← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།

ཞབས་དཀར་ཚོགས་དྲུག་རང་གྲོལ། འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས། དགུ་རོང་སྣ་ཚོགས་རང་གྲོལ། དགུ་རོང་དགེ་འདུན་འཇིགས་མེད་རྣམ་གྲོལ། ཉང་སྐྱེས་མཚམས་པ། གཏེར་སྟོན་བདེ་ཆེན་རྒྱལ་པོ། ཆོས་རྒྱལ་ངག་གི་དབང་པོ།

གསོལ་འདེབས་དང་བླ་མའི་རྣལ་འབྱོར། རྒྱུན་འཁྱེར་སོགས་ཀྱི་སྐོར།

སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བཅུ་གཉིས་དང་མཐུན་པའི་རྣམ་ཐར།

p. 1

༄༅། །སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བཅུ་གཉིས་དང་མཐུན་པའི་རྣམ་ཐར་གསོལ་འདེབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

p. 2

དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་བསྐལ་ཆེན་གྲངས་མེད་ཚོགས་གཉིས་བསགས། །ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི། །སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐུ་ཚེ་འདི་ཡི་གོང་ལ་དགའ་ལྡན་དུ། །དམ་པ་ཏོག་དཀར་ཞེས་བྱར་སྐྱེ་བ་བཞེས། །གཟིགས་པ་ལྔ་ཡིས་གཟིགས་ནས་དགའ་ལྡན་གྱི། །གནས་ནས་འཕོ་བར་མཛད་ལ་གསོལ་བ་འདེབས། །ས་ལུག་ལོ་ཡི་ས་ག་ཟླ་བའི་ཚེས། །བཅོ་ལྔའི་མཚན་མོ་གླང་ཆེན་ཐལ་དཀར་གྱི།

p. 3

རྣམ་པས་རབ་མཛེས་སྒྱུ་འཕྲུལ་ལྷ་མོ་ཡི། །ལྷུམས་སུ་ཞུགས་པར་མཛད་ལ་གསོལ་བ་འདེབས། །ལྕགས་ཕོ་སྤྲེལ་ལོར་དབོ་ཟླའི་ཚེས་པ་བཅུའི། །ཉིན་པར་བཀྲ་ཤིས་ལུམ་བིའི་ནགས་ཚལ་དུ། །སྒྱུ་འཕྲུལ་ལྷ་མོའི་རྩིབས་ལོག་གཡས་པ་ནས། །གཟུགས་སྐུ་བལྟམས་པར་མཛད་ལ་གསོལ་བ་འདེབས། །ལང་ཚོ་རབ་རྒྱས་སྐུ་ན་གཞོན་པའི་དུས། །སྟོབས་ལྡན་དྲེགས་ཅན་སྐྱེ་བོ་ཀུན་འདུས་ནས། །ཡིག་རྩིས་སྟོབས་སོགས་སྒྱུ་རྩལ་འགྲན་པའི་ཚེ། །ཀུན་ལས་མཆོག་གྱུར་མཛད་ལ་

p. 4

གསོལ་བ་འདེབས། །དགུང་ལོ་ཉེར་དགུའི་བར་དུ་རྒྱལ་ས་བཟུང་། །རྒྱལ་སྲིད་སྐྱོང་ཚེ་ཡིད་འོང་ས་མཚོ་དང་། །གྲགས་འཛིན་མ་སོགས་རབ་མཛེས་བཙུན་མོ་ཡི། །འཁོར་གྱིས་བསྐོར་བར་མཛད་ལ་གསོལ་བ་འདེབས། །ན་རྒ་འཆི་བ་གཟིགས་པས་ཐུགས་སྐྱོ་ནས། །ས་ཕོ་བྱི་བའི་ལོ་ལ་རྒྱལ་སྲིད་སྤངས། །མཆོད་རྟེན་རྣམ་དག་དྲུང་ནས་དབུ་སྐྲ་བསིལ། །རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས། །ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་བྱོན། །མཁའ་ཁྱབ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། །གཡོ་བ་མེད་པར་དགུང་ལོ་དྲུག་གི་བར། །དཀའ་སྤྱད་དྲགས་པོ་མཛད་ལ་གསོལ་བ་འདེབས། །བདུད་ཀྱི་སྡེ་རྣམས་ཕམ་པར་བྱ་ཕྱིར་དང་། །རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར། །རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དབང་གི །དྲུང་དུ་གཤེགས་པར་མཛད་ལ་གསོལ་བ་འདེབས། །ལས་ཅན་རྩྭ་འཚོང་ཁྱེ་འུ་བཀྲ་ཤིས་ཀྱིས། །ཕུལ་བའི་རྩྭ་ཡི་གདན་ལ་སྐྱིལ་ཀྲུང་བྱས། །བྱམས་པའི་ཏིང་ངེ་འཛིན་གྱིས་ནམ་སྲོད་ལ། །བདུད་སྡེ་ཕམ་པར་མཛད་ལ་གསོལ་བ་འདེབས། །དགུང་ལོ་སོ་ལྔ་ཤིང་ཕོ་རྟ་ཡི་ལོར། །ས་ག་ཟླ་བའི་ཚེས་པ་བཅོ་ལྔ་

p. 5

ཡི། །ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི། །རྨད་བྱུང་མཛད་པ་བསྟན་ལ་གསོལ་བ་འདེབས། །ཚངས་དང་དབང་པོས་གསོལ་བ་བཏབ་པའི་ངོར། །ཆུ་སྟོད་ཟླ་བའི་ཚེས་པ་བཞི་ཡི་ཉིན། །ཝ་ར་ཎ་སིའི་གནས་སུ་བདེན་པ་བཞིའི། །ཆོས་འཁོར་བསྐོར་བར་མཛད་ལ་གསོལ་བ་འདེབས། །དགུང་ལོ་བརྒྱད་ཅུ་གྱ་གཅིག་ལྕགས་འབྲུག་ལོ། །དཔྱིད་ཐའི་ཚེས་པ་བཅོ་ལྔའི་ནངས་བར་ལ། །རྩྭ་མཆོག་གྲོང་དུ་རྡོ་རྗེའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་གསོལ་བ་འདེབས། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བཅུ་གཉིས་དང་མཐུན་པའི་རྣམ་ཐར་གསོལ་འདེབས་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་རང་གཞན་ཡོངས་ལ་ཕན་ཕྱིར་སྟོན་པའི་རྗེས་འཇུག་༧རྣལ་འབྱོར་ཞབས་དཀར་པས་སྦྱར་བའོ། །སརྦ་མངྒ་ལཾ།།

བོད་ཀྱི་རྒྱལ་པོ་པཎྜི་ཏ་གྲུབ་ཆེན་རག་རིམ་ཙམ་ཞིག་མགོ་སྨོས་ནས་བོད་དུ་སྔོན་བྱོན་དམ་པ་རྣམས་ལ་གསོལ།

p. 6
p. 7

༄༅། །བོད་ཀྱི་རྒྱལ་པོ་པཎྜི་ཏ་གྲུབ་ཆེན་རག་རིམ་ཙམ་ཞིག་མགོ་སྨོས་ནས་བོད་དུ་སྔོན་བྱོན་དམ་པ་རྣམས་ལ་གསོལ་འདེབས་བཞུགས་སོ།

p. 8

༄༅། །བོད་དུ་སྔོན་བྱོན་ཆོས་རྒྱལ་དང་། །པཎ་གྲུབ་རང་གི་བླ་མ་རྣམས། །གར་བཞུགས་ཞིང་ཁམས་སོ་སོ་ནས། །རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་བྱོན། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགའ་རྐྱེན་བར་ཆད་སེལ་བ་དང་། །མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར། །བདག་གི་མདུན་གྱི་ནམ་མཁའ་རུ། །ངོ་མཚར་འཇའ་གུར་ཕུབ་པའི་དབུས། །པདྨ་ཉི་ཟླའི་གདན་སྟེང་དུ། །ཞལ་རྣམས་རང་ལ་ཚུར་ཕྱོགས་ཏེ། །སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས། །རང་ལུས་བྱེ་བ་གྲངས་མེད་

p. 9

སྤྲུལ། །ངག་གིས་དེ་དག་ཡོན་ཏན་བརྗོད། །ཡིད་ཀྱིས་དད་གུས་ཤུགས་དྲག་བྱས། །ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །ལྷ་དང་མི་སོགས་འཇིག་རྟེན་གྱི། །ཁམས་དང་སངས་རྒྱས་ཞིང་ཀུན་ན། །མཆོད་པ་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བློ་ཡིས་བླངས་ནས་འབུལ། །ཚེ་རབས་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ལ། །གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །འགྲོ་བ་སོ་སོའི་བློ་ཚོད་དང་། །བསྟུན་ནས་དམ་པའི་ཆོས་

p. 10

གསུངས་ནས། །མངོན་མཐོ་ངེས་ལེགས་གོ་འཕང་ལ། །འགྲོ་རྣམས་འགོད་ལ་རྗེས་ཡི་རང་། །གདུལ་བྱ་སོ་སོ་རང་རང་ལ། །དབུ་རྫོགས་ཕྱག་ཆེན་ཞི་བྱེད་གཅོད། །ལ་སོགས་ཆོས་ཀྱི་འཁོར་ལོ་ནི། །རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །མ་གྱུར་འགྲོ་ཀུན་དོན་མཛད་ཕྱིར། །བསྐལ་པ་བརྒྱ་ཕྲག་མང་པོའི་བར། །མྱ་ངན་མི་འདའ་བཞུགས་དགོས་ཞེས། །ཐལ་མོ་སྦྱར་ནས་གསོལ་བ་འདེབས། །བདག་གིས་ཅི་བསགས་དགེ་ཚོགས་རྣམས། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་གནས་སྐབས་བདེ་སྐྱིད་ཅིང་། །མཐར་ཐུག་སངས་རྒྱས་ཐོབ་ཕྱིར་བསྔོ། །ཀུན་ཏུ་བཟང་པོའི་སྤྲུལ་པ་དངོས། །དམ་པའི་ཆོས་ཀྱི་དབུ་རྙེད་པའི། །ལྷ་ཐོ་ཐོ་རི་གཉན་བཙན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས། །དམ་པའི་ཆོས་ཀྱི་སྲོལ་བཏོད་པའི། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བཙུན་འཇམ་དབྱངས་སྤྲུལ་པ་དངོས། །དམ་ཆོས་དར་ཞིང་རྒྱས་མཛད་པའི། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་

p. 11

བྱིན་གྱིས་རློབས། །རི་བྲག་རྣམས་ལ་འཛུལ་བ་སོགས། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་པ། །སྟོན་པའི་རྗེ་འབངས་ཉེར་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནས་ཆེན་བསམ་ཡས་འཆིམས་ཕུ་རུ། །མཆོག་ཐུན་དངོས་གྲུབ་ཀུན་བརྙེས་པའི། །གྲུབ་ཆེན་ཉི་ཤུ་ཉར་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷ་ས་ཡེར་པའི་གྲུབ་ཆེན་བརྒྱ། །རྩ་བརྒྱད་ལྷོ་བྲག་མཁར་ཆུ་ཡི། །གྲུབ་ཆེན་ཉི་ཤུ་ཉེར་གཅིག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆུ་བོ་རི་ནས་གྲུབ་པ་བརྙེས། །ངོ་མཚར་རྫུ་འཕྲུལ་དཔག་མེད་བསྟན། །གྲུབ་ཆེན་སུམ་ཅུ་སོ་ལྔ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཨོ་རྒྱན་པད་འབྱུང་ཐུགས་སྤྲུལ་མཆོག །ཟབ་གཏེར་དུ་མ་སྤྱན་འདྲེན་མཛད། །གཏེར་སྟོན་བརྒྱ་རྩ་བརྒྱད་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟངས་མདོག་དཔལ་རིར་ཨོ་རྒྱན་དྲུང་། །ཉིན་རེར་ཕར་ཕེབས་ཚུར་འབྱོན་པའི། །གྲུབ་ཆེན་གཡུ་ཐོག་ཞེས་བྱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལུག་གུ་གྲོང་འཇུག་མཛད་དང་སྐུ། །ལྷ་སྐུ་དུ་མར་

p. 12

སྤྲུལ་ནས་བསྟན། །སྒྲ་བསྒྱུར་མར་བ་ལོ་ཙཱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཇིགས་བྱེད་བསྐྱེད་རིམ་མཐའ་རུ་ཕྱིན། །གདུག་ཅན་དགྲ་བགེགས་དངོས་སུ་སྒྲོལ། །གྲུབ་ཆེན་རྭ་ལོ་ཞེས་བྱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་ལ་བྱ་ལྟར་འཕུར་བ་དང་། །རྡོ་ལ་ཞོན་ནས་རྟ་ལྟར་རྒྱུག །གྲུབ་ཆེན་མི་ལ་རས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞལ་ཆེམས་མགུར་དབྱངས་ལེན་བཞིན་དུ། །ཞིང་ཁམས་གཞན་དུ་གཤེགས་མཛད་པའི། །མ་གཅིག་ལབ་ཀྱི་སྒྲོལ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྟ་མཆོག་ཁ་འབབ་ཆུ་ཆེན་ལ། །རས་གོས་རྐྱང་གཅིག་གྲུ་བཏང་བརྒལ། །རས་ཆུང་རྡོ་རྗེ་གྲགས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞལ་གདམས་གསུང་འཕྲོར་སྤྱི་བོའི་འོད། །ཕུབ་ཙམ་མཁའ་ལ་སོང་ནས་གཤེགས། །གྲུབ་ཆེན་མེ་ལོང་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉིན་རེར་རླུང་གི་འགྲོ་འོང་རེས། །ཆོག་ཅིང་རླུང་རྣམས་ལག་སོར་འགྲེམས། །མཉམ་མེད་དྭགས་པོ་ལྷ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་

p. 13

རློབས། །ལྗགས་ལ་པདྨ་སྐྱེས་པའི་སྟེང་། །ཇོ་བོ་སྤྱན་དྲངས་བཞུགས་སུ་བཅུག །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནམ་མཚོ་ཕྱུགས་མོའི་སེ་མོ་དོར། །ལོ་བརྒྱད་བཞུགས་འཕྲོར་མཁའ་སྤྱོད་གཤེགས། །རས་ཆུང་མ་ཞེས་བྱ་བ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འོ་ཡུག་ཕྱི་གོང་ཐད་ཀྱི་མཁར། །འོད་དང་སྒྲ་དང་བཅས་ཏེ་གཤེགས། །ལྕེ་བཙུན་སེང་གེ་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྒྲུབ་ཕུག་བྲག་རྣམས་ཟང་ཐལ་ཕུག །སྐུ་ཚེ་དེ་ལ་མཁའ་སྤྱོད་བྱོན། །ཞི་བ་འོད་ཅེས་བྱ་བ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྐུ་ལུས་འདི་ཉིད་མ་སྤངས་པར། །རོལ་མོའི་སྒྲ་བཅས་མཁའ་སྤྱོད་གཤེགས། །དཔའ་དར་འབུམ་ཞེས་བྱ་བ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནམ་མཁའི་སྤྲིན་གསེབ་ཞག་བདུན་བཞུགས། །ཡི་དམ་ལྷ་ཚོགས་མང་པོ་གཟིགས། །གྲུབ་ཐོབ་སངས་རྒྱས་བསྒོམ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚོགས་འཁོར་བསྐོར་འཕྲོར་

p. 14

མཁའ་ལ་འཕུར། །ཌཱ་མ་རུ་དཀྲོལ་མཁའ་སྤྱོད་གཤེགས། །གྲུབ་ཐོབ་མཁའ་འགྲོ་བཙུན་ཆུང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རླུང་བཟུང་དུས་སུ་དབུ་མར་ཆུད། །ཞག་གསུམ་འོད་གསལ་ངང་ལ་ལུས། །རྒྱལ་བ་ལོ་རས་ཞེས་བྱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕུག་རོན་ཞིག་ལ་གྲོང་འཇུག་མཛད། །ཚེ་མཐར་ཕུང་པོ་ལྷག་མེད་ཡལ། །རྒྱལ་བ་ཁྱུང་ཚངས་ཞེས་བྱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟག་སོགས་གཅན་གཟན་བསྐོར་བ་བྱེད། །མཁའ་འགྲོས་བདུད་རྩི་འདྲེན་མཛད་པའི། །ཆོས་ཀྱི་གྲགས་པ་ཞེས་བྱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །པད་སྤུངས་བར་སྣང་ཁམས་ལ་བཞག །ཡང་དག་ཀུན་རྫོབ་ཡིན་ནོ་གསུངས། །སྤྱན་མངའ་པ་ཞེས་བྱ་བ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྡིག་རྒྱལ་གླང་དར་ལྕགས་མདས་བསད། །སྐུ་ཚེའི་མཐའ་ལ་འཇའ་ལུས་བརྙེས། །གྲུབ་ཐོབ་ལྷ་ལུང་དཔལ་རྡོར་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆ་ལུགས་དག་ལ་ངེས་པ་མེད། །ངོ་མཚར་གསུང་བྱོན་གདུལ་བྱ་འདུལ། །གྲུབ་

p. 15

ཐོབ་འབྲུག་པ་ཀུན་ལེགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དབྱངས་ཅན་མ་ཡིས་ཕྱག་ཏུ་བསྣམས། །རི་རབ་གླིང་བཞི་གླིང་ཕྲན་བསྟན། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གསང་བའི་བདག་པོའི་ཞལ་གཟིགས་ནས། །ཟབ་མོའི་གདམས་པ་མང་པོ་ཞུས། །གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁྱེན་རབ་རྗེ་བཙུན་འཇམ་པའི་དབྱངས། །མངོན་སུམ་ཞལ་གཟིགས་གསུང་གླེང་མཛད། །རྒྱལ་བ་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གུ་རུ་ཧཱུཾ་མཛད་གླན་སྒོམ་དང་། །རོང་ཆུང་སངས་རྒྱས་དཀོན་མཆོག་མཁར། །ལ་སོགས་མཁའ་སྤྱོད་བྱོན་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀ་ཐོག་གྲྭ་བ་སྟོང་ཚོ་གཅིག །ལྔ་བརྒྱས་སྐྲ་སེན་ལྷག་མར་བཞག །འཇའ་ལུས་འོད་སྐུར་གྲོལ་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉི་ཟླས་གླིང་བཞིའི་མུན་སེལ་བཞིན། །བོད་ཁམས་བདེ་སྐྱིད་ལ་འགོད་པའི། །རྒྱལ་བ་པཎ་ཆེན་རྣམ་གཉིས་

p. 16

ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤེས་བྱ་ཀུན་མཁྱེན་ལེགས་བཤད་བརྩམས། །གངས་ཅན་མཁས་པ་ཐམས་ཅད་ཀྱི། །གཙུག་རྒྱན་ས་སྐྱ་པཎྜི་ཏ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཟག་མེད་འཇའ་ལུས་འོད་སྐུར་གྱུར། །ཀ་བ་རྡོ་རྗེ་ལ་སོགས་པའི། །རེབ་ཀོང་གྲུབ་ཆེན་བརྒྱད་རྣམས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རེབ་ཀོང་མུན་པའི་གླིང་ལྟ་བུར། །དམ་ཆོས་སྒྲོན་མེ་སྦར་མཛད་པའི། །རྗེ་བཙུན་སྐལ་ལྡན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གཞན་ཡང་སྔོན་ཆད་བོད་ཡུལ་དུ། །མཁའ་ལ་སྐར་ཚོགས་བཀྲ་བ་བཞིན། །མཁས་གྲུབ་དཔག་མེད་བྱོན་ཚད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྔོན་གྱི་ཆོས་རྒྱལ་པཎ་གྲུབ་རྣམས། །ད་ལྟ་བདག་ངོར་བཤེས་གཉེན་ཚུལ། །འཛིན་པའི་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་པ་ཅན་ཁྱེད་རྣམས། །འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས། །བོད་ཁམས་སེམས་ཅན་ཡུན་རིང་སྐྱོངས། །འདིར་འདུས་བདག་ཅག་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །

p. 17

འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ། །མི་འཛད་གཏེར་གྱི་དངོས་གྲུབ་སྩོལ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་སྩོལ། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཀུན་བཟང་མཆོག་གི་དངོས་གྲུབ་སྩོལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །ཚོགས་ཞིང་རྣམས་ཀྱི་ཐུགས་ཀ་ནས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །ཕྱི་སྣོད་ནང་བཅུད་རྣམས་ལ་ཕོག །སྣོད་དང་བཅུད་ཀྱི་མ་དག་སྦྱངས། །སྣོད་རྣམས་དག་ཞིང་གཞལ་ཡས་ཁང་། །བཅུད་རྣམས་ལྷ་དང་ལྷ་མོར་གྱུར། །དེ་ནས་ཟས་གོས་ལོངས་སྤྱོད་ཆར། །ཕབས་ནས་གནས་སྐབས་སེམས་ཅན་ལ། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམ། །རྫོགས་ལྡན་དུས་བཞིན་སྐྱིད་པ་དང་། །མཐར་ཐུག་འཚང་རྒྱ་ནུས་པ་ཡི། །སྐལ་བ་ཅན་དུ་ཐམས་ཅད་བྱས། །ཚོགས་ཞིང་ཐམས་ཅད་འོད་དུ་ཞུ། །དྲིན་ཅན་རྩ་བའི་བླ་མར་ཐིམ། །རྩ་བའི་བླ་མ་དགྱེས་བཞིན་དུ། །སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ། །རང་སྙིང་པདྨ་འདབ་བརྒྱད་དུ། །གྱུར་པའི་སྟེང་དུ་ཟླ་གདན་

p. 18

ལ། །གཟི་བརྗིད་འོད་ཟེར་འབར་བཞིན་དུ། །རང་ཉིད་སངས་རྒྱས་མ་ཐོབ་བར། །འབྲལ་བ་མེད་པར་རྟག་བཞུགས་ནས། །རང་དོན་མ་ལུས་མཐར་ཕྱིན་ཅིང་། །གཞན་གྱི་དོན་ཡང་རྒྱ་ཆེན་པོ། །འབྱུང་བར་བྱིན་གྱིས་བརླབ་པར་གྱུར། །ཞེས་བོད་ཀྱི་རྒྱལ་པོ་པཎྜི་ཏ་གྲུབ་ཆེན་རག་རིམ་ཙམ་ཞིག་མགོ་སྨོས་ནས་བོད་དུ་སྔོན་བྱོན་དམ་པ་རྣམས་ལ་གསོལ་བ་འདེབས་ཚུལ་འདི་ཡང་༧ཚོགས་དྲུག་རང་གྲོལ་གྱིས་སྣོད་ལྡན་སློབ་བུ་བློ་བཟང་རིན་ཆེན་དང་བློ་བཟང་ནོར་འཕེལ་གཉིས་ལ་སྨྲས་པའོ།། །།

བླ་མའི་གསོལ་འདེབས་བྱིན་རླབས་གཏེར་མཛོད།

p. 19

༄༅། །བླ་མའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་བཞུགས་སོ།།

p. 20

བད༷ག་ལ་སངས་རྒྱས་ལས་ཀྱང་དྲིན་ཆེ་བའི། །བད༷ག་གི་མཚན་ལྡན་བླ་མ་གར་བཞུགས་ཀྱང་། །བད༷ག་བློ་དད་པས་ལྷང་ལྷང་གསོལ་བ་འདེབས། །བད༷ག་མདུན་ནམ་མཁར་བྱོན་ལ་དགྱེས་བཞིན་བཞུགས། །ཚེ༷་སྔོན་ཚོགས་བསགས་མང་པོ་བྱས་པའི་མཐུས། །ཚེ༷་འདིར་དྲུག་ལྡན་ལུས་ཐོབ་གཞོན་ནུའི་དུས། །ཚེ༷་འདིའི་ཆོས་བརྒྱད་འཆིང་བ་རུང་གིས་གྲོལ༷། །ཚེ༷་དང་སྒྲུབ་པ་སྙོམས་ལ་གསོལ་བ་འདེབས། །ཨེ་མ་མགོན་ཁྱོད་སྔོན་སྦྱངས་བག་ཆགས་བཟ༷ང་། །བཟ༷ང་པོའི་ཆོས་

p. 21

མཛད་རྣམས་ལ་ཆུང་ནས་ད༷ད། །ད༷ད་གུས་བཟང་པོས་མཚན་ལྡན་བླ་མ་ཡ༷ང་། །ཡ༷ང་དག་ཚུལ་བཞིན་བསྟེན་ལ་གསོལ་བ་འདེབས། །སྐྱོན་མེ༷ད་དལ་འབྱོར་རྙེད་དཀའ་དོན་ཆེ་དང་། །ལོང་མེ༷ད་མྱུར་དུ་འཆི་བའི་ཚུལ་རྟོགས་ནས། །དོན་མེ༷ད་ཚེ་འདིའི་བདེ་ལ་མ་ཆགས་པར། །སྐྱིད་མེ༷ད་ཕ་ཡུལ་སྤངས་ལ་གསོལ་བ་འདེབས། །འཇི༷གས་རུང་ངན་སོང་གསུམ་ལ་རབ་འཇིགས་ནས། །འཇི༷གས་པ་དེ་ལས་སྐྱོབ་མཁན་དཀོན་མཆོག་བསྟེན། །འཇི༷ག་རྟེན་འདི་རུ་སྡིག་སྤོང་དགེ་བ་

p. 22

སྒྲུབ། །འཇི༷གས་མེད་དཔའ་གདེངས་རྙེད་ལ་གསོལ་བ་འདེབས། །སྲི༷ད་རྩེ་ནས་བཟུང་མནར་མེད་ཡན་ཆད་ཀྱི། །སྲི༷ད་གསུམ་གནས་རྣམས་མེ་མུར་འོབས་ལྟར་མཐོང་། །སྲི༷ད་པའི་བདེ་ལ་མངོན་ཞེན་གཏིང་ནས་ལོག །སྲི༷ད་ལས་ཐར་བར་འདོད་ལ་གསོལ་བ་འདེབས། །ཐར༷་དཀའ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །ཐ༷ར་ཐབས་བསླབ་པ་གསུམ་གྱི་གྲུར་ཞུགས་ནས། །ཐ༷ར་བར་དཀའ་བ་འཁོར་བའི་རྒྱ་མཚོར་བརྒལ། །ཐ༷ར་བའི་གསེར་གླིང་སྙོགས་ལ་གསོལ་བ་འདེབས། །མ༷་རིག་ཉོན་མོངས་དབང་དུ་སོང་བ་ཡི། །མ༷་གྱུར་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས། །མ༷་རབས་སྤྱོད་སྤངས་རྒྱལ་སྲས་སྤྱོད་པ་རྣམས། །མ༷་ལུས་སྒྲུབ་པར་བརྩོན་ལ་གསོལ་བ་འདེབས། །གས༷ང་སྔགས་ཉམས་སུ་ལེན་མཁན་བླ་མ་ལ། །གས༷ང་སྔགས་དབང་བཞི་ཚད་ལྡན་སྔོན་དུ་ཞུས། །གས༷ང་སྔགས་གཞུང་བཞིན་དམ་ཚིག་ལེགས་བསྲུངས་ནས། །གས༷ང་སྔགས་བསྐྱེད་རྫོགས་བསྒོམས་ལ་གསོལ་བ་འདེབས། །ཡ༷ང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །ཡ༷ང་དང་ཡང་དུ་བསྔགས་པའི་མྱུར་ལམ་མཆོག །ཡ༷ང་གསང་རྫོགས་ཆེན་

p. 23

ཁྲེགས་ཆོད་ཐོད་རྒལ་གཉིས། །ཡ༷ང་ཡང་ཉམས་ལེན་མཛད་ལ་གསོལ་བ་འདེབས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ༷། །དུ༷་མའི་རི་ཁྲོད་དབེན་པའི་གནས་རྣམས་སུ༷། །སུ༷་དང་མ་ཕྲད་གཅིག་པུར་རྩེ་གཅིག་བསྒོ༷མ། །བསྒོ༷མ་བྱུང་ཤེས་རབ་རྡོལ་ལ་གསོལ་བ་འདེབས། །ཉམ༷ས་དགའི་རང་རིག་གསཾལ་སྟོང་ནམ་མཁའ་རུ། །ཉམ༷ས་རྟོགས་ཟླ་བ་གོང་ནས་གོང་དུ་འཕེལ། །ཉམ༷ས་གྲིབ་སྤྲིན་གྱིས་ནམ་ཡང་མ་བསྒྲིབས་པར། །ཉམ༷ས་མགུར་འོད་དཀར་འགྱེད་ལ་གསོལ་བ་འདེབས། །བསྟ༷ན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །བསྟ༷ན་འཛིན་སྐྱེས་བུ་རྣམས་ཀྱི་བྱིན་རླབས་དང་། །བསྟ༷ན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །བསྟ༷ན་པའི་དཔལ་གྱུར་བླ་མའི་ཞབས་བརྟན་ཤོག །རྒྱ༷ལ་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་ལ་སོགས། །རྒྱ༷ལ་བའི་མཛད་པ་མ་ལུས་སྒྲུབ་མཛད་པའི། །རྒྱ༷ལ་ཚབ་མཚན་ལྡན་བླ་མའི་ཕྲིན་ལས་ཀྱང་། །རྒྱ༷ལ་ཁམས་ཡོངས་ལ་རྟག་ཏུ་རྒྱས་གྱུར་ཅིག །དམ༷་གཙང་གྲོགས་དང་འགྲོག་གམ་གཅིག་པུ་རུ། །དམ༷་ཚིག་སྡོམ་པ་བསྲུང་བཞིན་བདག་ཉིད་

p. 24

ཀྱིས། །དམ༷་ཆོས་ཚུལ་བཞིན་ཉམས་སུ་ལེན་པ་ལ། །དམ༷་པ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། །ཡིད་གཉིས་ཐེ་ཚོམ་མེད་པར་ཉམས་བླངས་མཐུས། །ཚོགས་གཉི༷ས་རབ་རྫོགས་སྒྲིབ་གཉིས་མ་ལུས་བྱང་། །སྐུ་གཉི༷ས་གོ་འཕང་མྱུར་དུ་ཐོབ་གྱུར་ནས། །དོན་གཉི༷ས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་སློབ་བུ་རི་ཁྲོད་པ་བློ་བཟང་དོན་གྲུབ་ཀྱིས་བསྐུལ་ངོར། ༧ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་ནས་སྨྲས་པའོ།། །།

བླ་མའི་མཚན་དོན་དང་འབྲེལ་བའི་གསོལ་འདེབས།

p. 25

༄༅། །བླ་མའི་མཚན་དོན་དང་འབྲེལ་བའི་གསོལ་འདེབས་བཞུགས་སོ། །རིག་འཛིན་སྔགས་འཆང་ཡོངས་ཀྱི་གཙུག་གི་རྒྱན། །ལུང་རྟོགས་ཡོན་ཏན་ཚད་མེད་དཔལ་དང་ལྡན། །འགྲོ་ལ་ཆོས་དང་བཀྲ་ཤིས་ཆར་འབེབས་པའི། །རིག་འཛིན་དཔལ་ལྡན་བཀྲ་ཤིས་ལ་གསོལ་བ་འདེབས། །ནོར་བུ་བཞིན་དུ་ཡོན་ཏན་དཔལ་མངའ་ཞིང་། །གསང་ཆེན་བསྟན་པ་སྤེལ་བའི་བཀའ་དྲིན་ཅན། །རྟོགས་ལྡན་ནམ་མཁའ་བཞིན་དུ་འཇིགས་པ་མེད། །དཔལ་ཆེན་ནམ་མཁའ་འཇིགས་མེད་ལ་གསོལ་བ་འདེབས། །དམུ་རྒོད་གདུལ་དཀའི་ཡུལ་རྣམས་ཞབས་ཀྱིས་བཅག །རྣམ་དཀར་དགེ་ལ་འགོད་ཕྱིར་བསམ་བཞིན་དུ། །རྡོ་རྗེ་འཆང་དབང་མི་ཡི་གཟུགས་སུ་ཤར། །ཞབས་དཀར་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཆོས་ཀུན་གནས་ལུགས་མཐའ་བྲལ་ཆོས་ཀྱི་དབྱིངས། །ཁྱབ་བརྡལ་ཀློང་ཡངས་ནམ་མཁའ་ལྟ་བུ་ཡི། །ངང་ནས་མ་གཡོས་བཞིན་དུ་འགྲོ་དོན་མཛད། །འགྲོ་མགོན་ཁྱབ་བརྡལ་ཀློང་ཡངས་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་བསྟེན་ནས། །རྒྱུ་ཡི་ཕར་ཕྱིན་འབྲས་བུ་གསང་སྔགས་

p. 26

ཀྱི། །ལམ་ལ་རིམ་པ་བཞིན་དུ་སློབ་ནུས་ཤིང་། །བསླབ་བཞིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་མཚན་དོན་དང་འབྲེལ་བའི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་བློ་ལྡན་བུ་ཆེན་ཉང་གི་མཚམས་པས་བསྐུལ་ངོར། རྣལ་འབྱོར་གུ་ཡངས་བློ་བདེ་ཞབས་དཀར་བས་གནས་གསུམ་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་དབེན་གནས་བདེ་བ་ཅན་ནས་སྨྲས་པའོ། །སརྦ་མངྒ་ལཾ།།

གྲུབ་བའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིག་མེད་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་རིན་ཆེན་གསེར་གྱི་ཕྲེང་བ།

p. 27

༄༅། །གྲུབ་བའི་དབང་ཕྱུག་དཔལ་ཆེནནམ་མཁའ་འཇིག་མེད་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་རིན་ཆེན་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

p. 28

ཕྱོགས་བཅུ་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མཆོག །འགྲོ་བའི་མགོན་པོ་བདུད་ལས་རྣམ་རྒྱལ་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲངས་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཏེ། །སྐུ་ཚེ་སྔ་ཕྱི་བྱས་ནས་སྤྲུལ་པ་དང་། །དུས་གཅིག་མང་པོར་སྤྲུལ་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱ་གར་པཎ་ཆེེན་བཱི་མ་མི་ཏྲ་མཆོག །གྲུབ་པ་མཆོག་བརྙེས་ཛ་ལནྡྷ་ར་

p. 29

རྗེ། །གླང་ཕྲུག་གཉིས་འཛིན་ཚོང་འདུས་གྲུབ་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་མཆོག །རླུང་ལྟར་ཐོགས་མེད་རྡོ་རྗེ་བདུད་འཇོམས་རྗེ། །པདྨའི་དྲུང་དུ་མཉན་ཆེན་དཔལ་དབྱངས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་ཞབས། །མར་པའི་ཐུགས་ཀྱི་སྲས་མཆོག་མགོ་ལེགས་དང་། །མི་ལའི་མཆེད་གྲོགས་དཔའ་བོ་སྟོབས་ལྡན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་

p. 30

རློབས། །གཏེར་སྟོན་ཆེན་པོ་རིག་འཛིན་རྒོད་ལྡེམ་ཞབས། །གྲུབ་པའི་དབང་ཕྱུག་རྡོར་བྲག་རིག་འཛིན་རྗེ། །མཐུ་སྟོབས་ནུས་རྩལ་ཆེ་བའི་རྟ་ནག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙིགས་དུས་དམུ་རྒོད་སེམས་ཅན་འདུལ་བའི་ཕྱིར། །སྦས་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་མཆོག །མཚན་སྙན་དཔལ་ཆེན་ནམ་མཁའ་འཇིགས་མེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ད་ལྟའི་དུས་འདིར་སྟོད་སྨད་བར་གསུམ་གྱི། །གདུལ་བྱའི་དོན་དུ་བསམ་བཞིན་བྱོན་པ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་རྣམ་གསུམ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མ་འོངས་དུས་སུ་གདུལ་བྱའི་སྣང་ངོ་རུ། །གང་ལ་གང་འདུལ་སྤྲུལ་པའི་སྐུར་བསྟན་ནས། །བསྟན་དང་འགྲོ་དོན་མཛད་པ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །གསུང་གི་བདུད་རྩིས་བདག་རྒྱུད་སྨིན་གྲོལ་ནས། །བསྟན་འགྲོའི་དོན་ཆེན་འགྲུབ་པར་བྱིན་གྱིས་རློབས། །རྗེ་བཙུན་

p. 31

བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །སངས་རྒྱས་བསྟན་པའི་སྒྲོན་མེས་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་གྲུབ་པའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིགས་མེད་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་གསེར་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི། ཁོང་གི་རྣམ་ཐར་གྱི་ནང་ན་སྔོན་གྱི་སྐྱེས་ཕྲེང་ཡོད་པ་ལྟར་ཚོགས་ནས་བཏོན་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས། སྔོན་སྦྱངས་ལས་ཀྱི་འཕྲོ་ཅན་སྐལ་ལྡན་སྙིང་གི་བུ་མཆོག་ཉང་གི་མཚམས་པ་དང་། ལྷ་ཁང་དབུ་མཛད་སོགས་རེབ་གོང་དད་ལྡན་སྔགས་མང་ཡོངས་ཀྱིས་བསྐུལ་ངོར། རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་ཞབས་དཀར་བ་གུ་ཡངས་ཡན་པ་བློ་བདེས་དབེན་གནས་བཀྲ་ཤིས་འཁྱིལ་པ་ནས་སྦྱར་བའོ། །སརྦ་མངྒ་ལཾ།། །།

ཞབས་དཀར་བའི་སྐྱེ་རབས་ཉུང་འདུས།

p. 32
p. 33

༄༅། །ཞབས་དཀར་བའི་སྐྱེ་རབས་ཉུང་འདུས་བཞུགས་སོ། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་སྟེ། །རྒྱལ་བའི་བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །གང་ལ་གང་འདུལ་སྐུར་བསྟན་འགྲོ་དོན་མཛད། །སངས་རྒྱས་དུས་སུ་འཕགས་པ་སྤྱན་རས་གཟིགས། །རྒྱ་གར་ཡུལ་དུ་འཇམ་དཔལ་བཤེས་གཉེན་མཆོག །བོད་ཡུལ་དབུས་སུ་དྲན་པ་ནམ་མཁར་གྱུར། །བཀའ་བརྒྱུད་བསྟན་ལ་མི་ལ་རས་པ་དངོས། །བཀའ་གདམས་དུས་སུ་རྒྱལ་སྲས་ཐོགས་མེད་དཔལ། །དགའ་ལྡན་བསྟན་ལ་བློ་གྲོས་རྒྱལ་མཚན་རྗེ། །རིས་མེད་འགྲོ་ངོར་ཐང་སྟོང་རྒྱལ་པོར་སྤྲུལ། །ད་ལྟའི་དུས་འདིར་འགྲོ་མགོན་ཞབས་དཀར་བ། །མ་འོངས་མངོན་དགའ་ལ་སོགས་རིགས་ལྔ་ཡི། །ཞིང་དུ་རིགས་ཀྱི་བདག་པོ་དེ་བདག་གི །དྲུང་དུ་སྲས་ཀྱི་ཐུ་བོ་རེ་རེར་གྱུར། །འབྲེལ་ཚད་གང་འདོད་ཞིང་དུ་འདྲེན་པར་འགྱུར། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །གང་ལ་གང་འདུལ་སྣ་ཚོགས་སྐུར་བསྟན་ནས། །བསྟན་དང་འགྲོ་དོན་མཛད་པའི་ཐུགས་རྗེ་ཅན། །སྐྱབས་མགོན་ཡིད་བཞིན་

p. 34

ནོར་བུ་ལ་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ། །བསྐལ་པ་རྒྱ་མཚོར་བཙལ་ཀྱང་རྙེད་དཀའ་ཞིང་། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་ལས། །ལྷག་པའི་བླ་མ་མཇལ་བ་སྐལ་པ་བཟང་། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །གསུང་གི་བདུད་རྩིས་བདག་རྒྱུད་སྨིན་གྲོལ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྐྱེས་ཕྲེང་གསོལ་འདེབས་ཉུང་འདུས་འདི། དད་ཅན་སློབ་མ་སྒྲོལ་མ་སྐྱིད་འཛོམས་ཀྱིས་བསྐུལ་ངོར་ཞབས་དཀར་བས་ཀུན་བཟང་ནགས་ཁྲོད་ནས་སྨྲས་སོ། བཀྲ་ཤིས་དགེའོ། མངྒ་ལཾ༎

བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད།

p. 35

༄༅ །བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད་བཞུགས་སོ།

p. 36

ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདུས་པའི་སྐུ། །བྱིན་རླབས་དངོས་གྲུབ་མ་ལུས་འབྱུང་བའི་གནས། །བསྟན་དང་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན། །སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །མགོན་ཁྱོད་ཤཱ་རིའི་བུ་ཡི་སྨོན་ལམ་བཞིན། །ཕ་མ་རིགས་བཟང་ཆོས་ལྡན་བུ་རུ་སྐྱེས། །ཆུང་ནས་ཆོས་བསླབ་བླ་མ་མང་པོ་མཇལ། །སྡིག་སྤངས་དགེ་བ་བསྒྲུབས་ལ་གསོལ་བ་འདེབས། །སྔོན་བྱུང་བདག་ཅག་སྟོན་པའི་རྣམ་ཐར་བཞིན། །འཁོར་བའི་བྱ་བ་སྙིང་པོ་མེད་

p. 37

མཐོང་ནས། །ཚེ་འདིའི་བྱ་བ་ཐམས་ཅད་བློ་ཡིས་བཏང་། །རབ་བྱུང་བསྙེན་རྫོགས་མཛད་ལ་གསོལ་བ་འདེབས། །ཕ་ཡུལ་སྤངས་ནས་ཆོས་རྒྱལ་ཞབས་པད་བསྟེན། །གསར་རྙིང་མདོ་སྔགས་ཆོས་ཀྱི་གདམས་པ་ཞུས། །བུམ་པ་གང་བྱོས་ཚུལ་དུ་གནང་བ་བྱུང་། །སྣོད་ལྡན་སློབ་མར་གྱུར་ལ་གསོལ་བ་འདེབས། །ཆོས་རྒྱལ་ངག་གི་དབང་པོས་ལུང་བསྟན་བཞིན། །རྩེ་གཞུང་རི་ཁྲོད་དབེན་པའི་དགའ་ཚལ་དུ། །གཅིག་པུར་བསྡད་ནས་རྩེ་གཅིག་ཉམས་ལེན་བྱས། །ཉམས་རྟོགས་ཡོན་

p. 38

ཏན་ཤར་ལ་གསོལ་བ་འདེབས། །སྟག་མོ་རྫོང་དང་ལྷ་གཉན་རྒོད་རྩེ་སོགས། །དབེན་པར་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །གནས་ལུགས་ངང་ལ་བཞག་ནས་མགུར་དབྱངས་བླངས། །མི་མཐུན་གཡུལ་ལས་རྒྱལ་ལ་གསོལ་བ་འདེབས། །མཚོ་སྙིང་དབེན་པར་སྤྲོས་མེད་འོད་གསལ་བསྒོམས། །སྤྱན་རས་གཟིགས་སོགས་ལྷ་ཞལ་མང་པོ་མཐོང་། །སྤྲུལ་བསྒྱུར་སྣ་ཚོགས་གོམས་པས་དག་པའི་ངོར། །མཐོང་སྣང་སྣ་ཚོགས་ཤར་ལ་གསོལ་བ་འདེབས། །རྨ་ཆེན་གངས་ནས་སྒྲུབ་པ་བྱས་པའི་ཚེ། །སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས་བྱུང་། །བསྟན་པའི་རྒྱལ་མཚན་གཏད་པའི་སྣང་བ་ཤར། །ཐུབ་པའི་རྒྱལ་ཚབ་མཛད་ལ་གསོལ་བ་འདེབས། །གངས་རིའི་ལམ་ནས་འབྲོང་གཡག་བཙན་པོ་བཏུལ། །བྲག་དཀར་སྤྲེལ་རྫོང་གནས་སུ་སྒྲུབ་པ་མཛད། །དབང་སྡུད་བཏང་བས་དམིགས་ཡུལ་དབང་དུ་འདུས། །མགུར་དབྱངས་སྣ་ཚོགས་བླངས་ལ་གསོལ་བ་འདེབས། །དབུས་གཙང་ལྷ་དང་བླ་མ་མཇལ་དུ་སོང་། །ཇོ་བོར་གསེར་ཀོང་ལ་སོགས་མཆོད་འབུལ་བྱས། །གསོལ་བ་བཏབ་པས་སྙིང་རྗེ་ཚད་མེད་

p. 39

སྐྱེས། །འགྲོ་དོན་རྟེན་འབྲེལ་འགྲིགས་ལ་གསོལ་བ་འདེབས། །ཙ་རིའི་རོང་བསྐོར་བྱས་ནས་གཅིག་ཆར་དུ། །ལོ་གཅིག་སྒྲབ་པ་བྱས་པའི་ཉམས་སྣང་ལ། །དཔའ་བོ་མཁའ་འགྲོའི་ཞལ་གཟིགས་ཚོགས་དཔོན་མཛད། །ལེགས་བཤད་མང་པོ་བརྩམས་ལ་གསོལ་བ་འདེབས། །གངས་དཀར་ཏི་སེར་ལོ་གསུམ་སྒྲུབ་པ་བྱས། །མཁའ་འགྲོས་ལུང་བསྟན་བཞིན་དུ་འགྲོ་དོན་བསྐྱངས། །དད་ཅན་སྣང་ངོར་རྡོ་ལ་ཞབས་རྗེས་སོགས། །གྲུབ་རྟགས་མང་པོ་བསྟན་ལ་གསོལ་བ་འདེབས། །བལ་ཡུལ་མཆོད་རྟེན་མཇལ་ཚེ་ལམ་བར་ནས། །ར་ལུག་རི་དྭགས་བརྒྱ་སྟོང་ཚེ་ཐར་བྱས། །སྟོད་ཀྱི་གསེར་དངུལ་དབུས་གཙང་ཞིང་དུ་བརྫངས། །གསེར་ཀོང་མང་པོ་བསྐྲུན་ལ་གསོལ་བ་འདེབས། །ལ་ཕྱིར་ལོ་གསུམ་མཚམས་བྱས་ཆོས་འཁོར་བསྐོར། །ཚེ་རིང་མཆེད་ལྔའི་ཞལ་གཟིགས་འཕྲིན་ལས་བསྒྲུབས། །བྱ་རུང་ཁ་ཤོར་ཆོས་འཁོར་གསེར་གྱིས་བསྐྲུན། །རྒྱ་ཆེན་སྨོན་ལམ་བཏབ་ལ་གསོལ་བ་འདེབས། །དབུས་གཙང་ཕྱོགས་ནས་མཆོད་སྦྱིན་མང་པོ་བཏང་། །མཆོད་རྟེན་བཀྲ་ཤིས་སྒོ་མང་ཉམས་

p. 40

གསོ་བྱས། །ཆོས་འཁོར་གདུགས་ཏོག་རིན་ཆེན་གསེར་ལས་བསྐྲུན། །བསྟན་འགྲོའི་བདེ་ཐབས་མཛད་ལ་གསོལ་བ་འདེབས། །མདོ་ཁམས་སྨད་ཀྱི་དམག་འཁྲུག་མང་པོ་བཅད། །ལྷ་ཁང་ཁོ་ན་བརྒྱ་དང་རྩ་བརྒྱད་བཞེངས། །རྒྱལ་ཁམས་ཐམས་ཅད་ཆོས་ཀྱིས་དཀར་པོར་བཏང་། །ཞབས་དཀར་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དང་པོ་བླ་མ་བསྟེན་ནས་གདམས་ངག་གསན། །བར་དུ་རི་ཁྲོད་དབེན་པར་ཉམས་ལེན་གནང་། །ཐ་མར་རྒྱལ་ཁམས་ཡོངས་ལ་འགྲོ་དོན་མཛད། །ཞབས་དཀར་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་བླ་མས་རྗེས་འཛིན་ཅིང་། །བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །བཞུགས་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཞེས་བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད་འདི་ནི། དད་ཅན་སློབ་མ་རྣམས་ཀྱིས་བསྐུལ་ངོར། ༧བླ་མ་ཞབས་དཀར་བས་དབེན་གནས་བཀྲ་ཤིས་འཁྱིལ་ནས་སྦྱར་བའོ། །སརྦ་མངྒ་ལཾ།། །།

བླ་མའི་རྣམ་ཐར་གསོལ་འདེབས་སྙིང་རྗེའི་སྒོ་འབྱེད།

p. 41

༄༅། །བླ་མའི་རྣམ་ཐར་གསོལ་འདེབས་སྙིང་རྗེའི་སྒོ་འབྱེད་བཞུགས་སོ།།

p. 42

སྟོན་པ་སངས་རྒྱས་སྤྱན་རས་གཟིགས་དབང་སོགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྙིང་རྗེ་ཀུན། །བུམ་པ་གང་བྱོའི་ཚུལ་དུ་གནང་འདྲ་བའི། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །ཆུང་ངུའི་དུས་ནས་སྙིང་རྗེའི་བག་ཆགས་སད། །རྩེ་གྲོགས་བྱིས་པ་ཆེ་ཆུང་སུ་མཐོང་ཡང་། །སྙིང་རྗེས་ལག་ན་གང་ཡོད་དགའ་བཞིན་སྟེར། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །ཆེར་སོང་ཤ་ཉེ་རབས་ཆད་རྒན་མོ་ཞིག །སྙིང་རྗེས་ཇ་མར་ཤ་སོགས་གང་མཁོ་བྱིན། །ཚུར་ལ་བུ་ལྟར་

p. 43

གཅེས་པ་སྐབས་རེར་དྲན། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །གཙང་གི་དགོན་མཐའི་རྒན་མོ་རྐང་ཞ་ཞིག །སྙིང་རྗེས་ཅོག་པུ་བྱིན་པས་མོ་རང་གིས། །བཙོངས་ནས་ཕྱེད་ཀས་མང་ཇ་བཏང་པ་ཐོས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །མཚོ་སྙིང་དབེན་པར་འགྲོ་ཁར་ཆོས་རྒྱལ་གྱིས། །དངུལ་སྲང་ཁ་ཤས་གནང་བ་མ་ཁྱེར་བར། །མཐའ་ཡི་སྤྲང་མོ་ཞིག་ལ་གནང་དུ་བཅུག །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །མཚོ་བསྐོར་བྱེད་དུས་དད་ཅན་ཡོན་བདག་གིས། །ཕུལ་

p. 44

བའི་རྟ་གཅིག་ཉམ་ཐག་སྤྲང་པོ་ལ། །སྒ་སྟན་སྲབ་བཅས་བྱིན་པས་སྤྲང་པོ་དགའ། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །རྨ་ཆེན་གངས་ལ་འགྲོ་དུས་ནད་པ་ལ། །མཛོ་སྒ་ཅོག་པུ་ཟླ་གཅིག་གྲོ་ཁ་བྱིན། །ནད་པ་དྲག་ནས་གླུ་བླངས་རང་ཡུལ་སོང་། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །ལྷ་སའི་བཤན་པས་ར་ལུག་གསོད་པ་མཐོང་། །སྙིང་རྗེ་ཆེན་པོ་སྐྱེས་ནས་ཇོ་བོ་ཡི། །མདུན་ནས་ཤ་མི་ཟ་བའི་དམ་བཅའ་མཛད། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །དྲོ་ཤོད་ལམ་ཁའི་སྤྲང་མོ་སྒྲོལ་མ་ལ། །དངུལ་སྲང་ཁ་ཤས་ཇ་མར་རྩམ་པ་བྱིན། །མོས་ཀྱང་སྒྲོལ་མ་འདོན་བཞིན་གཏམ་སྙན་བསྒྲགས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །གངས་རིར་གནས་བསྐོར་བྱེད་པའི་སྤྲང་པོ་ལ། །ལྟོ་གོས་བྱིན་པས་མང་པོས་བསྐོར་བ་བྱས། །ལོ་གསུམ་བར་ལ་སྤྲང་པོ་བརྒྱ་ཙམ་བསྐྱངས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །དྲོ་ཤོད་ཕྱོགས་ནས་རི་དྭགས་གསོད་མཁན་ལ། །དངུལ་སྲང་སྟོང་ཕྲག་ཙམ་གྱི་རྒྱུ་ནོམས་བྱིན། །རི་དྭགས་བརྒྱ་སྟོང་མང་པོའི་ཚེ་སྲོག་སྐྱབས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས།

p. 45

གཉའ་ནམ་ཚོང་འདུས་ཚོང་པའི་དམར་མཆོད་བཅད། །དངུལ་བྱིན་ར་ལུག་སྟོང་གི་ཚེ་ཐར་བཏང་། །དེ་རྣམས་འཕེལ་རྒྱས་གླིང་ལ་བཅོལ་དམ་བྱས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །ལ་ཕྱིར་སྡོད་ཚེ་ཁྱི་ར་མང་པོ་ཡི། །སྡིག་རྒྱུན་བཅད་པས་ཤ་ཁྱི་མང་པོ་ཕུལ། །ཁྱི་རྫི་བཞག་ནས་ཐམས་ཅད་སྐྱིད་དུ་བཅུག །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །བཀྲ་ཤིས་ལྷུན་པོར་འོང་དུས་གནས་བསྐོར་བ། །སྤྲང་པོ་ལྔ་བརྒྱ་ཙམ་ཞིག་སྔོན་ལ་བཏང་། །རང་ཉིད་རྗེས་ནས་འོང་ཚེ་སྐྱ་སེར་སྟོང་། །རབ་ཏུ་དགའ་ནས་ལྟད་མོ་བལྟ་རུ་བྱུང་། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །འབྲི་ཆུའི་ཁ་ནས་ཇག་པས་མགྲོན་པོ་བཅོམ། །ཤོར་མ་བདུན་ཅུ་ཙམ་ཞིག་བསྐྱངས་ནས་འོང་། །ཟི་ལིང་ཨམ་འབན་དགའ་ནས་བདག་རྐྱེན་གནང་། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །མདོ་སྨད་ཕྱོགས་ཀྱི་དམག་འཁྲུག་བྱེད་མཁན་ལ། །སྙིང་རྗེས་ཆོས་དང་གཏམ་བཤད་འགྲིགས་སུ་བཅུག །མི་རྟ་བརྒྱ་ཕྲག་མང་པོའི་ཚེ་སྲོག་སྐྱབས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །ནམ་ཚ་ངན་པའི་ལོ་

p. 46

ཞིག་ཆུ་བཟང་ནས། །རྒྱ་དངུལ་རྡོ་ཚད་དགུ་ཡིས་རྩམ་པ་ཉོས། །སྤྲང་པོ་མུ་གེས་འཆི་ཉེ་མང་པོ་གསོས། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །མདོར་ན་ཉམ་ཐག་འགྲོ་ཀུན་སྙིང་རྗེ་ནས། །ལྟོ་གོས་ཆོས་གསུམ་བྱིན་ནས་བུ་ལྟར་བསྐྱངས། །ཀུན་གྱིས་ནོར་བུ་བཞིན་དུ་མཆོད་བསྟོད་བཀུར། །བླ་མ་སྙིང་རྗེ་ཅན་ལ་གསོལ་བ་འདེབས། །མགོན་ཁྱོད་ཐུགས་ཀྱི་སྙིང་རྗེ་ཆེན་པོ་དེ། །བདག་གི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རྒྱུད་ལ་སྙིང་རྗེ་སྐྱེད་པའི་བླ་མ་དང་། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་ཤོག །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་བླ་མའི་རྣམ་ཐར་བཞིན། །སྙིང་རྗེ་ཆེན་པོའི་སྒོ་ནས་ཉམ་ཐག་ཀྱི། །འགྲོ་བ་ཡོངས་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་བླ་མའི་རྣམ་ཐར་གསོལ་འདེབས་སྙིང་རྗེའི་སྒོ་འབྱེད་འདི་ནི། དད་ཅན་སློབ་མ་མང་པོས་བསྐུལ་ངོར་༸བླ་མ་ཞབས་དཀར་བས་སྦྱར་བའོ། །འདི་ཁ་འདོན་བྱེད་མཁན་གྱི་རྒྱུང་ལ་སྙིང་རྗེ་ཆེན་པོ་སྐྱེ་བར་གྱུར་ཅིག། །།

བླ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག

p. 47

༄༅། །བླ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །འཁོར་བའི་ཕུན་ཚོགས་དུག་སྦྲུལ་ཚང་ལྟ་བུར། །མཐོང་ནས་ཚེ་འདིའི་བྱ་བ་ཐམས་ཅད་ལ། །མངོན་ཞེན་གཏིང་ནས་ལོག་པའི་བྱ་བཏང་བ། །ཚོགས་དྲུག་རང་གྲོལ་ཞབས་ལ་གསོལ་བ་འདེབས། །ཁྱོད་ཐུགས་ཤེལ་དཀར་བུམ་བཟང་ལས་ཐོན་པའི། །ཟབ་ལམ་ལེགས་བཤད་བདུད་རྩིའི་ཆུ་རྒྱུན་གྱིས། །རང་སེམས་ནོར་བུའི་ཉོན་མོངས་དྲི་མ་ཀུན། །བཀྲུས་ནས་དོན་གཉིས་དགོས་འདོད་ཀུན་འབྱུང་ཤོག །ཤེས་བྱའི་ཆོས་རྣམས་མ་ལུས་ས་ལེར་མཁྱེན། །བྱམས་དང་བརྩེ་བས་འགྲོ་ལ་ཟབ་རྒྱས་ཆོས། །སྟོན་པའི་མཚན་ལྡན་རྩ་བའི་བླ་མ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །ཚོགས་གཉིས་ལས་འཁྲུངས་མཚན་དཔེས་མཛེས་པའི་སྐུ། །ཡན་ལག་དྲུག་ཅུའི་གདངས་ལྡན་སྙན་པའི་གསུང་། །ཉོན་མོངས་རང་གྲོལ་གསལ་སྟོང་འཛིན་མེད་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །ལུས་ལ་བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །ལུས་ཀྱི་སྒྲིབ་དག་བདེ་དྲོད་འབར་བ་དང་། །ལུས་ནི་འཆི་མེད་འཇའ་ལུས་འོད་སྐུར་

p. 48

གྱུར། །ལུས་ཀྱིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །ངག་ལ་བླ་མའི་གསུང་གིས་བྱིན་གྱིས་རློབས། །ངག་གི་སྒྲིབ་དག་ནུས་པ་འབྱུང་བ་དང་། །ངག་ནི་འགག་མེད་ཚངས་པའི་དབྱངས་སུ་གྱུར། །ངག་གིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །སེམས་ལ་བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །སེམས་ཀྱི་སྒྲིབ་དག་ཉམས་རྟོགས་འཆར་བ་དང་། །སེམས་ནི་འཁྲུལ་མེད་ཆོས་ཀྱི་སྐུ་རུ་གྱུར། །སེམས་ཀྱིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །དཔལ་ལྡན་བླ་མའི་

p. 49

རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་པ་འདི་ཡང་དད་གཏོང་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་མཐོ་ལྡིང་དགེ་སློང་ངག་དབང་ཡེ་ཤེས་ཀྱིས་བསྐུལ་ངོར། ༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ། །བཀྲ་ཤིས་ཤོག །

བླ་མ་རྒྱང་འབོད།

p. 50
p. 51

༄༅། །བླ་མ་རྒྱང་འབོད་བཞུགས་སོ། །བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། རིགས་རྣམས་ཀུན་གྱི་བདག་པོ། །དཀྱིལ་འཁོར་ཀུན་གྱི་གཙོ་བོ། །བརྟན་གཡོ་ཀུན་གྱི་ཁྱབ་བདག །འཁོར་འདས་ཀུན་གྱི་དཔལ་མགོན། །དྲིན་ཅན་རྩ་བའི་བླ་མ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །མ་རིག་མུན་པས་བསྒྲིབས་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །འཆི་བ་ཡོང་སྙམ་མེད་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །ལྟོ་གོས་ཞེན་པ་ཅན་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །བློ་བསྐྱེད་ཡོང་རྒྱུ་མེད་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །སྐྱབས་མགོན་ཁྱེད་རང་མ་གཏོགས། །རེ་ས་གཞན་ན་མི་འདུག །འདི་ཕྱི་བར་དོ་གང་དུ། །ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །ཅེས་བླ་མ་རྒྱང་འབོད་འདི་ནི་དད་ཅན་སྙིང་གར་རྒྱལ་ལ་གདམས་པའོ།། །།

སྔོན་འགྲོ་ཉུང་འདུས།

p. 52
p. 53

༄༅། །སྔོན་འགྲོ་ཉུང་འདུས། ན་མོ་གུ་རུ། དལ་འབྱོར་རྙེད་དཀའ་འཆི་བ་མྱུར་དུ་འོང་། །ལས་འབྲས་འཁོར་བའི་ཉེས་དམིགས་བསམ་པར་བྱ། །ཞེས་པ་ལྟར་བསམ་ལ། དེ་ནས་ཚོགས་ཞིང་གསལ་བ་ནི། འཁོར་བ་ངན་སོང་སྡུག་བསྔལ་ལས་སྐྱོབ་པའི། །སྐྱབས་ཡུལ་ལྷ་ཚོགས་ནམ་མཁའ་གང་བར་བཞུགས་པར་བསམ། དེ་ནས་སྐྱབས་འགྲོ་ནི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་དོ། །ལན་ཅི་རིགས་བརྗོད་ལ། སྐྱབས་ཡུལ་ལྷ་ཚོགས་འོད་ཞུ་རང་ལ་ཐིམ། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །རྡོར་སེམས་བསྒོམ་བཟླས་ནི། སྤྱི་བོར་རྡོར་སེམས་སྐུ་ལས་བདུད་རྩི་བབ། །རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། ཨོཾ་བཛྲ་སཏྭ་ཞེས་ཡིག་བརྒྱ་བཟླས་ལ། རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །མཎྜལ་གྱི་ཚོགས་ཞིང་ནི། བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས་མཛད་པའི། །ཚོགས་ཞིང་ལྷ་ཚོགས་ནམ་མཁའ་གང་བར་བཞུགས། །དེ་ནས་མཎྜལ་འབུལ་བ་ནི། དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཎྜལ་འབུལ། །བཞེས་ནས་བྱིན་

p. 54

རླབས་དངོས་གྲུབ་སྩལ་དུ་གསོལ། །ཞེས་འབུལ། ཚོགས་ཞིང་ལྷ་ཚོགས་འོད་ཞུ་རང་ལ་ཐིམ། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །དེ་ནས་བླ་མའི་རྣལ་འབྱོར་ནི། སྤྱི་བོར་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བླ་མ་རྡོ་རྗེ་འཆང་དབང་བཞུགས་པར་གྱུར། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་ཅི་མང་འདོན། བླ་མས་ཏིང་ངེ་འཛིན་གྱིས་དབང་བཞི་བསྐུར། །འོད་དུ་ཞུ་ནས་རང་ལ་ཐིམ་པར་གྱུར། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདྲེས། །སེམས་ཉིད་སྟོང་གསལ་ཆོས་སྐུའི་ངང་ལ་བཞག །དེ་ནས་བསྔོ་སྨོན་ནི། འདིའི་མཚོན་དགེ་བས་ཆོས་སྐུ་མངོན་དུ་བྱས། །གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག །ཅེས་སྔོན་འགྲོ་ཉུང་འདུས་འདི་ནི་རྣལ་འབྱོར་ཞབས་དཀར་པས་སྦྱར་བའོ། །དགེའོ། བཀྲ་ཤིས།

ན་མོ་གུ་རུ་མཉྫུ་གོ་ཥ་ཡ་སོགས་ཉམས་ལེན་གྱི་ལམ་རིམ་པ།

p. 55

༄༅། །ན་མོ་གུ་རུ་མཉྫུ་གོ་ཥ་ཡ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང་། །སྤྲུལ་པའི་སྐུ་མཆོག་ཐུབ་པའི་དབང་པོ་སོགས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་སྲས་རྒྱ་བོད་མཁས་གྲུབ་ཀྱིས། །སྔོན་ཆད་མ་གསུངས་པ་ཞིག་བརྗོད་རྒྱུ་མེད། །འོན་ཀྱང་དེ་དག་རྣམས་ཀྱིས་གསུངས་པའི་དོན། །སླར་ཡང་གླུ་རུ་ལེན་གྱིས་གུས་པས་ཉོན། །དལ་འབྱོར་རྙེད་དཀའ་(དལ་འབྱོར་རྙེད་དཀའ་བསམ་པ་)འཆི་བ་མྱུར་དུ་འོང་། (འཆི་བམི་རྟག་པ་བསམ་པ།) ལས་འབྲས་མི་བསླུ་(ལས་རྒྱུ་འབྲས་བསམ་པ།) འཁོར་བར་བདེ་བ་མེད། (འཁོར་བའི་ཉེས་དམིགས་བསམ་པ།) སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། (སྐྱབས་འགྲོ།) །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་དོ། (སེམས་སྐྱེད།) །སྤྱི་བོར་རྡོར་སེམས་སྐུ་ལས་བདུད་རྩི་བབས། །རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། (རྡོར་སེམས་བསྒོམ་ཟླས།) ལུས་དང་ལོངས་སྤྱོད་དགེ་ཚོགས་ལྷ་ལ་འབུལ། །བཞེས་ནས་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། (མཎྜལ།) །སྐྱབས་གནས་ཀུན་འདུས་རྩ་

p. 56

བའི་བླ་མ་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། (བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་འདེབས་པ།) །མདུན་གྱི་ནམ་མཁར་སངས་རྒྱས་བཞུགས་པར་མོས། །དེ་ཉིད་ཡིད་ལ་ཝལ་ལེར་དྲན་པར་བྱ། (ཞི་གནས།) །སེམས་ཀྱི་རང་བཞིན་གདོད་ནས་མཁའ་ལྟར་སྟོང་། །སྟོང་གསལ་འཛིན་མེད་ངང་ལ་མཉམ་པར་འཇོག (ལྷག་མཐོང་ལ་མཉམ་པར་འཇོག་ཚུལ།) །སེམས་ཀྱི་མཁའ་ལ་ཆོས་ཀུན་འཇའ་ལྟར་སྣང་། །སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་བྱ། (རྗེས་ཐོབ་སྒྱུ་མའི་སྤྱོད་པ།) །གདོས་བཅས་ལུས་འདི་སྣང་སྟོང་ལྷ་སྐུར་བསྒོམས། །ངག་གིས་གྲགས་སྟོང་སྔགས་ཀྱི་བཟླས་པ་བྱ། (བསྐྱེད་རིམ།) །རྩ་གསུམ་འཁོར་ལོ་ཨ་ཧཾ་གསལ་བཏབ་ལ། །བུམ་ཅན་རླུང་གིས་གཏུམ་མོའི་བདེ་དྲོད་སྤོར། (རྫོགས་རིམ་གཞུང་ཤིང་གཏུམ་མོ།) །སྐབས་རེར་འདུན་པ་དྲག་པོས་ཞིང་སྦྱོང་བུ། །མཇུག་ཏུ་བསྔོ་བ་སྨོན་ལམ་རྒྱ་ཡིས་གདབ། །ཚེ་འདི་བློས་བཏང་དབེན་པར་ཉམས་བླངས་ན། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་འགྱུར། །དགེ་འདིས་སྐལ་ལྡན་སློབ་མ་ཐམས་ཅད་ཀྱིས། །ཤེས་རྒྱུད་ཆོས་ལ་བསྐུལ་བའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། ཞེས་པ་འདིའང་སྐྱབས་མགོན་ཞབས་དཀར་གྱི་གསུང་བྱིན་རླབས་ཅན་ནོ། །

སྐྱབས་སེམས་གསོལ་འདེབས་དད་པའི་འཇུག་ངོགས།

p. 57

༄༅། །སྐྱབས་སེམས་གསོལ་འདེབས་དད་པའི་འཇུག་ངོགས་བཞུགས་སོ། །སྐྱབསའགྲོ་ནི། སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེ་ཕྱིར་དམ་པའི་ལྷ་ཆོས་བསྒྲུབ་པར་བགྱི། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་བསྒྲལ་བར་སེམས་བསྐྱེད་དོ། །གསོལ་འདེབས་ནི། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་སྐྱབས་སེམས་གསོལ་འདེབས་དད་པའི་འཇུག་ངོགས་འདི་ནི་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་བློ་བཟང་དགེ་ལེགས་ཀྱིས་བསྐུལ་ངོར༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།། །།

རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན་དང་མཎྜལ་ཞིང་ཁམས་སྒོ་འབྱེད།

p. 58

རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན་བཞུགས། །སྤྱི་བོར་པད་དཀར་ཟླ་སྟེང་དུ། །བླ་མ་རྡོ་རྗེ་སེམས་དཔའ་བཞུགས། །སྐུ་ལས་བདུད་
རྩིའི་ཆུ་རྒྱུན་བབས། །རང་གི་སྡིག་སྒྲིབ་དག་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ༷ ཞེས་ཡིག་བརྒྱ་བཟླས་མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོ་རྗེ་སེམས་དཔར་གྱུར། རང་ལས་འོད་འཕྲོས་འགྲོ་ལ་ཕོག །འགྲོ་ཀུན་རྡོ་རྗེ་སེམས་དཔར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ༴ ཞེས་ཡིག་བརྒྱ་བཟླས་མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོ་རྗེ་སེམས་དཔར་གྱུར། །རང་ལས་འོད་འཕྲོས་འགྲོ་ལ་ཕོག །འགྲོ་ཀུན་རྡོ་རྗེ་སེམས་དཔར་གྱུར། །ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་སྙིང་པོ་ཅི་མང་བཟླས་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན་འདི་ནི་སློབ་བུ་མང་པོ་ལ་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།། ༈ །།མཎྜལ་ཞིང་ཁམས་སྒོ་འབྱེད་བཞུགས། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །རི་རབ་གླིང་བཞི་གླིང་ཕྲན་འབྱོར་པས་བརྒྱན། །ས་གཞིའི་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །འོག་མིན་བདེ་ཆེན་ཚངས་པ་རྔ་སྒྲའི་ཞིང་། །ཀུན་བཟང་མཆོད་སྤྲིན་འདོད་ཡོན་ལྷ་མོས་བརྒྱན། །བར་སྣང་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ཞིང་། །འོད་ལྔ་བརྡལ་པ་སྐུ་དང་ཐིག་ལེས་
བརྒྱན། །ནམ་མཁའི་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཆོས་ལོངས་སྤྲུལ་གསུམ་གྱི་མཎྜལ་ཞིང་ཁམས་སྒོ་འབྱེད་ཅེས་བྱ་བ་འདི་ནི་བཤད་སྒྲུབ་བསྟན་པ་འཛིན་པའི་སློབ་བུ་བསྟན་འཛིན་རས་པས་བསྐུལ་ངོར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།། །།

སྒྱུ་ལུས་འོད་སྐུར་གྲོལ་བའི་བླ་མའི་རྣལ་འབྱོར།

p. 59

སྒྱུ་ལུས་འོད་སྐུར་གྲོལ་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་ནས། དངོས་གཞི་ནི། རང་གནས་ཁོར་ཡུག་ས་གཞི་འདི་དག་ཀུན། །བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟར། །ཕུན་ཚོགས་ཡོན་ཏན་དུ་མས་རྣམ་པར་བརྒྱན། །མཛེས་ཤིང་ཡིད་འོང་དག་པའི་ཞིང་དུ་གྱུར། །རང་ལུས་འོད་ཞུ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པད་དཀར་ཟླ་སྟེང་དུ། །རང་ཉིད་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་དང་། །གཡོན་པས་པདྨ་དཀར་པོའི་སྡོང་བུ་བསྣམས། །དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །སྣང་སྟོང་གཟུགས་བརྙན་ལྟ་བུའི་ཐུགས་ཀ་རུ། །སྙིང་ཡང་སྦུབས་སྟོང་འོད་ཀྱི་གོང་བུར་གྱུར། །སྙིང་དབུས་འཇའ་འོད་འཁྱིལ་བའི་གུར་ཁང་ནང་། །སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ།

p. 60

རྩ་བའི་བླ་མ་རྣམ་པ་འོད་དཔག་མེད། །སྐུ་མདོག་དམར་པོ་འོད་ཟེར་འཕྲོ་བ་བཞུགས། །དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་ཁྱབ། །ཤ་རུས་གདོས་བཅས་སྣང་བ་ཀུན་དག་ནས། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུར། །གསོལ་འདེབས་ནི། སྙིང་དབུས་པདྨ་ཉི་ཟླའི་གདན་སྟེང་གི །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །ཤ་རུས་གདོས་བཅས་སྣང་བ་ཀུན་དག་ནས། །འཇའ་ལུས་འོད་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་དམིགས་པ་དང་བཅས་ཏེ་གསོལ་འདེབས་ཅི་མང་འདོན། ཡང་རླུང་བུམ་པ་ཅན་དང་སྦྲགས་པར་འདོད་ན། སྔོན་དུ་རླུང་རོ་ལན་གསུམ་བསལ་ནས་རླུང་བུམ་པ་ཅན་བཟུང་། དམིགས་པ་དང་བཅས་གསོལ་འདེབས་ཡིད་ཀྱིས་བྱ། མཐར་བསྡུ་རིམ་ནི། རང་ལུས་འོད་ཞུ་འོད་དཔག་མེད་ལ་ཐིམ། །འོད་དཔག་མེད་མགོན་མཁའ་ལ་འཇའ་ལྟར་ཡལ། །སླར་ཡང་སྟོང་པའི་ངང་ལས་སྐད་ཅིག་གིས། །རང་ལུས་འོད་དཔག་མེད་བཅས་གསལ་བར་གྱུར། །ཅེས་བསྔོ་སྨོན་གང་ཤེས་བྱའོ། །ཞེས་ཕུང་པོ་འཇའ་ལུས་འོད་སྐུར་བསྒྱུར་བའི་འོད་དཔག་མེད་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་འདི་ནི་སྐལ་ལྡན་གྱི་སློབ་མ་ཡོངས་ལ་ཕན་ཕྱིར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ།། །། །།སརྦ་མངྒ་ལཾ།། །།

གར་བཞུགས་ཞིང་ནས་བླ་མ་ཚུར་བྱོན་སོགས་བླ་མའི་རྣལ་འབྱོར།

p. 61

༄༅། །གར་བཞུགས་ཞིང་ནས་བླ་མ་ཚུར་བྱོན་རང་གི་སྙིང་གའི་པད་ཟླར་བཞུ༷གས། །བཞུ༷གས་དང་དུས་མཉམ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་མ༷། །མ༷་ཡིས་བུ་བཞིན་སྐྱོང་མཛད་ཆོས་སྐྱོང་རྣམས་བྱོན་བླ་མའི་སྐུ་ལ་ཐི༷མ། །ཐི༷མ་རྣམས་ཐམས་ཅད་བླ་མའི་སྐུ་ཡི་དབྱིངས་ན་རང་ལ་དགྱེས་བཞིན་བཞུགས། །མཛེས་སྐུ༷་སྐུ༷་གཞན་ལས་མཆོག་སུས་མཐོ༷ང་མཐོ༷ང་ཚེ་སྔོན་ལ༷ས་ལ༷ས་སྒྲིབ་འདག །གསུངས་གང༷་གང༷་གི་རྣ་བས་ཐོས་ན༷་ན༷ད་གདོན་གནོད་འཚེ༷་འཚེ༷་ལས་གྲོལ། །རབ་གས༷ལ་གས༷ལ་སྟོང་ཐུགས་ཀྱིས་གསུང་ར༷བ་ར༷བ་འབྱམས་ཞིང་ཁ༷མས་ཁ༷མས་གསུམ་མཁྱེན། །བླ་མ༷་མ༷་ལུས་འགྲོ་བའི་སྐྱབས་མགོ༷ན་མགོ༷ན་མེད་གདུངས་དབྱ༷ང༵ས་དབྱ༷ངས་ལ་གསོན། ཁྱོད༷་ནི་བླ་མ་ཁྱོད༷་ནི་ཡི་དམ་ཁྱོད༷་ནི་སངས་རྒྱས་ཆོས་ཀྱང་ཡིན། ཁྱོད༷་ནི་དགེ་འདུན་ཁྱོད༷་ནི་དཔའ་བོ་ཁྱོད༷་ནི་མཁའ་འགྲོ་མ་རྣམས་དང་། ཁྱོད༷་ནི་ཆོས་སྐྱོང་ཁྱོད༷་ནི་སྐྱབས་འདུས་ཁྱོད༷་ནི་རྒྱལ་བ་ཀུན་ལས་ལྷག །ཁྱོད༷་ནི་འགྲོ་མགོན་ཁྱོད༷་ལ་རེ་བས་ཁྱོད༷་ཀྱིས་མཆོག་ཐུན་དངོས་གྲུབ་སྩོལ། ལནགསུམ། དེ༷་ལྟར་གསོལ་བ་

p. 62

བཏབ་པས་བླ་མའི་སྐུ་ལས་བདུད་རྩི་འོད་ཟེར་འཕྲོས། །དེ༷་ཡི་ལུས་ཀུན་ཁྱབ་ནས་ནད་གདོན་སྡིག་སྒྲིབ་ཕྱི་རུ་སངས་ཀྱིས་དག །དེ༷་ནས་བླ་མའི་ཡོན་ཏན་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་རྣམ་པར་བྱུང་། །དེ༷་འདྲའི་ལུས་གང་ཡོན་ཏན་བུམ་པ་གང་བྱོས་ཚུལ་དུ་ཐོབ་པར་གྱུར། །ཨོཾ་ཨཱཿགུ་རུ་རཏྣ་སིདྡྷི་ཧཱུཾ། ཞེས་ཅི་མང་བཟླས་མཐར། སྨོན་ལམ་ནི། བླ༷་མས་ཅི་མཛད་ལེགས་པར་མཐོང་ནས་བླ༷་མར་ལོག་ལྟ་མི་སྐྱེ་ཤོག །བླ༷་མ་མཉེས་པའི་བྱ་བ་བསྒྲུབས་ནས་བླ༷་མ་མི་མཉེས་སྤོང་བར་ཤོག །བླ༷་མ་འབྲལ་བ་མེད་པར་བསྟེན་ནས་བླ༷་མས་རྟག་ཏུ་རྗེས་འཛིན་ཤོག །བླ༷་མའི་བྱིན་རླབས་སེམས་ལ་ཞུགས་ནས་བླ༷་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བལྟས་ནས་རྒྱུན་དུ་སྙིང་དབུས་བསྒོམས་ནས་གསོལ་བ་བཏབ་ཆོག་པའི་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་སྔ་མོ་ནས་སློབ་བུ་ཀུན་དགའ་རྒྱལ་མཚན་དང་། ཕྱིས་སློབ་བུ་ངག་དབང་ཆོས་འཕེལ་གྱིས་ནན་ཆེར་བསྐུལ་ངོར་༧ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། །།

གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་དང་བླ་མའི་རྣལ་འབྱོར་བཅས།

p. 63

༄༅། །གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་དང་བླ་མའི་རྣལ་འབྱོར་བཅས་བཞུགས་སོ།།

p. 64

བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། མ་རིག་མུན་སེལ་དཔལ་ལྡན་བླ་མ། །ཐར་པའི་ལམ་སྟོན་དཔལ་ལྡན་བླ་མ། །འཁོར་བའི་ཆུ་སྒྲོལ་དཔལ་ལྡན་བླ་མ། །དུག་ལྔའི་ནད་སེལ་དཔལ་ལྡན་བླ་མ། །ཡིད་བཞིན་ནོར་བུ་དཔལ་ལྡན་བླ་མ། །ཁྱོད་ལ་གསོལ་འདེབས་བྱིན་གྱིས་རློབས་ཤིག །མི་རྟག་འཆི་བ་སྙིང་ནས་དྲན་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །དགོས་མེད་བློ་སྣ་རྒྱུད་ལ་སྐྱེ་བར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །དབེན་པར་རྩེ་གཅིག་སྒྲུབ་པ་

p. 65

ནུས་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །བསྒྲུབ་ལ་བར་ཆད་གང་ཡང་མེད་པར། དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །འཁྲུལ་མེད་གནས་ལུགས་ལྟ་བ་རྟོག་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །རྐྱེན་ངན་ཐམས་ཅད་གྲོགས་སུ་འཆར་བར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །བདག་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར། །དཔལ་ལྡན་བླ་མས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བར་མྱུར་དུ་བྱིན་གྱིས་

p. 66

རློབས་ཤིག །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །གདན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག ༈ འཁོར་བའི་ཕུན་ཚོགས་དུག་སྦྲུལ་ཚང་ལྟ་བུར། །མཐོང་ནས་ཚེ་འདིའི་བྱ་བ་ཐམས་ཅད་ལ། །མངོན་ཞེན་གཏིང་ནས་ལོག་པའི་བྱ་བཏང་བ། །ཚོགས་དྲུག་རང་གྲོལ་ཞབས་ལ་གསོལ་བ་འདེབས། །དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མི་རྟག་འཆི་བ་ནམ་འོང་ཆ་མ་མཆིས། །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྒྱུ། །དགེ་སྡིག་གང་བྱས་ལས་འབྲས་བསླུ་བ་མེད། །ཐར་ལམ་ཐོབ་པར་བླ་མས་ཐུགས་རྗེས་གཟིགས། །སྐྱབས་འགྲོ་ནི། སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་དང་། །བསླུ་མེད་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་པར་བྱ། །དེའི་ཕྱིར་དམ་པའི་ལྷ་ཆོས་སྒྲུབ་པར་བགྱི། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་སྒྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། འདོད་གསོལ་ནི། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་

p. 67

ལྷ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་རྣམས། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལན་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། སྤྱི་བོར་པད་དཀར་ཟླ་སྟེང་དུ། །བླ་མ་རྡོ་རྗེ་སེམས་དཔའ་བཞུགས། །སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས། །རང་གི་སྡིག་སྒྲིབ་དག་པར་གྱུར། །ཞེས་པའི་སྔགས་ཕྲེང་ལ་དམིགས་ནས། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྲེ་ནོ་པ། ཏིཥྛ་དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་ཡིག་བརྒྱ་གང་མང་བཟླས་མཐར། རྡོར་སེམས་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོ་རྗེ་སེམས་དཔར་གྱུར། །རང་ལས་འོད་འཕྲོས་འགྲོ་ལ་ཕོག །འགྲོ་ཀུན་རྡོ་རྗེ་སེམས་དཔར་གྱུར། །ཨོཾ་བཛྲ་སཏྭ་ཧཱུཾ། གང་མང་བརྗོད། མཎྜལ་ངག་འདོན་ནི་སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་། །རི་རབ་གླིང་བཞི་གླིང་

p. 68

ཕྲན་འབྱོར་པས་བརྒྱན། །ས་གཞི་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །འོག་མིན་བདེ་ཆེན་ཚངས་པ་རྔ་སྒྲའི་ཞིང་། །ཀུན་བཟང་མཆོད་སྤྲིན་འདོད་ཡོན་ལྷ་མོས་བརྒྱན། །བར་སྣང་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ངང་། །འོད་ལྔ་བརྡལ་བ་སྐུ་དང་ཐིག་ལེས་བརྒྱན། །ནམ་མཁའི་ཁྱོན་ཀུན་གང་བའི་ཞིང་ཁམས་འབུལ། །འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་འབུལ། བླ་མའི་རྣལ་འབྱོར་ནི། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་། །གནས་ཁང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོ་ཡི། །སྤྱི་བོར་འཇའ་གུར་ཉིས་རིམ་ཕུབ་པའི་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ནི། །རང་གཞན་ཀུན་ལ་དགྱེས་པའི་སྤྱན་གྱིས་གཟིགས། །གཟི་བརྗིད་འོད་ཟེར་འཕྲོ་བཞིན་བཞུགས་པར་གྱུར། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་

p. 69

པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཡན་ལག་བདུན་པ་ནི། བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །ལུས་བརྒྱར་སྤྲུལ་ནས་ལན་བརྒྱར་གུས་ཕྱག་འཚལ། །ལྷ་རྫས་མཎྜལ་སྐུ་གསུང་ཐུགས་རྟེན་གྱི། །ཐོག་དྲངས་ལུས་དང་ལོངས་སྤྱོད་དགེ་ཚོགས་འབུལ། །སྔར་བྱས་སྡིག་པ་ཁོག་དུ་དུག་སོང་ལྟར། །ནོངས་ཞིང་འགྱོད་པས་སྤྱན་སྔར་མཐོལ་ལོ་བཤགས། །ཤུགས་དྲག་དད་པས་ལག་གཉིས་ཐལ་མོ་སྦྱར། །ཕྱི་ནང་གསང་བའི་མཛད་པར་རྗེས་ཡི་རང་། །གསེར་གྱི་འཁོར་ལོ་རྩིབ་སྟོང་གཡས་འཁྱིལ་དུང་། །ཕུལ་བས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གཡུང་དྲུང་རྡོ་རྗེས་མཚན་པའི་གདན་འབུལ་བས། །བསྐལ་ཆེན་ཁྲི་ཕྲག་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་བླ་མའི་གཞན་དོན་འགྲུབ་ཕྱིར་དང་། །རང་གཞན་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་མཐུས་བླ་མའི་སྐུ་ཚེ་མཛད་ཕྲིན་རྒྱས། །རང་གཞན་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །བསླུ་མེད་སྐྱབས་གནས་ཐམས་ཅད་འདུས་པའི་སྐུ། །དུས་གསུམ་སངས་རྒྱས་ཀུན་ལས་བཀའ་དྲིན་

p. 70

ཆེ། །འདི་ཕྱི་གཏན་གྱི་སྐྱབས་མགོན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མའི་ཐུགས་ལ་འཁྲུངས་པ་དང་། །རྒྱལ་བ་སྲས་བཅས་ཐུགས་ལ་མངའ་བ་དང་། །མདོ་རྒྱུད་མན་ངག་རྣམས་ནས་གསུངས་པ་ཀུན། །རྩོལ་མེད་རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །ཚེ་འདི་ཉིད་ལ་འཆི་མེད་གོ་འཕང་མཆོག །འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས། །སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །སེམས་ཅན་བདེ་དང་ལྡན་པར་བྱིན་གྱིས་རློབས། །སྐབས་འདིར་རང་རང་གི་བླ་མའི་གསོལ་འདེབས་ཀྱང་བྱའོ། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། །རྒྱལ་བའི་བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །གང་ལ་གང་འདུལ་སྐུར་བསྟན་འགྲོ་དོན་མཛད། །སངས་རྒྱས་དུས་སུ་འཕགས་པ་སྤྱན་རས་གཟིགས། །རྒྱ་གར་ཡུལ་དུ་འཇམ་དཔལ་བཤེས་གཉེན་མཆོག །བོད་ཡུལ་དབུས་སུ་དྲན་པ་ནམ་མཁར་གྱུར། །བཀའ་བརྒྱུད་བསྟན་ལ་མི་ལ་རས་པ་དངོས། །བཀའ་གདམས་དུས་སུ་རྒྱལ་སྲས་ཐོགས་མེད་དཔལ། །དགའ་ལྡན་བསྟན་ལ་བློ་གྲོས་རྒྱལ་མཚན་

p. 71

རྗེ། །རིས་མེད་འགྲོ་ངོར་ཐང་སྟོང་རྒྱལ་པོར་སྤྲུལ། །ད་ལྟའི་དུས་འདིར་འགྲོ་མགོན་ཞབས་དཀར་བ། །མ་འོང་མངོན་དགའ་ལ་སོགས་རིགས་ལྔ་ཡི། །ཞིང་དུ་རིགས་ཀྱི་བདག་པོ་དེ་དག་གི །དྲུང་དུ་སྲས་ཀྱི་ཐུ་བོ་རེ་རེར་གྱུར། །འབྲེལ་ཐོགས་གང་འདོད་ཞིང་དུ་འདྲེན་པར་གྱུར། །འདས་དང་མ་འོངས་ད་ལྟ་དུས་གསུམ་དུ། །གང་ལ་གང་འདུལ་སྣ་ཚོགས་སྐུར་བསྟན་ནས། །བསྟན་དང་འགྲོ་དོན་མཛད་པའི་ཐུགས་རྗེ་ཅན། །སྐབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ། །བསྐལ་པ་རྒྱ་མཚོར་བཙལ་ཀྱང་རྙེད་དཀའ་ཞིང་། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་ལས། །ལྷག་པའི་བླ་མ་མཇལ་བ་བསྐལ་པ་བཟང་། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །མགོན་པོ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་། །གསུང་གི་བདུད་རྩིས་བདག་རྒྱུད་སྨིན་གྲོལ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག ༈ །རྒྱ་གར་འཕགས་པའི་ཡུལ་ནས་བོད་ཡུལ་འདིར། །ཡོངས་སུ་གྲགས་པའི་དབུ་རྫོགས་ཕྱག་གསུམ་སོགས། །ཟབ་

p. 72

རྒྱས་ཆོས་ཀྱི་ཆར་པ་འབེབས་མཁས་པའི། །ཞབས་དཀར་རྡོ་རྗེ་འཆང་ལ་གསོལ་འདེབས། །ཁྱོད་ཐུགས་ཤེལ་དཀར་བུམ་བཟང་ལས་ཐོན་པའི། །ཟབ་ལམ་ལེགས་བཤད་བདུད་རྩིའི་ཆུ་རྒྱུན་གྱིས། །རང་སེམས་ནོར་བུའི་ཉོན་མོངས་དྲི་མ་ཀུན། །བཀྲུས་ནས་དོན་གཉིས་དགོས་འདོད་ཀུན་འབྱུང་ཤོག །ཤེས་བྱའི་ཆོས་རྣམས་མ་ལུས་ས་ལེར་མཁྱེན། །བྱམས་དང་བརྩེ་བས་འགྲོ་ལ་ཟབ་རྒྱས་ཆོས། །སྟོན་པའི་མཚན་ལྡན་རྩ་བའི་བླ་མ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་ཤོག །ཚོགས་གཉིས་ལས་འཁྲུངས་མཚན་དཔེས་མཛེས་པའི་སྐུ། །ཡན་ལག་དྲུག་ཅུའི་གདངས་ལྡན་སྙན་པའི་གསུང་། །ཉོན་མོངས་རང་གྲོལ་གསལ་སྟོང་འཛིན་མེད་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །ལུས་ལ་བླ་མའི་སྐུ་ཡིས་བྱིན་གྱིས་རློབས། །ལུས་ཀྱི་སྒྲིབ་དག་བདེ་དྲོད་འབར་བ་དང་། །ལུས་ནི་འཆི་མེད་འཇའ་ལུས་འོད་སྐུར་གྱུར། །ལུས་ཀྱིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །ངག་ལ་བླ་མའི་གསུང་གིས་བྱིན་གྱིས་རློབས། །ངག་གི་སྒྲིབ་དག་ནུས་པ་འབྱུང་བ་དང་། །ངག་ནི་འགག་མེད་ཚངས་

p. 73

པའི་དབྱངས་སུ་གྱུར། །ངག་གིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །སེམས་ལ་བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །སེམས་ཀྱི་སྒྲིབ་དག་ཉམས་རྟོགས་འཆར་བ་དང་། །སེམས་ནི་འཁྲུལ་མེད་ཆོས་ཀྱི་སྐུ་རུ་གྱུར། །སེམས་ཀྱིས་གཞན་ལ་ཕན་ཐོགས་འབྱུང་བར་ཤོག །སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྟོན་པ་བླ་ན་མེད་པའི་བསྟན་པ་ལ། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །བླ་མའི་སྐུ་ལས་འོད་འཕྲོས་རང་ལ་ཕོག །མུན་པའི་གླིང་དུ་ཉི་འོད་ཕོག་པ་བཞིན། །ནད་གདོན་སྡིག་སྒྲིབ་ཕྱི་རུ་སངས་ཀྱིས་དག །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་

p. 74

གྱུར། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་བྱས། །བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་གྱུར། །ཨོཾ་ཨཱཿཧཱུྃ་གུ་རུ་རཏྣ་སརྦ་སིདྡྷི་ཧཱུྃ། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ག་ན་ཥ་ཊ་སྭ་མུགྷ་ཏི་སརྦ་སིདྡྷི་ཧཱུྃ་ཧཱུྃ། གང་མང་བཟླས་མཐར་དབང་བཞི་ལེན་པ་ནི། བླ་མའི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །ཕྱི་སྣོད་དག་ཞིང་ནང་བཅུད་ལྷ་རུ་གྱུར། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུཾ་སྔོན་ལས། །འོད་ཟེར་དུང་དང་བྱི་རུ་བཻཌཱུརྱའི། །མདོག་འདྲ་རིམ་པ་བཞིན་དུ་གཅིག་ཆར་བྱུང་། །རང་གི་གནས་གསུམ་རིམ་དང་གཅིག་ཆར་དུ། །ཐིམ་པས་སྒྲིབ་བཞི་དག་ནས་དབང་བཞི་ཐོབ། །སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བར་མཛོད། །བླ་མ་རང་གི་ཚང་བུག་རྒྱ་མཐོང་ཁ། །ཕྱེ་བ་ལྟ་བུའི་ནང་ནས་མར་ལ་བྱོན། །སྙིང་དབུས་འདབ་སྟོང་གེ་སར་བཞད་པའི་རྩེར། །སྐུ་ལས་གཟི་བརྗིད་འོད་ཟེར་འབར་བཞིན་དུ། །ཡེ་ཤེས་སེམས་དཔའི་ཚུལ་དུ་འབྲལ་མེད་བཞུགས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པད་ཟླའི་གདན་བཞུགས་ལ། །

p. 75

བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །དེ་ལྟར་གསོལ་བ་བཏབ་པས་བླ་མ་ཡི། །སྐུ་ལས་འོད་ཟེར་ལུས་གང་ཕྱིར་ཡང་འཕྲོས། །ཤ་རུས་གདོས་བཅས་སྣང་བ་ཀུན་དག་ནས། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུར། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་དང་། །མཐར་ཐུག་ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་མ་ཐོབ་པའི་ཚེ་རབས་ཀུན་ཏུ་ཡང་། །མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །སྨིན་གྲོལ་གདམས་པའི་བདུད་རྩིར་ལོངས་སྤྱོད་ནས། །རྒྱལ་བསྟན་དར་ཞིང་སྐྱེ་རྒུ་བདེ་ཕྱིར་བསྔོ། ༈ །ཕྱོགས་བཅུ་ཡི་ཞིང་གི་སངས་རྒྱས་རྣམས། །ཕྱོགས་གང་དུ་འགྲོ་ཡང་ཐུགས་རྗེས་གཟིགས། །ཕྱོགས་ཕྱོགས་ན་གནས་པའི་དཔོན་

p. 76

སློབ་རྣམས། །ཕྱོགས་གཅིག་ཏུ་འདུ་བར་བྱིན་གྱིས་རློབས། །ཚེ་ལྷ་མཆོག་མགོན་པོ་ཚེ་དཔག་མེད། །ཚེ་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ། །ཚེ་ཡུན་ཐུང་ནམ་འཆི་ཆ་མེད་ཀྱང་། །ཚེ་རིང་པོར་ཡོང་བའི་སྨོན་ལམ་འདེབས། །དུས་གསུམ་དུ་བསགས་པའི་དགེ་བའི་མཐུས། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །དུས་ཡང་ཡང་མཇལ་ཞིང་མཐར་ཐུག་ཏུ། །དུས་ནམ་ཡང་འབྲལ་མེད་འགྲོགས་པར་ཤོག །ཅེས་པ་འདི་ནི་རྣལ་འབྱོར་ཞབས་དཀར་བས་ཧོར་གྱི་མཚམས་པ་ཀུན་དགའ་ལ་འབྲོང་ལུང་ནས་གདམས་པའོ། །འདིས་ཀྱང་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །དགེའོ། དགེའོ། དགེའོ།། །།

རྗེ་བཙུན་འཇམ་དབྱངས་དམར་སེར་ལ་བསྟེན་པའི་བླ་མའི་རྣལ་འབྱོར།

p. 77

༄༅། །རྗེ་བཙུན་འཇམ་དབྱངས་དམར་སེར་ལ་བསྟེན་པའི་བླ་མའི་རྣལ་འབྱོར་བཞུགས་སོ།

p. 78

ན་མོ་གུ་རུ། འཇམ་དབྱངས་དམར་སེར་ལ་བསྟེན་པའི་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ནས་དངོས་གཞི་ནི། རང་གནས་ས་ཕྱོགས་འཇམ་དབྱངས་ཞིང་ཁམས་སུ། །གསལ་བའི་མདུན་གྱི་ནམ་མཁར་འཇའ་འོད་ཀློང་། །སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ནི། །རྣམ་པ་མཁྱེན་རབ་རྗེ་བཙུན་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་

p. 79

འཕྱར། །ཕྱག་གཡོན་པད་དཀར་ཡུ་བ་ཐུགས་ཀར་འཛིན། །སྙན་གྱི་ཐད་ཀར་འདབ་མ་ཁ་ཕྱེ་བའི། ཟེའུ་འབྲུའི་སྟེང་དུ་ཤེར་ཕྱིན་གླེགས་བམ་བསྣམས། །རིང་འཇམ་གནག་སྣུམ་རལ་པའི་ཐོར་ཅོག་བཅིངས། །ཟུར་ཕུད་ལྔ་ལྡན་རིན་ཆེན་རྩེ་ཕྲན་མཛེས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་ཅན། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །འཛུམ་ཞིང་ཞི་བ་སྒེག་པའི་ཉམས་དང་ལྡན། །གནས་གསུམ་ཡི་གེ་གསུམ་མཚན་ཧཱུཾ་ཡིག་ལས། །འོད་

p. 80

འཕྲོས་རང་བཞིན་གནས་ནས་འཇམ་དབྱངས་དང་། །སངས་རྒྱས་བྱང་སེམས་འཁོར་བཅས་སྤྱན་དྲངས་ཐིམ། །རྒྱལ་ཀུན་འདུས་པའི་བདག་ཉིད་ཅན་དུ་གྱུར། །མཁྱེན་རབ་བདག་པོ་རྗེ་བཙུན་འཇམ་དབྱངས་ཀྱིས། །རང་གཞན་ཡོངས་ལ་དགྱེས་པའི་སྤྱན་གྱིས་གཟིགས། །བརྩེ་བའི་ཐུགས་གཏད་འཛུམ་པའི་ཞལ་བསྟན་ནས། །རིགས་ཀྱི་བུ་ཁྱོད་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་མགོན་སྐྱབས་ང་ཡིས་བྱེད། །འཁོར་བ་ངན་སོང་འཇིགས་ལས་ང་ཡིས་སྒྲོལ། །གཏན་བདེ་སངས་རྒྱས་ས་ལ་ང་ཡིས་འགོད། །མཆོག་དང་ཐུན་མོང་དངོས་གྲུབ་ང་ཡིས་སྩོལ། །ཁྱད་པར་ཇི་ལྟ་ཇི་སྙེད་གནས་ལུགས་ཀུན། །ཤེས་པའི་ཤེས་རབ་ཆེ་བ་མྱུར་བ་དང་། །ཤིན་ཏུ་གསལ་བ་ཟབ་པ་ངས་སྩོལ་ཞེས། །སྙན་པའི་གསུང་དབྱངས་ལྷང་ལྷང་ཡོད་པར་གྱུར། །རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐལ་ཞིང་གསོལ་བ་འདེབས། །འདིའི་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་སྤོས་ཀྱིས༴ མཁྱེན་རབ་ཆེ་ཞིང་མྱུར་གསལ་གཏིང་ཟབ་པའི། །རྗེ་

p. 81

བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ལུགས་ཀུན། །ས་ལེར་ཤེས་པའི་ཤེས་རབ་སྩལ་དུ་གསོལ། །མཁའ་ལྟར་ཆེ་ཞིང་གློག་ལྟར་མྱུར་བ་དང་། །ཉི་ལྟར་གསལ་ཞིང་མཚོ་ལྟར་གཏིང་ཟབ་པའི། །ཤེས་རབ་རྒྱུད་ལ་སྐྱེས་ནས་བདག་གཞན་གྱི། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །རྗེ་བཙུན་འཇམ་པའི་དབྱངས་ལས་འོད་ཟེར་འཕྲོས། །རང་ལ་ཕོག་པས་མི་ཤེས་མུན་པ་སྦྱངས། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀ་ནས། །ཤེས་རབ་རལ་གྲི་སྔོ་ཞིང་དྭངས་པ་ཞིག །བྱུང་བའི་ཡུ་བ་རྗེ་བཙུན་ཐུགས་ཀར་ཟུག །རྩེ་མོ་རང་གི་སྙིང་གར་ཟུག་པ་ལ། །བརྟེན་ནས་མཁྱེན་རབ་བདུད་རྩི་དཀར་སེར་གྱི། །ཆུ་རྒྱུན་འདྲ་བའི་རྣམ་པར་རལ་གྲི་ལ། །འཁྲིལ་ནས་བྱུང་བ་རང་སེམས་དྷཱི་ཡིག་ཏུ། །གསལ་བར་ཐིམ་པས་བློ་གྲོས་རྒྱས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱི། ཞེས་པའི་སྔགས་གསོལ་བ་འདེབས་པའི་ཚུལ་དུ་མི་ཚིག་གིས་བར་མ་ཆོད་པ་བྱས་ནས་ཅི་ནུས་བཟླས་པའི་རྗེས་སུ། སླར་ཡང་འཇམ་པའི་དབྱངས་ལས་རང་འདྲ་ཞིག །

p. 82

ཆད་ནས་རང་ལ་ཐིམ་པས་རང་ཉིད་ཀྱང་། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་རུ་གྱུར། །རང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །ནམ་མཁའི་མཐའ་མཉམ་སྣོད་བཅུད་ཡོངས་ལ་ཕོག །མ་དག་ཉེས་སྐྱོན་མི་ཤེས་མུན་པ་སྦྱངས། །ཕྱི་སྣོད་ཐམས་ཅད་འཇམ་པའི་དབྱངས་ཀྱི་ཞིང་། །ནང་བཅུད་སེམས་ཅན་འཇམ་དབྱངས་སྐུ་རུ་གྱུར། ཨོཾ་ཨ་ར་པ་ཙ་ན་དྷཱི། ཅི་མང་བཟླས་པའི་མཐར། རལ་གྲི་ཚུར་བྱུང་རང་གི་སྙིང་གར་ཐིམ། །རྗེ་བཙུན་འཇམ་དབྱངས་རང་གི་ཚངས་བུག་ནས། །བྱོན་ཏེ་རང་སྙིང་པདྨ་འདབ་བརྒྱད་དུ། །གྱུར་པའི་དབུས་སུ་འབྲལ་མེད་བཞུགས་པར་གྱུར། །འདིའི་མཚོན་དགེ་ཚོགས་རྗེ་བཙུན་འཇམ་དབྱངས་ཀྱིས། །ནམ་ཡང་རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །འཇམ་པའི་དབྱངས་དང་འབྲལ་བ་མེད་པར་ཤོག །ཚེ་རབས་ཀུན་ཏུ་རྗེ་བཙུན་འཇམ་དབྱངས་ཀྱིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །ཅེས་པ་འདི་ཡང་སློབ་བུ་ཤེས་རབ་ཆུང་བ་མང་པོ་ཞིག་ལ་ཕན་ཕྱིར། ༧ བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །སརྦ་མངྒ་ལཾ།། །།

ཨོ་རྒྱན་བླ་མའི་རྣལ་འབྱོར།

p. 83

༄༅། ཨོ་རྒྱན་བླ་མའི་རྣལ་འབྱོར་བཞུགས་སོ།།

p. 84

རང་གི་སྨིན་མཚམས་ཐད་ཀྱི་ནམ་མཁའ་རུ། །འཇའ་གུར་འཁྱིལ་བའི་དབུས་སུ་པད་ཟླའི་སྟེང་། རང་གི་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་ཨོ་རྒྱན་པདྨ་འབྱུང་གནས་ཉིད། །གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་སྐྱབས་སྦྱིན་གྱི། །ཕྱག་རྒྱས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །ཕྱག་གཡོན་མཉམ་བཞག་སྟེང་ན་མཚན་ལྡན་གྱི། །ཐོད་པ་བདུད་རྩིའི་བཅུད་ཀྱིས་བཀང་བ་བསྣམས།

p. 85

ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གྲུ་མོ་གཡོན་གྱི་ནང་དུ་ཁ་ཊཾ་བསྟེན། །པདྨ་མཐོང་གྲོལ་དབུ་ལ་མཛེས་པར་གསོལ། །སྐུ་ལ་སྔགས་པའི་ཆ་ལུགས་མཐིང་ནག་གོས། །རབ་བྱུང་ཆ་ལུགས་ཚོས་གོས་དམར་པོ་དང་། །རྒྱལ་པོའི་ཆ་བྱད་ཟབ་བེར་སྨུག་ཁྲ་གསོལ། །འཁོར་དུ་བརྒྱུད་པའི་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས། །དེ་དག་གནས་གསུམ་ཡི་གེ་གསུམ་གྱིས་མཚན། །

p. 86

ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །གར་བཞུགས་ཞིང་ནས་བླ་མ་པད་འབྱུང་སོགས། །མཆོད་འོས་སྐྱབས་གྱུར་མ་ལུས་སྤྱན་དྲངས་ནས། །མདུན་གྱི་ལྷ་དང་གཉིས་སུ་མེད་པར་ཐིམ། །ཐམས་ཅད་དགྱེས་འཛུམ་འོད་ཟེར་འཕྲོ་བཞིན་བཞུགས། །བདག་ལུས་བྱེ་བ་དུང་ཕྱུར་གྲངས་མེད་སྤྲུལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །འཁོར་འདས་གཉིས་ཀྱི་མཆོད་ཚོགས་ཁྱད་པར་དུ། །བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་འབུལ། །སྔར་བྱས་སྡིག་ལྟུང་རྣམས་ལ་སྙིང་ཁོང་ནས། །གནོང་ཞིང་ཤིན་ཏུ་འགྱོད་པས་མཐོལ་ལོ་བཤགས། །རྒྱལ་བ་རྣམས་ཀྱི་ངོ་མཚར་མཛད་པ་དང་། །བདག་གཞན་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་ནི། །བདག་གཞན་འགྲོ་ལ་རྒྱུན་དུ་བསྐོར་བར་བསྐུལ། །རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང་། །བདག་ཅག་མོས་ངོར་བསྐལ་བརྒྱར་བཞུགས་གསོལ་འདེབས། །བདག་གཞན་ཀུན་གྱི་རྣམ་དཀར་དགེ་བའི་ཚོགས། །བྱང་ཆུབ་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །ཨེ་མ་ཧོ། བདེ་བ་ཅན་གྱི་ཞིང་ན་འོད་དཔག་མེད། །པོ་ཏ་ལ་ཡི་

p. 87

གནས་ན་སྤྱན་རས་གཟིགས། །ཟངས་མདོག་དཔལ་གྱི་རི་ན་པདྨ་འབྱུང་། །ད་ལྟ་གངས་ཅན་ཡུལ་ན་བླ་མ་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྲེགས་ཆོད་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཐོད་རྒལ་སྣང་བཞི་འཆར་བར་བྱིན་གྱིས་རློབས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །མགོན་ཁྱོད་སྔོན་དུས་གངས་ཅན་ཁྲོད་འདི་ནས། །ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པའི་ཉིན། །རྗེ་འབངས་རྣམས་ཀྱིས་སྨྲེ་སྔགས་བཏོན་པའི་ཚེ། །རྒྱལ་དབང་ཁྱེད་ཀྱིས་བསླུ་མེད་རྡོ་རྗེའི་གསུངས། །སྔར་འོང་ཕྱིས་མི་འོང་བའི་གུ་རུ་མིན། །དད་པ་ཅན་གྱིས་གསོལ་བ་ནམ་བཏབ་ན། །མི་རེའི་མདུན་ན་པད་འབྱུང་རེ་རེ་བཞུགས། །ཁྱད་པར་ཡར་ངོའི་ཚེས་བཅུའི་དུས་སྐབས་སུ། །མངོན་སུམ་བྱོན་ནས་རྗེས་སུ་འཛིན་ནོ་ཞེས། །འགྱུར་མེད་ཞལ་གྱིས་བཞེས་པའི་དོན་གྱི་འབྲས། །མངོན་སུམ་སྩོལ་པའི་དགའ་སྟོན་དུས་ལ་བབ། །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ། །སྐྱབས་མགོན་རེ་ས་གཞན་ན་མ་མཆིས་པས། །རྗེས་སུ་བཟུང་ནས་མཆོག་དང་ཐུན་མོང་གི །ཅི་འདོད་དངོས་

p. 88

གྲུབ་ཐམས་ཅད་བསྩལ་དུ་གསོལ། །དེ་ལྟར་སྙིང་ནས་གསོལ་བ་བཏབ་པའི་མཐུས། །གུ་རུའི་སྤྱི་བོའི་འོད་དཀར་དུང་གི་མདོག །མགྲིན་པའི་འོད་དམར་པདྨ་ར་གའི་མདོག །སྙིང་གའི་འོད་སྔོན་བཻཌཱུརྱའི་མདོག་ཅན། །འཕྲོས་ནས་རང་གི་སྤྱི་མགྲིན་སྙིང་གར་ཞུགས། །ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་ཉེས་ལྟུང་མུན་གླིང་དུ། །ཉི་མ་ཤར་བ་བཞིན་དུ་སངས་ཀྱིས་དག །དེ་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནང་། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་མང་པོ་བྱུང་། །རང་གི་སྤྱི་མགྲིན་སྙིང་གར་སིབ་སིབ་ཐིམ། །པད་འབྱུང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན། །བུམ་པ་གང་བྱོས་ཚུལ་དུ་ཐོབ་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་བརྒྱ་སྟོང་ལ་སོགས་བཏོན་པའི་མཐར། ཚོགས་ཞིང་འོད་ཞུ་པད་འབྱུང་སྐུ་ལ་ཐིམ། །པད་འབྱུང་འོད་དུ་ཞུ་ནས་རང་ལ་ཐིམ། །རང་ཉིད་འོད་ཞུ་མཁའ་ལ་འཇའ་ཡལ་ལྟར། །ཅི་ཡང་མི་དམིགས་སྟོང་པ་ཉིད་དུ་གྱུར། །སླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་བཞིན། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས། །པདྨ་འབྱུང་གནས་སྐུ་རུ་ཚུར་བཞེངས་ནས།

p. 89

སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །སྣོད་བཅུད་ལ་ཕོག་མ་དག་ཉེས་སྐྱོན་སྦྱངས། །སྣོད་བཅུད་གཞལ་ཡས་ཁང་དང་ལྷ་རུ་གྱུར། འདིའི་མཚོན་དགེ་ཚོགས་མཐུ་ཡིས་མྱུར་དུ་བདག །བླ་མ་པདྨ་འབྱུང་གནས་འགྲུབ་གྱུར་ནས། །མར་གྱུར་འགྲོ་བ་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་འདི་ནི་སློབ་བུ་བློ་བཟང་རིན་ཆེན་གྱིས་བསྐུལ་ངོར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །བཀྲ་ཤིས་ཤོག། །།སརྦ་མངྒ་ལཾ༎ ༎

མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་ཀློང་སོགས་སྐུ་གསུམ་བླ་མའི་རྣལ་འབྱོར།

p. 90
p. 91

༄༅། །མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་ཀློང་། །སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྤྲུལ་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་བཞུགས། །དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ལོངས་སྐུ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་དང་། །དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། །ཐུབ་དབང་གཡས་ཕྱོགས་པད་ཟླའི་གདན་སྟེང་དུ། །རྒྱལ་བ་གཉིས་པ་པདྨ་འབྱུང་གནས་དང་། །ཐུབ་དབང་གཡོན་ཕྱོགས་པད་ཟླའི་གདན་སྟེང་དུ། །མཁྱེན་རབ་འཇམ་པའི་དབྱངས་དངོས་བློ་བཟང་གྲགས། །ཐུབ་དབང་མདུན་དུ་པད་ཟླའི་གདན་སྟེང་དུ། །རང་གི་རྩ་བའི་བླ་མ་བཞུགས་པའི་མཐར། །ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར། །འཇའ་འོད་ཀློང་ན་ཐམས་ཅད་ཁྲ་ལམ་མེ། །མངོན་སུམ་ལྟ་བུར་བཞུགས་པའི་གནས་གསུམ་དུ། །འབྲུ་གསུམ་གྱིས་མཚན་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་ཕྱོགས་བཅུའི་ཞིང་ནས་བསྒོམས་པ་དང་། །འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་

p. 92

ཐིམ། །ཐམས་ཅད་རང་ལ་དགྱེས་པའི་སྤྱན་གྱིས་གཟིགས། །ཆོས་སྒྲ་ལྷང་ལྷང་སྒྲོག་བཞིན་བཞུགས་པར་གྱུར། །ལྷ་ཚོགས་དེ་དག་རེ་རེའི་སྐུ་མདུན་དུ། །བདག་ལུས་གྲངས་མེད་སྤྲུལ་ནས་གུས་ཕྱག་འཚལ། །འཇིག་རྟེན་ཁམས་དང་སངས་རྒྱས་ཞིང་ཁམས་སུ། །མཆོད་པ་ཅི་མཆིས་བློ་ཡིས་བླངས་ནས་འབུལ། །སྔར་བྱས་སྡིག་ལྟུང་རྣམས་ལ་དུག་ཁོང་དུ། །སོང་བ་ལྟ་བུའི་འགྱོད་པས་སྤྱན་སྔར་བཤགས། །ཕྱི་ནང་གསང་བའི་མཛད་པ་ཐམས་ཅད་ལ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱས། །བདག་གཞན་ནམ་མཁའི་མཐའ་མཉམ་སེམས་ཅན་ལ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །ཇི་སྲིད་འཁོར་བ་མ་སྟོངས་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བདག་དང་གཞན་གྱིས་དགེ་བ་ཅི་བསགས་ཀུན། །སངས་རྒྱས་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང་། །སྤྲུལ་སྐུ་ཤཀ་ཐུབ་པདྨ་འབྱུང་གནས་དང་། །འཇམ་པའི་དབྱངས་དངོས་བློ་བཟང་གྲགས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །སངས་རྒྱས་བྱང་སེམས་ཉན་ཐོས་

p. 93

རང་རྒྱལ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །དམ་ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །ངན་པའི་བློ་སྣ་འགགས་པར་བྱིན་གྱིས་རློབས། །བཟང་པོའི་བློ་སྣ་སྐྱེ་བར་བྱིན་གྱིས་རློབས། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དང་ལྡན་པར་བྱིན་གྱིས་རློབས། །ཕ་རོལ་ཕྱིན་དྲུག་རྫོགས་པར་བྱིན་གྱིས་རློབས། །བསྐྱེད་རྫོགས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྫོགས་ཆེན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཚེ་གཅིག་འཚང་རྒྱ་ནུས་པར་བྱིན་གྱིས་རློབས། །འགྲོ་དོན་རྒྱ་ཆེན་འབྱུང་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་རྣམས། །སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་འཕྲོས། །བདག་ལུས་ལ་ཕོག་སྡིག་སྒྲིབ་ཉེས་ལྟུང་སྦྱངས། །རང་ལུས་ཤེལ་གོང་བཞིན་དུ་དྭངས་ཤིང་གསལ། །ཚོགས་ཞིང་ཐམས་ཅད་འོད་ཀྱི་རྣམ་པར་ཞུ། །དབུས་ཀྱི་གཙོ་བོ་གསུམ་གྱི་ཐུགས་ཀར་ཐིམ། །གཙོ་བོ་ཐུབ་དབང་

p. 94

འོད་ཞུ་རང་ལ་ཐིམ། །རང་ཉིད་ཐུབ་པའི་དབང་པོའི་སྐུ་རུ་གྱུར། །ཀུན་བཟང་རྡོ་རྗེ་འཆང་གི་སྤྱི་བོར་ཞུགས། །ཐུགས་ཀར་ཏིང་འཛིན་སེམས་དཔའི་ཚུལ་དུ་བཞུགས། །རྡོ་རྗེ་འཆང་ཆེན་ཡབ་ཡུམ་དགྱེས་བཞིན་བྱོན། །རང་ཉིད་ཐུབ་དབང་སྐུར་གསལ་སྤྱི་བོ་ནས། །ཞུགས་ཏེ་སྙིང་གར་པདྨ་ཉི་ཟླ་ཡི། །སྟེང་དུ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས། །རང་གི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །སྣོད་བཅུད་གཉིས་ལ་ཕོག་པས་མ་དག་པ། །སྦྱངས་ནས་སྣོད་རྣམས་ཐམས་ཅད་དག་པའི་ཞིང་། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོར་གྱུར། །དེ་ནས་ཟས་གོས་ལོངས་སྤྱོད་ཆར་ཕབ་ནས། །འགྲོ་ཀུན་བཀྲེས་སྐོམ་དབུལ་འཕོངས་མ་ལུས་ཞི། །དེ་ནས་དམ་ཆོས་བསྟན་པས་ནམ་མཁའ་དང་། །མཉམ་པའི་སེམས་ཅན་སོ་སོའི་སྐད་དུ་ཐོས། །ཀུན་གྱིས་ཚིག་དོན་གནས་རྟོགས་མི་བརྗེད་པའི། །གཟུངས་དང་གཞན་ལ་སྟོན་ནུས་སྤོབ་པ་ཐོབ། །སེམས་ཅན་ཐམས་ཅད་མྱུར་དུ་སངས་རྒྱས་ཀྱི། །གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་གྱུར། །ཅེས་པ་འདི་ནི་སྐལ་ལྡན་སྙིང་གི་སློབ་བུ་སེང་བཟང་རྒྱ་མཚོས་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་བསྐུལ་ངོར་༧ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་ཁྱད་འཕགས་མཚོ་སྙིང་ནས་སྦྱར་བའོ། །བཀྲ་ཤིས།།

རྗེ་བཙུན་མི་ལ་ལ་བསྟེན་པའི་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར།

p. 95

༄༅། །རྗེ་བཙུན་མི་ལ་ལ་བསྟེན་པའི་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་བཞུགས།།

p. 96

རང་ཉིད་གནས་པའི་ས་ཕྱོགས་ཁོད་སྙོམས་དྲི་མ་དང་བྲལ་རྒྱ་ཆེ་ཞིང་། །ཡིད་དུ་འོང་བའི་དབུས་སུ་རི་བོ་རྩེ་མོ་རབ་དཀར་གངས་ཀྱིས་མཛེས། །ན་བུན་དངུལ་མདོག་རྐེད་ལ་འཁྲིལ་ཞིང་ལྗོན་ཤིང་སྣ་ཚོགས་ཕང་ཕུང་གཡོ། །དྭངས་བསིལ་རྙོག་མེད་འབབ་ཆུ་དུ་མས་སྒྲ་སྐད་སྙན་པ་སྒྲོག་ཅིང་འབབ། །རབ་མཛེས་དྲི་ཞིམ་འབྱུང་བའི་མེ་ཏོག་མཐུ་ཆེ་སྨན་གྱི་ཚོགས་རྣམས་དང་། །རོ་མངར་སིས་ཐོག་ཟ་ཚོད་ལ་སོགས་ཁ་ཟས་མང་པོས་ཁོར་ཡུག་གང་། །ཤ་བ་དགོ་བ་གནའ་བ་ལ་སོགས་རི་དྭགས་

p. 97

བག་ཕེབས་རྒྱུ་ཞིང་རྩེ། །ཁུ་བྱུག་ལ་སོགས་བྱ་རྣམས་སྙན་པའི་སྒྲ་འབྱིན་བུང་བས་གླུ་དབྱངས་ལེན། །ཤིན་ཏུ་ཉམས་དགའི་གནས་སུ་མ་བྱས་རང་བྱུང་ཡིད་འོང་བྲག་ཁུང་གི །ནང་དུ་ཁྲི་སྙན་ས་ལེའི་པགས་པ་འཇམ་མཉེན་མཛེས་པའི་གདན་སྟེང་དུ། །ངོ་བོ་བཀའ་དྲིན་འཁོར་མེད་རང་གི་རྩ་བའི་བླ་མ་ཡིན་པ་ལ། །རྣམ་པ་མི་ལ་བཞད་པའི་རྡོ་རྗེ་སྐུ་མདོག་སྔོ་བསངས་འཛུམ་ཉམས་ཅན། །ཞལ་གཅིག་ཕྱག་གཉིས་ཕྱག་གཡས་འགྲམ་པར་སྦྱར་ནས་རྡོ་རྗེའི་གླུ་དབྱངས་ལེན། །གཡོན་པས་མཚན་ལྡན་

p. 98

ཐོད་པ་བདུད་རྩིའི་བཅུད་ཀྱིས་གཏམས་པ་ལྟེ་འོག་བསྣམས། །དབུ་སྐྲ་གནག་ཅིང་སྣུམ་པའི་ལྕང་ལོ་རྒྱབ་དང་དཔུང་པ་གཡས་གཡོན་གཤམས། །སྐུ་ལ་རས་དཀར་ན་བཟའ་སྒོམ་ཐག་གསོལ་ཞིང་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །སྲས་མཆོག་ཉི་ཟླ་ལྟ་བུ་མཉམ་མེད་སྒམ་པོ་པ་དང་རས་ཆུང་སོགས། །རས་པའི་ཚོགས་དང་ཚེ་རིང་མཆེད་ལྔ་ལ་སོགས་མཁའ་འགྲོ་མང་པོས་བསྐོར། །ནམ་མཁའི་ལྷ་ཡིས་མེ་ཏོག་བདུད་རྩི་་ལ་སོགས་ཆར་འབེབས་སྒྲ་སྙན་དཀྲོལ། །སྣང་བ་ཐམས་ཅད་ཁ་དོག་མཛེས་པའི་འཇའ་དང་འོད་དུ་ཁྲ་ལམ་མེ། །བླ་མ་དེ་ཉིད་གནས་གསུམ་འབྲུ་གསུམ་གྱིས་མཚན་ཐུགས་ཀའི་ཧཱུཾ་ཡིག་ལས། །འོད་འཕྲོས་ཤར་ཕྱོགས་མངོན་དགའ་ལ་སོགས་གར་བཞུགས་ཞིང་ནས་བསྒོམ་པ་དང་། །འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས་མདུན་བསྐྱེད་རྣམས་དང་དབྱེར་མེད་ཐིམ། །ཀུན་གྱིས་རང་ལ་དགྱེས་པའི་སྤྱན་གྱིས་གཟིགས་ཤིང་འཛུམ་བཞིན་བཞུགས་པར་གྱུར། ༈ ངོ་མཚར་རྗེ་བཙུན་རིན་པོ་ཆེའི། །ཞབས་ལ་གུས་པས་ཕྱག་འཚལ་ལོ། །རིན་ཆེན་ལས་གྲུབ་སྣོད་ནང་དུ། །རོ་བརྒྱའི་བཅུད་ལྡན་བཟའ་བཏུང་

p. 99

འབུལ། །རང་བྱུང་མཚན་ལྡན་ཀ་པཱ་ལར། །བདུད་རྩི་བཅུད་ཀྱིས་བཀང་སྟེ་འབུལ། །ལྷ་མི་ཀུན་གྱི་ཡིད་འཕྲོག་པའི། །པདྨ་ཅན་སོགས་ཕྱག་རྒྱ་འབུལ། །སྨན་མཆོག་ཨ་རུ་རྣམ་རྒྱལ་དང་། །གསེར་དངུལ་གོས་དར་ལ་སོགས་འབུལ། །བདག་གིས་བསོད་ནམས་ཚོགས་རྫོགས་པའི། །ཕྱིར་དུ་བརྩེ་བས་བཞེས་སུ་གསོལ། །གང་གིས་འགྲན་པའི་ཟླ་དང་བྲལ། །གངས་ཅན་ཁྲོད་ཀྱི་སེང་གཅིག་པོ། །མི་ལ་རས་པ་ཞེས་བྱ་བའི། །སྐྱེས་མཆོག་ཁྱོད་ཉིད་བདག་ལ་དགོངས། །མགོན་ཁྱོད་གངས་རིའི་ཁྲོད་འདི་ནས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་། །ཕོ་བྲང་གཙོ་བོ་མི་བསྐྱོད་པའི། །སྲས་ཀྱི་ཐུ་བོར་སྤྱན་དྲངས་དུས། །ཞི་བ་འོད་སོགས་བུ་སློབ་ལ། །དད་གུས་ལྡན་པས་གསོལ་བཏབ་ན། །དེ་ཉིད་མདུན་ན་ང་ཉིད་བཞུགས། །གང་བསམ་འདོད་པའི་དོན་སྩོལ་ཞེས། །འགྱུར་མེད་བདེན་པའི་ཞལ་བཞེས་ལྟར། །སྙིང་ནས་གསོལ་བ་འདེབས་ལགས་པས། །ད་ལྟ་ཉིད་དུ་བདག་ཉིད་ནི། །ཁྱེད་ཀྱི་བརྩེ་བས་རྗེས་སུ་ཟུངས། །སྙན་བརྒྱུད་ཟབ་མོའི་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་

p. 100

བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མགོན་ཁྱོད་ལྟ་བུར་བྱིན་གྱིས་རློབས། །དེ་ལྟར་མོས་གུས་གདུང་བའི་ཤུགས། །དྲགས་པོས་གསོལ་བ་བཏབ་པའི་མཐུས། །རྗེ་བཙུན་ཆེན་པོའི་ཐུགས་ཀ་ནས། །འོད་ཟེར་ཁ་དོག་ལྔ་ལྡན་པ། །འཇའ་ཚོན་ཤར་བ་ལྟ་བུའི་ནང་། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་ཚོགས། །དཔག་མེད་ཉི་ཟེར་རྡུལ་བཞིན་བྱུང་། །རང་གི་སྤྱི་མགྲིན་སྙིང་ག་སོགས། །ལུས་ཀྱི་ཆ་ཤས་ཐམས་ཅད་ལ། །མཚོ་ལ་ཁ་བ་བབས་པ་བཞིན། །སིབ་སིབ་ཐིམ་པས་ནད་གདོན་དང་། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ། །སྐད་ཅིག་ཉིད་ལ་སངས་ཀྱིས་དག །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །མ་ལུས་རང་གིས་ཐོབ་པར་གྱུར། །ཨོཾ་ཨཱཿགུ་རུ་ཧ་ས་བཛྲ་སིདྡྷི་ཧཱུྃ། ཅེས་པ་ཅི་མང་བཟླས་པའི་མཐར། སླར་ཡང་འོད་འཕྲོས་འཁོར་ལ་ཕོག །འཁོར་རྣམས་རྗེ་བཙུན་ཐུགས་ཀར་ཐིམ། །རྗེ་བཙུན་རང་གི་སྤྱི་བོ་ནས། །ཞུགས་ཏེ་སྙིང་དབུས་བཞུགས་པར་བསམ། །ཞེས་རྗེ་བཙུན་མི་ལ་ལ་བསྟེན་པའི་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་འདི་ནི་བྱ་བཏང་༧ཚོགས་དྲུག་རང་གྲོལ་གྱིས་སྐལ་ལྡན་སློབ་བུ་ངག་དབང་བཀྲ་ཤིས་ལ་སྨྲས་པའོ།། །།

མྱུར་ལམ་བླ་མའི་རྣལ་འབྱོར།

p. 101

༄༅། །མྱུར་ལམ་བླ་མའི་རྣལ་འབྱོར་བཞུགས་སོ།།

p. 102

༄༅། །ན་མོ་གུ་རུ། མྱུར་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ལ། སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བ་ནི། གནས་ཁང་བྱི་དོར་བྱ། བླ་མའི་སྐུ་འདྲ་སོགས་སྐུ་གསུང་ཐུགས་རྟེན་བཀྲམ། མཆོད་པ་ཅི་འབྱོར་བཤམས། བདེ་བའི་སྟན་ལ་ལུས་དྲང་པོར་བསྲང་། ཡིད་གཞན་དུ་མི་ཡེངས་པར་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། གཉིས་པ་དངོས་གཞི་ནི། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་། །གནས་ཁང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོ་ཡི། །སྤྱི་བོར་འཇའ་གུར་ཉིས་རིམ་ཕུབ་པའི་དབུས། །སེང་ཁྲི་པདྨ་

p. 103

ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ཡིས། །རང་གཞན་ཀུན་ལ་དགྱེས་པའི་སྤྱན་གྱིས་གཟིགས། །གཟི་བརྗིད་འོད་ཟེར་འཕྲོ་བཞིན་བཞུགས་པར་གྱུར། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ལ། །ལུས་བརྒྱ་སྤྲུལ་ནས་ལན་བརྒྱར་གུས་ཕྱག་འཚལ། །ལྷ་རྫས་མཎྜལ་སྐུ་

p. 104

གསུང་ཐུགས་རྟེན་གྱི། །ཐོག་དྲངས་ལུས་དང་ལོངས་སྤྱོད་དགེ་ཚོགས་འབུལ། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །གནོང་ཞིང་འགྱོད་པས་སྤྱན་སྔར་མཐོལ་ལོ་བཤགས། །ཤུགས་དྲག་དད་པས་ལག་གཉིས་ཐལ་མོ་སྦྱར། །ཕྱི་ནང་གསང་བའི་མཛད་པར་རྗེས་ཡི་རང་། །གསེར་གྱི་འཁོར་ལོ་རྩིབས་སྟོང་གཡས་འཁྱིལ་དུང་། །ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །གཡུང་དྲུང་རྡོ་རྗེས་མཚན་པའི་གདན་ཕུལ་ནས། །བསྐལ་ཆེན་ཁྲི་ཕྲག་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་བླ་མའི་བཞེད་དོན་འགྲུབ་ཕྱིར་དང་། །རང་གཞན་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་མཐུས་བླ་མའི་སྐུ་ཚེ་མཛད་འཕྲིན་རྒྱས། །རང་གཞན་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །བསླུ་མེད་སྐྱབས་གནས་ཐམས་ཅད་འདུས་པའི་སྐུ། །དུས་གསུམ་སངས་རྒྱས་ཀུན་ལས་བཀའ་དྲིན་ཅན། །འདི་ཕྱི་གཏན་གྱི་སྐྱབས་མགོན་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མའི་ཐུགས་ལ་འཁྲུངས་པ་དང་། །རྒྱལ་བ་སྲས་བཅས་ཐུགས་ལ་མངའ་བ་དང་། །མདོ་རྒྱུད་མན་ངག་རྣམས་ནས་

p. 105

གསུངས་པ་ཀུན། །རྩོལ་མེད་རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །ཚེ་འདི་ཉིད་ལ་འཆི་མེད་གོ་འཕང་མཆོག །འཕོ་མེད་འཇའ་ལུས་རྡོ་རྗེ་སྐུ་བརྙེས་ནས། །སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །སེམས་ཅན་བདེ་ལ་འགོད་པར་བྱིན་གྱིས་རློབས། །སྐབས་འདིར་སྤྲོ་ན་རང་གི་བླ་མའི་གསོལ་འདེབས་ཀྱང་བྱ། བླ་མའི་སྐུ་ལས་འོད་འཕྲོས་རང་ལ་ཕོག །མུན་པའི་གླིང་དུ་ཉི་འོད་ཕོག་པ་བཞིན། |ནད་གདོན་སྡིག་སྒྲིབ་ཕྱི་རུ་སངས་ཀྱིས་དག །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་བྱས། །བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །བུམ་པ་གང་བྱོས་ཚུལ་དུ་ཐོབ་པར་གྱུར། །ཨཾཨཱཿཧཱུཾ་གུ་རུརཏྣསརྦསིདྡྷི་ཧཱུཾ། ཅི་མང་བཟླས་མཐར། བླ་མའི་སྐུ་ལས་འོད་ཟེར་དཔག་མེད་འཕྲོས། །ཕྱི་སྣོད་དག་ཞིང་ནང་བཅུད་ལྷ་རུ་གྱུར། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་སྔོན་ལས། །འོད་ཟེར་དུང་དང་བྱེ་རུ་བཻཌཱུརྱའི། །མདོག་འདྲ་རིམ་པ་བཞིན་དང་གཅིག་ཆར་འཕྲོས། །རང་གི་གནས་གསུམ་རིམ་དང་གཅིག

p. 106

ཆར་དུ། །ཐིམ་པས་སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ། །སྐུ་བཞིའི་གོ་འཕང་མངོན་དུ་གྱུར་པར་མཛད། །བླ་མ་རང་གི་ཚངས་བུག་རྒྱ་མཐོངས་ཁ། །ཕྱེས་པ་ལྟ་བུའི་ནང་ནས་མར་ལ་བྱོན། །སྙིང་དབུས་གེ་སར་འདབ་སྟོད་བཞད་པའི་རྩེར། །སྐུ་ལས་གཟི་བརྗིད་འོད་ཟེར་འབར་བཞིན་དུ། །ཡེ་ཤེས་སེམས་དཔའི་ཚུལ་དུ་འབྲལ་མེད་བཞུགས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པད་ཟླའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །དེ་ལྟར་གསོལ་བ་བཏབ་པས་བླ་མ་ཡི། །སྐུ་ལས་འོད་འཕྲོས་ལུས་གང་ཕྱིར་ཡང་འཕྲོས། །ཤ་རུས་གདོས་བཅས་སྣང་བ་ཀུན་དག་ནས། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་རུ་གྱུར། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་དོན་མ་ལུས་འགྲུབ་པ་དང་། །མཐར་ཐུག་

p. 107

ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་ཐོབ་པར་བྱིན་གྱིས་རློབས་པར་གྱུར། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དེ་ནས་སྐབས་འདིར་སྔར་ཁྲིད་ཐོབ་པའི་གནས་ལུགས་ལྟ་ཐོག་ཏུ་ཡུན་རིང་འཇོག་གོ །གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ་ནི། བསྔོ་སྨོན་བཀྲ་ཤིས་ཚིགས་བཅད་གང་ཤེས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་མྱུར་ལམ་བླ་མའི་རྣལ་འབྱོར་ཞེས་བྱ་བ་འདི་ནི། དད་གཏོང་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་འཇིགས་མེད་རྒྱལ་མཚན་སོགས་དད་ཅན་གྱི་སློབ་མ་མང་པོས་བསྐུལ་ངོར། བྱ་བཏང་༧ཚོགས་དྲུག་རང་གྲོལ་གྱིས། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་ཆེན་གངས་རིའི་རྫུ་འཕྲུལ་ཕུག་གི་དབེན་གནས་ཉམས་དགའ་ནས་སྦྱར་བའོ། །སརྦ་མངྒ་ལཾ།། །།

བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།

p. 108
p. 109

༄༅། །བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་ཚེ་དཔག་མེད། །ལོ་སྟོང་ཐུབ་པའི་དགྲ་བཅོམ་བློ་གྲོས་དཔལ། །ལྔ་བརྒྱར་བཞུགས་པའི་མི་ཐུབ་ཟླ་བ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཉིས་བརྒྱར་བཞུགས་པའི་སློབ་དཔོན་དར་མ་གྲགས། །བརྒྱད་ཅུར་བཞུགས་པའི་དཔལ་ཆེན་རྒྱལ་བ་གྲུབ། །སུམ་བརྒྱར་བཞུགས་པའི་ཡེ་ཤེས་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཉིས་བརྒྱར་བཞུགས་པའི་སློབ་དཔོན་ཤེས་རབ་གྲགས། །བརྒྱ་ལྷག་བཞུགས་པའི་ཡེ་ཤེས་དངོས་གྲུབ་རྗེ། །དེ་ཡིས་རྗེས་བཟུང་སློབ་དཔོན་ཇོ་གདན་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །བསྟན་པའི་སྲོག་ཤིང་ཇོ་གདན་རྡོ་རྗེ་དཔལ། །འགྲོ་བའི་སྐྱབས་གནས་མངའ་རིས་རིན་ཆེན་མགོན། །དེ་སྲས་བཀའ་བཞི་རིན་ཆེན་བཟང་པོ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །བྱང་ཆུབ་སེམས་དཔའ་རིན་ཆེན་མགོན་པོ་དང་། །བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ། །ལོ་བརྒྱར་བཞུགས་པའི་རིན་ཆེན་རྣམ་རྒྱལ་ལ། །

p. 110

གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་མཆོག །དེ་སྲས་བ་སོ་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་རྡོ་རྗེ་དང་། །རྒྱལ་བ་དབེན་ས་བློ་བཟང་དོན་གྲུབ་རྗེ། །མཁས་གྲུབ་གཉིས་འཛོམས་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །དགུང་ལོ་བརྒྱར་བཞུགས་ཆོས་ཀྱི་རྒྱལ་མཚན་ཞབས། །ཀུན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོ་དང་། །སྐྱབས་མགོན་པཎ་ཆེན་བློ་བཟང་ཡེ་ཤེས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་བཙུན་ཁྲི་ཆེན་ངག་དབང་མཆོག་ལྡན་དང་། །གངས་རིའི་མགོན་པོ་སྐལ་བཟང་རྒྱ་མཚོའི་ཞབས། །ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །བརྒྱད་ཅུར་བཞུགས་པའི་སྐལ་བཟང་ཚུལ་ཁྲིམས་རྗེ། །ཆོས་འདིས་བཀའ་བབས་ཆོས་རྒྱལ་ངག་གི་དབང་། །སྐུ་ཚེ་མཐར་ཕྱིན་ཚོགས་དྲུག་རང་གྲོལ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་

p. 111

སྩོལ། །ཚེ་འདི་ཉིད་ལ་འཆི་མེད་གོ་འཕང་མཆོག །འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས། །སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །སེམས་ཅན་བདེ་ལ་འགོད་པར་བྱིན་གྱིས་རློབས། །ཞེས་བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་འདི་ནི་ཆོས་རྒྱལ་ངག་གི་དབང་པོའི་གསུང་ལྟར། རྗེས་སུ་རྣལ་འབྱོར་ཞབས་དཀར་པས་བྲིས་པའོ། །སརྦམངྒལཾ༎ ༎

བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་རྒྱུན་འཁྱེར་འཆི་མེད་ཚེ་ཡི་ཡང་སྙིང་།

p. 112
p. 113

༄༅། །བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་རྒྱུན་འཁྱེར་འཆི་མེད་ཚེ་ཡི་ཡང་སྙིང་ཞེས་བྱ་བ་བཞུགས་སོ། །

p. 114

བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཉམས་སུ་ལེན་པར་འདོད་པས་ཐོག་མར་སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བྱ། དེ་ནས་དངོས་གཞི་ནི། ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་རང་གི་འོག་ཕྱོགས་སུ། །ནམ་མཁས་གར་ཁྱབ་འབྱུང་བཞི་བརྡལ་བའི་སྟེང་། །རྒྱ་ཁྱོན་ཚད་མེད་རི་རབ་ཆེན་པོའི་དབུས། །གནམ་ལྕགས་རྡོ་རྗེ་རྭ་སྟོང་ལྡན་པ་ཡི། །མར་གྱི་རྭ་སྟོང་དབང་ཆེན་ས་གཞིར་ཟུག །ར་བར་རྟ་མགྲིན་སྟོང་གིས་འོག་གདོན་རྣམས། །སྲུང་བའི་ཚུལ་དུ་སྤྱན་གྱིས་ཐུར་ལ་གཟིགས། །ཡར་གྱི་རྭ་སྟོང་

p. 115

ཚངས་པའི་གནས་སུ་སླེབས། །ར་བར་ཕྱག་རྡོར་སྟོང་གིས་སྟེང་གདོན་རྣམས། །སྲུང་བའི་ཚུལ་གྱིས་སྤྱན་གྱིས་གྱེན་ལ་གཟིགས། །རྡོ་རྗེའི་ལྟོ་བ་རི་རབ་ཁར་གནས་པའི། །ཕྱི་རོལ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་ཡི། །ཁྲོ་བོ་དམར་ནག་འཇིགས་རུང་གྲངས་མེད་ཀྱིས། །བར་གཅོད་བདུད་རིགས་སྲུང་བའི་ཚུལ་དུ་བཞུགས། །རྡོ་རྗེའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི། །ནང་དུ་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །དེ་དབུས་ལྕགས་ཀྱི་པདྨ་ཟླ་བའི་

p. 116

སྟེང་། །ཧྲཱིཿལས་བྱུང་བའི་རང་ཉིད་ཚེ་དཔག་མེད། །སྐུ་མདོག་དམར་པོ་བྱུ་རུའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཚེ་བུམ་བསྣམས། །དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས། །ཟླ་བའི་རྒྱབ་ཡོལ་ཕྲག་གོང་ཉི་ཟླ་འཆར། །འོད་ཟེར་དམར་པོ་འབར་ཞིང་འཁྱིལ་བའི་དབུས། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་ཡི་གེས་མཚན། །ཁོང་པའི་ནང་གི་ཅུང་ཟད་རྒྱབ་ངོས་ལ། །ཉེ་བར་ལྕགས་ཀྱི་སྲོག་རྩ་སྦ་དབྱུག་ཙམ། །ཡར་སྣ་སྤྱི་བོ་མར་སྣ་གསང་གནས་ཟུག །དེ་ཡི་ནང་དུ་དབུ་མ་མདའ་སྨྱུག་ཙམ། །ཁ་དོག་སྔོ་སྐྱ་དམར་བའི་མདངས་དང་ལྡན། །དེ་ནང་འོད་གསལ་རླུང་ནི་དམར་ལྗང་གིས། །འཁྱུག་གེ་གང་བ་དེ་ལ་མེ་ལོང་ངོས། །གཟུགས་བརྙན་ཤར་བཞིན་སྔགས་ཕྲེང་ཚར་བརྒྱད་ཀྱི། །ཕྱོགས་བཞི་མགོ་བོ་གྱེན་བསྟན་མཚམས་བཞི་ཡི། །མགོ་བོ་ཐུར་བསྟན་སྔགས་རྣམས་མགོ་མཇུག་འབྲེལ། །དབུ་མའི་ཡར་རྩེ་མར་རྩེ་མ་ལུས་ཁྱབ། །ཡར་སྣེའི་ནང་དུ་རང་འདྲའི་ཚེ་ལྷ་དཀར། །མར་

p. 117

སྣེའི་ནང་དུ་རང་འདྲའི་ཚེ་ལྷ་དམར། །སྙིང་གའི་རྩ་འཁོར་ཐད་ཀའི་དབུ་མའི་ནང་། །རང་འདྲའི་ཚེ་ལྷ་དམར་ལ་སྔོ་མདངས་ཆགས། །དེ་ཡི་ཐུགས་ཀར་དཀར་གསལ་ཟླ་བའི་སྟེང་། །འཆི་མེད་ཚེ་ཡི་བདུད་རྩིས་ཡོངས་གང་བའི། །རིན་ཆེན་གསེར་གྱི་བུམ་པ་བཟང་པོའི་ནང་། །ཟླ་བའི་གདན་ལ་རྡོ་རྗེ་རྩེ་ལྔ་པའི། །ལྟེ་བར་འོད་ཀྱི་ག་འུ་ཁ་སྦྱོར་ནང་། །ཧྲཱིཿཡིག་དམར་པོ་ཚིག་དྲག་རིང་ཆ་བཅས། །ཧཱུྃ་ཡིག་སྔོན་པོ་གཉིས་ཀྱིས་ཕན་ཚུན་འཁྲིལ། །འོད་ཟེར་སྣ་ལྔ་འཕྲོ་བ་ཡེ་ཤེས་ལྔའི། བདག་ཉིད་རང་གི་སེམས་ཀྱི་ངོ་བོར་གྱུར། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །སྟེང་ཕྱོགས་ཡོན་ཏན་བཀོད་པའི་ཞིང་ཁམས་ནས། །རང་དང་འདྲ་བའི་ཚེ་ལྷ་ཡེ་ཤེས་པ། །སྤྱན་དྲངས་སྤྱི་གཙུག་རྒྱབ་ངོས་བཞུགས་པར་གྱུར། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །མགོན་ཁྱོད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་

p. 118

དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་ཚེ་དཔག་མེད། །ཐུགས་ཀའི་འོད་འཕྲོས་རང་གི་ཚེ་བསོད་ནམས། །གཞན་གྱིས་ཁྱེར་བ་ཡར་བ་འཐོར་བ་དང་། །ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་བཅུད། །ལྷ་ཀླུ་མི་ཡི་ཚེ་བསོད་བཀྲག་མདངས་དང་། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་མ་ལུས་པ། །འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་བསྡུས། །ཚེ་དཔག་མེད་མགོན་ཕྱག་གི་བུམ་པར་ཐིམ། །དེ་ལས་བདུད་རྩིའི་རྒྱུན་བབས་རང་ལུས་ཀྱི། །ནད་གདོན་སྡིག་སྒྲིབ་ཕྱི་རུ་སངས་ཀྱིས་དག །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་པོ། །འཆི་མེད་ཚེ་ཡི་བདུད་རྩིས་གང་བར་གྱུར། །ནང་གི་ཧྲཱིཿདང་ཧཱུྃ་ལས་ལྷ་མོ་སྤྲོས། །གཡས་པས་པདྨ་གཡོན་པས་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་མཛེས་པ་གསུམ། །དབུ་མའི་ཡར་མར་སྙིང་གའི་ལྷ་ལ་ཕུལ། །རང་དང་སྤྱི་བོའི་ཚེ་ལྷའི་གནས་གསུམ་གྱི། །ལྷ་རྣམས་མཉེས་ནས་རང་འདྲའི་ཡུམ་ལ་འཁྱུད། །སྦྱོར་མཚམས་བྱང་སེམས་དཀར་དམར་རྒྱུན་བབས་པས། །རང་ལུས་ནང་གང་དགའ་བཞི་བདེ་དྲོད་འབར། །ལུས་ལ་སྔར་མེད་གཞོན་ཤ་

p. 119

ཆགས་པ་དང་། །སྟོབས་རྩལ་བཀྲག་མདངས་གཟི་བརྗིད་ཆེས་ཆེར་རྒྱས། །སེམས་ལ་བདེ་སྟོང་རྟོགས་པ་ཁྱད་པར་ཅན། །སྐྱེས་ནས་འཆི་མེད་རིག་འཛིན་འཐོབ་པར་གྱུར། །ལྷ་རྣམས་ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །ཕྱི་སྣོད་འཇིག་རྟེན་བདེ་བ་ཅན་གྱི་ཞིང་། །ནང་བཅུད་སེམས་ཅན་ཚེ་དཔག་མེད་ཀྱི་སྐུར། །གསལ་བའི་སྔགས་སྒྲ་འུར་འུར་གྲག་པར་གྱུར། །ན་མོ་བུདྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒཱ་ཡ། ཏདྱ་ཐཱ། ཨོཾ་ཨད་ཏེ། བྷ་ད་ཏེ། བྷི་ད་ཏེ། བྷིན་ན་ཏེ། ཀུན་ན་ཏེ། ཏ་ཀེ །ཐ་ཀེ །ཐ་ར་ཀེ །ཏ་ར་ཀེ །ཧཱུྃ་རུ་མ་ཏི། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བི་བྷཀྵ། བྷ་མུ་ན། ཛི་ཛཱ་བ་ནཱཾ། སི་སནྶ་དྷུ། བྷནྡྷ་སྭཱ་ཧཱ། ཞེས་འཆི་མེད་རང་གཟུངས་ཅི་མང་བཟླས། ཨོཾ་ཨཱཿཧཱུཾ། ཚེ་དཔག་མེད་མགོན་ལྗགས་ཀྱི་འོད་ཟེར་གྱིས། །གཏོར་མའི་བཅུད་རྣམས་དྲངས་ཏེ་གསོལ་བར་གྱུར། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །མགོན་ཁྱོད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་

p. 120

འཚལ་བསྟོད། །ཚེ་དཔག་མེད་མགོན་འོད་ཞུ་རང་ལ་ཐིམ། །རང་ཉིད་མགོན་པོ་ཚེ་དཔག་མེད་པ་བཞིན། །སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་བརྙེས་ནས། །བསྟན་དང་འགྲོ་དོན་རླབས་ཆེན་བྱེད་པར་ཤོག །གཞན་ཡང་བསྔོ་སྨོན་བཀྲ་ཤིས་གང་ཤེས་བྱའོ།། ༈ །།དེ་ལ་བསྡུ་ན། ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་འབྱུང་བཞི་རི་རབ་ཁར། །གནམ་ལྕགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་། །དེ་དབུས་ལྕགས་ཀྱི་པདྨ་ཟླ་བའི་སྟེང་། །རང་ཉིད་ཚེ་དཔག་མེད་མགོན་སྐུར་གསལ་བའི། །ཁོང་པར་ལྕགས་ཀྱི་སྲོག་རྩ་སྦ་དབྱུག་ཙམ། །ཡར་སྣ་སྤྱི་གཙུག་མར་སྣ་གསང་གནས་ཟུག །དེ་ནང་དབུ་མ་སྔོ་སྐྱ་དམར་མདངས་ཅན། །དེ་ཡི་ནང་དུ་སྔགས་ཕྲེང་ཚར་བརྒྱད་དང་། ། དབུ་མའི་ཡར་མར་སྙིང་གར་ཚེ་ལྷ་གསུམ། །སྙིང་གའི་ཚེ་དཔག་མེད་ཀྱི་ཐུགས་ཀ་རུ། །ཚེ་བུམ་ནང་དུ་གསེར་གྱི་རྡོ་རྗེ་ཡི། །ལྟེ་བར་འོད་ཀྱི་གའུ་ཁ་སྦྱོར་ནང་། །ཧྲཱིཿཡིག་དམར་པོ་ཧཱུཾ་ཡིག་སྔོན་པོ་གཉིས། །ཕན་ཚུན་འཁྲིལ་བ་འོད་ཟེར་ལྔ་འཕྲོ་བ། །ཡེ་ཤེས་ལྔ་མཚོན་སེམས་ཀྱི་ངོ་བོར་གྱུར། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །

p. 121

སྟེང་ཕྱོགས་ཡོན་ཏན་བཀོད་པའི་ཞིང་ཁམས་ནས། །རང་དང་འདྲ་བའི་ཚེ་ལྷ་ཡེ་ཤེས་པ། །སྤྱན་དྲངས་སྤྱི་གཙུག་རྒྱབ་ངོས་བཞུགས་པར་གྱུར། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །མགོན་ཁྱོད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །མགོན་པོ་ཚེ་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་ཚེ་དཔག་མེད། །ཐུགས་ཀའི་འོད་འཕྲོས་རང་གི་ཚེ་བསོད་རྣམས། །གཞན་གྱིས་ཁྱེར་བ་ཡར་བ་འཐོར་བ་དང་། །ས་ཆུ་མེ་རླུང་ནམ་མཁའི་ཁམས་ཀྱི་བཅུད། །ལྷ་ཀླུ་མི་ཡི་ཚེ་བསོད་བཀྲག་མདངས་དང་། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས་མ་ལུས་པ། །འཆི་མེད་ཚེ་ཡི་བདུད་རྩིའི་རྣམ་པར་བསྡུས། །ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་ཐིམ། །དེ་ལས་བདུད་རྩིའི་རྒྱུན་བབས་རང་ལུས་ཀྱི། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་གང་། །ཚེ་དང་བསོད་ནམས་ཉམས་པ་སོར་ཆུད་ནས། །འཆི་མེད་ཚེ་ཡི་རིག་འཛིན་

p. 122

ཐོབ་པར་གྱུར། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོཿསངྒཱ་ཡ། ཏདྱ་ཐཱ། ཨོཾ་ཨད་ཏེ། བྷ་ད་ཏེ། བྷི་ད་ཏེ། བྷིན་ན་ཏེ། ཀུན་ན་ཏེ། ཏ་ཀེ །ཐ་ཀེ །ཐ་ར་ཀེ །ཏ་ར་ཀེ །ཧུརུ་མ་ཏི། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བི་བྷཀྵ། བྷ་མུ་ན། ཛི་ཛཱ་བ་ནཱཾ། སི་སནྶདྷུ། བྷནྡྷ་སྭཱ་ཧཱ། ཞེས་གཟུངས་སྔགས་ཅི་ནུས་བཟླ། མཇུག་ཏུ། ཚེ་ཡི་ལྷ་མཆོག་མགོན་པོ་ཚེ་དཔག་མེད། །ལོ་སྟོང་བཞུགས་པའི་དགྲ་བཅོམ་བློ་གྲོས་སོགས། །ཚེ་ཁྲིད་བརྒྱུད་པའི་བླ་མའི་བྱིན་རླབས་ཀྱིས། །འཆི་མེད་ཚེ་ཡི་རིག་འཛིན་འཐོབ་པར་ཤོག །ཅེས་བརྗོད། དེ་བས་ཀྱང་བསྡུ་བར་འདོད་ན་རང་གཞན་ཀུན་གྱི་སྤྱི་བོར་བླ་མ་ཚེ་དཔག་མེད་བསྒོམས་ལ། ཧཱུཾ། སྐྱེ་འཆི་རབ་སྤངས་རྡོ་རྗེ་ཚེ། །བདག་ལ་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རེ་ཧཱུཾ་ཕཊ། ཅེས་གསོལ་བ་བཏབ་ནས་བདུད་རྩི་འབེབས་སྦྱོང་སོགས་ཀྱི་དམིགས་པ་བྱེད་བཞིན། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿོསངྒཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ད་ཏེ། བྷ་ད་ཏེ། བྷི་ད་ཏེ། བྷིན་ན་ཏེ། ཀུན་ན་ཏེ། ཏ་ཀེ །ཐ་ཀེ །ཐ་ར་ཀེ །ཏ་ར་ཀེ ཧུ་རུ་མ་ཏི། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བི་བྷཀྵ།

p. 123

བྷ་མུ་ན། ཛི་ཛཱ་བ་ནཱ། སི་སནྶདྷུ། བྷནྡྷ་སྭཱ་ཧཱ། ཞེས་གཟུངས་སྔགས་བཟླ། མཇུག་ཏུ། རང་གཞན་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་མི་གྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །འཆི་བ་མེད་པའི་ཚེ་ཡི་རིག་འཛིན་འཐོབ་པར་གྱུར་ག །ཅེས་བརྗོད། ཤིན་ཏུ་བསྡུ་ན། རྣམ་པར་མི་རྟོག་པའི་ངང་ནས་ཞག་རེ་ལ་གཟུངས་སྔགས་ཚར་བདུན་རེ་མ་ཆག་པར་བཟླས་ན། དེས་ཀྱང་ལོ་དགུ་བཅུ་མ་བརྒལ་བ་མེད་གསུངས། ཞེས་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་འཆི་མེད་ཚེ་ཡི་ཡང་སྙིང་ཞེས་བྱ་བ་འདི་ནི། ལེ་ལོ་ཆེ་ཞིངཚེ་རིང་བ་ལ་དགའ་བའི་ཉེ་གནས་བློ་བཟང་ཤེས་རབ་དང་། སློབ་བུ་སངས་རྒྱས་རིན་ཆེན་གཉིས་ཀྱིས་ཚེ་སྒྲུབ་ཚིགས་བཅད་འདོན་བདེ་བ། དམིགས་རིམ་ཉུང་ལ་འདུས་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ༧ མི་རྒན་ཞབས་དཀར་བས་དབེན་གནས་ཆུ་བཟང་ནས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག། ༎

བྱང་སྒྲ་མི་སྙན་གྱི་ཚེ་སྒྲབ་མདོར་བསྡུས།

p. 124
p. 125

༄༅། །བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་མདོར་བསྡུས་བཞུགས་སོ། །རང་གཞན་ཀུན་གྱི་སྤྱི་བོར་བླ་མ་ཚེ་དཔག་མེད་བསྒོམས་ལ། ཧཱུཾ། སྐྱེ་འཆི་རབ་སྤངས་རྡོ་རྗེའི་ཚེ། །བདག་ལ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་ཨ་ཡུ་ཥེ་ས་ར་ཧ་ཀ་ར་རེ་ཤ་ར་རི་ཧཱུྃ་ཕཊ། ཞེས་གསོལ་བ་བཏབ་ནས་བདུད་རྩི་འབེབ་སྦྱོང་སོགས་ཀྱི་དམིགས་པ་བྱེད་བཞིན། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒཱ་ཡ། ཏདྱ་ཐཱ། ཨོཾ་ཨད་ཏེ། བྷད་ཏེ། བྷིད་ཏེ། བྷིན་ན་ཏེ། ཀུན་ན་ཏེ། ཏ་ཀེ །ཐ་ཀེ །ཐ་ར་ཀེ །ཏ་ར་ཀེ །ཧུ་རུ་མ་ཏི། ཧི་ལི་ཧི་ལི། མི་ལི་མི་ལི། སཾ་བྷཀྵ། བྷི་བྷཀྵ། བྷ་མུ་ན། ཛི་ཛཱ་བ་ནཱཾ། སི་སནྶ་དྷུ། བྷནྡྷ་སྭཱ་ཧཱ། ཞེས་བཟླ། མཇུག་ཏུ། རང་གཞན་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུརཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །འཆི་བ་མེད་པའི་ཚེ་ཡི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བརྗོད། ཤིན་ཏུ་བསྡུ་ན་རྣམ་པར་མི་རྟོག་པའི་ངང་ནས། ཞག་རེ་ལ་གཟུངས་སྔགས་ཚར་བདུན་རེ་མ་ཆག་པར་བཟླས་ན། དེས་ཀྱང་ལོ་དགུ་བཅུ་མ་བརྒལ་པ་མེད་གསུངས། ཞེས་བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཉུང་འདུས་འདི་ནི་མི་རྒན་ཞབས་དཀར་

p. 126

པས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

བཀྲ་ཤིས་འཆི་མེད་དཔལ་སྟེར།

p. 127

༄༅། །བཀྲཤིས་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། བཀྲ་ཤིས་དང་པོ་སྟོན་པ་སངས་རྒྱས་དང་། །བཀྲ་ཤིས་གཉིས་པ་སྐྱོབ་པ་དམ་པའི་ཆོས། །བཀྲ་ཤིས་གསུམ་པ་འདྲེན་པ་དགེ་འདུན་སྟེ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བཅོམ་ལྡན་མགོན་པོ་ཚེ་དཔག་མེད་པ་དང་། །སྒྲོལ་མ་དཀར་མོ་གཙུག་ཏོར་རྣམ་རྒྱལ་སོགས། །འགྲོ་ལ་ཚེ་ཡི་དངོས་གྲུབ་མཆོག་སྩོལ་བའི། །ཚེ་ཡི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དགུང་ལོ་སྟོང་ཚོ་གཞེས་པའི་བློ་གྲོས་དཔལ། །དགུ་བརྒྱ་དགུ་བཅུ་གཞེས་པའི་ཞི་བ་འཚོ། །དྲུག་བརྒྱ་གཞེས་པའི་སློབ་དཔོན་ཀླུ་སྒྲུབ་སོགས། །མཁས་པའི་དབང་པོ་རྣམས་ཀྱི་བཀྲ་ཤིས་ཤོག །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་དང་། །དྲུག་བརྒྱ་གཞེས་པའི་དམ་པ་རྒྱ་གར་དང་། །བརྒྱ་དང་ཉེར་ལྔར་བཞུགས་པའི་ཐང་སྟོང་སོགས། །གྲུབ་པའི་དབང་ཕྱུག་རྣམས་ཀྱི་བཀྲ་ཤིས་ཤོག །སུམ་བརྒྱ་བདུན་ཙམ་བཞུགས་པའི་གྲུབ་རྒྱན་མ། །བརྒྱ་ལྷག་བཞུགས་པའི་དགེ་སློང་དཔལ་མོ་དང་། །ལོ་བརྒྱར་བཞུགས་པའི་མ་གཅིག་ལབ་སྒྲོལ་སོགས། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །སྟོང་

p. 128

གསུམ་མི་མཇེད་བདག་པོ་ཚངས་པ་དང་། །ལྷ་རྣམས་ཀུན་གྱི་དབང་པོ་བརྒྱ་བྱིན་གཉིས། །ཚེ་རིང་མཆེད་ལྔ་རྨ་ཆེན་སྤོམ་ར་སོགས། །ཚེ་རིང་ལྷ་ཡི་ཚོགས་ཀྱི་བཀྲ་ཤིས་ཤོག །བླ་མ་མཆེད་ལྕམ་སློབ་མ་ཡོན་བདག་ཀུན། །སྐུ་ཚེ་བསྐལ་པ་བྱེ་བ་བརྒྱ་སྟོང་བར། །བརྟན་ཅིང་རྣམ་དཀར་མཛད་པ་འཕྲིན་ལས་ཀྱང་། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་བཀྲ་ཤིས་ཤོག །འཆི་བ་མེད་པའི་ཚེ་ལ་མངའ་བརྙེས་ཤིང་། །རྒུད་པ་མེད་པའི་ལུས་ཀྱི་ལང་འཚོ་རྒྱས། །གཞོམ་གཞིག་བྲལ་བ་རྡོ་རྗེ་ཕ་ལམ་ལྟར། །སྐུ་ཚེ་སྲ་ཞིང་བརྟན་པའི་བཀྲ་ཤིས་ཤོག །ལུས་ནི་སྲེད་མེད་བུ་བཞིན་སྟོབས་ཆེ་ཞིང་། །ཉི་མ་བཞིན་དུ་བཀྲག་མདངས་གཟི་བརྗིད་འབར། །པདྨའི་རྩ་བ་ལྟ་བུར་སྣམ་བག་ལྡན། །རི་བོ་བཞིན་དུ་བརྟན་པའི་བཀྲ་ཤིས་ཤོག །སྐུ་ཚེ་ཉི་ཟླ་མཉམ་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོར་མཉམ་པའི་བཀྲ་ཤིས་ཤོག །འགྲོ་དོན་ནམ་མཁའ་མཉམ་པའི་བཀྲ་ཤིས་ཤོག །སྙན་གྲགས་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་འཆི་མེད་དཔལ་སྟེར་ཞེས་བྱ་བ་འདི་ནི་ཚེ་སྒྲུབ་ཀྱི་མཇུག་ཏུ་འཇོག་སྙམས་ནས་རྣལ་འབྱོར་ཞབས་དཀར་པས་སེམས་ལ་ཉིན་གཅིག་ཤར་བ་ལྟར་དབེན་གནས་འབྲོང་ལུང་ནས་སྦྱར་བའོ། །སརྦ་མངྒ་ལཾ༎

སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ཞལ་མཐོང་གསུང་ཐོས་མ།

p. 129

༄༅། །སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ཞལ་མཐོང་གསུང་ཐོས་མ་བཞུགས་སོ། རང་ཉིད་གནས་པའི་ས་ཕྱོགས་དག་པའི་ཞིང་། །མདུན་གྱི་ནམ་མཁར་རབ་མཛེས་སྤྲིན་དཀར་རྩེར། །འཇའ་འོད་སྣ་ལྔའི་གུར་ཁྱིམ་ཕུབ་པའི་དབུས། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །ངོ་བོ་བླ་མ་རྣམ་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨ་བསྣམས། །དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་མཛེས། །འགྲོ་བའི་དོན་དུ་ཞབས་གཉིས་བཞེངས་ནས་བཞུགས། །རིགས་བདག་འོད་དཔག་མེད་ཀྱིས་དབུ་ལ་མཛེས། །བདག་གཞན་ཀུན་ལ་དགྱེས་པའི་སྤྱན་གྱིས་གཟིགས། །ཞལ་ནས་ཆོས་སྒྲ་ལྷང་ལྷང་སྒྲོག་པར་གྱུར། འཕགས་པའི་ཞབས་ལ་ཕྱག་འཚལ་མཆོད་པ་འབུལ། །ལྷང་ལྷང་ཡི་གེ་དྲུག་མས་གསོལ་བ་འདེབས། །སྐུ་ལས་འོད་འཕྲོས་རང་གི་སྡིག་སྒྲིབ་སྦྱངས། །རང་ལུས་དྭངས་གསལ་འོད་ཀྱི་ཕུང་པོར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསོལ་འདེབས་ཚུལ་དུ་ཅི་མང་བཟླས་མཐར། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡིས། །རང་ཉིད་འཕགས་པ་སྤྱན་

p. 130

རས་གཟིགས་སུ་གྱུར། །ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཧྲཱིཿཡིག་མཐར། །ཡིག་དྲུག་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །འོད་འཕྲོས་སྣོད་བཅུད་མ་དག་ཉེས་སྐྱོན་སྦྱངས། །ཕྱི་སྣོད་དག་ཞིང་འགྲོ་ཀུན་སྤྱན་རས་གཟིགས། །སྒྲ་རུ་གྲག་ཚད་ཡི་གེ་དྲུག་མའི་སྒྲ། །དྲན་རྟོག་སྟོང་གསལ་འཛིན་མེད་ཐུགས་སུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་མང་བཟླས་མཐར། རང་མདུན་ནམ་མཁའི་འཕགས་པ་སྤྱན་རས་གཟིགས། །རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ། །རང་སྙིང་པདྨ་འདབ་བརྒྱད་གྱུར་པའི་དབུས། །རང་རྒྱུད་བྱིན་གྱིས་བརླབ་ཕྱིར་བཞུགས་པར་གྱུར། །ཅེས་བསྔོ་སྨོན་གང་ཤེས་བྱའོ། །ཞེས་པ་འདི་ཡང་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་སྐལ་བཟང་ཤེས་རབ་ཀྱིས་ཁྱེད་ལ་འཕགས་པའི་ཞལ་གཟིགས་བྱུང་བ་དང་མཐུན་པའི་བསྒོམ་བཟླས་ཤིག་དགོས་ཞེས་བསྐུལ་ངོར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།། །།

