་སོ་ཞེས་བརྙས་སྨོད་ཁྱད་གསོད་སུན་འབྱིན་བྱས་ཆོས་སྤོང་གི་ལས་ངན་པ་བསགས་ནས་ངན་སོང་དུ་འགྲོ་མཁན་མང་པོ་འདུག་པས། དེ་དག་རྣམས་ལ་ཕན་པའི་ལེགས་བཤད་ཁ་གསལ་པོ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར་དཔེ་ཆ་མང་པོ་ལ་ལྟ་མཁན་གྱི་རྣལ་འབྱོར་ཞབས་དཀར་བས་ཀུན་མཁྱེན་པད་དཀར་སོགས་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་འབུམ་ན་རྩོད་ལན་གང་ཡོད་རྣམས་ཀྱི་ནང་ནས་རགས་རིམ་ཙམ་ཞིག་ཕྱོགས་

p. 569

གཅིག་དུ་བསྡུས་ཏེ་བཀྲ་ཤིས་གཡང་ཆགས་རྨ་ཆུའི་ཀླུང་འགྲམ། རིན་ཆེན་གསེར་བྱེ་ཆགས་པའི་གླིང་མཆོག །རྩི་ཤིང་ནགས་ཚལ་རྒྱས་པའི་སྐྱེད་ཚལ། སྤང་གཞུང་མེ་ཏོག་བཀྲ་བའི་སྨན་ལྗོངས། བྱ་རིགས་བདུན་ཙམ་གྲགས་པའི་ས་ཆ། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་ཁེ་ཚོ་བཀྲ་ཤིས་ཉམས་དགའི་གླིང་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག །སྤྲོས་བྲལ་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ན། །མི་གནས་ཡེ་ཤེས་ཆེན་པོར་རྟག་གཞོལ་ཀྱང་། །ལོངས་སྤྲུལ་གར་གྱིས་མཆོག་དམན་གདུལ་བྱའི་དོན། །རྒྱུན་མི་འཆད་མཛད་རྒྱལ་ཀུན་གཙུག་གིས་མཆོད། །གང་གསུང་གདུལ་བྱའི་ངོར་སྣང་དམ་པའི་ཆོས། །འཁོར་ལོ་གསུམ་གྱི་དྲང་ངེས་དགོངས་པའི་གནད། །མ་འདྲེས་གསལ་བར་གཟིགས་པའི་འཕགས་བོད་ཀྱི། །རྒྱལ་སྲས་སར་གནས་རྣམས་ལ་གུས་པས་འདུད། །གང་ཞིག་རྒྱལ་བའི་ཕྲིན་ལས་རྨད་པོ་ཆེ། །གདུལ་བྱའི་ཁམས་དང་དབང་བོའི་རིམ་པ་བཞིན། །མ་འདྲེས་གསལ་བ་རྣམ་ཀུན་མཆོག་ལྡན་གྱི། །ཆོས་ཉིད་མངོན་

p. 570

སུམ་རྟོགས་པར་བྱ་ཕྱིར་ཡིན། །དེ་ཡང་དྲང་དོན་རྨི་ལམ་སྒྱུ་མ་བཞིན། །སྣང་ཡང་ངེས་དོན་རང་གི་ངོ་བོས་སྟོང་། །རྣམ་ཐར་གསུམ་ལྡན་ཕྲ་ཞིབ་སོར་རྟོག་གིས། །གཏན་ཕབ་སོར་རྟོག་མི་དམིགས་ཆོས་དབྱིངས་ཞི། །བདུད་རྩི་ལྟ་བུའི་ཆོས་ཉིད་མི་འགྱུར་བ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་སྤྲོས་ཀུན་ཞི། །མི་གནས་ཡེ་ཤེས་ཆེན་པོའི་དགོངས་པ་ལ། །འགྲོ་རྣམས་སྦྱོར་མཛད་ཕྱག་རྫོགས་དབུ་མར་གྲགས། །ངོ་བོའི་གཤིས་ལ་དབྱེ་བ་མ་མཆིས་མོད། །གདུལ་བྱའི་དབང་ལས་སྣང་ཚུལ་མ་འགགས་པར། །ལྟ་གྲུབ་དབྱེ་བ་མང་གྱེས་ཐམས་ཅད་ཀྱང་། །མྱང་འདས་ཐོབ་ཐབས་རྒྱལ་བའི་ཕྲིན་ལས་ཡིན། །དེ་དག་སྤེལ་བའི་སར་གནས་བཤེས་གཉེན་རྣམས། །སོར་རྟོག་རིགས་པས་འཆར་གཞིའི་དཔྱོད་ཚུལ་ལ། །རྗེས་དཔག་གོ་ཡུལ་དོན་སྤྱི་མངོན་སུམ་གནད། །ཇི་བཞིན་རྟོགས་དང་མ་རྟོགས་ཁྱད་པར་ལས། །འཐད་དང་མི་འཐད་དགག་སྒྲུབ་བློས་གཞལ་བའི། །རྩོད་ཡིག་གྲངས་མང་ཇི་སྙེད་བྱུང་བ་ནི། །རང་རང་གྲུབ་མཐའི་དབུ་རྨོག་བཙན་ཕྱིར་དང་། །རྔ་ལ་དབྱུག་གུས་མ་བསྣུན་རྔ་སྒྲ་མེད། །མཁས་ལ་བརྩད་ཅིང་མ་དྲིས་

p. 571

གཏིང་མི་དཔོག །བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར་བའི་ཆེད། །ལུང་རིགས་འགྲན་པ་མཁས་པའི་ཆེ་ཁྱད་ཡིན། །བྱིས་བློས་དགག་སྒྲུབ་མཐའ་ལ་ཞེན་པ་ནི། །ཟླ་མཐོང་ཆ་ཤས་ཡོངས་སུ་རྫོགས་མ་རྫོགས། །ཟླ་བ་ཡིན་མིན་རྩོད་པ་ངལ་བའི་རྒྱུ། །དེ་ལས་ཟླ་བའི་རང་བཞིན་ཤེས་པ་གཅེས། །དེ་ཕྱིར་འཐད་དང་མི་འཐད་སྒྲོ་སྐུར་དང་། །རྟོག་དཔྱོད་རྣོན་པོས་ཕྱིར་ལྟའི་དཔྱད་པ་ལས། །ནང་བལྟས་ངར་འཛིན་གང་ཟག་བདག་མེད་རྟོགས། །དེ་ཡིས་ཆོས་བདག་རང་བཞིན་མེད་པར་གྲོལ། །དེ་ལྟར་ཟླ་མཐོང་རིམ་གྱིས་འཕེལ་བ་ལྟར། །ཆོས་ཉིད་དོན་མཐོང་ཐབས་ཤེས་བསྐྱེད་བསྲིངས་ཏེ། །ཆོས་གཟུགས་མངོན་གྱུར་དོན་གཉིས་ལྷུན་གྲུབ་ཕྱིར། །ཆོས་གཟུགས་སྒྲུབ་ཚུལ་དཀའ་གནས་ཤེས་པ་གཅེས། །དེ་ལྟ་མོད་ཀྱང་སྔོན་བྱོན་མཁས་གྲུབ་རྣམས། །རང་རང་སྤང་རྟོགས་ངོམ་པའི་ལེགས་པར་བཤད། །ཕན་ཚུན་འགྲན་པ་བློ་གྲོས་འཕེལ་བ་དང་། །ཡིན་ལུགས་ཇི་བཞིན་གཏན་ལ་འབེབས་ཕྱིར་ཡིན། །རང་ལྟའི་ཕྱོགས་འཛིན་གཞན་གཞུང་རྩ་བ་ནས། །སུན་དབྱུང་འདོད་པའི་ལོག་རྟོག་ག་ལ་ཞིག །

p. 572

དེ་ཕྱིར་དགོངས་དང་དགོངས་མིན་བྱིས་བློ་ཡིས། །གཞལ་བ་སྤངས་ཏེ་བསམ་མི་ཁྱབ་པའི་ཚུལ། །དྲན་དང་སར་གནས་སེམས་དཔའི་གདོངས་པའི་གཞི། །དཔྱད་དཀའ་སྒྲ་ཡི་རྗེས་སུ་མ་འབྲང་ཞེས། །བདག་གི་མགོན་དེས་གསལ་བར་བསྟན་པ་འདི། །དཔྱོད་ལྡན་རྣམས་ཀྱི་ཐུགས་ལ་བཅང་པར་འོས། །དམ་པའི་དགོངས་གཞི་གང་ཡིན་མ་རྟོགས་པར། །སྒྲ་རྗེས་དོན་དཔག་སོ་སོའི་འདོད་གཞུང་བསྒྲབ། །གཞན་གཞུང་འགོག་པ་དམ་པའི་ཚུལ་མིན་ཞིང་། །རྩ་ལྟུང་འབྱུང་ཉེ་འདི་ཉིད་བཀླགས་པས་ཤེས། །འོན་ཀྱང་འགྲོ་བའི་བློ་ཡུལ་ཐ་དད་པས། །རྫོགས་སངས་རྒྱས་ལྀའང་སྐྱོན་གྱི་གོང་བུ་དང་། །ཟོལ་ཟོག་མཁན་དུ་ལྷས་བྱིན་ལེགས་སྐར་དང་། །གཅེར་བུ་བ་རྣམས་སྨྲ་བར་བྱེད་པ་བཞིན། །ཆོས་ཉིད་དོན་གྱི་གནས་ལུགས་མ་མཐོང་བཞིན། །སྤྱོད་ཕྱོགས་ཨ་འཐས་ཆོས་ཉིད་སྤོང་བ་འདི། །སྒྲིབ་གཉིས་མུན་སྟུག་སྣང་སྟོང་རོ་གཅིག་ཏུ། །མ་རྟོགས་སྙིགས་དུས་སྐྱེ་བོའི་རང་མཚང་ནི། །རྒྱལ་བས་ཀྱངནི་རེ་ཞིག་སེལ་དཀའ་བའི། །ཚུལ་ལ་བསམ་ནས་ཆགས་སྡང་མི་བགྱིད་པར། །རྗེ་ཡི་གསུང་བཞིན་ཐམས་ཅད་ཐོད་དུ་

p. 573

འཁུར། །དག་པ་རབ་འབྱམས་འཁོར་འདས་གཉིས་མེད་ལྟོས། །སྤང་གཉེན་རང་གྲོལ་ཆོས་ཉིད་གཉུག་མའི་ངང་། །སྣང་སྟོང་ཟུང་འཇུག་སྒྲིབ་བྲལ་བདེ་བ་ཆེ། །སྲིད་ཞིའི་མཐའ་ལ་མི་གནས་མྱ་ངན་འདའ། །བསམ་གྱིས་མི་ཁྱབ་ཆོས་དབྱིངས་ཀློང་དུ་ཨ། །མ་རིག་རྨོངས་པའི་མུན་སྟུག་སེལ་བ་དང་། །གནས་ལུགས་ཇི་བཞིན་གསལ་བར་སྟོན་པ་ཡི། །ལེགས་བཤད་ཉིན་མོའི་མགོན་པོ་དེང་འདིར་ཤར། །ལས་ལྡན་བསྟན་འགྲོའི་པད་དཀར་དཔལ་དུ་མཛེས། །འོན་ཏང་ཉི་མའི་བདག་པོའི་སྣང་བ་ཡིས། །སྦུར་ལེན་མིག་ཅན་ལྡོང་གྱུར་རང་གི་ཚུལ། །ལེགས་བཤད་འོད་སྟོང་ལྡན་ཡང་ལོག་རྟོག་གི །བྱང་བསྟན་ཕུག་པར་སྣང་བ་ནུས་མ་ཡིན། །ཐར་འདོད་འཕྱང་མོ་ཉུག་ལ་འཕྱན་པ་དག །ཡང་དག་ལམ་ལ་བཀྲི་བའི་ལེགས་བཤད་ཉི། །ལས་ལྡན་ཚོགས་བསགས་ཅན་གྱི་ཆོས་ཀྱི་མིག །རྡུལ་བྲལ་མཐོང་ཐབས་འདི་ལ་བསྙོན་དུ་མེད། །དེ་ཕྱིར་འདི་ཉིད་ཕྱོགས་མཐར་སྤེལ་བའི་སླད། །སྔོན་གོམས་མཐུ་བརྟས་བྱ་བྲལ་ནོར་བུ་ཡིས། །རྐྱེན་སྦྱར་པར་བསྐྲུན་ཡི་གེའི་འདུ་བྱེད་འདི། །བཀའ་

p. 574

འབངས་ཐ་ཤལ་སངས་རྒྱས་རིན་ཆེན་གྱིས། །བགྲང་བྱའི་ཁུརནོན་དྲུག་ཅུ་རེ་བཞི་སྟེང་། །སོན་པ་རབ་ཚེས་ལྕགས་ལུག་ས་གའི་ཉར། །གྲུབ་པར་བགྱིས་པའི་དགེ་ཚོགས་དལ་འགྲོའི་རྒྱུན། །ཀུན་མཁྱེན་རྒྱ་མཚོའི་ཀློང་དུ་འཇུག་ཕྱིར་བསྔོ། །དེའི་མཐུས་མཆོག་སྤྲུལ་སྐུ་ཚེ་སྲིད་མཐར་བརྟན། །བརྒྱུད་འཛིན་བླ་སློབ་ཇི་སྙེད་མཆིས་པ་ཀུན། །ཆོས་འབྱོར་རྫོགས་ལྡན་དཔལ་ལ་འགྲན་པ་ཡིས། །མཁའ་མཉམ་བསྟན་འགྲོའི་ཉེར་འཚོའི་གཞིར་གྱུར་ཅིག །བསྟན་འཛིན་ཐུགས་མཐུན་བསྟན་པ་འགལ་མེད་རྟོགས། །ཉིན་མཚན་བཤད་སྒྲུབ་བྱ་བར་རྟག་གཞོལ་ཅིང་། །གང་སྣང་ཆོས་ཉིད་རོལ་པར་འཆར་བ་ཡི། །ཆོས་པས་ནོར་འཛིན་དོག་པོར་བགྱིད་གྱུར་ཅིག །འཇིག་རྟེན་ཁམས་ཀྱི་ནད་མུག་འཁྲུག་རྩོད་ཞི། །ཚར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་འགྲན། །ཆོས་ཀྱིས་ཉིན་མཚན་འདའ་བའི་བཀྲ་ཤིས་ཤོག །དེ་སྐད་སྨྲ་བ་འང་འདུ་གསུམ་པ། །བུདྡྷ་རཏྣར་ཉེ་བའི་མཆེད། །ཀུན་དགའ་རྒྱལ་མཚན་གྱིས་བསྐུལ་ངོར། །གཡར་ཁྲལ་ཙམ་དུ་བྲིས་པ་དགེ། །།ཤུ་བྷཾ་མསྟུ་སརྦ་ཛ་གཱ་ཏཱཾ༎