སྤྱན་རས་གཟིགས་ཀྱིས་སྒོམ་བཟླས་ཕན་བདེའི་འབྱུང་གནས།

p. 131

༄༅། །སྤྱན་རས་གཟིགས་ཀྱིས་སྒོམ་བཟླས་ཕན་བདེའི་འབྱུང་གནས་བཞུགས་སོ། །རང་གནས་ས་ཕྱོགས་དག་པའི་ཞིང་། །མདུན་གྱི་ནམ་མཁར་འཇའ་འོད་ཀློང་། །པད་དཀར་ཟླ་བའི་གདན་སྟེང་དུ། །བླ་མ་སྤྱན་རས་གཟིགས་དབང་བཞུགས། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །སྤྱན་རས་གཟིགས་ལས་འོད་ཟེར་འཕྲོས། །རང་གཞན་ནད་གདོན་སྡིག་སྒྲིབ་སྦྱངས། །ཐམས་ཅན་སྤྱན་རས་གཟིགས་སུ་གྱུར། །ༀ་མ་ཎི་པདྨེ་ཧཱུཾ། ཅི་མང་བཟླས་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །ཅེས་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ཕན་བདེའི་འབྱུང་གནས་ཅེས་བྱ་བ་འདི་ནི་དད་ཅན་མང་པོའི་བསྐུལ་ངོར་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ།།

སྨྱུང་གནས་ཆོ་ག་བདེ་གཤེགས་ལམ་བཟང་།

p. 132
p. 133

༄༅། །སྨྱུང་གནས་ཆོ་ག་བདེ་གཤེགས་ལམ་བཟང་ཞེས་བྱ་བ་བཞུགས་སོ།། །།

p. 134

ན་མོ་ཨརྱ་ལོ་ཀི་ཤྭ་ར་ཡ། སྟོང་གསལ་ཆོས་སྐུའི་ནམ་མཁའ་ཡངས་པ་ནས། །འོད་གསལ་སྤྱན་རས་གཟིགས་དབང་ཉི་མ་ཡིས། །ཚད་མེད་ཐུགས་རྗེའི་འོད་སྣང་རབ་སྤྲོས་ནས། །གྲངས་མེད་འགྲོ་ཀུན་ཕན་བདེའི་དྲོད་ཀྱིས་སྐྱོངས། །དེ་ཡང་སྐྱེ་ཤི་འཁོར་བའི་སྡུག་བསྔལ་ལ་འཇིགས་ནས། ཚེ་འདིའི་བྱ་བ་བློས་བཏང་། འགྲོ་ཀུན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པས། དབེན་པའི་གནས་སུ་ལྷ་གཅིག་གི་འཚེངས་པ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སྨྱུང་གནས་ཆོ་ག་དང་འབྲེལ་བར་ཉམས་སུ་ལེན་པར་འདོད་པས། གནས་ཁང་བྱི་དོར་བྱ། སྐུ་གསུང་ཐུགས་ཀྱི་རྟེན་

p. 135

བཀྲམ། རས་བྲིས་ཀྱི་དཀྱིལ་འཁོར་རམ་མ་འབྱོར་ན་མཎྜལ་སོགས་སྟེགས་ཀྱི་ཁར་འབྲུའི་ཚོམ་བུ་ལྔ་བཀོད། ལྷའི་དཀྱིལ་འཁོར་དུ་བསམ་མོ་བུམ་པ་མཆོད་གཏོར་སོགས་མཐོང་བརྒྱུད་ཕྱུག་ལེན་ལྟར་བཤམས། ཆོ་ག་དངོས་ལ། ཐོག་མར་སྔ་བར་ལངས་ནས་ཁྲུས་བྱ། ལག་གཉིས་ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་སྙིང་གར་བཞག་པ་པདྨའི་རིགས་ཀྱི་ཕྱག་རྒྱ་བཅིངས་ནས། ཨོཾ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི་ཞབས་ལ་ཕྱག་བྱས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་པྲ་ན་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བྷན་དྷ་ན་ཀ་རོ་མི། ཞེས་བརྗོད། ལུས་འབུལ་བར་བསམ་ལ།

p. 136

ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ལུས་འབུལ། །སངས་རྒྱས་བྱང་སེམས་རྣམས་ཀྱིས་ལུས་བཞེས་ནས། །བདག་ལ་དངོས་གྲུབ་བླ་མེད་སྩལ་དུ་གསོལ། །ཞེས་བརྗོད། སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་དང་། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །

p. 137

བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། གསོ་སྦྱོང་ཐོག་མར་བླ་མའི་དྲུང་དུ་ལེན་པ་ནི། བླ་མ་ལ་ཕྱག་གསུམ་བཙལ་མདུན་དུ་གུས་པས་འདུག །མཎྜལ་ཕུལ་རྗེས་བླ་མའི་རྗེས་སུ་ཟླ་བའི་སྒོ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། །གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་

p. 138

དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། །ལན་གསུམ་གྱི་རྗེས་སུ་བླ་མས་ཐབས་ཡིནནོ། །ཞེས་གསུངས་པ་ལ། ལེགས་སོ། ཞེས་བརྗོད། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི།

p. 139

སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤོང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་འཁྲུག་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་པར་ཤོག །ཅེས་རྗེས་ཟློས་བྱ། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་གསུམ་བླ་མས་རྗེས་ཟློས་ཀྱིས་སྣ་དྲངས་ཏེ་ཉེར་གཅིག་བཟླས་རྗེས། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱས་ལ། དེ་ནས་རྟེན་གྱི་དྲུང་ནས་ལེན་ཚུལ་ནི། སློབ་དཔོན་དགོངས་སུ་གསོལ་དང་ཐབས་ལེགས་འཇོག་པ་མ་གཏོགས་གཞན་རྣམས་སྔར་བཞིན་བྱ། ཐུབ་བའི་དབང་པོ་རྗེ་བཙུན་སྤྱན་རས་གཟིགས། །དཔལ་ལྡན་དཔལ་མོ་ཟླ་བ་གཞོན་ནུའི་ཞབས། །མཁས་གྲུབ་ཡེ་

p. 140

ཤེས་བཟང་དང་པེ་ཉ་བ། །ཟླ་བ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །གྲུབ་ཐོབ་ཉི་ཕུག་པ་དང་རྡོ་རྗེ་རྒྱལ། །མཁས་བཙུན་དགྲ་འཇིགས་ཞབས་དང་རྩེ་འདུལ་བ། བྱང་སེམས་བདེ་ཅན་པ་དང་ཆུ་བཟང་པ། །རིན་ཆེན་ཤེར་འབུམ་རྣམས་ལ་གསོལ་བ་འདེབས། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །ཀུན་མཁྱེན་ཤེས་རབ་དཔལ་དང་ཚུལ་ཁྲིམས་མཚན། །ཡོན་ཏན་རིན་ཆེན་སངས་རྒྱས་རྒྱ་མཚོའི་ཞབས། །སྐྱབས་མཆོག་དཔལ་མངའ་རྣམས་ལ་གསོལ་བ་འདེབས། །གངས་ཅན་གྲུབ་མཆོག་རྒྱལ་བ་དབེན་ས་བ། །བུདྡྷ་ཛྙཱ་ན་བློ་བཟང་ཆོས་ཀྱི་རྒྱན། །དཀོན་མཆོག་རྒྱལ་མཚན་དམ་ཚིག་རྡོ་རྗེ་སྟེ། །མཁས་གྲུབ་དམ་པ་རྣམས་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མ་བློ་བཟང་ཡེ་ཤེས་ཞབས། །སྤྲུལ་སྐུ་ལྷ་པ་རིག་གྲོལ་འདུས་པའི་གཙོ། །ཡེ་ཤེས་དཔལ་མངའ་མཁས་དང་གྲུབ་པའི་རྗེ། །དྲིན་ཅན་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་བཟང་རྣམ་འདྲེན་རྒྱལ་བ་ཀུན་གྱི་དངོས། །ངག་གི་དབང་ཕྱུག་བྱམས་དང་སྙིང་རྗེའི་གཏེར། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ལ། །སྙིང་གི་ཁོང་ནས་གུས་པས་

p. 141

གསོལ་བ་འདེབས། །བསྟན་པའི་གསལ་བྱེད་ཡེ་ཤེས་རྒྱལ་མཚན་དཔལ། །ལུང་རྟོགས་མངའ་བདག་ཡེ་ཤེས་ཆོས་བཟང་དང་། །བཀའ་དྲིན་མཉམ་མེད་བྱམས་པ་ཆོས་དར་ཞབས། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །ཁྱབ་བདག་འཁོར་ལོའི་མགོན་པོ་ཐུགས་རྗེ་ཅན། །ཉིད་སྐུའི་ཆ་ཤས་ལྷ་ལམ་ཡོངས་གང་བའི། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱི། །རྟེན་དང་བརྟེན་པར་ཤར་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པས་བྱང་ཆུབ་སྙིང་པོའི་བར། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །དྲི་མེད་རྣམ་ཐར་ཇི་བཞིན་འཛིན་པ་ལ། །རྟག་ཏུ་ངུ་དང་ནོར་བཟང་ལྟ་བུར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །མཆོད་པ་བྱིན་རླབས་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བར་གྱུར། །ཨོཾ་པདྨནྟ་ཀྲི་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ། མཆོད་རྫས་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་

p. 142

པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི། །སྣོད་རྣམས་ནང་དུ་ཨོཾ་ཡིག་ཞུ་བ་ལས། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས། །རང་བཞིན་སྟོང་པ་རྣམ་པ་མཆོད་པའི་རྫས། །བྱེད་ལས་ཟག་མེད་བདེ་སྟོང་མཆོད་སྤྲིན་གྱིས། །ས་དང་བར་སྣང་ནམ་མཁའི་ཁྱོན་གང་གྱུར། །ཨོཾ་ཨརྒྷཾ་ཨཱཿཧཱུྃ། ༀ་པཱ་ཏྱཾ་ཨཱཿཧཱུྃ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་གནྡྷེ་ཨཱཿཧཱུཾ། ཨོཾ་ནཻ་ཝིདྱ་ཨཱཿཧཱུཾ། ༀཤ་བྡ་ཨཱཿཧཱུྃ། ཞེས་པས་བརླབས་ཏེ། ཚོགས་ཞིང་སྨྱན་འདྲེན་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་ཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་དང་སྐྱབས་གནས་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཞུགས་གསོལནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་

p. 143

ནི། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་དུས་མདུན་གྱི་ནམ་མཁར་བཞུགས་པར་བསམ༔ དེ་ནས་ཡན་ལག་བདུན་པའི་དང་པོ་ཕྱག་གི་ཡན་ལག་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་སྒྱུར་

p. 144

བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཌཱ་ཀིའི་གཙོ་མོ་ལ་ཀྵིཾ་ཀཱ་རའི་ཞབས། །མངའ་རིས་པཎ་ཆེན་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་པོ་ཟླ་བ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་ཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་

p. 145

འདུན་ལ་ཡང་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱའི་འོད་ལ་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་ན་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་བསགས་པ། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །འཕགས་པ་སེང་གེའི་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་

p. 146

ཐུགས་རྗེ་མི་གཤོལ་དང་། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྟོབས་པོ་ཆེ་དང་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་བ་ཅན། །གདུལ་དཀའ་པོ་དག་འདུལ་བ་པོ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བརྗོད། མཆོད་པའི་ཡན་ལག་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་བྱུང་བའི་མཆོད་པའི་ལྷ་མོ་མང་པོས་མཆོད་པར་གྱུར། ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། །ཞེས་བརྗོད། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་

p. 147

མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །སྤྲོ་ནམཎྜལ་རྒྱས་བསྡུས་སྐབས་དང་སྦྱར་ནས་འབུལ། བཤགས་པའི་ཡན་ལག་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །སྤྲོ་ན་ལྟུང་བཤགས་དང་བླ་མ་རྡོ་རྗེ་འཛིན་པ་ཡན་འདོན། རྗེས་སུ་ཡི་རང་གི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། །ཆོས་འཁོར་བསྐོར་བའི་ཡན་ལག་ནི། གང་རྣམས་ཕྱོགས་

p. 148

བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཚད་མེད་བཞི་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཞེས་པ་ལན་གསུམ། ཚོགས་ཞིང་

p. 149

རྣམས་རང་གནས་སུ་གཤེགས་པར་གྱུར། །བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་རྣམས་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཡིག་དྲུག་སྒྲ་དབྱངས་གྲགས། །རང་སེམས་དཀར་གསལ་ཟླ་བར་གསལ་བ་ལས། །སྟེང་དུ་ཡིག་གེ་དྲུག་མ་གཟུགས་སུ་ཤར། །ཟླ་བ་ཡིག་དྲུག་ཡོངས་སུ་གྱུར་པ་ལས། །པདྨ་འདབ་སྟོང་ལྟེ་བར་ཡིག་དྲུག་མཚན། །དེ་ལས་འོད་འཕྲོས་འཕགས་པའི་སྐུ་ཡང་སྤྲོས། །རྒྱལ་བ་མཆོད་ཅིང་འགྲོ་བའི་དོན་ཡང་མཛད། །དེ་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རང་ཉིད་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། །རྩ་བའི་ཞལ་དཀར་གཡས་ལྗང་གཡོན་པ་དམར། །དེ་སྟེང་དབུས་ལྗང་གཡས་དམར་གཡོན་པ་དཀར། །དེ་སྟེང་དབུས་དམར་གཡས་དཀར་གཡོན་པ་ལྗང་། །དེ་སྟེང་ཁྲོ་ཞལ་སྤྱན་གསུམ་དབུ་རལ་དམར། །དེ་སྟེང་ཞི་ཞལ་དམར་པོ་གཙུག་ཏོར་ཅན། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་ཀྱི་གཉིས་པས་ཤེལ་དཀར་ཕྲེང་བ་བསྣམས། །གསུམ་པ་མཆོག་སྦྱིན་བཞི་པས་འཁོར་ལོ་འཛིན། །

p. 150

གཡོན་གྱི་གཉིས་པས་གསེར་གྱི་པདྨ་བསྣམས། །གསུམ་པས་སྤྱི་བླུག་བཞི་པས་མདའ་གཞུ་འཛིན། །ལྷག་མ་དགུ་བརྒྱ་དགུ་བཅུ་གོ་གཉིས་པོ། །མཆོག་སྦྱིན་ཕྱག་རྒྱ་ཕྱག་མཐིལ་སྤྱན་གྱིས་མཛེས། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ། །རས་བཟང་ཤམ་ཐབས་སྐྱ་རགས་ནོར་བུས་སྤྲས། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཞབས་གཉིས་མཉམ་པར་པད་ཟླའི་སྟེང་ན་བཞེངས། །སྐུ་ལས་འོད་ཟེར་དཀར་པོ་འཕྲོ་བར་གྱུར། །དེ་ཡི་ཐུགས་ཀར་ཟླ་སྟེང་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་པདྨ་བསྣམས། །དེ་ཡི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་ཡིག་སྔོན་པོས་མཚན་པར་གྱུར། །ཨོཾ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། །ཞེས་བརྗོད་ནས་སྔར་བཤད་པའི་པདྨའི་རིགས་ཀྱི་ཕྱག་རྒྱས་སྙིང་ག་དང་། སྨིན་མཚམས་དང་། མགྲིན་པ་དང་། དཔུང་མགོ་རྣམས་སུ་རེག་ཅིང་བྱིན་གྱིས་བརླབས་པར་མོས། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། །རང་བཞིན་གནས་ནས་སྤྱན་རས་གཟིགས་དབང་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱིས། །བསྐོར་བ་སྤྱན་དྲངས་རང་དང་

p. 151

དབྱེར་མེད་གྱུར། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་རིགས་ལྔས་དབུ་བརྒྱན་གྱུར། །མཆོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་བྱུང་བའི། །མཆོད་པའི་ལྷ་མོ་མང་པོས་མཆོད་པར་གྱུར། །ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། བསྟོད་པ་ནི། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། བགྲང་ཕྲེང་བྱིན་རླབས་ནི། ཐལ་མོ་སྙིང་གར་སྦྱར་ནས། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་པྲ་ན་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བྷན་དྷ་ན་ཀ་རོ་མི། །ཞེས་བླ་མ་དང་ལྷ་ལ་ཕྱག་བྱས་ནས་ཕྲེང་བ་སྙིམ་པར་བཅུག་སྟེ། ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་བཟླས་ནས་བྱིན་གྱིས་བརླབས། བཟླས་དམིགས་ནི། རང་གི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར། །སྔགས་ཕྲེང་གཡས་སུ་བསྐོར་ལས་འོད་ཟེར་འཕྲོས། །རང་ལུས་ནང་གང་སྡིག་སྒྲིབ་ཐམས་ཅད་སྦྱངས། །ཕྱིར་འཕྲོས་འཕགས་པའི་སྐུ་ཡང་དཔག་མེད་སྤྲོས། །འགྲོ་བའི་སྒྲིབ་སྦྱངས་འཕགས་

p. 152

པའི་གོ་འཕང་ལ། །བཀོད་ནས་འོད་ཟེར་སྐུ་རྣམས་ཚུར་འདུས་ཏེ། །སླར་ཡང་ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན། བྱཱུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ནམ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ༈ ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཥྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། སི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ནཱ་ཡ་སྭཱ་ཧཱ། ཞེས་གཟུངས་རིང་གཅིག་གིས་སྣ་དྲངས། སྙིང་པོ་བརྒྱ་དང་བདུན་རེ། བརྒྱ་རྩ་བརྒྱད་བཟླས་མཐར། ཡིག་བརྒྱ་ཡང་བརྗོད། མདུན་བསྐྱེད་ནི། ༀ་སྭཱ་བྷཱ༴ཧཱཾ། དཀྱིལ་༢ཁོར་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བྷཱུཾ་ཡིག་ལས་བྱུང་བའི། །པདྨ་སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ། །སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབ་བཞི་དང་བཅས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས། །སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་རུ། །རིན་ཆེན་ཁྲི་སྟེང་སྣ་ཚོགས་པད་ཟླའི་

p. 153

གདན། །ཕྱོགས་བཞིའི་འདབ་མ་རེ་ལ་ཟླ་གདན་རེ། །དབུས་ཀྱི་གདན་ལ་ཧྲཱིཿདཀར་ལས་བྱུང་བའི། །པདྨའི་ལྟེ་བར་ཧྲཱིཿ་ཡིས་མཚན་པ་ལས། །འོད་འཕྲོས་འཕགས་པ་མཆོད་ཅིང་འགྲོ་དོན་མཛད། །དེ་རྣམས་ཚུར་འདུས་ཡོངས་སུ་གྱུར་པ་ལས། །འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། །རྩ་བའི་ཞལ་དཀར་གཡས་ལྗང་གཡོན་པ་དམར། །ཞེས་པ་ནས་དེ་ཡི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་དཀར། །ཞེས་པ་ཡན་ཆད་སྔར་བཞིན་བརྗོད། ཤར་གྱི་གདན་ལ་ཧཱུྃ་ལས་མི་བསྐྱོད་སྔོ། །ཕྱག་གཡས་ས་གནོན་གཡོན་པ་མཉམ་བཞག་མཛད། །ལྷོ་ཡི་གདན་ལ་ཏྲཱཾ་ལས་རིན་འབྱུང་སེར། །ཕྱག་གཡས་མཆོད་སྦྱིན་གཡོན་པ་མཉམ་བཞག་མཛད། །ནུབ་ཀྱི་གདན་ལ་ཨོཾ་ལས་རྣམ་སྣང་དཀར། །ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །བྱང་གི་གདན་ལ་ཨཱཿལས་དོན་གྲུབ་ལྗང་། །ཕྱག་གཡས་སྐྱབས་སྦྱིན་གཡོན་པ་མཉམ་བཞག་མཛད། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །གཙོ་བོའི་

p. 154

ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས། །འོད་འཕྲོས་པོ་ཏ་ལ་ནས་སྤྱན་རས་གཟིགས། །འཁོར་བཅས་སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །སླར་ཡང་དབང་གི་ལྷ་རྣམས་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་རིགས་ལྔས་དབུ་བརྒྱན་གྱུར། །མཆོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་ལས་བྱུང་བའི། །མཆོད་པའི་ལྷ་མོ་མང་པོས་མཆོད་པར་གྱུར། །རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཚོགས་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཞེས་པའི་བར་བརྗོད། བསྟོད་པ་ནི། ཕྱག་སྟོང་འཁོར་ལོས་ཞེས་པ་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །བུམ་སྒྲུབ་ནི། བདག་མདུན་གཉིས་ཀྱི་ལྷ་ཡི་ཕྱག་མཛུབ་ལས། །བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། །ཅེས་གཟུངས་རིང་བརྒྱ་རྩ་བརྒྱད་བཟླས།

p. 155

ཡིག་བརྒྱ་ཡང་བརྗོད། དེ་ནས་པོ་བསྟོད་ནི། རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །དགེ་སློང་དཔལ་མོ་རབ་བྱུང་ཆ་བྱད་ཅན། །ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །ངོ་ཆེན་བསྟོད་པ་བྱེད་གྲོགས་མཛད་པར་གྱུར། །ཨོཾ་བླ་མ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོད་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་པ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་དང་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་

p. 156

དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་པ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་སྐྱེས་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །ཚོགས་གཉིས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་པ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཚོགས་ཀུན་

p. 157

ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རེངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པ་འམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་ཕྱག་དང་བཅས་པོ་བསྟོད་ཉེར་གཅིག་བྱའོ། །འདོད་གསོལ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་དང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་དྲངས་དུ་གསོལ། །འོད་

p. 158

དཔག་མེད་དང་སྤྱན་རས་གཟིག་དབང་གིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ལ་བཞག་ཏུ་གསོལ། །ཞེས་གདུངས་ཤུགས་དྲག་པོས་གསོལ་བ་གདབ། ཀ་དག་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུར་བཞེངས། །ཁ་དོག་རབ་དཀར་འཕགས་མཆོག་སྤྱན་རས་གཟིགས། །ག་རུ་བཞུགས་ཀྱང་སྐད་ཅིག་ཡུད་ཙམ་ལ། །ང་ཡི་མདུན་གྱི་ནམ་མཁར་གཤེགས་སུ་གསོལ། །ཅ་ཅོའི་གཏམ་དང་ལྟོ་གོས་བློ་ཡིས་བཏང་། །ཆ་རྒྱུས་སྔོན་མེད་རི་སུལ་ཉམས་དགའ་རུ། །ཇ་ཕུད་སོགས་མཆོད་སྙིང་ནས་གསོལ་བཏབ་ཚེ། །ཉ་རྒྱས་ཟླ་ལྟར་ཞལ་སྟོན་སྤྱན་རས་གཟིགས། །ཏ་ལའི་ཤིང་སོགས་རྒྱས་པའི་ནགས་ཁྲོད་སོགས། །ཐ་མལ་རྣམ་གཡེང་མེད་པའི་གནས་རྣམས་སུ། །ད་ལྟ་དམ་ཆོས་སྒྲུབ་དུས་སྒྱུ་ལུས་ལ། །ན་ཟུག་མེད་པར་མཛོད་ཅིག་སྤྱན་རས་གཟིགས། །པ་སངས་ལྟར་དཀར་བསམ་པས་ཀུན་བསླངས་ཏེ། །ཕ་ཡུལ་སྤངས་ནས་དབེན་པའི་དགའ་ཚལ་དུ། །བ་སྤུ་གཡོ་བཞིན་གསོལ་བ་བཏབ་པའི་དུས། །མ་ལྟར་བརྩེ་བས་སྐྱོངས་ཤིག་སྤྱན་

p. 159

རས་གཟིགས། །ཙ་རི་ལ་སོགས་རི་ཁྲོད་གང་བཟང་དུ། །ཚ་གྲང་ཁྱད་བསད་གང་ཤེས་རྒྱུན་ཆད་མེད། །ཛ་ཧུའི་རྒྱུན་ལྟར་བསྒོམ་དུས་མཐུན་རྐྱེན་རྣམས། །ཝ་བཙུགས་ཆུ་ལྟར་སྩོལ་ཅིག་སྤྱན་རས་གཟིགས། །ཞ་ལོང་འོན་ལྐུགས་བྲན་བཞིན་དམན་ས་བཟུང་། །ཟ་མ་ངན་ངོན་ཟོས་ནས་རིར་སྡོད་དུས། །འ་འུར་ལྷ་འདྲེའི་འཇིགས་སྣང་ཅི་བྱུང་རྣམས། །ཡ་མཚན་སྣང་བར་སྒྱུར་ཅིག་སྤྱན་རས་གཟིགས། །རྭ་ཅན་ཤ་འབྲོང་སོགས་གནས་རི་ཁྲོད་ནས། །ལྭ་བེམ་གོས་སུ་གྱོན་ནས་ཉིན་མཚན་དུ། །ཤ་ཐང་བསྐྱེད་ནས་བསྒྲུབ་ལ་གཞོལ་བའི་ཚེ། །ས་ལམ་ཐོབ་པར་མཛོད་ཅིག་སྤྱན་རས་གཟིགས། །ཧ་ལའི་དུག་ཟོས་མི་བཞིན་སྡུག་མྱོང་བའི། །ཨ་མའི་གཙོ་བྱས་འགྲོ་ཀུན་འཁོར་བ་ལས། །སྒྲོལ་ལ་བདག་ནི་མྱུར་དུ་མགོན་ཁྱོད་དང་། །མཚུངས་པར་བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །གཏོར་མར་ཆབ་བྲན་ལ། ཨོཾ་པདྨནྟ་ཀྲི་ཧཱུྃ་ཕཊ། ཨོཾ་སྭཱ་བྷཱ༴ཧཾ། གཏོར་མ་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི། །སྣོད་དུ་ཨོཾ་ཡིག་འོད་དུ་ཞུ་བ་ལས། །གཏོར་མ་ཟག་མེད་བདུད་རྩིའི་

p. 160

རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། ༀ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་འབུལ་བས། །བཞེས་ནས་བདག་དང་འགྲོ་དྲུག་སེམས་ཅན་ལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། དཀར་ཕྱོགས་སྐྱོང་མཛད་མཁའ་འགྲོ་ཆོས་སྐྱོང་རྣམས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བསྟན་དར་འགྲོ་ཀུན་བདེ་དང་ལྡན་པ་དང་། །བདག་སོགས་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། །ཞེས་ལན་གསུམ། གཞི་བདག་ལ་སོགས་མཐུ་ལྡན་སྡེ་བརྒྱད་རྣམས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། བསྟན་དར་བདག་སོགས་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་ལྡན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །གཞན་ཡང་གཏོར་བསྔོ་གང་དགོས་རྣམས་སྐབས་འདིར་བྱའོ། །དེ་ནས་ལྷ་ལ་ཁྲུས་གསོལ་ནི། དངོས་སུ་མེ་ལོང་ལ་གཟུགས་བརྙན་ཤར་བར་བུམ་པའི་ཆུས་ཁྲུས་གསོལ་ནས།

p. 161

འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ༴ཤྲི་ཡེ་ཨཱཿ་ཧཱུཾ། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། ཞེས་པ་དང་། གཞན་ཡང་ཚིགས་བཅད་ཅི་རིགས་བྱ། དེ་ནས་སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། ནས། དྷ་ན་ཡེ་སྭཱ་ཧཱ། ཞེས་པའི་བར་བརྗོད། གོས་འབུལ་བ་ནི། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །རྒྱན་འབུལ་ནི། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་པས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་

p. 162

བསྔལ་མང་གཟིར་མྱུར་སྒྲོལ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིག་བཟང་བློ་གསལ་ང་རྒྱལ་མེད་པ་དང་། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །སྤྱན་རས་གཟིགས་དབང་དམ་ཚིག་ལ་གནས་ཤོག །ཞེས་པ་དང་། སྤྱན་རས་གཟིགས་མགོན་ཁྱེད་སྐུ་ཅི་འདྲ་དང་། །ཞེས་པ་དང་། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །སོགས་ཅི་རིགས་འདོན། བཟོད་གསོལ་ནི། བཅོམ་ལྡན་ཐུགས་རྗེ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་བྱིང་རྨུགས་འཕྲོ་རྒོད་དབང་དུ་སོང་། །ཏིང་འཛིན་མི་གསལ་སྔགས་མ་དག་པ་དང་། །ལྷག་ཆད་འགལ་འཁྲུལ་ཅི་མཆིས་བཟོད་པར་གསོལ། །ཡིག་བརྒྱ་ལན་གསུམ། རང་ཁྲུས་བྱ་བ་ནི། འཕགས་པ་གཙོ་འཁོར་མདུན་གྱི་ནམ་མཁར་བྱོན། །སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་པས། །རང་གཞན་ནད་གདོན་སྡིག་སྒྲིབ་བག་ཆགས་བཅས། །ལྷག་མ་མེད་པར་མྱུར་དུ་དག་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། ཅི་མང་བཟླ་ཞིང་ཁྲུས་བྱ། ལན་གསུམ་འཐུང་། ཉོན་སྒྲིབ་དང་ཤེས་སྒྲིབ་དག་ནས་སྐྱེ་མེད་ཆོས་སྐུ་རྟོགས་པར་བསམ། སྨྱུང་གནས་དངོས་གཞིའི་ཉིན་ཁྲུས་བྱ། ཁོག་ཏུ་མི་འཐུང་། དགེ་བ་འདི་ཡིས་མྱུར་དུ་བདག །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་ཅི་རིགས་

p. 163

བྱ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག །སྦྱོར་བ་དང་དངོས་གཞིའི་ཉིན་ཐུན་གསུམ་བྱ། ཆོ་ག་གསུམ་གཏོང་དགོས། ཐུན་དང་པོ་གཉིས་ལ་གསོ་སྦྱོང་ལེན། ཐུན་གཞན་དང་གྲོལ་རྒྱུའི་ཉིན་གསོ་སྦྱོང་བཞག་ལ་གཞན་རྣམས་སྔར་བཞིན་འདོན། གྲོལ་བའི་ཉིན་དཀྱིལ་འཁོར་བསྡུ་བ་ནི། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན༴བཛྲ་ཡེ་སྭཱ་ཧཱ། ཞེས་པས་བརྟན་བཞུགས་བྱ། མེད་ན། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༴བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་མཁའ་ལ་འཇའ་ལྟར་ཡལ། །སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་རུ་བཞེངས་པར་གྱུར། །བསྔོ་སྨོན་ནི། འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་མ་ལུས་འདྲེན་པར་ཤོག །དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ཅན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ། །བསྒོམ་བཟླས་མཆོད་བསྟོད་སྨྱུང་བར་གནས་པ་སོགས། །དགེ་བའི་བྱ་བ་ཅུང་ཟད་བསྒྲུབས་པ་ཡི། །མཐུ་ལ་བརྟེན་ནས་

p. 164

བདག་དང་འགྲོ་བ་ཀུན། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །བདག་གཞན་སེམས་ཅན་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ཚང་བའི་མི་ཡི་ལུས་ཐོབ་ནས། མཚན་ལྡན་བླ་མ་དམ་པའི་ཞབས་དྲུང་དུ། །སྐྱེས་བུ་གསུམ་སོགས་ལམ་གྱི་རིམ་པ་ཡིས། །རྒྱུད་སྦྱངས་སྒོ་གསུམ་སྡིག་སྒྲིབ་ཀུན་དག་ནས། །རྡོ་རྗེ་ཐེག་པའི་སྣོད་དུ་འགྱུར་བར་ཤོག །བཅོས་མིན་ངེས་པར་འབྱུང་བའི་བློས་བསྐུལ་ནས། །ཐབས་དང་ཤེས་རབ་བྱང་ཆུབ་སེམས་བསྒོམ་སྟེ། །མྱུར་དུ་འཕགས་པའི་གོ་འཕང་ཐོབ་གྱུར་ནས། །འགྲོ་བ་དྲུག་སོགས་སེམས་ཅན་མ་ལུས་པ། །གནས་ངན་ལས་དྲངས་སངས་རྒྱས་སར་འགོད་ཤོག །སྐྱེ་བ་ཀུན་ཏུ་འཕགས་མཆོག་སྤྱན་རས་གཟིགས། །ལྷག་པའི་ལྷར་གྱུར་རྗེས་སུ་རབ་བཟུང་ནས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །ཡང་དག་ལམ་ལ་མྱུར་དུ་འདྲེན་བྱེད་པའི། །དེད་དཔོན་ཆེན་པོར་བདག་ཉིད་གྱུར་ནས་ཀྱང་། །པོ་ཏ་ལ་རུ་འགྲོ་ཀུན་འདྲེན་པར་ཤོག །སྐྱབས་མཆོག་ཚོགས་དྲུག་རང་གྲོལ་གྱིས། །མཛད་པའི་བདེ་གཤེགས་ལམ་བཟང་གི །སྨོན་ལམ་རིན་ཆེན་ཐེམ་སྐས་འདི། །འགའ་རེས་ནན་ཆེར་བསྐུལ་བའི་ངོར། །བློ་བཟང་བྱམས་པ་

p. 165

ཆོས་འཕེལ་གྱིས། རང་ལོ་བཅུ་བདུན་སྟེང་ནས་བྲིས། བཀྲ་ཤིས་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །རང་གཞན་འགྲོ་ཀུན་གནས་སྐབས་མཐར་ཐུག་གི །དོན་རྣམས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་བསྔོ་སྨོན་ཤིས་བརྗོད་གང་ཤེས་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ཉམས་སུ་ལེན་པའི་ཤ་ཆང་སྒོག་བཙོང་ལ་ཕུག་ཏིལ་སྲན་མས་སྦགས་པ་སོགས་མི་བཟའ། དཀར་གསུམ་མངར་གསུམ་སོགས་བརྟེན། ཟས་གདན་གཅིག་བྱ། སྣོད་འཁར་བ་དང་། ལོ་མ་དང་། ལག་མཐིལ་རྣམས་སུ་མི་བཟའ། ཕྱི་དྲོ་ཇ་བུ་རམ་སྦྲ་རྩི་མ་གཏོགས་ཞོ་འོ་མ་དང་། ཤིང་ཏོག་གི་རིགས་སོགས་འདུལ་བར་དུས་རུང་གི་ཟས་སུ་གསུངས་པ་རྣམས་ཀྱང་མི་ཟ། དངོས་གཞིའི་ཉིན་ཐོ་རེངས་ནས་བཟུང་སྟེ་སྨྲ་བ་བཅད། འབྲུ་ཉག་གཅིག་གམ། ཆུ་ཐིགས་ཙམ་གྱི་བཟའ་བཏུང་མི་བྱ། བཟླས་པའི་སྐབས་སུ་གཉིད་དང་ཐ་མལ་གྱི་གཏམ་དང་། བག་མེད་པར་ལྷ་གཞན་གྱི་བཟླས་པ་སོགས་མི་བྱའོ། དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་ནི། ཐུགས་རྗེ་ཆེན་པོའི་རྒྱུད་ལས། གང་ལ་ལ་ཞིག་ཆོ་ག་བཞིན་སྦྱོར་བར་བགྱི་ན། དེ་དག་གི་སུག་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལགས་སོ། །གསུངས། སྨྱུང་གནས་ལན་གཅིག་བསྲུངས་པའི་ཕན་ཡོན་ནི། རྒྱུད་དེ་ཉིད་ལས། སུ་ཞིག་བདག་གི་སླད་དུ་ཚེས་བཅུ་བཞིའམ། བཅོ་ལྔ་ལ་སྨྱུང་གནས་བགྱིས་ན་དེ་བསྐལ་པ་བཞི་ཁྲིའི་

p. 166

འཁོར་བ་ཕྱིར་བསྙིལ་བར་འགྱུར་ལགས་སོ། །གསུངས། གཟུངས་ཚར་གཅིག་བརྗོད་པའི་ཕན་ཡོན་ནི། རྒྱུད་དེ་ཉིད་ལས། ལན་གཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་བྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་དག་ཀྱང་མ་ལུས་པ་བྱང་བར་འགྱུར། །གསུངས། ལན་བརྒྱ་རྩ་བརྒྱད་བཟླས་པའི་ཕན་ཡོན་ནི། ཐུགས་རྗེ་ཆེན་པོའི་ཆོ་ག་ཞིབ་མོ་ལས། གཟུངས་སྔགས་འདི་ཡང་ལན་གཅིག་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་ལྔ་ལ་སོགས་ལས་ཀྱི་སྒྲིབ་པ་མི་དགེ་བ་ཇི་སྙེད་མཆིས་པ་ཐམས་ཅད་བྱང་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་ཐོབ་བོ། །འོད་ཟེར་གྱི་དབང་བསྐུར་བའི་སྟོབས་ཀྱང་ཐོབ་བོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས། ཐ་ན་སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་ཙམ་བརྗོད་པའི་ཕན་ཡོན་ནི། ཐུགས་རྗེ་ཆེན་པོའི་རྒྱུད་ལས། བཅོམ་ལྡན་འདས་བདག་གི་མིང་འཛིན་པ་ནི་དོན་མཆིས་ཏེ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་བས་ལྷག་གོ །བདག་གི་མིང་འཛིན་པའི་སེམས་ཅན་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར། བྲོ་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། སྒྲིབ་པ་ཐམས་ཅད་དང་ལུས་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ལགས་སོ། ཞེས་དང་། དམ་ཆོས་པད་དཀར་ལས། སངས་རྒྱས་གངྒའི་ཀླུང་གི་བྱེ་མ་སྙེད་རྡུལ་གྱི་

p. 167

གྲངས་དང་མཉམ་པ་ལ་མཆོད་ཅིང་བསྙེན་པ་དང་། སྤྱད་རས་གཟིགས་ཀྱི་མཚན་ཙམ་འཛིན་པ་དང་ལན་གཅིག་ཙམ་ཕྱག་བྱས་པ་ཕན་ཡོན་མཉམ་པར་གསུངས་གཞན་ཡང་སྨྱུང་གནས་ཀྱི་བསྙེན་ཚད་སོང་བའི་གང་ཟག་དེ་རི་དེ་ཡི་རྩེ་མོར་ཕྱིན་ན། རླུང་ཕོག་ཚད་ཀྱི་སེམས་ཅན་ལ་ངན་འགྲོ་མེད། དེ་བཞིན་དུ་ཆུ་བོ་ལ་བརྒལ་ཚད་ཆུ་འཐུང་ཚད་དང་ལུས་ཀྱི་གྲིབ་མ་ཕོག་ཚད་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ངན་འགྲོ་མེད། ཅེས་དམ་པ་གོང་མ་རྣམས་ཀྱིས་གསུངས། དེས་ན་ཡི་དམ་གྱི་ལྷ་ཁྱད་པར་ཅན་འདི་བསྒོམ་བཟླས་ལ་བརྩོན་པར་བྱས་ན། འདི་ཁོ་ན་རང་གིས་འཚང་རྒྱ་བར་འགྱུར་རོ། །སྨྲས་པ། གཅིག་ཆོག་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས། །བསྙེན་པའི་ཆོ་ག་བདེ་གཤེགས་ལམ་བཟང་ལ། །བརྟེན་ནས་སྐལ་བཟང་སྐྱེ་བོ་མ་ལུས་པ། །མྱུར་དུ་སངས་རྒྱས་ས་རུ་ཕྱིན་པར་ཤོག །ཅེས་སྨྱུང་གནས་ཆོ་ག་བདེ་གཤེགས་ལམ་བཟང་འདི་ནི་ཆོས་མཐུན་གྱི་སློབ་མ་མང་པོས་སྨྱུང་གནས་ཀྱི་ཆོ་ག་ཚིག་ཉུང་དོན་འདུས་ཤིག་དགོས་ཞེས་བསྐུལ་ངོར། ༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རིའི་རྫུ་འཕྲུལ་ཕུག་ནས་སྦྱར་བའོ།། །།སརྦ་མངྒ་ལཾ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་སྣང་གིས། །མ་རིག་གཉིད་སངས་ཕན་བདེའི་སྣང་བ་རྒྱས། །འགྲོ་དྲུག་ཐར་པའི་ལམ་དུ་འཁྲིད་མཛད་པ། །གྲུབ་དབང་སྐྱབས་མཆོག་ཞལ་གྱི་བུམ་བཟང་ལས། །ཐོན་པའི་ཆོ་ག་བདེ་གཤེགས་ལམ་བཟང་འདི། །འགྲོ་བའི་དོན་དུ་པར་དུ་བསྐྲུན་པ་པོ། །ལྷ་རྗེ་དགེ་སློང་འཇིགས་མེད་རྒྱ་མཚོ་དང་། །འབྲི་རྐོ་བྱེད་མཁན་

p. 168

ཧོར་ནག་དགེ་སློང་ཡིན། །དགེ་བའི་མཐུ་ལ་བརྟེན་ནས་བདག་གཞན་ཀུན། །རིང་མིན་རྣམ་མཁྱེན་ས་ལ་འཁོད་པར་ཤོག། །།

སྨྱུང་གནས་ཆོ་ག་ཐར་པའི་ཐེམ་སྐས།

p. 169

༄༅། །སྨྱུང་གནས་ཆོ་ག་ཐར་པའི་ཐེམ་སྐས་བཞུགས་སོ།།

p. 170

ན་མོ་ཨཱར་ལོ་ཀི་ཤྭ་ར་ཡ། ཕྱག་ན་པདྨ་དགེ་སློང་དཔལ་མོ་དང་། །ཟླ་བ་གཞོན་ནུ་ཡེ་ཤེས་བཟང་པོ་སོགས། །དངོས་དང་བརྒྱུད་པའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ཡང་གྲུབ་མཆོག་དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སྨྱུང་གནས་ཆོ་ག་དང་འབྲེལ་བར་ཉམས་སུ་ལེན་པར་འདོད་པས། མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་གནས་ཁང་བྱི་དོར་བྱ། སྐུ་གསུངཐུགས་རྟེན་བཀྲམ། དཀྱིལ་འཁོར་བུམ་པ་མཆོད་གཏོར་སོགས་གང་དགོས་ཅི་འབྱོར་བཤམས་ལ་ནངས་སྔ་བར་ལངས་ནས་ཁྲུས་བྱ། ལག་པ་ཐལ་མོ་ཁ་སྦྱར་བ་པདྨ་ཁ་ཕྱེ་བའི་

p. 171

ཚུལ་དུ་སྙིང་གར་བཞག་པ་པདྨའི་རིགས་ཀྱི་ཕྱག་རྒྱ་བྱས་ལ། ཨོཾ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕྱག་བྱ་བར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ད་བྷན་དྷ་ནཾ་ཀ་རོ་མི། ཞེས་བརྗོད། རང་ལུས་ཕུལ་བར་བསམ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདག་ལུས་འབུལ། །བཞེས་ནས་དངོས་གྲུབ་བླ་མེད་སྩལ་དུ་གསོལ། །ཞེས་བརྗོད། དེ་ནས་སྐྱབས་སེམས་ནི། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད། གསོ་སྦྱོང་ནི། རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ། ས་གཞི་སྤོས་ཀྱིས་མཎྜལ་ཕུལ་ལ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདག་ལ་

p. 172

དགོངས། །སྔོན་གྱི་རྒྱལ་བས་གསོ་སྦྱོང་མཛད་པ་བཞིན། །བདག་ཀྱང་སང་ཉིན་ཉི་མ་མ་ཤར་བར། །འགྲོ་ལ་ཕན་ཕྱིར་གསོ་སྦྱོང་བླང་བར་བགྱི། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་ཆང་ཁྲི་སྟན་ཆེ་མཐོ་དུས་མིན་ཟས། །དྲི་དང་རྒྱན་ཕྲེང་གླུ་གར་སྤང་བར་བྱ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨ་མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ཉེར་གཅིག་བརྗོད། ཚུལ་ཁྲིམས་བསླབ་པ་རྒྱུད་ལ་སྐྱེ་གྱུར་ཅིག །སྐྱེས་པ་མི་ཉམས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ། དེ་ནས་མཆོད་པ་བྱིན་རླབས་ནི། རང་ཉིད་སྤྱན་རས་གཟིགས་ཀྱི་སྐུ་རུ་གྱུར། །འོད་འཕྲོས་མཆོད་པའི་མ་དག་ཉེས་སྐྱོན་སྦྱངས། །བྷཱུཾ་ལས་རིན་པོ་ཆེ་ཡི་སྣོད་རྣམས་སུ། །ཨོཾ་ལས་མཆོད་པའི་ཚོགས་རྣམས་འབྱུང་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ལན་གསུམ། ཚོགས་ཞིང་སྤྱན་འདྲེན་ནི། རང་ལས་འོད་འཕྲོས་རྒྱལ་བ་སྲས་བཅས་རྣམས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །ཡན་ལག་བདུན་པ་ནི། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་

p. 173

པའི་མཆོད་པ་འབུལ། །མི་དགེ་སྡིག་པ་བྱས་ཚད་མཐོལ་ལོ་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང་། །ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །རྣམ་དཀར་དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཚད་མེད་བཞི་ནི། སེམས་ཅན་ཐམས་ཅད་བདེ་དང་བདེ་རྒྱུ་ལྡན། །སྡུག་བསྔལ་སྡུག་བསྔལ་རྒྱུ་དང་བྲལ་བར་ཤོག །སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང་། །ཆགས་སྡང་བྲལ་བའི་བཏང་སྙོམས་ལ་གནས་ཤོག །ཚོགས་ཞིང་ཐམས་ཅད་རང་གནས་གཤེགས་པར་གྱུར། །དེ་ནས་བདག་མདུན་བུམ་གསུམ་བསྐྱེད་པ་ནི། །ཨོཾ་སྭཱ་བྷཱ་ཝ་ཤུདྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུད་དྷོ྅་ཧཾཿ བདག་མདུན་བུམ་གསུམ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པད་ཟླའི་གདན་སྟེང་དུ། །རང་ཉིད་ཧྲཱིཿལས་འཕགས་པ་བཅུ་གཅིག་ཞལ། །ཕྱག་སྟོང་སྤྱན་སྟོང་ཞབས་གཉིས་བཞེངས་ནས་བཞུགས། །མདུན་དུ་བྷྲཱུཾ་ལས་གཞལ་ཡས་ཁང་གི་དབུས། །པདྨའི་ལྟེ་བར་ཧྲཱིཿལས་བཅུ་གཅིག་ཞལ། །ཕྱག་སྟོང་སྤྱན་སྟོང་ཞབས་གཉིས་བཞེངས་

p. 174

ནས་བཞུགས། །གཙོ་བོའི་ཕྱོགས་བཞིར་པདྨ་འདབ་བཞི་ལ། །ཧཱུཾ་ལས་མི་བསྐྱོད་ཏཱཾ་ལས་རིན་འབྱུང་དང་། །ཨོཾ་ལས་རྣམ་སྣང་ཨཱཿལས་དོན་གྲུབ་བཞུགས། །བུམ་པའི་ནང་དུ་ཧྲཱིཿལས་བཅུ་གཅིག་ཞལ། །ཕྱག་སྟོང་སྤྱན་སྟོང་ཞབས་གཉིས་བཞེངས་ནས་བཞུགས། །བདག་མདུན་བུམ་གསུམ་ལྷ་ཡི་ཐུགས་ཀ་རུ། །ཡེ་ཤེས་སེམས་དཔའ་འཕགས་པ་ཚོན་གང་གི །ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་ལ། །བཟླ་བྱའི་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། །གནས་གསུམ་འབྲུ་གསུམ་ཧྲཱིཿལས་འོད་འཕྲོས་ལྷ། །ཡེ་ཤེས་སྤྱན་དྲངས་དམ་ཚིག་སོ་སོར་ཐིམ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་རིགས་ལྔས་དབུ་བརྒྱན་གྱུར། །མཆོད་པ་ནི། རང་གི་ཐུགས་ཀའི་ཧྲཱིཿ ཡིག་ལས་བྱུང་བའི། །མཆོད་པའི་ལྷ་མོ་མང་པོས་མཆོད་པར་གྱུར། །ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏིཙྪ་སྭཱ་ཧཱ། བསྟོད་པ་ནི། འགྲོ་བ་ཡོངས་ལ་བུ་གཅིག་ལྟར་བརྩེ་བའི། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །བཟླས་དམིགས་ནི། རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་

p. 175

པ་སྦྱངས། །མདུན་བསྐྱེད་ལས་ཀྱང་འགྲོ་བའི་དོན་མཛད་ཅིང་། །བུམ་པའི་ལྷ་ལས་བདུད་རྩི་འབབ་པར་གྱུར། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན། བྱཱ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ༈ ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ་ཝ་རེ། ཨི་ལི་མི་ལི་ཙི་ཏི་ཛཱ་ལ་མ་པ་ནཱ་ཡ་སྭཱ་ཧཱ། ཞེས་པའི་གཟུངས་རིང་བརྒྱ་རྩ་བརྒྱད་བཟླས་མཐར་བུམ་ལྷ་ཡེ་ཤེས་པ་གཤེགས་དམ་ཚིག་པ། །འོད་ཞུ་བུམ་པའི་ཆུ་དང་དབྱེར་མེད་གྱུར། །དེ་ནས་པོ་བསྟོད་ནི། རང་གི་སྤྱི་གཙུག་པད་ཟླར་དགེ་སློང་མ། །དཔལ་མོ་བཞུགས་ནས་ངོ་ཆེན་མཛད་པར་གྱུར། །ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། ཞེས་ཕྱག་དང་བཅས་པོ་བསྟོད་ཉེར་གཅིག་བར་བྱའོ། །འདོད་གསོལ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །ཞེས་པའི་གསོལ་བ་བ་དབ། གཏོར་མ་བྱིན་རླབས་ནི། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི། །

p. 176

སྣོད་དུ་ཨོཾ་ལས་གཏོར་མ་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུཾ། གཏོར་འབུལ་ནི། ཡི་དམ་ཐུགས་རྗེ་ཆེན་པོར་མཆོད་གཏོར་འབུལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་མཆོད་འབུལ། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །ཡུལ་ལྷ་གཞི་བདག་རྣམས་ལ་གཏོར་མཆོད་འབུལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབ་པར་མཛོད། །ཁྲུས་གསོལ་ནི། དངོས་སུ་མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་ལ་བུམ་ཆུས་ཁྲུས་གསོལ་ལ། འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ། །དྲི་ཞིམ་བདུད་རྩིའི་ཆུ་ཡིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ༴ཤྲི་ཡེ་ཨཱཿཧཱུྃ། རྒྱལ་བ་སྲས་བཅས་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལས་ཉོན་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ༴ སྐུ་ཕྱི་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས༴ ན་བཟའ་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས་ཕུལ་བས། །བདག་གཞན་བཟོད་པའི་གོས་ཀྱིས་བརྒྱན་པར་ཤོག །རྒྱན་འབུལ་ནི། ཡིད་འོང་མཛེས་པའི་རིན་ཆེན་རྒྱན་ཕུལ་བས། །འགྲོ་ཀུན་མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །བཟོད་གསོལ་ནི། ཏིང་འཛིན་མ་གསལ་སྔགས་མ་དག་པ་དང་། ལྷག་ཆད་འགའ་འཁྲུལ་ཅི་མཆིས་

p. 177

བཟོད་པར་གསོལ། །ཡིག་བརྒྱ་བརྗོད། རང་ཁྲུས་ནི། འཕགས་པ་མདུན་བྱོན་སྐུ་ལས་བདུད་རྩི་བབས། །རང་གི་ནད་གདོན་སྡིག་སྒྲིབ་དག་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། ཅི་མང་བཟླ་ཞིང་། བུམ་ཆུ་འཐུང་ཁྲུས་བྱ། སྨྱུང་གནས་དངོས་གཞིའི་ཉིན་མི་འཐུང་། ཁྲུས་བྱ། དེ་ནས་བསྔོ་སྨོན་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ཐུན་མཚམས་ཀྱི་བྱ་བ་ལ་འཇུག །དེ་ཡང་ཉིན་རེར་ཆོ་ག་གསུམ་གཏོང་དགོས། ཆོ་ག་དང་པོ་ལ་གསོ་སྦྱོང་ལེན། གཞན་དང་གྲོལ་ཉིན་གསོ་སྦྱོང་བཞག་ལ་གཞན་རྣམས་སྔར་བཞིན་བྱ། ཆོ་ག་གཞན་ལ་འཇུག་པའམ། སྨྱུང་གནས་གྲོལ་ཉིན་མཇུག་ཏུ་དཀྱིལ་འཁོར་བསྡུ་རིམ་ནི། ཡེ་ཤེས་པ་གཤེགས་དམ་ཚིག་རང་ལ་བསྡུ། །རང་ཡང་མི་དམིགས་མཁའ་ལ་འཇའ་ལྟར་ཡལ། །སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་རུ་བཞེངས་པར་གྱུར། །བསྔོ་སྨོན་ནི། འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་མ་ལུས་འདྲེན་པར་ཤོག །བཀྲ་ཤིས་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །བདག་གཞན་སེམས་ཅན་གནས་སྐབས་

p. 178

མཐར་ཐུག་གི །དོན་རྣམས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དེ་ལྟར་ཆོ་ག་ལན་གཅིག་བཏང་ཡང་མཐར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འགྱུར། སྨྱུང་གནས་ལན་གཅིག་བསྲུངས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ། གཟུངས་སྔགས་ལན་གཅིག་བཟླས་ཀྱང་རྩ་བའི་ལྟུང་བ་བཞི་དང་། མཚམས་མེད་ལྔ་བྱས་པ་ཡང་དག་པར་འགྱུར། ལན་བརྒྱ་རྩ་བརྒྱད་བཟླས་ན་ལས་ངན་སྡིག་སྒྲིབ་ཀུན་བྱང་ཞིང་དག་ནས། སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་། འོད་ཟེར་གྱི་དབང་བསྐུར་བའི་སྟོབས་ཐོབ། ས་དང་ཕ་རོལ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཐ་ན་སྤྱན་རས་གཟིགས་ཀྱི་མཚན་ལན་གཅིག་བརྗོད་ཀྱང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ཞེས་རྒྱུད་ལས་གསུངས་སོ། །དེས་ན་འདི་ལ་བརྩོན་པར་མཛོད་ཅིག །སྨྲས་པ། བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། །བསྙེན་པའི་ཆོ་ག་ཐར་པའི་ཐེམ་སྐས་ལ། །བརྟེན་ནས་སྐལ་བཟང་སྐྱེ་བོ་རྣམ་མཁྱེན་གྱི། །གོ་འཕང་མཐོན་པོར་སོན་པའི་སྨོན་ལམ་འཚལ། །ཞེས་སྨྱུང་གནས་ཆོ་ག་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། དད་གཏོང་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་སྦྱིན་པ་ནོར་བུས་ཁོ་བོ་ལ་སྨྱུང་གནས་ཆོ་ག་འདོན་བདེ་བའི་ཕྱིར་ཚིགས་སུ་བཅད་པ། དགེ་སྦྱོར་གཞན་བྱེད་དགོས་སམ། བྲེལ་བ་འདྲ་བྱུང་དུས་ཇ་ཐེབ་གཅིག་ཙམ་ལ་ཡང་བཏོན་ན་ཚར་བའི་ཆོ་ག་ཤིན་ཏུ་བསྡུས་པ་ཞིག་དགོས་ཞེས་བསྐུལ། ༸ངོར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་མཆོག་གངས་རིའི་རྫུ་འཕྲུལ་ཕུག་ཏུ་སྦྱར་བའོ། །འདིས་ཀྱང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།།

རྡོ་རྗེ་སེམས་དཔའི་ཁྲུས་ཀྱི་ཆོ་ག་བདུད་རྩིའི་བུམ་བཟང་།

p. 179

༄༅། །རྡོ་རྗེ་སེམས་དཔའི་ཁྲུས་ཀྱི་ཆོ་ག་བདུད་རྩིའི་བུམ་བཟང་བཞུགས་སོ།།

p. 180

དཔལ་རྡོ་རྗེ་སེམས་དཔའི་སྒོནས་ཁྲུས་བྱེད་པར་འདོད་པས། དང་པོ་སྐྱབས་འགྲོ་སེམས་སྐྱེད་རྣམས་སྔོན་དུ་བཏང་སྟེ། ལྟ་བའི་གདེངས་དང་ལྡན་པས། ཨ། རང་སེམས་མ་བཅོས་སྟོང་པའི་རང་རྩལ་ལས། རང་རིག་རྡོ་རྗེ་སེམས་དཔའ་སྐུ་མདོག་གངས་རི་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྣང་ལ་རང་བཞིན་གྱིས་མ་གྲུབ་པ། ལྷུན་གྲུབ་འོད་ཀྱི་སྐུ་རུ་ལམ་མེ།

p. 181

སྟོང་གསལ་འཛིན་པ་མེད་པར་ཤིག་གེ །གསལ་ལ་ཕྱོགས་ལྷུང་མེད་པར་དྭངས་སང་ངེར་གསལ་བར་གྱུར། ཅེས་དར་གཅིག་སེམས་བཟུང་། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། མདུན་གྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་བཾ་ལས་བྱུང་བའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་བ་དཀྲིས་ཤིང་། དཔག་བསམ་ཤིང་གིས་ཁ་བརྒྱན་པ། དྭངས་ཤིང་གསལ་བའི་ནང་དུ་འོད་ལྔའི་ཐིག་ལེ་འཁྲིགས་པའི་

p. 182

གཞལ་ཡས་སུ་ཉི་ཟླའི་གདན་གྱི་སྟེང་དུ། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་དང་གཉིས་སུ་མེད་པར་སྦྱོར་བའི་འོད་སྐུ་དྭངས་གསལ་གྱི་ཐུགས་ཀར་ཟླ་སྟེང་ཐུགས་སྲོག་ཡི་གེ་ཨ་ཀར་པོའི་མཐར་ཐིག་ལེ་ལྔ་ཚོམ་གྱི་ནང་དུ་ཡང་སྙིང་འབྲུ་ལྔ་པ་གཡོ་འགུལ་མེད་པར་གནས་པ། དེའི་མཐར་ཡི་གེ་བརྒྱ་པའི་སྔགས་འབྲུ་རྣམས་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ། དེ་ལས་འོད་ཟེར་རང་མདོག་དཀར་པོའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོ་ཞིང་། རང་གཞན་གྱི་སྒྲིབ་གཉིས་བག་ཆགས་སྡིག་སྒྲིབ་དང་བཅས་པ་ཐམས་ཅད་ཡིད་ལ་དྲན་པ་ཙམ་གྱིས་འཇོམས་ཤིང་། དྲུངནས་འབྱིན་ནུས་པ་གཅིག་ཏུ་སྐད་ཅིག་གིས་བཀྲ་ལམ་གྱིས་གསལ་བར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་གྱུར། ཨོཾ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་མཆོད། ཧཱུཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་

p. 183

མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བདག་ཉིད་རྡོ་རྗེ་སེམས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ་བས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་བདུད་རྩིས་ཀར་མེར་གྱིས་གང་བར་གྱུར་པར་བསམ་ལ། ཡིག་བརྒྱ་བཟླ་བའམ། ཡང་ན་འབྲུ་ལྔ་པ་ཅི་མང་བཟླས་མཐར། བུམ་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་དབྱེར་མི་ཕྱེད་པར་གྱུར། དེ་ནས་ཁྲུས་བྱ་བ་ནི། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བུམ་ཆུ་འདིས། སློབ་མ་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་བཀྲུས་པས། ཚོ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ། ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་སྲོག་ཆགས་སྦལ་ལྕོང་འབུ་སྲིན་སོགས་ཀྱི་རྣམ་པས་རྐང་ལག་གི་སེན་མོ་ཉི་ཤུ་དང་། འོག་སྒོ་གཉིས་དང་བ་སྤུའི་བུ་ག་ཐམས་ཅད་ནས།

p. 184

ནག་ཉིལ་ཉིལ་ཐོན་ནས། ས་རིམ་པ་བདུན་གྱི་འོག་ཏུ་སོང་བས། སྐྱེ་འགྲོའི་སྲོག་དབུགས་ལ་རྔམས་ཤིང་། ཁ་གདངས་ཡོད་པའི་གཤིན་རྗེ་རྣམས་ཀྱི་ཁ་ནང་དུ་བདུད་རྩི་ཤ་ཁྲག་གི་རྣམ་པར་ཡང་དང་ཡང་དུ་བབས་པས་ཚིམས་ཏེ། གནོད་པའི་སེམས་ཞི་ནས་བྱམས་པའི་སེམས་ཀྱིས་རང་ལ་དགྱེས་པར་གྱུར། ཡང་ཚ་དམྱལ་བ་རྣམས་ལ་བདུད་རྩི་བསིལ་བའི་ཆར་དང་བཅས། གྲང་དམྱལ་བ་རྣམས་ལ་བདུད་རྩི་འོད་ཟེར་དྲོད་དང་ལྡན་པའི་རྣམ་པར་བབས་པས་དམྱལ་བ་རྣམས་ཀྱི་ཚ་གྲང་གི་སྡུག་བསྔལ་ཞི་ནས་བདེ་བའི་ལུས་སུ་གྱུར། ལྕགས་བསྲེགས་ཀྱི་ཁང་པ་སོགས་བསིལ་ཁང་དང་། གསལ་ཤིང་གི་མཚོན་ཆ་སོགས་དཔག་བསམ་གྱི་ཤིང་ལ་སོགས་པའི་ཡིད་འོང་གི་རྣམ་པར་གྱུར་བསམ་ལ། སློབ་མ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་དུ་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་གི་དྲི་མའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་བྱབས་པ་ནི། བདག་ཉིད་རྡོ་རྗེ་སེམས་དཔའི་

p. 185

ཐུགས་ཀ་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། སློབ་མ་རྣམས་ཀྱི་ལུས་ཀྱི་སྟོད་སྨད་ཐམས་ཅད་དུ་ཞུགས་པས། ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རིན་པོ་ཆེ་སྦྱར་ལེན་གྱིས་སྦུར་མ་བླངས་པ་ལྟར་ཙེན་གྱིས་བླངས། འུབ་ཀྱིས་བསྡུས་ཏེ་ཁ་ནང་གི་ཆུ་ལ་ཐིམ་པར་གྱུར། བསྲུང་འཁོར་བསྒོམ་པ་ནི། འོ་རིགས་ཀྱི་བུ་ཁྱོད་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་ནས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་ཕྱི་བལྟས་ནང་གསལ་ཞིང་། ནང་བལྟས་ཕྱི་གསལ་བ་གཅིག་ཏུ་གྱུར་པའི་སྙིང་གར་འོད་ཀྱི་གའུ་ཁ་སྦྱོར་གྱི་ནང་དུ་བསྲུང་བྱའི་རྣམ་པར་ཤེས་པའི་ངོ་བོ་ཨ་ཡིག་གི་གཟུགས་སུ་གསལ་བ་དེ་བཅུག་ནས་བརྟན་པར་བྱས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་རྩེ་དགུ་རྡོ་རྗེ་རྒྱ་གྲམ་ཆེ་ཆུང་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས་པས། སློབ་མའི་ལུས་ཀྱི་ཕྱི་ནང་བར་གསུམ་ཤ་སྐྱི་པགས་མཚམས་ཐམས་ཅད་ལ་ཁྱབ་པས། རྡོ་རྗེ་ཆེ་བའི་ཁོང་གསེང་རྣམས་སུ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་བར་

p. 186

མཚམས་མེད་པར་གཏམས་ཏེ། གདོན་བགེགས་འབྱུང་པོ་མི་མ་ཡིན་དང་། འཆི་བདག་གཤིན་རྗེ་སོགས་གང་གིས་ཀྱང་གླགས་མི་ནུས་པར་མི་ཤིགས་པའི་བསྲུང་བའི་འཁོར་ལོར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བཀྲ་ཤིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །རྡོ་རྗེ་སེམས་དཔའི་ཁྲུས་ཀྱིཆོ་ག་བདུད་རྩིའི་བུམ་བཟང་འདི་ནི། དག་སྣང་མོས་གུས་བརྩོན་འགྲུས་ཀྱི་ནོར་གྱི་ཕྱུག་ཅིང་། ཟབ་དོན་གཅོད་ཀྱི་གདམས་པ་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པའི་མཆེད་གྲོགས་འོད་ཟེར་གྱིས་བསྐུལ་ངོར། རྣལ་འབྱོར་ཞབས་དཀར་པས་རང་གཞན་ཡོངས་ལ་ཕན་ཕྱིར་སྦྱར་བའོ། །སརྦ་མངྒ་ལཾ།།

གཅོད་དམིགས་བདག་འཛིན་གཅོད་པའི་སྟྭ་རེ།

p. 187

༄༅། །གཅོད་དམིགས་བདག་འཛིན་གཅོད་པའི་སྟ་རེ་བཞུགས་སོ། །ཐོག་མར་སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་བྱ། དེ་ནས་དཀར་འགྱེད་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །ཐོད་པ་བྲེགས་ནས་མི་མགོའི་སྒྱེད་བུར་བཀལ། །ཕཊ྄། གཟུགས་ཕུང་གཏུབས་ནས་ཐོད་པའི་ནང་དུ་བསྐྱུར། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཁོལ། །ཕཊ྄། སྟེང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་ཡོན་ལྔ་ལྡན་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། ཕཊ྄། དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་དགའ་སྟོན་འགྱེད། །ཕཊ྄། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང་། །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །ཕཊ྄། བླ་མ་དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐངས་གྱུར་ཅིག །ཕཊ྄། རིགས་དྲུག་སེམས་ཅན་འདོད་པ་ཚིམ་གྱུར་ཅིག །གདོན་བགེགས་ལན་ཆགས་བུ་ལོན་བྱང་གྱུར་ཅིག །དམར་

p. 188

འགྱེད་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །པགས་པ་གཤགས་ནས་ཕྱོགས་བཞིར་དམར་ཆལ་བཀྲམ། །ཕཊ྄། ཤ་གཏུབས་ཁྲག་དང་སྦྲགས་ནས་ལྷ་འདྲེ་ལ། །ཆེ་ཐོབ་ཆུང་ཐོབ་ཕངས་པ་མེད་པར་སྦྱིན། །ཕཊ྄། པགས་པ་གཏུབས་ནས་མཁོ་དགུའི་དངོས་པོ་རུ། །བསྒྱུར་ནས་སྦྱིན་པས་ལྷ་འདྲེ་ཚིམ་གྱུར་ཅིག །ཕཊ྄། ལྷ་འདྲེ་ཚིམས་ནས་བཞད་སྒྲ་དི་རི་རི། །རང་རང་སོ་སོའི་གནས་སུ་སླེབས་པར་གྱུར། །ཕཊ྄། ཆོས་རྣམས་རྨི་ལམ་བཞིན་དུ་སེམས་ཀྱིས་འཕྲུལ། །སེམས་ཉིད་སྟོང་གསལ་འཛིན་མེད་ངང་ལ་བཞག །ཕཊ྄། འདིས་མཚོན་དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་སློབ་བུ་སྐལ་བཟང་ཤེས་རབ་ཀྱིས་བསྐུལ་ངོར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་ལ་ཕྱི་ནས་སྦྱར་བའོ།།

ཟབ་ལམ་གཅོད་ཀྱི་དམིགས་རིམ།

p. 189

༄༅། །ཟབ་ལམ་གཅོད་ཀྱི་དམིགས་རིམ་བཞུགས་སོ།།

p. 190

སྐྱབས་སེམས་ནི། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བྱ། དེ་ནས་མགྲོན་གོང་འོག་ཐུན་མོང་དུ་བདུད་རྩིའི་འགྱེད་བྱ་བ་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །ཐོད་པ་བྲེགས་ནས་མི་མགོའི་སྒྱེད་བུར་བཀལ། །ཕཊ྄། གཟུགས་ཕུང་གཏུབས་ནས་ཐོད་པའི་ནང་དུ་བསྐྱུར། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཁོལ། །ཕཊ྄། སྟེང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་ཡོན་ལྔ་ལྡན་

p. 191

བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། ཕཊ྄། དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་དགའ་སྟོན་འགྱེད། །ཕཊ྄། རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང་། །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །ཕཊ྄། བླ་མ་དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་གྱུར་ཅིག །ཕཊ྄། རིགས་དྲུག་སེམས་ཅན་འདོད་པ་ཚིམ་གྱུར་ཅིག །གདོན་བགེགས་ལན་ཆགས་བུ་ལོན་བྱང་

p. 192

གྱུར་ཅིག །དེ་ནས་དཀར་པོ་འོ་མའི་འགྱེད་བྱ་བ་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །ཐོད་པ་བྲེགས་ནས་མི་མགོའི་སྒྱེད་བུར་བཀལ། །ཕཊ྄། གཟུགས་ཕུང་གཏུབས་ནས་ཐོད་པའི་ནང་དུ་བསྐྱུར། །རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཁོལ། །ཕཊ྄། སྟེང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་ཡོན་ལྔ་ལྡན་འོ་མའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། ཕཊ྄། རང་ལ་གནོད་པའི་ལྷ་འདྲེའི་གཙོ་བྱས་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཡོངས་ལ་སྦྱིན། །ཕཊ྄། ལྷ་འདྲེ་ཀུན་གྱིས་འཐུང་ཞིང་ཁྲུས་བྱས་པས། །ལུས་ནད་སེམས་ཀྱི་སྡུག་བསྔལ་དག་གྱུར་ཅིག །དེ་ནས་དཀར་ལ་མི་དགའ་བ་ལ་ཁྲག་གི་དམར་འགྱེད་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །ཐོད་པ་བྲེགས་ནས་མི་མགོའི་སྒྱེད་བུར་བཀལ། །ཕཊ྄། གཟུགས་ཕུང་གཏུབས་ནས་ཐོད་པའི་ནང་དུ་བསྐྱུར། །རླུང་གཡོས་མེ་སྦར་

p. 193

ཐོད་པའི་རྫས་རྣམས་ཁོལ། །ཕཊ྄། སྟེང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་ཡོན་ལྔ་ལྡན་ཁྲག་གི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཕཊ྄། དཀར་ལ་མི་དགའ་དམར་ལ་དགའ་བ་ཡི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཡོངས་ལ་སྦྱིན། །ཕཊ྄། ངོམས་ཤིང་ཚིམ་ནས་བསམ་ངན་སྦྱོར་རྩུབ་ཞི། ཕན་པ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །དེ་ནས་ཡང་ཁྲ་འགྱེད་དམ། སྣ་ཚོགས་འགྱེད་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་ཕུང་གི །པགས་པ་གཤག་ནས་ཕྱོགས་བཞིར་དམར་ཆལ་བཀྲམ། །ཕཊ྄། ཤ་གཏུབས་ཁྲག་དང་སྦྱར་ནས་ལྷ་འདྲེ་ལ། །ཆེ་ཐོབ་ཆུང་ཐོབ་ཕྱོགས་རིས་མེད་པར་སྦྱིན། །ཕཊ྄། པགས་པ་གཏུབས་པ་མཁོ་དགུའི་དངོས་པོ་རུ། །བསྒྱུར་ནས་སྦྱིན་པས་ལྷ་འདྲེ་ཚིམ་གྱུར་ཅིག །དེ་ནས་གང་ལ་གང་འདོད་ཀྱི་འགྱེད་ནི། ཕཊ྄། རང་གི་སེམས་ཉིད་རྡོ་རྗེ་རྣལ་འབྱོར་མའི། །རྣམ་པར་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ཕཊ྄། ཕྱག་གཡས་གྲི་གུག་རྣོན་པོས་གཟུགས་

p. 194

ཕུང་གི །མགོ་བོ་བཅད་ནས་ལྷན་སྐྱེས་འདྲེ་ལ་སྦྱིན། །ཕཊ྄། སྙིང་ཕྱུང་རང་ལ་གནོད་པའི་ལྷ་འདྲེར་སྦྱིན། །དོན་སྙིང་ལྔ་པོ་འདོད་ལ་དོན་སྙིང་སྦྱིན། །ཕཊ྄། དབང་པོ་ལྔ་པོ་འདོད་ལ་དབང་པོ་སྦྱིན། །ཡན་ལག་འདོད་པ་རྣམས་ལ་ཡན་ལག་སྦྱིན། །ཕཊ྄། པགས་པ་འདོད་པ་རྣམས་ལ་པགས་པ་སྦྱིན། །ཤ་རུས་ཁྲག་ཚིལ་འདོད་ལ་དེ་དག་སྦྱིན། །ཕཊ྄། ལྷ་འདྲེ་ཚིམ་པས་བཞད་སྒྲ་དི་རི་རི། །རང་རང་སོ་སོའི་གནས་སུ་སླེབ་པར་གྱུར། །ཕཊ྄། ཆོས་རྣམས་རྨི་ལམ་བཞིན་དུ་སེམས་ཀྱིས་འཕྲུལ། །སེམས་ཉིད་སྟོང་གསལ་འཛིན་མེད་ངང་ལ་བཞག །བསྔོ་སྨོན་བྱ་བ་ནི། ཕཊ྄། འདིས་མཚོན་དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ། །མྱུར་དུ་སངས་རྒྱས་འགྲོ་དོན་བྱེད་པར་ཤོག །ཅེས་པ་འདི་ནི་སློབ་བུ་སྐལ་བཟང་ཤེས་རབ་ཀྱིས་བསྐུལ་ངོར། ནཱ་རོ་གསང་གཅོད་ཀྱི་དམིགས་རིམ་དང་མཐུན་པར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་གངས་རི་ནས་སྦྱར་བའོ།། །།

ཟབ་ལམ་གཅོད་ཀྱི་ངག་འདོན་བདག་འཛིན་གཅོད་པའི་སྟུ་རེ།

p. 195

༄༅། །ཟབ་ལམ་གཅོད་ཀྱི་ངག་འདོན་བདག་འཛིན་གཅོད་པའི་སྟ་རེ་བཞུགས་སོ།།

p. 196

ཕཊཿ གནས་སྤྱི་གཙུག་འཇའ་གུར་འཁྱིལ་བའི་ཀློང་། །གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི། །མ་ལབ་ཀྱི་སྒྲོན་མའི་ཆ་བྱད་ཅན། །སྐུ་རབ་དཀར་ཞལ་གཅིག་ཕྱག་གཉིས་མ། །གཡས་ཌཱ་མ་རུ་ནི་ནམ་མཁར་ཁྲོལ། །གཡོན་དྲིལ་བུ་དཀུར་བརྟེན་མཆན་ཁུང་ན། །ཡབ་ཧེ་རུ་ཀཿམཚོན་ཁ་ཊཱཾ་བསྣམས། །ཞབས་གཡས་བསྐུམ་གཡོན་བརྐྱངས་གར་སྟབས་བསྒྱུར། །དར་སྣ་ཚོགས་ན་བཟའི་རྒྱན་གྱིས་མཛེས། །ཞལ་འཛུམ་བཞིན་བཞད་བཞིན་སྐལ་ལྡན་བུ། །

p. 197

ཁྱོད་འཁོར་བ་སྤྱི་ཡི་སྡུག་བསྔལ་དང་། །སྒོས་ནད་གདོན་འགལ་རྐྱེན་བར་ཆད་སོགས། །འཇིགས་ཀུན་ལས་ཨ་མས་སྐྱོབ་བོ་ཞེས། །གསུང་ཚངས་དབྱངས་ཆོས་སྒྲ་སྒྲོག་བཞིན་བཞུགས། །ཕཊཿ གཅོད་ཁྲིད་བརྒྱུད་པའི་གསོལ་འདེབས་ནི། ན་མོ་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཧཱུྃ། སྟོན་པ་སངས་རྒྱས་རྗེ་བཙུན་འཇམ་དབྱངས་དང་། །ཨརྱ་དྷེ་ཝ་ཕ་གཅིག་དམ་པ་སོགས། །ཕ་བརྒྱུད་ཐབས་ཀྱི་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །ཆོས་སྐུ་ཡུམ་ཆེན་རྗེ་བཙུན་སྒྲོལ་

p. 198

མ་དང་། །སུ་ཁ་སིདྡྷི་མ་གཅིག་ལབ་སྒྲོན་སོགས། །མ་བརྒྱུད་ཤེས་རབ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །སྟོན་པ་སངས་རྒྱས་རྗེ་བཙུན་བྱམས་པ་དང་། །འཕགས་པ་ཐོགས་མེད་གཅུང་གཅིག་དབྱིག་གཉེན་སོགས། །སྲས་བརྒྱུད་ཟུང་འཇུག་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །རྡོ་རྗེ་འཆང་ཆེན་རྗེ་བཙུན་འཇམ་དབྱངས་དང་། །དཔའ་བོ་རྡོ་རྗེ་བློ་བཟང་གྲགས་པའི་དཔལ། །སྤྱོད་བརྒྱུད་བརྒྱུད་པའི་བླ་མ་ཐམས་ཅད་ལ། གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །བརྒྱུད་པ་ཀུན་འདུས་ཞབས་དཀར་རྡོ་རྗེ་འཆང་། །དེ་སྲས་ལྷུན་གྲུབ་རིགས་འཛིན་ཆོས་ཀྱི་རྗེ། །བྱིན་རླབས་སྙན་བརྒྱུད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །ཟག་མེད་བདེ་སྟེར་རྗེ་བཙུན་རྣལ་འབྱོར་མ། །བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གསུམ། །མཐུ་ལྡན་བསྟན་སྲུང་རྒྱ་མཚོར་བཅས་རྣམས་ལ། །གསོལ་བ་འདེབས་སོ་བརྟུལ་ཞུགས་མཐར་ཕྱིན་རློབས། །ཚེ་འདི་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །ངེས་

p. 199

འབྱུང་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །གཅོད་ཡུལ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷའི། །སྐུ་ལས་བདུད་རྩི་འོད་ཟེར་སྣ་ཚོགས་འཕྲོས། །རང་གཞན་ལུས་ཞུགས་ནད་གདོན་སྡིག་སྒྲིབ་སྦྱངས། །སེམས་ཉིད་སྤྲོས་བྲལ་གནས་ལུགས་མངོན་དུ་གྱུར། །ཕཊཿ རང་ལུས་ཀྱི་ལྟེ་འོག་སྤྱི་གཙུག་བར། །རྩ་དབུ་མ་ཕྱི་དཀར་ནང་དམར་བ། །དཔེ་རག་དུང་ལྟ་བུའི་མར་སྣ་རུ། །སེམས་ཐིག་ལེ་དཀར་འཚེར་འཕར་ཞིང་འདར། །ཕཊཿ སྐར་མདའ་བཞིན་མ་གཅིག་ཐུགས་ཀར་འཕང་། །ལུས་ས་ལ་འགྱེལ་ནས་སྟོང་གསུམ་གང་། །མདོག་དཀར་ཞིང་འཚོ་ལ་རབ་ཏུ་གཙང་། །དཔེ་བྲམ་ཟེ་སྐྱེ་བདུན་ཤ་ལྟར་གྱུར། །ཕཊཿ རང་སེམས་ཉིད་མ་གཅིག་ཐུགས་ཀ་ནས། །ལས་བྱེད་ཀྱི་མཁའ་འགྲོའི་རྣམ་པར་ཐོན། །གཡས་བདག་འཛིན་གཅོད་བྱེད་གྲི་ཁུག་གིས། །ཕྱིའི་ལྤགས་པ་བཤུས་ནས་ཤ་རུ་གཏུབ། །ཕཊཿ ཤ་ཁྲག་རྣམས་ལྤགས་སྟེང་བརྩིགས་ཤིང་བསྐྱིལ། །རྐང་ཁུ་བ་ཀླད་པ་ཐོད་པར་བསྡུས། །འབྲུ་གསུམ་གྱིས་

p. 200

སྦྱངས་རྟོགས་སྦར་གསུམ་བྱས། །མྱོང་གྲོལ་གྱི་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་བྱས། ཕཊཿ རང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། །མགྲོན་སོ་སོའི་གནས་ནས་སྤྱན་དྲངས་ཏེ། །རང་མདུན་གྱི་ནམ་མཁར་སྤྲིན་བཞིན་འཁྲིགས། །འོག་དམའ་བའི་ས་ལ་ཁྲོམ་བཞིན་ཚོགས། །ཕཊཿ རང་ཐུགས་ནས་ལྷ་མོ་གཡས་གསེར་སྐྱོགས། །གཡོན་བྷན་དྷ་ཐོགས་པ་གྲངས་མེད་འཕྲོས། །གཡས་སྐྱོགས་ཀྱིས་བདུད་རྩིའི་རྒྱ་མཚོ་གཅུས། །ཕཊཿ ཕ་བཀའ་དྲིན་གསུམ་ལྡན་བླ་མ་མཆོད། །ཐུགས་བརྩེ་བས་བཞེས་ནས་བདག་གཞན་གྱི། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཕཊཿ ལྷ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད། །ལམ་རིམ་གཉིས་རྟོགས་པ་འཆར་བ་དང་། །མཆོག་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཕཊཿ རྗེ་རྒྱལ་བ་སྲས་དང་བཅས་པ་མཆོད། །ལམ་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕཊཿ གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མཆོད། །ས་ལམ་གྱི་བར་ཆད་ཀུན་ཞི་ཞིང་། །ལུས་ལྷན་སྐྱེས་བདེ་སྟོང་ཡེ་ཤེས་སྐྱེད། །ཕཊཿ དཔལ་ཆོས་སྐྱོང་སྲུང་མའི་ལྷ་

p. 201

ཚོགས་མཆོད། །ཞི་རྒྱས་དང་དབང་དྲག་ལས་རྣམས་སྒྲུབས། །ཁྱད་པར་དུ་ཆོས་ཀྱི་འགལ་རྐྱེན་སོལ། །ཕཊཿ མ་འགྲོ་བ་རིགས་དྲུག་ཡོངས་ལ་བསྔོ། །ཀུན་སོ་སོའི་སྡུག་བསྔལ་ལས་ཐར་ནས། །དུས་གཏན་དུ་བདེ་ཞིང་སྐྱིད་པར་ཤོག །ཕཊཿ ཤ་ཁྲག་དང་རུས་ལྤགས་ནང་ཁྲོལ་བཅས། །སྤྱིར་སྣང་སྲིད་ལྷ་འདྲེ་ཡོངས་ལ་བསྔོ། །དགོས་བདག་ལ་གནོད་པའི་འདྲེ་ལ་བསྔོ། །སེམས་གདུག་རྩུབ་བསམ་སྦྱོར་ཀུན་ཞི་ཞིང་། །རྒྱུད་བྱང་ཆུབ་སེམས་དང་ལྡན་གྱུར་ནས། །ཆོས་སྒྲུབ་པའི་མཐུན་རྐྱེན་ཆར་བཞིན་ཕོབ། །ཕཊཿ མགྲོན་ཐམས་ཅད་ཐུགས་ཡིད་རབ་ཏུ་ཚིམ། །ཀུན་དགྱེས་པའི་བཞད་སྒྲ་དི་རི་རི། །ཕཊཿ བདག་ལུས་དང་མགྲོན་རྣམས་མིང་བརྡ་ཙམ། །དཔེ་རྨི་ལམ་སྒྱུ་མ་བཞིན་དུ་བལྟ། །ཕཊཿ ལུས་མཆོད་སྦྱིན་བྱས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །ཕཊཿ བྱ་མང་ཚོགས་མི་ལ་འདྲོགས་པ་ལྟར། །དག་པ་ཡེ་ཤེས་ལྷ་ཡི་མགྲོན། །ཀ་དག་ཆོས་སྐུའི་ཀློང་དུ་གཤེགས། །མ་དག་ལོག་འདྲེན་ཤ་ཟའི་མགྲོན། །གཉིས་འཛིན་འཁྲུལ་པའི་ཀློང་དུ་གཤེགས། །ཕཊཿ ཆོས་རྣམས་ཐམས་ཅད་

p. 202

སྣང་སྟོང་སེམས་ཀྱིས་འཕྲུལ། །སེམས་ཉིད་སྟོང་གསལ་འཛིན་མེད་ངང་ལ་བཞག །ཕཊཿ སླར་ཡང་སྣང་སྟོང་ཟུང་འཇུག་ལྷ་ཡི་སྐུ། །གསལ་འཚེར་འོད་ལྔ་འཁྲུགས་པའི་ཀློང་དུ་གསལ། །ཕཊཿ བསྔོ་བ་ནི། ཨ། དགེ་དང་མི་དགེའི་རྟོགས་ཚོགས་རང་གྲོལ་ལ། །རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱང་། །སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུན། །ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱ། །ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས། །སྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱངས། །དོན་དམ་བདེན་པའི་ཆོས་ཀྱིས་རྒྱུད་གྲོལ་ཚེ། །བདག་གི་འདུས་པ་དང་པོར་སྐྱེ་བར་ཤོག །དེ་ཚེ་རང་བཞག་མ་བཅོས་གཉུག་མའི་དོན། །མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱང་། །ངར་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བར། །བྱམས་དང་སྙིང་རྗེས་ཤེས་རྒྱུད་གང་བར་ཤོག །བདག་ཀྱང་བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནས། །ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱི། །འཕྲིན་ལས་མཐར་ཕྱིན་འཇའ་ལུས་མངོན་འགྱུར་ཤོག །ཅེས་པ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། བཀྲ་ཤིས།། །།

གཅོད་དམིགས་བདག་འཛིན་རྩད་གཅོད།

p. 203

༄༅། །གཅོད་དམིགས་བདག་འཛིན་རྩད་གཅོད་བཞུགས་སོ།།

p. 204

སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། ཕཊཿ གནས་སྤྱི་གཙུག་འཇའ་གུར་འཁྱིལ་བའི་ཀློང་། །གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྐྱབས་ཀུན་འདུས་རྩ་བའི་བླ་མ་ནི། །མ་ལབ་ཀྱི་སྒྲོན་མའི་ཆ་བྱད་ཅན། །སྐུ་རབ་དཀར་ཞལ་གཅིག་ཕྱག་གཉིས་མ། །གཡས་ཌཱ་མ་རུ་ནི་ནམ་མཁར་འཁྲོལ། །གཡོན་དྲིལ་བུ་དཀུར་བརྟེན་མཆན་ཁུང་ན། །ཡབ་ཧེ་རུ་ཀཿ མཚོན་ཁ་ཊཱཾ་བསྣམས། །ཞབས་གཡས་བསྐུམ་གཡོན་བརྐྱངས་གར་སྟབས་བསྒྱུར། །དར་སྣ་ཚོགས་ན་བཟའི་རྒྱན་གྱིས་མཛེས།

p. 205

ཐུགས་རབ་ཏུ་དགྱེས་པའི་སྤྱན་གྱིས་གཟིགས། །ཞལ་འཛུམ་ཞིང་བཞད་བཞིན་སྐལ་ལྡན་བུ། །ཁྱོད་འཁོར་བ་སྤྱི་ཡི་སྡུག་བསྔལ་དང་། །སྒོས་ནད་གདོན་འགལ་རྐྱེན་བར་ཆད་སོགས། །འཇིགས་ཀུན་ལས་ཨ་མས་སྐྱོབ་བོ་ཞེས། །གསུང་ཚངས་དབྱངས་ཆོས་སྒྲ་སྒྲོག་བཞིན་བཞུགས། །ཕཊཿ རང་ལུས་ཀྱི་ལྟེ་འོག་སྤྱི་གཙུག་བར། །རྩ་དབུ་མ་ཕྱི་དཀར་ནང་དམར་བ། །དཔེ་རག་དུང་ལྟ་བུའི་མར་སྣ་རུ། །སེམས་ཐིག་ལེ་དཀར་འཚེར་འཕར་ཞིང་འདར། །ཕཊཿ སྐར་མདའ་བཞིན་མ་

p. 206

ཅིག་ཐུགས་ཀར་འཕང་། །ལུས་ས་ལ་འགྱེལ་ནས་སྟོང་གསུམ་གང་། །མདོག་དཀར་ཞིང་འཚོ་ལ་རབ་ཏུ་གཙང་། །དཔེ་བྲམ་ཟེ་སྐྱེ་བདུན་ཤ་ལྟར་གྱུར། །ཕཊཿ རང་སེམས་ཉིད་མ་གཅིག་ཐུགས་ཀ་ནས། །ལས་བྱེད་ཀྱི་མཁའ་འགྲོའི་རྣམ་པར་ཐོན། །གཡས་བདག་འཛིན་གཅོད་བྱེད་གྲི་གུག་གིས། །ཕྱིའི་པགས་པ་བཤུས་ཤིང་ཤ་རུས་གཏུབ། །ཕཊཿ ཤ་ཁྲག་རྣམས་པགས་སྟེང་བརྩིགས་ཤིང་བསྐྱིལ། །རྐང་ཁུ་བ་ཀླད་པ་ཐོད་པར་བསྡུས། །འབྲུ་གསུམ་གྱིས་སྦྱངས་རྟོགས་སྦར་གསུམ་བྱས། །མྱོང་གྲོལ་གྱི་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཕཊཿ རང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །མགྲོན་སོ་སོའི་གནས་ནས་སྤྱན་དྲངས་ཏེ། །རང་མདུན་གྱི་ནམ་མཁར་སྤྲིན་བཞིན་འཁྲིགས། །འོག་དམའ་བའི་ས་ལ་ཁྲོམ་ལྟར་ཚོགས། །ཕཊཿ རང་ཐུགས་ནས་ལྷ་མོ་གཡས་གསེར་སྐྱོགས། །གཡོན་བྷནྡྷ་འཛིན་པ་གྲངས་མེད་འཕྲོས། །གཡས་སྐྱོགས་ཀྱིས་བདུད་རྩིའི་རྒྱ་མཚོ་གཅུས། །ཕཊཿ ཕ་བཀའ་དྲིན་གསུམ་ལྡན་བླ་མ་མཆོད། །ཐུགས་བརྩེ་བས་བཞེས་ནས་བདག་གཞན་གྱི། །རྒྱུད་སྨིན་

p. 207

ཅིང་གྲོལ་བར་བྱིན་གྱིས་རློབས། །ཕཊཿ ལྷ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཆོད། །ལམ་རིམ་གཉིས་རྟོགས་པ་འཆར་བ་དང་། མཆོག་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཕཊཿ རྗེ་རྒྱལ་བ་སྲས་དང་བཅས་པ་མཆོད། །ལམ་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཕཊཿ གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མཆོད། །ས་ལམ་གྱི་བར་ཆད་ཀུན་ཞི་ཞིང་། །ལུས་ལྷན་སྐྱེས་བདེ་སྟོང་ཡེ་ཤེས་སྐྱེད། །ཕཊཿ དཔལ་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་མཆོད། །ཞི་རྒྱས་དང་དབང་དྲག་ལས་རྣམས་སྒྲུབས། །ཁྱད་པར་དུ་ཆོས་ཀྱི་འགལ་རྐྱེན་སོལ། །ཕཊཿ མ་འགྲོ་བ་རིགས་དྲུག་ཡོངས་ལ་བསྔོ། །ཀུན་སོ་སོའི་སྡུག་བསྔལ་ལས་ཐར་ནས། །དུས་གཏན་དུ་བདེ་ཞིང་སྐྱིད་པར་ཤོག །ཅེས་དཀར་འགྱེད་དང་། དེ་ནས་མར་འགྱེད་ནི། ཕཊ༔ ཤ་ཁྲག་རུས་ལྤགས་པ་ནང་ཁྲོལ་བཅས། །སྤྱིར་སྣང་སྲིད་ལྷ་འདྲེ་ཡོངས་ལ་བསྔོ། །སྒོས་རང་ལ་གནོད་པའི་འདྲེ་ལ་བསྔོ། །སེམས་གདུག་རྩུབ་བསམ་སྦྱོར་ཀུན་ཞི་ཞིང་། །རྒྱུད་བྱང་ཆུབ་སེམས་དང་ལྡན་གྱུར་ནས། །

p. 208

ཆོས་སྒྲབ་པའི་མཐུན་རྐྱེན་ཆར་བཞིན་ཕོབ། །ཁྲ་འགྱེད་ནི། ཕཊཿ མགྲོན་ཐམས་ཅད་ཐུགས་ཡིད་རབ་ཏུ་ཚིམ། །ཀུན་དགྱེས་པའི་བཞད་སྒྲ་དི་རི་རི། །ཕཊཿ བྱ་མང་ཚོགས་མི་ལ་འདྲོག་པ་ལྟར། །མགྲོན་ཐམས་ཅད་རང་རང་གནས་སུ་གཤེགས། །ཕཊཿ བདག་ལུས་དང་མགྲོན་རྣམས་མིང་བརྡ་ཙམ། །དཔེ་རྨི་ལམ་སྒྱུ་མ་བཞིན་དུ་བལྟ། །ཕཊཿ ལུས་མཆོད་སྦྱིན་བྱས་པའི་དགེ་བའི་མཐུས། །མ་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་བྱ་བཏང་༧ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ།། ༈ །།མི་རྐང་འབུད་ལུགས་ནི། ཨོཾ་སྙན་ལ་རིང་བ་བུང་བའི་སྐད་ལྟ་བུ། ཧཱུྃ་རྔམ་ལ་འཚེར་བ་རྟ་སྐད་ལྟ་བུ། ཏཱྃ་དྲག་ལ་གཏུམ་པ་སྟག་མོའི་ངར་སྐད་ལྟ་བུ། ཧྲཱིཿའགྱུར་ལ་ལྡེམ་པ་དྲི་ཟའི་སྐད་ལྟ་བུ། ཨཱཿའགྱུར་ལྡེམ་གོང་འདྲ་ནས་གཤམ་འདེགས་ཙམ་བྱེད་པ་ལ་ཌཱཀྐིའི་སྤྱུག་གླུ་ཟེར། ཡང་རྫོགས་ཆེན་བདུན་འབུད་ནི། མཆོད། བླ་མ་མཆོད། ཡི་དམ་མཆོད། མཁའ་འགྲོ་མཆོད། ཆོས་སྐྱོང་མཆོད། མཆོད། མཆོད། དགེའོ། བཀྲཤིས།། །།

ཕོ་བ་སྤྱི་གཙུག་འཇའ་གུར་མ།

p. 209

༄༅། །འཕོ་བ་སྤྱི་གཙུག་འཇའ་གུར་མ་བཞུགས་སོ། དག་སྣང་གི་འཕོ་བ་སྤྱི་གཙུག་འཇའ་གུར་མའི་བརྒྱུད་པ་ནི། མགོན་པོ་འོད་དཔག་མེད། འཕགས་པ་སྤྱན་རས་གཟིགས། དེས་བདག་ཚོགས་དྲུག་རང་གྲོལ་ལའོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་ནས། དངོས་གཞི་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ལུས་ཀྱི་དབུས་ན་རྩ་དབུ་མ་དང་། སྙིང་གའི་ཐད་ཀའི་དབུ་མའི་ནང་དུ་རང་སེམས་ཐིག་ལེའི་རྣམ་པར་བསྒོམས། སྤྱི་བོར་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པར་བཞུགས་པའི་སྐུའི་དབུས་ནས་རྩ་དབུ་མ་ཞིག་གསང་བའི་ལམ་བརྒྱུད་ནས་མར་བྱུང་། རང་གི་དབུ་མའི་ཡར་སྣེ་དང་། མགོན་པོ་འོད་དཔག་མེད་ཀྱི་དབུ་མའི་མར་སྣེ་གཉིས་རག་དུང་ཁ་སྤྲད་པ་ལྟར་བསམ། དེ་ནས་གསོལ་འདེབས་ནི། གནས་སྤྱི་གཙུག་འཇའ་གུར་འོད་ཀློང་ན། །སྐྱབས་བསླུ་མེད་འོད་དཔག་མེད་མགོན་ལ། །འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར། །ཁྲ་ལམ་མེར་མངོན་སུམ་བཞུགས་པ་ལ། །ཡིད་མོས་གུས་གདུངས་པས་གསོལ་བ་འདེབས། །སེམས་ཐིག་ལེ་དབུ་མའི་ལམ་བརྒྱུད་ནས། །མགོན་ཁྱོད་ཐུགས་ཆོས་སྐུའི་མཁའ་དབྱིངས་སུ། །དུས་ད་ལྟ་འཕོ་བར་བྱིན་གྱིས་རློབས། །

p. 210

ཞེས་བརྗོད་མཐར། ཧིཀ །བརྗོད་ལ་རྣམ་ཤེས་འོད་དཔག་མེད་ཀྱི་ཐུགས་ཀར་འཕངས། ཀ་ཞེས་མར་ཕབ། དེ་ལྟར་རྟགས་མ་ཐོན་གྱི་བར་དུ་སྦྱང་བར་བྱའོ། །ཞེས་འཕོ་བ་ཉུང་བསྡུས་འདི་ནི་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །མཇུག་ཏུ་སྨོན་ལམ་ནི། ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། །གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ། །སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི། །བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར། །བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག །དེ་སྐད་བདག་གིས་སྨོན་ལམ་བཏབ་པ་ལྟར། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །ཏདྱཐཱ། ཨོཾ་པཉྩི་ཀྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ།། །།

ཚོགས་མཆོད་དང་གཏོར་མ་སོགས་ཀྱི་སྐོར།

ཚོགས་མཆོད་འདོད་དགུའི་ཆར་འབེབས།

p. 211

༄༅། །ཚོགས་མཆོད་འདོད་དགུའི་ཆར་འབེབས་བཞུགས་སོ།།

p. 212

ན་མོ་གུ་རུ་དེ་ཝ་ཌཱཀྐི་ཡེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཆོད། །འདོད་དགུའི་དངོས་གྲུབ་ཆར་བཞིན་དབབ་ཏུ་གསོལ། །ཚོགས་ཀྱི་མཆོད་པའི་ཐབས་མཁས་ལྕགས་ཀྱུ་ཡིས། །མཆོག་ཐུན་དངོས་གྲུབ་འགུགས་ཚུལ་འདི་ན་བཤད། །དེ་ཡང་རང་གཞན་ཡོངས་ལ་ཕན་པའི་ལྷག་བསམ་གྱིས་ཚོགས་མཆོད་བྱ་བར་འདོད་པས། གནས་ཁང་བྱི་དོར་བྱ། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། ལོག་འཚོ་མ་ཡིན་པའི་མཆོད་པ་དང་ཚོགས་རྫས་ཅི་འབྱོར་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཀོད་པ་མཛེས་པར་བཤམས་ལ། སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་། དངོས་གཞི་

p. 213

རང་ཉིད་ཡི་དམ་ལྷ་གང་རུང་གི་གསལ་སྣང་དང་ང་རྒྱལ་བརྟན་པོའི་ངང་ནས། ཚོགས་རྫས་བྱིན་རླབས་ནི། ཧཱུྃ། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་སྣོད་བཅུད་མ་དག་ཉེས་སྐྱོན་སྦྱངས། །ཕྱི་སྣོད་དག་པའི་ཞིང་དང་གཞལ་ཡས་ཁང་། །ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་གྱུར། །གནས་ཁང་རིན་ཆེན་ལས་གྲུབ་གཞལ་ཡས་དབུས། །མཚན་ལྡན་ཐོད་པ་རིན་ཆེན་སྣོད་རྣམས་སུ། །ཚོགས་རྫས་བཤམས་པའི་སྟེང་དུ་ཨོཾ་ཨཱཿཧཱུཾ། །འོད་ཞུ་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ།

p. 214

ལན་གསུམ། དེ་ནས་སྤྱན་འདྲེན་ནི། ཧཱུྃ། རང་གི་ཐུགས་ཀའི་འོད་འཕྲོས་ཕྱོགས་བཅུ་ནས། །རྩ་གསུམ་ལྷ་ཚོགས་བཀའ་སྡོད་ཆོས་སྐྱོང་སོགས། །མཆོད་འོས་མགྲོན་གྱུར་མ་ལུས་སྤྱན་དྲངས་ཏེ། །གནམ་ས་བར་སྣང་གང་བར་བཞུགས་པར་གྱུར། །ཚོགས་ཕུད་རིམ་པ་གསུམ་དང་ལྷག་མ་གཅིག་བཅས་བཞི་བཅད་ལ། ཕུད་དང་པོ་ལག་ཏུ་ཐོགས་ལ། རང་གི་ཐུགས་ནས་ལྷ་མོ་གྲངས་མེད་སྤྲོས། །ཚོགས་ཀྱི་མཆོད་པ་བསྣམས་ནས་ལྷ་ལ་འབུལ། །ལྷ་ཚོགས་རྣམས་ཀྱི་ལྗགས་ཀྱི་འོད་ཟེར་གྱི། །སྦུ་གུས་ཚོགས་བཅུད་དྲངས་ཏེ་གསོལ་བར་གྱུར། ཧཱུྃ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་རྣམས་ལ་ཚོགས་མཆོད་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །མ་གྱུར་ནམ་མཁའི་མཐའ་མཉམ་སེམས་ཅན་དང་། །གདོན་བགེགས་ལན་ཆགས་ལྷ་རུ་གྱུར་པ་ལ། །ཚོགས་མཆོད་སྦྱིན་པས་ངོམས་ཤིང་ཚིམས་གྱུར་ནས། །དྲིན་ལན་འཁོར་ཞིང་ལན་ཆགས་བྱང་གྱུར་ཅིག །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་བར་པ་ཐོགས་ལ། ཧོ། བདག་ཅག་མ་རིག་ཉོན་མོངས་དབང་

p. 215

སོངས་ནས། །ལྷ་ཚོགས་ཐུགས་དང་འགལ་བ་ཅི་མཆིས་པ། །ཚོགས་ཀྱི་མཆོད་པའི་སྒོ་ནས་མཐོལ་ཞིང་བཤགས། །སྡིག་སྒྲིབ་ཉེས་ལྟུང་བྱང་ཞིང་དག་གྱུར་ཅིག །ཨོཾ་བཛྲ་སཏྭ༴ ཞེས་ཡིག་བརྒྱ་བརྗོད། ཟན་གྱི་མི་གཟུགས་སམ། ཡང་ན་ཚོགས་ཀྱི་ཞབས་ནས་ཟན་ཞིག་བཅད་ནས་མདུན་དུ་བཞག་ལ། ཧཱུྃ་བྷྱོ་ཛཿ འཇིགས་རུང་ཁྲོ་ཚོགས་བཀའ་སྡོད་ཕོ་ཉར་འགྱེད། །རང་གཞན་འཕུང་བྱེད་བདག་འཛིན་ཉོན་མོངས་རྣམས། །མ་རུངས་དགྲ་བགེགས་གཟུགས་ཀྱི་རྣམ་པ་རུ། །བཀུགས་ནས་དམིགས་པའི་རྟེན་ལ་ཐིམ་པར་གྱུར། །ཞེས་ཕུར་པའམ་མཚོན་སྟེང་དུ་ཚད་ཙམ་མམ་ཡང་ན་ཅུང་ཟད་བསྣུན་ལ། བདག་འཛིན་ཉོན་མོངས་ཐམས་ཅད་མཱ་ར་ཡ་རྦད། དེ་ནས་ཚོགས་ཕུད་ཐ་མ་དང་བསྲེས་ནས་ལག་ཏུ་ཐོགས་ལ། ཧཱུྃ། བདག་གཞན་འཕུང་བྱེད་བདག་འཛིན་ཉོན་མོངས་རྣམས། །སྟོང་ཉིད་མཚོན་གྱིས་བསྒྲལ་ནས་ལྷ་ཚོགས་ཀྱི། །ཆོས་དབྱིངས་ཞལ་དུ་བསྟབ་བོ་དགྱེས་པར་རོལ། །བདག་འཛིན་ཉོན་མོངས་གཡུལ་ལས་རྒྱལ་བར་མཛོད། །མ་ཧཱ་མཾ་ས་ལ་ཁཱ་ཧི། དེ་ནས་བསྐང་བ་ནི། ཧཱུྃ། མཆོག་ཐུན་དངོས་གྲུབ་རྣམས་ལ་མངའ་བརྙེས་པའི། །རྩ་བརྒྱུད་བླ་མ་རྣམས་

p. 216

ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་དམ་བསྐང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་། །རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་། ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་། །ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐངས་བའི་མཐུས། །བདག་གཞན་སེམས་ཅན་ལོངས་སྤྱོད་ཀུན་ལྡན་ཞིང་། ། ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་མྱུར་འཐོབ་ཤོག །དེ་ནས་ཚོགས་ལ་རོལ་བའི་ཚེ། ཚོགས་དཔོན་བླ་མ་འདྲ་བཞུགས་ན། ཚོགས་འབུལ་མཁན་གྱིས་བཟའ་བ་གཡས་དང་བཏུང་བ་གཡོན་དུ་ཐོགས་ལ་ལག་གཉིས་བསྣོལ་ཏེ། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཞེས་བརྗོད་ལ་འབུལ། སློབ་དཔོན་གྱིས་པད་སྐོར་གྱི་ཕྱག་རྒྱ་བྱས། ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ལ་བླངས་ཏེ་རོལ། གཞན་རྣལ་འབྱོར་ཕོ་མོ་རྣམས་ལ་བཟའ་བ་གཡས་བསྐོར་དུ་བཀྲམ། བཏུང་བ་གཡོན་བསྐོར་དུ་འབུལ། སྐབས་འདིར་སྤྲོ་ན་རྡོ་རྗེ་གླུ་ཡི་མཆོད་པ་ཡང་བྱའོ། །མཇུག་ཏུ་ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུཾ། རྣལ་འབྱོར་དཔོན་སློབ་སྲུང་ཞིང་སྐྱོང་མཛད་པའི། །ལྷག་ལ་རེ་ཞིང་
དབང་བའི་ཚོགས་རྣམས་ཀྱིས། །གཙང་མ་ཕུད་ཀྱི་ལྷག་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི། ཞེས་ལྷག་མ་ཕྱི་རོལ་གྱི་གཙང་སར་བསྐྱལ་ལོ། །དེ་ནས་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །སྨྲས་པ། བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ། །ཚོགས་ཀྱི་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །ཚེ་བསོད་ལུང་རྟོགས་ཡར་ངོའི་ཟླ་ལྟར་རྒྱས། །བདེ་སྐྱིད་ཉི་མ་འཆར་བའི་སྨོན་ལམ་འཚལ། །ཞེས་ཚོགས་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི་སློབ་བུ་འཇིགས་མེད་རྒྱལ་མཚན་གྱིས་ཡང་ཡང་བསྐུལ་ངོར། བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་གངས་རི་ནས་སྦྱར་བའོ། ༈

ཚོགས་མཆོད་ཀུན་བཟང་མཆོད་སྤྲིན།

p. 217

ཚོགས་མཆོད་ཀུན་བཟང་མཆོད་སྤྲིན་བཞུགས་སོ།། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། རང་ལྷར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་སྦྱངས་ནས། ཕྱི་སྣོད་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་

p. 218

གྱུར། རང་གཞན་ཐམས་ཅད་ཀྱི་གནས་གསུམ་དང་ལག་པའི་མཐིལ་ལས་དུས་གསུམ་བསགས་པའི་དགེ་བའི་མཐུ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བྱུང་ནས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་ས་རཱ་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྚོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་ཝ་ར་ན་བི་ཤྭ་དྷ་ནི་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭཱ་བྷ་ཝ་ཤུད་དྷ་སརྦ་དྷརྨ་སྭཱ་བྷ་ཝ་ཤུདྡྷོ྅་ཧཾ། གནས་ཁང་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པའི་ནང་དུ་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་བརྟེན་རྫས་སྐོང་རྫས་ལ་སོགས་པ་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། མཁོ་དགུ་ཚང་བ།

p. 219

བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་ཅན། རྣམ་པ་བདེ་བའི་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏྠད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྗོད། ཨ་མྲྀ་ཏས་བསང་། སྭཱ་བྷ་ཝས་སྦྱང་། རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དེའི་སྟེང་དུ་ཨོཾ་ཨཱཿ ཧཱུཾ་རྣམས་མེར་གྱིས་ཞུ་བ་ལས་ངོ་བོ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་ལ་རྣམ་པ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་དུ་རང་གི་དྲིན་ཅན་རྩ་བའི་བླ་མ། བསྙེན་སྒྲུབ་བྱས་པའི་ཡི་དམ།

p. 220

བསྟེན་མཆོད་སྒྲབ་པའི་སྲུང་མ། ཡུལ་འདིའི་གཞི་བདག་དཀར་ཕྱོགས་ལ་མངོན་པར་དགའ་བ་ཐམས་ཅད་མ་ལུས་པ། གར་བཞུགས་དག་པའི་ཞིང་ཁམས་སོ་སོ་ནས་ཕྲིན་ལས་འདོད་དགུར་སྒྱུར་བའི་རྣམ་རོལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོས་གནས་འདིར་སྤྱན་དྲངས། ཨོཾ་བཛྲ་ས་མ་ཡ་ཛཿ མདུན་གྱི་ནམ་མཁའ་བར་སྣང་ས་གཞིའི་ཁམས་ན་རང་རང་གང་འདོད་པའི་གདན་ལ་དགྱེས་བཞིན་དུ་བཞུགས་པར་གྱུར། རང་གི་ཐུགས་ཀ་ནས་འདོད་ཡོན་གྱི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྣམས་ཐོགས་ཏེ། ལྷ་ཚོགས་རྣམས་ལ་ཕུལ་བས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་ཏེ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཆར་བཞིན་དུ་བསྙིལ་དུ་གསོལ། །ཧཱུཾ། བླ་མེད་

p. 221

མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་འདི། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བྷ་ལིངྟ་མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཨཱཿཧཱུཾ། ཚོགས་ཕུད་གཅིག་དང་ལྷག་ཕུད་གཅིག་དཀྱིལ་འཁོར་ལ་ཕུལ་ལ། མཆོག་ཐུན་དངོས་གྲུབ་རྣམས་ལ་མངའ་བརྙེས་པའི། །རྩ་བརྒྱུད་བླ་མ་རྣམས་ལ་ཚོགས་མཆོད་འབུལ། །ཡི་དམ་ལྷ་ཚོགས་རྣམས་ལ་ཚོགས་མཆོད་འབུལ། །སངས་རྒྱས་བྱང་སེམས་རྣམས་ལ་ཚོགས་མཆོད་འབུལ། །དཔའ་བོ་མཁའ་འགྲོ་རྣམས་ལ་ཚོགས་མཆོད་འབུལ། །ཆོས་སྐྱོང་སྲུང་མ་རྣམས་ལ་ཚོགས་མཆོད་འབུལ། ཡུལ་ལྷ་གཞི་བདག་རྣམས་ལ་ཚོགས་མཆོད་འབུལ། །བཞེས་ནས་བདག་ཅག་རྣམས་ལ་དངོས་གྲུབ་སྩོལ། །མི་ལ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ནོར་ལ་གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །ཟས་ལ་བཅུད་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུཾ། དཀོན་མཆོག་སྲི་ཞུའི་

p. 222

མགྲོན་ལ་ཚོགས་མཆོད་འབུལ། །མགོན་པོ་ཡོན་ཏན་མགྲོན་ལ་དགའ་སྟོན་འགྱེད། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན་པ་གཏོང་། །གདོན་བགེགས་ལན་ཆགས་མགྲོན་ལ་བུ་ལོན་འཇལ། །བླ་མ་དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་རྒྱ་མཚོའི་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་སེམས་ཅན་འདོད་པ་ཚིམ་གྱུར་ཅིག །གདོན་བགེགས་ལན་ཆགས་བུ་ལོན་བྱང་གྱུར་ཅིག །ཨོཾ་ཨཱཿཧཱུཾ། ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་། །མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་། །སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་། །རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་། །ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ། །གཡར་དམ་སོར་ཆུད་དངོས་གྲུབ་

p. 223

བསྩལ་དུ་གསོལ། །ཨོཾ་ཨཱཿཧཱུཾ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་བོ་ཆེ། །རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །ཆོས་སྐྱོང་དམ་ཅན་རྒྱ་མཚོར་ཚོགས་མཆོད་འབུལ། །བཞེས་ནས་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་ལ། །གཙང་མ་ཕུད་ཀྱི་ཚོགས་མཆོད་འདི་འབུལ་ལོ། །རྣལ་འབྱོར་དཔོན་སློབ་བསམ་དོན་འགྲུབ་པ་དང་། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །བསྟན་སྲུང་ཁྱེད་ལ་འཕྲིན་ལས་བཅོལ་བ་ནི། །འདྲེན་མཆོག་ཤཱཀྱའི་བསྟན་པ་སྲུང་བ་དང་། །གངས་ཅན་ལྗོངས་འདིར་བདེ་སྐྱིད་ཕུན་ཚོགས་ཤིང་། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །ཞབས་པད་བརྟན་ཅིང་ཡུན་རིང་གྲོགས་མཛོད་ཅིག །ཡར་ངོའི་ཟླ་ལྟར་འཚེ་བ་མེད་པ་དང་། །ཆོས་དང་མཐུན་པའི་གསོལ་བ་བཏབ་པ་ཡི། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པར་མཛོད། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་དགུའི་དངོས་གྲུབ་མ་ལུས་སྩོལ་མཛད་པའི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་འཁོར་བཅས་ཀྱིས། །བདག་

p. 224

སོགས་བསམ་དོན་འགྲུབ་པའི་གྲོགས་མཛོད་ཅིག །ཨོཾ་ཨཱཿཧཱུཾ། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་ཚོགས་གཏོར་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་ནོར་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཨོཾ་ཨཱཿཧཱུཾ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩི་རྒྱ་མཚོའི་ཚོགས་གཏོར་འདི། །ས་ཡི་ལྷ་མོ་བརྟན་མ་དང་། །སྟོང་གསུམ་གཞི་བདག་ཐམས་ཅད་དང་། །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །གངས་ལྗོངས་གནས་པ་

p. 225

ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །མཆོད་སྦྱིན་གཏོར་མས་ཚིམ་གྱུར་ནས། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ལས་དང་བྱ་བ་ཅི་བྱེད་ཀྱང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐུན་རྐྱེན་ཡིད་བཞིན་འགྲུབ་པར་མཛོད། །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ལྷག་མ་གཏོར་བ་ནི། ཨོཾ་ཨཱཿཧཱུཾ། རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །རྟག་ཏུ་སྲུང་ཞིང་བྱ་ར་བྱེད། །ཐམས་ཅད་འདིར་བྱོན་ལྷག་གཏོར་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི། རྩ་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་སོགས་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །རྩ་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །ཚོགས་འཁོར་ཕུལ་པའི་བསོད་ནམས་ཀྱིས། །

p. 226

སྦྱིན་བདག་ལ་སོགས་འགྲོ་ཀུན་གྱི། །རྡོ་རྗེ་འཛིན་པ་འཐོབ་པར་ཤོག །འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །སྦྱིན་བདག་འཁོར་དང་བཅས་པ་རྣམས། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཡོན་ཏན་མཆོག་བརྙེས་རྒྱལ་བ་སྲས་བཅས་རྣམས། །ཚད་མེད་ཐུགས་རྗེའི་དབང་གིས་དེང་འདིར་དགོངས། །འདིས་མཚོན་དགེ་བས་ཕན་བདེ་འབྱུང་བའི་གནས། །སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །ཤཱཀྱའི་རྒྱལ་པོ་ལ་སོགས་ཆོས་དབྱིངས་སུ། །སྙོམས་པར་ཞུགས་རྣམས་དགོངས་པ་ཡོངས་རྫོགས་ཤིང་། །བསྟན་འཛིན་དམ་པ་རྣམས་ཀྱི་ཞབས་པད་བརྟན། །ཚོགས་མཆོག་འདུས་སྡེ་བཤད་སྒྲུབ་འཕེལ་གྱུར་ཅིག །བདག་ཅག་རྣམས་ལ་རེ་ཞིང་ལྟོས་པ་ཡི། །སྦྱིན་བདག་

p. 227

ཕོ་མོ་ཚེ་འདས་ཇི་སྙེད་དང་། །དམིགས་པའི་ཡུལ་རྣམས་ངན་སོང་འཇིགས་དང་བྲལ། །དལ་འབྱོར་རྟེན་ཐོབ་སྐྱ་གསུམ་མངོན་གྱུར་ཤོག །བདག་ཅག་རྣམས་ལ་རེ་ཞིང་ལྟོས་པ་ཡི། །སྦྱིན་བདག་ཕོ་མོ་ཚེ་ལྡན་ཇི་སྙེད་དང་། །ལྟོས་བཅས་ཚེ་ལྡན་རྣམས་ཀྱི་འགལ་རྐྱེན་ཞི། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །གཞན་ཡང་ལྗོངས་འདིར་ནད་མུག་འཁྲུག་རྩོད་སོགས། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤིང་། །ཕུན་ཚོགས་དགེ་ལེགས་ཡར་ངོའི་ཟླ་བཞིན་རྒྱས། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་ཚོགས་མཆོད་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་འདི་ནི་དད་ཅན་ཉེ་གནས་སྐལ་བཟང་འཕྲིན་ལས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ཕྱོགས་ཕྱོགས་ནས་བསྡུས་ཏེ། ༧ ཚོགས་དྲུག་རང་གྲོལ་གྱིས་བྱམས་པའི་གླིང་ནས་སྦྱར་བའོ། །སརྦ་མངྒ་ལམ། །དགེའོ།། །།

བསང་མཆོད་མདོར་བསྡུས་བ།

p. 228
p. 229

༄༅། །བསང་མཆོད་མདོར་བསྡུས་བཞུགས་སོ། །བསང་གཏོང་བར་འདོད་པས། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། དེ་ནས་རང་ཡི་དམ་གང་ཡིན་པ་དེའི་སྐུར་བཞེངས་པར་མོས་ནས། ངག་ཏུ། རང་ཉིད་སྐད་ཅིག་གིས་ཡི་དམ་ལྷའི་སྐུར་བཞེངས་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་མི་གཙང་བའི་གྲིབ་ངན་པ་ཐམས་ཅད་སེལ་ནུས་པའི་དྲི་ཞིམ་དུད་སྤྲིན་འཁྲིགས་པའི་གསེབ་ནས་མེ་ལོང་པི་ཝཾ་སྤོས་ཕོར་ཞལ་ཟས་ན་བཟའ་ཐོགས་པའི་མཆོད་པའི་ལྷ་མོ་གྲངས་མེད་པ་དང་། བཟའ་བཏུང་གོས་རྒྱན་འབྲུ་སྨན་དར་གོས་རིན་པོ་ཆེའི་རིགས་དཔག་ཏུ་མེད་པ་བྱུང་ནས། ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་བསང་གི་མཆོད་པས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། རང་གི་ཐུགས་ཀའི་འོད་འཕྲོས་ཚོགས་ཞིང་ལྷ། །མ་ལུས་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས། །རྩ་བརྒྱུད་བླ་མ་རྣམས་ལ་བསང་མཆོད་འབུལ། །རྟོགས་པས་བདག་རྒྱུད་གྲོལ་བར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་རྣམས་ལ་བསང་མཆོད་འབུལ། །ཐུགས་རྗེས་གཞན་རྒྱུད་སྨིན་པའི་དངོས་གྲུབ་སྩོལ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསང་མཆོད་འབུལ། །

p. 230

རྟེན་འབྲེལ་ཐབས་ལ་མཁས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དཔའ་རྣམས་ལ་བསང་མཆོད་འབུལ། །འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། །འཕགས་པ་ཉན་རང་རྣམས་ལ་བསང་མཆོད་འབུལ། །སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛོད། །དཔའ་བོ་མཁའ་འགྲོ་རྣམས་ལ་བསང་མཆོད་འབུལ། །བསྟན་འཛིན་སྐྱེས་བུའི་འཕྲིན་ལས་སྒྲུབ་པར་མཛོད། །ཆོས་སྐྱོང་སྲུང་མ་རྣམས་ལ་བསང་མཆོད་འབུལ། །རྣལ་འབྱོར་བདག་ཅག་བུ་བཞིན་སྐྱོང་བར་མཛོད། །ལྷ་ཀླུ་སྡེ་བརྒྱད་རྣམས་ལ་བསང་མཆོད་འབུལ། །བཅོལ་བའི་ཕྲིན་ལས་ཐོགས་མེད་སྒྲུབ་པར་མཛོད། །ཡུལ་ལྷ་གཞི་བདག་རྣམས་ལ་བསང་མཆོད་འབུལ། །བར་ཆད་ཀུན་སོལ་བསམ་དོན་འགྲུབ་པར་མཛོད། །ལྷ་དང་མི་ལ་མི་གཙང་གྲིབ་ཕོག་པ། །བསང་ངོ་དག་བྱེད་བསང་གི་དུད་པས་བསང་། །མུན་ལ་ཉི་མ་ཤར་བཞིན་དག་གྱུར་ནས། །གངས་ཀྱི་རི་བོ་བཞིན་དུ་གསལ་བར་ཤོག །མ་རིག་དབང་གིས་ནོངས་པ་ཅི་མཆིས་པ། །བཟོད་པར་བཞེས་ལ་རང་རང་གནས་སུ་གཤེགས། །བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ་པ་དང་། །དགེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་བསང་མཆོད་ཉུང་འདུས་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ལ་ཕྱི་ནས་སྨྲས་པའོ།།

མནོལ་བསངས་མདོར་བསྡུས།

p. 231

༄༅། །མནོལ་བསངས་མདོར་བསྡུས་བཞུགས་སོ། མནོལ་བསང་གཏང་བར་འདོད་པས། རང་ཉིད་ཡི་དམ་གང་རུང་དུ་མོས། བསང་ལ་ཆབ་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མི་གཙང་བའི་གྲིབ་ངན་པ་ཐམས་ཅད་སེལ་ནུས་པའི་དག་བྱེད་དྲི་ཞིམ་དུད་པའི་སྤྲིན་གྱིས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། གཙང་ཞིང་དྲི་ཞིམ་དུད་སྤྲིན་འདིས། །མི་གཙང་གྲིབ་རྣམས་ཐམས་ཅད་བསང་། །ཟས་གྲིབ་གོས་གྲིབ་བཙོག་གྲིབ་དང་། །ཉམས་གྲིབ་དཀོར་གྲིབ་ཐམས་ཅད་བསང་། །འཁོན་གྲིབ་དམ་གྲིབ་ཡུགས་གྲིབ་དང་། །མཛེ་གྲིབ་རོ་གྲིབ་ཐམས་ཅད་བསང་། །ལྷ་མི་ཡོངས་ལ་ཕོག་པའི་གྲིབ། །མ་ལུས་བསང་གི་དུད་པས་བསང་། །བསང་གིས་མི་བསང་གང་ཡང་མེད། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བསང་། །མ་དག་གྲིབ་ཀྱིས་མནོལ་བ་ཀུན། །རྣམ་དག་ཆོས་ཀྱི་དབྱིངས་སུ་བསང་། །མགོ་བོ་བཏུམ་པ་སངས་པ་བཞིན། །ལུས་ཀྱི་གྲིབ་རྣམས་སངས་

p. 232

གྱུར་ཅིག །ན་བུན་མཁའ་ལ་ཡལ་བ་བཞིན། །ངག་གི་གྲིབ་རྣམས་སངས་གྱུར་ཅིག །མེ་ལོང་ས་རྡུལ་ཕྱིས་པ་བཞིན། །ཡིད་ཀྱི་གྲིབ་རྣམས་སངས་གྱུར་ཅིག །གངས་ལ་ཉི་འོད་ཕོག་པ་བཞིན། །ལུས་ལ་བཀྲག་མདངས་འབར་བར་ཤོག །པི་ཝཾ་གླིང་བུའི་སྒྲ་སྙན་བཞིན། །ངག་གི་སྐད་གདངས་སྙན་པར་ཤོག །ཤེལ་ལ་གཟུགས་བརྙན་ཤར་བ་ལྟར། །སེམས་ལ་ཉམས་རྟོགས་འཆར་བར་ཤོག །ཅེས་འདོན་བཞིན་བསང་བཏང་ནས། ནང་ཐམས་ཅད་ལ་བདུག་ན་གྲིབ་ཐམས་ཅད་སངས་ནས་ཁམས་སངས་ཤིང་བདེ་བར་འགྱུར་རོ། །ཞེས་པ་འདི་ནི་ཉེ་གནས་རྣམས་ལ་ཕན་ཕྱིར་༧ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །སརྦ་མངྒ་ལཾ།། །།

གཡང་འགུག་དབུལ་བ་ཀུན་སེལ།

p. 233

༄༅། །གཡང་འགུག་དབུལ་བ་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།

p. 234

ན་མོ་གུ་རུ། གཡང་འགུག་བྱེད་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་སྐྱེད་ཡི་དམ་མངོན་རྟོགས་སྒོམ་པ་རྣམས་སྔོན་དུ་བཏང་། དེ་ནས་དངོས་གཞི་ལ། གཡང་རྟེན་མཆོད་པ་རྒྱས་པར་བཤམས། མདའ་དར་ཕྱོགས་ཀུན་ཏུ་གཡོབ་བཞིན་དུ་འདི་སྐད་དོ། །ཀྱཻ། ནོར་བདག་ཛམ་ལྷ་འཁོར་བཅས་ཀྱིས། ། གནས་འདིར་ཕྱྭ་གཡང་འགུག་པའི་ཕྱིར། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར། །སྟེང་ཕྱོགས་ལྷ་ཡི་གོོས་གཡང་ཁུག །འོག་ཕྱོགས་ཀླུ་ཡི་ནོར་གཡང་ཁུག །བར་གྱི་མི་ཡི་བུ་གཡང་ཁུག །འཇིག་རྟེན་ཁམས་ཀྱི་ཕྱྭ་

p. 235

གཡང་ཁུག །ལུས་འཕགས་ཡུལ་གྱི་ལུས་གཡང་ཁུག །འཛམ་བུ་གླིང་གི་ཆོས་གཡང་ཁུག །བ་གླང་སྤྱོད་ཀྱི་ནོར་གཡང་ཁུག །སྒྲ་མི་སྙན་གྱི་ཚེ་གཡང་ཁུག །རྒྱ་གར་རྒྱལ་པོའི་འབྲས་གཡང་ཁུག །རྒྱ་ནག་རྒྱལ་པོའི་ཇ་གཡང་ཁུག །རོང་པ་རྣམས་ཀྱི་ནས་གཡང་ཁུག །འབྲོག་པ་རྣམས་ཀྱི་མར་གཡང་ཁུག །རྒྱལ་སྲིད་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྟགས་བརྒྱད་གཡང་ཁུག་ཅིག །རིན་ཆེན་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྫས་བརྒྱད་གཡང་ཁུག་ཅིག །གཡང་

p. 236

རྣམས་གཅིག་ཀྱང་མ་ལུས་པ། །སྟེང་འོག་ཕྱོགས་མཚམས་ཀུན་ནས་འོང་། །གཡང་རྟེན་འདི་དག་ཐམས་ཅད་ལ། །ཐིམ་ནས་གཉིས་སུ་མེད་པར་གྱུར། །གཡང་ཀུན་འཕེལ་ནས་ནང་རྣམས་གང་། །གཡས་གཡོན་ཁྱིམ་མཚེའི་ནང་དུ་སོང་། །ས་ཆ་ཡུལ་ཕྱོགས་ཐམས་ཅད་ལ། །བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག །བསྭོ་ཆ་འོ་ལྷ་རྒྱལ་ལོ། ཡང་རྒྱས་པར་སྤྲོ་ན་མདའ་དར་གཡབ་བཞིན། །ཨོཾ། ཕན་བདེའི་འབྱུང་གནས་ཆོས་ཀྱི་གཡང་། །རྒྱལ་བ་ཡབ་སྲས་བཤད་པའི་གཡང་། །མི་ལ་རས་པའི་སྒོམ་པའི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་དཔག་མེད་མགོན་ཚེ་ཡི་གཡང་། །རྣམ་ཐོས་སྲས་ཀྱི་མཛོད་ཀྱི་གཡང་། །རྗེ་བཙུན་སྒྲོལ་མའི་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་རིང་རྣམ་དྲུག་ཚོ་ཡི་གཡང་། །མཐུན་པ་སྤུན་བཞི་མཐུན་པའི་གཡང་། །རྒྱ་ནག་ཧྭ་ཤང་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །གེ་སར་རྒྱལ་པོའི་རྟ་ཡི་གཡང་། །འདོད་འཇོ་བ་ཡི་འོ་མའི་གཡང་། །གཡང་མོ་ལུག་གི་བལ་དཀར་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཁམས་གསུམ་ཀུན་གྱི་

p. 237

ཟས་ནོར་ཀུན། །རང་དབང་མེད་པར་འདུ་བར་ཤོག །སྲིད་ཞིའི་བདེ་སྐྱིད་མ་ལུས་པ། །རང་བཞིན་ཤུགས་ཀྱིས་འབྱུང་བར་ཤོག །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། །གཏེར་ཆེན་བུམ་བཟང་ཇི་བཞིན་དུ། །གཡང་རྟེན་འདི་ལས་དགོས་འདོད་ཀུན། །འབད་རྩོལ་མེད་པར་འབྱུང་བར་ཤོག །ཁ་གཡང་བཀྲ་ཤིས་བརྗོད་པ་བཞིན། །མི་གཡང་རབ་ཏུ་འཕེལ་དུ་གསོལ། །ནོར་གཡང་རབ་ཏུ་འཕེལ་དུ་གསོལ། །ཟས་གཡང་རབ་ཏུ་འཕེལ་དུ་གསོལ། །མཇུག་ཏུ། ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཅིག །ས་གཞི་ཐམས་ཅད་ལ་བྱིན་ཆགས་པར་གྱུར་ཅིག །ཕྱི་ནང་ཐམས་ཅད་ལ་གཡང་འཁྱིལ་བར་གྱུར་ཅིག །ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །གཞན་ལ་སྨོན་ལམ་བཀྲ་ཤིས་ཤེས་ཚད་བརྗོད་པར་བྱའོ། །ཞེས་གཡང་འགུག་དབུལ་བ་ཀུན་སེལ་ཞེས་བྱ་བ་འདི་ནི། ཁྱུང་དགོན་སྤྲུལ་སྐུ། ཉང་གི་མཚམས་པ། ལྷ་ཁང་དབུ་མཛད་སོགས་རེབ་གོང་སྔགས་མང་གིས་བསྐུལ་ངོར། བླ་མ་ཞབས་དཀར་བས་བཀྲ་ཤིས་འཁྱིལ་པ་ནས་སྦྱར་བའོ། །འདིས་ཀྱང་སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཛམ་ནག་གི་མངོན་རྟོགས་འདོད་དགུའི་ཆར་འབེབས།

p. 238
p. 239

༄༅། །ཛམ་ནག་གི་མངོན་རྟོགས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།

p. 240

ན་མོ་ཨཱརྱ་ཛམ་བྷ་ལ་ཡེ། འདིར་འདོད་དགུའི་ནོར་གྱི་ཆར་འབེབས་པའི་ནོར་བདག་ཛམ་ནག་གི་མངོན་རྟོགས་བསྒོམ་པར་འདོད་པས། ཐོག་མར་གནས་ཁང་བྱི་དོར་བྱ། ཛམ་ནག་གི་སྐུ་སོགས་རྟེན་གང་ཡོད་བཀྲམ། མཆོད་པ་ཅི་འབྱོར་བཤམས། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲངས། དགེ་སེམས་ཁྱད་པར་ཅན་གྱི་ངོས་ནས་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་ཉིད་ལ་འདོད་དགུའི་ནོར་གྱི་ཆར་འབེབས་པའི་ཨཱརྱ་ཛམ་བྷ་ལ་ནག་པོ་སྐུ་མདོག་བུང་བ་ལྟར་གནག་པ། གཅེར་བུ་རིགས་ངན་གྱི་ཆ་ལུགས་ཅན། རྣ་བ་མ་ཕུག་པ། མིའུ་ཐུང་གི་རྣམ་པ་ཅན།

p. 241

མཚན་མ་གྱེན་དུ་བསྒྲེངས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བགྲད་ཅིང་། ཞལ་གདངས་ཤིང་མཆེ་བ་རྣོན་པོ་བཞི་གཙིགས་པ། ཕྱག་གཡས་པས་ཁམས་གསུམ་གྱི་སྙིང་ཁྲག་ཐམས་ཅད་བསྡུས་པའི་ཁྲག་གིས་བཀང་པའི་ཐོད་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་འདོད་དགུའི་ནོར་སྐྱུགས་པའི་གཏེར་གྱི་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་

p. 242

པདྨ་དང་ཟླ་བའི་གདན་ལ་གནོད་སྦྱིན་རྣམ་ཐོས་བུའི་གཟུགས་ཅན་ནོར་བུ་སྐྱུགས་པའི་སྟེང་ན་འགྱིང་བ། ཕྱག་གི་ནེའུ་ལེ་དང་ཞབས་ཀྱི་གནོད་སྦྱིན་གྱི་ཁ་དང་ཡན་ལག་རྣམས་ཀླུ་ཆེན་བརྒྱད་སྦྲུལ་གྱི་རྣམ་པས་བརྒྱན་པའི་གདེངས་ཀ་ནོར་བུ་འོད་འབར་བ་དང་། སྤྱི་བོའི་རྒྱལ་བ་མི་བསྐྱོད་པའི་ཕྱག་གི་ནོར་བུ་རྣམས་ལས་གསེར་དངུལ་ཟངས་ལྕགས་འབྲུ་སྨན་ནོར་བུ་དར་ཟབ་སོགས་དགོས་འདོད་ཀྱི་ཆར་ཕབ་ནས། རང་ཉིད་གནས་པའི་ས་ཆ་ཡུལ་རིས་གནས་ཁང་ཐམས་ཅད་འཛད་པ་མེད་པའི་ཟས་ནོར་ལོངས་སྤྱོད་ཀྱིས་གང་བར་གྱུར། ཨོཾ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཞེས་སྙིང་པོ་ཅི་མང་བཟླ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཞི་ཁྲོ་ནོར་ལྷ་གཏེར་བདག་ཐམས་ཅད་ནོར་བདག་ཛམ་ནག་གི་སྐུའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས། ནམ་མཁའི་ཁམས་ཁྱབ་པར་བཞུགས་ནས་དགོས་འདོད་ཀྱི་ཆར་ཕབ་པས་རང་ཉིད་གནས་པའི་ས་ཆ་ཡུལ་རིས་ཐམས་ཅད་འཛད་པ་མེད་པའི་ཟས་ནོར་ལོངས་སྤྱོད་ཀྱིས་གང་བར་གྱུར། ཨོཾ་ཛམྦུ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཅི་མང་བཟླ། བདག་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་

p. 243

ཟེར་ཉི་མ་འབུམ་ཕྲག་དུས་གཅིག་ལ་ཤར་བ་ལས་ཀྱང་ཆེས་ཆེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་སྟེང་ཕྱོགས་ལྷའི་ཡུལ་གྱི་ལྷའི་པཉྩ་ལི་ཀའི་གོས་ལ་སོགས་གོས་ཀྱི་རིགས་དང་། རོ་བརྒྱ་ལྡན་པའི་ཟས་ལ་སོགས་པའི་ཟས་ཀྱི་རིགས་དང་། འཆི་མེད་ཚེ་ཡི་བཏུང་བ་ལ་སོགས་པའི་བཏུང་བའི་རིགས་དང་། འོག་ཕྱོགས་ཀླུའི་ཡུལ་གྱི་ཡིད་བཞིན་གྱི་ནོར་བུ་ལ་སོགས་རིན་པོ་ཆེའི་རིགས་དང་། བར་མིའི་ཡུལ་གྱི་ཅང་ཤེས་ཀྱི་རྟ་དང་གླང་པོ་ཆེ་འདོད་འཇོའི་བ་དང་འབྲི་མོ་ལ་སོགས་པའི་ཁལ་རྟ་བཞོན་མའི་རིགས་དང་། གཞན་ཡང་གསེར་དངུལ་ཟངས་ལྕགས་འབྲུ་སྨན་ནོར་བུ་དར་ཟབ་སོགས་འདོད་དགུའི་ཟས་ནོར་ལོངས་སྤྱོད་ཀྱི་རིགས། ཆོས་སྒྲུབ་པའི་མཐུན་རྐྱེན་དུ་འགྲོ་བ་བཀྲ་ཤིས་པའི་དངོས་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ལ་འོད་ཟེར་ཕོག་པ་ཙམ་གྱིས་རྡོ་ཁབ་ལེན་གྱིས་ཁབ་བླངས་པ་དང་། རིན་པོ་ཆེ་སྦུར་ལེན་གྱིས་སྦུར་མ་བླངས་པ་ལྟར། ཙེན་གྱིས་བླངས་འུབ་ཀྱིས་བསྡུས་ཏེ་རང་ཉིད་གནས་པའི་ས་ཆ་ཡུལ་རིས་གནས་ཁང་ཐམས་ཅད་ལ། རི་ལྟར་སྤུང་ཞིང་མཚོ་ལྟར་འཁྱིལ་ནས་

p. 244

ནམ་ཡང་འཛད་པ་མེད་པའི་གཏེར་དང་ནམ་མཁའ་མཛོད་ལ་མངའ་དབང་བསྒྱར་ནས་རྫོགས་ལྡན་གྱི་དུས་བཞིན་བདེ་སྐྱིད་ཀྱི་དཔལ་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཛམ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། ཅི་མང་བཟླ། མཇུག་ཏུ། ཨོཾ་ཨཱརྱ་ཛམ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། །ཞེས་མཆོད་བསྟོད་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་ཛམ་ནག་མངོན་རྟོགས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི་དད་གཏོང་ཤེས་རབ་སྙིང་རྗེ་དང་ལྡན་པའི་སློབ་བུ་གནམ་ལ་རྒྱལ། ལྷ་མཚོ། བཀྲ་ཤིས། འབུམ་པ་སོགས་ཞོ་འོང་ལ་ཁའི་དད་ཅན་སྔགས་མང་རྣམས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར་༧འཕགས་པའི་ནོར་གྱིས་ཕྱུག་པའི་རྣལ་འབྱོར་ཞབས་དཀར་པས་དབེན་གནས་བཀྲ་ཤིས་འཁྱིལ་པ་ནས་སྦྱར་བའོ། །འདིས་ཀྱང་སེམས་ཅན་དབུལ་བའི་སྡུག་བསྔལ་ཐམས་ཅད་སེལ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།

བླ་མ་ཡིད་བཞིན་ནོར་བུ་སོགས།

p. 245

༄༅། །བླ་མ་ཡིད་བཞིན་ནོར་བུ་དང་། །དབྱེར་མེད་ནོར་བདག་ཛམ་ནག་ལ། །བདག་ནི་གུས་པས་གསོལ་བ་འདེབས། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། སྔགས་ཅི་མང་བརྗོད། ཨོཾ་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ། བདག་གིས་ནོར་བདག་ཛམ་ནག་བཞིན། །འགྲོ་ཀུན་དབུལ་ཕོངས་ཀུན་བསལ་ནས། །སེམས་ཅན་ཐམས་ཅད་ཛམ་བྷ་ལྷའི། །གོ་འཕང་མཆོག་ལ་འགོད་པར་ཤོག །བཅོམ་ལྡན་ནོར་བདག་ཛམ་བྷ་ལྷས། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་གཉིས་ཀྱི་དབུལ་བ་སེལ། ། དགོངས་འདོད་འབྱུང་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རྣལ་འབྱོར་ཞབས་དཀར་པས་སྦྱར་བའོ།། ༎

གཏོར་བསྔོ་མདོར་བསྡུས།

p. 246
p. 247

༄༅། །གཏོར་བསྔོ་མདོར་བསྡུས་བཞུགས་སོ།།

p. 248

ན་མོ་གུ་རུ། གཏོར་བསྔོས་བྱེད་པར་འདོད་པས། ཐོག་མར་རང་ཡི་དམ་གྱི་ལྷ་གང་ཡིན་པའི་སྐུར་མོས་ལ། ངག་ཏུ། རང་ཉིད་སྐད་ཅིག་ཉིད་ལ་ཡི་དམ་ལྷའི་སྐུར་བཞེངས་པར་གྱུར། ༀ་བཛྲ་ཨ་མྲྀ་ཏ༴ སྭ་བྷ་ཝ༴ སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡི་གེ་གསུམ་གྱིས་སྦྱངས་རྟོག་སྦར་གསུམ་བྱས་པ་ལས། གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། གསུམ། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། །

p. 249

ཕྱོགས་བཅུའི་ཞིང་ནས་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་སྤྱན་དྲངས་ཏེ། །མདུན་གྱི་ནམ་མཁའ་ཡངས་པར་བཞུགས་པར་གྱུར། །དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་ཡི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་གཏོར་འབུལ། །བཞེས་ནས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཤེས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཅི་འདོད་དངོས་གྲུབ་མ་ལུས་སྩོལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ལ་གཏོར་མཆོད་འབུལ། །བཞེས་ནས་བདག་ཅག་དཔོན་སློབ་འཁོར་བཅས་ལ།

p. 250

ཅི་འདོད་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི། །དཔའ་བོ་མཁའ་འགྲོ་རྣམས་ལ་གཏོར་མཆོད་འབུལ། །བཞེས་ནས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛོད། །རྒྱལ་བའི་བསྟན་དང་བསྟན་འཛིན་བུ་བཞིན་དུ། །སྐྱོང་བའི་ཆོས་སྐྱོང་རྣམས་ལ་གཏོར་མཆོད་འབུལ། བཞེས་ནས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཞི་རྒྱལ་དབང་དྲག་འཕྲིན་ལས་སྒྲུབ་པར་མཛོད། །ཆོས་མཛད་སྐྱེས་བུ་རྣམས་ཀྱི་གྲོགས་མཛད་པའི། །ཡུལ་ལྷ་གཞི་བདག་རྣམས་ལ་གཏོར་མཆོད་འབུལ། །བཞེས་ནས་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མཐུན་རྐྱེན་བསམ་དོན་མ་ལུས་འགྲུབ་པར་མཛོད། །བཞེས་ནས་བྱང་ཆུབ་སྒྲབ་པའི་གྲོགས་མཛོད་ཅིག །ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །སངས་རྒྱས་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་པ་འདི་ཡང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ།། ༈ །།ཆོས་དབྱིངས་ངང་ལས་དྲག་པོའི་སྐུ་རུ་བཞེངས། །མ་རུངས་དགྲ་བགེགས་

p. 251

འདུལ་མཛད་བསྟན་སྲུང་མཆོག །ཡེ་ཤེས་མགོན་པོ་དམ་ཅན་ཆོས་རྒྱལ་དང་། །ནོར་བདག་རྣམ་སྲས་དྲེགས་པ་ལྕམ་སྲིང་དང་། །དཔལ་ལྡན་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་རྣམས། །གར་བཞུགས་དག་པའི་ཞིང་ཁམས་སོ་སོ་ནས། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་དུ། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་གཏོར་འབུལ། །བཞེས་ནས་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །སངས་རྒྱས་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་གསར་མའི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོས་ཉུང་བསྡུས་འདི་ནི་རྣལ་འབྱོར་ཞབས་དཀར་བས་སྦྱར་བའོ།། ༈ །།ཧཱུྃ། །ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་པའི། །གནོད་བྱེད་དགྲ་བགེགས་ཐམས་ཅད་འདུལ་བའི་ཕྱིར། །ཆོས་ཉིད་ཞི་བའི་དབྱིངས་ལས་མ་གཡོས་བཞིན། །སྙིང་རྗེའི་དབང་གིས་དྲག་པོའི་སྐུ་རུ་བཞེངས་། །སྔགས་སྲུང་གཙོ་

p. 252

མོ་ཨེ་ཀ་ཛཱ་ཏི་དང་། །དགྲ་སྲོག་མྱུར་གཅོད་གཟའ་བདུད་རཱ་ཧུ་ལ། །འཕྲིན་ལས་མྱུར་སྒྲུབ་དམ་ཅན་རྡོ་རྗེ་ལེགས། །བོད་ཁམས་སྐྱོང་བའི་ཚེ་རིང་མཆེད་ལྔ་དང་། །བསྟན་མ་བཅུ་གཉིས་བདུད་བཙན་ཀླུ་གསུམ་སོགས། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་འཁོར་བཅས་རྣམས། །གར་བཞུགས་དག་པའི་ཞིང་ཁམས་སོ་སོ་ནས། །ངོ་མཚར་རྫུ་འཕྲུལ་སྣ་ཚོགས་སྟོན་བཞིན་དུ། ། ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་གཏོར་འབུལ། །ཅེས་རྙིང་མའི་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོས་ཉུང་འདུས་འདི་ནི་རྣལ་འབྱོར་ཞབས་དཀར་བས་སྦྱར་བའོ།། ༈ །།ཨོཾ་ཨཱཿཧཱུཾ། ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་སྲུང་མ། །ཆོས་མཛད་བུ་ལྟར་སྐྱོང་བའི་དམ་ལྡན་མ། ། ཚེ་རིང་མཆེད་ལྔ་འཁོར་བཅས་གཏོར་མཆོད་འབུལ། །བཞེས་ནས་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅི་འདོད་དངོས་གྲུབ་ཐམས་ཅད་ཆར་བཞིན་ཕོབ། །སངས་རྒྱས་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་པ་འདི་ཡང་ཞབས་དཀར་བས་བྲིས་པའོ།། །།

གཏོར་མ་བརྒྱ་རྩ་བསྡུས་པ།

p. 253

༄༅། །གཏོར་མ་བརྒྱ་རྩ་བསྡུས་པ་བཞུགས་སོ།།

p. 254

ན་མོ་ལོ་ཀི་ཤྭ་ར་ཡ། གཏོར་མ་བརྒྱ་རྩ་གཏོང་བར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། རིལ་བུ་རྣམས་སྣོད་གཅིག་ཏུ་བཤམས། ཆུ་གཙང་མས་བཀང་ལ། དེ་ནས། རང་ཉིད་སྐད་ཅིག་གི་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་༼ཞལ་གཅིག་ཕྱག་གཉིས་སམ་ཕྱག་བཞི་པ་གང་རུང་བསྐྱེད་མཆན་༽བཞེངས་པར་གྱུར། མ་ཎི་བརྒྱ་རྩ་བརྗོད། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་གཏོར་མ་དྭངས་ཤིང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བདུད་

p. 255

རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། མཆོག་དམན་བར་མའི་མགྲོན་རྣམས་མ་ལུས་པ། །མཆོད་སྦྱིན་གནས་འདིར་གཤེགས་བཞུགས་དགྱེས་པར་རོལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད། སམྦྷ་རའི་སྔགས་བརྗོད་པའི་རྗེས་སུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། རིན་ཆེན་སྣོད་དུ་བཟའ་བ་རི་རབ་ཙམ། །གཏུང་བ་རྒྱ་མཚོ་ཙམ་དུ་རབ་སྤྲུལ་ཏེ། །བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །བྱིན་རླབས་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་

p. 256

ལ་འབུལ། །ཞི་རྒྱས་དབང་དྲག་ཕྲིན་ལས་འགྲུབ་པར་མཛོད། །ཕན་མཛད་དྲང་སྲོང་བདེན་ཚིག་འགྲུབ་ལ་འབུལ། །བསྟན་འགྲོར་ཕན་པའི་སྨོན་ལམ་འགྲུབ་ཏུ་གསོལ། །ནོར་ལྷ་གཏེར་གྱི་བདག་པོ་རྣམས་ལ་འབུལ། །འདོད་དགུའི་ལོངས་སྤྱོད་ཆར་བཞིན་དབབ་ཏུ་གསོལ། །ཡུལ་ལྷ་གཞི་བདག་དཀར་ཕྱོགས་ལྷ་ལ་འབུལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབ་པར་མཛོད། །མི་མིན་གནོད་སྦྱིན་མཐུ་ཆེན་རྣམས་ལ་འབུལ། །བསྟན་དང་འགྲོ་ཀུན་བུ་བཞིན་སྐྱོང་བར་མཛོད། །གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ལ་བསྔོ། །ནད་མུག་མ་གཏོང་ལོ་ལེགས་འབྲུ་ནོར་སྤེལ། །མཁའ་མཉམ་མ་གྱུར་འགྲོ་བ་ཡོངས་ལ་བསྔོ། །ཐམས་ཅད་གཏན་དུ་བདེ་ཞིང་སྐྱིད་པར་ཤོག །བཀྲེས་ཤིང་སྐོམ་པའི་ཡི་དྭགས་རྣམས་ལ་བསྔོ། །ཐམས་ཅད་ནམ་མཁའ་མཛོད་ལ་དབང་འབྱོར་ཤོག །ལན་ཆགས་ཤ་འཁོན་གཉེར་བ་རྣམས་ལ་བསྔོ། །ཤ་འཁོན་ཀུན་དག་བུ་ལོན་བྱང་གྱུར་ཅིག །ཤི་ནས་བར་དོར་འཁྱམས་པ་རྣམས་ལ་བསྔོ། །འཇིགས་སྐྲག་ཀུན་ཞི་དག་ཞིང་བགྲོད་པར་ཤོག །གློ་བུར་ལྷགས་ཤིང་ལྷག་མར་རེ་བར་བསྔོ། །འདོད་

p. 257

དགུའི་ཆར་གྱིས་ཐམས་ཅད་ཚིམས་གྱུར་ཅིག ༈ །འཆི་བསླུ་གཏོང་བར་སྤྲོ་ན་གཏོར་ཁ་གསོས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་གོང་བཞིན་བསང་སྦྱང་བརླབས་ནས། སམ་བྷ་ར་འོས་ཙམ་གྱིས་བསྔོས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་གཙོས་སེམས་ཅན་ཐམས་ཅད་ཚེ་སྲོག་འཕྲོག་པར་བྱེད་པའི་ཡི་དྭགས་ཀྱི་གཙོ་བོ་ཁ་ལ་མེ་འབར་མ་ལ་སོགས་པའི་འབྱུང་པོ་ས་སྟེང་ལ་རྒྱུ་བ། ས་འོག་ཏུ་རྒྱུ་བ། ས་བླ་ལ་རྒྱུ་བ། ཟ་འདྲེ་སྲོག་གཅོད་དབུགས་ལེན་གྱི་རིགས་སུ་གྱུར་པ་རྣམས་ལ་བསྔོའོ། །སྟེར་རོ། །སྦྱིན་ནོ། །མཆོད་སྦྱིན་གྱི་གཏོར་མ་འདི་ཉིད་ཀྱིས་ཚིམས་པར་གྱིས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་གཙོས་སེམས་ཅན་ཐམས་ཅད་ཀྱི། ཚེ་མ་འཕྲོག །སྲོག་མ་འཕྲོག །མདངས་མ་འཕྲོག །གཟི་བརྗིད་མ་འཕྲོག །གནོད་པའི་བསམ་སྦྱོར་ཀུན་ཞི་ནས་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག ༈ །སྟོན་པའི་གསུངས་བཞིན་འོག་མའི་མགྲོན་རྣམས་ཀྱིས། །སྡིག་སྤོངས་དགེ་སྒྲུབས་

p. 258

བསམ་པ་བཟང་པོ་གྱིས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །མགྲོན་རྣམས་དགྱེས་ཤིང་རང་རང་གནས་སུ་གཤེགས། །དགེ་བས་བདག་གཞན་སངས་རྒྱས་མྱུར་ཐོབ་ཤོག །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །སྨོན་ལམ་ནི། འདི་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གི་དུས་གསུམ་དགེ་བའི་མཐུས། །ཉམས་ཐག་འགྲོ་བ་མཐའ་དག་གི །མགོན་སྐྱབས་དམ་པར་བདག་གྱུར་ཅིག །ཚ་གདུང་དམྱལ་བའི་འཇིགས་པ་རྣམས། །སྐྱོབ་བྱེད་བསིལ་བའི་ཆར་དང་ནི། གྲང་བའི་དམྱལ་བ་མཐའ་དག་གི །གདུང་སེལ་ཉི་མའི་མཆོག་གྱུར་ཅིག །རོ་བརྒྱའི་ཟས་སྐོམ་རྒྱ་མཚོ་ཡིས། །ཡི་དྭགས་མ་ལུས་དབུགས་འབྱིན་ཅིང་། །བཀོལ་སྤྱོད་རྨོངས་པའི་མུན་སེལ་བའི། །སྒྲོན་མེའི་མཆོག་ཏུ་བདག་གྱུར་ཅིག །ཕྲག་དོག་འཐབ་རྩོད་སྡུག་བསྔལ་གྱི། །མདའ་ཆར་འབབ་ལ་གོ་ཆ་དང་། །འཆི་འཕོ་ལྟུང་བའི་ཆུ་འཁྲུག་པར། །སྒྲོལ་བྱེད་བརྟན་པོའི་གཟིངས་གྱུར་ཅིག །འཇིགས་རུང་སྐྱེ་རྒ་ན་འཆི་ཡི། །རིམས་ནད་དྲག་པོས་གཙེས་པ་ལ། །ཉོན་མོངས་ནད་ཀུན་སེལ་བྱེད་པའི། །སྨན་

p. 259

པའི་མཆོག་ཏུ་བདག་གྱུར་ཅིག །བདག་ནི་དབུལ་ཞིང་ཕོངས་རྣམས་ལ། །འདོད་དགུ་འབྱུང་བའི་གཏེར་ཆེན་དང་། །གཉེན་དང་བྲལ་བས་གདུངས་རྣམས་ཀྱི། །གཉེན་དང་བཤེས་སུ་ངེས་གྱུར་ཅིག །བདག་ཀྱང་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རྟེན་བཟང་དགེ་བའི་བཤེས། །ཡིད་བཞིན་ནོར་བུ་སྤྱི་བོར་འཛིན། །ཐོས་བསམ་བསྒོམ་པའི་གྲུར་ཞུགས་ནས། །སྐུ་གསུམ་གླིང་དུ་ཕྱིན་གྱུར་ཅིག །ཅེས་པ་འདི་ཡང་སློབ་བུ་བློ་བཟང་དོན་འགྲུབ་སོགས་གྲྭ་བཙུན་ཤེས་རབ་དམན་པ་འགའ་རེས་བསྐུལ་ངོར། ཞབས་དཀར་བས་དབེན་གནས་ལ་ཕྱི་གངས་ར་ནས་སྦྱར་བའོ། །བློ་དམན་རྣམས་ཀྱི་ཚུལ་འདི་ལྟར་རྒྱུན་དུ་མ་ཆག་པར་བཏང་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས། གཏོར་རིལ་མ་འབྱོར་བའི་དུས་སུ་ཡང་གྲོ་ནས་ཀྱི་ཡོས་དང་། འབྲས་དང་ཕྱུར་བ་སོགས་བྱིན་གྱིས་བརླབས་ནས་གཏོང་བ་དང་། འགྲུལ་ལམ་སོགས་ལ་འགྲོ་ཚེ་མཚོ་རྫིང་བུ་ལུ་མ་རྒྱུག་ཆུ་གང་གི་ནང་དུ་རིལ་བུ་རྣམས་བླུག་ནས་ངག་ནས་འདོན་བཞིན་ལམ་དུ་འགྲོ་ཞིང་། དུས་རྒྱུན་དུ་མ་ཆག་པར་བཏང་ན་འདི་ཁོ་ནས་ཀྱང་དལ་འབྱོར་གྱི་མི་ལུས་ཐོབ་པ་དོན་ལྡན་དུ་འགྱུར་རོ། །གཞན་གྱི་སྐུ་རིམ་སོགས་འབུམ་ཐེར་གྱི་གྲངས་གསོག་དགོས་པ་རྣམས་ལ་འདི་ཁོ་ནའོ། །རང་ཡང་སོས་དལ་བའི་དུས་སུ་འདི་བཞིན་གང་མང་བྱེ་བ་བརྒྱ་སྟོང་སོགས་གང་འགྲུབ་གཏོང་བ་ལ་བརྩོན་པར་གྱིས་ཤིག །

p. 260

གོང་གི་འཆི་བསླུ་གྲུབ་དབང་ཡེ་ཤེས་ཆོས་འཕེལ་གྱི་གསུང་དང་། སྨོན་ལམ་པཎ་ཆེན་ཆོས་རྒྱན་གསུང་གཏོར་མ་བརྒྱ་རྩ་ནས་ཁ་བསྐངས་པའོ། །བཀྲ་ཤིས།། །།

མཁའ་འགྲོ་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས།

p. 261

༄༅། །མཁའ་འགྲོ་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས་བཞུགས་སོ། ཨོཾ། འཆི་མེད་ཚེ་ཡི་མཆོག་སྩོལ་ཚེ་རིང་མ། །སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཟས་ཀྱི་དཔལ་སྟེར་མི་གཡོ་གླང་བཟང་མ། །ནོར་གྱི་མཆོག་སྩོལ་ཅོད་པཎ་མགྲིན་བཟང་མ། །རྐང་བཞི་འཕེལ་མཛད་གཏལ་དཀར་འགྲོ་བཟང་མ། །མཁའ་འགྲོ་ཆེན་མོ་མཆེད་ལྔ་ཡང་། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་གསེར་སྐྱེམས་བྱིན་གྱིས་བརླབས་ལ། དེ་ནས། ཨོཾ། མཁའ་འགྲོ་བཀྲ་ཤིས་ཚེ་རིང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །ཚེ་དང་རིགས་རྒྱུད་དངོས་གྲུབ་སྩོལ། །མཁའ་འགྲོ་མཐིང་གི་ཞལ་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །པྲ་དང་འཁོར་འབངས་དངོས་གྲུབ་སྩོལ། །མཁའ་

p. 262

འགྲོ་མི་གཡོ་གླང་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བཟའ་བཏུང་ལོངས་སྤྱོད་དངོས་གྲུབ་སྩོལ། །མཁའ་འགྲོ་ཅོད་པཎ་མགྲིན་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །རིན་ཆེན་བང་མཛོད་དངོས་གྲུབ་སྩོལ། །མཁའ་འགྲོ་གཏལ་དཀར་འགྲོ་བཟང་མ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །རྟ་ནོར་ལུག་གསུམ་དངོས་གྲུབ་སྩོལ། །མཁའ་འགྲོ་མཆེད་ལྔ་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །ཅི་འདོད་དངོས་གྲུབ་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་སོགས། །བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བདེ་ཆེན་སྦར་བའི་གྲོགས་མཛོད་ཅིག །ཅེས་ཚེ་རིང་མཆེད་ལྔའི་གསེར་སྐྱེམས་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི། ལྷ་མོའི་གསོལ་མཆོད་དང་། སྡེ་བརྒྱད་གསེར་སྐྱེམས་ལ་གཞི་བྱས་ནས། ཞབས་དཀར་པས་བྲིས་པའོ། །སརྦ་མངྒ་ལཾ།། །།

ཡང་སྤྲུལ་མྱུར་བྱོན་གསོལ་འདེབས་ཀྱི་སྐོར།

ཤར་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་གྲགས་རྒྱ་མཚོའི་ཡང་སྤྲུལ་མྱུར་འབྱོན།

p. 263

༄༅། །ཤར་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་གྲགས་རྒྱ་མཚོའི་ཡང་སྤྲུལ་མྱུར་འབྱོན་བཞུགས་སོ། ཨོཾ་སྭསྟི། ཕྱག་ན་པདྨོ་སྙིགས་དུས་གདུལ་བྱའི་ངོར། །ངུར་སྨྲིག་འཆང་བའི་ཚུལ་འཛིན་སྐྱབས་མགོན་རྗེ། །མི་མངོན་དབྱིངས་ནས་མགོན་མེད་གདུལ་བྱ་ཡི། །མྱ་ངན་གདུངས་པའི་དབྱངས་འདིར་ཡུད་ཙམ་དགོངས། །ཁྱེད་སྐུ་ཉི་མ་གློ་བུར་ནུབ་སོང་བ། །ཀུན་གྱི་ཡིད་ལ་ཝ་ལེར་དྲན་པའི་མོད། །མིག་ནས་མཆི་མ་ཆར་བཞིན་འབབ་པ་འདི། །གཟིགས་ན་ཐུགས་ཀྱིས་བཟོད་དམ་སྙིང་རྗེའི་གཏེར། །སྐྱབས་མགོན་ཡིད་བཞིན་ནོར་བུ་མེད་ཤུལ་དུ། །དད་ལྡན་ལྟོས་བཅས་རེ་བ་སུ་ཡིས་སྐོང་། །ཀྱེ་མ་ཀྱེ་ཧུད་གདུལ་བྱ་སྙིང་རྗེ་ནས། །སླར་ཡང་སྤྲུལ་སྐུ་འབྱོན་པར་མཛད་དུ་གསོལ། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་སྐུ་ཡི་གྲིབ་མ་བཞིན། །རྗེས་སུ་འབྲངས་ཤིང་གསུང་གི་བདུད་རྩི་ལ། །ངོམས་པ་མེད་པར་ལོངས་སུ་སྤྱོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོང་འཕང་མྱུར་ཐོབ་
ཤོག །ཅེས་པ་འདི་ནི་བྱ་བཏང་བ་ཚོགས་དྲུག་རང་གྲོལ་བདག་གིས་གདུངས་དབྱངས་སུ་བླངས་པ་ཡིན་པས་ལན་གཅིག་གདུང་མདུན་ནས་གསུངས་པར་ཞུ་ལགས།

རྒྱལ་བསྟན་འཛིན་མཁན་ཡོངས་ཀྱི་གཙུག་གི་རྒྱན་སོགས་མྱུར་འབྱོན།

p. 264

རྒྱལ་བསྟན་འཛིན་མཁན་ཡོངས་ཀྱི་གཙུག་གི་རྒྱན། །ཡོན་ཏན་རྒྱ་མཚོ་ལྟ་བུའི་དགེ་བའི་བཤེས། །འབྲེལ་ཚད་དོན་ལྡན་སྐྱབས་མགོན་ཡིད་བཞིན་ནོར། །གར་བཞུགས་ཞིང་ནས་བུ་ལ་བརྩེ་བས་དགོངས། །མགོན་ཁྱོད་ཞིང་ཁམས་གཞན་དུ་གཤེགས་སོང་ཞེས། །མི་སྙན་གཏམ་དེ་ཀུན་གྱིས་ཐོས་མ་ཐག །མིག་ནས་མཆི་མ་ཆར་བཞིན་འབབ་པ་ལ། །བརྩེ་བས་གཟིགས་དང་རྗེ་བཙུན་མཁྱེན་པའི་གཏེར། །ཉི་མ་ནུབ་ཀྱང་སླར་ཡང་འཆར་བ་བཞིན། །མགོན་ཁྱོད་ཞིང་ཁམས་གཞན་དུ་གཤེགས་ན་ཡང་། །སླར་ཡང་སྤྲུལ་སྐུ་གསལ་བོར་མྱུར་བྱོན་ནས། སློབ་མ་ཡང་སློབ་རྗེས་སུ་བཟུང་དུ་གསོལ། བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །རྗེ་བཙུན་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་ཚེ། །སྲས་ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །ཞེས་དྲིན་ཅན་རྩ་བའི་བླ་མ་གསེར་ཁང་རྡོ་རྗེ་འཆང་ཆེན་པོའི་སྤྲུལ་སྐུ་མྱུར་འབྱོན་འདི་ནི་རང་གཞན་ལ་ཕན་ཕྱིར་རྣལ་འབྱོར་ཞབས་དཀར་བས་གནས་ཆེན་འདམ་བུ་བྲག་དཀར་གསེར་ཁང་ནས་སྦྱར་བའོ། །

རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་སོགསམྱུར་འབྱོན།

p. 265

རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕན་བདེའི་འབྱུང་གནས་བསྟན་པའི་སྲོག་ཤིང་མཆོག །སྙིགས་མའི་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རྗེ། །གྲུབ་པའི་དབང་ཕྱུག་པདྨ་རང་གྲོལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱིན་གྱིས་གཟིགས། །མགོན་ཁྱོད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ། །བསྡུས་ཀྱང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཞིན། །སླར་ཡང་སྤྲུལ་སྐུ་འཁྲུལ་མེད་གསལ་པོ་ཞིག །ཉི་མ་བཞིན་དུ་འགྲོ་ལ་འཆར་དུ་གསོལ། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །དཔལ་ལྡན་བླ་མའི་སྤྲུལ་སྐུ་མྱུར་འབྱོན་ནས། །གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པར་ཤོག །ཅེས་སྙིགས་དུས་འགྲོ་མགོན་གྲུབ་པའི་དབང་ཕྱུག་པདྨ་རང་གྲོལ་བདེ་བར་གཤེགས་པའི་སྤྲུལ་སྐུ་མྱུར་འབྱོན་འདི་ནི་དད་གཏོང་བློ་གྲོས་ཡངས་པའི་སོག་ཚའི་དགེ་བྱིས་དགེ་འདུན་རབ་བརྟན་གྱིས་བསྐུལ་ངོར་རྣལ་འབྱོར་ཚོགས་དྲུག་རང་གྲོལ་གྱིས་ཐོ་ནོ་ཅིའི་དབེན་གནས་བདེ་ཆེན་དགའ་ཚལ་ནས་སྦྱར་བའོ། །