ལེགས་བཤད་བདུད་རྩིའི་ཆུ་རྒྱུན།

p. 575

ལེགས་བཤད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

p. 576

རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་བརྩེ་བའི་གཏེར་ཆེན་པ་མངའ་རྣམས་ལ་རབ་ཏུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་འོ་སྐོལ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མ་མཆིས་པས་ན། སེམས་ཅན་ཐམས་ཅད་ཀྱིས་མ་མ་བྱས་པ་གཅིག་ཀྱང་མེད། མ་ནམ་བྱས་རེས་ཀྱིས་ཚེ་འདིའི་མས་ཇི་ལྟར་བསྐྱངས་པ་བཞིན་དུ་དྲིན་

p. 577

གྱིས་བསྐྱངས་པ་ཤ་སྟག་ཡིན་ཞེས་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་ལན་གཅིག་མ་ཡིན་པར་ཡང་ཡང་ཞལ་ནས་གསུངས་པ་ལ་ཡིད་མི་ཆེས་པ་སུ་ཡོད། དེས་ན་སེམས་ཅན་ཐམས་ཅད་མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག །བྱང་ཆུབ་ཀྱི་སེམས་ཏེ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པ་དང་། བདག་གཞན་མཉམ་བརྗེས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་བློ་ཡང་ཡང་སྦྱངས་ནས།

p. 578

བླ་མ་དཀོན་མཆོག་ལ་སེམས་བསྐྱེད་པའི་དཔང་བོར་བཞག །སྨོན་འཇུག་གི་སེམས་བསྐྱེད་ཆོ་གས་བླངས་ནས་བཟུང་། དུས་རྒྱུན་དུ་སེམས་ཅན་ཐམས་ཅད་ལ་མ་ཡི་འདུ་ཤེས་བཞག །ཤ་མཐོང་བ་ལ་ཡང་མ་ཡི་ཤའི་འདུ་ཤེས་བཞག་ནས་ཁ་རུ་ཟ་བ་ཕར་ཞོག་ཐ་ན་ལག་ཏུ་ཡང་མི་ལེན་པར། ཤའི་དྲི་མ་མི་ཚོར་བ་བྱས་སྡོད་དགོས་ཞེས། སྙིང་རྗེའི་རང་གཟུགས་བླ་མ་དམ་པ་གོང་མ་མང་པོས་གསུངས། དེ་ཡི་རྒྱུ་མཚན་གང་ཡིན་ཞེ་ན། དྲིན་ཅན་མ་རུ་གྱུར་པའི་མ་སེམས་ཅན་ར་ལུག་སོགས་ཀྱི་ཤའི་ཆེད་དུ། དེའི་ཁ་བཙུམས། ཁོག་ཏུ་ལག་པ་བཏང་། སྲོག་རྩ་དམར་པོ་བཅད། ཤ་དམར་པོ་ཟ་བ་འདི་བདུད་དང་སྲིན་པོ་འདྲེའི་སྤྱོད་པ་མ་རབས་ཀྱི་བྱ་བ་ཁོ་ན་ཡིན་པས། སངས་རྒྱས་ཀྱིས་ཐབས་ཚུལ་དུ་མའི་སྒོ་ནས་སྨད་དེ། ཇི་སྐད་དུ། གླང་པོ་རྩལ་དང་སྤྲིནཆེན་མདོ། །མྱ་ངན་འདས་དང་སོར་ཕྲེང་ཅན། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་དག་རྣམ་པར་སྨད། །ཅེས་གསུངས་པ་ལྟར། མདོ་རྒྱུད་བསྟན་བཅོས་མང་པོ་ནས་ཤ་ཡི་ཉེས་དམིགས་མཐའ་ཡས་པ་གསུངས་པ་རྣམས་ལས་རྒྱ་ཆེ་བའི་

p. 579

ཚིག་བཞག་ནས། དོན་གྱི་མདོ་འགགས་ཆེ་ལོང་ཙམ་ཞིག་བཤད་ན། སྡིག་ཟས་ཕ་མ་སེམས་ཅན་གྱི་ཤ་ཁྲག་ཟོས་ན་ཚེ་ཕྱི་མར་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཚ་བའི་དམྱལ་བ་ངུ་འབོད་དུ་སྐྱེ་ཞིང་། སྔར་ཤ་ཇི་ཙམ་ཟོས་པ་དེ་ཙམ་གྱི་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་མང་པོ་ཁར་བཅུག་ནས་ཁོག་ཐམས་ཅད་ཚིག་ནས་རོ་སྨད་ནས་བྱུང་། སྡུག་བསྔལ་མཐའ་ཡས་པ་མྱོང་དགོས་པར་གསུངས། གལ་ཏེ་ཐར་ནས་འཇིག་རྟེན་ཁམས་འདིར་སྐྱེས་ན་ཡང་། མི་ཤ་ཟ་བའི་ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། བདུད་དང་འདྲེ་སྲིན་ཤན་པའི་ལུས་ལྔ་བརྒྱ་རེ་ལེན་ཅིང་། རིག་ངན་སྨེ་ཤ་ཅན་དང་། བཙོ་བླག་མཁན་དང་། སེང་གེ་སྟག་གཟིག་དོམ་དྲེད་དུག་སྦྲུལ་སྤྱང་ཀི་ཝ་དང་བྱི་ལ་ཁྲ་གླག་ལ་སོགས་པའི་སེམས་ཅན་གཞན་གྱི་ཤ་ལ་རྔམས་པའི་མ་རུངས་གདུག་པ་ཅན་གྱི་ལུས་གྲངས་མེད་པ་ལེན་པར་གསུངས། དེས་ན་མཐོ་རིས་ལྷ་མི་དང་། ཐར་པའི་ལམ་ལ་བགྲོད་པའི་གེགས་སུ་ཤ་འདི་ཆེ་བར་གདའ། ཁྱད་པར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ལས་བྱུང་། བྱང་ཆུབ་ཀྱི་

p. 580

སེམས་དེ་སྙིང་རྗེའི་རྩ་བ་ལས་བྱུང་། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ཀྱིས་མཐར་ཕྱིན་པར་གསུངས་ཏེ། བཅོམ་ལྡན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། བྱང་ཆུབ་ཀྱི་སེམས་ལས་བྱུང་། སྙིང་རྗེའི་རྩ་བ་ལས་བྱུང་། ཐབས་ཀྱིས་མཐར་ཕྱིན་པའོ། །ཞེས་གསུངས། དེས་ན་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེ་བའི་གེགས་ཀྱི་གཙོ་བོ་ནི། ཤའི་སྲེད་པ་འདི་ཡིན་པར་གསུངས། སྙིང་རྗེ་ཆེན་པོ་རྒྱུད་ལ་མ་སྐྱེས་ན་བྱང་ཆུབ་ཀྱི་སེམས་ཀྱི་རྐང་མི་ཚུགས། དེ་མ་ཚུགས་ན་ཐེག་པ་ཆེན་པོ་རུ་བརྒྱ་རློམ་རུང་། ཐེག་ཆེན་བྱང་ཆུབ་སེམས་དཔར་མི་འགྱུར་བས། དེས་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་གེགས་ཀྱང་ཤའི་སྲེད་པ་སྤོང་མ་ཐུབ་པ་འདིས་ལན་པར་འདུག་པས། དེའི་ཕྱིར་ཆོས་པ་དང་འཇིག་རྟེན་པ་ཀུན་གྱིས་སྡིག་ཟས་ཕ་མའི་ཤ་འདི་སྤོང་ཅི་ཐུབ་ལ་འབད་དགོས། ཡང་ཁ་ཅིག་ན་རེ། ལས་མ་བྱས་པ་དང་མི་འཕྲད། བྱས་པ་ཆུད་མི་ཟ་གསུངས་པ་ཡིན་པས། ལས་རྒྱུ་འབྲས་ནང་ལྟར་བྱས་ན་མཐོང་ཐོས་དོགས་གསུམ་གང་ཡང་མ་མཆིས་པའི་ཤ་ཟོས་ན་སྐྱོན་མེད་དེ།

p. 581

ངེད་རྣམས་ཀྱིས་ལུག་གསོད་པའི་ལས་གང་ཡང་མ་བྱས་པས་ན། དེའི་རྣམ་སྨིན་གསོད་མཁན་ལ་ཡོང་ན་མ་གཏོགས་ངེད་ཚོར་གཏན་ནས་མི་ཡོང་བ་ངས་ཐག་ཆོད་ཟེར། དེ་ལ་དཔྱད་པར་བྱ་སྟེ། དཔེར་ན་དགོན་པ་སྟོབས་ཅན་གྲྭ་བ་ཤ་ཁོ་ན་ཟ་བ་ཞིག་གི་མཐའ་ན་ཁྱིམ་ཚང་ཞིག་ཡོདན། དེའི་བསམ་པ་ལ། ལུག་འདི་བསད་ནས་ཕྱི་ཤ་དཔྱིད་ཀ་དགོན་པའི་གྲྭ་བ་ཚོར་བཙོང་ན་རིན་ལས་ལྷག་པ་འོང་གི །དེའི་ལུག་གཅིག་ཁུག་གི །ནང་ཤ་མགོ་སུག་པགས་པ་རྣམས་ཁེ་རེད་སྙམས་ལུག་དེ་བསད་ཡོང་། བསད་ནས་ཁོ་རང་གི་བཤད་པ་ལྟར་བྱས་ནས། དགེ་འདུན་པར་བཙོང་། དགེ་འདུན་རྣམས་ཀྱིས་ཁྱིམ་ཚང་དེས་ལུག་བསད་ནས་ཕྱི་ཤ་བཞག་ཡོད་པ་ཤེས་ནས་ཉོས་སོང་ཚེ་ལོ་རྗེས་མར་དེ་ལས་ཇེ་མང་དུ་བཏང་བསད་ནས་ཤ་བཙོང་ཡོང་། དེ་ཡང་ཡག་པོ་ཁེ་ཚེ། དེའི་ལོ་རྗེས་མར་དེ་བས་བརྒྱ་འགྱུར་གྱི་མང་ཙམ་བསད་པས་ཁོ་ཕྱུག་པོར་འགྱུར་བ་དང་། འོ་ལུག་བསད་ན་ཕྱུག་པོར་འགྲོ་གི་སྙམ་ནས་ཁོས་ཤན་པ་བྱེད་པར་མ་ཟད། རང་གི་བུ་ཚ་པོ་གཉེན་ཉེ་བ་ཚོ་ལ་ཡང་བསླབ། མ་བསླབས་ན་ཡང་