ཕན་བདེའི་འབྱུང་གནས་མདོ་རྒྱུད་རིན་པོ་ཆེ་སོགས་མྱུར་འབྱོན།

p. 266

ཕན་བདེའི་འབྱུང་གནས་མདོ་རྒྱུད་རིན་པོ་ཆེ། །རྣལ་འབྱོར་ཚོགས་རིན་ཆེན་མཛད་ཀྱི་སྒོ་ཕྱེས་ནས། །སྐལ་བཟང་གདུལ་བྱའི་རེ་བ་ཡོངས་སྐོང་བའི། །སྐྱབས་མགོན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །མགོན་ཁྱོད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ། །བསྡུས་ཀྱང་སླར་ཡང་སྤྲུལ་སྐུ་མྱུར་བྱོན་ནས། །གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པར་མཛོད། །བདག་ཀྱང་དེང་ནས་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་། །ཁྱོད་གསུང་མདོ་རྒྱུད་ཆོས་ལ་ལེགས་སྦྱངས་ནས། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ཅེས་གྲུབ་དབང་རྫོགས་ཆེན་རིན་པོ་ཆེའི་སྤྲུལ་སྐུ་མྱུར་འབྱོན་འདི་ནི། སྤྲུལ་སྐུ་རྣམ་གཉིས་ཨ་ལགས་སོག་ཚ་ལ་སོགས་པའི་སློབ་མ་བུ་ཆེན་རྣམས་ཀྱིས་འཇའ་ཤེས་མེ་ལོང་ལྷ་རྫས་དྲི་མ་མེད་པ་ཕུལ་ནས་བསྐུལ་ངོར། ༧རྣལ་འབྱོར་ཞབས་དཀར་བས་སྦྱར་བའོ། ༈ །

འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཡོངས་འཛིན་རྗེ་སོགས་མྱུར་འབྱོན།

p. 267

འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཡོངས་འཛིན་རྗེ། །འབྲལ་མེད་བསྟེན་ནས་མདོ་སྔགས་གཞུང་ལ་སྦྱངས། །སློབ་མ་བཟང་པོ་གཞན་ལ་འདོམ་མཁས་
པའི། །མཚན་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ། །བསྡུས་ཀྱང་མི་མངོན་དབྱིངས་ནས་བརྩེ་བས་དགོངས། །སླར་ཡང་ཁྱེད་ཀྱིས་གདུལ་བྱར་སྙིང་རྗེ་ནས། །སྤྲུལ་སྐུ་མྱུར་དུ་འབྱོན་པར་མཛད་དུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །དཔལ་ལྡན་བླ་མའི་སྤྲུལ་སྐུ་མྱུར་བྱོན་ནས། །གདུལ་བྱ་སྨིན་གྲོལ་ལམ་ལ་འགོད་པར་ཤོག །ཅེས་མཁས་བཙུན་བཟང་གསུམ་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་འཇིགས་མེད་བཟང་པོའི་སྤྲུལ་སྐུ་མྱུར་འབྱོན་འདི་ནི་ཤེལ་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་བསྐུལ་ངོར། ༧རྣལ་འབྱོར་ཞབས་དཀར་པས། དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། ༈

སྤྲུལ་སྐུ་མྱུར་བྱོན་སྤྱི་འགྲོ།

p. 268

སྤྲུལ་སྐུ་མྱུར་བྱོན་སྤྱི་འགྲོ་བཞུགས་སོ། །བསླུ་མེད་དཀོན་མཆོག་གསུམ་དང་ཡི་དམ་ལྷར། །ཟོལ་མེད་སྒོ་གསུམ་གུས་པས་གསོལ་བ་འདེབས། །མགོན་མེད་གདུལ་བྱ་རྣམས་ཀྱི་རེ་བའི་དོན། །གེགས་མེད་འགྲུབ་པའི་བྱིན་རླབས་དངོས་གྲུབ་སྩོལ། །རྗེ་བཙུན་བླ་མའི་གཟུགས་སྐུ་ཆོས་དབྱིངས་སུ། །བསྡུས་ཀྱང་མི་མངོན་དབྱིངས་ནས་བརྩེ་
བས་དགོངས། །སླར་ཡང་ཁྱེད་ཀྱིས་གདུལ་བྱར་སྙིང་རྗེ་ནས། །སྤྲུལ་སྐུ་མྱུར་དུ་འབྱོན་པར་མཛད་དུ་གསོལ། །བསྟེན་མཆོད་བསྒྲུབས་པའི་ཆོས་སྐྱོང་སྲུང་མ་ཡིས། །མཚན་ལྡན་བླ་མའི་ཡང་སྲིད་གར་འཁྲུངས་ཀྱང་། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་བསམ་དོན་འགྲུབ་པའི་འཕྲིན་ལས་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །དཔལ་ལྡན་བླ་མའི་སྤྲུལ་སྐུ་མྱུར་བྱོན་ནས། །བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་བར་ཤོག །ཅེས་བླ་མ་བདེ་བར་གཤེགས་པ་གང་ལ་བཏོན་མཆོག་པའི་སྤྲུལ་སྐུ་མྱུར་འབྱོན་ཉུང་འདུས་འདི་ནི། དེང་སང་བླ་མ་ཆུང་ཆུང་རེ་གཤེགས་དུས་དད་ཅན་སློབ་མ་འགའ་རེས་སྤྲུལ་སྐུ་མྱུར་འབྱོན་རེ་བཏོན་ན་འདོད་པ་རྣམས་ལ་ཕན་ཕྱིར་ཞབས་དཀར་བས་སྦྱར་བའོ། དགེའོ། དགེའོ།། །།

སྨོན་ལམ་དང་བཀྲ་ཤིས་ཀྱི་སྐོར།

ཆོས་སྤྱོད་སྨོན་ལམ་རིམ་པ་བདེ་སྐྱིད་ཉི་མ་རང་འཆར།

p. 269

༄༅། །ཆོས་སྤྱོད་སྨོན་ལམ་རིམ་པ་བདེ་སྐྱིད་ཉི་མ་རང་འཆར་ཞེས་བྱ་བ་བཞུགས་སོ།།

p. 270

༄༅། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། ཆོས་སྐུས་གར་ཁྱབ་ལོངས་སྐུས་ཁྱབ། །ལོངས་སྐུས་གར་ཁྱབ་སྤྲུལ་སྐུས་ཁྱབ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་

p. 271

ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཆོས་སྐུ་ནམ་མཁའ་ལྟ་བུ་ཐོབ་པར་བྱིན་གྱིས་རློབས་ཤིག །ལོངས་སྐུ་ཉི་ཟླ་ལྟ་བུ་ཐོབ་པར་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་སྐར་ཚོགས་ལྟ་བུ་ཐོབ་པར་བྱིན་གྱིས་རློབས་ཤིག །ཚེ་འདི་ཉིད་ལ་ལྷུན་གྲུབ་སྐུ་གསུམ་ཀློང་དུ་འཚང་རྒྱ་བར་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་

p. 272

གྱིས་རློབས་ཤིག །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བར་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རང་བཞིན་ཆོས་ཀྱི་དབྱིངས་དང་མཉམ་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་ཐུགས་ཉམས་སུ་བཞེས་པའི་དམ་པའི་ཆོས་ཀྱི་ཉིང་ཁུ་རྣམས་ཉམས་སུ་བླང་བར་བགྱིའོ། །ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་བདག་གི་ཚེ་གང་པོ་ལ་དགེ་བ་བགྱིས་པ་དང་། ཏིང་ངེ་འཛིན་བསྒོམས་པའི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་

p. 273

སྙོམས་ལ་གནས་པར་གྱུར་ཅིག །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ་བ་ལ་མངའ་དབང་བསྒྱུར་བ་ཐམས་ཅད་དང་། ཁྱད་པར་དུ་ཡང་རང་གི་དྲིན་ཆེན་རྩ་བའི་བླ་མ། བསྙེན་བསྒྲུབ་བྱས་པའི་ཡི་དམ། བསྟེན་མཆོད་སྒྲུབ་པའི་སྲུང་མ་ཁྱད་པར་ཅན་རྣམས་ཀྱིས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། ཐུགས་རྗེའི་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ་གཟིགས་ཤིང་དགོངས་ལ། ཚེ་འདིའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་ཚེ་དཔལ་བསོད་ནམས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཁྱད་པར་དུ་ཡང་ཞི་རྒྱས་དབང་དྲག་སྒྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་ཆར་བཞིན་དུ་

p. 274

བསྙིལ་དུ་གསོལ། རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་བྱང་སེམས་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང་། །མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་ཚོགས་ཞིང་ཐམས་ཅད་ཀྱི་སྐུ་ལས་འོད་དང་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་འཕྲོས་ནས། བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་དང་། ཁྱད་པར་

p. 275

དེང་འདིར་གནས་སྐབས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། ཚེའི་བར་ཆད་ཆག་ཆེ་ཉམ་ང་མི་འདོད་ཉེར་འཚེའི་རིགས་སུ་གྱུར་པ་གང་ཡོད་ཚད་ཐམས་ཅད་མུན་པའི་གླིང་དུ་ཉི་མ་ཕོག་པ་བཞིན་དུ་ལྷག་མེད་དུ་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་སྐལ་པ་རྒྱུད་ལ་བཞག །སླར་ཡང་འོད་ཟེར་དཔག་ཏུ་མེད་པ་ཆེས་ཆེར་འཕྲོས་ཏེ། སྣོད་བཅུད་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས། ཕྱི་སྣོད་འཇིག་རྟེན་གྱི་ཁམས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོ་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བའི་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར། དེ་ལྟར་འགྱུར་བར་རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་སྩོལ་ཅིག །མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་ལ་

p. 276

མངོན་པར་དགའ་བའི་ལྷ་རྣམས་ཀྱིས་རྟག་ཏུ་གཡེལ་བ་མེད་པར་དེ་ལྟ་བུའི་གྲོགས་མཛད་དུ་གསོལ། ༈ ཕྱོགས་བཅུའི་རྒྱལ་བའི་བྱིན་རླབས། བདག་གཞན་དུས་གསུམ་བསགས་པའི་དགེ་བ། ཁྱད་པར་དུ་ཡང་བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཚེ་གང་པོ་ལ་དགེ་བ་བགྱིས་པ་དང་། ཏིང་ངེ་འཛིན་བསྒོམས་པའི་མཐུ་དང་བྱིན་རླབས་དེ་རྣམས་ལ་བརྟེན་ནས། ཕྱི་སྣོད་འགྲོ་བ་རིགས་དྲུག་གི་གནས་ངན་པ་ཐམས་ཅད་སྐད་ཅིག་ཉིད་ལ་གནས་འགྱུར་ནས། དག་པའི་ཞིང་ཁམས་ཆེན་པོ་དང་། གཞལ་ཡས་ཁང་གི་རང་བཞིན་དུ་གྱུར་ཅིག །ནང་བཅུད་ཁམས་གསུམ་གྱི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་གྱུར་ཅིག །རི་ཐམས་ཅད་རོ་བརྒྱ་ལྡན་པའི་ཁ་ཟས་དང་། འབྲས་དཀར་གྲོ་ནས་ལ་སོགས་པའི་འབྲུའི་ཕུང་པོ་ཆེན་པོར་གྱུར་ཅིག །ཆུ་ཐམས་ཅད་རོ་བརྒྱའི་བཅུད་ལྡན་རྒྱ་ཇའི་བཏུང་བ་དང་། འཆི་མེད་ཚེ་ཡི་བདུད་རྩིའི་རང་བཞིན་དང་། མཚོ་ཐམས་ཅད་ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་དང་། འོ་མ་མར་ཁུའི་རྒྱ་མཚོ་ཆེན་པོར་གྱུར་ཅིག །རྩི་ཤིང་ནགས་ཚལ་

p. 277

ཐམས་ཅད་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་འཇོམས་ནུས་པའི་ཨ་རུ་ར་རྣམ་རྒྱལ་དང་། རྩྭ་ཀླུ་བདུད་རྡོ་རྗེ་ལ་སོགས་པའི་ཤི་སོས་སྨན་གྱི་བྱེ་བྲག་སྣ་ཚོགས་པར་གྱུར་ཅིག །ཕལ་པའི་ས་རྡོ་གངས་རྫ་གཡའ་བྲག་སྣང་བའི་དངོས་པོ་ཐམས་ཅད་གསེར་དངུལ་ཟངས་ལྕགས་འབྲུ་སྨན་གཡུ་བྱུར་ནོར་བུ་གོས་དར་རྟ་ནོར་ལུག་གསུམ་རྒྱན་གོས་ཁ་ཟས་ལ་སོགས་པ་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱི་རང་བཞིན་ཅན་དུ་གྱུར་ཅིག །གཞན་ཡང་ཕུན་སུམ་ཚོགས་པའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་རྣམས་སུ། ལྷ་དང་མིའི་ཡོ་བྱད་དམ་པ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་ཡོངས་སུ་གང་བར་གྱུར་ཅིག །བདག་གིས་དུས་ད་ནས་བཟུང་སྟེ་ཐབས་མཁས་བསྡུ་བ་རྣམ་པ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་

p. 278

ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །ལམ་བསླབ་པ་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །ལུང་སྡེ་སྣོད་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །རྒྱུད་སྡེ་ཆེན་པོ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །སྤྱན་དང་མངོན་ཤེས་རྫུ་འཕྲུལ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །མདོར་ན་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །གཞན་ཡང་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་དད་པའི་སྤུ་ལོང་གཡོ་ཞིང་བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་བསྐྲུན་ནུས་པར་གྱུར་ཅིག །རང་ཉིད་མཐོང་ཐོས་དྲན་རེག་ཐམས་

p. 279

ཅད་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་གང་ཡོད་ཚད་ཐམས་ཅད་ཉེ་བར་ཞི་ནས། ལུས་ལ་བདེ་བ་སེམས་ལ་དགའ་བ་དཔག་ཏུ་མེད་པ་འཆར་བར་གྱུར་ཅིག །རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་གར་སོང་གི་ཡུལ་ལ་བཀྲ་ཤིས་ཤིང་། གང་བསམ་གྱི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །གར་བསྡད་ཀྱི་ས་ལ་བྱིན་ཆགས་ཤིང་། གང་ཡོད་ཀྱི་ནོར་ལ་གཡང་འཁྱིལ་བར་གྱུར་ཅིག །གཞན་ཡང་རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཁ་ཟས་འདོད་ཟས། རྒྱབ་གོས་འདོད་གོས། རྐང་པ་རྟ་འདོད་རྟ། ལག་པ་ནོར་འདོད་ནོར། སེམས་ཆོས་འདོད་ཆོས་དང་མཇལ་བའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཁྱད་པར་དུ་ཡང་རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་རྒྱུད་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་ནས་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་རྒྱུད་ལ་ཆོས་མིན་གྱི་བསམ་པ་སྐད་ཅིག་ཙམ་ཡང་མི་འཆར་ཞིང་། ཆོས་ལྡན་གྱི་བྱ་བ་རྟག་ཏུ་དྲན་ནས། དམ་པའི་ཆོས་ཁོ་ན་ཚུལ་བཞིན་དུ་བསྒྲུབ་པའི་སྐལ་པ་དང་ལྡན་པར་གྱུར་

p. 280

ཅིག །མདོར་ན་རང་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་གནས་སྐབས་སུ་བདེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་གྱུར་ཅིག །བླ་མ་རྒྱལ་ཀུན་ཚོགས་གཉིས་རླབས་པོ་ཆེ། །བདག་གཞན་འགྲོ་ཀུན་དུས་གསུམ་དགེ་བའི་ཚོགས། །ཡོངས་རྫོགས་བདག་གི་རྒྱུད་ལ་མྱུར་སྨིན་ནས། །བདག་ནི་མྱུར་བར་མྱུར་དུ་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཐམས་ཅད་ཕྱོགས་གཅིག་ཏུ། །སྡོམ་འདྲའི་ཡོན་ཏན་ཞིང་གི་རྡུལ་སྙེད་ཀྱི། །གྲངས་ལས་འདས་པ་བདག་ལ་འབྱུང་བར་ཤོག །གྲོགས་གཞན་མི་དགོས་བདག་ཉིད་གཅིག་པུ་ཡིས། །སྔོན་གྱི་རྒྱལ་བས་འདྲེན་པར་མ་ནུས་པའི། །མ་གྱུར་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅན་སངས་རྒྱས་ས་ལ་འགོད་པར་ཤོག །བདག་གིས་འོད་ཟེར་དཔག་ཏུ་མེད་པ་སྤྲོས། །ནམ་མཁའི་མཐའ་མཉམ་སྣོད་བཅུད་ཡོངས་ལ་ཕོག །མ་དག་ཉེས་སྐྱོན་མུན་ལ་ཉི་ཤར་བཞིན། །ལྷག་མ་མེད་པར་ཡོངས་སུ་སྦྱོང་བར་ཤོག །སླར་ཡང་འོད་ཟེར་དཔག་མེད་ཆེས་ཆེར་འཕྲོས། །སྣོད་བཅུད་ལ་ཕོག་

p. 281

གསེར་འགྱུར་རྩི་མཆོག་གིས། །ལྕགས་ལ་རེག་བཞིན་སྣོད་རྣམས་དག་པའི་ཞིང་། །བཅུད་རྣམས་ལྷ་དང་ལྷ་མོར་འགྱུར་བར་ཤོག །མ་དག་གནས་ཀུན་དག་པའི་ཞིང་དུ་གྱུར། །འགྲོ་ཀུན་མཚན་དཔེས་བརྒྱན་པའི་ལྷར་གྱུར་ནས། །རིན་ཆེན་གསེར་གྱི་གླིང་ན་རྡོ་མེད་བཞིན། ཁམས་གསུམ་འཁོར་བའི་མིང་ཡང་མེད་པར་ཤོག །སེམས་ཅན་ཐམས་ཅད་གཅིག་མེད་གདུལ་བྱར་རྫོགས། །སངས་རྒྱས་བྱང་སེམས་ཡོངས་ཀྱི་འཕྲིན་ལས་རྫོགས། །ཐུགས་སྐྱེད་མཐར་ཕྱིན་ཐུགས་དགོངས་ཡོངས་སུ་རྫོགས། །དགྱེས་བཞིན་སངས་རྒྱས་ཡོངས་རྫོགས་བཞུགས་པར་ཤོག །བདག་གིས་སེམས་ཅན་སངས་རྒྱས་སར་བཀོད་ནས། །ད་དུང་མི་སྡོད་ཆོས་དབྱིངས་ནམ་གནས་བར། །སངས་རྒྱས་ཡོངས་ལ་མཉེས་པའི་མཆོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་སྤྲུལ་ནས་མཆོད་པར་ཤོག །སྐྱོ་ངལ་མེད་པར་ཉིན་མཚན་དུས་དྲུག་ཏུ། ། དཔག་ཏུ་མེད་པའི་མཆོད་སྤྲིན་ཕུལ་བའི་མཐུས། །རྒྱལ་བ་ཀུན་གྱིས་བུ་གཅིག་ལྟར་བརྩེ་ཞིང་། །བདག་གི་བསྔགས་པས་ཞིང་ཀུན་འགེངས་པར་ཤོག །མདོར་ན་བདག་

p. 282

གིས་གང་འདོད་ཀུན་བྱིན་ནས། །སེམས་ཅན་ཀུན་གྱི་རེ་བ་ཡོངས་བསྐངས་ཤིང་། །མཆོད་སྤྲིན་བསམ་གྱིས་མི་ཁྱབ་ཀུན་ཕུལ་ནས། །སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡོངས་རྫོགས་ཤོག །བདག་གི་ལྷག་བསམ་རྣམ་པར་དག་པའི་སྒོས། །སྨོན་ལམ་རྣམ་པར་དག་པ་བཏབ་པ་བཞིན། །བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །བདག་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །བསྟན་དང་འགྲོ་བའི་དཔལ་དུ་འགྱུར་བར་ཤོག །ནོར་བུ་དར་ཟབ་ནང་དུ་སྦས་བཞག་ཀྱང་། །ཀུན་ལ་ཕན་བདེ་བཀྲ་ཤིས་འབྱུང་བ་ལྟར། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །དབེན་པར་བསྡད་ཀྱང་འགྲོ་ལ་ཕན་པར་ཤོག །ཉི་ཟླ་མི་སྡོད་ཕྱོགས་བཞི་བསྐོར་ནས་ནི། །གླིང་བཞིའི་འགྲོ་བ་ཡོངས་ལ་ཕན་པ་ལྟར། །བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་ཁམས་བསྐོར་ཀྱང་འགྲོ་ལ་ཕན་པར་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་

p. 283

པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །དེ་ལྟར་དུ་འགྲུབ་པ་ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས། ཇི་ལྟར་སྨོན་པའི་གནས་རྣམས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨོཾ་པཉྩི་གྲི་ཡ་ཨ་ཝ་བོ་དྷ་ན་སྭཱ་ཧཱ། ཨོཾ་དྷ་རེ་དྷ་རེ་བྷནྡྷ་རེ་སྭཱ་ཧཱ། ཞེས་ཆོས་སྤྱོད་

p. 284

སྨོན་ལམ་གྱི་རིམ་པ་བདེ་སྐྱིད་ཉི་མ་རང་འཆར་ཞེས་བྱ་བ་འདི་ནི། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སྙིང་གི་སློབ་བུ་བློ་བཟང་ཤེསརབ་ཀྱིས་རྒས་ཁར་འགྲོ་ལ་ཕན་པའི་ཆོས་སྤྱོད་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ༧ཞབས་དཀར་པས་རང་གིས་རྒྱུན་དུ་བློ་ལ་འདོན་པ་རྣམས་དབེན་གནས་ཉམས་དགའ་རིག་པ་དྭངས་པའི་རྨ་འགྲམ་རི་ཁྲོད་གཅིག་ནས་བྲིས་པའོ། འདིས་ཀྱང་མཐོང་ཐོས་དྲན་རེག་ཐམས་ཅད་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །

བླ་མ་རྡོ་རྗེ་སེམས་དཔར་གུས་ཕྱག་འཚལ་སོགས་སྨོན་ལམ།

p. 285

༄༅། །བླ་མ་རྡོ་རྗེ་སེམས་དཔར་གུས་ཕྱག་འཚལ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་མཐོལ་ལོ་བཤགས། །མཛད་པར་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཚོགས་མངོན་དགའི་ཞིང་དུ་སྐྱེ་ཕྱིར་བསྔོ། །བདག་ནི་ནམ་ཞིག་འཆི་བའི་དུས་སྐབས་སུ། །མདུན་དུ་རྡོ་རྗེ་སེམས་དཔའ་མངོན་སུམ་བྱོན། །འཛུམ་པའི་ཞལ་བསྟན་ཐུགས་རྗེའི་ཕྱག་བསྐྱངས་ནས། །མངོན་པར་དགའ་བའི་ཞིང་དུ་འདྲེན་པར་ཤོག །ས་གཞི་ཤེལ་དཀར་མེ་ལོང་ངོས་ལྟར་མཉམ། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེག་ན་འཕར་བྱེད་པ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །རིན་ཆེན་སྣ་བདུན་ལས་གྲུབ་བྱང་ཆུབ་ཤིང་། །དཔག་ཚད་འབུམ་ལྡན་ལོ་འབྲས་ཕུན་སུམ་ཚོགས། །ཆོས་སྒྲ་སྙན་པར་སྒྲོག་ཅིང་འདོད་དགུ་འབྱུང་། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །མན་དྷ་ར་སོགས་མེ་ཏོག་དུ་མས་བརྒྱན། །འདོད་འབྱུང་ནོར་བུའི་ཚོགས་རྣམས་ཕྱོགས་བཅུར་བཀྲམ། །ཡན་ལག་བརྒྱད་ལྡན་མཚོ་ལ་ངང་པ་འདུ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །རིན་

p. 286

ཆེན་ལས་གྲུབ་དཔག་བསམ་ལྗོན་པའི་ཤིང་། །ལོ་མ་མེ་ཏོག་འབྲས་བུ་དར་དཔྱངས་མཛེས། །དེ་སྟེང་སྤུ་སྡུག་བྱ་ཚོགས་སྐད་སྙན་སྒྲོག །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །རླུང་གིས་བསྐྱོད་ཚེ་ལྗོན་ཤིང་ཐམས་ཅད་ལས། །སྣ་ཚོགས་མེ་ཏོག་ཆར་འབེབས་དྲི་ཞིམ་འཐུལ། །འདོད་ན་ཟས་གོས་རྒྱན་གྱི་ཆར་ཡང་འབེབས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །ལྷ་ཤིང་མྱ་ངན་མེད་པའི་ཕྲེང་བས་མཛེས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །བུད་མེད་སྐྱོན་བྲལ་དབྱངས་ཅན་ལྷ་མོ་དང་། །མཚུངས་པའི་མཛེས་སྡུག་ཡིད་འོང་གཞོན་ནུ་མ། །བདུན་སྟོང་བདུན་དང་ལྷན་ཅིག་བརྩེ་དགའ་སྐྱོང་། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཤེལ་སོགས་རིན་ཆེན་སྣ་བདུན་གཞལ་ཡས་ཁང་། །རིན་ཆེན་ལས་གྲུབ་ཁྲི་དང་དར་ཟབ་ལྡན། །ངོ་མཚར་གོས་རྒྱན་ཟས་མཆོག་སྣ་ཚོགས་མངའ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཧ་ཅང་གྲང་བ་མ་ཡིན་དྲོ་བའང་མིན། །བསིལ་དྲོད་ཁོད་སྙོམས་འཇམ་བདེ་

p. 287

དལ་བའི་རླུང་། །འདོད་ན་ལྡང་ཞིང་མི་འདོད་ཚེ་ན་ཞི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །བྱ་དང་ལྗོན་ཤིང་སྙན་པའི་བ་དན་ལས། །ཐོས་པར་འདོད་ན་སྙན་པའི་ཆོས་སྒྲ་འབྱིན། །མི་འདོད་ཚེ་ན་གཅིག་ཀྱང་སྒྲ་མི་གྲགས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །གང་འདོད་ཡིད་ལ་དྲན་པ་ཙམ་གྱིས་འབྱུང་། །ནད་གདོན་དགྲ་དང་དབུལ་ཕོངས་འཐབ་རྩོད་སོགས། །མི་འདོད་སྡུག་བསྔལ་མི་སྙན་མིང་ཡང་མེད། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཀུན་ཀྱང་མེ་ཏོག་པདྨར་བརྫུས་ཏེ་སྐྱེ། །ཐམས་ཅད་གཟུགས་མཛེས་བལྟ་བས་ཆོག་མི་ཤེས། །མཚན་དཔེའི་རྒྱན་ལྡན་མངོན་ཤེས་རྫུ་འཕྲུལ་མངའ། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །རྡོ་རྗེ་སེམས་དཔར་མཉེས་པའི་མཆོད་སྤྲིན་འབུལ། །ཉིན་རེ་བཞིན་དུ་ཟབ་རྒྱས་ཆོས་ལ་ཉན། །ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཕྱོགས་བཅུའི་ཞིང་ཕྱིན་རྒྱལ་བ་སྲས་བཅས་མཆོད། །ཆོས་ཉན་ངོ་མཚར་ཞིང་གི་བཀོད་པར་བལྟས། །སླར་ཡང་མྱུར་དུ་རང་གནས་

p. 288

ལྡོག་པར་བྱེད། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་ཀྱང་། །ས་ལམ་ཡོན་ཏན་མ་ལུས་མཐར་ཕྱིན་ནས། །ཚེ་འདིའི་དྲིན་ཅན་ཕ་མས་ཐོག་དྲངས་པའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་འདྲེན་པར་ཤོག །ཅེས་པ་འདི་ནི་སློབ་བུ་ཀུན་བཟང་གཞན་ཕན་གྱིས་བསྐུལ་ངོར། ༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སར་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙ་རི་དྲའི་གཅིག་ཆར་ཡང་དགོན་ནས་སྦྱར་བའོ། །དགེའོ།། ༎

སྨོན་ལམ་སངས་རྒྱས་ཞིང་ཁམས་གྲངས་མེད་ཀྱི་སྒོ་རྣམས་འབྱེད་པའི་ལྡེ་མིག

p. 289

༄༅། །སྨོན་ལམ་སངས་རྒྱས་ཞིང་ཁམས་གྲངས་མེད་ཀྱི་སྒོ་རྣམས་འབྱེད་པའི་ལྡེ་མིག་ཞེས་བྱ་བ་བཞུགས་སོ།།

p. 290

༄༅། །ཕྱོགས་བཅུའི་ཞིང་ཁམས་རྣམས་ཡིད་ལ་བྱས་ནས་འདི་སྐད་དོ། །ཨེ་མ་ཧོ། འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔལ་དང་ལྡན་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་

p. 291

ཤོག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །པདྨ་བརྩེགས་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་སྤྲུལ་པའི་སྐུ། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་བྱང་གི་ཕྱོགས་རོལ་ན། །ལས་རབ་རྫོགས་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་སྤྲུལ་པའི་སྐུ། །བཅོམ་ལྡན་དོན་ཡོད་གྲུབ་པ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་བྱང་ཤར་ཕྱོགས་རོལ་ན། །སྟོབས་

p. 292

རྣམས་བཀོད་པ་ཞེས་བྱ་བའི། །ཞིང་ཁམས་ཤིན་ཏུ་ཡངས་པ་ཡོད། །ཞིང་ཁམས་དེ་ན་མཐུ་སྟོབས་ཀྱི། །བདག་པོ་ཕྱག་ན་རྡོ་རྗེ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་ཤར་ལྷོའི་ཕྱོགས་རོལ་ན། །ཐུགས་རྗེས་བརྒྱན་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །སྤྱན་རས་གཟིགས་དབང་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་ལྷོ་ནུབ་ཕྱོགས་རོལ་ན། །འཇམ་པའི་མགོན་ཞེས་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་ནུབ་བྱང་ཕྱོགས་རོལ་ན། །འཁྲུགས་པ་ཞི་བྱེད་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །མི་འཁྲུག་པ་ཞེས་བྱ་བ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་སྟེང་གི་ཕྱོགས་རོལ་ན། །ནམ་མཁའ་རྣམ་དག་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །ནམ་མཁའི་རྒྱལ་པོ་ཞེས་

p. 293

བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །འདི་ནས་འོག་གི་ཕྱོགས་རོལ་ན། །མི་གཡོ་ཞེས་བྱའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །འོད་སྲུངས་ཆེན་པོ་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །ཕྱོགས་བཅུའི་ཞིང་ཁམས་དེ་རྣམས་ཀྱི། །དབུས་སུ་གཏོགས་པའི་བར་སྣང་ན། །དུར་ཁྲོད་མེ་རི་འབར་བ་ཞེས། །འཇིགས་སུ་རུང་བའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །པདྨ་དབང་གི་རྒྱལ་པོ་ཞེས། །ཁྲོ་བོའི་ཆས་ཀྱིས་བརྒྱན་པ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཞིང་ཁམས་དེ་རུ་འགྲོ་བར་ཤོག །གཞན་ཡང་ཕྱོགས་བཅུ་དབུས་རྣམས་སུ། །གཏོགས་པའི་ཞིང་ཁམས་དཔག་མེད་ཡོད། །ཞིང་ཁམས་དེ་དག་ཐམས་ཅད་ན། །སངས་རྒྱས་བྱང་སེམས་དཔག་མེད་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །དེ་དག་རྣམས་སུ་འགྲོ་བར་ཤོག །སོང་ནས་སངས་རྒྱས་དེ་དག་ལ། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །

p. 294

བསམ་གྱིས་མི་ཁྱབ་སྤྲོས་ནས་ཀྱང་། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་སངས་རྒྱས་དེ་རྣམས་ཀྱིས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོབ་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་ཞིང་ཁམས་གྲངས་མེད་དུ། །སངས་རྒྱས་མཆོད་དང་བལྟ་བའི་ཕྱིར། །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །སོང་ནས་མཆོད་ཅིང་བལྟ་བར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབ་བྱེད་ཅིང་། །འཆི་དུས་ཞིང་དེར་འཁྲིད་པར་ཤོག །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །འཇིག་རྟེན་ཁམས་སུ་སུ་འབྱོན་ཀྱང་། །རྫུ་འཕྲུལ་ཐོགས་པ་མེད་པ་ཡིས། །འོངས་ནས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་སངས་རྒྱས་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །ཕྱོགས་བཅུའི་སངས་རྒྱས་མ་ལུས་པའི། །སྲས་ཀྱི་ཐུ་བོར་བདག་གྱུར་ནས། །དེ་ནས་རིང་པོར་མི་ཐོགས་པར། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །

p. 295

རྫོགས་སངས་རྒྱས་ནས་ཕྱོགས་བཅུ་ཡི། །སངས་རྒྱས་ཀུན་གྱི་མཛད་པ་རྣམས། །གཅིག་ཏུ་བསྡུས་པ་ལས་ལྷག་པའི། །རླབས་ཆེན་མཛད་པས་འགྲོ་བ་ནི། །ཕྱོགས་བཅུའི་རྒྱལ་བས་མ་བསྒྲལ་བ། །དེ་དག་བདག་གིས་ཡོངས་བསྒྲལ་ཏེ། །འཁོར་བའི་རྒྱ་མཚོ་སྟོངས་ནས་ཀྱང་། །སངས་རྒྱས་ཞིང་ཁམས་འགེངས་པར་ཤོག །ཞལ་མཐོང་གསུང་ཐོས་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ཆོས་ཉིད་བདེན་པའི་བྱིན་རླབས་དང་། །བདག་གི་ལྷག་བསམ་དག་པའི་མཐུས། །སྨོན་ལམ་འདི་བཞིན་མྱུར་འགྲུབ་ཤོག །ཅེས་སྨོན་ལམ་འགྲུབ་པའི་གཟུང་སོགས་འདོན། བསྡུ་ན། ཕྱོགས་བཅུ་དང་དབུས་ཕྱོགས་རྣམས་སུ་གཏོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་གྲངས་མང་བ་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དང་། འཇའ་ཤེལ་མིག་ལ་བཀབ་ནས་དགོན་སྡེ་སོགས་ལ་བལྟས་པ་བཞིན་ཁྲ་ལམ་མེར་ཕྱོགས་ཕྱོགས་ན་ཡོད་སྙམ་དུ་བསམས་ནས། ད་ལྟ་ཉིད་དུ་ཞིང་ཁམས་དེ་རྣམས་ལ་སོང་ན་ཅི་མ་རུང་། སྐྱེ་བ་འདི་ཡི་འོག་རོལ་ཏུ་དེ་རྣམས་སུ་འགྲོ་བར་ཤོག་ཅིག་སྙམ་དུ། ཨེ་མ་ཧོ། སྟེང་འོག་ཕྱོགས་མཚམས་དབུས་རྣམས་སུ། །སངས་རྒྱས་ཞིང་ཁམས་གྲངས་མེད་

p. 296

ཡོད། །ཞིང་ཁམས་དེ་དག་ཐམས་ཅད་ན། །སངས་རྒྱས་བྱང་སེམས་གྲངས་མེད་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། ། གྲངས་མེད་ཞིང་ཁམས་དེ་རྣམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །ཅེས་ཉིན་རེ་བཞིན་དུ་ཡང་ཡང་སྨོན་ལམ་གདབ། འདི་བྲིས་པའི་རྒྱུ་མཚན་ནི། རང་ཉིད་འཁྲུལ་པའི་རྨི་ལམ་དུ་རྩ་བའི་བླ་མས་ཁྱོད་ཀྱིས་རྫོགས་པ་རང་བྱུང་ལྟར་སངས་རྒྱས་ཞིང་ཁམས་ཡིད་ལ་བྱས་ནས་སྨོན་ལམ་བཏབ་ན་ཡང་བཟང་གསུངས་པ་ཞིག་རྨིས་པ་ལ་བརྟེན་ནས་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ཡོངས་ལ་ཕན་ཕྱིར་སྦྱར་བའོ། །འདི་ཉིད་མཐོང་ཐོས་ཀློག་འདོན་བྱེད་པ་ཀུན་སྐྱེ་བ་འདི་ཡི་འོག་རོལ་ཏུ་ཞིང་ཁམས་དེ་རྣམས་སུ་ཐོགས་པ་མེད་པར་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་ལེགས་པར་འགྲོ་བའི་ལམ་མཁན་ནམ་ལྡེ་མིག་ལྟ་བུར་གྱུར་ཅིག །སརྦ་མངྒ་ལཾ།། །།འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །སྟོན་པས་བདག་གཞན་རྗེས་སུ་འཛིན་པ་དང་། །བསྟན་པ་དར་ཞིང་བསྟན་འཛིན་སྐུ་ཚེ་བརྟན། །འགྲོ་ཀུན་བདེ་ཞིང་སྐྱིད་པའི་རྒྱུ་རུ་བསྔོ།། །།

རིགས་ལྔའི་ཞིང་སྦྱོང་སྨོན་ལམ།

p. 297

༄༅། །རིགས་ལྔའི་ཞིང་སྦྱོང་སྨོན་ལམ་བཞུགས་སོ།།

p. 298

ཀྱེ། སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །འདི་ནས་ཤར་གྱི་ཕྱོགས་རོལ་ན། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཤེལ་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་གྱི་མིག་མང་རིས་སུ་བྲིས་པ། བཏེག་ན་འཕར་ཞིང་མནན་ན་ནེམ་པ། མཐའ་རིན་པོ་ཆེའི་རྭ་བའི་བསྐོར་བས་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་ལ་སྤྲུལ་པའི་ངང་པས་བརྒྱན་པ། བྱ་དེ་རྣམས་ཀྱིས་གསུང་སྙན་ཆོས་ཀྱི་རང་སྒྲ་སྒྲོག་པ། གཞན་ཡང་འདོད་དགུ་འབྱུང་བའི་དཔག་བསམ་གྱི་

p. 299

ཤིང་ལ་དྲིལ་བུ་དར་དཔྱངས་གཡེར་ཁ་བཏག་པ་ལས་ཆོས་ཀྱི་སྒྲ་འབྱིན་པ། ཡིད་བཞིན་གྱིནོར་བུ་དང་འཛམ་བུ་ཆུ་བོའི་གསེར་དང་ཁ་དོག་ལྔ་ལྡན་གྱི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ཀྱི་དབུས་ན། རིན་པོ་ཆེ་ཤེལ་གྱི་གཞལ་མེད་ཁང་། །གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བཅོམ་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས། འཁོར་

p. 300

བྱང་ཆུབ་སེམས་དཔའ་ཚོགས་དཔག་ཏུ་མེད་པ་ལ། ཉི་མ་རེ་རེ་བཞིན་དུ་ཆོས་ཐུན་བཞི་བཞི་འཆད་ཅིང་། འཁོར་དེ་དག་གིས་རང་རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ན་བདེ་སྐྱིད་ཚད་མེད་པ་ཡོད་དོ། །སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་དོ། །འདི་ནས་འོད་ཀྱི་ལམ་དཀར་པོ་ཞིག་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་ཟུག་པའི་ནང་དུ། བླ་མ་ལྷ་དང་ཌཱཀྐི་རྣམས་ཀྱིས་ལམ་སྣ་དྲངས་ཏེ་འོད་ཀྱི་ལམ་དཀར་པོ་དེ་ཉིད་བརྒྱུད་ནས་སོང་། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་སླེབས་ནས། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའི་ཞལ་མཐོང་གསུང་ཐོས་ཕྱིར་མི་ལྡོག་པའི་ས་ཐོབ་སོང་སྙམ་པའི་མོས་པ་མཛོད་ཅིག །སེམས་འགྱུ་བའི་འཕེན་པ་སླར་ལ་མ་ལྡོག་ཅིག །ཕགས་པྲ་བེ་ཤ་ཡ་ཨ་ལ་ལ། ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །ཀྱཻ། སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་གསེར་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་གྱི་མིག་

p. 301

མང་རིས་སུ་བྲིས་པ། བཏེག་ན་འཕར་ཞིང་མནན་ན་ནེམ་པ། མཐའ་རིན་པོ་ཆེའི་རྭ་བས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་ལ་སྤྲུལ་པའི་ངང་པས་བརྒྱན་པ། བྱ་དེ་རྣམས་ཀྱིས་གསུང་སྙན་ཆོས་ཀྱི་རང་སྒྲ་སྒྲོག་པ། གཞན་ཡང་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་ལ་དྲིལ་བུ་དར་དཔྱངས་གཡེར་ཁ་བཏག་པ་ལས་ཆོས་ཀྱི་རང་སྒྲ་འབྱིན་པ། ཡིད་བཞིན་གྱི་ནོར་བུ་དང་འཛམ་བུ་ཆུ་བོའི་གསེར་དང་ཁ་དོག་ལྔ་ལྡན་གྱི་མེ་ཏོག་སྣ་ཚོགས་པ་གཅལ་དུ་བཀྲམ་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ཀྱི་དབུས་ན། རིན་པོ་ཆེ་གསེར་གྱི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བཅོམ་ལྡན་འདས་དཔལ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ། ཉི་མ་རེ་རེ་བཞིན་དུ་ཆོས་ཐུན་བཞི་བཞི་འཆད་ཅིང་། འཁོར་དེ་དག་གིས་རང་རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ན་བདེ་སྐྱིད་ཚད་

p. 302

མེད་པ་ཡོད་དོ། སྐྱེ་རྒན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་དོ། །འདི་ནས་འོད་ཀྱི་ལམ་སེར་པོ་ཞིག་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་ཟུག་པའི་ནང་དུ། བླ་མ་ལྷ་དང་ཌཱཀྐི་རྣམས་ཀྱིས་ལམ་སྣ་དྲངས་ཏེ་འོད་སེར་པོའི་ལམ་བརྒྱུད་ནས་སོང་། ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ་སླེབས་ནས། རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱི་ཞལ་མཐོང་གསུང་ཐོས་ཕྱིར་མི་ལྡོག་པའི་ས་ཐོབ་སོང་སྙམ་པའི་མོས་པ་མཛོད་ཅིག །སེམས་འགྱུ་བའི་འཕེན་པ་སླར་ལ་མ་ལྡོག་ཅིག །ཕགས་པྲ་བེ་ཤ་ཡ་ཨ་ཨ། ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །ཀྱེ །སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ་ས་གཞི་པདྨ་ར་ག་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་གྱི་མིག་མང་རིས་སུ་བྲིས་པ། བཏེག་ན་འཕར་ཞིང་མནན་ན་ནེམ་པ། མཐའ་རིན་པོ་ཆེའི་རྭ་བས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་ལ་སྤྲལ་པའི་ངང་པས་བརྒྱན་པ། བྱ་དེ་རྣམས་ཀྱིས་གསུང་སྙན་ཆོས་ཀྱི་རང་སྒྲ་སྒྲོག་པ། གཞན་ཡང་འདོད་དགུ་

p. 303

འབྱུང་བའི་དཔག་བསམ་གྱི་ཤིང་ལ་དྲིལ་བུ་དར་དཔྱངས་གཡེར་ཁ་བཏག་པ་ལས་ཆོས་ཀྱི་རང་སྒྲ་འབྱིན་པ། ཡིད་བཞིན་གྱི་ནོར་བུ་དང་འཛམ་བུ་ཆུ་བོའི་གསེར་དང་ཁ་དོག་ལྔ་ལྡན་གྱི་མེ་ཏོག་སྣ་ཚོགས་པ་གཅལ་དུ་བཀྲམ་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ཀྱི་དབུས་ན། རིན་པོ་ཆེ་པདྨ་ར་ག་ལས་གྲུབ་པའི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བཅོམ་ལྡན་འདས་དཔལ་འོད་དཔག་མེད་སྐུ་མདོག་དམར་པོ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ། ཉི་མ་རེ་རེ་བཞིན་དུ་ཆོས་ཐུན་བཞི་བཞི་འཆད་ཅིང་། འཁོར་དེ་དག་གིས་རང་རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ན་བདེ་སྐྱིད་ཚད་མེད་པ་ཡོད་དོ། །སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་དོ། །འདི་ནས་འོད་ཀྱི་ལམ་དམར་པོ་ཞིག་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཟུག་པའི་ནང་དུ། །བླ་མ་ལྷ་དང་ཌཱཀྐི་རྣམས་ཀྱིས་ལམ་སྣ་དྲངས་ཏེ་འོད་

p. 304

དམར་པོའི་ལམ་དེ་ཉིད་བརྒྱུད་ནས་སོང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབས་ནས། རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱི་ཞལ་མཐོང་གསུང་ཐོས་ཕྱིར་མི་ལྡོག་པའི་ས་ཐོབ་སོང་སྙམ་པའི་མོས་པ་མཛོད་ཅིག །སེམས་འགྱུ་བའི་འཕེན་པ་སླར་ལ་མ་ལྡོག་ཅིག །ཕཊ྄་པྲ་བེ་ཤ་ཡ་ཨ་ཨ། ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། ཀྱེ །སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །འདི་ནས་བྱང་གི་ཕྱོགས་རོལ་ན། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་ཨིནྡྲ་ནཱི་ལ་མར་གད་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་གྱི་མིག་མང་རིས་སུ་བྲིས་པ། བཏེག་ན་འཕར་ཞིང་མནན་ན་ནེམ་པ། མཐའ་རིན་པོ་ཆེའི་རྭ་བས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་ལ་སྤྲུལ་པའི་ངང་པས་བརྒྱན་པ། བྱ་དེ་རྣམས་ཀྱིས་གསུང་སྙན་ཆོས་ཀྱི་རང་སྒྲ་སྒྲོག་པ། གཞན་ཡང་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་ལ་དྲིལ་བུ་དར་དཔྱངས་གཡེར་ཁ་བཏག་པ་ལས་ཆོས་ཀྱི་རང་སྒྲ་འབྱིན་པ། ཡིད་བཞིན་གྱི་ནོར་བུ་དང་འཛམ་བུ་ཆུ་བོའི་གསེར་དང་ཁ་དོག་ལྔ་ལྡན་གྱི་མེ་ཏོག་སྣ་ཚོགས་པ་གཅལ་དུ་

p. 305

བཀྲམ་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ཀྱི་དབུས་ན། རིན་པོ་ཆེ་ཨིནྡྲ་ནཱི་ལ་མར་གད་ལས་གྲུབ་པའི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བཅོམ་ལྡན་འདས་དཔལ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ། ཉི་མ་རེ་རེ་བཞིན་དུ་ཆོས་ཐུན་བཞི་བཞི་འཆད་ཅིང་། འཁོར་དེ་དག་གིས་རང་རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ན་བདེ་སྐྱིད་ཚད་མེད་པ་ཡོད་དོ། །སྐྱེ་རྒན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་དོ། །འདི་ནས་འོད་ཀྱི་ལམ་ལྗང་ཁུ་ཞིག་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་ཟུག་པའི་ནང་དུ། བླ་མ་ལྷ་དང་ཌཱཀྐི་རྣམས་ཀྱིས་ལམ་སྣ་དྲངས་ཏེ་འོད་ལམ་ལྗང་གུའི་ལམ་དེ་ཉིད་བརྒྱུད་ནས་སོང་། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་སླེབས་ནས། རིགས་ཀྱི་བདག་པོ་དོན་ཡོད་གྲུབ་པའི་ཞལ་མཐོང་གསུང་ཐོས་ཕྱིར་མི་ལྡོག་པའི་ས་

p. 306

ཐོབ་སོང་སྙམ་པའི་མོས་པ་མཛོད་ཅིག །སེམས་འགྱུ་བའི་འཕེན་པ་སླར་ལ་མ་ལྡོག་ཅིག །ཕཊ྄་པྲ་བེ་ཤ་ཡ་ཨ་ཨ། ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། ཀྱེ །སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །འདི་ནས་སྟེང་གི་ཕྱོགས་རོལ་ན། སྟེང་ཕྱོགས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ས་གཞི་བཻ་ཌཱུརྱ་ལས་གྲུབ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མིག་མང་རིས་སུ་བྲིས་པ། བཏེག་ན་འཕར་ཞིང་མནན་ན་ནེམ་པ། མཐའ་རིན་པོ་ཆེའི་རྭ་བས་བསྐོར་བའི་ནང་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་ལ་སྤྲུལ་པའི་ངང་པས་བརྒྱན་པ། བྱ་དེ་རྣམས་ཀྱིས་གསུང་སྙན་ཆོས་ཀྱི་རང་སྒྲ་སྒྲོག་པ། གཞན་ཡང་འདོད་དགུ་འབྱུང་བའི་དཔག་བསམ་གྱི་ཤིང་ལ་དྲིལ་བུ་དར་དཔྱངས་གཡེར་ཁ་བཏག་པ་ལས་ཆོས་ཀྱི་རང་སྒྲ་འབྱིན་པ། ཡིད་བཞིན་གྱི་ནོར་བུ་དང་འཛམ་བུ་ཆུ་བོའི་གསེར་དང་ཁ་དོག་ལྔ་ལྡན་གྱི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ཀྱི་དབུས་ན། རིན་པོ་ཆེ་བཻ་ཌཱུརྱ་ལས་གྲུབ་པའི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་སོགས་ཚད་དང་མཚན་ཉིད་ཐམས་ཅད་

p. 307

ཡོངས་སུ་རྫོགས་པའི་དབུས་སུ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་སྐུ་མདོག་སྔོན་པོ་བལྟ་བས་ཆོག་མི་ཤེས་པ་ཞིག་གིས། འཁོར་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་ལ། ཉི་མ་རེ་རེ་བཞིན་དུ་ཆོས་ཐུན་བཞི་བཞི་འཆད་ཅིང་། འཁོར་དེ་དག་གིས་རང་རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་པ། ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ན་བདེ་སྐྱིད་ཚད་མེད་པ་ཡོད་དོ། །སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་དོ། །འདི་ནས་བཻ་ཌཱུརྱའི་སྐས་ཆེན་པོ་ཞིག་སྟེང་ཕྱོགས་འོག་མིན་གྱི་བར་དུ་བཙུག་པའི་སྟེང་དུ། བླ་མ་ལྷ་དང་ཌཱཀྐི་རྣམས་ཀྱིས་ལམ་སྣ་དྲངས་ཏེ་བཻ་ཌཱུརྱའི་སྐས་ཆེན་པོ་དེ་ཉིད་ལ་འཛེགས་ནས་སོང་། སྟེང་ཕྱོགས་འོག་མིན་གྱི་ཞིང་ཁམས་སུ་སླེབས་ནས། རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་གསུང་ཐོས་ཕྱིར་མི་ལྡོག་པའི་ས་ཐོབ་སོང་སྙམ་པའི་མོས་པ་མཛོད་ཅིག །སེམས་འགྱུ་བའི་འཕེན་པ་སླར་ལ་མ་ལྡོག་ཅིག །ཕཊ྄་པྲ་བེ་ཤ་ཡ་ཨ་ཨ། ཞེས་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། ༈ །།།སྨོན་ལམ་ནི། འདི་ནས་ཤར་གྱི་ཕྱོགས་རོལ་ན། །

p. 308

མངོན་པར་དགའ་བའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ཞིང་ཁམས་དེ་རུ་བགྲོད་པར་ཤོག །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔལ་དང་ལྡན་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །རིན་ཆེན་འབྱུང་ལྡན་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ཞིང་ཁམས་དེ་རུ་བགྲོད་པར་ཤོག །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ཞིང་ཁམས་དེ་རུ་བགྲོད་པར་ཤོག །འདི་ནས་བྱང་གི་ཕྱོགས་རོལ་ན། །ལས་རབ་རྫོགས་པའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །དོན་ཡོད་

p. 309

གྲུབ་པ་ཞེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ཞིང་ཁམས་དེ་རུ་བགྲོད་པར་ཤོག །འདི་ནས་སྟེང་གི་ཕྱོགས་རོལ་ན། །འོག་མིན་ཞེས་བྱའི་ཞིང་ཁམས་ཡོད། །ཞིང་ཁམས་དེ་ན་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཅེས་བྱ་བཞུགས། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀུན། །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ཞིང་ཁམས་དེ་རུ་བགྲོད་པར་ཤོག །སོང་ནས་སངས་རྒྱས་དེ་དག་ལ། །མཇལ་ཞིང་མཆོད་པ་རྒྱ་མཚོའི་ཚོགས། །བསམ་གྱིས་མི་ཁྱབ་སྤྲུལ་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་རྣམས། །ཕྱག་གཡས་བརྐྱངས་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །དེ་ནས་རིང་པོར་མི་ཐོགས་པར། །མྱུར་དུ་མངོན་པར་སངས་རྒྱས་ནས། །ཚེ་འདིའི་ཕ་མའི་ཐོག་དྲངས་པའི། །མར་གྱུར་སེམས་ཅན་ཐམས་

p. 310

ཅད་ཀུན། རང་རང་གང་འདོད་ཞིང་ཁམས་སུ། །ཐོགས་པ་མེད་པར་འདྲེན་པར་ཤོག །དྲངས་ནས་འཁོར་བ་སྟོངས་པར་ཤོག །སངས་རྒྱས་ཞིང་ཀུན་འགེངས་པར་ཤོག སྨོན་ལམ་དེ་བཞིན་འགྲུབ་པར་ཤོག །དེ་ལྟར་དུ་འགྲུབ་པ་ཡང་། དཀོན་མཆོག་གསུམ་གྱིས་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པའི་གནས་རྣམས་ཐམས་ཅད་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཏདྱཐཱ། ཨོཾ་པཉྩི་གྲི་ཡ་ཨ་བ་བྷོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཞིང་སྦྱོང་སྨོན་ལམ་འདི་ཡང་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་དབེན་གནས་ལ་ཕྱི་གངས་ཀྱི་རྭ་བ་ནས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ༎ །།

སྨོན་ལམ་རིན་ཆེན་གསེར་གྱི་ཕྲེང་བ།

p. 311

༄༅། །སྨོན་ལམ་རིན་ཆེན་གསེར་གྱི་ཕྲེང་བ་བཞུགས་སོ། །བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། དུང་དུང་སྙིང་ནས་མཚན་ལྡན་བླ་མ་ལ། །ལྷང་ལྷང་གདུང་བའི་དབྱངས་ཀྱིས་གསོལ་བ་འདེབས། །འཛུམ་འཛུམ་དགྱེས་བཞིན་མདུན་གྱི་ནམ་མཁར་བྱོན། །མྱུར་མྱུར་སྨོན་ལམ་འགྲུབ་པའི་དཔང་པོར་བཞུགས། །དྲིན་ཅན་བླ་མའི་ཅི་མཛད་རྣམ་ཐར་ལ། །ལོག་ལྟ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པའི་མཐུས། །བྱིན་རླབས་སྙིང་ལ་མྱུར་དུ་འཇུག་པར་ཤོག །དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེར་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ། །རྒྱུན་ཆད་མེད་པར་རྒྱུད་ལ་སྐྱེ་བར་ཤོག །སྐྱེས་མཐར་འཆི་ངེས་ནམ་འཆིའི་ཆ་ཡང་མེད། །འཆི་དུས་ཕན་པ་དམ་པའི་ཆོས་ཁོ་ན། །སྙམ་ནས་ཚེ་འདིའི་བྱ་བ་བློ་ཡིས་ཐོངས། །དབེན་པར་འཆི་བྲོད་དམ་ཆོས་སྒྲུབ་པར་ཤོག །ངན་སོང་གསུམ་གྱི་སྡུག་བསྔལ་མེ་ཡི་འོབ། །འཇིགས་རུང་གཡང་ས་དུག་སྦྲུལ་ཚང་ལྟ་བུར། །མཐོང་ནས་དེ་ལས་སྐྱོབ་མཁན་དཀོན་མཆོག་གསུམ། །ཁ་

p. 312

ཙམ་མིན་པའི་སྐྱབས་འགྲོ་བྱེད་པར་ཤོག །དཀར་ནག་ལས་འབྲས་མི་བསླུར་ཤེས་བྱས་ནས། །དགེ་བ་བཅུ་སོགས་དགེ་ལ་རབ་གཞོལ་ཞིང་། །མི་དགེ་བཅུ་སོགས་མི་དགེ་སྡིག་པའི་ལས། །སྲོག་ལ་བབ་ཀྱང་ནམ་ཡང་མི་བྱེད་ཤོག །མ་རིག་དབང་གིས་སྡིག་པའི་ལས་བྱས་དང་། །ཤེས་བཞིན་ཁྱད་དུ་བསད་ནས་སྡིག་ལྟུང་ལས། །སྔོན་ཆད་གང་བྱས་སྟོབས་བཞིའི་བཤགས་པ་ཡིས། །བཤགས་ནས་སྡིག་ལྟུང་རྩད་ནས་འདག་པར་ཤོག །སྲིད་རྩེ་ནས་བཟུང་དམྱལ་བ་ཡན་ཆད་འགྲོའི། །སྤྱི་དང་བྱེ་བྲག་སྡུག་བསྔལ་ཚུལ་བསམ་ནས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལས། །ཐར་འདོད་ཤུགས་དྲག་རྒྱུད་ལ་སྐྱེ་བར་ཤོག །སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་རྣམས་ཀྱིས། །ཡང་ཡང་མ་བྱས་དྲིན་གྱིས་བསྐྱངས་པའི་ཚུལ། །བསམ་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་ནས། །རླབས་ཆེན་སེམས་སྐྱེད་རྒྱུད་ལ་སྐྱེ་བར་ཤོག །དུས་གསུམ་རྒྱལ་བ་མ་ལུས་དགྱེས་པའི་ལམ། །ཕ་རོལ་ཕྱིན་དྲུག་བསྡུ་བའི་དངོས་པོ་བཞི། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ། །མ་ལུས་སྤྱོད་ལ་ཞུམ་པ་མེད་པར་ཤོག །ཐུན་མོང་

p. 313

ལམ་སྦྱངས་སྣོད་རུང་གྱུར་ནས་ཀྱང་། །ཐེག་པ་ཀུན་ལས་ཁྱད་འཕགས་བླ་ན་མེད། །སྐལ་ལྡན་སྐྱེས་བུ་རྣམས་ཀྱི་འཇུག་ངོགས་མཆོག །རྡོ་རྗེ་ཐེག་པའི་ཆོས་ཀྱི་སྒོར་འཇུག་ཤོག །མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་བསྟེན། །དབང་བཞིས་རྒྱུད་སྨིན་དམ་ཚིག་མིག་བཞིན་སྲུང་། །བསྐྱེད་རྫོགས་ལྷ་སྔགས་ཏིང་འཛིན་ཉམས་ལེན་ཀུན། །ནམ་ཡང་འཆུག་མེད་མཐའ་རུ་ཕྱིན་པར་ཤོག །ཚིག་རེ་ཙམ་ཡང་བསྐལ་བརྒྱར་རྙེད་དཀའ་བའི། །ཐེག་དགུའི་ཡང་རྩེ་ཟབ་ལམ་རྫོགས་པ་ཆེ། །ཁྲེགས་ཆོད་ཐོད་རྒལ་དགོངས་པ་མངོན་གྱུར་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཡང་ཡང་དྲིན་གྱིས་བསྐྱངས་པའི་འགྲོ་ཀུན་ལ། །བཟང་བཟང་ཕན་པ་དཔག་མེད་འདོགས་པའི་ཕྱིར། །ཟབ་ཟབ་གདམས་པ་འདི་བཞིན་ཉམས་ལེན་ཚེ། །འཇིགས་འཇིགས་བར་ཆད་གང་ཡང་མི་འབྱུང་ཤོག །དེ་ལྟར་ལམ་བཟང་སྟོན་པའི་བླ་མ་དང་། །དེ་བཞིན་སྒྲུབ་ལ་གཞོལ་བའི་རྡོ་རྗེ་སྤུན། །དེ་དག་རྣམས་ཀྱི་ཞབས་བརྟན་འཕྲིན་ལས་རྒྱས། །དེ་སྐད་སྨོན་ལམ་བཏབ་བཞིན་མྱུར་འགྲུབ་ཤོག །ཅེས་སྨོན་ལམ་རིན་ཆེན་

p. 314

གསེར་གྱི་ཕྲེང་བ་འདི་ནི་དད་གཏོང་ཤེས་རབ་ཀྱི་ནོར་གྱིས་ཕྱུག་པའི་སྙིང་གྲོགས་དགེ་འདུན་འཕྲིན་ལས་དང་དཀོན་མཆོག་རྒྱལ་མཚན་གཉིས་ཀྱིས། བླ་མའི་གསོལ་འདེབས་ཀྱི་མཇུག་ཏུ་རྫོགས་ཆེན་གཞུང་ལྟར་བཤེས་གཉེན་བསྟེན་ཚུལ་ནས་ཐོད་རྒལ་གྱི་བར་མྱུར་དུ་རྒྱུད་ལ་སྐྱེ་བའི་འདོད་སྨོན་བཅས་ཡོད་པ་དགོས་ཞེས་རྒྱང་རིང་པོ་ནས་བསྐུལ་ངོར། ༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་མཚོ་སྙིང་མ་ཧཱ་དེ་ཝ་ནས་སྦྱར་བའོ། །སརྦ་མངྒ་ལཾ་བཀྲིས།། །།

ཁ་ཏོན་བྱས་པའི་མཇུག་ཏུ་འདོན་རྒྱུའི་སྨོན་ལམ།

p. 315

༄༅། །ཁ་ཏོན་བྱས་པའི་མཇུག་ཏུ་འདོན་རྒྱུའི་སྨོན་ལམ་བཞུགས་སོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཐུགས་སྨོན་བཞིན་དུ་སངས་རྒྱས་འགྲོ་བ་འདྲེན། །བླ་མ་རྒྱལ་བ་སྲས་བཅས་གུས་པས་འདུད། །བདག་གིས་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཁ་ཏོན་མ་ཎི་བཏོན་པའི་དགེ་བ་དང་། །གཞན་ཡང་དུས་གསུམ་བསགས་པའི་དགེ་བའི་མཐུས། །དྲིན་ཅན་བླ་མའི་བཞེད་དོན་ཀུན་འགྲུབ་ཤོག །ལུས་སྲོག་བསྐྱེད་པའི་དྲིན་ཅན་ཕ་མ་དང་། །ཆོས་གྲོགས་གྲྭ་སློབ་ཡོན་བདག་དྲིན་ཅན་དང་། །ཞོན་བཀལ་བཞོས་པའི་སྒོ་ཟོག་དྲིན་ཅན་ཀུན། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཤ་ཟོས་སྤུ་དང་པགས་པ་གྱོན་པ་དང་། །རྡོ་དང་དབྱུག་པས་བརྡུང་དང་མཚོན་གྱིས་བསད། །དུག་དང་མཐུས་བསད་རྐང་པའི་གཅུར་ཚད་ཀྱི། །འགྲོ་རྣམས་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །གཞན་ཡང་ནམ་མཁའ་ཡངས་པའི་མཐའ་མཉམ་པའི། །མར་གྱུར་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་ཐོབ་པར་ཤོག །སྨོན་ལམ་དེ་དག་མྱུར་དུ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །དགེའོ།། ༈ །།

རྒྱལ་ཁམས་བདེ་ཞིང་སྐྱིད་པའི་གསོལ་འདེབས།

p. 316

རྒྱལ་ཁམས་བདེ་ཞིང་སྐྱིད་པའི་གསོལ་འདེབས་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཆར་ཆུ་དུས་སུ་འབབ་པར་བྱིན་གྱིས་རློབས། །ལོ་ཕྱུགས་རྟག་ཏུ་ལེགས་པར་བྱིན་གྱིས་རློབས། །མི་ནད་ཕྱུགས་ནད་ཞི་བར་བྱིན་གྱིས་རློབས། །དུས་འཁྲུག་མུ་གེ་མེད་པར་བྱིན་གྱིས་རློབས། །དགྲ་ཇག་ཆོམ་རྐུན་ཞི་བར་བྱིན་གྱིས་རློབས། །སད་སེར་ཐན་པ་མེད་པར་བྱིན་གྱིས་རློབས། །རྒྱལ་ཁམས་བདེ་ཞིང་སྐྱིད་པར་བྱིན་གྱིས་རློབས། །ཞེས་རྒྱལ་ཁམས་བདེ་ཞིང་སྐྱིད་པའི་གསོལ་འདེབས་འདི་ནི་རྣལ་འབྱོར་ཞབས་དཀར་བས་སྦྱར་བའོ། །དེ་ལྟར་གསོལ་བ་བཏབ་ན་རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་རོ། །དེས་ན་གསོལ་འདེབས་འདི་རྒྱལ་ཁམས་ཡོངས་ལ་སྟོན་ལ་ཀུན་གྱིས་ཐོན་ཅིག །མངྒ་ལཾ༎ ༎

བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་སོགས་སྨོན་ལམ།

p. 317

༄༅། །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །བདག་གི་ཕ་མ་འཁོར་བ་ངན་སོང་གི །སྡུག་བསྔལ་ལས་སྒྲོལ་བདེ་བ་ཅན་སྐྱེས་ནས། འོད་དཔག་མེད་མགོན་མཉེས་པར་བྱེད་གྱུར་ཅིག །བདག་གིས་ཐོག་མ་མེད་ནས་ད་ལྟའི་བར། །རྣམ་དཀར་ལས་ཀྱི་འབྲས་བུ་གང་བགྱིས་པ། །དེ་ཡི་མཐུ་ལས་ཕ་མ་སེམས་ཅན་ནི། །དྲིན་ཅན་མཐའ་དག་འཁོར་བ་ལས་སྒྲོལ་ཤོག །བདག་གི་ལུས་སྲོག་བསྐྱེད་པའི་ཕ་མ་དང་། །བདག་ལ་ཐར་ལམ་སྟོན་པའི་མཁན་སློབ་རྣམས། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་རབ་བྱང་ནས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཉེས་གྱུར་ཅིག །བདག་ལ་རེ་ལྟོས་བགྱིས་པའི་སྦྱིན་བདག་དང་། །བདག་གིས་གནོད་འཚེ་བྱས་པའི་འགྲོ་བ་དང་། །བདག་ལ་གནོད་འཚེ་བྱས་པའི་སེམས་ཅན་རྣམས། །ཚོགས་རྫོགས་སྒྲིབ་བྱང་སངས་རྒྱས་མྱུར་ཐོབ་ཤོག །བདག་གིས་བརྡེག་ཙོག་ཤ་ཁྲག་ཟས་པ་དང་། །སྲོག་གཅད་སྤུ་དང་ལྤགས་པ་གྱོན་པ་སོགས། །འགྲོ་བ་དེ་རྣམས་གཙོར་བྱས་སེམས་ཅན་རྣམས། བདག་ལ་བསྟེན་ནས་རྣམ་མཁྱེན་མྱུར་ཐོབ་ཤོག །ཞབས་དཀར་བས་གསུངས་པའོ།།

མར་མེའི་སྨོན་ལམ།

p. 318

༈ མར་མེའི་སྨོན་ལམ་བཞུགས་སོ། །ཨོཾ་ཨཱཿཧཱུཾ། མར་མེའི་འོད་སྣང་འཇའ་འོད་དུ། །གྱུར་པས་གནམ་ས་བར་སྣང་ཁྱབ། །ནང་ནས་མཆོད་པའི་ལྷ་མོ་དང་། །གང་འདོད་ལོངས་སྤྱོད་འབྱུང་གྱུར་ཅིག །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །སྣང་གསལ་མར་མེ་འདི་འབུལ་ལོ། །མར་མེ་ཕུལ་བའི་བསོད་ནམས་ཀྱིས། །མ་རིག་མུན་པ་སངས་བར་ཤོག །ལས་ངན་སྡིག་སྒྲིབ་དག་པར་ཤོག །རྐྱེན་ངན་བར་ཆད་ཞི་བར་ཤོག །ཚེ་དང་བསོད་ནམས་འབར་གྱུར་ཅིག །ཉམས་རྟོགས་ཡོན་ཏན་འབར་གྱུར་ཅིག །སངས་རྒྱས་བསྟན་པ་འབར་གྱུར་ཅིག །འགྲོ་ལ་བདེ་སྐྱིད་འབར་གྱུར་ཅིག །ཅེས་མར་མེའི་སྨོན་ལམ་འདི་ནི་རྣལ་འབྱོར་ཞབས་དཀར་བས་སྦྱར་བའོ། །སརྦ་མངྒ་ལཾ༎ ༎

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་སོགས་སྨོན་ལམ།

p. 319

༄༅། །བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ལོ་བཤགས། །རང་གཞན་སྐྱེ་འཕགས་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་ཚོགས་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །འདིས་མཐུས་རང་གཞན་སངས་རྒྱས་མྱུར་ཐོབ་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །རང་གཞན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཚེ་རབས་ཀུན་དུ་བླ་མ་མཇལ་བ་ལ། །ཇོ་བོ་རྗེ་དང་འབྲོམ་སྟོན་ལྟ་བུར་ཤོག །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ལ། །རྟག་ཏུ་ངུ་དང་ནོར་བཟང་ལྟ་བུར་ཤོག །ངོམ་པ་མེད་པའི་ཐོས་བསམ་བྱེད་པ་ལ། །ཀུན་མཁྱེན་བློ་བཟང་ཡབ་སྲས་ལྟ་བུར་ཤོག །ཆོས་བཞིན་འདུལ་བ་བཞིན་དུ་བྱེད་པ་ལ། །བཀའ་གདམས་སྐུ་མཆེད་སློབ་བརྒྱུད་ལྟ་བུར་ཤོག །ཆོས་ཕྱིར་དཀའ་སྤྱད་སྙིང་རུས་བྱེད་པ་ལ། །བཀའ་བརྒྱུད་མི་ལ་ཡབ་སྲས་ལྟ་བུར་ཤོག །རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ། །འཛམ་གླིང་རྒྱན་དྲུག་

p. 320

མཆོག་གཉིས་ལྟ་བུར་ཤོག །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོན་པ་ལ། །རྒྱ་གར་གྲུབ་ཐོབ་བརྒྱད་བཅུ་ལྟ་བུར་ཤོག །ལྷ་སྲིད་སྡེ་བརྒྱད་བྲན་དུ་འཁོལ་བ་ལ། །པད་འབྱུང་རྗེ་འབངས་ཉེར་ལྔ་ལྟ་བུར་ཤོག །མཁྱེན་རབ་ཆེན་པོས་བླང་དོར་འབྱེད་པ་ལ། །དབྱངས་ཅན་མ་དང་འཇམ་དབྱངས་ལྟ་བུར་ཤོག །མཐུ་སྟོབས་ཆེན་པོས་ལོག་འདྲེན་འདུལ་བ་ལ། །རྟ་མགྲིན་ཕྱག་ན་རྡོ་རྗེ་ལྟ་བུར་ཤོག །ཟུག་རྔུའི་ནད་ཀུན་སེལ་བར་བྱེད་པ་ལ། །བཅོམ་ལྡན་སྨན་བླའི་རྒྱལ་པོ་ལྟ་བུར་ཤོག །དུས་མིན་འཆི་བ་མ་ལུས་བཟློག་པ་ལ། །མགོན་པོ་ཚེ་དཔག་མེད་པ་ལྟ་བུར་ཤོག །བླ་མའི་ཚུལ་བཟུང་འགྲོ་དོན་བྱེད་པ་ལ། །སྐྱབས་མགོན་རྒྱལ་བ་ཡབ་སྲས་ལྟ་བུར་ཤོག །རྒྱལ་པོའི་ཚུལ་བཟུང་རྒྱལ་ཁམས་སྐྱོང་བ་ལ། །འཇམ་དབྱངས་གོང་མ་རྒྱལ་པོ་ལྟ་བུར་ཤོག །སྐྱོ་ངལ་མེད་པས་འགྲོ་ཀུན་འདྲེན་པ་ལ། །སྤྱན་རས་གཟིགས་དང་སངས་རྒྱས་ལྟ་བུར་ཤོག །མདོར་ན་རང་གཞན་དོན་གཉིས་འགྲུབ་པ་ལ། །དངོས་དང་བརྒྱུད་པའི་བླ་མ་ལྟ་བུར་ཤོག །གང་གང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། །དེ་དེ་བཞིན་དུ་ཐམས་ཅད་འགྲུབ་པར་ཤོག །བྱ་བཏང་པ་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ།།

ཅི་བསམ་འགྲུབ་པའི་སྨོན་ལམ།

p. 321

༄༅། །ཅི་བསམ་འགྲུབ་པའི་སྨོན་ལམ་བཞུགས་སོ། །དཀོན་མཆོག་བྱིན་རླབས་སེམས་ལ་འཇུག་པར་ཤོག །དགེ་ཚོགས་སྣོད་བཅུད་ཡོངས་ལ་སྨིན་པར་ཤོག །ཕྱི་སྣོད་ཐམས་ཅད་དག་པའི་ཞིང་དུ་ཤོག །ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་ཤོག །ཡུལ་ཕྱོགས་རྩྭ་མེད་རྣམས་ལ་རྩྭ་སྐྱེ་ཤོག །ལུང་པ་ཆུ་མེད་རྣམས་ལ་ཆུ་རྡོལ་ཤོག །ས་ཆ་ཤིང་མེད་རྣམས་ལ་ཤིང་སྐྱེ་ཤོག །ཞིང་ས་ལོ་མེད་རྣམས་ལ་ལོ་ཡག་ཤོག །རྨང་པོ་བུ་མེད་རྣམས་ལ་བུ་སྐྱེ་ཤོག །དབུལ་པོ་ནོར་མེད་རྣམས་ལ་ནོར་ཐོབ་ཤོག །གླེན་པ་གོ་མེད་རྣམས་ལ་བློ་སྐྱེ་ཤོག །བན་སྔགས་ཆོས་མེད་རྣམས་ལ་ཆོས་འཕེལ་ཤོག །བླ་མ་སློབ་མ་ཡོན་བདག་མཇལ་བར་ཤོག །བཀྲ་ཤིས་ཆོས་མཐུན་སྒོ་ནས་མཇལ་བར་ཤོག །ཆོས་ལྡན་བྱ་བ་བྱེད་དུས་མཇལ་བར་ཤོག །རང་གཞན་དོན་གཉིས་སྒྲུབ་དུས་མཇལ་བར་ཤོག །མི་ཕྱུགས་རྒས་ཁར་སྐྱིད་དང་འཕྲད་པར་ཤོག །ཕ་མ་རྒས་ཁར་ཆོས་དང་མཇལ་བར་ཤོག ཐམས་ཅད་འཆི་ཁར་ལམ་སྣ་ཟིན་པར་ཤོག །ཅི་བསམ་ཐམས་ཅད་ལྷུན་གྱིས་འགྲུབ་པར་ཤོག །ཅེས་ཅི་བསམ་འགྲུབ་པའི་སྨོན་ལམ་འདི་ཡང་༧ཞབས་དཀར་པས་བྲིས་ནས་ཕུལ་བའོ།། །།

ཕུན་སུམ་ཚོགས་པའི་བཀྲ་ཤིས།

p. 322
p. 323

༄༅། །ཕུན་སུམ་ཚོགས་པའི་བཀྲ་ཤིས་བཞུགས་སོ། ཨོཾ་སྭསྟི། སངས་རྒྱས་ནམ་མཁའ་གང་བའི་བཀྲ་ཤིས་ཤོག །ཆོས་ཀྱིས་བར་སྣང་གང་བའི་བཀྲ་ཤིས་ཤོག །དགེ་འདུན་ས་གཞི་གང་བའི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མཐོན་པོ་ནམ་མཁའ་ལ་ཡང་བཀྲ་ཤིས་ཤོག །དམའ་མོ་ས་གཞི་ལ་ཡང་བཀྲ་ཤིས་ཤོག །ཡངས་པོ་བར་སྣང་ལ་ཡང་བཀྲ་ཤིས་ཤོག །གནམ་ས་བར་སྣང་ཁྱབ་པའི་བཀྲ་ཤིས་ཤོག །ནམ་མཁའི་ཆར་པ་འབབ་པའི་བཀྲ་ཤིས་ཤོག །བར་སྣང་འཇའ་སྤྲིན་འཁྲིགས་པའི་བཀྲ་ཤིས་ཤོག །ས་གཞིར་ལོ་ཕྱུགས་ལེགས་པའི་བཀྲ་ཤིས་ཤོག །བདེ་སྐྱིད་ཉི་མ་འཆར་བའི་བཀྲ་ཤིས་ཤོག །ཕ་མ་བུ་གསུམ་འཛོམ་པའི་བཀྲ་ཤིས་ཤོག །མི་ནོར་ཟས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །ལྟོ་གོས་ཆོས་གསུམ་འཛོམ་པའི་བཀྲ་ཤིས་ཤོག །བདེ་སྐྱིད་སྙན་གསུམ་འཛོམ་པའི་བཀྲ་ཤིས་ཤོག ལྷ་མིའི་དགའ་སྟོན་འགྱེད་པའི་བཀྲ་ཤིས་ཤོག །སྙན་པའི་གླུ་དབྱངས་ལེན་པའི་བཀྲ་ཤིས་ཤོག །སྐྱིད་པའི་བྲོ་ཆུང་འཁྲབ་པའི་བཀྲ་ཤིས་ཤོག །དགའ་བའི་གར་ཡང་བསྒྱུར་

p. 324

བའི་བཀྲ་ཤིས་ཤོག །ལྷ་ཡི་ཡུལ་བཞིན་བདེ་བའི་བཀྲ་ཤིས་ཤོག །རྫོགས་ལྡན་དུས་བཞིན་སྐྱིད་པའི་བཀྲ་ཤིས་ཤོག །རྟག་ཏུ་དགའ་ཞིང་སྤྲོ་བའི་བཀྲ་ཤིས་ཤོག །ཐམས་ཅད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་ཕུན་སུམ་ཚོགས་པའི་བཀྲ་ཤིས་འདི་ཡང་༧ཞབས་དཀར་པས་སྦྱར་པའོ།། །།