p. 582

ཕལ་ཆེར་གྱིས་མིག་ལམ་དུ་བཙོག་པ་དེར་བལྟས་ནས། སྡིག་ཚབས་ཆེན་པོ་བྱས། ཤན་པའི་སྡེ་ཆགས་ནས་སྡིག་རྒྱུན་ཆེན་པོ་འཁོར་བ་མ་སྟོང་གི་བར་དུ་ཚུགས་པ་འབྱུང་ངོ་། །དེ་དགེ་འདུན་པ་སོགས་ཤ་ཟ་བ་རྣམས་ལ་བརྟེན་ནས་བྱུང་བ་ཡིན། དེ་ལས་ལྷག་གི་ལས་ངན་ཚབ་ཆེ་བ་རྒྱུན་རིང་བ་ཞིག་སུ་ཡིས་བྱེད། ཤ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་སྟེ། དཔེར་ན་རྒྱ་གར་བལ་པོའི་མིས་ཇ་མི་འཐུང་བས་ཇ་བཙོང་མཁན་མེད་པ་བཞིན་ནོ། །ཤ་ཟ་བ་པོ་དང་གསོད་པ་པོ་གཉིས་ཀས་ཐུན་མོང་དུ་ལས་ངན་བྱས་པ་ཡིན་པས། ལས་ངན་བྱས་བཞིན་ད་དུང་ཕྱི་མར་རྣམ་སྨིན་སྡུག་པོ་མི་འཕྲད་ཟེར་བ་འདི་གཏན་ནས་མི་རིགས་ཏེ། སངས་རྒྱས་ཀྱིས་དངོས་སམ་བརྒྱུད་ནས་སེམས་ཅན་ལ་གནོད་པའི་ལས་ངན་པ་ཐམས་ཅད་སྡིག་པ་ཡིན་གསུངས་པ་དེ་བདེན་ན་ཤ་ཟ་བ་པོ་འདིའི་བརྒྱུད་ནས་སེམས་ཅན་གྱི་སྲོག་ལ་གནོད་གནོད་ཅིག་ཟས་གཞན་གང་གིས་ཀྱང་མི་གནོད། དེས་ན་དུས་འཁོར་གྱི་རྒྱུད་དང་འགྲེལ་པ་གཉིས་ཀར་ཟ་བ་པོ་དང་གསོད་པ་པོ་གཉིས་ཀྱི་ཟ་བ་པོ་ལ་ཉེས་པ་ཆེ་བར་གསུངས་པས། ཟ་མཁན་པོ་ཉེས་པ་མ་ཆེ་རུང་། ཉེས་པ་

p. 583

མཉམ་མཉམ། མ་མཉམ་རུང་ཉེས་པ་མེད་ཟ་བ་པོ་ལ་ཉེས་པ་མི་ཡོང་ཟེར་བ་རྣམས་སྙིང་ཁམས་ཆེ་བ་ཡིན། ཡོང་མི་ཡོང་བྱས་ཟ་གང་ན་དགོས། ཐོག་མ་ནས་ཤ་ལ་སྲེད་པ་སྤང་བསྡད་ན་བཟང་མོད་སྙམ། གཞན་ཡང་དཔེར་ན་དགོན་པ་སྟོབས་མེད། གྲྭ་བ་ཅང་མེད་སེར་སྣ་ཆེ་བ་རྣམས་དང་། སྔོན་གྱི་བཀའ་གདམས་པའི་རྣམ་ཐར་བཞིན་ཟས་དཀར་གསུམ་ཁོ་ན་ལ་བརྟེན་པའི་དགོན་པ་ཞིག་ཡིན་ན། དེའི་རྩ་ན་ཡོད་པའི་ཁྱིམ་པ་རྣམས་ཀྱིས་ཡིད་ལ་འཆར་མི་སྲིད་ན་ལག་ལ་འདེབས་པ་སྨོས་ཅི་དགོས། དེས་ན་རང་གཞན་གཉིས་ཀ་དངོས་སམ་བརྒྱུད་ནས་ཕན་པའི་ལས་དགེ་བར་གསུངས་ན། དེ་བས་ལྷག་གི་དགེ་རྒྱུན་ཞིག་འཛུག་རྒྱུ་མེད་སྙམ་པས་སྙིང་རྗེ་ཅན་གྱི་དགེ་འདུན་པ་རེ་གཉིས་ཀྱི་ཐུགས་ལ་རེ་རེ་ཟུངས། ཡང་དཔེར་ན་བླ་མ་ཤ་བཞེས་མཁན་ཞིག་དབྱར་སྟོན་བསོད་སྙོམས་ལ་ཕེབས་ན་ཡོན་བདག་དད་ཅན་རྣམས་ཀྱིས་ཤ་བཞེས་པ་ཤེས་ཚེ། དེ་རིང་ཁོང་ཕེབས་རྒྱུ་རེད་སྐལ་བ་བཟང་། དེ་བ་གཅིག་གི་སྤྲུལ་པ་ཡིན། བླ་མ་གྱན་གྱིན་ཞིག་མིན། འཚོ་བ་ཞིག་འདྲེན་དགོས་ཞེས་ལུག་གཅིག་བསད་

p. 584

ནས་བླ་མ་ལ་ཕྱི་ཤ་དྲངས། གཞན་ཡོན་བདག་ཐམས་ཅད་ཀྱིས་ནང་ཆོ་ཀུན་ཟོས་ནས་ལུག་འདི་ཅི་འདྲའི་ལས་ཅན་ཞིག །ད་རེས་བླ་མའི་འཚོ་བའི་ཐེབས་སུ་སོང་བ་བཟང་ཟེར་ཐམས་ཅད་ཀྱིས་ལུག་ལ་ཕན་བཏགས་པ་འདྲ་བ་ཞིག་བྱས། ལུག་ཀྱང་ལས་ཅན་གྱི་གྲལ་ལ་འཇོག་གིན་འདུག་སྟེ། ཐམས་ཅད་ལས་ཅན་ཡིན་མིན་ཚེ་ཕྱི་མར་མ་སོང་གི་བར་མི་ཤེས་སམ་སྙམ་ལགས། ཡང་ཤ་མི་བཞེས་པའི་བླ་མ་ཞིག་ཕེབས་ན་ཡོན་བདག་གི་ལུག་བཤའ་བ་ཕར་ཞོག་སྔར་ཤ་འདྲ་ཡོད་པ་ཐམས་ཅད་སྦས་ནས། དེའི་ཉིན་ཀུན་གྱིས་ཤ་མི་ཟ་བ་བྱས། ཟས་གཞན་གྲོ་མ་ཞོ་སོགས་དྲངས་ནས་ཡོན་མཆོད་ཀུན་ཞེ་གཙང་སང་ངེ་སྡིག་དང་མ་འདྲེས་པར་གནས། ལུག་རྣམས་བདེ་འབོལ་ལེ་གནས་པར་མངོན་སུམ་དུ་འདུག་པས། བླ་མ་རྣམས་ཀྱིས་མཛད་པ་དེ་འདྲ་རེ་སྟོན་པའི་སྨོན་ལམ་ཐོབ། དེ་མ་ཡིན་པར་མཛད་སྤྱོད་ངན་པ་བསྟན་ན་གཞན་བླ་མ་སྐུ་སྐྱེ་ཐམས་ཅད་ཀྱིས་དེའི་ལད་མོ་བྱས། དབྱར་སྟོན་ཡོན་མཆོད་ཀུན་གྱིས་ཕྱོགས་གཅིག་ན་ཆོས་ཀྱི་འཁོར་ལོ་བསྐོར། ཕྱོགས་གཅིག་ན་སྡིག་པའི་ས་བོན་བཏབ་ན་རང་སྡུག་གཞན་སྡུག་ཚེ་འདི་སྡུག་ཕྱི་སྡུག་

p. 585

ལས་མི་ཡོང་ལས་ཆེ། བླ་མ་དཀོན་མཆོག་མཁྱེན་མ་གཏོགས་གང་བཤད་ཚོད་ཞིག་མི་ཐིག་པར་གདའ། ཡང་ཁ་ཅིག་ན་རེ། སོ་ཐར་སྡོམ་པའི་སྐབས་ན་རྣམ་གསུམ་དག་པའི་ཤ་ཟ་ཆོག་པའི་ལུང་ཁུངས་དང་བཅས་ཏེ་རྗེ་ཡབ་སྲས་སོགས་སྔོན་གྱི་མཁས་གྲུབ་རྒྱལ་བ་ཡབ་སྲས་ཀྱིས་གསུངས་འདུག་པས། གཞན་དེང་སང་རི་ཁྲོད་པ་སོགས་ཆོས་པ་གཏི་ཐུག་རྣམས་ཀྱིས་ཅལ་ཅོལ་མང་པོ་ལབ་ནས་འགོག་པ་དགེ་འདུན་པའི་འདུ་སྒོ་འགེགས་པའི་སྡིག་འདྲེ་ནག་པོ་ཡིན། ཤ་ཟོས་ནས་དགེ་འདུན་པའི་ལུས་ཟུངས་གསོས། ཆོས་བྱས་ན་དེས་མ་ཕན་ན་དགེ་འདུན་པའི་ཟ་སྐལ་རྣམས་ཤན་པ་འཇིག་རྟེན་པས་ཟོས་ནས་བག་མེད་ཀྱི་སྤྱོད་པ་ངན་པ་འདི་ངན། དེས་ན་ཤ་མ་ཟ་ཞེས་བརྒྱ་ཐམ་པ་སྟོང་རྩ་གཅིག་བཤད་རུང་སྡིག་དང་མ་འདྲེས་པའི་ཤ་ཟ་མི་ཆོག་ན་འཇིག་རྟེན་པས་ཟ་མི་ཆོག །ཆོས་པ་རྣམས་ཀྱིས་ལྷག་པས་ཟ་ཆོག་པའི་རྒྱུ་མཚན་མང་ཞེས་རང་གིས་ཟ་པས་མི་ཆོག་གཞན་ལ་ཡང་ཆོས་བཤད་དང་ཁ་བརྡ་འདྲ་གི་ཞོར་ལ་བཤད་པ་རྣམས་ཀྱི་ཁ་ཟ་འདྲེས་ཁྲིད་པ་དང་ཁྱད་པར་མེད་དེ། རྒྱུ་མཚན་གང་ཡིན་ཞེ་ན།

p. 586

དེ་ཡང་སོ་ཐར་གྱི་གཞི་བཟུང་ནས་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ལ་བསླབས་ནས་གསུམ་ལྡན་རྡོ་རྗེ་འཛིན་པ་བྱེད་དགོས་ཞེས་རྒྱལ་བ་གོང་མ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་གསུངས་པའི་ནང་ལྟར། དེང་སང་གི་ངེད་ཆོས་པའི་ཁུར་འཛིན་པ་རྣམས་ཀྱིས། དང་པོ་བླ་མ་བསྟེན་ནས་སོ་ཐར་སྡོམ་པ་བླངས། དེ་ནས་ལམ་རིམ་བློ་སྦྱོང་ཕྱག་ཆེན་རྫོགས་ཆེན་ལམ་འབྲས་ཞི་བྱེད་གཅོད་ཡུལ་རྣམས་ཉམས་སུ་ལེན་པའི་རྩིས་ཡིན་པས། གལ་ཏེ་ཉམས་སུ་མ་ལོན་རུང་སྐྱབས་འགྲོ་བྱས་སེམས་བསྐྱེད་ཞུས་ནས་ཉེན་རེ་སྐྱབས་སེམས་རེ་མ་མཐའ་མི་བྱེད་པ་མེད་པ་མེད་མོད་སྙམ། དེ་ཡིན་ན་སྨོན་འཇུག་གི་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་སློབ་ཅེས་ལྷ་དང་བླ་མ་དཔང་པོར་བཞག་ནས་ཁས་བླངས་ནས། སྔ་དྲོ་ཁས་བླངས་ཕྱི་དྲོནས་དངོས་སུ་མ་གནོད་རུང་། བརྒྱུད་ནས་སེམས་ཅན་ལ་གནོད་པའི་ལས་ཤ་ཟ་མི་རུང་ཞེས་སངས་རྒྱས་ཀྱིས་བྱང་སེམས་བསླབ་བྱའི་སྐབས་ནས་བརྒྱ་སྟོང་གསུངས་པ་རྣམས་ཤེས་བཞིན་ཁྱད་དུ་བསད་ནས་ཤ་ཟ་ཆོག་ཟེར་བ་འདི་

p. 587

རྣམས་ཤ་ཟོས་རྒྱགས་ཐལ་བས་སྨྱོས་ནས་ཅི་ཟེར་འདི་ཟེར་མ་བྱུང་བ་ཡིན་པ་མ་གཏོགས། སེམས་རྣལ་དུ་ཕེབས་པའི་གཏམ་ཞིག་ཏུ་མི་རིགས་སོ། འོན་ཀྱང་དེ་བས་ངེད་རྣམས་ལ་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཉམས་སུ་ལེན་དུ་ཡོད་པས་སྐྱོན་གྱིས་མི་གོས་པའི་གདིང་ཞིག་ཡོད་ཅེས་དེ་འདྲའི་གཏམ་ལ་བརྟེནན་མཛེས་རང་གཞན་ལ་ཕན་པའི་དགོས་པ་ཆེ་ན་སྡོམ་པ་གསུམ་གང་གི་སྐབས་ན་ཡང་དམིགས་བསལ་གྱི་གནང་བ་བརྒྱ་དགོས་ན་སྟོང་ཡོད་པས། དེ་ཐམས་ཅད་རང་དགར་གནང་བར་མ་སེམས་ཤིག །འོ་ན་མཁས་གྲུབ་རིན་པོ་ཆེས་ལུང་རིགས་དུ་མའི་ལམ་ནས་རྣམ་གསུམ་དག་པའི་ཤ་ཟ་ཆོག་ཅེས་སྡོམ་གསུམ་དུ་ཡོད་པས་དེར་བལྟ་བར་གྱིས་ཞེས་ཟེརན། དེ་ལ་ཡང་རིག་པ་ཕྱོགས་བཞིར་བཀྲམ་ནས་དཔྱད་པར་བྱ་སྟེ། ཁོང་རྣམས་ཀྱིས་རྒྱལ་བའི་བཀའ་ཡི་གེན་གཅིག་ཡན་ཆད་འདོར་རྒྱུ་མེད་པར་གདམས་ངག་ཏུ་འཆར་བ་དང་། མདོ་སྔགས་ཀྱི་ཆོས་གཉིས་འགལ་བ་ཕར་ཞོག་གཅིག་གྲོགས་སུ་གཅིག་འགྲོ་ཚུལ་ལུང་རིགས་ཀྱིས་བསྒྲུབས་ནས་སངས་རྒྱས་ཀྱི་བསྟན་པ་གྲུ་བཞིར་ལམ་

p. 588

གྱིས་འཁྱེར་བ་ལ་བྱང་སེམས་སྡོམ་པའི་སྐབས་སུ་ལང་གཤེགས་ཀྱི་མདོནས། ཉན་ཐོས་ཤ་ཟ་བ་ངའི་རྗེས་འཇུག་མ་ཡིན། ང་དེའི་སྟོན་པ་མ་ཡིན། མ་འོངས་བསྐལ་པ་སྙིགས་དུས་སུ་ཤ་སྟོན་པས་གནང་བ་ཡིན་ཞེས་བཤད་པའི་ངག་ལ་བདུད་ཞུགས་པ་ཡིན་ཞེས་གསུངས་པ་དང་། སོ་ཐར་ན་ཉ་ཤ་དང་ཤ་སྐམ་སོགས་ཟ་ཆོག་ཅེས་གསུངས་པ་མི་འགལ་བའི་དགོངས་པ་གང་ཡིནན། སོ་ཐར་ནས་བཀག་ཡོད་པ་སྔགས་ཀྱི་སྡོམ་པ་བཟུང་ནས་ད་དུང་ཤ་སྲེད་པས་ཟོས་ན་ཆོག་ཅེས་བཤད་པ་རྣམས་མཁས་གྲུབ་རྗེས་ཕྱོགས་སྔར་ལངས་ནས་བཀག་པ་ཡིན་ནོ། །དེའི་དགོངས་གཞི་བྱང་སེམས་སྡོམ་པ་བླང་དུས་སུ་ཡང་ཟ་ཆོག་བཤད་པ་མིན། དེ་སྐབས་ཟ་མི་ཆོག་ཅེས་གསལ་བར་གསུངས་བཞིན་དུ་ད་དུང་རྗེ་ཡབ་སྲས་སོགས་བླ་མ་གོང་མ་ཚོར་ཁག་ངན་བཀལ་ནས་ཤ་ནན་གྱིས་ཟ་བ་རྣམས་སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡུལ་ཕྱོགས་སུ་མ་ཉེ་བར་འདུག་པས། ཁྱོད་བྱང་ཆུབ་སེམས་དཔའ་མཐོ་འབྲིང་དམའ་གསུམ་ཀུན་གྱིས་བསླབ་པའི་ལས་འབྲེལ་མེད་པ་ཞིག་གོ །དནི་ཤ་ཟ་དུས་ང་ཉན་ཐོས་པ་ཡིན་གྱིས་ཟོ། སྐབས་རེ་ང་གསང་

p. 589

སྔགས་པ་ཡིན་གྱིས་བཞེས་པ་ལ་རེམས། མཐར་ཅི་འགྱུར་བལྟ་འོང་། ཡང་ཁ་ཅིག་ན་རེ། ཤ་ཉེས་པ་ཡོད་རུང་མདོ་སྔགས་ཀྱི་གཞུངན་དེ་བཞིན་གཤེགས་པའི་མཚན་རེ་བརྗོད་པ་དང་། གཟུངས་སྔགས་ཚར་རེ་བཏོན་པ་དང་། ཡི་དམ་ལྷའི་བསྒོམ་བཟླས་ཡུད་ཙམ་རེ་བྱས་ཀྱང་དག་འགྲོ་བ་གསུངས་ཡོད་པས་སྐྱོན་མེད། ལྷག་པར་དུ་དུད་འགྲོ་བསད་པ་དེ་ལ་དམིགས་ནས་བཏོན་ན། ཤི་བོ་དེ་ལ་ཡང་ཕན་པས་ལས་ཅན་ཡིན། གཞན་སྐྱེ་བོ་མི་ནག་པ་ཚོས་ར་ལུག་གཡག་གསུམ་མང་པོ་བསད་ནས་ཤ་ཁྲག་དྲོན་པོ་ཟོས་ནས་སྡིག་པ་ཁོ་ན་བྱེད་ཚུལ་ལ་ལྟོས་དང་། དེ་བས་ཆོས་ངོ་ཤེས་པ་ཚོས་ཟོས་ནས་རྒྱལ་བའི་གསུང་རབ་བྱིན་རླབས་ཅན་བཏོན་ན་ཕན་ཡོན་ཆེ། སྲེད་པ་ཆེན་པོ་མ་སྐྱེས་པ་བྱས་ནས་ཤ་ཟོས་ན་ཆོག་པས། ཟོ་ཟོ་ཟེར་མཁན་ཀྱང་མང་པོ་འདུག་ཟེར་ན། དེ་ལ་ཁྱེད་རྣམས་ཀྱིས་འདི་ལྟར་བསམ་བློ་ཐོངས་དང་ཧ་གོ་ཡོང་སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་དང་པོ་ཆོས་འཁོར་བསྐོར་བའི་དུས་སུ་སྡིག་པ་འཛེམ། དགེ་བ་སྒྲུབ། དུས་རྒྱུན་དུ་སེམས་བཟང་པོ་གྱིས་གསུངས་པ་མ་གཏོགས།

p. 590

སངས་རྒྱས་ཁོང་གིས་དང་པོ་ནས། འོ་ཁྱེད་ཆོས་པ་ཚོས་ཤ་ཟ་ཆོག་ཟ་དགོས། ཟ་དུས་ངའི་གསུངས་འདི་ཚོ་ཐོན་དང་། སྡིག་པའི་ཉེས་དམིགས་ཀྱི་སྐྱོན་གྱིས་མི་གོས། ངས་ཁག་ཐེག་ཅེས་གསུངས་མེད་པས་འཛེམས་ན་བཟང་། འོ་ན་ཁོང་གིས་ཤའི་དོན་དུ་སྲོག་བཅད་པ་དང་ཤ་ཟོས་པ་ལ་སོགས་པའི་སྡིག་པ་ཐམས་ཅད་དག་ཡོང་ཞེས་གསུངས་པ་ཚོའི་དགོངས་པ་གང་ཡིན་སྙམན། དེནི་ཚེ་འཁོར་བ་ཐོག་མ་མེད་པ་ནས་མ་རིག་ཉོན་མོངས་ཀྱི་དབང་དུ་སོང་ནས། ད་བར་དུ་བསགས་པའི་སྡིག་པ་དང་། ཁྱད་པར་ཚེ་འདིར་ཡང་ཚེ་སྟོད་སོགས་ལ་ཁ་མ་སོས། མི་ཤེས་ཆགས་སྡང་གི་དབང་དུ་སོང་། ཉོན་མོངས་པའི་གདོན་གྱིས་མྱོས་ནས་སྡིག་པ་བྱས་སོང་བ་ལ་རྗེས་ནས་སྡིག་པའི་ཉེས་དམིགས་ཤེས་ནས། སྔར་བྱས་སྡིག་པ་དུག་ཁོང་དུ་ཤོར་བ་ལྟ་བུའི་གནོད་འགྱོད་སྐྱེས་ནས་བཤགས་པ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་ནམ་ཡང་ཤེས་བཞིན་མི་བྱེད་པའི་སྡོམ་སེམས་ཅན་གྱིས། སྟོབས་བཞིའི་ནང་གི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱི་སྐབས་སུ་དེ་བཞིན་གཤེགས་པའི་མཚན་བརྗོད་པ་གཟུངས་སྔགས་བཟླ་བ་ས་ཚ་འདེབས་པ་

p. 591

ཕྱག་བསྐོར་བྱེད་པ་སོགས་བྱས་ན། སྡིག་པ་འདག་གསུངས་པ་ཡིན་ལ། དེ་འདྲ་མ་ཡིན་པར་སངས་རྒྱས་ཀྱིས་ངེད་ཀྱི་རྗེས་འཇུག་ཆོས་པ་མས་ལ་དངོས་སམ་བརྒྱུད་ནས་སེམས་ཅན་གཞན་ལ་གནོད་པའི་ལས་ཐམས་ཅད་མི་དགེ་སྡིག་པ་ཡིན་པས་སྤོང་དགོས་ཞེས་མདོ་སྡེ་དུ་མ་ནས་ཡང་དང་ཡང་དུ་གསུངས་པའི་བཀའ་དེ་དག་ཐམས་ཅད་ཁྱད་དུ་བསད་ནས། རང་གིས་ཤེས་བཞིན་དུ་ཤའི་ཆེད་དུ་གཞན་ལ་སྡིག་པ་བྱེད་དུ་བཅུག་ནས། ང་ལ་མདོ་སྔགས་ཀྱི་གཞུང་ནས་གསུངས་པའི་སྡིག་པ་སྦྱོང་ཐབས་ཡོད་པས་ང་ལ་སྐྱོན་གྱིས་མི་གོས་པར་མ་ཟད། ར་ལུག་གཡག་གསུམ་སོགས་སེམས་ཅན་གང་བསད་པ་དེ་ཡང་ངན་སོང་དུ་མི་ལྟུང་བའི་ཐབས་ཁ་ལ་ལྡུད་རྒྱུ་རྣ་ཅར་བསྒྲག་རྒྱུ་སེམས་ལ་འཇོག་རྒྱུ་མང་པོ་ཡོད་ཅེས་ཁ་ནས་ཀྱང་དེ་ལྟར་དུ་སྨྲ། ལག་ལེན་ལ་ཡང་འདེབས་པ་བྱུང་ན། དེ་ནི་སངས་རྒྱས་ཀྱི་བཀའི་དགོངས་པ་མ་ལཽན་པར་ཕྱེན་ཅི་ལོག་ཏུ་སྤྱོད་པའི་རྒྱ་ཟ་ལར་མུ་སྟེགས་པའི་ལུགས་ཀ་ཡིན་ཏེ། རྒྱ་ཟ་ལར་བླ་མ་འགའ་རེས་ཀྱང་། གཞན་གྱིས་སེམས་ཅན་བསད་ན་སྡིག་པ་ཆེ། ཁོས་བསད་ན་སྡིག་

p. 592

པ་མེད་པར་མ་ཟད། བསད་པ་དེ་ལ་ཆོས་སྤྲད་པ་ཡིན་པས་ཕྱི་མར་ཕན་ཟེར། བླ་མ་ཁོ་རང་ལུག་གི་སྐེ་ལ་འཇུས་ནས་མགོ་བཅདནས་གསོད་སྐད། དེ་བདེན་ན་ཁྱེད་འགའ་ཞིག་གི་བསམ་སྦྱོར་དང་དེ་གཉིས་ལ་ཁྱད་པར་གང་ཡང་མི་འདུག་པས། ཕྱིན་ཆད་ཚོ་ཁ་ཤ་ཟ་འདོད་པ་རྣམས་ཀྱིས་སྔར་རང་གིས་ཤེས་པ་དེའི་ཐོག་ཏུ་རྒྱ་ཟ་ལར་བླ་མ་བསྟེན་ནས། དེའི་ལུགས་ཀ་དེ་ཡང་བསླབས་ན་སྐྱོན་གྱིས་མི་གོས་པ་ལ་ཕན་ཐོགས་ཡོང་བའི་ཚོད་ན་འདུག་པས། འགའ་རེས་སློབ་པར་རིགས་སོ། །དཔེར་ན་བྱི་ལ་འགའ་རེས། ཙི་གུ་ཟིན་པ་བྱུངན་ཁོ་དགའ་ནས་གསོད་སྙམ་ཡང་། བར་སྐབས་དེར་སྙིང་རྗེ་བ་ལྟར་བྱས་ཙི་གུ་བཏང་ནས། རྩེད་མོ་རྩེ་རྒྱུ་མེད་རུང་ཡོད་པ་ལྟར། རྩེད་མོ་འདྲ་མང་པོ་རྩེས་ནས་མཐར་ཁ་ནང་དུ་བཟུང་སྒམ་འོག་ཚོར་ཁྱེར་ནས་ཟ་བ་བཞིན། ཆོས་པ་འགའ་ཞིག་གིས་གསོད་རྒྱུའི་ར་ལུག་ཆེན་པོ་བཟུང་ནས་བཏང་ཡོད་དུས་སྙིང་རྗེ་བ་ལྟར་བྱས། མ་ཎི་ཚོ་འདོན་པ་མང་། བསད་ཚར་ནས་ཤ་བཙོས་པ་དང་། ཀུན་གྱིས་མི་མཐོང་བའི་ལྐོག་ཅིག་ཏུ་ཁྱེར་ནས་རྔམས་ནས་ཟ་བ་མང་། སྔོན་བྱི་ལ་ཞིག་གིས་ཙིག་གུ་གཅིག་