བཀྲ་ཤིས་རིན་ཆེན་ཕྲེང་བ།

p. 325

༄༅། །བཀྲ་ཤིས་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

p. 326

ཨེ་མ་ཧོ། གཡོ་རྩོལ་མེད་པའི་རང་ལུས་ཁང་བཟང་དུ། །བྱིང་རྒོད་མེད་པའི་རིག་པ་རང་གསལ་འདི། །འཕོ་འགྱུར་མེད་པའི་ཆོས་སྐུའི་བཙན་ས་ཟིན། །འདུ་འབྲལ་མེད་པའི་བླ་མའི་བཀྲ་ཤིས་ཤོག །རང་རིག་འཁྲུལ་མེད་གཞི་ཡི་སངས་རྒྱས་དང་། སྨྲ་བསམ་བརྗོད་མེད་ལམ་གྱི་དམ་པའི་ཆོས། །མི་འགྱུར་འབྲལ་མེད་འབྲས་བུའི་དགེ་འདུན་སྟེ། །དོན་དམ་བསླུ་མེད་མཆོག་གསུམ་བཀྲ་ཤིས་ཤོག །ཡེ་ནས་བཀྲ་ཤིས་ཀུན་ཏུ་བཟང་མོའི་མཁར། །མཁའ་མཉམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་

p. 327

བཀྲ། །བཀྲ་ཤིས་སྐུ་ཐིག་ཚོམ་བུའི་ཆར་ཆེན་རྣམས། །རྣམ་དག་ཁམས་སུ་འབེབས་པའི་བཀྲ་ཤིས་ཤོག །རང་ལུས་ཙིཏྟ་འོད་ལྔའི་གཞལ་ཡས་ཀྱི། །རང་བྱུང་གདོད་མའི་མགོན་པོ་ཀུན་བཟང་ལ། །རང་བབས་གཉུག་མའི་རྒྱུན་གྱིས་གསོལ་བཏབ་ཚེ། །རང་ཞལ་མངོན་སུམ་མཇལ་བའི་བཀྲ་ཤིས་ཤོག །བསླུ་མེད་སློབ་དཔོན་པད་འབྱུང་ཐུགས་ཀྱི་བཅུད། །འཁྲུལ་མེད་ལམ་བཟང་ཨ་ཏིའི་དོན་རྟོགས་ནས། །བསྒོམ་མེད་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལ། །འབྲལ་མེད་རྒྱུན་དུ་གནས་

p. 328

པའི་བཀྲ་ཤིས་ཤོག །ཀ་དག་ཟང་ཐལ་རྟོགས་པའི་མཚོན་ཆ་ཡིས། །མ་དག་དུག་ལྔའི་རྣམ་རྟོག་གང་ཤར་ཡང་། །ཡང་དག་ལྟ་བའི་ངང་དུ་བསྒྲལ་ནས་ཀྱང་། །ཡེ་དག་ཡེ་ཤེས་འཆར་བའི་བཀྲ་ཤིས་ཤོག །སྤང་ཐོབ་མེད་པའི་གདོད་མའི་རྒྱལ་ས་རུ། །འགྱུར་མེད་རིག་པས་རྒྱལ་ས་རབ་བཟུང་ནས། །ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་ཉམས་ལེན་ལ། །ཉིན་མཚན་ཁོར་ཡུག་འདྲེས་པའི་བཀྲ་ཤིས་ཤོག །སྒོ་གསུམ་འཁྲུལ་འཁོར་རླུང་རིག་གནད་བཅིངས་པས། །སྒྲོན་མ་བཞི་ཡིས་ཉམས་བླངས་དབྱིངས་ནང་དུ། །རིག་པ་ཚུད་དེ་ཐིག་ལེ་གསུམ་སྦྲེལ་ཤར། །ཆོས་ཉིད་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག །དབྱིངས་རིག་སྨིན་མཚམས་བྲལ་ནས་དབང་པོའི་སྒོར། །མངོན་སུམ་གསལ་ཞིང་ཐིག་ལེའི་ནང་དུ་ནི། རྡོར་སེམས་སྐུ་རྐྱང་འགུལ་འཁྲིག་མེད་པར་གསལ། །ཉམས་སྣང་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དབྱིངས་ཀྱིས་སྣང་བ་ཐམས་ཅད་རྒྱས་ཐེབ་པས། །ཐིག་ལེའི་ནང་དུ་རྣམ་སྣང་དབྱིངས་ཕྱུག་སོགས། །རིགས་ལྔའི་ཚོམ་བུ་གྲངས་མེད་ཡོངས་ཤར་བའི། །རིག་པ་ཚད་ལ་ཕེབས་པའི་བཀྲ་ཤིས་

p. 329

ཤོག །ཉམས་སྣང་འཕེལ་ཟད་འོད་ཀྱི་ནང་དུ་ནི། །སོར་མོ་ཙམ་སྣང་འཁོར་འདས་འདུ་ཤེས་བྲལ། །འབྱུང་བཞིར་ཟང་ཐལ་བསྒྲོད་ཅིང་མངོན་ཤེས་རྒྱས། །ཆོས་ཉིད་ཟད་སར་འཁྱོལ་བའི་བཀྲ་ཤིས་ཤོག །སྐྱེ་འཇུག་སོགས་ལ་དབང་ཐོབ་རིག་པ་ནི། །བེམ་པོར་བཅུག་པས་སྐད་འབྱིན་འགུལ་བ་དང་། །མཚམས་མེད་ལྔ་སྤྱད་འཚང་རྒྱ་ནུས་པར་བྱེད། །ཡ་མཚན་གྲུབ་རྟགས་སྟོན་པའི་བཀྲ་ཤིས་ཤོག །རྫོགས་ཆེན་མ་རིག་མུན་སེལ་སྒྲོན་མེ་འདི། །འདི་ལྟར་ཚུལ་བཞིན་ཉམས་སུ་བླངས་པའི་ཚེ། །ཚེ་དང་ཆོས་འབྱོར་རྒྱས་ཤིང་འདོད་པའི་དོན། །དོན་རྣམས་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །དམ་ཉམས་འདྲེས་ཁྱེར་བསྲེ་བསླད་མ་ཞུགས་པའི། །དམ་ཆོས་མཁའ་གྲོའི་ཞལ་རླངས་མ་ཡལ་བ། །དམ་ལྡན་རིག་འཛིན་རྣམས་ཀྱིས་ཉམས་བཞེས་ཚེ། །དམ་བཅའ་སྙིང་རུས་སྐྱེད་པའི་བཀྲ་ཤིས་ཤོག །མ་རིག་ཉོན་མོངས་ཆོས་བརྒྱད་རྒྱང་བསྲིངས་ནས། །མ་རྣམས་དོན་དུ་དམ་ཆོས་སྒྲུབ་པའི་ཚེ། །མ་དང་མཁའ་འགྲོས་བར་ཆད་ཉེར་འཚེ་ཀུན། །མ་བསྐུལ་ན་ཡང་སྒྲོལ་བའི་བཀྲ་ཤིས་ཤོག །མི་ཚེ་

p. 330

འདི་བཟུང་ཚེ་རབས་ཐམས་ཅད་དུ། །མི་མཐུན་བར་ཆད་མིང་ཙམ་མེད་པ་ཡི། །མི་དམིགས་སྤྲོས་བྲལ་ཀུན་བཟང་དགོངས་བཅུད་ཀྱི། །མི་ཤིགས་སྲུང་བའི་འཁོར་ལོའི་བཀྲ་ཤིས་ཤོག །ཡེ་དག་གནས་ལུགས་ཀ་དག་ཁྲེགས་ཆོད་དབྱིངས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོངས་ཤར་ནས། །སླར་ཡང་རང་རིག་ཀུན་བཟང་གཞི་ཐོག་ཏུ། །གཞོན་ནུ་བུམ་སྐུ་བརྙེས་པའི་བཀྲ་ཤིས་ཤོག །ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས་སྐུ་དང་། །གྲངས་མེད་སྤྲུལ་སྐུས་འཁོར་བ་དོང་སྤྲུགས་ནས། །འགྲོ་བ་ཐམས་ཅད་གདོད་མའི་སར་བཀོད་དེ། །འཁོར་བའི་མིང་ཙམ་མེད་པའི་བཀྲ་ཤིས་ཤོག །མ་ནོར་ལམ་བཟང་གསང་ཆེན་རྡོ་རྗེ་ཐེག །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཁྲིད། །ཁྲིད་ཚུལ་མཚན་ལྡན་རྩ་བའི་བླ་མའི་སྐུ། །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག །རྒྱལ་དབང་པད་འབྱུང་བི་མ་ལ་སོགས་བཀའ། །བཀའ་གཏེར་ལས་འོངས་སྔ་འགྱུར་གསང་ཆེན་བསྟན། །བསྟན་པའི་སྒོར་ཞུགས་རྡོ་རྗེ་མཆེད་ལྕམ་ཀུན། །ཀུན་ཀྱང་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག །གཏེར་སྟོན་བདུད་འཇོམས་གླིང་པས་སྤྱན་དྲངས་

p. 331

པའི། །གཏེར་ཆོས་ཀུན་བཟང་ཐུགས་ཀྱི་ཡང་སྙིང་འདི། །གཏེར་ཁ་བརྡོལ་ལྟར་གང་ཞིག་སྲིད་མཐའི་བར། །གཏེར་གསར་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །རྒྱལ་པ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་བའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །དམ་པས་བྱིན་བརླབས་དབེན་པའི་རི་སུལ་དུ། །དམ་གཙང་དཔོན་སློབ་མཆེད་གྲོགས་ལྷན་ཅིག་འཛོམས། །ཟབ་གསང་རྫོགས་པ་ཆེན་པོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་མི་ནུབ་ཚུགས་པར་ཤོག །དམ་པས་བྱིན་བརླབས་དབེན་གནས་གང་བཟང་དུ། །དམ་གཙང་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །དམ་པ་གོང་མའི་རྣམ་ཐར་ཇི་བཞིན་དུ། །དམ་ཆོས་ཉམས་སུ་ལེན་པའི་བཀྲ་ཤིས་ཤོག །གངས་རྫ་གཡའ་དང་ནགས་ཚལ་དུར་ཁྲོད་སོགས། །ཡིད་མཐུན་བག་ཕེབས་རི་ཡི་རྒྱུད་བཟང་ཞིང་། །བྱིན་ལྡན་མ་མོ་མཁའ་འགྲོ་འདུ་བའི་གནས། །དུས་ཀུན་རྟག་ཏུ་བརྟེན་པའི་བཀྲ་ཤིས་ཤོག །འདྲེན་མཆོག་ཤཱཀྱའི་

p. 332

བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་དུ་དར་ཞིང་རྒྱས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་འཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག །བདག་གཞན་གང་གིས་དམ་ཆོས་བསྒྲུབ་པ་ལ། །ལྷ་ཀླུ་གཞི་བདག་སྡེ་བརྒྱད་འབྱུང་པོའི་ཚོགས། །གནོད་པ་སྐད་ཅིག་ཙམ་ཡང་མི་སྐྱེལ་ཞིང་། །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །བླ་མ་ཆོས་གྲོགས་སློབ་དཔོན་ཡོན་བདག་འཛོམས། །ཕ་མ་བུ་གསུམ་མི་ནོར་ཟས་གསུམ་འཛོམས། །ལྷ་ཆོས་མི་ཆོས་བདེ་སྐྱིད་སྙན་གསུམ་འཛོམས། །རྟག་ཏུ་འདོད་དགུ་འཛོམས་པའི་བཀྲ་ཤིས་ཤོག །ཅེས་པའང་ཞབས་དཀར་རྡོ་རྗེ་འཆང་གིས་གསུང་འབུམ་ལས་བྱུང་བའོ།། །།

ཞབས་དཀར་པའི་གསུང་འབུམ་གྱི་བཞུགས་བྱང་།

དཀར་ཆག་གསལ་བའི་མེ་ལོང་ལས་སྐྱབས་མགོན་ཞབས་དཀར་པའི་གསུང་འབུམ་གྱི་ཐོ་ཡིག་སྔོན་དུ་གཡ་མ་བཀྲ་ཤིས་དཀྱིལ་དུ་བཞུགས་པའི་ཕྱག་དཔེའི་ཐོ།

p. 333

༄༅། །དཀར་ཆག་གསལ་བའི་མེ་ལོང་ལས་སྐྱབས་མགོན་ཞབས་དཀར་པའི་གསུང་འབུམ་གྱི་ཐོ་ཡིག་བཞུགས།

p. 334

ཨོཾ་སྭ་སྟི། བསྐལ་མང་སྔོན་ནས་ཚོ༷གས་གཉིས་ཆུ་གཏེར་བསྲུབས་ལས་འཐོན་ཏེ་སྒྲིབ་གཉིས་སྤྲིན་བྲལ་མཁའ་ལ་རྒྱུ། །རྨད་བྱུང་མཚན་དང་དཔེ་བྱད་བཟང་པོའི་བཅུ་དྲུ༷ག་ཆ་རྫོགས་མཁྱེན་བརྩེའི་རི་དྭགས་གཟུགས་ངོམས་པ། །ལྷུན་གྲུབ་འཕྲིན་ལས་ར༷ང་བཞིན་འོད་དཀར་འབུམ་དུ་འགྱད་པས་རྣམ་གྲོ༷ལ་ཀུན་དཱ་བཞད་པའི་གཉེན། །སྐྱེ་དགུའི་ཉོན་མོངས་ཚ་བའི་གདུངས་སེལ་དཔལ་ལྡན་བླ་མ་རྒྱུ་སྐར་བདག་པོས་དགེ་ལེགས་སྩོལ། །བསིལ་ལྡན་འགྲོ་ལ་བརྩེ་བའི་གྲུ་འཛིན་

p. 335

མགོ༷ན། །ངུར་སྨྲིག་འཆང་བའི་ཟོལ་ལ་བརྟེན་བྱས་ནས། །ཞ༷བས་སེན་བཀོད་དེར་རྣམ་དཀ༷ར་མཛད་བཟང་གིས། །གངས་ཅན་སྐྱེ་དགུའི་ཕན་བདེ་སྤེལ་བ༷ར་མཛད། །གང་ཐུགས་མཁའ་ལ་བྱ༷མས་པ༷འི་སྤྲིན་གཡོས་སྟེ། །ཟབ་གསང་ཆོས་ཀྱི་དབྱར་རྔ་ལྡིར་བའི་མོད། །སྐལ་ལྡན་མདོངས་མཐའི་ཚོགས་རྣམས་གཏན་བདེའི་གར། །བསྒྱུར་དང་ལྷན་ཅིག་སྒྲུབ་བསྟན་དར་བར་བྱས། །མགོན་དེས་མཉམ་མེད་བུ་རམ་ཤིང་པ་ཡིས། ལེགས་གསུངས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན། །གཅིག་ཏུ་བསྡུས་

p. 336

རྣམས་སྐལ་བཟང་གདུལ་བྱ་ལ། །ལེགས་པར་བསྩལ་པའི་བཀའ་འབུམ་མ་ཎིའི་ཕྲེང་། །འདི་ཀོ་བློ་མུན་སེལ་བའི་འོད་སྟོང་ཅན། །སྲིད་པར་རིང་དུ་འཁྱམས་པའི་ངལ་སྟེགས་མཆོག །ཉོན་མོངས་ནད་རབ་འཇོམས་པའི་སྨན་གྱི་ཕུལ། །དགོས་འདོད་རྩོལ་བའི་དབང་གི་རྒྱལ་པོ་ཡིན། །གང་ཞིག་གཏན་བདེའི་རིན་ཆེན་གླིང་མཆོག་ཏུ། །བསྒྲོད་པར་འདོད་པའི་སྐལ་ལྡན་སྐྱེ་བོ་ཀུན། །ལེགས་གསུང་གྲུ་གཟིངས་འདི་ལ་ཞུགས་གྱུར་ཏེ། །སྲིད་པའི་ཆུ་བོ་མྱུར་དུ་བརྒལ་བར་མཛོད། །རྨད་བྱུང་མཁྱེན་པའི་གངས་རི་ལས་འོང་པའི། །མདོ་རྒྱུད་དགོངས་དོན་རྙོག་བྲལ་ཆུ་བོའི་རྒྱུན། །སྐལ་བཟང་དད་པའི་འཛིན་མའི་ལྟོར་འཁྱིལ་བའི། །བཀའ་འབུམ་བཞུགས་བྱང་གསལ་བའི་མེ་ལོང་འགོད། །དེ་ལ་འདིར་རང་ཅག་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱབས་མགོན་དང་དཔུང་གཉེན་དམ་པར་གྱུར་པ། མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཚད་མེད་ཅིང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་རོ་མཉམ་པར་རྟོགས་པས་ཀུན་རྟོག་གི་སྤྲོས་པ་མཐའ་དག་

p. 337

དབྱིངས་སུ་དག་ཅིང་། ཀུན་རྫོབ་ཀྱི་སྣང་ཆ་སྒྱུ་མར་གཟིགས་པའི་ལས་འབྲས་ཀྱི་བླང་དོར་ཕྲ་ཞིབ་འབྱེད་པ་ལ་མཁས་པ། མཐར་ཐུག་གི་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པས་གང་འདུལ་དེར་སྟོན་གྱིས་གདུལ་བྱའི་རེ་བ་སྐོང་བ། གསུང་གི་དབང་ཕྱུག་ལ་མངའ་དབང་བསྒྱུར་པས་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་གནས་རྣམས་སྐལ་བ་དང་ལྡན་པ་དག་ལ་ལྷུག་པར་སྟོན་པ། ས་བཅུའི་ཡོན་ཏན་མཐར་ཕྱིན་པས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟིགས་པ་ལྷུན་གྱིས་གྲུབ་ཅིང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་མཉམ་པ། མདོར་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་རང་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་བཀའ་དྲིན་གཞལ་དུ་མ་མཆིས་པ་མཚན་བརྗོད་པར་དཀའ་བ་༧སྐྱབས་མགོན་ཚོགས་དྲུག་རང་གྲོལ་ཞེས་མཚན་སྙན་གྲགས་པའི་གདུགས་དཀར་སྲིད་པའི་རྩེ་མོར་སོན་ཏེ་སྐྱེ་དགུའི་བླ་ན་འཁོར་བ་དེ་ཉིད་ཀྱི་མཛད་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ།

p. 338

རྟོགས་པའི་བསྟན་པ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གང་ལས་འབྱུང་བའི་གཞི་སྡེ་སྣོད་གསུམ་གྱི་བརྗོད་བྱ་བླ་ན་མེད་པ། མདོ་རྒྱུད་ཀྱི་དགོངས་དོན་ཐུབ་བསྟན་ཡོངས་རྫོགས་ཀྱི་གནད་ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་པའི་ལེགས་པར་བཤད་པ་འཇིག་རྟེན་གསུམ་གྱི་སྒྲོན་མེ་གཅིག་པུར་གྱུར་པ། ད་ལྟ་དང་ཕྱི་རབས་ཀྱི་གང་ཟག་ལས་དང་སྐལ་བ་ལྡན་པ་དམ་པའི་ཆོས་ལ་ཡིད་རབ་ཏུ་ཕྱོགས་པར་གྱུར་ཅིང་། དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པའི་ལེགས་སྨོན་གྱི་སྟེང་དུ་སླེབས་པ་རྣམས་ལ་རང་རང་གི་སྐལ་བ་དང་འཚམས་པར་ལེགས་པར་བསྩལ་པའི་བཀའ་འབུམ་རིན་པོ་ཆེའི་གླེགས་བམ་ཇི་སྙེད་ཅིག་བཞུགས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པའི་ཐོག་མར་༼ཀ༽ ཀ་པ་ལ་སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བ་ཕི་ལིང་གི་རས་དཀར་ཁྲའི་ཐུམ་ཅན། ༼ཀ༽ ཡང་ཀ་པ་ལ་འགྲོ་མགོན་ཞབས་དཀར་པའི་སྐུ་ཚེ་སྨད་ཀྱི་

p. 339

རྣམ་ཐར་ཐོག་མཐའ་བར་དུ་དགེ་བ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་མ་རས་དམར་ཁྲའི་ཐུམ། ༼ཁ༽ ཁ་པ་ལ་འགྲོ་བའི་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་གསུང་མགུར་གླེགས་བམ་དང་པོ་ཕི་ལིང་གི་རས་སྔོན་པོ་ཤིང་ལོའི་རི་མོ་ཅན་གྱི་ཐུམ། ༼ག༽ ག་པ་ལ་གསུང་མགུར་གླེགས་བམ་གཉིས་པ་ཕི་ལིང་གི་རས་སྔོན་པོ་ཤིང་ལོ་ཅན་གྱི་ཐུམ། ༼ང༽ ང་པ་ལ་ངོ་མཚར་སྤྲུལ་པའི་གླེགས་བམ་དང་། བཀའ་གདམས་སྤྲུལ་པའི་གླེགས་བམ་གཉིས་ཕི་ལིང་གི་རས་ཁྲ་བོའི་ཐུམ། ༼ཅ༽ ཅ་པ་ལ་རྒྱལ་སྲས་སྤྲུལ་པའི་གླེགས་བམ་དང་། འཇམ་དབྱངས་སྤྲུལ་པའི་གླེགས་བམ་གཉིས་དང་། ལམ་རིམ་གསལ་བའི་སྒྲོན་མེ་གསུམ་ཕི་ལིང་རས་སྔོ་ཁྲའི་ཐུམ། ༼ཆ༽ ཆ་པ་ལ་གདམས་ངག་གསེར་གྱི་རི་བོ་དང་། རྨད་བྱུང་སྤྲུལ་པའི་གླེགས་བམ། ཡ་མཚན་སྤྲུལ་པའི་གླེགས་བམ་གསུམ་ཕི་ལིང་གི་རས་དཀར་ཁྲའི་ཐུམ། ༼ཇ༽ ཇ་པ་ལ་ཆོས་བཤད་གཞན་ཕན་ཉི་མ་དང་། ཆོས་བཤད་གཞན་ཕན་ཟླ་བ་གཉིས་གོས་དམར་པོ་སྤྲིན་རིས་ཅན་གྱི་ཐུམ། ༼ཉ༽ ཉ་པ་ལ་ཆོས་བཤད་

p. 340

གཞན་ཕན་ནོར་བུ་ཕི་ལིང་གི་རས་ཁྲའི་ཐུམ། ༼ཏ༽ ཏ་པ་ལ་གསུང་འབུམ་སྣ་ཚོགས་ཀྱི་སྐོར་ལ། སྤྲིངས་ཡིག་བ་དན་དཀར་པོ། དཀར་ཆག་ཐར་ལམ་དཀར་པོ། སྤྲིངས་ཡིག་པི་ཝང་རྒྱུད་མང་། དཀར་ཆག་གསལ་བའི་མེ་ལོང་། སྤྲིངས་ཡིག་བཀྲ་ཤིས་དཔལ་འབར། རྟེན་བཞེངས་ཕན་ཡོན། ཨོ་རྒྱན་སྤྲུལ་པའི་གླེགས་བམ། རྗེ་རིན་པོ་ཆེ་ལ་བསྟོད་པ། ལུང་བསྟན་དག་སྣང་ཆོས་ཀྱི་སྒོ་འབྱེད། བློ་སྦྱོང་འདོད་འབྱུང་ནོར་བུ། ཁྲེགས་ཆོད་མཁའ་ལྡིང་གཤོག་རླབས། ཐོད་རྒལ་ཏིང་འཛིན་སྒོ་འབྱེད། ཐོད་རྒལ་ཞལ་ཤེས་བདུད་རྩིའི་བུམ་བཟང་། ལེགས་བཤད་གསེར་གྱི་ཐུར་མ། སེམས་ཁྲིད་ཡིད་བཞིན་ནོར་བུ། གདམས་པ་གཅིག་ཤེས་ཀུན་གྲོལ། བསམ་གཏན་ཆོས་དྲུག །ཟབ་མོ་ལྟ་བའི་གདམས་པ། སྤྲུལ་བསྒྱུར་ངོ་མཚར་སྒྱུ་མའི་ལྟད་མོའི་དགའ་སྟོན། རྫོགས་པ་ཆེན་པོའི་ཕན་ཡོན་བླ་མའི་རྣལ་འབྱོར། བསྒོམས་པའི་ཕན་ཡོན་བཅས་ཕི་ལིང་གི་རས་སྔོ་ཁྲའི་ཐུམ། ༼ཐ༽ཐ་པ་ལ་ལེགས་བཤད་ཀུན་བཟང་མཆོད་སྤྲིན། ལེགས་བཤད་ཉི་མ་རང་ཤར། དག་སྣང་སྤྲུལ་པའི་གླེགས་བམ་གསུམ་ཕི་ལིང་གི་

p. 341

རས་དམར་ཁྲའི་ཐུམ། ༼ད༽ ད་པ་ལ་འདོན་ཆོས་སྤྱོད་ཕྱོགས་གཅིག་ཏུ་བསྒྲིགས་པ། བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་གཉིས་གོས་དམར་པོའི་ཐུམ། ༼ན༽ ན་པ་ལ་སྣ་ཚོགས་ཀྱི་སྐོར་ལ། དབང་ཁྲིད་ལུང་གསུམ་གྱི་བརྒྱུད་པའི་གསོལ་འདེབས། རྒྱལ་བ་བློ་བཟང་དགྱེས་པའི་གླུ་དབྱངས་དང་ཞལ་གདམས་ཁ་ཤས། ཆོས་རྒྱལ་ངག་གི་དབང་པོས་གནང་བའི་ལྟ་མགུར། བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་ཐོ། གསུང་མགུར་ཁ་ཤས། བཀྲ་ཤིས་འཁྱིལ་པའི་གནས་བསྟོད། བཅའ་ཡིག་དྲང་སྲོང་བདེན་ཚིག །རེབ་གོང་སྔགས་མང་ལ་ཁྲིམས་སུ་བཅའ་བའི་རིམ་པ་ཆོས་ཀྱི་སྒོ་འབྱེད། བཅའ་ཡིག་རིན་ཆེན་ཐེམ་སྐས། བཅའ་ཡིག་ཆོས་ཀྱི་སྒོ་འབྱེད། འཕྲིན་ཡིག་གདུང་བ་ཀུན་སེལ། རྣམ་ཐར་རིན་ཆེན་ཕྲེང་བ། གྲངས་འདྲེན་མེ་ཏོག་ཕྲེང་བ། རྒོད་བྲོ་བའི་གཏམ་རྒྱུད། སེམས་ཀྱི་ངོ་སྤྲོད་གོ་སླ་འཁྱེར་བདེ། དྲིན་ཅན་ཨ་མའི་ཕྱི་མའི་ལམ་ཡིག །ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་། སྒོ་དམར་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་སྟོད་ཆ། གྲུབ་དབང་སྐལ་ལྡན་རང་གྲོལ་

p. 342

གྱི་རྣམ་ཐར་ཐ་མ། བླ་མ་པདྨ་རང་གྲོལ་རིན་པོ་ཆེའི་རྣམ་ཐར་ཐ་མ། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་རིན་པོ་ཆེའི་རྣམ་ཐར། བཀའ་ཤོག་བཀྲ་ཤིས་གཞི་འཛིན་སོགས་ཚན་པ་གསུམ། དད་པའི་ཨ་ལོང་འདྲེན་པའི་མདོ་རྒྱུད་ལུང་གི་ལྕགས་ཀྱུ། ཆོས་ཉན་ཚུལ། ཆོས་སྤྱོད་ཉི་མ་རང་ཤར། སྨོན་ལམ་བདེ་སྐྱིད་ཀུན་འབྱུང་། སྨོན་ལམ་རིན་ཆེན་གསེར་གྱི་ཕྲེང་བ། མར་མེའི་སྨོན་ལམ། ཚོགས་མཆོད་འདོད་དགུའི་ཆར་འབེབས། རིགས་ལྔའི་ཞིང་སྦྱོང་སྨོན་ལམ་བཅས་གོས་རས་དམར་ཁྲའི་ཐུམ་ཅན། ༼པ༽ པ་པ་ལ་སྣ་ཚོགས་ཀྱི་སྐོར་ལ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ཡོན་ཏན་རྗེས་སུ་དྲན་ཚུལ་ཆོས་ཀྱི་སྒོ་འབྱེད། སྤྲིངས་ཡིག་ཀུན་དགའི་དཔལ་སྟེར་ངོ་མཚར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། སྤྲིངས་ཡིག་རྣར་སྙན་ཡིད་འབབས་དྲི་ཟའི་བུ་མོའི་གླུ་དབྱངས། སྤྲིངས་ཡིག་བདེ་སྐྱིད་ཉི་མ་རང་འཆར། སྤྲིངས་ཡིག་ཉི་མའི་འོད་ཟེར། སྤྲིངས་ཡིག་ཟླ་བའི་འོད་ཟེར། སྤྲིངས་ཡིག་ནོར་བུའི་འོད་ཟེར། སེམས་ལ་གང་ཤར་ཡི་གེར་བཀོད་པ། ལོ་རྒྱུས་གསལ་བའི་སྒྲོན་མེ། མི་རྟག་སྒྱུ་མའི་ཆོས་བཤད།

p. 343

དབུས་གཙང་ཕྱོགས་སུ་བསྐུར་བའི་ཞུ་ཡིག་སྣ་ཚོགས། སྤྲུལ་སྐུ་མྱུར་འབྱོན་འགའ་ཞིག །ལེགས་བཤད་བདུད་རྩིའི་ཆུ་རྒྱུན། གསང་སྔགས་སྔ་འགྱུར་ལ་རྩོད་པ་སྤོང་བ་རྒོལ་ངན་དངོས་པོ་འཇོམས་པའི་རྩོད་ལན་རྡོ་རྗེ་ཕ་ལམ། ལུང་འདྲེན་རིན་ཆེན་གཏེར་མཛོད། ཛམ་ནག་གི་མངོན་རྟོགས་འདོད་དགུའི་ཆར་འབེབས། ཡེ་ཤེས་ཀྱི་ཕྱག་རྒྱ་མ་ལ་བསྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཚུལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། འདོན་ཆོས་སྤྱོད་ཀྱི་སྐོར་གྱི་དཔེ་ལྷག་བཅས་ཕི་ལིང་གི་རས་ཁྲའི་ཐུམ། ༼ཕ༽ ཕ་པ་ལ་སྐྱབས་མགོན་དམ་པའི་ཞབས་ཀྱི་པདྨོ་ལ་སྐལ་བཟང་གདུལ་བྱའི་ཚོགས་ཀྱིས་བསྟོད་བསྔགས་པདྨ་དཀར་པོའི་ཕྲེང་བ་བློ་གསལ་གཞོན་ནུའི་མགུལ་རྒྱན་བལ་རས་དཀར་ཁྲའི་ཐུམ་ཅན། ༼བ༽བ་པ་ལ་གསུང་མགུར་ལྷག་པོ་གླེགས་བམ་དང་པོ་རས་སྔོ་ཁྲའི་ཐུམ། ༼མ༽ མ་པ་ལ་གསུང་མགུར་ལྷག་པོ་གླེགས་བམ་གཉིས་པ་གོས་སྔོན་པོའི་ཐུམ། ༼ཙཾ༽ ཙ་པ་ལ་དབུས་གཙང་གི་གསུང་མགུར་ལྷག་པོ་གླེགས་བམ་གསུམ་པ་གོས་སྔོན་པོའི་ཐུམ་ཅན་བཞུགས་པ་བཅས།

p. 344

ཁྱོན་བསྡོམས་པའི་གསུང་འབུམ་པོ་ཏི་བཅུ་བཞི་དང་མགུར་མ་ལྷག་པོ་པོ་ཏི་གསུམ་བཅས་པོ་ཏི་བཅུ་བདུན་བཞུགས་སོ། །འདིར་སྨྲས་པ། རྒྱལ་ཀུན་བརྩེ་བའི་རང་གཟུགས་གྲུ་འཛིན་མགོན། །གངས་ཅན་འགྲོ་ལ་རྗེས་སུ་ཆགས་པ་ཡིས། །ཆུ་ཟླའི་གར་གྱི་གྲུབ་པའི་བརྟུལ་ཞུགས་ཅན། །སྐྱབས་མཆོག་དམ་པས་འབྲལ་མེད་བརྩེ་བས་སྐྱོངས། །གང་ཐུགས་ཟབ་ཡངས་ཆུ་གཏེར་ལས་འོངས་པའི། །བཀའ་འབུམ་བསམ་འཕེལ་དབང་གི་རྒྱལ་པོ་འདིས། །མཐའ་དག་གདུལ་བྱའི་རེ་བ་མ་ལུས་པ། །ཡོངས་སུ་སྐོང་བའི་བྱེད་པོ་འདི་ལས་གང་། །ཐུབ་གསུང་ཀུན་གྱི་སྙིང་པོ་གཅིག་བསྡུས་པ། །ལེགས་བཤད་ཀུན་གྱི་མཐར་ཐུག་འདི་རྣམས་ནི། །ཐོས་བསམ་སྒོམ་པའི་ཕན་ཡོན་སྨོས་ཅི་དགོས། །མཚན་ཙམ་ཐོས་པའང་བསྐལ་མང་བསོད་ནམས་འབྲས། །དེང་ནས་ཚེ་རབས་ཀུན་ཏུ་དལ་འབྱོར་གྱི། །རྟེན་བཟང་ཐོབ་ནས་ཐེག་མཆོག་དགེ་བའི་བཤེས། །སྐྱབས་མགོན་དམ་པའི་མགོན་གྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་བདག་རྒྱུད་གྲོལ་བར་ཤོག །ཇི་སྲིད་འགྲོ་ཁམས་གནས་པ་དེ་སྲིད་དུ། །བཀའ་འབུམ་རིན་ཆེན་

p. 345

དབང་གི་རྒྱལ་པོ་འདིས། །མཐའ་ཡས་ཕན་བདེའི་དཔལ་ཡོན་ཡོངས་སྦྱིན་པས། །ཆོས་ཀྱི་རྒྱལ་མཚན་བདག་གིས་འཛིན་པར་ཤོག །འདི་ལས་ཐོབ་པའི་ལེགས་བྱས་བསོད་ནམས་ཀྱིས། །བདག་དང་མ་རྒན་ལུས་ཅན་མཐའ་དག་ཀུན། །སྒྲིབ་གཉིས་བག་ཆགས་བཅས་པ་མྱུར་སྤངས་ནས། །དོན་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་པར་ཤོག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་རྒྱལ་མཚན་མཆོག །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ནས། །འཇིག་རྟེན་ཀུན་ཏུ་བདེ་ལེགས་དཔལ་འབྱོར་གྱི། །བཀྲ་ཤིས་ཆེན་པོས་ཡོངས་སུ་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སརྦ་མངྒ་ལཾ༎ ༎

འགྲོ་བའི་མགོན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་གི་གསུང་འབུམ་གྱི་བཞུགས་བྱང་མ་ཎིའི་ཕྲེང་བ།

p. 346
p. 347

༄༅། །འགྲོ་བའི་མགོན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་གི་བསུང་འབུམ་གྱི་བཞུགས་བྱང་མ་ཎིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

p. 348

རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ལེགས་གསུངས་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན་གཅིག་ཏུ་བསྡུས་རྣམས། སྐལ་བཟང་གདུལ་བྱ་ལ་ལེགས་པར་བསྩལ་པའི་བཀའ་འབུམ་མ་ཎིའི་ཕྲེང་གི་བཞུགས་བྱང་གསལ་བའི་མེ་ལོང་འགོད་དེ་ལ་པོད་ ཀ༽ སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ཐར་པ་རྒྱས་པར་བཤད་པ་སྐལ་བཟང་གདུལ་བྱ་ཐར་འདོད་རྣམས་ཀྱི་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་

p. 349

པོ་ལ་ལྡེབ། ༤༨༥ 1-970 བཅས། ༈ པོད་ ཁ༽ འགྲོ་མགོན་ཞབས་དཀར་བའི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་ཐོག་མཐའི་བར་དུ་དགེ་བ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ལ་ལྡེབ། ༣༤༥ 1-690 ༈ རྗེ་བཙུན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོའི་གསང་བའི་རྟོགས་བརྗོད་མནྡྷ་ར་བའི་ཕྲེང་བ་དེ་ཁོ་ན་ཉིད་སྣང་བ་འཕགས་མའི་ཞལ་ལུང་ལ་ལྡེབ། ༣༦ 691-762 གྲུབ་པའི་དབང་ཕྱུག་དམ་པ་དཔལ་ཆེན་ནམ་མཁའ་འཇིགས་མེད་མཆོག་གི་རྣམ་པར་ཐར་བ་སྙིང་

p. 350

བོར་དྲིལ་བ་སྐལ་བཟང་ཐར་པར་འཁྲིད་པའི་དེད་དཔོན་ལ་ལྡེབ། ༥༣ 763-868 བསྟན་འཛིན་ཉི་མ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཀྱི་མཛད་པ་ཅུང་ཟད་ཚིགས་སུ་བཅད་པ་ལ་ལྡེབ། ༥ 869-878 གྲུབ་དབང་པདྨ་རང་གྲོལ་རིན་པོ་ཆེའི་སྐུ་ཚེའི་སྟོད་ཀྱི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བའི་སྨད་ཆ་རིན་ཆེན་ཕྲེང་མཛེས་ལ་ལྡེབ། ༡༧ 879-912 བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ལ་ལྡེབ། ༩ 913-929 བཅས། ༈ པོད་ ག༽ བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམས་པའི་ཚེ་རང་གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་དགའ་སྟོན་འགྱེད་པ་རྣམས་ཀྱི་སྟོད་ཆ་ལ་ལྡེབ། ༣༤༥ 1-760 ཆོས་རྒྱལ་མཆོག་གི་ཞབས་པད་བསྟེན་དུས་རྩེ་གཞུང་སོགས་ངེས་མེད་དབེན་པར་བཞེངས་པའི་སྐོར། 9-195 མཚོ་སྙིང་མ་ཧཱ་དེ་བ་ནས་དམ་པ་ཉིད་ཀྱིས་ཉིད་ལ་གསལ་འདེབས་དགེ་བསྐུལ་གྱི་ཚུལ་དུ་བཞེངས་པའི་སྐོར། 195-420 མཚོ་སྙིང་མ་ཧཱ་དེ་བ་ནས་སྐལ་བཟང་གི་གདུལ་བྱ་རི་བའི་ཚོགས་ཀྱི་

p. 351

ཞུས་ལེན་ཞལ་གདམས་ཀྱི་སྐོར། 420-757 མཇུག་བྱང་། 757-759 བཅས། ༈ པོད་ ང༽ བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམས་པའི་ཚེ་རང་གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་དགའ་སྟོན་འགྱེད་པ་རྣམས་ཀྱི་བར་ཆ་ལ་ལྡེབ། ༣༠༤ 1-607 མཚོ་སྙིང་དབེན་པའི་དགའ་ཚལ་ནས་དད་ཅན་ཡོན་བདག་ཕོ་མོ་རྣམས་ལ་གདམས་པའི་སྐོར། 11-283 མཚོ་སྙིང་མ་ཧཱ་དེ་བ་ནས་ཡུལ་ཕྱོགས་གདུལ་བྱས་ཞུས་ལན་ཆབ་ཤོག་གི་སྐོར། 283-391 ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་རའི་གངས་རིའི་མགུལ་ནས་བཞེངས་པའི་སྐོར། 391-481 བྲག་དཀར་སྤྲེལ་རྫོང་དང་ཀྱ་ཕུག་པདྨ་རྫོང་དང་ཟྭ་ལུང་སོགས་ནས་བཞེངས་པའི་སྐོར། 481-538 དབེན་གནས་ཁྱད་འཕགས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ནས་བཞེངས་པའི་སྐོར། 538-607 བཅས། ༈ པོད་ ཅ༽ བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་ཕྱོགས་མེད་རི་ཁྲོད་འགྲིམས་པའི་ཚེ་རང་གཞན་ཆོས་ལ་བསྐུལ་ཕྱིར་གླུ་དབྱངས་དགའ་སྟོན་འགྱེད་པ་རྣམས་ཀྱི་སྨད་

p. 352

ཆ་ལ་ལྡེབ། ༢༠༡ 1-402 གནས་ཆེན་གངས་དཀར་གྱི་རྒྱལ་པོ་ཏེ་སེ་ནས་བཞེངས་པའི་སྐོར། 1-164 གངས་རི་ནས་ཕྱིར་ཕེབས་ཤིང་ཁྱུང་ལུང་དང་སྤུ་ཧྲེངས་སོགས་ས་ཆ་མང་བོ་བརྒྱུད་སྐབས་བཞེངས་པའི་སྐོར། 164-207 བལ་ཡུལ་མཆོད་རྟེན་རྣམ་གཉིས་ལ་མཇལ་དུ་ཕེབས་པའི་ལམ་སྐབས་དང་བཀའ་བརྒྱུད་གོང་མའི་གདན་ས་འབྲོག་ལ་ཕྱི་གངས་ཀྱི་ར་བ་ནས་བཞེངས་པའི་སྐོར། 207-232 དབུས་གཙང་སོགས་ནས་བཞེངས་པ་ཁ་ཐོར་སྣ་ཚོགས་པའི་སྐོར། 232-290 སྤྲིངས་ཡིག་ཀ་ལ་པིངྐའི་སྒྲ་དབྱངས། 290-294 ཉམས་མགུར་ཁུ་བྱུག་སྔོན་མོའི་སྐད་སྙན། 294-296 འདུན་མ་ལེགས་པའི་མགུར་དབྱངས་གདངས་སྙན་པི་ཝང་གླིང་བུ། 296-298 དམ་ཆོས་གསེར་འོད་དམ་པའི་རྔ་སྒྲ། 298-300 རྒྱལ་བ་ཡབ་སྲས་ལ་ཕུལ་བའི་ཞུ་ཤོག་རབ་དཀར་གོས་བཟང་། 300-304 སྐྱོ་མགུར་པི་ཝང་རྒྱུད་མང་། 304-307 མན་ངག་གསེར་གྱི་ཐུར་མ་། 307-311 ཞལ་གདམས་སྣ་ཚོགས། 311-389 དམ་པ་གང་གི་བཀའ་དྲིན་གྱིས་འཚོ་བའི་བན་ཆུང་སངས་རྒྱས་རིན་

p. 353

ཆེན་གྱིས་བྲིས་པའི་བསྟོད་ཚིག 389-398 སྤར་བྱང་སྨོན་ཚིག་ཁྱབ་གདལ་ཀློང་ཡངས་ཀྱི་མཛད་པ། 398-402 ༈ སྤྲིངས་ཡིག་ཀུན་དགའི་དཔལ་སྟེར་ངོ་མཚར་དཔྱིད་ཀྱི་རྒྱལ་མོའི་གླ་དབྱངས་ལ་ལྡེབ། ༤ 403-410 སྤྲིངས་ཡིག་རྣར་སྙན་ཡིད་འབབ་དྲི་ཟའི་བུ་མོའི་གླུ་དབྱངས་ལ་ལྡེབ། ༤ 411-418 སྙིང་གཏམ་དབྱངས་ཅན་པི་ཝང་ལ་ལྡེབ། ༤ 418-419 སྤྲིངས་ཡིག་བདེ་སྐྱིད་ཉི་མ་རང་འཆར་ལ་ལྡེབ། ༤ 419-425 དབུས་གཙང་ལ་སྤྲིངས་ཡིག་ཉི་མའི་འོད་ཟེར་ལ་ལྡེབ། ༥ 425-433 མངའ་རིས་ལ་སྤྲིངས་ཡིག་ཟླ་བའི་འོད་ཟེར་ལ་ལྡེབ། ༥ 433-441 རོང་མཚམས་ལ་སྤྲིངས་ཡིག་ནོར་བུའི་འོད་ཟེར་ལ་ལྡེབ། ༤ 441-448 སེམས་ལ་གང་ཤར་ཡི་གེར་བཀོད་པ་ལ་ལྡེབ། ༣ 448-452 ལོ་རྒྱུས་གསལ་བའི་སྒྲོན་མེ་ལ་ལྡེབ། ༢ 452-455 མི་རྟག་སྒྱུ་མའི་ཆོས་བཤད་ལ་ལྡེབ། ༣ 455-459 ཆབ་ཤོག་སྐོར་ལ་ལྡེབ། ༧ 459-472 སྤྲིངས་ཡིག་པི་ཝང་རྒྱུད་མང་ལ་ལྡེབ། ༦ 473-484 སྤྲིང་ཡིག་སྙན་

p. 354

པའི་བ་དན་དཀར་པོ་ལ་ལྡེབ། ༢ 484-488 སྔགས་མང་གི་བཅའ་ཡིག་ཆོས་ཀྱི་སྒོ་འབྱེད་ལ་ལྡེབ། ༡༧ 489-521 བཅའ་ཡིག་ཆོས་ཀྱི་སྒོ་འབྱེད་ལ་ལྡེབ། ༢ 521-524 སྙིང་གཏམ་རིན་ཆེན་ཕྲེང་བ་ལ་ལྡེབ། ༢ 525-527 སྐྱོན་གྱིས་མ་གོས་བླ་མར་གསོལ་བ་འདེབས་ལ་ལྡེབ། ༡ 528 ཞལ་གདམས། དཔལ་ལྡན་བླ་མའི་ཞབས་ལ་འདུད་སོགས་ལ་ལྡེབ། ༢ 528-530 དྲིན་ཅན་ཨ་མའི་ཕྱི་མའི་ལམ་ཡིག་ལ་ལྡེབ། ༧ 531-544 ཨ་མ་དྲན་པའི་མགུར་ལ་ལྡེབ། ༢ 544-547 རྗེ་བླ་མ་སངས་རྒྱས་སྤྱི་བོར་བཞུགས་སོགས་ལ་ལྡེབ། ༢ 547-550 མ་ཡི་དྲིན་བསབ་ལ་ལྡེབ། ༣ 550-555 བཅས། ༈ པོད་ ཆ གླེགས་བམ་དགུ་ལས། ངོ་མཚར་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༡༤༢、1-283 བཀའ་གདམས་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༢༢༨ 285-740 བཅས། ༈ པོད་ ཇ༽ སྤྲུལ་པའི་གླེགས་བམ་དགུ་ལས། རྒྱལ་སྲས་སྤྲུལ་པའི་གླེགས་ལ་ལྡེབ། ༡༦༥ 1-330 སྙིང་རྗེ་སྤྲུལ་པའི་གླེགས་ལ་ལྡེབ། ༦༩ 331-468

p. 355

ཡ་མཚན་སྤྲུལ་པའི་གླེགས་ལ་ལྡེབ། ༨༧ 469-642 བཅས། ༈ པོད་ ཉ༽ གླེགས་བམ་དགུ་ལས། རྨད་བྱུང་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༡༢༨ 1-256 འཇམ་དབྱངས་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༡༣༢ 257-519 བཅས། ༈ པོད་ ཏ༽ གླེགས་བམ་དགུ་ལས། དག་སྣང་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༡༥༣ 1-30š ཨོ་རྒྱན་སྤྲུལ་པའི་གླེགས་བམ་ལ་ལྡེབ། ༡༣༧ 307-579 བཅས། ༈ པོད་ ཐ༽ ཆོས་བཤད་གསུམ་ལས། ཆོས་བཤད་གཞན་ཕན་ཉི་མ་ལ་ལྡེབ། ༡༥༤ 1-308 ཆོས་བཤད་གཞན་ཕན་ཟླ་བ་ལ་ལྡེབ། ༡༧༢ 309-651 བཅས། ༈ པོད་ ད༽ ཆོས་བཤད་གསུམ་ལས། ཆོས་བཤད་གཞན་ཕན་ནོར་བུ་ལ་ལྡེབ། ༣༡༦ 1-631 བཅས། ༈ པོད་ ན༽ ལེགས་བཤད་གསུམ་ལ། ལེགས་བཤད་ཀུན་བཟང་མཆོད་སྤྲིན་ལ་ལྡེབ། ༡༥༧ 1-313 ལེགས་བཤད་ཉི་མ་རང་ཤར་ལ་ལྡེབ། ༡༣༠ 315-574 ལེགས་བཤད་བདུད་རྩིའི་ཆུ་རྒྱུན་ལ་ལྡེབ། ༢༠ 575-614

p. 356

བཅས། ༈ པོད་ པ༽ གདམས་ངག་གསུམ་ལས། མི་ཤེས་མུན་པ་མཐུག་པོ་སེལ་བའི་ལམ་རིམ་གསལ་བའི་སྒྲོན་མ་ལ་ལྡེབ། ༨༥ 1-169 རང་གཞན་ཐམས་ཅད་འཚེངས་པའི་གདམས་ངག་གསེར་གྱི་རི་བོ་ལ་ལྡེབ། ༨༡ 171-292 ལེགས་བཤད་གསེར་གྱི་ཐུར་མ་ལ་ལྡེབ། ༡༣ 293-317 ༈ ལྟ་བའི་མགུར་གསུམ་ལས། འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ལ་ལྡེབ། ༣༣ 319-384 འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་གཅིག་ཆར་འབྱེད་པའི་ལྡེའུ་མིག་ལ་ལྡེབ། ༣༣ 385-449 ཐོད་རྒལ་གནད་ཀྱི་ཞལ་ཤེས་མགུར་དབྱངས་བདུད་རྩིའི་བུམ་བཟང་ལ་ལྡེབ། ༨༥ 451-470 ༈ ཁྲིད་ཡིག་སྣ་ཚོགས་སྐོར་ལས། སེམས་འཁྲིད་ཡིད་བཞིན་ནོར་བུ་ལ་ལྡེབ། ༥ 471-479 སེམས་ཁྲིད་སྙིང་གི་ནོར་བུ་ལ་ལྡེབ། ༢ 479-482 གདམས་པ་གཅིག་ཤེས་ཀུན་གྲོལ་ལ་ལྡེབ། ༣ 482-486 རྫོགས་ཆེན་ཀུན་གྱི་ཡང་བཅུད་

p. 357

ཉམས་ལེན་ལམ་ཁྱེར་གདམས་པ་ལ་ལྡེབ། ༣ 486-489 ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་ལ་ལྡེབ། ༩ 491-507 རྒྱལ་བ་བློ་བཟང་དགྱེས་པའི་གླུ་དབྱངས་ལ་ལྡེབ། ༡༢ 509-581 རྡོར་སེམས་སྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཆོས་བཤད་དང་བཅས་པ་ལ་ལྡེབ། ༩ 533-550 བླ་མའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་ལ་ལྡེབ། ༩ 551-567 རྟེན་བཞེངས་བྱས་པའི་ཕན་ཡོན་ལ་ལྡེབ། ༡ 569 སྲོག་ཤིང་འབྲི་ཚུལ་མདོར་བསྡུས་ལ་ལྡེབ། ༡ 569-570 རྟེན་བཤད་ཀུན་འདུས་ནོར་བུ་ལ་ལྡེབ། ༣ 570-574 དུག་དོན་ལུང་དང་རིག་པའི་མདའ་མོ་ལ་ལྡེབ། ༩ 575-592 གྲངས་འདྲེན་མེ་ཏོག་ཕྲེང་བ་བློ་གསལ་གཞོན་ནུའི་མགུལ་རྒྱན་ལ་ལྡེབ། ༤༧ 593-685 བཅས། ༈ པོད་ ཕ༽ སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བཅུ་གཉིས་དང་མཐུན་པའི་རྣམ་ཐར་གསོལ་འདེབས་ནོར་བུའི་ཕྲེང་བ་ལ་ལྡེབ། ༣ 1-5 བོད་ཀྱི་རྒྱལ་པོ་པཎྜི་ཏ་གྲུབ་ཆེན་རག་རིམ་ཙམ་ཞིག་མགོ་སྨོས་ནས་བོད་དུ་སྔོན་བྱོན་དམ་པ་རྣམས་ལ་གསོལ་

p. 358

འདེབས་ལ་ལྡེབ། ༦ 7-18 བླ་མའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་ལ་ལྡེབ། ༣ 19-24 བླ་མའི་མཚན་དོན་དང་འབྲེལ་བའི་གསོལ་འདེབས་ལ་ལྡེབ། ༡ 25-26 གྲུབ་བའི་དབང་ཕྱུག་དཔལ་ཆེན་ནམ་མཁའ་འཇིག་མེད་རིན་པོ་ཆེའི་སྐྱེས་ཕྲེང་གསོལ་འདེབས་རིན་ཆེན་གསེར་གྱི་ཕྲེང་བ་ལ་ལྡེབ། ༣ 27-31 ཞབས་དཀར་བའི་སྐྱེ་རབས་ཉུང་འདུས་ལ་ལྡེབ། ༡ 33-34 བླ་མའི་རྣམ་ཐར་གསོལ་འདེབས་དད་པའི་སྒོ་འབྱེད་ལ་ལྡེབ། ༣ 35-40 བླ་མའི་རྣམ་ཐར་གསོལ་འདེབས་སྙིང་རྗེའི་སྒོ་འབྱེད་ལ་ལྡེབ། ༣ 41-46 བླ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལ་ལྡེབ། ༢ 47-49 བླ་མ་རྒྱང་འབོད་ལ་ལྡེབ། ༡ 51 སྔོན་འགྲོ་ཉུང་འདུས་ལ་ལྡེབ། ༡ 53-54 ན་མོ་གུ་རུ་མཉྫུ་གོ་ཥ་ཡ་སོགས་ཉམས་ལེན་གྱི་ལམ་རིམ་པ་ལ་ལྡེབ། ༡ 55-56 སྐྱབས་སེམས་གསོལ་འདེབས་དད་པའི་འཇུག་ངོགས་ལ་ལྡེབ། ༡ 57 རྡོར་སེམས་བསྒོམ་བཟླས་སྡིག་སྒྲིབ་འཁྲུ་བའི་ཆུ་རྒྱུན་ལ་ལྡེབ། 57 མཎྜལ་ཞིང་ཁམས་སྒོ་འབྱེད་ལ་ལྡེབ། ༡ 58 སྒྱུ་ལུས་འོད་སྐུར་གྲོལ་

p. 359

བའི་བླ་མའི་རྣལ་འབྱོར་ལ་ལྡེབ། ༢ 59-60 གར་བཞུགས་ཞིང་ནས་བླ་མ་ཚུར་བྱོན་སོགས་བླ་མའི་རྣལ་འབྱོར་ལ་ལྡེབ། ༡ 61-62 གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་དང་བླ་མའི་རྣལ་འབྱོར་བཅས་ལ་ལྡེབ། ༧ 63-76 རྗེ་བཙུན་འཇམ་དབྱངས་དམར་སེར་ལ་བསྟེན་པའི་བླ་མའི་རྣལ་འབྱོར་ལ་ལྡེབ། ༣ 77-82 ཨོ་རྒྱན་བླ་མའི་རྣལ་འབྱོར་ལ་ལྡེབ། ༤ 83-89 མདུན་གྱི་ནམ་མཁར་འཇའ་འོད་གུར་ཁང་ཀློང་སོགས་སྐུ་གསུམ་བླ་མའི་རྣལ་འབྱོར་ལ་ལྡེབ། ༢ 91-94 རྗེ་བཙུན་མི་ལ་ལ་བསྟེན་པའི་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ལ་ལྡེབ། ༣ 95-100 མྱུར་ལམ་བླ་མའི་རྣལ་འབྱོར་ལ་ལྡེབ། ༨ 101-107 བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་ལ་ལྡེབ། ༢ 109-111 བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་རྒྱུན་འཁྱེར་འཆི་མེད་ཚེ་ཡི་ཡང་སྙིང་ལ་ལྡེབ། ༦ 113-123 བྱང་སྒྲ་མི་སྙན་གྱི་ཚེ་སྒྲུབ་མདོར་བསྡུས་ལ་ལྡེབ། ༡ 125-126 བཀྲ་ཤིས་འཆི་མེད་དཔལ་སྟེར་ལ་ལྡེབ། ༡ 127-128 སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་

p. 360

ཞལ་མཐོང་གསུང་ཐོས་མ་ལ་ལྡེབ། ༡ 129-130 སྤྱན་རས་གཟིགས་ཀྱིས་སྒོམ་བཟླས་ཕན་བདེའི་འབྱུང་གནས་ལ་ལྡེབ། ༡ 131-132 སྨྱུང་གནས་ཆོ་ག་བདེ་གཤེགས་ལམ་བཟང་ལ་ལྡེབ། ༡༨ 133-168 སྨྱུང་གནས་ཆོ་ག་ཐར་པའི་ཐེམ་སྐས་ལ་ལྡེབ། ༥ 169-178 རྡོ་རྗེ་སེམས་དཔའི་ཁྲུས་ཀྱི་ཆོ་ག་བདུད་རྩིའི་བུམ་བཟང་ལ་ལྡེབ། ༨ 179-186 གཅོད་དམིགས་བདག་འཛིན་གཅོད་པའི་སྟ་རེ་ལ་ལྡེབ། ༡ 187-188 ཟབ་ལམ་གཅོད་ཀྱི་དམིགས་རིམ་ལ་ལྡེབ། ༣ 189-194 ཟབ་ལམ་གཅོད་ཀྱི་ངག་འདོན་བདག་འཛིན་གཅོད་པའི་སྟྭ་རེ་ལ་ལྡེབ། ༤ 195-202 གཅོད་དམིགས་བདག་འཛིན་རྩད་གཅོད་ལ་ལྡེབ། ༣ 203-208 ཕོ་བ་སྤྱི་གཙུག་འཇའ་གུར་མ་ལ་ལྡེབ། ༡ 209-210 ཚོགས་མཆོད་འདོད་དགུའི་ཆར་འབེབས་ལ་ལྡེབ། ༤ 211-217 ཚོགས་མཆོད་ཀུན་བཟང་མཆོད་སྤྲིན་ལ་ལྡེབ། ༦ 217-227 བསང་མཆོད་མདོར་བསྡུས་པ་ལ་ལྡེབ། ༡ 229-230 མནོལ་བསངས་མདོར་བསྡུས་ལ་ལྡེབ། ༡ 231-282 གཡང་འགུག་དབུལ་བ་ཀུན་

p. 361

སེལ་ལ་ལྡེབ། ༣ 233-237 ཛམ་ནག་གི་མངོན་རྟོགས་འདོད་དགུའི་ཆར་འབེབས་ལ་ལྡེབ། ༣ 239-244 བླ་མ་ཡིད་བཞིན་ནོར་བུ་སོགས་ལ་ལྡེབ། ༡ 245 གཏོར་བསྔོ་མདོར་བསྡུས་ལ་ལྡེབ། ༣ 247-252 གཏོར་མ་བརྒྱ་རྩ་བསྡུས་པ་ལ་ལྡེབ། ༤ 253-260 མཁའ་འགྲོ་མཆེད་ལྔའི་སེར་སྐྱེམས་དངོས་གྲུབ་ཆར་འབེབས་ལ་ལྡེབ། ༡ 261-262 ཤར་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་གྲགས་རྒྱ་མཚོའི་ཡང་སྤྲུལ་མྱུར་འབྱོན་ལ་ལྡེབ། ༡ 263- 264 རྒྱལ་བསྟན་འཛིན་མཁན་ཡོངས་ཀྱི་གཙུག་གི་རྒྱན་སོགས་མྱུར་འབྱོན་ལ་ལྡེབ། ༡ 264 རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་དང་སོགས་མྱུར་འབྱོན་ལ་ལྡེབ། ༡ 265 ཕན་བདེའི་འབྱུང་གནས་མདོ་རྒྱུད་རིན་པོ་ཆེ་སོགས་མྱུར་འབྱོན་ལ་ལྡེབ། ༡ 266 འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཡོངས་འཛིན་རྗེ་སོགས་མྱུར་འབྱོན་ལ་ལྡེབ། ༡ 266-267 སྤྲུལ་སྐུ་མྱུར་བྱོན་སྤྱི་འགྲོ་ལ་ལྡེབ། ༡ 267-268 ཆོས་སྤྱོད་སྨོན་ལམ་རིམ་པ་བདེ་སྐྱིད་ཉི་མ་རང་འཆར་ལ་ལྡེབ། ༨ 269-284 བླ་མ་རྡོ་རྗེ་སེམས་དཔར་གུས་ཕྱག་

p. 362

འཚལ་སོགས་སྨོན་ལམ་ལ་ལྡེབ། ༢ 285-288 སྨོན་ལམ་སངས་རྒྱས་ཞིང་ཁམས་གྲངས་མེད་ཀྱི་སྒོ་རྣམས་འབྱེད་པའི་ལྡེ་མིག་ལ་ལྡེབ། ༤ 289-296 རིགས་ལྔའི་ཞིང་སྦྱོང་སྨོན་ལམ་ལ་ལྡེབ། ༡༧ 297-310 སྨོན་ལམ་རིན་ཆེན་གསེར་གྱི་ཕྲེང་བ་ལ་ལྡེབ། ༢ 311-314 ཁ་ཏོན་བྱས་པའི་མཇུག་ཏུ་འདོན་རྒྱུའི་སྨོན་ལམ་ལ་ལྡེབ། ༡ 315-316 རྒྱལ་ཁམས་བདེ་ཞིང་སྐྱིད་པའི་གསོལ་འདེབས་ལ་ལྡེབ། ༡ 316 བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་སོགས་སྨོན་ལམ་ལ་ལྡེབ། ༡ 317 མར་མེའི་སྨོན་ལམ་ལ་ལྡེབ། ༡ 318 བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་སོགས་སྨོན་ལམ་ལ་ལྡེབ། ༡ 319-320 ཅི་བསམ་འགྲུབ་པའི་སྨོན་ལམ་ལ་ལྡེབ། ༡ 321 ཕུན་སུམ་ཚོགས་པའི་བཀྲ་ཤིས་ལ་ལྡེབ། ༡ 323-324 བཀྲ་ཤིས་རིན་ཆེན་ཕྲེང་བ་ལ་ལྡེབ། ༤ 325-332 ༈ དཀར་ཆག་གསལ་བའི་མེ་ལོང་ལས་སྐྱབས་མགོན་ཞབས་དཀར་པའི་གསུང་འབུམ་གྱི་ཐོ་ཡིག་སྔོན་དུ་གཡ་མ་བཀྲ་ཤིས་དཀྱིལ་དུ་བཞུགས་པའི་ཕྱག་དཔེའི་ཐོ་ལ་ལྡེབ། ༧ 333-345 འགྲོ་བའི་མགོན་པོ་ཞབས་

p. 363

དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་གྱི་བཞུགས་བྱང་མ་ཎིའི་ཕྲེང་བ་ལ་ལྡེབ། ༡༠ 347-369 ༈ རྒྱབ་ཆོས་སྐོར་ལ། གཏེར་སྟོན་ཀུན་བཟང་བདེ་ཆེན་རྒྱལ་པོའི་ཟག་གཏེར་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་ཆོས་སྐོར་ལས། རྟ་ཕག་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་རྒྱ་མཚོ་དང་། ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་ཏུ་བཀོད་པ་པུཎྜ་རཱི་ཀའི་དོ་ཤལ་ལ་ལྡེབ། ༢༣ 367-411 གཏེར་སྟོན་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱི་ཟབ་གཏེར་ཡང་བསང་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ཆོག་ཡེ་ཤེས་བདུད་རྩིའི་བུམ་བཟང་ལ་ལྡེབ། ༣༤ 413-480 བཅས་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ། ༈ ཡང་གསང་རྟ་ཕག་གི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ་ལྡེབ། ༡༤ 481-508 མགོན་དཀར་གྱི་སྒྲུབ་ཐབས་བླ་མ་མགོན་པོའི་ཞལ་ལུང་དངོས་གྲུབ་རོལ་མཚོ་ལ་ལྡེབ། ༩ 509-525 བཅས་དགུ་རོང་ང་སྣ་ཚོགས་རང་གྲོལ་གྱིས་མཛད་པ། ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་སྐོང་བཤགས་ཀྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ལ་ལྡེབ།

p. 364

༡༤ 527-553 དགུ་རོང་དགེ་འདུན་འཇིགས་མེད་རྣམ་གྲོལ་གྱི་གསུང་། རྟ་ཕག་ཡིད་བཞིན་ནོར་བུའི་ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་འོད་ལ་ལྡེབ། ༨ 555-570 ཉང་སྐྱེས་མཚམས་པའི་གསུང་། ཡང་གསང་རྟ་ཕག་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་འཁྱེར་བདེར་བཀོད་པ་སྒྲིབ་མུན་འཇོམས་པའི་ཉི་མ་ལ་ལྡེབ། ༢ 571-573 དགུ་རོང་སྣ་ཚོགས་རང་གྲོལ་གྱི་གསུང་། ཡང་གསང་རྟ་ཕག་ལས་ཆར་འབེབས་ཀྱི་ཆོ་ག་ཕན་བདེའི་དཔལ་སྦྱིན་ལ་ལྡེབ། ༡༡ 575-596 མཛད་བྱང་མེད། གཏེར་གསར་རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་ཡིག་ཉམས་ཆུང་ཡིད་ཀྱི་མུན་སེལ་ལ་ལྡེབ། ༧ 597-609 བྱ་བྲལ་སྐལ་ལྡན་རིག་གྲོལ་གིས་མཛད་པ། རྟ་ཕག་ཡིད་བཞིན་ནོར་བུའི་སྐྱེད་རྫོགས་ལ་ལྡེབ། ༢ 611-613 མཛད་བྱང་མེད། རྟ་ཕག་ཡིད་བཞིན་ནོར་བུ་ལས་རྩ་རླུང་སེངྒེའི་ཉམས་རྟོགས་བདེ་ཆེན་འོད་འབར་ལ་ལྡེབ། ༦ 615-625 གཏེར་སྟོན་བདེ་ཆེན་རྒྱལ་པོས་ཕབ་པའོ། ༈ རྫོགས་པ་ཆེན་པོ་མ་རིག་མུན་སེལ་གྱི་སྔོན་འགྲོའི་ཟུར་བརྒྱན་ལ་ལྡེབ། ༡༧ 627-659 མཛད་བྱང་མེད། གཏེར་གསར་རྫོགས་ཆེན་གྱི་ཁྲིད་རིམ་མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་ལ་

p. 365

ལྡེབ། ༡༠༡ 661-861 ༧་ཆོས་རྒྱལ་ངག་གི་དབང་པོས་མཛད་པ། བཅས་བཞུགས། ༈ །བཀའ་འབུམ་རིན་ཆེན་དབང་གི་རྒྱལ་པོ་འདིས། བདག་དང་མ་རྒན་ལུས་ཅན་མཐའ་དག་ཀུན། །སྒྲིབ་གཉིས་བག་ཆགས་བཅས་པ་མྱུར་སྤངས་ནས། །དོན་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་པར་ཤོག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་རྒྱལ་མཚན་མཆོག །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ནས། །འཇིག་རྟེན་ཀུན་ཏུ་བདེ་ལེགས་དཔལ་འབྱོར་གྱི། །བཀྲ་ཤིས་ཆེན་པོས་ཡོངས་སུ་ཁྱབ་གྱུར་ཅིག། །།

རྒྱབ་ཆོས་སྐོར། གཏེར་སྟོན་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱི་ཟབ་གཏེར་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་ཆོས་སྐོར།

རྟ་ཕག་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་རྒྱ་མཚོ་དང་། ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་ཏུ་བཀོད་པ་པུཎྜ་རཱི་ཀའི་དོ་ཤལ།

p. 366
p. 367

༄༅། །རྟ་ཕག་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་རྒྱ་མཚོ་དང་། ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་ཏུ་བཀོད་པ་པུཎྜ་རཱི་ཀའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།

p. 368

གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །དབྱེར་མེད་རྩ་གསུམ་གཅིག་འདུས་བླ་མ་རྗེ། །ཡོངས་གྲགས་འཇམ་གླིང་རྒྱན་གཅིག་ཞབས་དཀར་བ། །ཚོགས་དྲུག་རང་གྲོལ་ཞབས་ལ་གུས་བཏུད་དེ། །རྟ་ཕག་ལས་བྱང་དངོས་གྲུབ་རྒྱ་མཚོ་དང་། །ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་མར། །བསྡེབས་ལ་ཆོས་སྲུང་རྣམས་ཀྱིས་བཀའ་གནང་སྟེ། །གེགས་མེད་མྱུར་དུ་སྒྲུབ་པའི་གྲོགས་མཛོད་ཅིག །འདིར་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོའི་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ནས་སྤྱན་དྲངས་

p. 369

པའི་ཡང་གསང་རྟ་ཕག་གི་ལས་བྱང་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་ཚིག་ཉུང་ལ་དོན་འདུས་ཤིང་ཟབ་ལ་རྒྱུན་དུ་ཉམས་སུ་ལེན་པར་ཁྱེར་བདེ་བ་ཉིད་ལ་ཤིན་ཏུ་རྣམ་དཔྱོད་ལེགས་པའི་ལྷན་ཐབས་ཟུར་རྒྱན་སོགས་ཀྱི་དགོས་རྒྱུ་ཆུང་ཡང་། དེང་སང་དུས་དབང་གི་ཕལ་ཆེར་སྤྲོས་བཅས་ཁོ་ནར་མོས་པ་ཤས་ཆེ་སྟབས་སྤྲོས་མེད་གཏེར་ཚིག་ལས་ཅུང་ཟད་རྒྱས་པ་ཞིག་བྱུང་ན་ཚེས་བཅུའི་མཆོད་པ་སོགས་ཀྱི་སྐབས་གཞན་ངོར་མཛེས་ཤིང་དང་བ་འདྲོངས་པ་ཙམ་དུ་མ་ཟད། རང་རེ་ལྟ་བུའི་བློ་དམན་རྣམས་ལའང་ཚིག་གི་གསལ་འདེབས་རྒྱས་པ་རེ་བྱུང་ན་ཚིག་ཕྱིར་དུ་དོན་འབྲངས་པས་དམིགས་རིམ་སོགས་གང་ཅིར་བློ་ཆོད་ཆེ་བར་ཡོང་བ་ཆོས་ཉིད་དེ། གསང་སྔགས་ལུང་གི་སྒོ་བཞིར། དོན་དམ་གསལ་འདེབས་བརྗོད་པ་

p. 370

ཚིག་གི་སྒོ །ཞེས་གསུངས་པ་དང་མི་འགལ་བ་བྱས་ཏེ་བརྗོད་ཚིག་རྣམས་ཀྱང་རང་སྣང་གང་ཤར་གྱིས་ཕལ་ཚིག་གསར་རྩོམ་ལྟ་བུ་མ་ཡིན་པར་རིགས་མཐུན་གུ་རུ་རིན་པོ་ཆེའི་གསུང་གཏེར་ཁ་གོང་འོག་རྣམས་དང་། མཚན་ལྡན་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་གསུང་ཕྱོགས་ཕྱོགས་ནས་བསྡུས་ཏེ་གཏེར་གཞུང་གབ་དཀྲུགས་བསལ་བའི་ལས་བྱང་དངོས་གྲུབ་རྒྱ་མཚོ་དང་། ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་ཏུ་བཀོད་པ་ལ། ཐོག་མར་རང་གི་བླ་མའི་ཕྱག་བཞེས་ལྟར་བླ་མ་སྐུ་བཞིའི་གསོལ་འདེབས་བྱ། དེ་ནས་གཞུང་ལས་ཉན་ཐོས་ཀྱི་ཐེག་པ་དང་བསྟུན་ཏེ་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བསམ་པ། དེ་མི་རྟག་པའི་ཚུལ། དཀར་ནག་ལས་འབྲས་སྨིན་ཚུལ། འཁོར་བའི་སྡུག་བསྔལ། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བལྟ་བ་

p. 371

དང་བཅས་བསམས་ནས་གསུངས་པས། དེ་དག་གི་དོན་བསམ་པ་ལ་ཉམས་ལེན་དུ་ཁྱེར་བདེ་ཕྱིར་ཚིག་གི་གསལ་འདེབས་པར་སྤྲོ་ན་འདི་ལྟར་བྱ་སྟེ། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །དལ་འབྱོར་རྙེད་དཀའ་རྙེད་པ་ད་རེས་ཙམ། །རྙེད་ནས་དོན་ཆེའི་ཚུལ་བསམ་དོན་ཆུང་གིས། །འདིར་སྣང་ཆོས་བརྒྱད་བྱ་བྱེད་ཀུན་སྤངས་ནས། །དབེན་པར་དོན་ཆེན་བྱང་ཆུབ་ཅིས་མི་སྒྲུབ། །འཆི་

p. 372

ངེས་ནམ་འཆི་ཆ་མེད་འཆི་རྐྱེན་མང་། །འཚོ་བའི་ཐབས་ཉུང་རྒན་གཞོན་གོ་རིམ་མེད། །འཆི་དུས་ཆོས་མིན་ཅིས་ཀྱང་ཕན་ཐབས་བྲལ། །མྱུར་དུ་ཉམས་ལེན་བྱེད་པའི་དུས་ལ་བབས། །མངར་སྐྱར་ས་བོན་གང་བཏབ་འབྲས་སྨིན་ལྟར། །དཀར་ནག་ལས་འབྲས་འཆི་བའི་རྗེས་སུ་འབྲངས། །བདེ་སྡུག་འབྲས་བུ་མ་ནོར་སྨིན་ཚུལ་ལ། །ངེས་པ་རྙེད་ནས་སྡིག་སྤོངས་དགེ་ལ་འབད། །ཤི་ནས་རིགས་དྲུག་མཐོ་དམའ་གར་སྐྱེས་ཀྱང་། །བདེ་མེད་སྡུག་བསྔལ་རང་བཞིན་འདི་དག་ལ། །སྐྱོབས་ཕྱིར་སྙིང་ནས་མཆོག་གསུམ་སྐྱབས་འགྲོ་ཞིང་། །མ་ནོར་བསླབ་བྱ་ཉམས་པ་མེད་པར་བྱ། །འཇིགས་རུང་འཁོར་བ་མེ་འོབས་སྲིན་གླིང་ལྟར། །མཐོང་ནས་འཁོར་བའི་དཔལ་འབྱོར་ཕུན་ཚོགས་ལ། །མངོན་ཞེན་གཏིང་ལོག་ཐར་འདོད་ཤུགས་དྲག་བློས། །བསླབ་གསུམ་རྣམ་དག་རྩེ་གཅིག་སྒྲུབ་ལ་གཞོལ། །རང་ཉིད་ཡང་ཡང་དྲིན་གྱིས་བསྐྱངས་པའི་མ། །འགྲོ་ཀུན་སྡུག་བསྔལ་གསུམ་གྱིས་མནར་ཚུལ་ལ། །བསམས་ནས་འདི་དག་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་ཕྱིར་སངས་རྒྱས་གོ་འཕང་ཐོབ་པར་བྱ། །དེ་ཡི་ཆེད་དུ་ཡང་གསང་

p. 373

རྟ་ཕག་གི །སྒྲུབ་པ་ཟབ་མོ་ཉམས་སུ་བླང་བར་བགྱི། །དེ་ནས་གཞུང་ལས། དང་པོ་སྐྱབས་ཡུལ་འདི་ལྟར་བསྒོམ་ལ། རང་གི་མདུན་གྱི་ནམ་མཁའ་ལ༔ པདྨ་སྟོང་བརྩེགས་འཇའ་འོད་ཀྱི༔ དབུས་དང་ཕྱོགས་བཞིར་གྱེས་པའི་ཀློང་༔ དབུས་སུ་ཆོས་སྐུ་ཀུན་བཟང་ལ༔ དགོངས་བརྡ་སྙན་བརྒྱུད་བླ་རབས་བསྐོར༔ གཡས་སུ་རྫོགས་པའི་སངས་རྒྱས་ལ༔ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར༔ གཡོན་དུ་པདྨ་རྒྱལ་པོ་ཡི༔ གཡས་སུ་རྡོར་སེམས་ཡབ་ཡུམ་དང་༔ གཡོན་དུ་མུ་ཁྲི་བཙན་པོ་ལ༔ སྔགས་འཆང་གྲུབ་ཐོབ་རྒྱ་མཚོས་བསྐོར༔ མདུན་དུ་ཐུགས་རྗེ་ཆེན་པོ་ལ༔ ཡུམ་མཆོག་གསང་བ་ཡེ་ཤེས་འཁྲིལ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བསྐོར༔ རྒྱབ་ཏུ་ཐེག་ཆེན་མདོ་ལུང་ཆོས༔ གང་འདུལ་ཆོས་ཀྱི་སྒྲ་དབྱངས་སྒྲོགས༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་ལུས་སྤྲིན་ལྟར་གཏིབས་པར་གྱུར༔ བདག་དང་མཁའ་ཁྱབ་སེམས་ཅན་རྣམས༔ མི་བཟད་འཁོར་བའི་དུཿཁ་ལས༔ སྒྲོལ་ཕྱིར་བདག་གིས་སེམས་མཆོག་བསྐྱེད༔ སྐབས་འདིར་སྔོན་བསྐལ་མ་གཏོང་བ་གཞུང་ལ་མེད་ཀྱང་བླ་མའི་ཕྱག་

p. 374

རྒྱུན་ཡིན། དེ་ནས་སྐྱབས་འགྲོ་ནི། ན་མོ༔ སྐྱབས་ཡུལ་དཀོན་མཆོག་བདེ་གཤེགས་གསུམ༔ དངོས་གྲུབ་རྩོལ་མཛད་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྐྱབས་སུ་མཆིའོ་བྱིན་གྱིས་རློབས༔ ལན་གསུམ། གཉིས་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་བསྟུན་ཏེ་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཧོ༔ དབྱིངས་རིག་ངོ་བོ་མ་བཅོས་པའི༔ གཅིག་ཏུ་ཤར་བ་སྙིང་རྗེའི་ཡུལ༔ ཅིར་སྣང་མ་གྱུར་སངས་རྒྱས་ཞིང་༔ བྱང་ཆུབ་ལམ་ལ་སེམས་མཆོག་བསྐྱེད༔ ལན་གསུམ། གསུམ་པ་སྔགས་ནང་པ་དང་བསྟུན་ཏེ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་ཉིད་ཐ་མལ་གནས་པ་ལས༔ སྤྱི་བོར་པདྨ་ཟླ་བའི་སྟེང་༔ ཧཱུྃཿཡིག་དཀར་པོའི་འཕྲོ་འདུ་ལས༔ རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ལོངས་སྐུའི་རྒྱན་སྤྲས་ཡུམ་དང་སྦྱོར༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་སྔགས་ཕྲེང་བསྐོར༔ འོད་འཕྲོས་རང་གཞན་སྡིག་སྒྲིབ་སྦྱངས༔ སྡིག་ལྟུང་ཉེས་ཚོགས་དག་པར་གྱུར༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ་ནས། མ་ཧཱ་ས་མ་ཡ་སཏྭ་ཨཱཿ རྡོར་སེམས་འོད་ཞུ་རང་ལ་བསྟིམ༔ རང་ཉིད་རྡོ་རྗེ་སེམས་དཔར་གྱུར༔ རང་ལས་

p. 375

འོད་འཕྲོས་འགྲོ་ལ་ཕོག༔ འགྲོ་ཀུན་རྡོ་རྗེ་སེམས་དཔར་གྱུར༔ བཞི་པ་ཚོགས་བསགས་མཎྜལ་དང་བླ་མའི་རྣལ་འབྱོར་མོས་གུས་བྱིན་རླབས་ལ་བརྟེན་པ་མངོན་སུམ་དུ་བྱ་ཕྱིར་ཏིང་ངེ་འཛིན་གྱི་དབང་བླང་བ་ཞེས་དོན་གསུམ་པའི་དང་པོ་ཕྱི་ནང་གསང་གསུམ་གྱི་མཎྜལ་ནི། ཧཱུྃ༔ ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་རོལ༔ སརྦ་པཱུ་ཛ་རཏྣ་མཎྜལ་ཧཱུྃ༔ སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་རང་ལ་ཛཿཧཱུྃ་བཾ་ཧོཿ བླ་མའི་རྣལ་འབྱོར་ནི། རང་ཉིད་རྟ་ཕག་ཡབ་ཡུམ་སྐུ༔ མེ་ལོང་གཟུགས་བཞིན་གསལ་བ་ཡི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ འཇའ་འོད་གུར་ཁང་ཆེན་པོའི་ཀློང་༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད༔ དགྱེས་འཛུམ་འོད་ཟེར་འཕྲོ་བའི་སྐུ༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའི་མཐར༔ བརྒྱུད་པའི་བླ་མ་སྐར་ཚོགས་བཞིན༔ མངོན་སུམ་ལྟ་བུར་བཞུགས་པར་གསལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ ཨེ་མ་ཧོཿ སྐྱེ་མེད་ཀ་དག་ཆོས་དབྱིངས་ཞིང་ཁམས་སུ༔ ཐོག་མའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་

p. 376

བར་མཛོད༔ མདངས་རྩལ་མ་འགགས་སྐྱེ་མེད་ཀློང་ཡངས་ནས༔ ལོངས་སྐུའི་གཙོ་མཆོག་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་༴ དུར་ཁྲོད་སོ་ས་གླིང་གི་གནས་མཆོག་ཏུ༔ མཁའ་འགྲོའི་གཙོ་མཆོག་ལས་ཀྱི་དབང་མོ་ཆེར༔ གསོལ་བ༴ དྷ་ན་མི་དྷིའི་ཞིང་ཁམས་ཡངས་པ་རུ༔ སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར་ལ༔ གསོལ་བ༴ རྒྱ་ནག་རི་བོ་ཆེན་པོའི་ཤར་ཕྱོགས་སུ༔ མཁའ་འགྲོའི་གཙོ་མོ་ལབ་ཀྱི་སྒྲོན་མ་ལ༔ གསོལ་བ༴ མཆོད་རྟེན་བདེ་བྱེད་བརྩེགས་པའི་ཕོ་བྲང་དུ༔ ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ༴ གར་བཞུགས་དམ་གཙང་ཞིང་ཁམས་ཡངས་པ་རུ༔ ཡེ་ཤེས་མཚོ་རྒྱལ་ཨ་མ་ཀུན་སྟོབས་ལ༔ གསོལ་བ༴ སྦས་ཡུལ་པདྨ་བཀོད་ཀྱི་གནས་མཆོག་ཏུ༔ དྲེགས་པའི་མངའ་བདག་རིག་འཛིན་དཔལ་སེང་ལ༔ གསོལ་བ༴ གཞུ་སྟོད་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ཏུ༔ བཀའ་བབས་ལས་སད་བདེ་ཆེན་རྒྱལ་པོ་ལ༔ གསོལ་བ༴ བདེ་ཆེན་གླིང་མཆོག་རི་སྣ་དགོན་པ་རུ༔ གཏེར་སྟོན་དངོས་སློབ་ཨོ་རྒྱན་བསྟན་འཛིན་ལས། །གསོལ་བ༴ རྩེ་གཞུང་མཐའ་

p. 377

རྒྱས་ཕོ་བྲང་དཀར་པོ་རུ། །ཀརྨ་གུ་རུ་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བ༴ ཕྱོགས་མེད་དབེན་པའི་རི་ཁྲོད་དགའ་ཚལ་དུ། །སྐུ་བཞི་མངོན་གྱུར་ཚོགས་དྲུག་རང་གྲོལ་ལ། །གསོལ་བ༴ རིས་བྲལ་གར་བཞུགས་དག་པའི་ཞིང་མཆོག་ཏུ། །ཐུགས་སྲས་སྐྱབས་མགོན་པདྨ་རྒྱ་མཚོ་ལ། །གསོལ་བ༴ འོག་མིན་ཤུག་གསེབ་ཌཱ་ཀིའི་གྲོང་ཁྱེར་དུ། །མ་གཅིག་རིག་འཛིན་ཆོས་ཉིད་བཟང་མོ་ལ། །གསོལ་བ༴ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད། །ན་མོཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག༔ དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་བདེ་ཆེན་ཆོས་སྐུའི་ཀློང་༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་པའི་གསོལ་བཏབ་བླ་མ་ཡི༔

p. 378

གནས་གསུམ་འབྲུ་གསུམ་གནས་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་འགྱུར་བར་ཤོག༔ ཞེས་པ་ལྟར་ལ་དབང་བཞིའི་འགོར་མཆོག་གསུམ་རྩ་གསུམ་མ་གྲངས་གསོག་བྱ། དེ་ནས་གཞི་བགེགས་ལ་གཏོར་མ་བསྔོ་བ་ནི། དང་པོ་དཀར་གཏོར་ལ་ཆབ་ཀྱིས་བྲན་ཏེ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་བརླབས་ནས། སངས་རྒྱས་ཆོས་དང་དགེ་འདུན་རྐང་གཉིས་གཙོ༔ བདེན་གཉིས་དཀོན་མཆོག་རྩ་གསུམ་བཀའ་ལ་ཉོན༔ གླིང་བཞིར་མི་གནས་རྒྱ་མཚོ་མི་འཐུང་མེད༔ སྲོག་ལ་མི་འཇིགས་ལུས་ལ་མི་འཕང་མེད༔ ཁྲིམས་ལ་མི་འཇིགས་བདེན་པས་མི་དོར་མེད༔ ལྷ་སྲིན་སྡེ་བརྒྱད་འབྱུང་པོ་བཀའ་ལ་ཉོན༔ བཟང་ངན་ལས་ལ་ཕྲིན་ལས་བཅོལ་བའི་ཕྱིར༔ འདོད་ཡོན་ལྔ་ལྡན་

p. 379

རིན་ཆེན་གསེར་སྐྱེམས་འདི༔ སློབ་དཔོན་པདྨའི་བཀའ་དང་དམ་གནས་པའི༔ དཔལ་མགོན་བདུན་ཅུ་ཕྱི་ནང་སྡེ་བརྒྱད་དང་༔ སྡེ་དཔོན་སུམ་ཅུ་ཡང་འཁོར་སྤྲུལ་པ་འབུམ༔ སྔགས་བདག་བཅོ་བརྒྱད་བཀའ་ཡི་ལས་མཁན་བཅས༔ ཡུལ་གྱི་ཞིང་སྐྱོང་གནས་ཀྱི་མཁའ་འགྲོ་དང་༔ ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་རྒྱུ་སྐར་བརྒྱད༔ དབང་ཕྱུག་བརྒྱད་དང་ཕྱོགས་སྐྱོང་ཡང་འཁོར་བཅས༔ སྐྱེས་ལྷ་ཡུལ་ལྷ་དགྲ་ལྷ་ཟོ་དོར་ལྷ༔ ཁྱད་པར་བཀའ་སྲུང་གཏེར་སྲུང་དྲེགས་རྩལ་ཅན༔ ཡུལ་རིས་གཞི་བདག་དབེན་གནས་སྐྱོང་བའི་ལྷ༔ འདིར་གཤེགས་གསེར་སྐྱེམས་ཕུད་དང་གཏོར་མ་འབུལ༔ ཞི་རྒྱས་དབང་དྲག་ཕྲིན་ལས་གང་བཅོལ་ཀྱང་༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ བདག་གི་བསམ་པ་སྒྲུབ་ལ་རེ་བ་སྐོངས༔ དམག་ཇག་འཁྲུག་རྩོད་ནད་ཡམས་ཞི་བ་དང་༔ ཟབ་ཆོས་བསྟན་པ་རྒྱས་པའི་མཐུན་རྐྱེན་གྲོགས༔ ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པའི་དོན༔ སློབ་དཔོན་པདྨའི་བཀའ་ལས་མ་འདའ་བར༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དཀར་གཏོར་གཙང་སར་