p. 593

བཟུང་ནས་ཁྱེར་ཡོང་། ས་ན་སིལ་བོ་ཞིག་ཁ་སྦུབ་ཡོད་པའི་རྩ་ནས་བཏང་། རྩེད་མོ་ཞིག་བརྩེ་སྙམ་ཚེ། ཙིག་གུ་སིལ་བོའི་འོག་ཏུ་ཤོར་སོང་ཚེ། བྱི་ལའི་ནང་དུ་བལྟས། སྙིང་རྗེ་བ་ལྟར་སྐད་གཉོམ་པོ་ཞིག་བཏོན་ནས་གྲགས་ཚེ། ཙིག་གུ་ལྷག་པར་དུ་ཕུགས་ལ་བྲོས་ཚེ། བྱི་ལས་ཡར་བལྟ་མར་བལྟ་བྱས་པ་མི་གཅིག་གིས་མཐོང་ཚེ་རྒོད་ཤོར་ཟེར་སྐད། དེ་བཞིན་དུ་དེང་སང་འདི་ན་ཆོས་པ་འགའ་ཞིག་གིས་ལུག་གསོད་དུས་སྙིང་རྗེ་རྗེ་ལྟར་བྱས་མ་ཎི་སོགས་ཅིག་རེ་ཚོ་བཏོན་ཀྱང་། སྐབས་རེ་གསོད་དུས་འདྲ་མ་བྱུང་ཚེ། ཡར་བལྟ་མར་བལྟ་བྱེད་པ་མཐོང་ཚེ། མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས་བཞད་མོ་འཆོར་བར་མ་ཟད། དེང་སང་གི་ཆོས་པ་འགའ་རེས་བསམ་སྦྱོར་གོ་ཚེ་ཐང་གི་མི་ཚོ་ཡང་རང་གར་དགོད་ཁ་འཆོར་སྙམ། འོན་ཀྱང་སྙིང་རྗེ་ཁྲག་ཁྲིག་འདྲ་སྐྱེས་ནས་འདོན་པ་འདྲ་བཏོན་ནི་ཡིན་ན་ཤི་བོ་དེར་ཕན་མ་ཐོགས་རུང་། ཁོ་ལ་བསམ་པ་བཟང་པོ་སྐྱེས་པ་ཙམ་གྱི་ཕན་ཡོན་རེ་ལོས་ཡོད་སྙམ། ད་མདོར་ཧྲིལ་གྱིས་དྲིལ་ན། ཆོས་པ་བཟང་པོ་སྙིང་རྗེ་ཅན་ཞིག་ཡིན་ན་རང་ལ་སྡིག་

p. 594

པའི་སྐྱོན་གྱིས་གོས་མི་གོས་ཀྱིས་ཅི་བྱ། གཞན་ཕ་རོལ་གྱི་མ་རྒན་ར་ལུག་སོགས་གསོད་པ་དེ་སྙིང་རྗེ་ནས་ཤའི་ཆེད་དུ་གསོད་དུ་མ་འཇུག་པར་ཚེ་ཐར་སྲོག་བསླུ་ལ་རེམ། དེ་མ་ཡིན་པར་མི་སོང་རྗེས་ཀྱི་ལག་གཡུག་གི་དཔེ་ལྟར། བསད་ཚར་ཟོས་ཚར་བའི་རྗེས་ཀྱི་སྙིང་རྗེ་དེ་དང་། རྒྱགས་རྩེད་ཀྱིས་འདོན་པ་འདྲ་བཏོན་ན་སྐྱེ་བོ་མི་ནག་པ་ཚོའི་མིག་སྔར་མཛེས་ཀྱང་། བསམ་སྦྱོར་གང་ལ་བལྟས་རུང་ཕན་པའི་ཚོད་ན་མི་འདུག །དེས་ན་དེ་དང་དེ་འདྲའི་རྒྱལ་བའི་བཀའི་དགོངས་པ་མ་ལོན་པར་ཕྱིན་ཅི་ལོག་ཏུ་སྤྱད་ན། རྒྱལ་བའི་བཀའ་མ་ལོག་རུང་། རང་གི་བསམ་སྦྱོར་ལོག་པ་ཡིན་པས། རྒྱལ་བའི་བཀའ་དྲི་མ་མེད་པ་དང་། རྒྱ་ཟ་ལར་གྱི་ལུགས་ཀ་གཉིས་ལ་ཁྱད་པར་མ་བྱུང་བ་ཡིན་པས། དེ་འདྲ་ཞིག་ཏུ་མ་སོང་བ་ཞིག་ཀུན་གྱིས་གྱིས་དང་བཟང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་བརྟེན་ནས་སེམས་ཅན་ལ་ཕན་བདེ་ཞིག་འབྱུང་དགོས་སྟེ།ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །ཞེས་གསུངས། དེས་ན་བསྟན་པ་དང་དེ་འཛིན་ཡོད་པའི་ཕྱོགས་ཀྱི་མི་ཕྱུགས་ཐམས་ཅད་བདེ་མོ་སྐྱིད་པོ་

p. 595

ཞིག་བྱུང་ན་བསྟན་པ་གནས་པ་ཡིན། དེ་མ་ཡིན་པར་མི་ཕྱུགས་ཐམས་ཅད་ལ་སྡུག་བཏང་བྱུངན། བསྟན་པ་གནས་པ་མ་ཡིན། དེང་སང་གྲྭ་བ་འགའ་རེས་དགོན་པའི་དགེ་འདུན་པའི་གཏོང་སྒོ་སོགས་ལ་ཁག་ངན་བཀལ་ནས། གྲོང་གི་མི་ཕྱུགས་ཐམས་ཅད་ལ་སྡུག་སྣ་དགུ་གཏོང་མཁན་ཚོལ་ལྟོས་དང་སྐྱོ་བ་སྐྱེས་ཡོང་། ད་མང་པོ་བཤད་ན་མི་ཉན། དེང་སང་གི་ཆོས་པ་དབང་ཅན་ཕལ་ཆེར་གྱིས་མཚང་ལ་ཕོག་ཚེ་ཚིག་ངན་སྨྲ་ཞིང་།ཤེད་ཅན་འགའ་རེས་བཟུང་ནས་ཁ་ཡང་གྲི་ཡིས་གཤག་ཉེན་ཆེ་བས་ཚོད་འཛིན་དགོས་སྙམ། འོན་ཀྱང་ཁྱེད་ཤེས་ལྡན་སྙིང་རྗེ་ཅན་ལ་དེ་ཙམ་བཤད་ཀྱང་ཕན། ཁྲེལ་མེད་རྣམས་ལ་ཇི་ཙམ་བཤད་ཀྱང་བཤད་མཁན་རང་གི་སྡུག་གྱོང་དུ་འདུག །དེ་བས་ཁ་རོག་བསྡད་པ་གདམས་ངག་ཟབ་གསུངས་པ་ལྟར་བྱ་ལགས། ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས། སོ་ཐར་གྱི་སྐབས་སུ་ཉན་ཐོས་རྣམས་ལ་ཐོག་མར་སེམས་ཅན་རྨིག་པ་ཁ་གས་ཀྱི་ཤ་མ་གཏོགས་རྨིག་རྡུམ་ཅན་གྱི་ཤ་ཟ་མི་ཆོག་པའི་བཅས་པ་མཛད། དེ་ནས་རྣམ་གསུམ་དག་པའི་ཤ་མ་

p. 596

གཏོགས་ཤ་གཞན་ཐམས་ཅད་ཟ་མི་ཆོག་པའི་བཅས་པ་མཛད། བྱང་སེམས་ཀྱི་སྐབས་སུ་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པས། ཤི་ཤ་སོགས་ཤའི་རིགས་སུ་གྱུར་པ་ཟ་མི་ཆོག་པའི་བཅས་པ་མཛད་པ་དེ་ལ། བཀའ་གདམས་བླ་མ་གོང་མ་རྣམས་ཀྱིས་སོ་ཐར་སྐབས་ཀྱི་བཅས་པ་གཉིས་པོ་དེ། གང་ཟག་ཤ་ལ་སྲེད་པ་ཆེ་བའི་རིགས་རྣམས་ལ་ཤ་གཏན་ནས་ཟ་མི་ཆོག་ཅེས་ཐོག་མནས་གསུངས་ན་བསྟན་པ་ལ་མི་འཇུག་གི་དགོངས་ནས་ཐོག་མར་གསུངས་ཀྱང་། བསྟན་པ་ལ་ཞུགས་ནས་རིམ་གྱིས་བློ་ཁ་མཐོ་རུ་སོང་བ་དང་བྱང་སེམས་ཀྱི་སྐབས་སུ། ཤ་ཐམས་ཅད་གཅོད་པའི་དོན་དུ་གསུངས་པ་ཡིན་པའི་དགོངས་པ་ལོན་དགོས་གསུང་། དེ་ཐུགས་བདེན་ཏེ། སངས་རྒྱས་ཀྱིས་ཐེག་པ་ཆེན་པོའི་ཆོས་འཁོར་བསྐོར་བའི་དུས་སུ་ཉན་རང་མང་པོའི་བློ་ཁ་མཐོ་རུ་སོང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གྲངས་མེད་བྱུང་བ་དེ་རྣམས་ཀྱིས་ཤ་གཏན་ནས་མི་ཟ་བས། དེས་ན་ཉན་ཐོས་ཐམས་ཅད་ཀྱིས་ཤ་ཟ་བར་མ་སེམས་ཅིག །རྒྱལ་བ་གཉིས་པ་རྗེ་བདག་ཉིད་ཆེན་པོའི་གསུང་འབུམན་གནང་བཀག་ཀྱི་

p. 597

ས་མཚམས་ཤེས་ན་མདོ་སྔགས་གཉིས་ཀ་གཅིག་ཏུ་འགྲོ་ཚུལ་ལུང་རིགས་ཀྱིས་བསྒྲུབས་ནས་ཡང་ཡང་གསུངས། སྡོམ་གསུམ་གྱི་སྐབས་སུ་དགག་བྱ་བ་ལ་དགོས་པ་གཙོ་བས་རང་གཞན་ལ་ཕན་པའི་དགོས་པ་ཆེན་པོ་ཡོད་ན་ཤ་ཙམ་དུ་མ་ཟད་ཆང་དང་ཕྱག་རྒྱ་མ་སོགས་འདོད་ཡོན་མ་སྤངས་རྒྱན་དུ་རོལ་ན་ཆོག་ཚུལ་གསུངས། དགོས་པ་མེད་པར་རང་དགར་གནང་བ་ཞིག་མི་སྣང་། མཁས་གྲུབ་རྗེས་སྡོམ་གསུམ་རྣམ་བཤད་དུ་ཡང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐེག་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤའི་རིགས་སུ་གྱུར་པ་མི་བཞེས་པ་ཞིག་བྱུངན་ཤིན་ཏུ་ངོ་མཚར་ཆེ། སོ་ཐར་གྱི་སྐབས་སུ་ཡང་རྣམ་གསུམ་དག་པའི་ཤ་མ་གཏོགས་ཤ་གཞན་ཟ་མི་ཆོག །དེ་ཡང་སྲེད་པའི་དབང་གིས་ཟ་ཆོག་ཅེས་རྨི་ལམ་དུ་ཡང་སྨྲ་བར་མི་བྱའོ། །གསུངས། དེས་ན་དེང་སང་བསྔོས་ཤ་མ་གཏོགས་རྣམ་གསུམ་དག་པའི་ཤ་དཀོན། དེ་ཡང་ཤ་ལ་སྲེད་པ་མེད་པའི་ཆོས་པ་ཞིག་དེ་བས་དཀོན་པས། དེས་ན་ཤ་ཟ་ཆོག་ཅེས་ཀི་བཏབ་ལྕག་གཡུག་པ་ཚོས་སྡིག་ཚོད་དྲན་པས་བཟུང་ན་མི་དགའ་འམ། ཤ་འདི་

p. 598

བཟས་ཆེན་ཕུགས་སྐྱོན་ཡོད་པར་མ་ཟད། འཕྲལ་དུ་ཡང་ཤ་དུག་གིས་འཆི་བ་ཡང་མང་པོ་མཐོང་། ཡང་ཡོན་བདག་ལ་ཤ་ཞིག་གི་མཁོ་བཞེད་འདུག་བཤད་ན། དངོས་སུ་ཡང་དེའི་ཆེད་དུ་ཡོན་བདག་གིས་ལུག་གསོད་པ་མཐོང་ཐོས་མང་ལ། དགོན་པའི་ལས་བྱེད་པ་མང་པོ་ཞིག་གིས་གཏོང་སྒོ་ཆེན་པོ་ཡོད་ཅེས་འབྲོག་ནས་ལུག་ཉི་ཤུ་སུམ་ཅུ་ཉོས་ནས་སྟོན་ཁ་གསོད་པ་དགོན་པ་ཆེ་ཆུང་མང་པོ་ན་ཡོད་པ་མངོན་སུམ་དུ་སྣང་། མཆོད་མཇལ་བྱེད་དུས་ལྷ་སྐུ་མ་མཐོང་གོང་དུ་ཤ་ཁོག་མང་པོ་མཇལ་བར་གདའ། དེ་དག་ཐམས་ཅད་ལོག་འཚོ་སྦྱར་བ་མ་ཡིན་ན། ལོག་འཚོ་གང་ལ་ཟེར་སྨྲོས་ཤིག །ར་ལུག་གི་སྲོག་ལ་དངོས་སམ་བརྒྱུད་ནས་གནོད་པ་འདི་མི་མཐོང་བའི་ཆོས་པ་རྣམས་མིག་གསལ་པོ་མེད་པ་ཡིན་ནམ། གསལ་ན་མཐོང་རུང་མ་མཐོང་བའི་རྫུ་བག་མ་བྱེད་ཅིག །ད་ལྟ་ཀུན་གྱིས་རྟ་ཤ་དང་ཁྱི་ཤ་མི་ཤ་མི་ཟ་བའི་སྟབས་ཀྱིས་ཤ་དེ་རྣམས་ཀྱི་ཆེད་དུ་དམིགས་ནས་རྟ་དང་ཁྱི་དང་མི་གསོད་པ་མ་མཐོང་། མི་རྟ་ཁྱི་ཡི་ཤ་ཟ་རྒྱུ་ཡིནན། རྟ་བོང་མི་ཁྱི་གསོད་པའི་ཤན་པ་ཡང་འདིར་ཡོང་སྲིད་དོ། །སྨད་རྒྱནག་གི་ཡུལ་ན་ཡོད་

p. 599

སྐད། ར་ལུག་གཡག་གསུམ་གྱི་ཤ་ཟ་མཁན་མང་བས་ཤན་པ་ཡང་མང་བ་མངོན་སུམ་དུ་གྲུབ་པ་ལ་ལྟོས་ཤིག །སངས་རྒྱས་ཀྱིས་སེམས་ཅན་ལ་དངོས་སམ་བརྒྱུད་ནས་གནོད་པ་ཐམས་ཅད་སྡིག་པ་མི་དགེ་བ་ཡིན་པས་སྤོངས་ཞེས་གསུང་གོ་བཞིན་དུ། ཤ་ཟོས་པའི་སེམས་ཅན་ལ་མི་གནོད་ཟེར་བའི་ཁོག་ཏུ་གདོན་ཅི་ཞིག་ཞུགས་པ་ཡིན། ཤ་འདིས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་སྲོག་ལ་གནོད་གནོད་ཅིག་ཟས་གཞན་གྱིས་མི་གནོད། ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་སངས་རྒྱས་ཀྱིས་ཡུལ་དུས་ཀྱི་དབང་གིས་ཤ་མ་གཏོགས་འཚོ་བ་མ་འབྱོར་བའི་ཚེ་དེ་མ་ཟོས་ན་ཚེ་སྲོག་གི་བར་ཆད་དུ་འགྲོ་འགྱུར་བ། ཡོན་བདག་དད་ཅན་གྱིས་ཀྱང་རྣམ་གསུམ་དག་པའི་ཤའི་འཚོ་བ་སྦྱར་ཟིན་པ་མ་ཟོས་ན་ཆུད་ཟོས་སུ་འགྲོ་བ། ཟོསན་ཚོགས་རྫོགས་པ་སོགས་དགོས་པ་ཆེན་པོ་བྱུང་ན་དམིགས་བསལ་གྱིས་རྣམ་གསུམ་དག་པའི་ཤ་རེ་བཞེས་དགོས་བྱུང་བ་ཡིན་གྱི། དགོས་པ་མེད་པར་བཞེས་པ་ཡིན་སྙམ་ནས་དེ་སྐད་སྨྲ་བར་འདོདན་སངས་རྒྱས་ཀྱང་བྱང་ཆུབ་སེམས་དཔའ་མིན་ཞེས་དོན་གྱིས་བསྐུར་བ་བཏབ་པར་

p. 600

འགྱུར་ལ། ལང་ཀར་གཤེགས་པ་ལས། ངས་མི་ཟ་སྨྲ་ཞིང་ཟ་ན་ང་དེའི་སློབ་དཔོན་མ་ཡིན། དེ་ངའི་རྗེས་འཇུག་མ་ཡིན་ཞེས་གསུངས་པ་ཡང་ཁྱད་དུ་བསད་ནས། ལྷས་སྦྱིན་གྱིས་ཕྲག་དོག་མི་བཟད་པའི་དབང་གིས་སངས་རྒྱས་ལ་སྒྱོགས་རྡོ་འཕང་། གླང་ཆེན་རྦད་གསོད་གྲབ་ཤོམ་མང་པོ་བྱས་པའི་དགྲས་ཤ་མི་ཟ་བ་བཞིན་དུ་སངས་རྒྱས་ཀྱིས་ཤ་ཟ་ཞེས་སྐུར་བ་བཏབ། རང་གི་ལྐོག་ནས་ཟ་བཞིན་དངོས་སུ་རྣམ་གསུམ་དག་པ་སྤངས་པས་ཟོག་དང་གསོབ་བྱེད་པའི་ཁ་འཛིན་རྒྱབ་སྐྱོར་ནས་སངས་རྒྱས་ཀྱི་ལྷས་སྦྱིན་གྱི་བརྟུལ་ཞུགས་ཙམ་ཡང་མ་བྱུང་བར་སྐྱེ་བོ་ཐ་མལ་བ་ལྟར་ཤ་ཟ་བ་ཞིག་ཏུ་ལྟོས། དེ་སྐད་སྨྲ་བ་ཐམས་ཅད་ལྷས་སྦྱིན་གྱི་ཕྱོགས་སུ་དོན་གྱིས་སོང་ཞིང་། སངས་རྒྱས་འཁོར་བཅས་ཀྱིས་དགོས་ཆེད་མེད་བཞིན་དུ་དུས་རྒྱུན་དུ་རྣམ་གསུམ་དག་པའི་ཤའི་གུང་ཚིག་གསོལ་ཞེས་སྐུར་བ་འདེབས་མཁན་རྣམས་ཀྱིས་སངས་རྒྱས་འཁོར་བཅས་ཞབས་ཏོག་མེད་པའི་ཞབས་འདྲེན་བྱས་པ་ཡིན་པས་གཏམ་དེ་འདྲ་ནང་པ་སངས་རྒྱས་ནང་དུ་བསྒྲགས་པ་ཕར་ཞོག་ཕྱི་རོལ་བ་ལ་བསྒྲགས་ན་རང་གི་སྟོན་པའི་ལྷས་སྦྱིན་ལ་ཡང་འགྲན་མ་

p. 601

ནུས་ཤ་ཟ་དགོས་ཞེས་སྔོ་ལོ་འཕྱར་བ་ཡིན་པས་དེ་འདྲ་ལབ་པའི་ཁ་ཚུམས། མི་འཚུམ་ན་ཁ་ལ་སྐྱག་གོང་ཆུག་ཅིག །སྔོན་སངས་རྒྱས་འཁོར་བཅས་ཀྱི་ཟས་བསོད་སྙོམས་གནས་ཤིང་དྲུང་བ་ཡིན་པའི་གནས་ངེས་མེད། ཟས་ནོར་གྱི་གསོག་འཇོག་དང་ཉོ་ཚོང་མི་བྱེད་པས་ཤ་ཡི་ཉོ་ཚོང་མི་བྱེད་པ་སྨོས་ཅི་དགོས། དེ་ལྟར་མཛད་པ་ལ་རྣམ་གསུམ་དག་པ་ཞིག་མ་གཏོགས་ལོག་འཚོ་འོང་ཐབས་མེད་ལ། དེང་སང་གྲོང་དགོན་པ་བཏབ། ཁྱིམ་པ་ལས་ལྷག་གི་གསོག་འཇོག་རྒྱ་ཆེན་པོ་བྱས། དེའི་ཐག་ཉེར་ཤན་པ་བསམ་བཞིན་སྡོད་དུ་བཅུག །ཤན་པས་ཀྱང་དགེ་འདུན་པས་ཤ་ཉོ་ཡོང་ཤག་བྱས་བསད། དགེ་འདུན་པས་ཀྱང་བསད་ནས་ཤ་མང་པོ་ཡོད་ཤག་བྱས་ཉོས། གསོད་མཁན་ཉོ་མཁན་གཉིས་ཀའི་རྒྱུ་རྐྱེན་ལ་བརྟེན་ནས་སེམས་ཅན་ར་ལུག་བརྒྱ་སྟོང་མང་པོའི་སྲོག་མངོན་སུམ་གཅོད་པ་འདི་ལ་ཉེས་པ་གང་ཡང་མེད། རྣམ་གསུམ་དག་པ་ཡིན་ན་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་སོང་འདུག་པས། སྙིགས་དུས་ཀྱི་སེམས་ཅན་བསོད་བདེ་ཆེ་བར་གདའ། སེམས་ཅན་དངོས་སམ་བརྒྱུད་ནས་གནོད་པ་

p. 602

འདི་སྡིག་པ་མིན། སྟོན་པས་བཅས་པའི་གྲལ་དུ་དངོས་སམ་ཤུགས་ཀྱིས་ཡང་མ་ཐེབས། ཤན་པའི་ལག་གི་ཤ་ཟོས་ཚད་ལ་ཉེས་པ་མེད་པ་ཡིན་ན་སྟོན་པའི་བཅས་པ་ཡང་མི་དགོས་པར། གྲུབ་ཆེན་ཚོ་ལྟར་དགེ་སློང་རྣམས་ཀྱིས་ཀྱང་སྣང་བ་གུ་ཡངས་བྱས་ཆོག་པར་གདའ་བས་རེམ་ཞིག །ཤ་ཟ་མཁན་གྱིས་སངས་རྒྱས་དང་བླ་མ། དེའི་རྗེས་འཇུག་ཤ་ཟ་མཁན་རྣམས། དེའི་ཞབས་ཏོག་མཁན་ཡོན་བདག་ཤན་པ་གསུམ་པོ་སྔར་མེད་པའི་ཆོས་གསར་བ་ར་ལུག་གི་རབས་རྩ་བ་དགུ་བརྒྱུད་ནས་གཅོད་པའི་བསྟན་པ་ཞིག་བྱུང་བ་ཡིན་པས། ཧ་ཅང་ཡུན་རིང་ན། ར་ལུག་གཡག་གསུམ་ཟད་པ་བྱུང་ན། མི་རྟ་ཁྱི་གསུམ་ཡང་གསོད་ཉེན་ཆེ་བས་ཕྱི་རབས་སྟོན་པའི་རྗེས་འཇུག་རྣམས་ཀྱིས་བག་ཡོད་པར་བྱོས་ཤིག །སྔོན་སངས་རྒྱས་བཅོམ་ལྡན་འདས་འཁོར་བཅས་ལྷ་ཀླུ་མི་དང་དྲི་ཟ་སོགས་འགྲོ་བ་ཐམས་ཅད་ཀྱིས་བསྙེན་བཀུར་ཞུས་པའི་ཚུལ་མང་སྟེ། ཟས་དཀར་གསུམ་མངར་གསུམ་སོགས་ཀྱི་འཚོ་བ་སྦྱར་ཞེས་མང་པོ་མདོ་ནས་གསུངས་ཏེ། དམར་གསུམ་སྐྱུར་གསུམ་དྲངས་ཞེས་པ་ཞིག་ཀྱང་མི་འདུག་ཅེས་གསུངས་པ་ཡང་མ་

p. 603

མཐོང་། དེ་བཞིན་དུ་སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་ཀྱི་ཡེར་བ་ལྷ་རི་སོགས་ནས་བཞུགས་དུས་ཟས་དཀར་གསུམ་མངར་གསུམ་སོགས་སྟོན་པས་གནང་བའི་བཞེས་པ་མ་གཏོགས། རྣམ་གསུམ་དག་པའི་ཤ་མང་པོ་བཞེས་ཞེས་རྣམ་ཐར་གསུང་འབུམ་ན་མི་སྣང་། རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་མཚུངས་པའི་རྗེ་རིན་པོ་ཆེ་ཡབ་སྲས་ཀྱི་རྣམ་ཐར་ན་ཡང་ཤ་མང་པོ་བཞེས་ཟེར་བ་ཞིག་མེད། རྗེས་འཇུག་རྣམས་ལ་ཡང་རྣམ་གསུམ་དག་པའི་ཤ་འབའ་ཞིག་ཉོས། སྲེད་པའི་དབང་གིས་ཟོ་ཞེས་ཟེར་བ་མི་འདུག །འོ་ན་རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་ཞིག་གིས་ཤ་ཐུག་དྲངས་པ་དགེ་སློང་མང་པོས་བཞེས་པའི་ལོ་རྒྱུས་འདུག་ཟེར་ན། དེ་ནི་ཡོན་བདག་གིས་སངས་རྒྱས་འཁོར་བཅས་བསྙེན་བཀུར་ཆེན་པོ་བྱས་ན་ཚེ་འདིར་ཡང་བསོད་ནམས་ཆེན་པོ་འོང་བར་གོ་ནས། དེ་ཡིནན་ཤ་ཐུག་འདི་ཞིམ་ཞིང་། འཇིག་རྟེན་པ་རྣམས་ཀྱི་ཟས་ཀྱི་མཆོག་ཏུ་མཐོང་ནས་ཟ་བ་ལ་དཔག་ནས་ཤའི་བསྙེན་བཀུར་བསྙེན་བཀུར་གྱི་མཆོག་ཏུ་འགྱུར་རམ་སྙམ་ནས་ཤ་ཐུག་བསྐོལ་བ་མ་བཞེས་ན་ཆུད་ཟོས་སུ་སོང་ནས་ཡོན་