p. 380

ཕུལ། དེ་ནས་བགེགས་གཏོར་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ༀ། སརྦ་བྷཱུ་ཏ་ཨ་ཀརྞ་ཡ་ཛཿས་མགྲོན་བཀུག་ལ། ཨོཾ་སརྦ་བིགྷན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤྭ་མུ་ཥེབྷྱ་སརྦ་ཏཏཁཾ་ཨུངྒ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྣནཾ་བ་ལིངྷ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ནས། ན་མོ༔ རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ ཡི་དམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི༴ ཁྱད་པར་དུ་ཡང་རྟ་ཕག་ཡིད་བཞིན་ནོར་བུའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་ལུས་ལྷར་བསྒོམ་པ། ངག་སྔགས་བཟླ་བ། སེམས་ཏིང་ངེ་འཛིན་བསྒོམ་པ་སོགས་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་

p. 381

འབྱུང་པོ་གདུག་པ་ཅན་ཐམས་ཅད་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། ཧྲཱིཿ ང་ནི་འཇིགས་བྱེད་ཁྲོ་བོའི་རྒྱལ༔ བར་གཅོད་བགེགས་ལ་གཏོར་མ་བསྔོ༔ ནམ་ཡང་འདའ་བར་མི་ནུས་པའི༔ རྡུལ་ཕྲན་བརླག་པར་གདོན་མི་འཚལ༔ ཨོཾ་པ་ཏེ་པ་ཏེ་ཧྱ་གྲྀ་ཝ་ཧཱུཾ༔ གནོད་བྱེད་གདོན་བགེགས་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་པས་བགེགས་བསྐྲད། དེ་ནས་སྲུང་འཁོར་བསྒོམ་པ་ནི། ཧཱུཾ ཡེ་ཤེས་འབར་བའི་རྒྱ་གྲམ་གུར༔ སྣང་སྟོང་མཚོན་ཆ་འོད་དུ་འཆར༔ སྟེང་འོག་བར་གཅོད་འབྱུང་པོ་ཀུན༔ སྲུང་བའི་འཁོར་ལོས་མཚམས་བཅད་དོ༔ རཀྵ་རཀྵ་ཧཱུཾཿ ཡན་ལག་བདུན་པ་ནི། བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་

p. 382

ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ བཤགས་ཡུལ་རང་ལ་བསྡུ་ཞིང་། ཛཿཧཱུྃ་བྃ་ཧོཿ བྱིན་འབེབ་པ་ནི༔ ཧཱུཾཿ ཆོས་དབྱིངས་ཕོ་བྲང་དམ་པ་ནས༔ དངོས་གྲུབ་ཀུན་འབྱུང་རྟ་མཆོག་དཔལ༔ རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ རྣལ་འབྱོར་སྒྲུབ་པོར་དབང་བསྐུར་སྩོལ༔ ཨོཾ་ཨཱཿཧཱུྃ་སིདྡྷི་ས་མ་ཡ་ཕེཾ་ཕེཾ་ཧཱུཾ་ཧཱུཾ༔ མཆོད་པ་བྱིན་བརླབ་པ་ནི༔ ཧཱུཾཿ འཇིག་རྟེན་དག་པའི་གཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་ཀུན་སྤྲུལ་ཏེ༔ ཐམས་ཅད་དག་པའི་བདུད་རྩི་ཆེ༔ རོ་བཅུད་མདངས་ལྡན་འོད་ཕུང་འཁྱིལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་རཀྟ་བ་ལིངྟ་ཛྭ་ལ་བ་ལིངྟ་བ་ལ་ཝ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཋཿ དངོས་གཞི་ལྷ་བསྐྱེད་པ་ནི༔ ༀ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ མ་བཅོས་ནམ་མཁའ་ལྟ་བུའི་ངང་༔ ཨཱཿ སྙིང་རྗེ་ཆེན་པོའི་འོད་ཀྱིས་ནི༔ འགྲོ་དྲུག་ཀུན་ལ་

p. 383

ཡོངས་སུ་ཁྱབ༔ ཧཱུཾཿ རྒྱུ་ལས་ཀུན་ཏུ་བསྐྱེད་བྱེད་པའི༔ གསལ་མདངས་ཧྲཱིཿཡིག་དམར་པོ་ཤར༔ ཧྲཱིཿལས་འོད་འཕྲོས་འབྱུང་བ་བཞི༔ ཨེ་ཡཾ་ར་སུཾ་ཀེམ་རཾ་ལས༔ ནམ་མཁའ་རླུང་མེ་ཆུ་སའི་སྟེང་༔ བྷཱུཾཿལས་ཡེ་ཤེས་ཕོ་བྲང་གསལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གྲུ་བཞི་སྒོ་བཞི་རྩིག་པ་ལྔ༔ རྟ་བབ་བཞི་ལྡན་འདོད་སྣམ་དང་༔ ཕ་གུ་དྲ་བ་དྲ་ཕྱེད་དང་༔ མདའ་ཡབ་ཕྱུར་བུར་ཏོག་གིས་མཛེས༔ ལྔ་ལྡན་འཇའ་མཚོན་ལུག་རྒྱུད་གཏིབས༔ དབུས་སུ་ཆོས་དབྱིངས་ཟླ་གམ་ཞིང་༔ ཕྱི་འཁོར་པད་ཕྲེང་དུར་ཁྲོད་དང་༔ རྡོ་རྭ་ཡེ་ཤེས་མེ་དཔུང་འབར༔ ལྟེ་བར་པདྨ་ཉི་ཟླའི་སྟེང་༔ ཧྲཱིཿལས་དབང་ཆེན་རྟ་མཆོག་ནི༔ སྐུ་མདོག་དམར་ལ་སྔོ་མདངས་འཚེར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་མོ་ཀྲུང་༔ ཁྲོ་འཛུམ་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དབུ་སྐྲ་གྱེན་གཡེང་ཐོད་སྐམ་བརྒྱན༔ སྤྱི་གཙུག་རྟ་གདོང་ཧཱུཾ་སྒྲ་ལྡིར༔ ཕྱག་གཡས་རྡོ་རྗེ་ཐོ་བ་དང་༔ གཡོན་པ་ཐོད་ཕྲག་ཕུར་བུ་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ པང་དུ་ཧྲཱིཿལས་གསང་བའི་ཡུམ༔ རྡོ་རྗེ་ཕག་མོ་སྔོ་

p. 384

དམར་མདངས༔ གཅེར་བུ་གཞོན་ཚུལ་ལང་ཚོ་རྒྱས༔ སྐྲ་གྲོལ་ཕྱག་རྒྱ་ལྔ་ཡིས་མཚན༔ ཆགས་པའི་སྤྱན་གསུམ་ཡབ་ལ་གཟིགས༔ ཤེལ་བུམ་གཏེར་སྒྲོམ་འཛིན་པས་འཁྱུད༔ ཞབས་གཉིས་ཡབ་འཁྱུད་མཉམ་པར་སྦྱོར༔ སྤྱི་གཙུག་ཕག་གདོང་ཕེམ་སྒྲ་སྒྲོགས༔ ཡབ་ཡུམ་མཉམ་པར་སྦྱོར་བ་ལས༔ སྲས་མཆོག་ཚུལ་དུ་ཧྲཱིཿཞིག་འཕྲོས༔ མདུན་དུ་སྐུ་སྟོད་རྟ་གདོང་དང་༔ སྐུ་སྨད་ཕུར་བུའི་དབལ་ཤམ་ཅན༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔ མ་ཚོགས་ཌཱཀྐི་བྲན་ལྟར་འདུ༔ ཕྱི་རོལ་དཔའ་བོ་གིང་ལངྐ༔ དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་ཡེ་ཤེས་རོལ་པའི་རྩལ༔ སྣང་སྟོང་མ་འགགས་ལྷང་ངེར་གསལ༔ གནས་གསུམ་ས་བོན་འོད་ཟེར་འཕྲོས༔ ཡེ་ཤེས་ཞིང་ཁམས་སོ་སོ་ནས༔ ལྷ་ཚོགས་འཁོར་བཅས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི། ཧཱུཾཿ རྔ་ཡབ་ཡུལ་གྱི་ནུབ་བྱང་ནས༔ དུས་གསུམ་རྒྱལ་ཀུན་འདུས་པའི་གཙོ༔ དབང་ཆེན་རྟ་མཆོག་གཤེགས་སུ་གསོལ༔ རྒྱ་གར་དུར་ཁྲོད་བསིལ་ཚལ་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་

p. 385

གསོལ༔ བཀའ་དང་དམ་ཚིག་གཉན་པོ་ནས༔ བཀའ་སྡོད་འཁོར་བཅས་གཤེགས་སུ་གསོལ༔ དུས་ལས་མི་འདའ་ལྷ་ཚོགས་རྣམས༔ ཐུགས་དམ་བརྩེར་དགོངས་གཤེགས་སུ་གསོལ༔ གུ་རུ་དེ་ཝཱ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛཿཛཿ བཞུགས་སུགསོལ་བ་ནི། ཧྲཱིཿ ལྷུན་གྲུབ་གསང་བའི་ཕོ་བྲང་འདིར༔ པདྨ་ཉི་ཟླའི་གདན་གྱི་སྟེང་༔ བླ་མ་ཡི་དམ་མཁའ་འགྲོ་བཅས༔ མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱགའཚལ་བ་ནི། ཧྲཱིཿ ཆོས་སྐུ་མི་འགྱུར་དབང་ཆེན་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་རྩལ༔ བདེ་སྟོང་ཡེ་ཤེས་སྤེལ་མཛད་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ མཆོད་ཚིག་ཅུང་ཟད་རྒྱས་པར་སྤྲོ་ན། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཕྱི་མཆོད་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ དངོས་བཤམས་ཡིད་སྤྲུལ་འདོད་ཡོན་གྱི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འབུལ༔ ཁྲག་ཞག་དབང་པོའི་མེ་ཏོག་དང་༔ བསུར་ཆེན་བདུག་སྤོས་ཞུན་ཆེན་མེ༔ རྡོ་རྗེ་དྲི་ཆུ་མཁྲིས་པའི་དྲི༔ དྲི་ཆེན་མཾ་ས་ཞལ་ཟས་

p. 386

མཆོག༔ རྐང་གླིང་ཐོད་རྔ་གླུ་གར་དབྱངས༔ རང་བྱུང་ལུས་ཀྱི་ནང་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ མཾ་ས་སྦྱར་བའི་རཀྟ་དང་༔ རྨད་བྱུང་བྷ་ལིང་གཏོར་མཆོད་འབུལ༔ གཉིས་མེད་སྙོམས་པར་འཇུག་པ་ཡི༔ བྱང་སེམས་མཁའ་གསང་བདེ་བའི་མཆོག༔ དུག་ལྔ་རང་གྲོལ་གསང་མཆོད་འབུལ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ ཀ་དག་ལྷུན་གྲུབ་ཆེན་པོར་བཞེས༔ བདེ་སྟོང་འགག་མེད་དངོས་གྲུབ་སྩོལ༔ བཛྲ་པུཥྤ་ནས་ཤཔྟ་མཧཱ་པཉྩ་རཀྟ་བྷ་ལིངྟ་སུ་ཁ་དྷརྨ་པཱུ་ཛ་ཧོ༔ ཞེས་མཆོད་ནས་སྨན་མཆོད་རྒྱས་པར་སྤྲོ་ན། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་ཕག་མོ་ལས་ཀྱི་དབང་མོ་ཆེ། །སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀཱ་ར་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །མཁའ་འགྲོ་ཆེན་མོ་ལབ་ཀྱི་སྒྲོལ་མ་དང་། །ཨོ་རྒྱན་མ་ཧཱ་གུ་རུ་པདྨ་འབྱུང་། །ཡེ་ཤེས་མཚོ་རྒྱལ་དཔལ་གྱི་སེངྒེ་ལ། སྨན་མཆོད༴ སརྦ༴ བཀའ་བབས་ལས་སད་བདེ་ཆེན་རྒྱལ་པོ་དང་། ཨོ་རྒྱན་བསྟན་འཛིན་ཆོས་རྒྱལ་ངག་གི་དབང་། སྐྱབས་མགོན་བླ་མ་ཞབས་

p. 387

དཀར་ཡབ་སྲས་ལ། སྨན་མཆོད༴ སརྦ༴ འདྲེན་མཆོག་མཚུངས་མེད་པདྨ་རྒྱ་མཚོ་དང་། མ་གཅིག་རིག་འཛིན་ཌཱ་ཀི་དྷརྨའི་མཚན། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། སྨན་མཆོད༴ སརྦ༴ མཆོག་ཐུན་དངོས་གྲུབ་སྩོལ་མཛད་ལྷག་པའི་ལྷ། བདེ་གཤེགས་ཀུན་འདུས་རྟ་ཕག་ཡབ་ཡུམ་སྲས། བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ལ། སྨན་མཆོད༴ སརྦ༴ མགོན་དཀར་ཡབ་ཡུམ་གསང་བ་སྡེ་བཞི་དང་། སྨན་མོ་ཤ་ཟ་རཱ་ཧུ་ལ་སོགས་པའི། བཀའ་སྲུང་གཏེར་སྲུང་དམ་ཅན་རྒྱ་མཚོ་ལ། སྨན་མཆོད༴ སརྦ༴ རྣམ་ཐོས་སྲས་དང་དབང་ཕྱུག་ཛམྦྷ་ལྷ། ཚོགས་བདག་གླང་སྣ་ཡུམ་མཆོག་གྲུལ་བུམ་དང་། ཕྱྭ་སྤེལ་ནོར་གཡང་གཏེར་བདག་ཐམས་ཅད་ལ། སྨན་མཆོད༴ སརྦ༴ རི་རྒྱལ་ལྷུན་པོའི་རྩེ་དང་དམྱལ་ཁམས་ཡན། ཆོས་ལྡན་དམ་ཚིག་ཅན་གྱི་ཡེ་ཤེས་ལྷ། གནས་གསུམ་དཔའ་བོ་ཌཱཀྐི་ངོས་སྲུང་ལ། སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་སྨན་མཆོད་ཕུལ་ནས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་ལྕེ་ཐོག་ཏུ་མྱངས། བསྟོད་པ་ནི།

p. 388

ཧྲཱིཿ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས༔ འགག་མེད་གཟུགས་སྐུའི་རོལ་པར་ཤར༔ བདེ་གཤེགས་ཀུན་འདུས་རྟ་མཆོག་དཔལ༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་བསྟོད༔ སྟོང་ཉིད་སྙིང་རྗེའི་བདག་ཉིད་མ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ འགྲོ་བ་རྣམས་ཀྱི་མགོན་གཅིག་མ༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ སྐུ་མདོག་དམར་ལ་སྔོ་མདངས་ནི༔ ཆོས་དབྱིངས་ཀུན་བཟང་དགོངས་པའི་བརྡ༔ རྟ་གདོང་ཧཱུཾ་སྒྲ་ལྡིར་བ་ནི༔ ལོག་འདྲེན་བར་ཆད་འདུལ་བའི་བརྡ༔ ཁྲོ་ཞལ་སྤྱན་གསུམ་གཟིགས་པ་ནི༔ མཐའ་བྲལ་འགྲོ་བ་འདྲེན་པའི་བརྡ༔ ཕྱག་གཡས་རྡོ་རྗེ་ཐོ་བ་ནི༔ དམ་སྲི་བགེགས་དཔུང་འཇོམ་པའི་བརྡ༔ ཕྱག་གཡོན་ཐོད་པ་ཕུར་བུ་ནི༔ ཟུང་འཇུག་བདེ་སྟོང་རོལ་པའི་བརྡ༔ ཐོད་སྐམ་ལྔ་ཡི་དབུ་བརྒྱན་ནི༔ རིགས་ལྔས་འགྲོ་དོན་མཛད་པའི་བརྡ༔ དུར་ཁྲོད་ཆས་བརྒྱད་རྫོགས་པ་ནི༔ སྣང་སྟོང་ཆ་ལུགས་རྫོགས་པའི་བརྡ༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུངནི༔ ཏིང་འཛིན་འགྱུར་མེད་རྡོ་རྗེའི་བརྡ༔ པང་ན་ཕག་མོ་སྦྱོར་བ་ནི༔ ཐབས་ཤེས་ཟུང་དུ་འཇུག་པའི་བརྡ༔ ཡབ་ཀྱི་མགུལ་ལ་འཁྱུད་པ་ནི༔

p. 389

ཡབ་ཡུམ་འདུ་འབྲལ་མེད་པའི་བརྡ༔ རྡོ་རྗེ་པདྨར་གཉིས་མེད་རོལ༔ དགའ་བཞི་བདེ་ཆེན་སྤྱོད་པའི་བརྡ༔ ཕྱག་གཡས་ཤེལ་བུམ་འཛིན་པ་ནི༔ ཚེ་ཡི་དངོས་གྲུབ་སྩོལ་བའི་བརྡ༔ ཕྱག་གཡོན་གཏེར་གྱི་སྒྲོམ་བུ་ནི༔ འགྲོ་ལ་དངོས་གྲུབ་སྩོལ་བའི་བརྡ༔ ཕག་གདོང་མཐིང་ཁས་ཕེམ་སྒྲ་སྒྲོགས༔ ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་བརྡ༔ དཀྱིལ་འཁོར་བཀྲམ་པར་བཞུགས་པ་ནི༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་བརྡ༔ རྟ་ཕག་སྐུ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཛ྄པ་བཟླས་ནི། ཧྲཱིཿ གཙོ་བོའི་ཐུགས་ཁར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧྲཱིཿཡིག་སྔོ་དམར་གྱི་མཐར་སྔགས་ཕྲེང་རྣམས་གཡས་སུ་འཁོར་ཏེ་གནས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྒྱལ་བ་རབ་འབྱམས་རྣམས་མཆོད་པས་མཉེས་ཏེ་བྱིན་རླབས་ནུས་རྩལ་ཐམས་ཅད་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་ཀྱི་རྣམ་པར་ཚུར་བསྡུས་ནས་རང་ལ་ཐིམ་པས་སྒྲིབ་པ་དག་ཚོགས་རྫོགས༔ དབང་བཞི་ཐོབ་ནས་འཇའ་ལུས་འོད་སྐུར་གྲོལ་

p. 390

བར་བསམ༔ ཡང་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ངོ་བོར་སངས་རྒྱས་ཏེ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འཇའ་འོད་ཐིག་ལེ་ལྷ་དང་གཞལ་ཡས་ཁང་༔ སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ༔ དྲན་རྟོག་ཐམས་ཅད་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ནས་ཛ྄པ་བཟླའོ༔ ཨོྃ་བཛྲ་ཀྲོ་དྷ་པ་ཏེ་པ་ཏེ་ཧཱུྃ་ཕཊ་༔ མཐར་ཡིག་བརྒྱ་དང་དབྱངས་གསལ་གྱི་ཤམ་བུར། རྟ་ཕག་ཡིད་བཞིན་ནོར་བུའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག་སྭཱ་ཧཱ། ཞེས་ལན་གསུམ་བཟླ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་དུང་ཕྱུར་ཐེར་འབུམ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྟ་ཕག་ཡིད་བཞིན་ནོར་བུའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཞི་བའི་ལས་དང་། རྒྱས་པའི༴ དབང་གི༴ དྲག་པོའི༴ ལས་གང་བརྩམ་པ་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་དང་། ཁྱད་པར་དུ་གྲུབ་པ་ཆེན་པོ་བརྒྱད་

p. 391

ཐོབ་པ་ལ་སོགས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སླར་ཡང་མཆོད་ཅིང་བསྟོད་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ལ༔ ཞེས་པ་ནས་སུ་ཁ་དྷརྨ་པཱུ་ཛ་ཧོཿ ཧྲཱིཿ ཆོས་སྐུ་མི༴ རྡོ་རྗེ་ཕག༴ བདེ་སྟོང་༴ རྩ་གསུམ་ལྷ་ལ་ཕྱག་འཚལ་བསྟོད༔ མཚམས་འདིར་བཀའ་གཏེར་སྲུང་མའི་གསོལ་མཆོད་སྤྱི་དང་། བྱེ་བྲག་མགོན་དཀར་ཡིད་བཞིན་ནོར་བུ། གསང་བ་སྡེ་བཞི་སོགས། རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། རྗེས་ཀྱི་ལས་རིམ་ཚོགས་བསང་སྦྱངས་བྱིན་རླབས་ནི། ཧྲཱིཿ རྟ་ཕག་ཡབ་ཡུམ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ ཨོཾ་ཨཱཿཧཱུཾ་འཕྲོས་བདུད་རྩིར་ཞུ༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱིཿ ལྷོ་ནུབ་དགའ་བ་ཚམ་གྱི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ གཉིས་མེད་ཡུམ་མཆོག་རྡོ་རྗེ་ཕག་མོ་ཉིད༔ བདེ་གཤེགས་སྤྱི་འདུས་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས༔ བྱིན་རླབས་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་༔ ཐུགས་རྗེ་བརྩེར་དགོངས་ཚོགས་ལ་རབ་གཤེགས་ནས༔ སྐལ་ལྡན་

p. 392

བདག་ལ་མཆོག་ཐུན་དངོས་གྲུབ་རྩོལ༔ ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནི་ཨེ་ཧྱ་ཧི་ཕེཾ་ཕེཾ་ཕེཾ༔ ས་མ་ཡ་སྟྭཾ༔ ཞེས་པས་སྤྱན་དྲངས་ལ། ཨརྒྷཾ་པཱདྱཾ་སོགས་ནས་ཤབྡས་ཉེར་སྤྱོད་དང་འདོད་ཡོན་ལྔས་སྤྱིར་མཆོད་ནས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧྲཱིཿ བླ་མ་ཡི་དམ་ལྷ་ཚོགས་ལ༔ འདོད་ཡོན་མ་སྤང་ཡེ་ཤེས་རྒྱན༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་ཐུན་དངོས་གྲུབ་རྩལ་དུ་གསོལ༔ གུ་རུ་དེ་ཝ་ཌཱཀྐི་ནི་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཚོགས་བར་པ་བཤགས་པ་ནི༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་དང་རྩ་བ་རྣམས༔ དམ་ཚིག་ཉམས་ཆག་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ ཡིག་བརྒྱ་འདོན་ཞིང་བཤགས་པ་ནི། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །མངོན་རྟོགས་སྤོང་ལེན་བགྱིས་པ༴ མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། ཁས་བླངས་དམ་ཚིག་ཉམས་པ༴ ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ གཏོར་མ་ལོ་ཟླར་འགྱངས་པ༴ དུས་གསུམ་ཕ་མ་རྣམས་ཀྱི༴ དྲིན་ལན་ལན་གྱིས་མ་འཁོར་མཐོལ༴

p. 393

མཆེད་དང་ལྕམ་དྲལ་རྣམས༴ དམ་ཚིག་བརྩེ་གདུང་ཆུང་བ༴ རིག་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ: སྙིང་རྗེ་ཕན་སེམས་ཆུང་བ༴ སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་བྱ་དང་། །རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱི། །དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །མཆོག་དང་ཐུན་མོང་དངོས་གྲུབ་རྩལ་དུ་གསོལ། །ཞེས་གནོང་འགྱོད་དྲག་པོས་བཤགས་ཤིང་ཐ་མ་བསྒྲལ་བ་ནི། ཚོགས་ཞབས་སམ། ཡང་ན་དམིགས་བྱའི་རཱུ་པ་བཅས་མདུན་དུ་བཀོད་དེ། ཨེ་ནྲྀ་ཏྲི་ཛཿ མདུན་དུ་གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་པ༔ གཏིང་དོག་ཁ་ཁྱེར་མཐོ་ཞིང་དུག་གསུམ་འཁྲིགས༔ ལས་བྱེད་ཕོ་ཉའི་བཤན་ར་ཆེན་པོའི་ནང་༔ ཞིང་བཅུའི་དགྲ་བགེགས་མ་ལུས་བཀུག་པར་གྱུར༔ ཧཱུཾ་མཛད་ཀྱི་ཕྱག་རྒྱས་འཆིངས་ལ། ན་མོཿ རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་

p. 394

ཞེས་པ་ནས། སེམས་ཏིང་ངེ་འཛིན་བསྒོམ་པ་སོགས་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གཟུང་འཛིན་རྣམ་རྟོག་དགྲ་བགེགས་འབྱུང་པོ་བསམ་སྦྱོར་ལོག་པར་ལྟ་བར་བྱེད་པའི་རྣམ་པར་ཤེས་པ་མཐོ་སྲིད་པའི་རྩེ་མོ་ནས་དམའ་འོག་གཞི་རླུང་གི་དཀྱིལ་འཁོར་ལ་ཐུག་གི་བར་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་སྲུང་བའི་གུར་ཁང་གང་ན་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་རང་དབང་མེད་པར་དམིགས་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་མཐར། ཆེ་གེ་མོ་ཨ་ཀཪྵ་ཡ་ཛཿཛཿ ཞེས་བདེན་སྟོབས་ལན་གསུམ་བརྗོད་ལ། ཧྲཱིཿ འཇིགས་བྱེད་རྟ་ཕག་ཁྲོ་བོའི་རྒྱལ༔ བཀའ་སྡོད་དམ་ཅན་ཕོ་ཉར་འགྱེད༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཀུན༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་སྡོམས༔ ལྕགས་སྒྲོག་དྲྭ་བའི་ནང་དུ་བཅུག༔ དྲིལ་བུས་མྱོས་ཤིང་ལྷ་དང་ཕྱེ༔ དབྱེར་མེད་བསྟིམས་ཏེ་མཐུན་བྲབ་པས༔ ཚེ་བསོད་བཀྲག་མདངས་ཉམས་པར་གྱུར༔ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་བཾ༔ བཛྲ་གྷནྜཻ་ཧོཿ པྲ་པེ་ཤ་ཡ་ཕཊཿ ཨ་བེ་ཤ་ཡ་ཨ༔ ཅེས་འགུགས་བཅིངས་སྡོམ་མྱོས་ཀྱི་ཕྱག་རྒྱ་བཅས་བཀུག་ལ་དགྲ་བགེགས་དངོས་སུ་བསམ་སྟེ།

p. 395

ཕུར་བུ་ལག་གཉིས་ཐལ་སྦྱར་གྱིས་བར་དུ་བཟུང་ནས་དམིགས་པ་དང་ལྡན་པས། ཧཱུཾ། ང་ནི་འཇིགས་བྱེད་ཁྲོ་བོའི་རྒྱལ༔ གཡས་པ་ཐབས་ཀྱི་རང་བཞིན་ཅན༔ རིགས་ལྔ་ཡབ་ལྔའི་ངོ་བོར་གསལ༔ གཡོན་པ་ཤེས་རབ་རང་བཞིན་ཅན༔ རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ༔ ཐབས་དང་ཤེས་རབ་སྦྱར་བ་ལས༔ དམར་ནག་ཧྲཱིཿལས་སྤྲུལ་པ་ཡི༔ སྲས་མཆོག་པདྨ་ཀཱི་ལ་ཡཱ༔ སྐུ་སྟོད་ཁྲོ་རྒྱལ་རྟ་མཆོག་ལ༔ སྐུ་སྨད་གནམ་ལྕགས་ཕུར་བུའི་ཚུལ༔ དུས་གསུམ་བདེ་གཤེགས་འདུས་པའི་སྐུ༔ ཁམས་གསུམ་སྒྲོལ་མཛད་ཀཱི་ལ་ཡཱ༔ དགྲ་བགེགས་དུག་ལྔ་དུག་གསུམ་དང་༔ ལས་ཉོན་བག་ཆགས་དྲི་མ་སྦྱངས༔ ཚེ་བསོད་བདག་གི་ཐུགས་ཀར་བྷཱུཾ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ ལྔ་ཕུང་ཐལ་བའི་རྡུལ་དུ་རློག༔ པདྨ་ཀྲོ་ཏ་ནྲྀ་ཏྲི་ཤ་ཏྲཾ་མཱ་ར་ཡ་རྦད༔ ཅེས་རྒྱས་པའམ་བསྡུ་ན། ཧྲཱིཿ འཇིགས་བྱེད་རྟ་ཕག་ཁྲོ་བོའི་རྒྱལ༔ བཀའ་སྡོད་དམ་ཅན་ཕོ་ཉར་འགྱེད༔ བདུད་དང་རུ་ཊ་ཀུན་སྒྲོལ་ཅིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ པདྨ་ཀྲོ་དྷ་ནྲྀ་ཏྲི་ཤ་ཏུཾ་མཱ་ར་ཡ་རྦད༔ མཐར་ཚེ་ཁྲུས་ཀྱི་དགོངས་པ་དང་བཅས་རཱུ་པ་

p. 396

དུམ་བུར་བཅད་པའི་སྙིགས་མའི་ཤ་ཁྲག་གི་ལོངས་སྤྱོད་རྣམས་རྡོ་རྗེ་བཟའ་བའི་དམ་ཚིག་ཏུ་སྤྱད་པས་ལྷ་ཚོགས་ཐམས་ཅད་ཚིམ་པར་མོས་ལ། ཧྲཱིཿ རྟ་ཕག་ལྷ་ཚོགས་ཞལ་ཕྱེ་ཞིག༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིར་བྱིན་རློབས་ནས༔ མཆོད་པ་འབུལ་ལོ་དགྱེས་པར་རོལ༔ མ་ཧཱ་མཾ་ས་རཀྟ་ཀེ་ནི་རི་ཏི་ཨ་མྲྀ་ཏ་ཁཱ་ཧི༔ ཞེས་སྨན་རཀ་སྦྲན་ལ་འབུལ། བསྒྲལ་ཐ་ནི་ལྷ་ཚོགས་ཐམས་ཅད་རང་རང་གི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་སྦྱོར་བས་དགའ་བ་བཞིས་རོས་ཚིམ་པར་བལྟས་ལ་ཐུགས་དམ་བསྐང་བ་ནི། ཧྲཱིཿ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ། །ཟབ་དང་རྒྱ་ཆེ་དམ་ཆོས་འདུས་པའི་གསུང་། །འཕགས་ཚོགས་དགེ་འདུན་ཀུན་གྱི་རྒྱན་གཅིག་པོ། །བརྒྱུད་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །རྒྱལ་བའི་རྒྱལ་ཚབ་ཆེ་བའི་ཡོན་ཏན་རྫོགས། །སྐྱེ་འཆི་མཚན་མ་བྲལ་བ་རྡོ་རྗེའི་སྐུ། །འཁོར་འདས་ཀུན་གྱི་མགོན་པོ་པདྨ་སྐྱེས། །ཨོ་རྒྱན་མ་ཧཱ་གུ་རུའི་ཐུགས༴ ཐོད་ཕྲེང་རིགས་ལྔ་སྤྲུལ་པའི་མཚན་བརྒྱད་དང་། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད། །དབང་ལུང་མན་ངག་ཟབ་ཁྲིད་བརྒྱུད་པར་བཅས། །དགུ་ལྡན་བརྒྱུད་པ་བླ་མའི་ཐུགས༴ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་

p. 397

རྩལ། །བདུད་འདུལ་པདྨ་དྲག་པོ་གྲོ་བོ་ལོད། །ཡཀྵ་མེ་དབལ་གཤིན་རྗེ་རྟ་མགྲིན་རྒྱལ། །གསང་བདག་ཡང་སྤྲུལ་ཚོགས་ཀྱི་ཐུགས༴ འཇམ་དཔལ་པདྨ་ཡང་དག་བདུད་རྩི་ལྷ། །ཕུར་པ་མ་མོ་རིག་འཛིན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཀྱིལ་འཁོར་ལྷ་ཡི་ཚོགས། །སྒྲུབ་པ་ཆེན་པོ་སྡེ་དགུའི་ཐུགས༴ ཁྱད་པར་དུས་གསུམ་རྒྱལ་ཀུན་འདུས་པའི་གཙོ། །ཆེ་བའི་ཆེ་མཆོག་དབང་ཆེན་རྟ་མཆོག་དཔལ། །གསང་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་སོགས། །ཡིད་བཞིན་ནོར་བུའི་ལྷ་ཚོགས༴ ཡེ་ཤེས་ཌཱཀྐིའི་གཙོ་མོ་གསང་ཡེ་གར། །འགྲོ་ཀུན་ཐུགས་རྗེས་འཚོ་བ་རྒྱལ་བའི་ཡུམ། ཁྲོས་མ་ནག་མོ་བདུད་འདུལ་སེངྒེ་གདོང་། །མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཐུགས༴ ལེགས་ལྡན་ནག་པོ་མགོན་པོ་སྡེ་ལྔ་དང་། །ཕྱག་བཞི་བདུད་མགོན་སྨན་བཙུན་ཉི་ཟླའི་ཕྲེང་། །ཀུན་དགའ་གཞོན་ནུ་གནོད་སྦྱིན་དམར་ནག་སོགས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱི་ཐུགས༴ མ་མོ་མུ་ཁ་ལེ་ཀ་ཙ་ཏི་དང་། །འདོད་ཁམས་དབང་མོ་ཤ་ཟ་ཁ་མོ་ཆེ། །ཙིཏྟ་དུག་འཐུང་ཚེ་རིང་མཆེད་ལྔ་སོགས། །མོ་

p. 398

རྒྱུད་སྲུང་མ་རྒྱ་མཚོའི་ཐུགས། ཁྱབ་འཇུག་ཆེན་པོ་བཛྲ་ཐིག་ལེ་རྩལ། །འབར་བ་སྤུན་བདུན་གནོད་སྦྱིན་རྩིའུ་དམར་བ། །བདུད་བཙན་ཀླུ་གསུམ་ལྷ་བདུད་བཙན་ཀླུ་བདུད། །ཕུར་སྲུང་དམ་ཅན་རྒྱ་མཚོའི་ཐུགས༴ རྣམ་མང་ཐོས་སྲས་འཛམ་ལྷ་དམར་པོ་དང་། །རིག་བྱེད་ལྷ་མོ་ལྷ་ཆེན་མ་ཧཱ་དྷེབ། །ཚོགས་ཀྱི་བདག་པོ་གཏེར་བདག་མཆེད་བརྒྱད་སོགས། །ནོར་ལྷ་དབང་མཛད་རྣམས་ཀྱི་ཐུགས༴ ཨོ་རྒྱན་ཆེན་པོའི་བཀའ་ཡི་གཉེར་བསྐོས་པའི། །ཚུལ་བཞིན་སྒྲུབ་པ་མཛད་པའི་གྲོགས་མཛད་པའི། །ཟབ་མོ་གཏེར་གྱི་བསྟན་པ་སྲུང་བ་ཡི། །དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས༴ ཚེ་རབས་ལན་ཆགས་ཤ་འཁོན་གཉེར་བའི་རིགས། ཁམས་གསུམ་རིགས་དྲུག་གློ་བུར་ལྷགས་པའི་མགྲོན། །ས་ཆུ་མེ་རླུང་འབྱུང་བ་ཁམས་ལྔའི་བདག །འཁོར་འདས་རོ་གཅིག་གདོད་ནས་དག་པར་བསྐང་། །ཀུན་ཀྱང་མཉམ་ཉིད་རོལ་པ་ཆེན་པོ་ལ། །བསྐང་དང་བཤགས་བྱའི་ངོ་བོ་མི་དམིགས་ཀྱང་། །མ་རྟོགས་གཉིས་སྣང་འཁྲུལ་པ་འཛད་པའི་ཕྱིར། །ཡེ་གྲོལ་ཁྱབ་བརྡལ་ཀློང་ཡངས་ཆེན་པོར་བཤགས། ཧཱུཾ། བཀའ་གསང་རྨད་

p. 399

དུ་བྱུང་བའི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་ཡོངས་རྫོགས་ལ། །རང་བྱུང་ཆོས་ཀྱི་དབྱིངས་ཀྱི་ཀོང་བུ་རུ། །རིག་པ་ཡེ་ཤེས་མར་མེ་གཏམས་ཏེ་འབུལ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །དུག་ལྔ་ཡེ་ཤེས་ལྔ་རྫོགས་མཆོད་པ་འབུལ། །གཏོར་གཞོང་རྣམ་དག་དཔལ་གྱི་གཏོར་མས་གཏམས། །འདོད་ཡོན་ཡོངས་སུ་རྫོགས་པའི་མཆོད་པ་འབུལ། །ཁམས་གསུམ་འཁོར་བ་ཡོངས་སྒྲོལ་མཁའ་ཀློང་དུ། །ཆགས་མེད་རཀྟ་དམར་གྱི་དགྱེས་མཆོད་འབུལ། །ཨ་ལ་ལ་སྟེ་དགྱེས་པར་བཞེས་སུ་གསོལ། །ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་དག་གྱུར་ཅིག །ཧ་ཧོ་ཧྲཱིཿ རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་རཀ་གཏོར་མ་ཤ་ལྔ་བདུད་རྩི་ལྔ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་སོགས། །སོ་སོར་དགྱེས་པ་ཇི་རྙེད་མཆོད་པའི་ཚོགས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་བརླབས་འདིས། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་གྱུར་ཅིག །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ཅིག །མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་གྱུར་

p. 400

ཅིག །ཆོས་སྲུང་གཏེར་བདག་ཐུགས་དམ་བསྐང་གྱུར་ཅིག །ཧཱུཾ་ཧྲཱིཿ སྐུ་ཡི་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ དུས་གསུམ་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང་༔ གསུང་གི་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས༴ ཐུགས་ཀྱི་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ མ་མོ་མཁའ་འགྲོའི་ཚོགས་ཀྱི༴ ཡོན་ཏན་དམ་ཚིག་ཉམས་པ༴ མཆེད་དང་ལྕམ་དྲལ་རྣམས་ཀྱི་ཐུགས༴ ཕྲིན་ལས་དམ་ཚིག་ཉམས་པ༴ བཀའ་སྲུང་དམ་ཅན་རྒྱ་མཚོའི༴ དམ་ཚིག་ཉམས་ཆག་འགལ་འཁྲུལ་གསོ་བའི་ཕྱིར༔ འཁོར་འདས་གཉིས་མེད་ཆེན་པོར༴ མི་སྤང་བླང་བྱའི་དམ་ཚིག་གསོ༴ བླང་དོར་གཉིས་སུ་མེད་པའི་ཐུགས༴ དང་དུ་བླང་བའི་དམ་ཚིག་གསོ༴ དམ་རྫས་བདུད་རྩི་ལྔ་ཡི༴ སྤྱད་པར་བྱ་བའི་དམ་ཚིག་གསོ༴ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས༴ ཤེས་པར་བྱ་བའི་དམ་ཚིག་གསོ༴ ཕུང་པོ་ཞིང་སྒྲོལ་འདི་ཡི༴ བསྒྲུབ་པར་བྱ་བའི་དམ་ཚིག་གསོ༴ རིགས་ལྔ་རྣམ་པར་དག་པའི༴ ཉིང་ལག་ཉེ་བའི་དམ་ཚིག་གསོ༴ གདོད་ནས་ཡང་དག་ཆེན་པོའི༴ སྐུ་ཡི་དམ་ཚིག་ཉམས་པ་སོར་ཆུད་

p. 401

ནས༔ སྐུ་ཡི་དངོས་གྲུབ་ལུས་ལ་སྩལ་དུ་གསོལ༔ གསུང་གི་དམ་ཚིག་ཉམས་པ་སོར་ཆུད་ནས༔ གསུང་གི་དངོས་གྲུབ་ངག་ལ་སྩལ་དུ་གསོལ༔ ཐུགས་ཀྱི་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཐུགས་ཀྱི་དངོས་གྲུབ་སེམས་ལ་སྩལ་དུ་གསོལ༔ ཡོན་ཏན་དམ་ཚིག་ཉམས་པ་སོར་ཆུད་ནས༔ ཡོན་ཏན་དངོས་གྲུབ་དབང་པོ་ལྔ་ལ་སྩོལ༔ ཕྲིན་ལས་དམ་ཚིག་ཉམས་པ་སོར་ཆུད་ནས༔ འཕྲིན་ལས་དངོས་གྲུབ་ཐོགས་མེད་རླུང་ལ་སྩོལ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་སོར་ཆུད་ནས༔ དངོས་གྲུབ་མ་ལུས་མྱུར་དུ་སྩལ་དུ་གསོལ༔ དེནས་གཙང་ལྷག་གཅིག་བཅད་ལ་སྣོད་གཅིག་ཏུ་བཞག་སྟེ་ཚོགས་རྫས་སློབ་དཔོན་ལ་བརྡ་ཡིས་འབུལ་བ་ནི། བཟའ་བ་གཡས་དང་བཏུང་བ་གཡོན་དུ་ཐོགས་ཏེ། ཧོཿ དྲིས་ཤིང་བརྟགས་ན་ཆོས་རྣམས་ལ༔ རང་བཞིན་རྙེད་པ་མ་ལགས་པས༔ བྲམ་ཟེ་གདོལ་པ་ཁྱི་དང་ཕག༔ རང་བཞིན་གཅིག་པ་ཉིད་དུ་རོལ༔ ཨ་ལ་ལ་ཧོཿ ཞེས་ཕུལ་བས་སློབ་དཔོན་གྱིས་པད་སྐོར་སྔོན་དུ་འགྲོ་བས་རྩེ་གསུམ་གྱི་ཕྱག་རྒྱས་བླངས་ཏེ་སློབ་དཔོན་གྱིས་བྱང་དྲངས་པའི་རིག་པ་འཛིན་པ་རྣམས་ཀྱིས་མགྲིན་གཅིག་ཏུ། རིན་ཐང་མེད་ཆོས་ལེགས་པར་འོང་༔

p. 402

འདོད་ཆགས་ལ་སོགས་དྲི་མ་སྤངས༔ གཟུང་དང་འཛིན་པ་ལས་གྲོལ་བ༔ དེ་ཉིད་འབུལ་བ་ངོ་མཚར་ཆེ༔ ཨ་ཧོ༔ མ་ཧཱ་སུ་ཁཾ༔ ཞེས་བླངས་ཏེ་རོལ། དེ་ནས་སྒྲུབ་པ་པོ་ཐམས་ཅད་ལ་བཟའ་བ་གཡས་བསྐོར་དང་བཏུང་བ་གཡོན་བསྐོར་དུ་འབུལ་ཞིང་ཚོགས་རྫས་ལོངས་སྤྱད་པའི་དྭངས་མས་ལུས་དཀྱིལ་གྱི་རྣམས་ཚིམ་པར་བསམ་ལ་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱད། འཁོར་གསུམ་མི་དམིགས་པའི་ངང་ནས་སྨོན་ལམ་གདབ་པ་ནི། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར༔ མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས༔ ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང་༔ འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག༔ ཅེས་སྨོན་ལམ་གདབ། དེ་ནས་ཚོགས་ལྷག་བསྡུས་གཙང་ཕུད་དང་བསྲེས་ལ་སློབ་དཔོན་གྱིས་དམ་ཚིག་གི་བཕྲུ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བལྟས་ལ། ཕེཾཿ ལྷག་སྡུད་ཀྱི་ཕོ་ཉ་རྣམས་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཛཿ ཞེས་སྤྱུགས་པའི་སྒྲ་དྲག་པོས་སྤྱན་དྲངས། མེ་ཏོག་པཱུཥྤེ། རྡཱུ་པེ་ལ་སོགས་པས་མཆོད་ནས། ཧྲཱིཿ དབང་ཆེན་རྟ་ཕག་དཀྱིལ་འཁོར་དུ༔ མུ་རན་སྐྱོང་ཞིང་བྱ་ར་བྱེད༔ ཐམས་ཅད་འདིར་བྱོན་ལྷག་གཏོར་བཞེས༔

p. 403

བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ ཞེས་བསྔོས་ཏེ་མཁའ་ལྡིང་གི་ཕྱག་རྒྱས་བཏེགས་ནས་གོམ་པ་བདུན་ཅུའི་སར་བསྐྱལ་ལ། མ་གྲུབ་ན་ཁང་ཐོག་སོགས་གཙང་པར་དོར། འདིར་བཀའ་སྲུང་གི་གཏོར་མ་འབུལ་འོས་རྣམས་ཁང་ཐོག་སོགས་གཙང་སར་ཕུལ་ལ་ཕྲིན་ལས་བཅོལ། དེ་ནས་མཆོག་ཏུ་གུས་པས་གདུང་ཤུགས་དྲག་པོས་ཐུགས་དམ་བསྐུལ་བ་ནི། ཧཱུྃ་ཧྲཱིཿཕཊཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ མཁའ་མཉམ་རྒྱལ་བ་ཐུགས་རྗེ་ཅན༔ དུས་གསུམ་སངས་རྒྱས་ཀུན་གྱི་གཙོ༔ བདེ་གཤེགས་དབང་ཆེན་ཡབ་ཡུམ་དང་༔ བཀའ་སྡོད་སྤྲུལ་པ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཕྱི་ཡི་སྣང་བ་དབང་དུ་བསྡུས༔ ནང་གི་རྩ་རླུང་ཐིག་ལེ་བསྐྱེད༔ གསང་བ་རིག་རྩལ་ཉམས་རྟོགས་སྤོར༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་རྩོལ་༔ ཞེས་བསྐུལ་ཏེ་ཐ་ཚིག་ཆད་ཐོ་སྒྲོགས་པ་ནི། གཏོར་མ་སྨན་རཀ་གིས་སྦྲན་ཏེ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་སྤེལ་བའམ་ཡང་ན། གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་སོང་སྙམ་པའི་མོས་པ་དང་བཅས། ཧྲཱིཿ༔ སྔོནཚོ་གོངནས་བསྐལ་པའི་བར༔ ཀུན་བཟང་

p. 404

ཡབ་ཡུམ་པདྨ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་དཔལ་གྱི་སེང་༔ རིམ་གྱིས་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ མཁའ་འགྲོ་གིང་ལང་ཤུགས་འགྲོའི་ཚོགས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་སྐྱོངས་དགྲ་བགེགས་སྒྲོལ༔ རྣལ་འབྱོར་ཚེ་བསྲིངས་བར་གཅོད་བཟློག༔ ཤ་ཕྲག་དམར་གྱི་གཏོར་མ་བཞེས༔ ཁས་བླངས་དམ་བཅས་ཕྲིན་ལས་མཛོད༔ ཧྲཱིཿ དེ་འོག་བསྐལ་པ་ཡང་མཐའི་དུས༔ ཌཱཀྐིའི་ཚོགས་ཁང་གཏེར་སྒྲོམ་དུ༔ སྐལ་ལྡན་བདེ་ཆེན་རྒྱལ་པོ་ཡིས༔ རྟ་ཕག་དཀྱིལ་འཁོར་ཞལ་ཕྱེ་ཚེ༔ ལྷ་མགོན་སྨན་མོ་གསང་བ་དང་༔ ཤ་ཟ་རཱ་ཧུའི་ཚོགས་བཅས་ཀྱིས༔ སོ་སོའི༴ བཀའ་ཡི༴ སངས་རྒྱས༴ རྣལ་འབྱོར༴ ཤ་ཕྲག༴ ཁས་བླངས་དམ་བཅས་ཕྲིན་ལས་མཛོད༔ བསྟན་སྐྱོངས་ནི། སྨན་རཀ་སྦྲན་ཏེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ཤིང་མང་པོར་སྤེལ་ལ། བྷྱོཿ བསྟན་སྐྱོང་མ་ལུས་འཁོར་དང་བཅས༔ འཇའ་ཚོན་ཆར་བསིལ་སྒྲ་དང་བཅས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ འཇིག་རྟེན་ཁམས་བདེ་ལོ་ཕྱུགས་ལེགས༔ རྣལ་འབྱོར་རྩ་རླུང་

p. 405

ཉམས་རྟོགས་སྤེལ༔ མཐོང་ཐོས་དྲན་རེག་སྨིན་གྲོལ་ནས༔ གསང་སྔགས་བསྟན་པ་རྒྱས་པར་མཛོད༔ ཅེས་བསྔོས། བྲོ་བརྡུང་བ་ནི། སྣོད་བཅུད་ཐམས་ཅད་རྟ་མཆོག་རོལ་པའི་རང་བཞིན་དུ་བསམ་ཞིང་གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་བསམ་པའི་འོག་ཏུ་འབར་བའི་ཨེ་གསང་དྲག་པོར་ཞིང་བཅུའི་ལོག་འདྲེན་ཐམས་ཅད་མནན་གཟིར་མཐའ་བཅད་ཀྱི་ལས་བྱས་པར་བསམ་ལ། ཧཱུཾཿ ང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ཁམས་གསུམ་ཐམས་ཅད་སྤྱི་ནས་མནོན༔ དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས༔ དུག་གསུམ་ལས་ཀྱི་ཁུང་བུར་མནན༔ མནན་ནོ་བཅིངས་སོ་སྟམ་བྷ་ཡ༔ རྡོ་རྗེ་བྲོ་ཡི་རྒྱས་བཏབ་པས༔ སུས་ཀྱང་འཇིགས་པར་ནུས་མ་ཡིན༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུཾ་ལཾ༔ སྟམ་བྷ་ཡ་ལཾ་ནན༔ དྷརྨ་དྷཏུ་ཨཱཿ དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་བ་བདག་གི་ལུས་ངག་ཡིད་གསུམ་ལ་ཞུགས་པར་བསམ་ཞིང་། ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་༔ དབང་ཆེན་རྟ་མཆོག་ཐུགས་རྗེ་ཅན༔ བསྐྱེད་རྫོགས་བསྙེན་སྒྲུབ་མཐར་ཕྱིན་པའི༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་རྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་

p. 406

ཝ་ཌཱཀྐི་ནཱི་བཛྲ་ཀྲོ་ཏ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་དཀྱིལ་འཁོར་གྱི་བདུད་རྩི་མྱང་། དེ་ནས་གཏང་རག་གི་མཆོད་པ་གསར་དུ་བཤམས་པའམ་གསོས་ཤིང་བརླབས་ལ། ཧྲཱིཿ ལྷ་རྫས་ཕྱི་ནང་གསང་བ་ཡི། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ། །འཁོར་གསུམ་ཡོངས་དག་ཆེན་པོར་བཞེས། །ༀ་གུ་རུ་དེ་ཝ་ཌཱཀྐི་ནཱི་ས་པ་རི་ཝཱ་ར་པུཥྤ་ནས་ཤཔྟའི་བར་མཆོད། བསྟོད་པ་ནི། ཧྲཱིཿ ཕྱི་སྣོད་དག་པ་གཞལ་ཡས་ཁང་། །ནང་བཅུད་དག་པ་རྩ་གསུམ་ལྷ། །གདོད་ནས་དག་པ་དམིགས་སུ་མེད། །སྣང་སྟོང་སྒྱུ་མ་ཙམ་དུ་བསྟོད། །ཅེས་བསྟོད། བཟོད་གསོལ་ནི། ཧྲཱིཿ རྩ་གསུམ་ཡོངས་འདུས་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་གྱུར་པ་དང་༔ ལྷ་བསྙེན་བྱིང་རྨུགས་ལ་སོགས་པ༔ འགལ་འཁྲུལ་མ་ལུས་དག་པར་མཛོད༔ དབྱངས་གསལ་དང་། ཡིག་བརྒྱ་བཟླས། གཤེགས་བསྡུ་ནི། ཧྲཱིཿ སྣང་སྲིད་ཐམས་ཅད་དབང་ཆེན་ཞིང་༔ རང་ལུས་འབྱུང་བ་གདོས་བཅས་བྲལ༔ སྒྲ་རྣམས་བྲག་ཆའི་གདངས་བཞིན་སྣང་༔ འགྱུ་དྲན་ཀ་དག་རོལ་རྩལ་དུ༔ གང་འདུལ་ཕྲིན་ལས་མཐར་ཕྱིན་ནས༔ ཆོས་དབྱིངས་སྐྱེད་མེད་ཀློང་དུ་ཨཱཿ

p. 407

དེ་ནས་གཟུགས་སྐུར་ལངས་ཏེ་སྨོན་ལམ་གདབ་པ་ནི། ཧྲཱིཿ སླར་ཡང་མཁའ་ལ་འཇའ་ཤར་བཞིན། བདག་ཉིད་རྟ་ཕག་སྐུ་རུ་གསལ། དགེ་བ༴ རྟ་ཕག་ཡབ་ཡུམ༴ འགྲོ་བ༴ དེ་ཡི་ས་ལ༴ ཧོཿ བདག་ཅག་འདིར་འདུས་མཆེད་ལྕམ་རྣམས༔ དམ་ཚིག་གཡེལ་མེད་ཏིང་འཛིན་གྱིས༔ འཇའ་ལུས་རྡོ་རྗེའི་སྲོག་བསྒྲུབ་ནས༔ ཁམས་གསུམ་འོད་སྐུར་ཡོངས་གྲོལ་བསྔོ༔ ཞེས་དང་ལོང་བྱུང་ཞིང་སྤྲོ་ན་སྨོན་ལམ་གང་ཤེས་འདོན། བཀྲ་ཤིས་ནི། ཧཱུྃ་ཧྲཱི༔ བྱིན་རླབས་ཆར་ལྟར་འབེབས་མཛད་པའི༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་ལྟར་སྙིལ་མཛད་པའི༔ ཡི་དམ་རྟ་ཕག་བཀྲ་ཤིས་ཤོག༔ བར་གཅོད་ཀུན་སེལ་ལས་རྣམས་འགྲུབ༔ མཁའ་འགྲོ་སྲུང་མའི་བཀྲ་ཤིས་ཤོག༔ འཇའ་ལུས་འོད་སྐུར་སྨིན་མཛད་པའི༔ འགྲོ་ཀུན་མཁའ་ཁྱབ་བཀྲ་ཤིས་ཤོག༔ ཅེས་དང་ཆེར་རྒྱས་སུ་སྤྲོ་ན་སྐྱབས་རྗེ་རྡོ་རྗེ་འཆང་ཚོགས་དྲུག་རང་གྲོལ་གྱིས་མཛད་པ་འདི་ལྟར། མ་ནོར་ལམ་བཟང་གསང་ཆེན་རྡོ་རྗེ་ཐེག །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཁྲིད། །ཁྲིད་པའི་མཚན་ལྡན་རྩ་བའི་བླ་མའི་སྐུ། །སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་

p. 408

ཤོག །རྒྱལ་དབང་པད་འབྱུང་བཱི་མ་ལ་སོགས་བཀའ། །བཀའ་གཏེར་ལས་འོང་སྔ་འགྱུར་གསང་ཆེན་བསྟན། །བསྟན་པའི་སྒོར་ཞུགས་རྡོ་རྗེ་མཆེད་ལྕམ་ཀུན། །ཀུན་གྱི་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་པའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །གཏེར་བཏོན་བདེ་ཆེན་རྒྱལ་པོས་སྤྱན་དྲངས་པའི། །གཏེར་ཆོས་ཀུན་བཟང་ཐུགས་ཀྱི་སྙིང་ཁུ་འདི། །གཏེར་ཁ་བརྡོལ་ལྟར་གང་ཞིག་སྲིད་མཐའི་བར། །གཏེར་གསར་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །མ་རིག་ཉོན་མོངས་དུག་ལྔ་རྒྱང་བསྲིངས་ནས། །མ་རྣམས་དོན་དུ་བྱང་ཆུབ་སྒྲུབ་པའི་ཚེ། །མ་དང་མཁའ་འགྲོས་བར་གཅོད་ཉེར་འཚེ་ཀུན། །མ་བསྐུལ་ན་ཡང་སྒྲོལ་བའི་བཀྲ་ཤིས་ཤོག །གངས་རྫ་གཡའ་དང་ནགས་ཚལ་བྱིན་ལྡན་ས། །ས་ཕྱོགས་དབེན་ཞིང་ཉམས་དགའ་རི་བརྒྱུད་བཟང་། །བཟང་ཞིང་མ་དང་མཁའ་འགྲོ་འདུ་བའི་གནས། །གནས་ཀུན་རྟག་ཏུ་བརྟེན་པའི་བཀྲ་ཤིས་ཤོག །བླ་མ་མཆེད་

p. 409

གྲོགས་སློབ་མ་ཡོན་བདག་འཛོམ། །ཕ་མ་བུ་གསུམ་མི་ནོར་ཟས་གསུམ་འཛོམ། །ལྷ་ཆོས་མི་ཆོས་བདེ་སྐྱིད་སྙན་གསུམ་འཛོམ། །རྟག་ཏུ་འདོད་དགུ་འཛོམ་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་གིས་ཕྱོགས་ཀུན་ཏུ་ཁྱབ་པར་བྱའོ། སྨྲས་པ། ལས་བྱང་དངོས་གྲུབ་འབྱུང་བའི་རྒྱ་མཚོ་ལ། །ཟུར་རྒྱན་འདོད་འབྱུང་ནོར་བུ་བཀླག་ཆོག་སྤེལ། །བདེ་སྐྱིད་སྙན་གསུམ་འབྱུང་བའི་དབེན་གནས་སུ། །མཆོག་ཐུན་དངོས་གྲུབ་འབྱུང་བའི་ཉམས་ལེན་འཚལ། །ཞེས་རྟ་ཕག་ཡིད་བཞིན་ནོར་བུའི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ་ཟུར་རྒྱན་འདོད་འབྱུང་ནོར་བུ་ཞེས་བྱ་བ་འདི་ནི་མེ་ཕག་ལོ་ལྷན་ཐབས་གངྒའི་ཆུ་རྒྱུན་ཟེར་བ་ཞིག་སྒྲིགས་ཀྱང་རང་ཉིད་ཐོས་ཆུང་བློ་གྲོས་ཞན་ཁར་སྔ་གོང་ནས་སྔ་འགྱུར་འདི་ཕྱོགས་ལ་འདྲིས་པ་ཆུང་ལྟབས་ཆོ་ག་ཚིག་གི་འདོན་ཆ་མང་ལ་དོན་ཁུ་མ་འདུས་ཀྱིས་མགར་ངན་གྱིས་ལྕགས་ཞུན་འདྲེས་མ་ཐུབ་པ་ལྟ་བུ་ཞིག་འབྱུང་བར་མ་ཟད། ཆོ་ག་གཞུང་དང་ལྷན་ཐབས་དཔེ་སོ་སོར་མ་ཕྱེ་བའི་བླུན་རྟགས་ཀྱིས་དཀྱུས་གཅིག་ཏུ་བྲིས་པས་མ་མཛེས་ཤིང་། གཞན་ཡང་སྟོད་སྨད་བར་གསུམ་ནས་རྟ་ཕག་གི་ལས་བྱང་འདི་ལ་ཟུར་རྒྱན་སྒྲོས་གཙང་མིན་གྱིས་དཔེ་ཉོག་མང་དག་ཞིག་མཐོང་བའི་རྐྱེན་བྱས། ཉེ་ཆར་ལམ་འདིར་མོས་པའི་བསླབ་གསུམ་རྒྱན་གྱིས་མཛེས་པར་བྱས་པ་རིན་པོ་ཆེ་སྒོ་གསུམ་ཞི་ཞིང་དུལ་བའི་སངས་རྒྱས་བསྟན་འཛིན། ཤེས་རབ་ཀྱི་བློ་རྩལ་ཆེ་བའི་སངས་རྒྱས་རིན་ཆེན་རྣམས་ཀྱིས་གཙོ་མཛད་དད་གུས་དག་སྣང་ཆེ་ཞིང་ཐར་པ་དོན་དུ་གཉེར་བའི་

p. 410

བྱང་ཆུབ་ལམ་གྱི་གྲོགས་མཆོག་མཆེད་ལྕམ་རྡོ་རྗེ་སྤུན་གྲོགས་ཉི་ཤུ་ཙམ་གྱིས་འདི་ལྟ་བུའི་ཟུར་རྒྱན་ཁྱེར་བདེ་སྒྲོས་གཙང་ཞིག་དགོས་ཞེས་ལན་གཅིག་ཙམ་མིན་པར་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱས་ཏེ་ལྷན་ཐབས་གང་རྒྱུན་ནང་དུ་ཚིག་དོན་འདྲ་མིན་ཁུ་མ་འདུས་ཀྱིས་ཉག་ཉོག་སྡེབ་འཁྲུགས་སུ་སོང་བ་རྣམས་སླར་བསྐྱར་སྒྲིགས་བྱས་ཏེ་ཚེས་བཅུའི་མཆོད་པ་སོགས་དང་། ལོངས་སྐབས་ཡོད་ཅིང་སྤྲོ་ལ་རྒྱས་པར་འདོད་ན་ཆོག་སྒྲིགས་འདི་ནང་ལྟར་མཛད་ཅིང་རྒྱུན་གྱི་ཉམས་ལེན་མི་ཁོམས་པའི་དུས་རྣམས་སུ་ལས་གཞུང་ལྟར་བགྱིས་པས་དོན་འགྲུབ་པར་བྱས་པ་འདི་ནི་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོར་ལོན་པའི་རྒྱལ་ཁམས་ཀྱི་སྤྲང་པོ། འདོ་མེད་ཀྱི་སྨྱོན་པ། ནོར་མེད་ཀྱི་ཕྱུག་པོ། ཆོས་མེད་ཀྱི་ཟོག་པོ། སྒོམ་མེད་ཀྱི་དྲེད་པོ། ཡུལ་མེད་ཀྱི་འཁྱམས་པོ་སྟོད་གངས་རི་ཕྱོགས་ཀྱི་བྱ་བྲལ་གང་བདེ་གུ་ཡངས་པ་སུ་མ་ཏི་ཤཱི་ལའི་བདེ་མཆོག་འཁོར་ལོའི་ཕོ་བྲང་། དཔའ་བོ་མཁའ་འགྲོའི་འདུན་ས་གནས་ཆེན་གོ་ཏ་ཝ་རིར་བཱི་ཛ་ཡ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་རྒྱལ་ཟླ་བའི་ཡར་ཚེས་དགེ་བ་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ཉིན་སྦྱར་བའི་ཡི་གེ་པ་ནི་བུདྷ་རཏྣའོ། །སླར་ཡང་འཇམ་མགོན་བླ་མ་མཁྱེན་བརྩེའི་སྒྱུ་འཕྲུལ་འཁོར་ལོའི་མགོན་པོ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་མཆོག་ནས་དོན་གཉེར་ཅན་ཀུན་གྱི་གཟིགས་བདེའི་ཆོག་ཁྲིགས་ཤིག་གྱིས་ཞེས་བཀའ་ལུང་ལྷ་རྫས་རིན་པོ་ཆེའི་དོ་ཤལ་བཅས་ཡང་ཡང་ཕེབས་པ་སྤྱི་བོས་མཆོད་དེ། རྗེ་མ་གཅིག་དྷརྨའི་ཕྱག་བཞེས་སུ་འདི་ཉིད་ཀྱི་དབང་མ་ཐོབ་པའི་གང་ཟག་གིས་སྒྲུབ་ཕྲིན་ཚོགས་འཁོར་གྱི་ལས་མཐོང་

p. 411

ཐོས་དང་། ཚོགས་རྫས་མྱང་མི་ཆོག་པས་མཚོན་བཀའ་ཤིན་ཏུ་དོག་པས་ན། ཟུར་རྒྱན་འདོད་འབྱུང་ནོར་བུའི་ཚིག་དོན་གྱི་ཆ་རང་སོར་བཞག །མ་བུ་འཕྲུལ་བསྡེབས་བློ་དམན་འཇུག་པ་མི་བདེ་བའི་ཕྱིར་གངྒའི་ཆུ་རྒྱུན་ནས་ཀྱང་ལེགས་ཆ་བཏུས། ཕྱོགས་འདིར་རྙེད་པའི་གཏེར་གཞུང་དང་། ཟུར་རྒྱན་དག་གི་མ་ཕྱི་མ་དག་རྒྱུན་འབྱམས་ཆེ་བར་དཔྱད་བཟོད་ཞུས་དག་དང་། བརྒྱུད་པའི་ཁ་སྐོང་སོགས་མི་འགལ་བས་ཀྱང་བརྒྱན་པར་བྱས་ཏེ་བཀླག་ཆོག་ཏུ་ཆོས་འདིའི་སྐལ་བ་དགེ་བ་ཅན་དགེ་སྦྱོང་དྷརྨ་མ་ཏིས་དབེན་པའི་ནགས་ཕྲོད་ཐུབ་བསྟན་ཆོས་གླིང་དུ་འདུ་བགྱིས་པས་ཟབ་གཏེར་འདི་ཉིད་ནམ་ཡང་མི་ནུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ༎ ༎

གཏེར་སྟོན་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱི་ཟབ་གཏེར་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ཆོག་ཡེ་ཤེས་བདུད་རྩིའི་བུམ་བཟང་། འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས།

p. 412
p. 413

༄༅། །གཏེར་སྟོན་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱི་ཟབ་གཏེར་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ཆོག་ཡེ་ཤེས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

p. 414

ཨོཾ་སྭ་སྟི། གྲུ་འཛིན་བདག་དང་ཕོངས་སྐྱོབ་ཏཱ་རེ་མ། །སྙིགས་དུས་རྒྱལ་བསེན་གཤེད་དུ་ཁྲོས་པའི་གར། །རྟ་ཕག་ཡབ་ཡུམ་ཉིད་དང་དབྱེར་མེད་མགོན། །མ་གཅིག་དྷརྨའི་མཚན་དེ་སྤྱི་བོས་མཆོད། །གང་གི་ལམ་དུ་སྐལ་བཟང་སྨིན་པའི་ཐབས། །གཏེར་གཞུང་རྡོ་རྗེའི་ཚིག་གི་ལྟེ་བ་རུ། །འཐད་ལྡན་འཇུག་བདེའི་རྩིབས་ཀྱི་ལེགས་བཤད་བཅུད། །མཁས་གྲུབ་གསུང་བཞིན་བསྡེབས་ལ་གནང་བ་རྩོལ། དེ་ཡང་ལྷ་དང་བཅས་པའི་སྐྱེ་འགྲོ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་གྱུར་པ་བདག་ཅག་གི་སྟོན་པ་ཐབས་

p. 415

མཁས་ལ་ཐུགས་རྗེའི་བདག་ཉིད་ཅན་དེས། རང་ཉིད་གང་ནས་གཤེགས་པའི་ལམ་ལ་འགྲོ་བ་ཀུན་ཀྱང་བཀྲི་བར་བཞེད་ནས་དམ་པའི་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ་ཇི་སྙེད་ཅིག་སྟོན་པར་མཛད་པ་ལས། འདིར་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་། རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་གྱི་གདུལ་བྱ་མང་པོ་ལ་མནོག་ཆོས་སུ་རྩལ་བའི་གདམས་ཟབ་ཁྱད་པར་ཅན་གཏེར་སྟོན་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱིས་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ནས་སྙན་བརྒྱུད་དུ་སྤྱན་དྲངས་པའི་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་སྨིན་བྱེད་དབང་བསྐུར་བའི་རིམ་པ་ཁྲིགས་སུ་སྡེབ་པ་ལ། ལྷག་གནས་དང་། དབང་བསྐུར་བ་

p. 416

དངོས་གཉིས་ལས། དང་པོ་ལ། ས་ཆོག་དང་། ལྷ་དང་། བུམ་པ། སློབ་མ་སྟ་གོན་དང་བཞི་ལས། དང་པོ་ལ་རྒྱས་པ་སྒྲུབ་ཆེན་དང་སྦྲེལ་ན་དེ་དང་དེར་ཤེས་པར་བྱ་ལ། དབང་རྐྱང་ཙམ་ལ་བདག་བསྐྱེད་མཆོད་གཏོར་སྨན་རཀ་དང་། དཀར་གཏོང་བཅས་བཤམས་ལ། བདག་གི་རྣལ་འབྱོར་རྒྱས་བསྡུས་ལོང་སྐབས་དང་བསྟུན་སྔོན་དུ་འགྲོ་བས། ལས་བྱང་ནག་འགྲོས་བཞིན་གཞི་བདག་དཀར་གཏོར་བཏང་བས་གྲུབ་བོ། གཉིས་པ་ལྷ་སྟ་གོན་ནི། རས་བྲིས་ཀྱི་དབང་དུ་བྱས་ནས་རིན་པོ་ཆེའི་མཎྜལ་ལ་དྲིས་ཐིག་ལེ་བྱས་པར་གཙོ་བོ་ཡབ་ཡུམ་གྱི་ཚོམ་བུ་ཆེ་བ་གཅིག་དང་དེའི་མདུན་དུ་སྲས་མཆོག་གི་ཚོམ་བུ་གཅིག་བཀོད། མཐར་ཉེར་སྤྱོད་བསྐོར་བཤམས་མཐོང་བརྒྱུད་ལྟར་འདུ་བྱས་ལ། ལས་སྔགས་རྟས་བསངས། སྭ་བྷཱ་ཝས་སྦྱང་།

p. 417

ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། བྷཱུཾ་ལས་རིན་ཆེན་སྣོད་ནང་དུ། །ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པ་བཅས། །རབ་འབྱམས་ནམ་མཁའི་ཁམས་གང་གྱུར། །ཨོཾ་བཛྲ་ཨརྒྷཾ་སོགས་དང་། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་རཀྟ་བ་ལིངྷ་ཏེ་ཛྭ་ལ་བ་ལིངྷ་བཱ་ལ་ཝ་ཏེ་གུ་ཧྱ་ས་མཱ་ཡ་ཧཱུྃ་ཧྲཱིཿཋ༔ ཞེས་བརླབ། ལས་བྱང་གི་སྤྱན་འདྲེན། ཧཱུྃ། རྔ་ཡབ་ཡུལ་གྱི་ནུབ་བྱང་ནས༔ དུས་གསུམ་རྒྱལ་ཀུན་ནས། ཛཿཧཱུཾ་བཾ་ཧོཿ ཞེས་དང་། གདོད་ནས་གྲུབ་པའི་དབང་ཆེན་རྟ་ཕག་གི་དཀྱིལ་འཁོར་གྱི་

p. 418

འཁོར་ལོ་གཞིའི་སྟེང་གི་ནམ་མཁའ་ལ་བཞུགས་པར་བསམ་ཞིང་། ཧྲཱིཿ བླ་མ་ཡི་དམ་ནས། པཱུ་ཛ་ཧོ། ཞེས་པས་མཆོད། ཧྲཱིཿ ཆོས་དབྱིངས་སྐྱེ་མེད་ནས། རྡོ་རྗེ་ཕག་མོའི་སྐུ་ལ་བསྟོདཿ༔ ཡན་དང་། གཤམ་གྱི། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད་དོ། གསུམ་པ་བུམ་པ་སྟ་གོན་ནི། གཙོ་ལས་ཀྱི་བུམ་པ་སོ་སོ་དྲི་བཟང་ཆུ་དང་སོ་ལྔའི་བཅུད་ཀྱིས་བཀང་བ་གུ་གུལ་གྱིས་བདུག །ལས་སྔགས་བཟླས་ཏེ་ཡུངས་ཐུན་གྱིས་བྲབ་ལ་གཞིའི་དབུས་སུ་གཙོ་བོའི་བུམ་པ་དང་། བྱང་ཤར་མཚམས་སུ་ལས་བུམ་སོ་སོར་ཁ་རྒྱན་དང་བཅས་བཀོད། གཞན་ཡང་འོག་ཏུ་མཁོ་བའི་སྟ་གོན་གྱི་ཡོ་བྱད། དྲིའི་ཆུ། ཉེར་སྤྱོད་བཞི། སོ་ཤིང་། ཁྱོར་ཆུ། དཔུང་སྐུད་དམར་པོ། ཀུ་ཤ་སོགས་འདུ་བྱ། བུམ་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། །མི་དམིགས་སྟོང་པའི་ངང་ཉིད་ལས། །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་། །བྷཱུཾ་ལས་རིན་ཆེན་བུམ་པ་ནི། །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་ནི་ཡེ་ཤེས་གཞལ་ཡས་ཁང་། །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང་། །པདྨ་ཉི་ཟླའི་དཀྱིལ་འཁོར་ལ། །ཧྲཱིཿལས་དབང་ཆེན་རྟ་མཆོག་ནི། །སྐུ་མདོག་དམར་ལ་སྔོ་མདངས་འཚེར། ཞེས་པ་ནས། མེ་དཔུང་འབར་བའི་ཀློང་དུ་

p. 419

གསལ༔ ཞེས་པའི་བར་ལས་བྱང་བཞིན་དང་། དེ་ནས། ལས་བུམ་ནང་དུ་རྟ་མགྲིན་ནི༔ རྟ་ཞལ་ལྗང་ནག་ཕྱག་གཉིས་ཀྱི༔ རྡོ་རྗེ་ཐོ་བ་ཐོད་ཕུར་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་ཤམ་ཅན༔ དུར་ཁྲོད་དཔའ་བོའི་ཆས་ཀྱིས་བརྒྱན༔ རབ་འཇིགས་བསྐལ་པའི་མེ་ལྟར་འབར༔ དེ་ལྟར་བུམ་ལྷ་སོ་སོ་ཡི། །གནས་གསུམ་ས་བོན་འོད་ཟེར་འཕྲོས། །ཡེ་ཤེས་ཞིང་ཁམས་སོ་སོ་ནས། །ལྷ་ཚོགས་འཁོར་བཅས་སྤྱན་དྲངས་གྱུར། །ཞེས་པ་ནས། སྤྱན་འདྲེན། ཕྱག་མཆོད། བསྟོད་པའི་བར་ལས་བྱང་བཞིན་བྱ། གཟུངས་ཐག་བུམ་པ་ལ་གཏད་དེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཞེས་གཙོ་བུམ་ལ། ཨོཾ་བཛྲ་ཀྲོ་དྷ་པ་ཏེ་པ་ཏེ་ཧཱུྃ་ཕཊ༔ དང་ལས་བུམ་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧཱུྃ་ཕཊ༔ བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་པས་དཀྱིལ་འཁོར་ཡོལ་བས་བསྒྲིབས་ཏེ་དེས་གྲུབ་བོ། གསུམ་པ་སློབ་མ་སྟ་གོན་ནི། རྩ་གཞུང་ལས།

p. 420

སློབ་བུ་དམ་ཚིག་གཙང་མ་ཡི༔ ལྔའམ་བཅོ་ལྔ་ལས་མི་མང་༔ ཞེས་གསུངས་པ་ལྟར་ལས་མི་མང་བ་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། ཕྱག་བྱས་ཏེ་གྲལ་ལ་འཁོད། བགེགས་གཏོར་རྟས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེ་སོགས་དང་། ཨོཾ་ཨཱཿཧཱུྃ་ཧོཿས་རློབ། ཕེཾ་ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་དང་། སྤྲོ་ན། ལས་བྱང་གི་བཀའ་བསྒོ་གྱེར། ན་མོ། རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས༴ ཆོས༴ དགེ་འདུན༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས༴ ཁྱད་པར་དུ་ཡང་རྟ་ཕག་ཡིད་བཞིན་ནོར་བུའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སློབ་མ་འདི་རྣམས་ལ་ལྷག་གནས་ཀྱི་ཆོ་ག་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པ་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་ལས་སྔགས་དང་། སུམྦྷའི་སྔགས་སྤོས་རོལ་དང་བཅས་པས་བགེགས་བསྐྲད། ཧཱུཾ།

p. 421

ཡེ་ཤེས་འབར་བའི་རྒྱ་གྲམ་སོགས་ལས་བྱང་བཞིན་ནས། རཀྵ་རཀྵ་ཧཱུཾ་ཞེས་པས། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རཱ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས་འདི་སྐད་ཅེས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ནས་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་གསན་པར་ཞུ། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ནད་པ་སྨན་པའི་ཚིག་ཉན་བཞིན། །རིམ་གྲོར་བཅས་ཏེ་ཆོས་ཉོན་ཅིག །ཅེས་དང་། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་

p. 422

ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་བག་མེད་ཀྱི་སྐྱོན་སྤངས་ཏེ་ཞི་ཞིང་དུལ་ལ་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཞིང་། འདུ་ཤེས་དྲུག་དང་ལྡན་པ་མདོ་རྒྱུད་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། གང་གསན་པར་བྱ་བ་ནི། དེ་ཡང་རང་ཅག་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དུ་ཟིན་ཀྱང་། ད་དུང་སྡུག་བསྔལ་གྱི་མཐའ་རྟོགས་པར་དཀའ། ད་རེས་མི་ཁོམས་པའི་གནས་རྣམས་སུ་མ་སྐྱེས་པ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་ཞིང་ཁམས་དྲུག་ལྡན་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ནི། དཔེར་ན། ལོང་བ་ཞིག་གིས་ནོར་བུ་རྙེད་པ་ལས་ཀྱང་ངོ་མཚར་ཆེ་སྟེ། ཇི་སྐད་དུ། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲས། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ། །ཞེས་གསུངས་པ་ལྟར་ཤིན་ཏུ་རྙེད་པ་དཀའ་ཞིང་། རྙེད་ན་འདི་ལས་ལྷག་པའི་ཆོས་སྒྲུབ་པའི་རྟེན་གཞན་མེད་པས་དོན་ཆེན་པོ་དང་ལྡན་པ་སྟེ། སློབ་སྤྲིང་ལས། བདེ་གཤེགས་ལམ་སྟོན་འགྲོ་བ་འདྲེན་པར་ཆས་གྱུར་པ། །

p. 423

སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཤིང་། དེ་ལྟར་ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་མི་ལུས་རིན་པོ་ཆེ་དེ་ཡང་གཏན་དུ་མི་སྡོད་ཅིང་རང་དབང་མེད་པར་མྱུར་དུ་འཆི་དགོས་པས་ན། ད་ལྟ་སོས་དལ་གྱི་དབང་དུ་མ་སོང་བ་མྱུར་དུ་སྙིང་པོ་ལེན་པའི་ཐབས་ལ་འབད་དགོས་ཏེ། ཚོམ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོད་མེད་པའི། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་པ་ལྟར་ཡིན་ལ། ད་དུང་འཆི་བར་ངེས་ནས་ཚེའི་དུས་བྱས་ཀྱང་སླར་སྐྱེས་ནས་འོང་སྙམ་ན་ཤི་ནས་གར་སྐྱེ་ལས་ལ་རག་ལས་པས། ལས་དགེ་བ་བྱས་པས་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ལ། མི་དགེ་བས་ངན་འགྲོར་སྐྱེ་བར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་

p. 424

དོ། །ཞེས་གསུངས་པ་ལྟར་འཇིག་རྟེན་ཕ་རོལ་ཏུ་རྣམ་པར་ཤེས་པ་ལས་དཀར་ནག་གི་རྗེས་སུ་འབྲངས་ཤིང་། གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་མ་འདས། དེ་ཡང་དམྱལ་བ་སོགས་ཀྱི་སྡུག་བསྔལ་ནི་ཐོས་སམ་གཟུགས་བརྙན་རི་མོར་བྲིས་པ་མཐོང་ནའང་བཟོད་པར་དཀའ་ཙམ་ན་ཇི་བཞིན་ཐོག་ཏུ་བབས་ན་ཅི་ལ་བཟོད། མ་ཟད་རང་རེ་མིའི་གནས་ནའང་སྤྱི་མཐུན་ལ་སྐྱེ་རྒ་ན་འཆི་དང་། དབུལ་ཕོངས་འབྱོར་རྒུད། འདུ་འབྲལ། སྡིག་ལྟུང་སྲོག་གཅོད་སོགས་བསམ་ལས་འདས་ཤིང་། ལྷ་མིན་རྣམས་ལྷའི་དཔལ་ལ་ཕྲག་དོག་པས་འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་ཅིང་། འདོད་པའི་ལྷ་ལའང་བག་མེད་པའི་འཆི་འཕོ་ལྟུང་གི་སྡུག་བསྔལ། འཐབ་རྩོད་སོགས་ཀྱི་སྡུག་བསྔལ་ཡང་ཡོད། ཁམས་གོང་མ་གཉིས་ན་རེ་ཞིག་སྡུག་བསྔལ་མངོན་གྱུར་མེད་ཀྱང་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་ནས་སླར་ངན་འགྲོར་ལྟུང་བར་འགྱུར་ཏེ། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །

p. 425

སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་ཁམས་གསུམ་འཁོར་བའི་གནས་འདིར་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཤིང་། བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པ་སྟེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ད་རེས་འདི་ནས་ངེས་པར་ཐར་པ་ཞིག་བྱ་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བ་བརྩོན་ཡང་ཟིན་པ་མེད། །ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན། །འཁོར་བའི་བྱ་བ་ལེགས་ཀྱང་མཐའ་མ་ཕུང་། །དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད། །དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གོམས་པར་

p. 426

མཛོད། །ཅེས་གསུངས་པ་ལྟར། །དེ་ལ་བདག་ཅག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཆེན་པོ་མངའ་བ་དེ་ཉིད་ནས་གདུལ་བྱའི་བསམ་པ་དང་། དབང་པོ། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་མདོར་བསྡུ་ན་ཐེག་པ་རིམ་པ་དགུའམ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་བསྡུ་སྟེ། ཀུན་བྱེད་ལས། ཐེག་པ་རིམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་བདེན་པ་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱི་གོམས་པར་བྱས་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱིས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སྒྱུ་འཕྲུལ་གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་ཤིང་། དེའང་བསྒྱུར་སྔ་ཕྱི་ལ་བརྟེན་

p. 427

ནས་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་ཐེག་རྒྱུད་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་དབྱེ་བའི་རང་སྐད་ཐུན་མོང་མིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། །འདིར་སྒྲུབ་སྡེའི་སྡེ་ཚན་དུ་གཏོགས་ཤིང་རྒྱུད་ལུང་མན་ངག་གསུམ་ཀའི་སྙིང་པོ་གཅིག་དྲིལ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་ཡིན། དེ་ཡང་སྤྱིར་སྔ་འགྱུར་རྙིང་མ་ལའང་རིང་རྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ་ཟབ་མོ་དག་སྣང་གི་བཀའ་སྲོལ་གསུམ་དུ་བཞུགས་པ་ལས། འདི་ནི་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ། བཀའ་མ་ལས་བརྒྱུད་པ་དྲུག་ལྡན་གྱི་ཁྱད་པར་དུ་འཕགས་པ་བོད་ཡུལ་གཙང་གི་ཇོ་མོ་ཁ་རག་པའི་གཏེར་སྟོན་ཀུན་བཟང་བདེ་ཆེན་རྒྱལ་པོ་རྩལ་གྱི་ཟབ་གཏེར་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ། ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་