p. 604

བདག་གི་ཚོགས་མི་རྫོགས་ཤིང་། ཟོས་ན་ཚོགས་རྫོགས་པར་དགོངས་ནས་དེའི་ཉིན་བུ་ཤ་མ་ཡིས་ཟ་བ་ལྟར་སྲེད་པ་མེད་རུང་། རྨ་ལ་ཕན་ན་ཁྱིཚིལ་ཡིན་ཡང་གླན་ཟེར་བ་ལྟར། གཞན་ལ་ཕན་ཕྱིར་ལན་ཅིག་བཞེས་དགོས་བྱུང་བ་ཡིན་གྱི། དུས་རྒྱུན་དུ་སངས་རྒྱས་ཀྱིས་ཤ་ཐུག་བཞེས་པར་མ་སེམས་ཤིག །སངས་རྒྱས་འཁོར་བཅས་ཀྱིས་གཞན་ལ་ཕན་ན་སྒྱུ་མ་མཁན་གྱིས་དུག་དང་སྦྱར་བའི་ཟས་ངན་པ་ཡང་གསོལ་ན།གཞན་གསོལ་བ་སྨོས་ཅི་དགོས། འོ་ན་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་དུས་རྒྱུན་དུ་ཤ་ཟོས་པའི་རྟགས་སུ། ལྷས་སྦྱིན་གྱིས་སངས་རྒྱས་འཁོར་བཅས་ཀྱི་ཤ་བཞེས་པས། ངེད་རྣམས་ཀྱིས་མི་ཟ་བར་བྱའོ་ཞེས་བཅས་པ་མཛད་པ་དང་། སྡོམ་གསུམ་དུ་ཉན་ཐོས་རྣམས་རྣམ་གསུམ་དག་པའི་ཤ་རྒྱུན་དུ་ཟ་ཚོད་འདུག་ཟེར་ན། དེ་ནི་དགོས་ཆེད་ཀྱི་དབང་གིས་ལན་རེ་སྲིད་མཐའ་རེ་བྱུང་བ་ལ་ལྷས་སྦྱིན་གྱིས་ཕྲག་དོག་གིས་བསྐུར་བ་བཏབ་པ་ལ་སུ་ཞིག་ཡིད་ཆེས། ལྷས་སྦྱིན་ལེགས་སྐར་གཉིས་ཀྱི་གཏམ་ལ་སུ་ཞིག་གིས་བདེན་པར་འཛིན། དེ་བདེན་པར་བཟུང་ནས་དེའི་ཁ་འཛིན་རྒྱབ་སྐྱོར་བ་རྣམས་ཀྱིས་སངས་རྒྱས་ཀྱི་

p. 605

བསྟན་པ་དང་བུ་རྒྱུད་རྣམས་བློས་སྤོང་འདོད་པ་ཡིན། འོན་མཁས་གྲུབ་རྗེས་རྣམ་གསུམ་དག་པའི་ཤ་ཟ་དགོས་ཚུལ་ལུང་རིགས་ཀྱི་ལམ་ནས་གསལ་བར་གསུངས་སོ་ཟེར་ན། དེ་བདེན། དགོས་ཆེད་བྱུང་ན་མཁས་གྲུབ་རྗེས་གསུངས་པར་མ་ཟད་སངས་རྒྱས་ཀྱིས་ཀྱང་གནང་བས། རྣམ་གསུམ་དག་པ་གང་ལ་ཟེར་ན། ད་ལྟའི་འདི་ལ་ཟེར། མ་དག་པ་དེ་གང་ལ་ཟེར་གངན་ཡོད་ལྟོས་དང་། དེ་ཡང་ཟ་བ་ལ་ཡང་རྣམ་པ་མང་། སྲེད་པའི་དབང་གིས་ཟ་ཞེས་མཁས་གྲུབ་རྗེས་ཀྱང་མ་གསུངས་ཏེ། དེ་ཡང་སྡོམ་གསུམ་རྣམ་བཞག་ལས། དེ་ན་སྲེད་པ་མེད་པ་དེ་གང་འདྲ་ཞིག་ཡིན་སྙམ་ན། སྔོན་རྒྱལ་པོ་ཡབ་ཡུམ་གྱིས་སྲས་ཀྱི་ཤ་ཟོས་ནས་ལ་རྟོལ་བ་འདྲ་བ་ཞིག་དགོས། དེ་འདྲ་ཨེ་འདུག་སོམས་དང་། དཔེར་ན་སྐྲག་ནད་ཅན་ལ་ཟས་ལ་སྲེད་པ་མེད་པས་བསྟན་ན་ཡང་ཞེན་པ་ལྡོག་ལ། ནད་ཀྱི་དབང་གིས་ཅུང་ཟད་རེ་བསྟེན་པ་བྱུང་ན་ཡང་སྲེད་པ་མེད་བཞིན་ཟ་བ་འདྲ་བ་ཞིག་དགོས་པའི་ཚོདན་འདུག་པས། མཁས་གྲུབ་རྗེས་གནང་ཟེར་བ་སོགས་གདའ་སྟེ། དེ་ནི་རྗེ་ཡབ་སྲས་ཀྱི་ཞབས་ཏོག་མིན་

p. 606

ཞབས་འདྲེན་ཡིན། དེ་ཡིནན་རྗེ་ཡབ་སྲས་ཀྱིས་རྟོགས་པ་མཐོན་པོར་སླེབས་སྐབས་བདེ་སྟོང་གི་གྲོགས་སུ་ཤ་ཆང་བསྟེན་དགོས་ཞེས་དམིགས་གསལ་གསུངས་འདུག་པས། རང་གར་གནང་བ་མིན་དགག་བྱ་བ་ལ་དགོས་པ་གཙོ་བས། དགོས་པ་མེད་པའི་སྲེད་པ་ཅན་ལ་གནང་བར་མ་སེམས་ཤིག །དགོས་པ་ཆེན་པོ་བྱུང་ཚེ་སོ་ཐར་བྱང་སེམས་སྔགས་སྡོམ་གང་གི་སྐབས་སུ་ཡང་གང་ཟག་དབང་པོའི་བྱེ་བྲག་གི་དབང་གིས་ཤ་ཆང་བུད་མེད་གསུམ་སོགས་དུས་གཅིག་ཏུ་བསྟེན་ཆོག་པའི་དམིགས་བསལ་ཡང་ཡོད་སྲིད་པས་དེ་ལ་འགལ་བ་སུས་ཕུད། ཁོ་བོ་ཅག་ནི་སངས་རྒྱས་འཁོར་བཅས་རྗེ་ཡབ་སྲས་ཀྱི་དགོངས་དོན་ཚོལ་བ་ལ་འབད་ཀྱི་ཚིག་ཙམ་འགྲིག་མི་འགྲིག་བརྩི་བ་མ་ཡིན། སེམས་ལ་གནོད་ན་རེ་ཞིག་འཇོག་པར་རིགས་སོ། །ཡང་ཁ་ཅིག་ན་རེ། དུས་འཁོར་དང་དེའི་འགྲེལ་ཆེན་ལས། ཟ་བ་བོ་མེདན་གསོད་པ་མི་འབྱུང་ཟེར་བ་དེ་ཕྱི་རོལ་མུ་སྟེགས་པ་གཅེར་བུ་བས་འདོད་ཚུལ་ཁས་ལེན་དུ་ཁྱད་མ་བྱུང་བ་ཡིན། དེ་ཡིན་ན་རིགས་ལམ་དུ་འགལ་བས་ན་འགྲེལ་ཆེན་གྱི་མི་ཚད་ཡང་ཆེན་ཡིན་རུང་དེ་མི་འཐད་དོ་སྙམས་ན།

p. 607

སངས་རྒྱས་ཀྱིས་དངོས་སམ་བརྒྱུད་ནས་སེམས་ཅན་ལ་ཕན་ན་སྡིག་པ་ལྟར་སྣང་ཡང་སྒྲུབ་ན་ཆོག །སེམས་ཅན་ལ་དངོས་སམ་བརྒྱུད་ནས་གནོད་ན་དགེ་བ་ཞིག་ཡིན་རུང་རེ་ཞིག་འཇོག་དགོས། བསོད་ནམས་བསགས་པ་སྡིག་ཏུ་འགྱུར་ན། དེ་ཡང་སྡིག་པ་ཡིན་པར་གསུངས། དེས་ན། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་གསུངས་པ་ལྟར་བྱུང་ན་ཕྱི་རོལ་བོན་པོ་ཧ་ཤང་རྒྱ་ཟ་ལར་མུ་སྟེགས་པ་ཡིན་རུང་ཁས་ལེན་དགོས་ཏེ། སངས་རྒྱས་ཀྱི་ཆོས་དང་མཐུན་པ་ཕྱི་རོལ་བའི་ནང་དང་སྐྱེ་བོ་མི་ནག་གི་ནངན་ཡོད་ན་ཡང་དེ་ངས་གསུངས་བཞིན་དུ་བཀུར་བར་བྱའོ། །ཕྱི་རོལ་བ་དང་འདོད་པ་ལག་ལེན་དང་མཐུན་པ་རྣམས་བྱེད་མི་རུང་ན། ནང་རིག་པ་མ་གཏོགས་རིག་གནས་གཞན་རྣམས་ཀྱང་འདོར་དགོས་སོ། དེ་ཅིའི་ཕྱིར་ཞེ་ན་ཕྱི་རོལ་བ་འདོད་པ་གཅིག་པ་དང་ལག་ལེན་མཐུན་པའི་ཕྱི་ནང་གཉིས་ཀའི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེས་ན་ཕྱིས་སུ་ཡིན་ཡང་སྲོག་གཅོད་ཀྱི་སྡིག་པ་ཞིག་མ་བྱུང་ན་མི་ངའི་འདོད་པ་འགྲུབ་པ་ཡིན་པས་དེས་ཆོག་གོ །ཡང་ཁ་ཅིག་ན་རེ། འོ་ན་སངས་རྒྱས་ཀྱི་རྗེས་འཇུག་རྣམས་

p. 608

ལ་སོ་ཐར་བྱང་སེམས་སྔགས་སྡོམ་གང་གི་སྐབས་སུ་གནང་བ་བྱིན་པ་མང་བས། རྣམ་གསུམ་དག་པའི་ཤ་ཡང་གསུམ་ལྡན་རྡོ་རྗེ་འཛིན་པ་ཚོས་བཞེས་ན། སོ་སོ་ཐར་བ་ཚོ་སྨོས་ཅི་དགོས། འདུལ་བ་ཡུལ་དུས་དང་བསྟུན་དགོས་པས། སྡིག་ཟས་ཡིན་རུང་བོད་ལ་མཐུན་རྐྱེན་ཟས་དཀོན་པའི་དབང་གིས་ཤ་ཟོས་ནས་རྒྱལ་བའི་བཀའ་ལ་སྦྱངས་ན་སྐྱོན་མེད་པར་མ་ཟད་ཆོས་པ་དེ་མ་འོངས་བ་ན་སངས་རྒྱས་ཚེ་འབྲེལ་ཐོགས་རྣམས་དྲང་ཆོག །གཞན་འཇིག་རྟེན་མི་ནག་པ་ཤན་པ་དང་རྔོན་པ་ཚོས་ཟོས་པ་ལྟ་བུ་ག་ལ་ཡིན། ཁྱེད་ཀྱིས་བརྒྱ་སྟོང་བཤད་རུང་ཤ་ཟ་དགོས་པར་སྣང་། དེང་སང་ཆོས་པ་འཇིག་རྟེན་པ་སུ་ལ་ཡང་ཤ་ཟ་མི་ཉན་ད་ལྟ་རང་ལ་ས་གས་ནས་དམྱལ་བར་ལྷུང་འགྲོ་བཤད་རུང་སྤོང་ཐུབ་མཁན་མེད། དེ་བས་ཤ་ཟོས་རུང་སྐྱོན་གྱིས་མི་གོས་པའི་གདམས་པ་འདྲ་ཡོད་ན་གསུང་ལགས། དེ་མ་ཡིན་པར་ད་ཕྱིན་ཆད་ཁྱེད་དང་ཁྱེད་འདྲའི་ཁ་ལན་ཆག་ལེན་རག་བས་ནམ་འཆི་ཆ་མེད་བསམ་ནས་རང་དོན་ལ་མ་ཎི་རེ་ཐོན་དང་བཟང་། ཆོས་བཤད་ཀྱག་ཀྱོག་གིས་དགོན་པའི་ནང་བཤིག་ཀ །དེ་བས་ཁ་རོག་པར་བཞུགས། བཞུགས་མི་

p. 609

ཚུགས་ན་ཁྱེད་ལ་གསལ། ཁྱེད་ཀྱང་ཤ་མ་ཟོས་པས་རླུང་འདྲ་ལངས་པ་ཡིན་ནམ། ཐུགས་མི་བདེ་བ་འདྲ་མེད་དམ། དྲེད་པོ་ང་དང་ང་འདྲ་བས་ཅི་བཤད་རུང་ཉན་པའི་ཚོད་ན་མི་འདུག །ད་དུང་ཁྱེད་ཀྱིས་ས་སྟོང་ཚོར་ཨུས་སྟོང་རྒྱོབ་ལགས་ཟེར་ན། འོ་དེ་ཁྱོད་བདེན། ད་ཕྱིན་ཆད་ཐམས་ཅད་ཁ་ལ་མི་ཉན་རུང་། བློ་ལྡན་སྙིང་རྗེ་ཅན་རེ་གཉིས་ཁ་ལ་ཉན་སྲིད། དེའི་ཕྱིར་བདག་གིས་ཤེས་རབ་ཡངས་པོ་བྱས། རིག་པ་ཕྱོགས་བཞིར་བཀྲམ་ནས་བཤད་པར་བྱ། དེ་ལ་སྡོམ་པ་གསུམ་གྱི་བཅས་པའི་སྐབས་སུ་གནང་བཀག་མང་པོ་ཡོད་པ་ཁྱོད་བདེན་དེ། དེའི་ས་མཚམས་ཤེས་དགོས། རང་ག་གནང་ཡོད་ཅེས་ཐམས་ཅད་ར་ཆུ་ལ་བརྒལ་བརྒལ་བྱས། སྡོམ་པ་གསུམ་པོ་ཁ་ཆག་སྣ་རལ་བྱེད་ག་ལ་རུང་། དེ་ལ་གནང་ཚུལ་ནི། སོ་ཐར་སྐབས་སུ། ཡུལ་མདོ་སྨད་ནས་དབུས་གཙང་ལྟ་བུའི་ཐག་རིང་རེ་ཕྱིན་ཚེ་ལམ་ནས་ཟ་རྒྱུ་མ་རྙེད། མ་ཟོས་ན་སྲོག་གི་བར་ཆད་དུ་འགྲོ་དུས་དང་། ནད་པ་ཟུངས་ཟད་འཆི་ལ་ཉེ་བ་ཤ་ཞིག་མ་ཟོས་ན་མི་འཚོ་བར་ཐག་ཆོད་པའི་དུས་དང་། བྱང་སེམས་སྐབས་སུ་སར་གནས་ཀྱི་

p. 610

བྱང་ཆུབ་སེམས་དཔའ་ཆེན་པོ་གཤེགསན་བསྟན་པའི་སྒྲོན་མེ་ནུབ། སྐུ་ཚེ་ཡུན་རིང་འཚོན་བསྟན་འགྲོའི་དོན་རླབས་ཆེན་འོང་བའི་བླ་མ་སྐྱེས་ཆེན་འགའ་རེས་སྐུ་ན་བགྲེས་དུས་རླུང་བཅོས་འདྲ་བྱེད་དགོས་པའི་དུས་དང་། གསང་སྔགས་ཀྱི་སྐབས་སུ་བསྐྱེད་རྫོགས་ཀྱི་གདེང་ཐོབ་པའི་རྣལ་འབྱོར་བས་ཚོགས་ཀྱི་འཁོར་ལོ་དང་། བདེ་སྟོང་གི་རྟོགས་པ་སྐྱེད་པའི་ཐབས་སོགས་རང་གཞན་ལ་ཕན་པའི་དགོས་པ་ཆེ་དུས་སོགས་ལ། གང་ཟག་འགའ་རེ་ལ་དམིགས་བསལ་གྱི་གནང་བ་བྱིན་པ་མ་གཏོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་གནང་བ་བྱིན་པ་མ་ཡིན་ཏེ། དཔེར་ན་དགེ་བསྐུལ་གྱིས་དགེ་འདུན་པ་ཐམས་ཅད་ལ། ཁྱེད་དགེ་འདུན་པ་རྣམས་དུས་རྒྱུན་དུ་ཚོགས་ལ་ཡོངས་དགོས། གྲྭ་ཤག་ཏུ་ཆང་དང་བུད་མེད་ཀྱི་འགྲིམས་འགྲུལ་གཏན་ནས་བྱེད་མི་རུང་། ཞེས་ཚོགས་གཏམ་གཏོངན། ཀུན་གྱིས་ཚོགས་གཏམ་ནང་བཞིན་བྱེད་དགོས་པ་བདེན་མོད། འོན་ཀྱང་ལས་བྱེད་ཚན་པ་གཉེར་བ་དགོན་པའི་ལས་དོན་གྱི་གལ་ཅན་གྱི་དབང་གིས་གྲྭ་ཤག་ནས་སྡོད་དགོས་བྱུང་ནས། ཚོགས་སུ་ཡོངས་མ་ཐུབ་པའི་རྒྱུ་མཚན་ཞུས་ན། དེ་ལ་

p. 611

དམིགས་བསལ་གྱི་དགོངས་པ་ཁྲོལ་ནས་བསྡད་ཆོག་པ་དང་། ཡང་གྲྭ་བ་བགྲེས་པོ་སྐུ་བསྙུང་བ་ལ་ཡང་དགོངས་པ་ཞུས་ན་ཡོང་། གཞན་ཡང་ན་བ་ལ་ཆང་གི་སྨན་རྟ་བྱེད་དགོས་བྱུངན་དེ་ལ་དགོངས་པ་ཡོང་པ་དང་། གྲྭ་བ་འཆི་ལ་ཉེ་བ་སྲིང་མོ་དང་ཨ་མ་ཐུག་གི་ཡོང་ན་དམིགས་བསལ་བྱས་དགོངས་པ་སྟེར་བ་བཞིན། དགག་བྱ་བ་ལ་དགོས་པ་གཙོ་བས། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་གཤིས། རང་གཞན་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོས་པ་ཆེ་ཚེ་སྡོམ་གསུམ་གང་གི་སྐབས་ན་དམིགས་བསལ་བྱས་གནང་བ་ཡོད་ཅིང་། དགོས་པ་ཆེན་པོ་མེད་བཞིན་དུ་རང་གར་དགོངས་པ་གཏན་ནས་མེད་ཚུལ་རྣམས་ཤེས་ན། ཕན་བདེའི་འབྱུང་གནས་རྒྱལ་བསྟན་མི་འཆོལ་ཞིང་། མདོ་སྔགས་གཉིས་གཅིག་གྲོགས་སུ་གཅིག་སོང་ནས། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་གནད་ཁྱད་པར་ཅན་ཡོད། བསྟན་པ་ལ་གཅེས་སྤྲས་མཛད་ཅིང་། སེམས་ཅན་ལ་ཕན། སེམས་ཅན་རྣམས་ཀྱིས་ཕྱིན་ཆད་འདི་དང་འདི་འདྲའི་དཀའ་གནས་ལ་ངེས་པ་རྙེད་པར་བྱས་ཏེ།

p. 612

རང་ག་དགོས་པ་མེད་བཞིན་དུ་སྡོམ་གསུམ་ལྡན་པས་རྣམ་གསུམ་དག་པའི་ཤ་ཡང་བཞེས་མི་རུང་ན་བསྔོས་ཤ་མི་རུང་བ་སྨོས་ཅི་དགོས། གལ་ཏེ་རླུང་ཤས་ཆེ་བ་སོགས་ཀྱི་མིས་དགོས་པའི་དབང་གིས་ཤ་སྤོང་མ་ཐུབ་པར་ཟ་དགོས་པ་བྱུང་ན། ཤའི་ཉེས་དམིགས་དྲན་པར་བྱས་ལ་ཤ་ལ་སྲེད་པ་སྐྱེས་པ་སྤངས་ཏེ། རང་གི་དོན་དུ་ར་ལུག་སོགས་གཞན་གྱིས་བསད་པ་མཐོང་བ་དང་། ཐོས་པ་དང་། བསད་ཡོད་དམ་མེད་དམ་སྙམས་པའི་དོགས་པ་ཡང་མེད་པ་སྟེ། མཐོང་ཐོས་དོགས་གསུམ་མེད་པའི་རྣམ་གསུམ་དག་པའི་ཤ་གཞན་གྱི་ལག་ནས་ཉོས་ཏེ་ཅུང་ཟད་རེ་ཟ་ཆོག །དེ་འདྲ་མ་ཡིན་པར་དེང་སང་བླ་མ་འབུལ་སྡུད་པ་དབྱར་སྟོན་རོང་འབྲོག་ཏུ་ཕེབས་ན། ཡོན་བདག་རྣམས་ཀྱིས་ཉིན་རེ་བཞིན་ར་ལུག་མང་པོ་བསད་ནས་དྲངས་པ་དང་། དགེ་འདུན་པ་མང་པོ་གྲོང་ཆོག་ཏུ་སོངནས་ར་ལུག་གཡག་གསུམ་བསད་ནས་ཤ་དྲངས་པ་དང་། ཆོས་སྟོན་སོགས་ཀྱི་དུས་སུ་སེམས་ཅན་མང་པོ་བསད་ནས་དྲངས་པའི་ཤ་ཟོས་ན། བསྔོས་ཤ་ཙམ་དུ་མ་ཟད་ཆོས་ལ་བརྟེན་པའི་སྡིག་ཟས་ཡིན་པས། སྡིག་པ་ཀུན་གྱི་ནང་ནས་དེ་ཤིན་ཏུ་ལྕི་བར་

p. 613

གསུངས་པས་དུག་བཞིན་དུ་རྒྱང་རིང་དུ་སྤོང་བ་གལ་ཆེ། ཡང་ཁ་ཅིག་ན་རེ། ཤ་ཟོས་རུང་དེང་སང་གི་བླ་མ་དགེ་བའི་བཤེས་གཉེན་གྱི་ནང་ན་སངས་རྒྱས་ཀྱི་སྤྲལ་བ་དང་། ཤན་པ་རྣམས་ཀྱི་ནངན་ཡང་སངས་རྒྱས་ཀྱི་རྣམ་འཕྲུལ་འདྲ་ཡོད་ཡོང་བས་སྐྱོན་མེད་དམ་ཟེར། ཨ་ཧོ་ཧོ། ད་ཅི་ཚོ་བཤད་ནི་རེད། སྔོན་ལྷ་བཟོ་ཤིང་བཟོ་གཉིས་ཀྱིས་གཅིག་གིས་གཅིག་ལ་གཡོ་སྒྱུ་མང་པོ་བྱས་པས་མཐར་གཉིས་ཀ་ཚེ་འདི་ཕྱིར་ཕུང་བའི་ལོ་རྒྱུས་བཞིན་དུ། སྔོན་བླ་མ་ཞིག་གིས་སེམས་ཅན་བསད་ཚད་པོ་ཡར་དྲངས་བའི་ལོ་རྒྱུས་དང་། ཤན་པ་ཞིག་གིས་དྲངས་པའི་གཏམ་རྒྱུད་དང་། ཆོས་སྐྱོང་ཚོས་དྲངས་སོང་ཟེར་བའི་སྐད་ཆ་འཁྱག་འཁྱོག་མང་པོ་བཤད་པ་ཚོ་ལ་ཡིད་བརྟན་ཅི་ཡང་མེད། དེ་བས་སངས་རྒྱས་ཀྱི་གསུང་རྡོ་རྗེ་ཚིག་རྣམས་ལ་ཡིད་ཆེས་པར་གྱིས་ལ། གཞན་ཆོས་པ་འཇིག་རྟེན་པ་ཁ་བདེ་མགོ་བདེ་གང་གི་ཁ་ལ་མ་ཉན་པར། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་མ་རུ་སོམས་ལ། དྲིན་བཟང་བོའི་ལན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཉིན་རེ་བཞིན་དུ་སྒོམས། སྡིག་ཟས་ཕ་མའི་ཤ་ཁྲག་གི་སྐྱོན་

p. 614

གྱིས་མ་གོས་པ་རེ་ལ་འབད་པར་མཛོད་ཅིག །ཅེས་དད་ཅན་སྙིང་རྗེ་ཆེ་བ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་སྙིང་གཏམ་དུ་སྨྲས་པ་ཡིན་པས་ཀུན་གྱིས་མ་བརྗེད་པར་ཡིད་ལ་ཟུངས་ཤིག །ཅེས་སྡིག་ཟས་ཕ་མའི་ཤ་ཁྲག་ལ་རྔམས་པའི་འདོད་སྲེད་མེ་ཆེན་གསོད་པའི་ལེགས་བཤད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་པའི་ལྷག་བསམ་ཅན་རྣལ་འབྱོར་ཞབས་དཀར་བས་ཉམས་དགའ་རིག་པ་དྭངས་པའི་འབྲོང་ལུང་དབེནཔའི་ནགས་ཁྲོད་ནས་སྦྱར་བའོ། །འདིས་ཀྱང་དངོས་སམ་བརྒྱུད་ནས་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །

Pecha page