p. 428

འཆང་གི་གསུངས་པ་སྟེ། །ཞེས་གསུངས་པ་ལྟར་དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་ལ་དབྱེ་ན་དཀྱིལ་འཁོར་རྣམ་པ་གསུམ་དུ་གསུངས་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཅིང་། འདིར་ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི་གདུལ་བྱ་དམན་འབྲིང་རབ་དང་། ཡང་རབ་སོ་སོར་རྡུལ་ཚོན། རས་བྲིས། ཚོམ་བུ། བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞི་ལས། ད་ལམ་རས་བྲིས་ལ་བརྟེན་པ་སྟེ། དེ་ཡང་ནུབ་དང་པོ་སྟ་གོན་གྱི་ཆོ་ག་སྟེ། དེ་ལ་གསུམ་ལས་ལྷ་དང་བུམ་པའི་སྟ་གོན་བདག་གི་བྱ་བ་སོང་ནས། ད་སློབ་མ་སྟ་གོན་དེ་སྐབས་སུ་བབས་པ་ཡིན་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ། ལྷག་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ཅེས་བརྡ་སྦྱར་ལ། སློབ་མ་རྣམས་ཀྱིས་སྔར་མེ་ཏོག་བཀྲམ་བསྡུ་བྱས་པའི་མཎྜལ་ཕུལ། དེ་ནས་བློ་བཅོས་པ་ནི། ཁྱེད་ཅག་ཟུང་འཇུག་སྐུ་བཞི་དང་ཡེ་ཤེས་ལྔ་ཡི་བདག་ཉིད་མི་སློབ་པའི་གོ་འཕང་མངོན་དུ་བྱ་བའི་ཆེད་དུ་དཀྱིལ་འཁོར་འདིར་འཇུག་པ་བྱ་ཡི། དེ་ལས་གཞན་དུ་སྲིད་པ་མངོན་

p. 429

མཐོའི་བདེ་འབྱོར་དང་། ཞི་བདེ་ཉན་རང་གི་འབྲས་བུ་ཡང་དོན་དུ་གཉེར་བྱ་མ་ཡིན། དེ་བས་ན་སེམས་ཅན་ཐམས་ཅད་གདོད་ནས་རང་བཞིན་གྱི་རྣམ་པར་དག་པས་འཁོར་བ་མེད་བཞིན་སྣང་བའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པ་འཁོར་བར་འཁྱམས་པའི་སེམས་ཅན་འདི་རྣམས་ཕན་ཚུན་མ་བུ་ཁྱོ་ཤུག་སོགས་ལན་གྲངས་ཇི་སྙེད་པ་བྱས་ནས་ཕན་བཏགས་ཏེ་ཚད་མེད་པའི་དྲིན་ཅན་ཤ་སྟག་ཡིན་ལ། འདི་དག་ཐམས་ཅད་འཁོར་བ་སྤྱི་བྱེ་བྲག་གིས་སྡུག་བསྔལ་གྱིས་ནི་མནར། བདེ་བའི་ཐབས་ནི་མི་ཤེས། བདེ་བར་སེམས་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ནར་བརྩོན་པས། ཞེ་འདོད་དང་། ལག་ལེན་གོ་ལྡོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་ལ་བུ་སྡུག་ཤི་བའི་དུས་ཀྱི་མ་བཞིན་དུ་སྙིང་རྗེ་ཚད་མེད་པ་དུང་དུང་བ་དང་བཅས་ཏེ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་ཞིའི་མཐར་མི་ལྟུང་བའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་ལམ་ལ་རིམ་བཞིན་དུ་བསླབ་པར་བྱ་སྙམ་དུ་རྙོག་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ཡང་དག་པ་ཞིག་

p. 430

བསྐྱེད་པ་བྱ་སྙམ་ལ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ མཁའ་ཁྱབ་འགྲོ་རྣམས་བསྒྲལ་བ་དང་༔ སྨིན་གྲོལ་ལམ་ལ་འགོད་ཕྱིར་དུ༔ བྱང་ཆུབ་ལམ་ལ་སེམས་བསྐྱེད་དོ༔ ཞེས་ལན་གསུམ། དེ་ནས་སྡོམ་གཟུང་དང་། སྐྱབས་སེམས་སོགས་དངོས་གཞིའི་སྐབས་བཞིན་འོག་ནས་ལེན་པར་བྱ། དེ་ནས་སློབ་མ་ལྷར་བསྐྱེད་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཁྱེད་རང་རྣམས་ལ་ཕོག་པས་འོད་དུ་ཞུ་བ་ལས་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་སྐུར་གྱུར། སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་ཁྱེད་རང་རྣམས་སྤྱི་མགྲིན་སྙིང་གར་རེག་ལ་ཐིག་ལེ་བྱ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་གནས་གསུམ་དུ་འབྲུ་གསུམ་བྱུང་། ཡང་མས་ནས་ཡར་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ་ཧཱུྃ་ཨཱཿཨཾཨོཾ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། སླར་ཡང་དཔྲལ་བ་ནས་མར་རེག་སྟེ་ཨོཾ་ཨཱཿཧཱུཾ་ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་བསྐྱེད་པ་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས། ཉེར་སྤྱོད་བཞི་བཏེག་སྟེ་དབང་པོ་སོ་སོར་མཆོད་པའི་

p. 431

མོས་པ་མཛོད་ཅིག །ཨོཾ་བཛྲ་པུཥྤ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ་ཞེས་སྦྱིནནོ། དེ་ནས་དངོས་གྲུབ་ཀྱི་སྐལ་བ་བརྟག་པ་ལ་གཉིས་ལས། དང་པོ་སོ་ཤིང་དོར་ཏེ་བརྟག་པ་ནི། ཧཱུཾ་ལས་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་སོར་བཅུ་གཉིས་དྲིས་བྱུག་ཅིང་རྩེར་མེ་ཏོག་གི་ཅོད་པན་ཅན་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། དེ་བཞིན་ཐལ་མོའི་བར་དུ་བྱིན་པ་ལ་རྩེ་མོས་སོ་དྲུད་ནས་དོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། ཧོ། བླ་མས་གནང་བའི་སོ་ཤིང་འདི༔ ཡི་དམ་ལྷ་ཚོགས་ངོས་འཛིན་ཕྱིར༔ དཀྱིལ་འཁོར་དབུས་སུ་བདག་དོར་རོ༔ བཀའ་བབས་ལྷ་དེར་བབ་པར་ཤོག༔ ཨོཾ་བཛྲ་ཧ་ས། ཞེས་རབ་ཕྲུ་གང་གྲུ་བཞིར་བ་བྱུང་དྲི་བཟང་བཅས་བྱུགས་པར་ཚོམ་བུ་བཀོད་པའི་ཁར་དོར་དུ་བཅུག་ནས་རྩེ་མོ་སྟེང་དུ་བསྟན་ན་མཆོག་དང་། ཕྱོགས་བཞིར་ལས་བཞི། མཚམས་བཞིར་བུམ་བཟང་སོགས་ཕྲ་མོའི་དངོས་གྲུབ་འགྲུབ་པའི་ལྟས་སོ། ཞེས་ལུང་བསྟན། གཉིས་པ་རྨི་ལམ་བརྟག་པ་ལ་སྦྱོར་དངོས་གཉིས་ཀྱི་སྦྱོར་བ་ལའང་གསུམ་ལས། དང་པོ་རྨི་ལམ་གསལ་བའི་ཕྱིར་ཁྱོར་ཆུ་བླུད་པ་ནི། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་

p. 432

ལྷག་མ་རྒྱབ་ཏུ་དོར་ཅིག་ཅེས། ཨོཾ་ཧྲཱིཿ བི་ཤུདྡྷ་སརྦ་པཱ་པཾ་ནི་ཙ་ཨཱ་སྱ་ཤོ་དྷ་ཡ་སྭཱ་ཧཱ༔ ཞེས་ལན་གསུམ་བླུད་དོ། གཉིས་པ་རྨི་ལམ་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། ལུས་ཚད་དང་མཉམ་པའི་སྲུང་སྐུད་ཁ་དོག་ལྔ་ལྡན་རྡོ་རྗེའི་མདུད་པ་གསུམ་དང་བཅས་པ་ལ་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས་རྡོ་རྗེ་སློབ་མའི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ་རྩ་སྔགས་ཀྱིས་བཏབ་ལ་ཕོའི་དཔུང་པ་གཡོན་དང་། མོའི་གཡས་སུ་བཅིངས་ལ། ཧཱུཾ། ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ ལུས་ཀྱི་སྒྲིབ་པ་བསལ་བའི་ཕྱིར༔ ཡི་དམ་སྙིང་པོའི་སྔགས་ཀྱིས་བཏབ༔ བར་གཅོད་བདུད་ལས་རྒྱལ་གྱུར་ཅིག༔ ཅེས་དང་། རྩ་སྔགས་དང་བཛྲ་རཀྵ་ཧཱུཾ་ཕཊ༔ བཛྲ་ཨ་མྲྀ་ཏེ་ཧཱུཾ༔ ཀུཎྜ་ལི་ཧཱུྃ༔ བརྗོད་བཞིན་དུ་ལས་ཆུས་ཁྲུས་དང་། རྡོ་རྗེ་རྒྱ་གྲམ་དུ་བྱའོ། །གསུམ་པ་རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤའི་སྔས་གདན་བྱིན་པ་ནི༔ ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་པར་བྱེད་པའི་ནུས་པ་ཅན་དུ་གྱུར་བསམ་པས། དྡྷཱི་བཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་། ཧཱུཾ་བཟླས་པའི། ཆེ་བ་སྟན་གྱི་དོན་དུ་གཡོན་དུ་གཏད། མི་ལྡོག་པའི་དོན་དུ་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་

p. 433

ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་ཉམས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་བྱ་བ་སོགས་གསུངས་ཏེ། དེའང་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་འཇིག་རྟེན་དུ་འབྱོན་པའང་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་། ཁྱད་པར་ཐེག་ཆེན་དེ་བས་ཀྱང་རྡོ་རྗེ་ཐེག་པ་གསུངས་པ་དཀོན། དེ་བཞིན་དཀོན་པ་ཙམ་དུ་མ་ཟད་དཀོན་ལ་རྙེད་ན་དེ་བས་ཀྱང་ཕུལ་དུ་ཆེ་སྟེ། དེའི་རྒྱུ་མཚན་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་དཀྱིལ་

p. 434

འཁོར་མཇལ་བ་ཙམ་གྱིས་འདག་པར་འགྱུར་ན། དབང་ཐོབ་ཅིང་ཉམས་སུ་བླངས་ན་སྲིད་པ་ལས་ཐར་བ་སྨོས་ཅི། དེའི་ཕྱིར་ཁྱེད་ཅག་བདེ་ཞིང་མྱུར་བའི་ལམ་འདི་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་འཐོབ་པ་གདོན་མི་ཟ་བས་རྙེད་པའི་མཆོག་རྙེད་པར་དགའ་བ་སྒོམ་པར་འཚལ། ཧོ། ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ༔ ཀུ་ཤ་གཙང་མའི་རྩ་མཆོག་འདི༔ དངོས་གྲུབ་མཚན་བརྟགས་གསལ་བའི་ཕྱིར༔ ཁྱེད་ཀྱི་ཉལ་བའི་སྔས་གདན་གྱིས༔ རྨི་ལམ་བཟང་ངན་བདག་ལ་སྨོས༔ ཨོཾ་བཛྲ་ཏིཀྵ་ཋ་སིདྡྷི་ཧཱུཾ༔ ཞེས་བརྗོད། དེ་ནས། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་གདན་ལ་སེང་གེ་ཉལ་སྟབས་ཀྱིས་སེམས་དགེ་བ་དང་ལྡན་པས་ཉོལ་ལ་ཐོ་རངས་ཀྱི་རྨི་ལམ་བཟང་ངན་ཇི་ལྟར་བྱུང་ཡང་ནང་པར་ཁོ་བོ་ལ་སྨོས་ཤིག །དེས་སྔོན་འགྲོ་སྟ་གོན་གྱི་ཆོ་ག་གྲུབ་པ་ལགས། སང་ཉིན་དངོས་གཞི་དབང་བསྐུར་བའི་ཆོ་ག་འབྱུང་བ་ལགས་སོ། །ཞེས་བརྡ་སྤྲད་དེ་དགེ་བ། བསོད་ནམས་འདི་ཡིས་སོགས་ཀྱིས་རྫོགས་བྱང་དུ་བསྔོས་ནས་རང་གནས་སུ་བཏང་ངོ་། །སློབ་དཔོན་གྱིས་ལྷ་སྟ་གོན་གྱི་འཕྲོས་སྙན་གསན་དབབ་པ་ནི། པུས་གཡས་བཙུགས། སྤོས་དྲིལ་གསིལ་དང་བཅས་

p. 435

ཏེ། ཨོཾ། དབང་ཆེན་རྟ་ཕག་དཀྱིལ་འཁོར་ལྷ། །སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ། །བདག་དང་སློབ་མ་རྣམས་དོན་དུ། །བཅོམ་ལྡན་ཁྱེད་ལ་མཆོད་བགྱིད་ན། །དགྱེས་མཛད་བརྩེ་བས་དགོངས་ནས་ནི། །ནང་པར་འདི་ལ་འབྱོན་པར་མཛོད། །ཅེས་ལན་གསུམ་བརྗོད་ལ། མཐར་གོང་བཞིན་མཆོད་དེ། བཛྲ་མུཾཿ སེ་གོལ་དང་བཅས་གཤེགས་གསོལ་བྱ་བས་གྲུབ་བོ། །ནང་པར་རྨི་ལམ་དགེ་ན་གཟེང་བསྟོད་དང་། ངན་ན་བཟློག་ཐབས་ལ་སློབ་པར་བྱའོ། །དེ་ནས་དངོས་གཞི་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་གཤམ་བཀོད་ནི། གཏེར་གཞུང་ལས། གང་དུ་དབང་གི་དཀྱིལ་འཁོར་ནི༔ སྟེགས་བུ་ཟླ་གམ་གྲུ་བཞི་པར༔ སྒོ་རྫོགས་གཞུང་བཞིན་བྲིས་པའི་དབུས༔ ལྟེ་བར་མེ་ཤེལ་གསུམ་སྒྲོམ་སྟེང་༔ བུམ་པ་དབང་ཆེན་ཆས་རྫོགས་ཀྱི༔ སྟེང་དུ་དར་དམར་མེ་ཤེལ་གུར༔ གཡས་གཡོན་བདུད་རྩིའི་དབང་གཏོར་དང་༔ སྨན་རཀ་གཏོར་ཚོགས་ཅི་འབྱོར་བཤམས༔ ཞེས་གསུངས་པ་བཞིན་ཕྱག་ལེན་དུ། རས་བྲིས་དཀྱིལ་འཁོར་ངེས་པར་འདུ་བྱ་ཞིང་། ཅི་སྟེ་མ་འབྱོར་ན་མཎྜལ་ཚོམ་བུ་སྟ་གོན་བཞིན་བཀོད་པའི་ཁར་མཉྫི་ལ་གཙོ་བོའི་བུམ་པ་བཀོད། དེའི་གཡས་གཡོན་དུ་གསང་དབང་གི་བྷནྡྷ་དང་། དབང་གཏོར། སྔགས་ཕྲེང་རིག་ཙཀ། མེ་ལོང་། ཤེལ་རྡོ་རྣམས་དང་། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ་དང་། ཉེར་སྤྱོད་བསྐོར་བཤམས། །གཞན་ཡང་ཚོགས་ཀྱི་ཡོ་བྱད་

p. 436

སོགས་འོག་ཏུ་དགོས་པ་མ་ཚང་བ་མེད་པ་དང་། མདུན་དུ་རྡོར་དྲིལ་ནང་མཆོད་འཐོར་ནས་སོགས་ཀྱང་འདུ་བྱས་ལ། སྔོན་འགྲོ་ནས་བཟུང་དངོས་གཞི་བདག་མདུན་བུམ་གསུམ་གྱེར་ཚིག་གཅིག་གིས་སྒྲུབ་པ་སོགས་ལས་བྱང་མཐར་ཆགས་ལ། རྩ་བཟླས་རྗེས་གཙོ་ལས་ཀྱི་བུམ་བཟླས་གཟུངས་ཐག་དང་བཅས་སྟ་གོན་བཞིན་བྱ་བ་དང་། སྤྱི་དང་བྱེ་བྲག་གི་སྲུང་མར་གཏོར་བསྔོ། ཚོགས་བསྐང་བཤགས་ཀྱིས་མཐར་དབྱུང་། སྤྲོ་ན་བདག་འཇུག་ཀྱང་སློབ་མ་ལ་ཇི་ལྟར་བྱ་བ་ལྟར་ལེན། བསྡུ་ན་རྙིང་མ་སྤྱིའི་ཕྱག་བཞེས་བཞིན་རིག་པའི་མེ་ཏོག་དོར་བས་ཀྱང་གྲུབ། སློབ་བུ་རྣམས་ཁྲུས་དང་། ཕྱག་བྱས་ལ་གྲལ་དུ་འཁོད། བགེགས་གཏོར། སྲུང་འཁོར། ལས་རྡོར་གྱི་མེ་ཏོག་བཀྲམ་བསྡུ་རྣམས་སྟ་གོན་བཞིན་དང་། དེ་ནས་སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོགས་ནས། རྟ་ཕག་ཡིད་བཞིནནོར་བུའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ཡིན་ཏེ། ཞེས་པའི་བར་སྟ་གོན་ལྟར་ལ། དེ་ཡང་ཐོག་མར་ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་དགོས་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤདན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པའི་ཕྱིར་མདོ་ཙམ་ཞིག་སྨོས་ན། འཛམ་གླིང་སྤྱི་དང་གངས་ཅན་པར་བཀའ་དྲིན་ལྷག་པར་ཆེ་བ་སངས་རྒྱས་གཉིས་པ་ཨོ་

p. 437

རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཀཱ་རའི་བོད་ཀྱི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ནང་ཚན་ཡེ་ཤེས་མཚོ་རྒྱལ་གྱི་རྡོ་རྗེ་ཕུར་པའི་སྒྲུབ་གྲོགས་རླངས་དཔལ་གྱི་སེངྒེའི་སྐྱེས་མཐའ་རིག་འཛིན་སྟོབས་ལྡན་རྡོ་རྗེའི་སྤྲུལ་སྐུ་གཏེར་སྟོན་བདེ་ཆེན་རྒྱལ་པོ་རྩལ་ཞེས་པ་ཉིད་དགུང་གྲངས་སོ་གཉིས་སུ་ཕེབས་པ་མེ་མོ་ཕག་གི་ལོ་བོད་ཡུལ་དབུས་ཀྱི་དཔལ་ཆུ་བོ་རིར་ཐུགས་དམ་བཅད་རྒྱ་ཤིན་ཏུ་དམ་པོར་བཞུགས་པའི་དུས་ཁྲུམས་ཟླའི་ཚེས་བཅོ་ལྔའི་ཐོ་རངས་བུད་མེད་རྒྱན་ཆས་ཤིན་ཏུ་མཛེས་པར་བཀླུབས་པ་ཞིག་གིས་ཁྱེད་རང་འདི་ནས་ཤར་ཕྱོགས་ཟངས་ཡག་བྲག་ཏུ་བཞུད་ན། གུ་རུའི་ལུང་བསྟན་ཞིག་ཡོང་བ་ཡོད་ཅེས་གླེང་ཡང་ཉིད་ནས་ཐུགས་སྣང་མ་མཛད་རུང་། སླར་ཡང་བུད་མེད་དེ་གས་བསྐུལ་མ་ཡང་དང་ཡང་དུ་བྱུང་བར་བརྟེན་ས་བྱི་དབོ་ཟླ་ར་བར་ཟངས་ཡག་བྲག་ཏུ་ཕེབས་བཞིན་བཞུགས་པའི་ཚེ་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཐོ་རངས་ཀྱི་ཆར་འཇའ་ཚོན་ཁ་དོག་ལྔ་ལྡན་གྱི་ཀློང་ན་གུ་རུ་པདྨ་འབྱུང་གནས་རྒྱལ་པོའི་ཆས་དང་། མནྡྷ་ར་བ་རབ་བྱུང་གི་ཆས། མཚོ་རྒྱལ་བོད་མོའི་ཆས་སུ་ཡོད་པ་དང་བཅས་

p. 438

དཔའ་བོ་མཁའ་འགྲོ་མང་པོས་མཆོད་པ་སྣ་ཚོགས་པ་ཐོགས་ནས་གླུ་གར་མཛད། གཞན་ཡང་མ་ངེས་པའི་རྣམ་འགྱུར་སྣ་ཚོགས་དང་། པེ་ཧར་རྒྱལ་པོའི་སྤོས་སྣ་དྲངས་པའི་གསེར་སྦྲེང་ཚར་དུ་དངར་ཞིང་། ལྷ་སྲིན་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་མངོན་སུམ་དུ་གཟིགས་པར་མོས་གདུང་དྲག་པོས་གསོལ་བ་འདེབས་པར་མཛད་པས་གུ་རུའི་ཞལ་ནས། ཨ་ཧོ། ང་ཡི་བུ་ཆུང་སྙིང་དང་འདྲ་བ་ཉོན༔ བདག་འདྲ་ཨོཾ་ཌཱི་པདྨ་ཀཱ་ར་ཡི༔ ལས་འབྲས་བསླུ་མེད་ང་ཡིས་སྨྲ་བའི་ཚིག༔ ཙིཏྟར་སྟིམས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྔོན་གྱི་བག་ཆགས་བཟང་པོ་དྲན་དུས་ཡིན༔ སྦས་ཡུལ་པདྨ་བཀོད་ཀྱི་གནས་མཆོག་ཏུ༔ ང་ཉིད་སྨན་བླའི་ཚུལ་བཟུང་ཁྲི་ཡི་གཡོན༔ སྟོབས་ལྡན་རྡོ་རྗེའི་དངོས་གྲུབ་སྐལ་བ་ཞིག༔ སྦས་པའི་རྒྱ་ཡི་རིམ་པར་བསྡམས་ནས་ཡོད༔ མ་འོངས་དུས་སུ་སྐྱེས་མཐའ་ཁྱེད་ཉིད་ལ༔ དངོས་གྲུབ་དེ་ཡི་སྐལ་བ་མཆིས་པའི་དུས༔ སྐྱེ་སྔོན་རྟེན་འབྲེལ་དག་པའི་འཕེན་ཤུགས་ཀྱིས༔ ཤོག་སེར་དངོས་ནི་པདྨ་བཀོད་ཞིང་ནས༔ སྔོན་སྨོན་མཐུ་ཡིས་མཁའ་འགྲོས་སྟེར་ནས་འོང་༔ འདི་ནས་བརྩམས་པས་

p. 439

བྱང་ཤར་གཏེར་སྒྲོམ་དུ༔ ཤོག་སེར་མཚོ་རྒྱལ་ལག་ཏུ་བཟུང་བྱས་ནས༔ མཚོ་རྒྱལ་དངོས་ཀྱིས་བརྡ་ཚིག་བཤད་པ་འབྱུང་༔ རྒྱ་བོད་ཧོར་སོག་ཡུལ་དུ་སྤེལ་བྱས་ནས༔ ཆོས་འདིས་འགྲོ་དོན་དཔག་མེད་འོང་བར་གྱིས༔ ཞེས་གསུངས་ནས་གནས་དེར་ཉིན་ཞག་བདུན་གྱི་རིང་ལ་ནམ་མཁའ་འཇའ་འོད་ཀྱིས་གང་བ་ཀུན་གྱིས་མཐོང་བ་བྱུང་། མཐར་ལུང་བསྟན་ལྟར་སརྒ་མ་འཆོལ་བར་ཟབ་གཏེར་དངོས་སུ་སྤྱན་འདྲེན་པའི་ཚེ་ངོ་མཚར་བའི་ལྟས་མཐའ་ཡས་པ་དང་བཅས་རྔ་ཡབ་པདྨ་འོད་དུ་གུ་རུ་པདྨ་རྒྱལ་པོ་སྐུ་གཟི་བརྗིད་མཆོག་ཏུ་འབར་བའི་དྲུང་དུ་དཀྱིལ་འཁོར་ལྟ་བའི་ཆོག་མི་ཤེས་པ་དང་བཅས་གུ་རུ་དངོས་ལས་དབང་དང་གདམས་ངག་ཡོངས་རྫོགས་གསན་པའི་ཟབ་གསང་མཁའ་འགྲོའི་སྙིང་ཁྲག་དྭངས་མའི་ཡངས་བཅུད་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་བརྒྱུད་པ་ནི་སྐུ་གསུམ་བརྒྱུད་པ་དྲུག་ལྡན་གཅིག་འདུས་ཀྱི་ངོ་བོ་གཏེར་སྟོན་རིག་འཛིན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོ། དེས་གཏེར་སློབ་ཨོ་རྒྱན་བསྟན་འཛིན། དེས་ཆོས་བདག་སྟོབས་ཀྱིས་འཁོར་ལོས་བསྒྱར་བ་ཆོས་རྒྱལ་ངག་གི་

p. 440

དབང་པོའམ། མཚན་གཞན་ཏཱ་ལེ་ཏེའི་ཆིང་ཝང་ངག་དབང་དར་རྒྱས་དཔལ་བཟང་པོ། དེས་མཁས་གྲུབ་ཆེན་པོ་ཞབས་དཀར་རྡོ་རྗེ་འཆང་ཚོགས་དྲུག་རང་གྲོལ། དེས་སྐྱབས་མགོན་པདྨ་རྒྱ་མཚོ། དེས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཌཱ་ཀིའི་གཙོ་མོ་མ་གཅིག་རིག་འཛིན་ཆོས་ཉིད་བཟང་མོ། དེས་བདག་ཀུན་བཟང་ཕྲིན་ལས་འགྲོ་འདུལ་རྩལ་ལམ། དྷརྨ་མ་ཏི་ལ་ཕྱི་མཐའ་གཟིགས་པའི་དབུགས་དབྱུང་དང་བཅས་དགྱེས་པ་ཆེན་པོས་རྗེས་སུ་བཟུང་ཞིང་ཁོ་བོ་ཙམ་མ་གཏོགས་རིག་པ་འཛིན་པའི་ས་ལམ་ཐོན་པོར་གཤེགས་པའི་སྐྱེས་བུ་ཆེན་པོ་ཤ་སྟག་བྱོན་པ་སྟེ། གནམ་ལ་རིག་འཛིན་གྱི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྱི་ཐིག་ཚོན་མ་ཡལ། བར་དུ་སྒྲུབ་རྫས་ཚོམ་བུའི་རྒྱ་མ་ཉམས། དམ་ཉམས་དང་འདྲེས་ཁྱེར་གྱིས་བསེ་བསླད་མ་ཞུགས། མ་དང་མཁའ་འགྲོའི་ཞལ་རླངས་ཐོ་ལེ་བའི་ཟབ་ཆོས་ཁྱད་པར་ཅན་མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་ཆོས་ཁ་ཞལ་ཕྱེ་བ་ཙམ་གྱིས་ཀྱང་ཐོབ་པའི་ལོ་རྒྱུས་རྨད་དུ་བྱུང་བ་ཇི་སྙེད་པ་བྱུང་དང་འབྱུང་བཞིན་པ་འདི་ཉིད་ལགས་ཏེ། དེ་ལ་སྤྱིར་དབང་གི་ངོ་བོ་ནི། ཐུགས་

p. 441

ཐིག་ལས། རྒྱུ་གཉིས་རྐྱེན་བཞི་ཡན་ལག་སྙེད། །དྲུག་ལ་གནས་པའི་ཐོབ་བྱ་སྟེ། །ངོ་བོ་ཉིད་ཀྱི་རྣམ་པར་བཤད། །ཅེས་གསུངས་པ་ལྟར། རྒྱུ་གཉིས་དང་། རྐྱེན་བཞི་ཚོགས་པ་ལ་བརྟེན་ནས་དབང་གི་ཡེ་ཤེས་ཐོབ་བྱའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ལས་ཀྱི་བདག་ཉིད་ཅན་ཡིན་ལ། ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན་མངོན་པར་གཏོར་བ་ཞེས་བྱ་སྟེ། དངོས་སུ་ལུས་ངག་ཡིད་གསུམ་གྱི་དྲི་མ་ཁྲུད་པ་དང་། བརྒྱུད་ནས་སྐལ་བར་འཇོག་པ་ལ་འཇུག་སྟེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་གསུངས། དབྱེ་བ་རྒྱུད་སྡེ་བཞི་དང་འབྲེལ་བའི་རྣམ་བཞག་མཐའ་ཡས་ཀྱང་། སྐབས་སུ་བབ་པ་གསང་བ་བླ་མེད་ཀྱི་ཕྱོགས་སུ་གཏོགས་པའི་དབང་ལ། སྙིང་པོའི་རྒྱུད་ཕྱི་མ་ལས། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་པའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་པས་དབང་བཞིར་འགྱུར། །དེའི་རྒྱུ་མཚན་ཀྱང་། དབང་བཞི་བསྐུར་བའི་ནུས་པས་སྦྱང་བྱ་ལུས་ངག་ཡིད་གསུམ་ཆ་

p. 442

མཉམ་དང་བཅས་པའི་དྲི་མ་བཞི་ཡོད་པ། དེ་སྦྱོང་བྱེད་ཀྱི་ལམ་བསྐྱེད་པའི་རིམ་པ་དང་། གཏུམ་མོ། ཕོ་ཉའི་ལམ། དེ་ཁོ་ན་ཉིད་རྫོགས་པ་ཆེན་པོ་དང་བཞིས་སྦྱངས་པས། སྦྱངས་འབྲས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་མངོན་དུ་བྱེད་པའི་ཕྱིར་དབང་བཞིར་ངེས་པ་ལས། འདིར་ནི་དགོས་པ་དེ་ལྡན་གྱི་དབང་བཞི་རྗེས་འབྲེལ་དང་བཅས་པ་བསྐུར་བའི་རིམ་པ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་སྔོན་དུ་གྲུབ་ནས། དངོས་གཞིའི་ཆོ་ག་ལའང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། རྡོ་རྗེ་སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་ནི་བདག་མདུན་གྱི་དཀྱིལ་འཁོར་སྒོམ་ཞིང་སྒྲུབ་པ། བདག་ཉིད་འཇུག་ཅིང་དབང་བླང་བ། སྲུང་མའི་དབང་པོ་རྣམས་ལ་མཆོད་གཏོར་ཕུལ་ནས་ཆོས་ཀྱི་སྐལ་བ་བྱེད་པ་ལ་བར་ཆད་མི་འབྱུང་བའི་གནང་བ་ཞུ་བ་སོགས་བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་ལྟར་ཆད་ལྷག་མེད་པ་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་དབང་བསྐུར་བའི་ཆོ་ག་

p. 443

གཉིས་ཡོད་པ་ལས་འཇུག་པའི་སྐབས་སུ་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་གཉིས་ལས། ཕྱི་འཇུག་གི་ཡན་ལག་ཁྲུས་དང་། བགེགས་བསལ་ཅིང་བསྲུང་འཁོར་སྒོམ་པ་སོང་ནས། འདིར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྗོངས་ཏེ་དཀྱིལ་འཁོར་གྱི་ལྷ་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ། ཞེས་མིག་དར་འཆིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མི་རུང་བས་ཕྱག་རྟེན་ཨུ་དུམ་ཝཱ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུཾ། ཞེས་མེ་ཏོག་གཏད། དེ་ནས་གསོལ་བ་འདེབས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་

p. 444

འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བཅོམ་ལྡན་འདས་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་བཞུགས་པ་ལ་མི་ཕྱེད་པའི་དད་གདུང་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་བཟློས་མཛོད། ཀྱེ་ཧོ། བླ་མ་སངས་རྒྱས་ཀུན་གྱི་རྗེ༔ དབང་གི་བདག་ཉེད་ཆེ་བའི་མཆོག༔ བདག་ཅག་གསང་བའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཅེས་ལན་གསུམ་ཞུས་པའི་ལན་དུ་སློབ་དཔོན་གྱིས། ཧོ། བུ་ཁྱོད་སུ་ཡིན་དཀྱིལ་འཁོར་དུ༔ འཇུག་པ་སླ་སྟེ་ཉེས་དམིགས་ཆེ༔ སྐལ་མེད་གང་ཞིག་ཕྱིར་དེངས་ཤིག༔ བླ་མ་ལྷ་དང་མཆེད་ལྕམ་ལ༔ དམ་ཚིག་ཚུལ་བཞིན་སྲུང་གྱུར་ན༔ ཚུར་ཤོག་དབང་དུ་སྨིན་པར་བྱ༔ ཞེས་གནང་བ་བྱིན་པར་མོས་ཤིག །དེ་ནས་སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་དུས་འདི་ནས་བཟུང་བྱང་

p. 445

ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། སྐྱབས་ཡུལ་དཀོན་མཆོག་བདེ་གཤེགས་གསུམ༔ དངོས་གྲུབ་རྩོལ་མཛད་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྐྱབས་སུ་མཆིའོ་བྱིན་གྱིས་རློབས༔ ལན་གསུམ། དེ་ནས་མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་པར་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་གཏན་གྱི་བདེ་བ་ལ་དགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། ཧོ། དབྱིངས་རིག་ངོ་བོ་མ་བཅོས་པའི༔ གཅིག་ཏུ་ཤར་བ་སྙིང་རྗེའི་ཡུལ༔ ཅིར་སྣང་མ་གྱུར་སངས་རྒྱས་ཞིང་༔ བྱང་ཆུབ་ལམ་ལ་སེམས་མཆོག་བསྐྱེད༔ ལན་གསུམ། དེ་ལྟར་སྐྱབས་སུ་འགྲོ་བ་ནི་ཉན་རང་དང་། སེམས་བསྐྱེད་པ་ནི་ཕར་ཕྱིན་ཐེག་པ་དང་ཐུན་མོང་ཡིན་པས་དེ་གཉིས་ཐུན་མོང་གི་སྡོམ་པ་བཟུང་བ་ཡིན། དེ་ནས་ཚོགས་བསགས་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་

p. 446

འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་ཡི་རང་བ། མྱ་ངན་མི་འདའ་བར་གསོལ་བ་གདབ་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དགེ་ཚོགས་བླ་མེད་ཀྱི་བྱང་ཆུབ་ཏུ་བསྔོ་བ་སྟེ་ཚིག་ཕྱིར་ཐུགས་གཞོལ་བའི་ངང་ནས་ཡན་ལག་བདུན་པ་འདིའི་རྗེས་བཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ལན་གསུམ། དེ་ནས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང་། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལུས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་སྒྲུབ་པའི་ཕྱིར། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་མ་ལུས་པ་བཟུང་བར་བྱ་སྙམ་པའི་འདིའི་རྗེས་ཟློས་མཛོད། ཧཱུཾ། བླ་མ་ཡི་དམ་ལྷ་

p. 447

ཚོགས་དགོངས༔ ཕྱི་ནང་ཐེག་པའི་སྡོམ་པ་དང་༔ རྩ་གསུམ་བདག་གིས་ཡང་དག་བསྲུང་༔ སྔོན་གྱི་འགལ་འཕྲུལ་དམ་ཉམས་བཤགས༔ ཕྱིན་ཆད་མི་བགྱིད་གནོང་འགྱོད་དོ༔ སེམས་ཅན་ཀུན་གྱི་དོན་འགྲུབ་ཕྱིར༔ བདག་གི་སྡོམ་པ་རྣམ་དག་ཤོག༔ ལན་གསུམ། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེས་མཚན་པར་བསྒོམས་ལ་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་མོས་ཏེ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། རྡོ་རྗེ་མེ་ཏོག་དང་བཅས་སྙིང་གར་བཞག་ལ་སེམས་བསྐྱེད་པ་དེ་བརྟན་པར་བྱས་པར་མོས་ཤིག །སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ༔ གསང་བའི་དེ་ཁོ་ན་ཉིད་བསྒོ་བའི་དོན་ཐུགས་ལ་ངེས་པ་མཛོད་ཅིག དེ་ནས་སློབ་དཔོན་གྱིས་དབྱེ་རྒྱ་དང་བཅས་ཏེ། ཛཿཧཱུཾ་བཾ་ཧོཿཔྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་གྱི་སྒོ་བཞི་ཕྱེ་བར་གྱུར། ཞེས་བརྗོད་ལ་ཡོལ་བ་བསལ། ཁྱེད་རང་རྣམས་ལས་ཀྱི་རྡོ་རྗེའི་ཕྱག་

p. 448

གི་རྡོ་རྗེ་ལ་འཇུས་ཏེ་ཚད་མེད་བཞིའི་འཇུག་པས་བསྐོར་ཕྱོགས་སུ་དཀྱིལ་འཁོར་གྱི་སྒོ་བཞི་དང་། སླར་ཡང་ཤར་སྒོ་ནས་ཞུགས་པའི་མོས་པ་མཛོད། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་སྟེ། ཧཱུཾ་ཛཿ དེ་ལྟར་དཀྱིལ་འཁོར་གྱི་ཤར་སྒོའི་ནང་གི་ཁྱམས་ལ་གནས་པའི་གནས་གསུམ་དུ་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་མཛོད། ཨོྃ་ན་མ་སྟེ་ཧཱུཾ། ཨོཾ་ན་མ་མེ་ཧཱུཾ། ཨོཾ་ན་མོ་ན་མ་ཧཱུཾ། དེ་བཞིན་གཡས་བསྐོར་གྱིས་ལྷོའི་ཁྱམས་ལ་གནས་པ་སོགས་ཕྱོགས་བཞི་ནས་སྔར་ལྟར་ཕྱག་བྱ། དེ་དག་ནི་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སླད་དུ་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས། དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧོ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ སྔོན་གྱི་ལས་སད་འཁྲུལ་པ་ཞིག༔ དལ་དུ་གཞུག་ཅིང་ཡེ་ཤེས་དབབ༔ དངོས་གྲུབ་མ་ལུས་ཁྱེད་ཀྱིས་ཐོབ༔ ཅེས་བརྗོད། གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་གཏུགས་ལ། ཧོ། ཚུལ་བཞིན་མིན་ལ་སྨྲ་བ་དང་༔ དམ་ཚིག་ཉམས་ན་དམྱལ་བར་ལྟུང་༔ འདི་སྨྲས་ཡེ་ཤེས་ལྷ་

p. 449

དང་བྲལ༔ ཚུལ་གནས་ལྷ་དང་གཉིས་སུ་མེད༔ དེ་བས་སྙིངནས་བྲོ་བོར་ཞིག༔ བཛྲ་ས་མ་ཡ་ཨི་དན་སིདྡྷི་ཧཱུཾ༔ གསུམ་པ་ཁེ་ཉེན་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། བུམ་བའི་ཆུ་དང་ནང་མཆོད་ནས་བདུད་རྩི་དུང་ཆོས་སུ་བླུག་པ་བྱིན་ལ། ཧཱུཾ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ༔ བསྲུངས་ན་དངོས་གྲུབ་ཐམས་ཅད་ཐོབ༔ ཉམས་ན་ན་རཀ་དམྱལ་བར་འགྲོ༔ དེ་བས་དམ་བསྲུང་ཆུ་འདི་འཐུངས༔ ཨོཾ་ཨ་མྲྀ་ཏ་ཨུ་ད་ཀ་ཋ༔ དེ་ལྟར་ཆུ་དེ་ལྕེ་ལ་བཞག་ཀྱང་སྙིང་གི་དཀྱིལ་དུ་བབས་ཏེ། གལ་ཏེ་དམ་ཚིག་ལས་འདས་ན་བཛྲ་ཡཀྵ་ཀྲོ་དྷ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབས་པས་མཐོང་ཆོས་སུའང་ཚེ་ཐུང་ཞིང་ནད་མང་བ། ཕྱི་མར་དམྱལ་བའི་གནས་སུ་ལྟུང་ནས་ཉམ་ཐག་ལ། དམ་ཚིག་བསྲུངས་ན་ལྷ་ཡེ་ཤེས་སེམས་དཔར་གྱུར་ནས་རྟག་ཏུ་བྱིན་གྱིས་རློབ་ཅིང་འདི་ཕྱིའི་ཕན་བདེ་མ་ལུས་པ་སྟེར་བར་འགྱུར་རོ། ཞེས་བརྗོད། བཞི་པ་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧཱུཾ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་གྱི༔

p. 450

ང་ཡིས་ཇི་ལྟར་བསྒོ་བ་བཞིན༔ ཁྱེད་ཀྱིས་ནམ་ཡང་བཅག་མི་རུང་༔ ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བརྗོད། དེ་ལྟར་དམ་ལ་བཞག་པ་བཞིའི་སྒོ་ནས་རྒྱུད་བརྟན་པར་བྱས་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་བྱས་ལ། ཨེ་མ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ ཐུགས་རྗེ་བརྩེ་བས་རབ་དགོངས་ནས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་ཡེ་ཤེས་དབབ་ཏུ་གསོལ༔ ཅེས་ལན་གསུམ་བྱ། དེ་ལྟར་གསོལ་བ་བཏབ་པས་ཡེ་ཤེས་དབབ་པའི་སླད་དུ། ཁྱེད་རང་རྣམས་ལུས་ཀྱི་གནད་སྐྱིལ་ཀྲུང་དྲང་པོར་སྲོངས། ངག་གནད་རླུང་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པའི་སྒོ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་ཤ་ཁྲག་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་ལ་རླངས་ཡལ་བ་ལྟར་མི་དམིགས་པ་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་ཁྱེད་རང་རྣམས་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་ལ་སྔོ་

p. 451

མདངས་འཚེར་ཞིང་། ཞལ་གཅིག་ཕྱག་གཉིས། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ་ཁྲོ་འཛུམ་སྤྱན་གསུམ་ཕྱོགས་བཅུར་གཟིགས་ཤིང་། དབུ་སྐྲ་གྱེན་དུ་གཡེངས་པར་ཐོད་སྐམ་རིགས་ལྔའི་རྩེ་ཕྲན་གྱིས་བརྒྱན་པའི་སྤྱི་གཙུག་རྟ་གདོང་ཧཱུཾ་སྒྲ་ལྡིར་བ། ཕྱག་གཡས་རྡོ་རྗེ་དང་ཐོ་བ། གཡོན་ཐོད་ཁྲག་ཕུར་བུ་འཛིན་པ། སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ་བའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྔོ་དམར་མདངས་ཅན་གཅེར་བུ་གཞོན་ཚུལ་ལང་ཚོ་རྒྱས་ཤིང་སྐྲ་གྲོལ་བར་ཕྱག་རྒྱ་ལྔས་བརྒྱན་པ་ཆགས་པའི་སྤྱན་གསུམ་ཡབ་ལ་གཟིགས་ནས་ཕྱག་གཉིས་ཤེལ་བུམ་དང་གཏེར་སྒྲོམ་འཛིན་པས་ཞབས་གཉིས་ཡབ་ལ་འཁྱུད་ཅིང་། སྤྱི་གཙུག་ཕག་གདོང་ཕེཾ་སྒྲ་སྒྲོགས་པ་ཡབ་ཡུམ་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བདེ་བ་ཆེན་པོའི་འོད་ཟེར་འཕྲོ་བཞིན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པའི་དབུས་སུ་ཧྲཱིཿཡིག་སྔོ་དམར་འོད་འཕྲོ་བཞིན་པར་སེམས་རྩེ་གཅིག་ཏུ་གཏོད་མཛོད། དེ་ནས་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་ཡབ་

p. 452

ཡུམ་སྙོམ་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་ནམ་མཁའ་གང་བ་དང་། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་ཚད་མེད་པས་ཐུགས་དམ་བསྐུལ་པས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་ཆེན་རྟ་ཕག་ཡབ་ཡུམ་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། འཇའ་ཐིག་འོད་ཟེར་གྱི་རྣམ་པ་དཔག་ཏུ་མེད་པའི་ཆར་ཆེན་པོ་བབ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས་མཛོད། ཅེས་བྱས་ལ་འབེབས་པའི་རྫས་བསྲེག །དབྱངས་དང་རོལ་མོས་བསྐུལ་ལ། ཧྲཱིཿ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ གཉིས་མེད་ཡུམ་མཆོག་རྡོ་རྗེ་ཕག་མོ་ཉིད༔ བདེ་གཤེགས་སྤྱི་འདུས་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས༔ བྱིན་རླབས་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་༔ ཐུགས་རྗེས་བརྩེར་དགོངས་གནས་འདིར་བྱིན་ཆེན་ཕོབ༔ སྐལ་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་

p. 453

རྩོལ༔ ཨོཾ་བཛྲ་ཀྲོ་དྷ་པ་ཏེ་པ་ཏེ་ཧཱུྃ་ཕཊ༔ ཅེས་རྩ་སྔགས་དང་། ཛྙཱ་ན་ཨ་བེ་ཤ་ཡ་ཨ། ཞེས་བྱིན་དབབ་ལ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབབ་པ་དེ་དག་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་སྭཱ་ཧཱ༔ ཞེས་བརྗོད་ལ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །སྔར་བྱིན་པའི་མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་དབུ་གཙུག་ཏུ་ཕུལ་བར་མོས་ལ་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་འདིར་ལྟོས་པ་མེད་པར་དོར་མཛོད། ཨེ་མ། ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་དོར་བས༔ ཚེ་རབས་སྔོན་ནས་སྦྱངས་པ་ཡི༔ འབྲེལ་པ་གང་ཡོད་ལྷ་དེར་སྤྲོད༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་མེ་ཏོག་ཕུལ། མེ་ཏོག་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོས་བཞེས་ཏེ་སླར་ཡེ་ཤེས་ཀྱི་ཅོད་པན་དུ་བྱིན་གྱིས་བརླབས་ནས་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་བཅིངས་པའི་མོས་པ་མཛོད་ཅིག ཧཱུཾ། རྟ་ཕག་ཡབ་ཡུམ་དཀྱིལ་འཁོར་དུ༔ མེ་ཏོག་ཕུལ་བས་རབ་མཉེས་ཏེ༔ སྐུ་གསུང་ཐུགས་ལས་བྱུང་བ་ཡིས༔ དངོས་གྲུབ་དམ་པ་ཁྱེད་ལ་སྦྱིན༔ ཀཱ་ཝཱ་ཙི་པྲ་ཏི་གྷྲྀ་ཧྞ་ཧི་མཾ་སརྦ་མ་ཧཱ་པ་ལ༔ ཞེསམེ་ཏོག་གནས་གསུམ་དུ་གཏུགས་ལ། མེ་ཏོག་

p. 454

གང་དུ་ཕོག་ཀྱང་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་ཡེ་ཤེས་རང་སྣང་ཁོ་ན་ལས་གུད་དུ་མ་གྲུབ་པས་ན། ཁྱེད་རང་རྣམས་ཀྱི་གསང་མཚན་རྡོ་རྗེ་པདྨ་དབང་ཆེན་རྩལ་ཞེས་བྱ་བ་ཡིན་ནོ། །བུད་མེད་ལ་རྡོ་རྗེ་པདྨ་དབྱིངས་ཕྱུག་རྩལ་བསྒྱུར། ཞེས་མེ་ཏོག་མིང་གི་དབང་བསྐུར་བྱིན། དེ་ནས་མ་རིག་པའི་ལིང་ཏོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད་ཅིག ཧོཿ ང་ནི་ཡེ་ཤེས་རིག་པའི་རྒྱལ༔ ཁྱེད་ཀྱི་མ་རིག་ཆུ་བུར་མིག༔ ཐུགས་རྗེ་ཐབས་ཀྱི་ཐུར་མས་བསལ༔ བུ་ཁྱེད་ཡི་དམ་ལྷ་ཞལ་ལྟོས༔ ཙཀྵུ་པྲ་ཝེ་ཤ་ཡ་ཧོཿ མིག་ངང་བསལ། གདོང་གཡོགས་དང་ལྷན་སྐྱེས་སྒྲིབ་པའི་མུན་པ་ཆབས་ཅིག་ཏུ་བསལ་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་གསར་དུ་ཐོབ་པ་དེ་ལ་མཐོང་བར་བསྟན་པར་བྱ་སྟེ། ཧོ༔ རིགས་ཀྱི་བུ་རྣམས་དཀྱིལ་འཁོར་ལྟོས༔ འདི་ནི་ཐར་པ་མཆོག་གི་ལྷ༔ འདི་མཐོང་སྒྲིབ་གཉིས་ཀུན་བྱང་ནས༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ཞེས་བལྟ་བར་བསྐུལ་ཏེ་སྤྲོ་བ་བསྐྱེད་ནས། འདི་ནི་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་བཞུགས་པ་མཚན་མའི་རྟེན་རང་སྣང་དབྱེར་མེད་ཀྱི་དཀྱིལ་འཁོར་དུ་མངོན་པར་

p. 455

གསལ་བ་གཟུགས་བརྙན་འདིས་མཚོན་པ་ཡིན་ཏེ། དེ་ཡང་གཉིས་འཛིན་གྱི་རྟོག་པ་བསལ་བའི་བརྡར། ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དེའི་ནང་དུ་མི་རྟོག་པའི་ཡེ་ཤེས་ཅིས་ཀྱང་མི་ཤིགས་པའི་བརྡར་རྡོ་རྗེའི་རྭ་བ་ཚོགས་བརྒྱད་གནས་སུ་དག་ཅིང་སྒྱུ་མའི་དཔེ་བརྒྱད་མཚོན་པའི་བརྡར་དུར་ཁྲོད་ཆེན་པོ་བརྒྱད། འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་ཕྲེང་བ། ཆོས་ཉིད་རང་བཞིན་གྱི་འོད་གསལ་བའི་བརྡར་ཉི་གདན། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའི་བརྡར་འོག་གཞི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་བྱའི་རེ་བ་སྐོང་བའི་བརྡར་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་ལས་གྲུབ་པ། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་བརྡར་གྲུ་བཞི་པ། ཡེ་ཤེས་བཞིའི་བརྡར་སྒོ་ཁང་སོགས་ཕྱོགས་མདོག །ཚད་མེད་བཞིས་བདེ་བ་ཆེན་པོར་འདྲེན་པའི་བརྡར་སྒོ་བཞི། ཐེམ་སྐས་བརྒྱད་ནི་ལམ་སྟེགས་ཀྱི་ཐེག་པ་བརྒྱད། རྟ་བབ་བཞི་ནི་བསྡུ་བའི་དངོས་པོ་བཞི། ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བའི་བརྡར་ཆོས་ཀྱི་འཁོར་ལོ།

p. 456

རྟོག་པའི་མཚན་མས་དབེན་པའི་བརྡར་རི་དྭགས་ཕོ་མོ། དྲན་པ་ཉེ་བར་བཞག་པ་བཞི་མཚོན་པའི་བརྡར་འདོད་སྣམ་དུམ་བུ་བཞི། རྟ་བབ་འདེགས་བྱེད་ཀྱི་ཀ་བ་བཞི་ནི་ཡང་དག་སྤོང་བ་བཞི། སྒོ་ཁང་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ནང་ནས་རིམ་བཞིན་དམར་དཀར་སེར་སྔོ་ལྗང་བའི་རྩིག་པ་ལྔ་ནི་དབང་པོ་ལྔ། ཕ་གུ། བྲེ་ཕུལ། ཤར་བུ། མདའ་ཡབ། འཕྱུར་བུ་ལྔ་ནི་སྟོབས་ལྔ༔ རིན་པོ་ཆེའི་དྲྭ་བ་དང་། དྲྭ་ཕྱེད། མེ་ཏོག་ཕྲེང་བ། དར་དཔྱང་། མེ་ལོང་། ཟླ་གཟུགས། རྔ་ཡབ་སྟེ་རྒྱན་རྣམས་ནི་འཕགས་ལམ་བརྒྱད། ཀ་གཞུ་རྣམས་ནི་རྣམ་པར་ཐར་པ་བརྒྱད། གདུང་བཞི་ནི་མི་འཇིགས་པ་བཞི། ནང་ལྕམ་ཉེར་བརྒྱད་ནི་སྟོང་ཉིད་བཅོ་བརྒྱད་དང་། ཕར་ཕྱིན་བཅུ། འཕྱུར་བུའི་ཀ་བ་བཞི་ནི་སོ་སོ་ཡང་དག་པའི་རིག་པ་བཞི། རྩེ་མོའི་ཏོག་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བ། ཆོས་ཉིད་རྣམ་པར་དག་པའི་བླ་བྲེ། འགྲོ་བ་སྐྱོབ་པའི་གདུགས། སྙིང་རྗེ་ཆེན་པོའི་བ་དན། བདུད་ལས་རྒྱལ་པའི་རྒྱལ་མཚན། སྟོང་ཉིད་ཀྱི་ཆོས་སྒྲ་སྒྲོགས་པའི་དྲིལ་བུ་སོགས་མ་འདྲེས་

p. 457

ཤིང་མི་སྒྲིབ་པ་གསལ་བའི་ནང་དུ། སྙིང་པོའི་ཕོ་བྲང་གི་ནང་ཆོས་དབྱིངས་ཡེ་ཤེས་མཚོན་པའི་ཟླ་གམ་མཐིང་གའི་དབུས་སུ་རྣམ་ཐར་སྒོ་གསུམ་གྱི་འགྲོ་བའི་དོན་ལྷུན་གྲུབ་རྒྱུན་མི་ཆད་དུ་འབྱུང་བའི་བརྡར་ཆོས་འབྱུང་གྲུ་གསུམ་པ། ནང་གི་གཞི་དམར་པོས་ཁྱབ་པ་ནི་པདྨའི་རིགས་སུ་སྣང་བ། དེའི་དབུས་སུ་མ་ཆགས་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་འདབ་བརྒྱད་གེ་སར་ཟིལ་ཕོ་དང་བཅས་པ། ཐུགས་རྗེའི་འོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཀུན་ལ་སྙོམས་ཤིང་མ་རིག་པའི་མུན་པ་སེལ་བའི་བརྡར་ཉི་མའི་གདན། བྱང་ཆུབ་ཀྱི་སེམས་རྒྱུན་ཆད་མེད་པའི་སྙིང་རྗེས་ཟག་མེད་ཀྱི་ཐུགས་རྒྱུད་ཡོངས་སུ་གང་བའི་བརྡར་ཟླ་བའི་གདན། དེ་དག་ནི་རྟེན་གཞལ་ལས་ཁང་གི་དོན་རྟགས་སོ། །བརྟེན་པ་ལྷའི་དོན་རྟགས་ནི། དཀྱིལ་འཁོར་གྱི་དབུས་སུ་ཐབས་མཆོག་རང་རིག་ཡེ་ཤེས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྣང་

p. 458

བརྙན་དུ་བཞེངས་པ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་སྤྱི་གཟུགས་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབང་གི་རྒྱལ་པོ། དེ་ཡང་འདོད་ཆགས་རྣམ་པར་དག་པ་བདེ་ཆེན་འགག་མེད་ཀྱི་ཆོ་འཕྲུལ་ལས་རང་བྱུང་ཞིང་ཆགས་པ་ཆེན་པོས་འགྲོ་བ་རྣམས་དབང་དུ་སྡུད་ཅིང་འདུལ་བའི་བརྡར་སྐུ་མདོག་དམར་པོ། ཆོས་དབྱིངས་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་གྱུར་པའི་བརྡར་སྔོ་མདངས་འཚེར་བ། ཞེ་སྡང་ཅན་རྣམས་འདུལ་ཞིང་གཉིས་མེད་ཡེ་ཤེས་ཀྱིས་མཚན་འཛིན་གྱི་རྟོག་པ་ཚར་གཅོད་པའི་བརྡར་ཡིད་ཙམ་ཁྲོ་བ། གཏི་མུག་ཅན་རྣམས་འདུལ་ཞིང་ཞི་བའི་ཕྲིན་ལས་ལ་དབང་འབྱོར་བ་དང་། འགྲོ་བའི་རེ་བ་མ་ལུས་པ་སྐོང་བའི་བརྡར་འཛུམ་པའི་མདངས་དང་ལྡན་པ། ཆོས་རྣམས་རོ་གཅིག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཉག་ཅིག་ལས་ཤར་བའི་བརྡར་ཞལ་གཅིག་པ། དུས་གསུམ་ཆགས་ཐོགས་མེད་པར་གཟིགས་ཤིང་མཐའ་བྲལ་འགྲོ་བ་འདྲེན་པའི་བརྡར་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། ཚོགས་གཉིས་མཐར་ཕྱིན་འབྲས་བུ་སྐུ་གཉིས་ཐོབ་པའི་བརྡར་ཕྱག་གཉིས་ཀྱི་གཡས་པས་གཉིས་སྣང་གི་རྟོག་ཚོགས་ལས་བྱུང་བའི་དམ་སྲི་བགེགས་དཔུང་འཇོམས་པའི་བརྡར་རྡོ་རྗེ་ཐོ་བ་དང་། གཡོན་ཟུང་འཇུག་བདེ་སྟོང་དུ་རོལ་ཞིང་བདུད་བཞི་བཅོམ་པའི་བརྡར་ཐོད་པ་ཁྲག་གིས་གང་

p. 459

བ་དང་། ཕུར་པ་འཛིན་པ། ཟུང་འཇུག་རྡོ་རྗེའི་ཏིང་ངེ་འཛིན་ལ་ནམ་ཡང་འགྱུར་བ་མེད་པའི་བརྡར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། གཟུང་འཛིན་གྱི་རྟོག་ཚོགས་དབྱིངས་སུ་གྲོལ་ནས་མྱང་འདས་ཀྱི་གོ་འཕང་མཐར་ཕྱིན་པའི་བརྡར་དབུ་སྐྲ་ཁམས་སེར་གྱེན་དུ་གཡེང་བ། སྲིད་གསུམ་ཟིལ་གྱིས་གནོན་པའི་བརྡར་རྟ་མགོ་ལྗང་ནག་ཧཱུཾ་སྒྲ་ལྡིར་བ། ཡེ་ཤེས་ལྔའི་རང་གཟུགས་རིགས་ལྔར་ཤར་ཏེ་འགྲོ་དོན་རྒྱུན་མི་ཆད་པའི་བརྡར་ཐོད་སྐམ་ལྔའི་དབུ་རྒྱན། མཁྱེན་པའི་སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཆེན་གྱི་ཀོ་རློན། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཀྱི་སྟོད་གཡོགས་དང་། ང་རྒྱལ་བཅོམ་པའི་སྟག་ལྤགས་ཀྱི་ཤམ་ཐབས། ཕྲག་དོག་བཅོམ་པའི་སྦྲལ་གྱི་ཆུན་པོ་དང་ཐོད་པ་སྐམ་རློན་གྱི་ཕྲེང་བ་དང་གཞན་ཡང་སྣང་སྟོང་གི་ཆ་ལུགས་ཡོངས་རྫོགས་རང་ལ་རྫོགས་པའི་བརྡར་ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་དང་། ཕར་ཕྱིན་དྲུག་རྫོགས་པའི་བརྡར་རུས་པའི་རྒྱན་དྲུག་གིས་བརྒྱན་པའོ། །དེའི་པང་དུ་ཤེས་རབ་སྟོང་པ་ཉིད་ཀྱི་རང་རྩལ་

p. 460

ཆེ་བའི་ཡོན་ཏན་གྱི་ཡེ་ཤེས་མ་འགགས་པའི་བརྡར་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་སྔོ་དམར། མཚན་འཛིན་གྱི་སྒྲིབ་གཡོགས་བྲལ་བའི་ཕྱིར་གཅེར་བུ། དགའ་བ་བཅུ་དྲུག་མཐར་ཕྱིན་པའི་བརྡར་བཅུ་དྲུག་ལོན་པའི་ལང་ཚོ་རྒྱས་པ། དབྱིངས་ལས་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའི་བརྡར་སྐྲ་གྲོལ་ཞིང་མི་རུས་ལས་གྲུབ་པའི་དབུ་རྒྱན་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན། དེ་བཞིན་དུ་རྣ་ཆ་སོར་རྟོག །མགུལ་རྒྱན་མཉམ་ཉིད། ཕྱག་ཞབས་ཀྱི་གདུབ་བུ་མེ་ལོང་། སྐ་རགས་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་ཏེ་ཕྱག་རྒྱ་ལྔ་ཡིས་མཚན་པ། ཐབས་ཤེས་ཕྱོགས་རེ་བ་མ་ཡིན་པ་ཟུང་འཇུག་གཉིས་མེད་ཀྱི་བརྡར་ཞལ་གཅིག་མ། དུས་གསུམ་གཟིགས་ཤིང་ཆགས་ཅན་ཁམས་གསུམ་དབང་དུ་སྡུད་པའི་བརྡར་རྗེས་ཆགས་ཀྱི་སྤྱན་གསུམ་ཡབ་ལ་གཟིགས་པ། ཚེའི་དངོས་གྲུབ་རྩོལ་བའི་བརྡར་ཕྱག་གཡས་ཤེལ་བུམ་དང་། དགོས་འདོད་རྩོལ་བའི་བརྡར་གཡོན་པས་གཏེར་སྒྲོམ་འཛིན་པ། རང་སྣང་ཡབ་ཡུམ་འདུ་འབྲལ་མེད་པའི་བརྡར་ཡབ་ཀྱི་མགུལ་ནས་འཁྱུད་པ། བདེན་གཉིས་མཚོན་པའི་ཞབས་གཉིས་པདྨོའི་འདུག་སྟངས་ཀྱིས་འཁྱུད་ཅིང་

p. 461

དགའ་བཞིའི་བདེ་བ་ཆེན་པོར་རྟག་ཏུ་སྤྱོད་པའི་བརྡར་རྡོ་རྗེ་པདྨར་རོལ་པ། འགྲོ་བ་སོ་སོའི་སྐད་དུ་ཆོས་སྒྲ་སྒྲོགས་པའི་བརྡར་སྤྱི་བོར་ཕག་གདོང་མཐིང་གས་ཕེཾ་སྒྲ་སྒྲོག་པའོ། ཡབ་ཡུམ་གཉིས་ཀྱི་མདུན་དུ་པདྨ་ཉི་ཟླའི་གདན་ལ་སྲས་མཆོག་སྐུ་མདོག་དམར་པོ་མགྲིན་པ་ཡན་ཆད་རྟ་མགོ་ལྗང་ནག །ཞུ་དཀར་པོ། ཁྲུམ་ཁྲུམ་སེར་པོ། རྔོག་མ་དམར་པོ་སྟེ་རྟ་སྐད་འཚེར་བ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེས་མཚན་པའི་ཐོ་བ་དང་། གཡོན་ཐོད་ཁྲག་ཕུར་བུ་འཛིན་པ། སྐུ་ལ་དུར་ཁྲོད་ཆས་གསོལ་བ། སྨད་གནམ་ལྕགས་ཕུར་བུའི་དབལ་ཤམ་ཅན་ཏེ། ཀུན་ཀྱང་ཞིང་བཅུ་ཚར་གཅོད་ཅིང་གཉིས་འཛིན་གྱི་བག་ཆགས་མ་ལུས་བསྲེག་པའི་བརྡར་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་གསལ་བའི་སྟེང་འོག་ཕྱོགས་མཚམས་སུ་འཇའ་ཟེར་འཁྲུགས་པའི་གསེབ་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་སྤྲིན་ལྟར་གཏིབས་པ། མ་ཚོགས་ཌཱ་ཀི་བྲན་དུ་འདུ་ཞིང་། དེའི་ཕྱི་རོལ་དུ་དཔའ་བོ་དཔའ་མོ་གིང་ཆེན་བཅོ་བརྒྱད་ལངྐ་ཚར་གསུམ་སོགས་དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་

p. 462

སེམས་ཉིད་རང་བྱུང་གི་ཡེ་ཤེས་འགག་མེད་སྒྱུ་འཕྲུལ་གྱི་རོལ་པར་འཆར་བའི་ཡེ་ཤེས་ཀྱི་སྣང་བརྙན་ཉིད་ད་རེས་མཚན་མའི་རྟེན་འདིས་མཚོན་ཏེ་བཅོམ་ལྡན་འདས་དཔལ་ཆེན་རྟ་ཕག་ཡབ་ཡུམ་གྱི་དཀྱིལ་འཁོར་མངོན་སུམ་བཞིན་དུ་མཐོང་བར་འགྱུར་སྙམ་པའི་མོས་པ་མཛོད། དེ་དག་ནི་ལྷ་དང་སྐལ་བ་མཉམ་པའི་ཕྱིར་དུ་འཇུག་པའི་ཆོས་རྣམས་སོང་ནས་ཞུགས་པའི་དཀྱིལ་འཁོར་དེར་མངོན་པར་དབང་བསྐུར་བའི་དོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་པའི་དད་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ། བླ་མ་གསང་སྔགས་ཆེ་བའི་མཆོག༔ བདག་སོགས་གསང་བའི་དཀྱིལ་འཁོར་དུ༔ དབང་བཞི་ཡོངས་སུ་རྫོགས་པ་དང་༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གསོལ་བའི་ལན་དུ། སློབ་དཔོན་གྱིས་འདི་སྐད་ཅེས། ཧོ། ཁྱེད་རྣམས་རྟ་ཕག་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་དང་གཉིས་སུ་མེད༔ བསྒྲུབ་འགྱུར་འདི་ལ་ཐེ་ཚོམ་མེད༔ སློབ་དཔོན་ལ་ནི་གུས་པ་བསྐྱེད༔ ཅེས་བརྗོད། དེ་ཡང་དབང་གི་ངོ་བོ་ཐོབ་བྱའི་ནུས་པ་ཁྱད་པར་ཅན་དེ་ནི་སྒྲུབ་གཞི་ཇི་ལྟ་བུ་ཞིག་ཡིན་ཞེ་ན།

p. 463

ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པས་ཡེ་ནས་འཁོར་འདས་མཉམ་པ་ཉིད་དུ་བཞུགས་པ་ནི་སྦྱང་གཞི། དེ་མ་རྟོགས་པའི་གློ་བུར་འཁྲུལ་རྟོག་གི་དབང་གིས་འཁོར་བར་སྣང་ཞིང་ཞེན་པ་འདི་དག་སྦྱང་བྱ། དེ་ཉིད་དྲི་མ་ཡིན་པའི་ཕྱིར་སྦྱང་དགོས་ལ། སྦྱོང་བྱེད་སྨིན་གྲོལ་གྱི་ལམ་ཟབ་མོ་བཞི་དང་རྗེས་སུ་མཐུན་པར་རྟོགས་གོམས་ཀྱི་སྦྱོར་བ་ལ་རང་བྱན་ཚུད་པ་ལས་མི་འདའ་བར་བསླབ་དགོས་པས། དེ་ཡང་བརྡ་སྤྲོད་པའི་ཚིག་གིས་མཚོན་ཏེ། དབང་དོན་གྱི་དག་བྱ་དག་བྱེད་ངོ་འཕྲོད་པར་བྱས་པས་སྦྱངས་འབྲས་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་ཐམས་ཅད་སྨིན་བྱེད་ཀྱི་དབང་མོས་གུས་བསྐྱེད་པ་ལ་བརྟེན་ནས་བསྒྲིག་དགོས་པ་ཡིན་ནོ་ཞེས་ངེས་ཤེས་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་སོང་ནས། འདིར་དབང་བསྐུར་བའི་རིམ་པ་དངོས་ལ་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། སློབ་དཔོན་སྐུ་རྡོ་རྗེའི་བདག་ཉིད་དུ་བཞུགས་པར་མོས་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་

p. 464

སུ་པདྨ་ཉི་མ་ཟླ་བའི་གདན་ལ་ཁྱེད་རང་རྣམས་རྟ་ཕག་ཡབ་ཡུམ་གྱི་རྣམ་པས་འཁོད་པའི་མོས་པ་མཛོད། བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའི་གནས་གསུམ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་བདུད་རྩིས་གང་བ་ཐོགས་ནས་དབང་བསྐུར་བའི་བྱ་བ་མཛད། འཁོར་གྱི་སེམས་དཔའ་སེམས་མ་ལྷ་དང་བླ་མ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་ལ་སོགས་པའི་མཆོད་རྫས་ཀྱིས་ཆར་འབེབ། ཕོ་ཉ་བཀའ་སྡོད་རྣམས་ཀྱིས་བགེགས་བསྐྲོད་པའི་སྦྱོར་བ་དང་བཅས་ཏེ་རྡོ་རྗེའི་བུམ་པ་ལྔ་ཚན་ལྔའི་བཅུད་དང་ལྡན་པས་དབང་བསྐུར་བས། རིགས་ལྔའི་རང་བཞིན་ཅན་གྱི་རིག་པའི་དབང་ལྔ་ཐོབ། ཉོན་མོངས་པ་དུག་ལྔའི་སྒྲིབ་པ་

p. 465

དག །ཕུང་པོ་ལྔ་རིགས་ལྔར་གནས་བསྒྱུར། ཡེ་ཤེས་ལྔ་མངོན་དུ་བྱས་པའི་མོས་པ་མཛོད་ཅིག ཧྲཱིཿ དག་བྱེད་ཡེ་ཤེས་བདུད་རྩི་ལྷ་ཡི་ཆུ༔ བདེ་གཤེགས་དབང་ཆེན་འདུས་པའི་བུམ་པ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕུང་ཁམས་ལྷ་ཡི་སྐུ་རུ་གྲོལ་བར་ཤོག༔ ཧྲཱིཿ པདྨ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊཿ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྤྱི་བོར་དབང་བསྐུར། བུམ་ཆུ་བླུད་དོ། དེ་ནས་བུམ་དབང་གི་རྗེས་འབྲེལ་དཔལ་ཆེན་པོའི་ཆས་དབང་ལུས་ལ་བཀོད་ཅིང་ཕྱག་མཚན་ལག་ཏུ་གཏད་པ་ནི། དུར་ཁྲོད་ཀྱི་ཆས་དངོས་སམ་ཙཀླི་ཐོགས་ལ། ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་ཚར་གཅོད་ཅིང་མ་མོ་རྣམས་དབང་དུ་བསྡུ་བའི་ཕྱིར་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་དབང་བསྐུར་བའི་མོས་པ་མཛོད་ཅིག། ཧྲཱིཿ ཐོད་སྐམ་དབུ་རྒྱན་ཞིང་གླང་གོས༔ རུས་རྒྱན་སྟག་ཤམ་མགོ་ཕྲེང་སྦྲུལ༔ ཁྲག་ཞག་ཐལ་ཆེན་མེ་དཔུང་གོ༔ སྐལ་ལྡན་བུ་ཡི་ལུས་ལ་བརྒྱན༔ བདུད་འདུལ་དཔལ་གྱི་ཆས་རྫོགས་ཤོག༔ ཨོཾ་པདྨ་ཙཎྜ་ཧ་ཡ་གྲྀ་ཝ་ཤ་མ་ཤཱན་ཀན་ཏི་ཀ་སརྦ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་ཆས་དབང་

p. 466

ལུས་ལ་བསྐོན་པས་དཔལ་ཧེ་རུ་ཀའི་གནས་ཐོབ་སྟེ་མ་མོ་དང་མཁའ་འགྲོ་ཡོངས་ཀྱི་རྗེ་བོར་མངའ་དབང་བསྒྱུར་བ་ཡིན་ནོ། །ཕྱག་མཚན་ཐོགས་ལ། ཧྲཱིཿ གདུག་པ་ཚར་གཅོད་རྡོ་རྗེ་ཐོ་བ་དང་༔ དངོས་གྲུབ་རྩོལ་བྱེད་ཐོད་ཁྲག་ཕུར་བུ་རྣམས༔ སྐལ་ལྡན་རིགས་ཀྱི་བུ་ཡི་ལག་ཏུ་གཏདཿ༔ དབང་བསྒྱུར་བརྟུལ་ཞུགས་ནུས་རྩལ་རྫོགས་པར་ཤོག༔ ཧྲཱིཿ པདྨ་ཙཎྜ་ཧ་ཡ་གྲྀ་ཝ་སརྦ་ཨ་བྷི་ཥིཉྩ་ཨ༔ ཞེས་ལག་ཏུ་གཏད་ཅིང་། དེ་ལྟར་ཕྱག་མཚན་ལག་ཏུ་གཏད་པ་ཙམ་གྱིས་གཟུང་འཛིན་རྟོག་ཚོགས་ཀྱི་སྣང་ཆ་ལས་བྱུང་བའི་དམ་སྲིད་རྒྱལ་འགོང་མ་རུངས་པའི་ཚོགས་མ་ལུས་པ་རྩད་ནས་གཞོམ་ཞིང་། བདུད་བཞི་བཅོམ་པའི་བཅུད་ཀྱིས་ཟུང་འཇུག་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་མོས་པ་མཛོད་ཅིག །དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་རྩ་ཡི་སྒྲིབ་པ་དག །ཕུང་པོའི་བདུད་བཅོམ། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་༔ རྒྱུའི་ས་བརྒྱད་པ་དང་སྐལ་བ་མཉམ་ཞིང་། ཞི་བའི་ལས་དང་རྣམ་སྨིན་རིག་འཛིན་འགྲུབ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་

p. 467

ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་ནི། སླར་ཡང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་འཁོད་པར་མོས་ཏེ། སློབ་དཔོན་གསུང་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་ཡབ་ཡུམ་ཏིལ་གྱི་གོང་བུ་བཞིན་གང་བར་བཞུགས་པའི་ཡབ་ཀྱི་གསང་གནས་ཧཱུཾ་ལ་རྡོ་རྗེ་ནོར་བུའི་བུ་གར་ཨོཾ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་བརྒྱད་དམར་པོའི་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པར་མོས་ཏེ་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་རོ་མཉམ་པའི་ལུས་དཀྱིལ་གྱི་ལྷ་ཚོགས་ཐམས་ཅད་ཀྱང་འདོད་ཆགས་ཆེན་པོའི་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བ་རྡོ་རྗེའི་རྩེ་མོར་འདུས་ནས་ལྷན་སྐྱེས་ཀྱི་བདེ་ཆེན་ཉམས་སུ་མྱོང་བར་མཛད་པའི་བྱང་སེམས་བདུད་རྩི་དཀར་དམར་རོ་གཅིག་ཏུ་འདྲེས་པར་མོས་པའི་དམ་རྫས་བྷནྡྷའི་ནང་དུ་གཏམས་པ་འདི་ཉིད་ཀྱིས་ཁྱེད་རང་རྣམས་ལ་དབང་བསྐུར་ཅིང་མྱང་བས། འཆིང་བྱེད་རྩ་ཡི་མདུད་པ་གྲོལ། གཡོ་བའི་རླུང་ལྔ་

p. 468

དབུ་མར་ཐིམ། ཐིག་ལེའི་འཕོ་བ་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་བརྟན་པར་བྱས་པར་མོས་ལ། བྷནྡྷ་བདུད་རྩིས་གང་བ་ཐོགས་ཏེ། ཧཱུྃ། ཆོས་སྐུ་སྣང་མཐའི་ངང་ལས་མ་གཡོས་ཀྱང་༔ ལོངས་སྤྱོད་རྫོགས་སྐུའི་སྣང་ཚུལ་ཅིར་ཡང་སྟོན༔ སྤྲུལ་སྐུ་ཁྲོ་རྒྱལ་དབང་ཆེན་ཡབ་ཡུམ་གྱིས༔ ཀུན་འདུས་བྱང་སེམས་བདུད་རྩིའི་དབང་ཐོབ་ཤོག༔ ཧྲཱིཿ པདྨ་ཙཎྜ་ཧ་ཡ་གྲཱྀ་ཝ་ཨ་ཧ་རི་ནི་ས་ར་ཙ་ཧྲི་ཡ་བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྐུར་ལ་བདུད་རྩི་བྱིན། གསང་དབང་གི་རྗེས་འབྲེལ་དུ་བཟླས་ལུང་བྱིན་པ་ནི། འཁོར་ལོ་ལྔ་དང་བཅས་པའི་རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་ཞིང་། བདེ་སྟོང་གི་ཡེ་ཤེས་འབར་བ་ལས་སློབ་དཔོན་དང་དཀྱིལ་འཁོར་གྱི་འཁོར་ལོ་ལྔའི་གཙོ་བོའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཐབས་ཤེས་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧྲཱིཿཡིག་སྔོ་དམར་འོད་ཟེར་འབར་བའི་མཐའ་བསྐོར་དུ་སྔགས་ཕྲེང་གིས་བསྐོར་བར་མོས་གུས་བསྐྱེད་པས་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས།

p. 469

ཞལ་ནས་ཐོན། ཁྱེད་རང་རྣམས་རྟ་ཕག་ཡབ་ཡུམ་དུ་གསལ་བའི་ཞལ་དུ་བཞུགས། ཐུགས་ཀར་ཟླ་སྟེང་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧྲཱིཿཡིག་སྔོ་དམར་འོད་ཟེར་འབར་བའི་མཐར་འཁོད་པ་ལས་འོད་ཟེར་འཕྲོས། སྲས་བཅས་རྒྱལ་བ་མཆོད་པས་མཉེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་འོད་ཟེར་སྣ་ལྔ་འཇའ་ཐིག་གི་རྣམ་པས་གནས་ལྔར་ཐིམ། སྒྲིབ་བཞི་དག །དབང་བཞི་གཅིག་ཅར་དུ་ཐོབ། ཡང་འོད་ཟེར་མཁའ་ཁྱབ་ཀྱི་སེམས་ཅན་ལ་ཕོག །ལས་ཉོན་བག་ཆགས་སྦྱངས། ཐམས་ཅད་ལྷ་སྔགས་ཆོས་སྐུར་བརྟས། སླར་འོད་ཟེར་འཕྲོས། །རྩ་གསུམ་རྒྱལ་བ་རབ་འབྱམས་སྔགས་སྒྲ་སྒྲོགས་བཞིན་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐུགས་སྲོག་སྔགས་ཕྲེང་ལ་ཐིམ་པས་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཀྲོ་དྷ་པ་ཏེ་པ་ཏེ་ཧཱུྃ་ཕཊ༔ ཞེས་གཙོ་བོ་ཡབ་ཡུམ་དང་། ཨོྃ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧཱུྃ་ཕཊཿ་༔ ཞེས་སྲས་མཆོག་གི་སྔགས་ཏེ། ལན་གསུམ་རེ་རྗེས་ཟློས་བྱར་གཞུག་སྟེ་བཟླས་ལུང་ཕོག །སྔགས་ཕྲེང་ལག་ཏུ་

p. 470

ཐོགས་ལ། ཨཱཿ སྐྱེ་མེད་གསལ་དྭངས་དྲན་འཛིན་ཞིག༔ སྔགས་བཟླས་ཆུ་བོའི་གཞུང་བཞིན་མཚུངས༔ གསལ་ཆ་མ་འགགས་ལྷ་སྔགས་དབང་༔ སྐལ་ལྡན་བུ་ཡིས་ཐོབ་པར་ཤོག༔ གོང་གི་རྩ་སྔགས་ཀྱི་ཤམ་བུར་དབྱངས་གསལ་རྟེན་སྙིང་སྦྲེལ་བ་བཟླ་བཞིན་དུ་ལག་ཏུ་གཏད། དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་བསྐུར་བ་ཐོབ། ངག་རླུང་གི་སྒྲིབ་པ་དག །ཉོན་མོངས་པའི་བདུད་འཇོམས། ཤ་ལྔ་བདུད་རྩི་ལྔ་ལ་བརྟེན་པ་དང་། བདག་བྱིན་བརླབ་པ་གཏུམ་མོའི་རྣལ་འབྱོར་སྒོམ་པ་ལ་དབང་། རྒྱུའི་ས་དགུ་པ་དང་སྐལ་བ་མཉམ་ཞིང་། རྒྱས་པའི་ལས་དང་ཚེ་དབང་རིག་འཛིན་གྲུབ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སླར་ཡང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་འཁོད་པར་མོས་ལ། སློབ་དཔོན་ཐུགས་རྡོ་རྗེའི་བདག་ཉིད་དུ་བཞུགས་པས་རང་སྣང་རེག་ན་བདེ་བའི་གཟུང་མ་སྣང་ལ་རང་བཞིན་མེད་པའི་མཚོན་བྱེད་དྭངས་ཤིང་གསལ་བའི་མེ་ལོང་སྙིང་གར་གཏད་པ་ལས། སློབ་མ་བཅོམ་ལྡན་འདས་རྟ་མགྲིན་

p. 471

དབང་གི་རྒྱལ་པོ་ཡབ་དང་། ཕྱག་རྒྱ་མ་རྡོ་རྗེ་ཕག་མོ་ཡུམ་དུ་གསལ་བས་གཉིས་ཀའི་ལུས་ཀྱི་རྩ་འཁོར་ལྔ་ལ་རང་འདྲའི་ལྷ་ཡབ་ལ་ཡབ་དང་། ཡུམ་ལ་ཡུམ་རྣམས་སོ་སོར་བསྐྱེད་པ་ལྷའི་འདུ་ཤེས། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་ནོར་བུའི་བུ་གར་ཨོཾ། ཡུམ་གྱི་གསང་གནས་ཨཱཿལས་པདྨ་འདབ་བརྒྱད་འོད་ཟེར་འབར་བའི་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པར་མོས་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས། དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་རླུང་གཡོས། གཏུམ་མོའི་མེ་འབར་བས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བྱང་སེམས་རིམ་པར་བབས་པས་མགྲིན་པར་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། ནོར་བུར་ལྷན་སྐྱེས་ཀྱི་དགའ་བ་རྣམས་ཉམས་སུ་མྱོང་བར་བསམ། སླར་ཡང་ཧཱུྃ་ཞེས་རླུང་གིས་སྦྱོར་བས་གྱེན་དུ་དྲངས་པས་ལྟེ་བ་ལ་སོགས་པ་འཁོར་ལོ་བཞིར་མས་བརྟན་གྱི་དགའ་བ་བཞི་ཤར་ཏེ་སྤྱི་བོར་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་རིག་འོད་གསལ་བདེ་

p. 472

ཆེན་མཆོག་ཏུ་མི་འགྱུར་བའི་ངོ་བོར་ཆོས་ཐམས་ཅད་རོ་མཉམ་པར་བལྟ་བ་མོས་ལ། མེ་ལོང་གཡའ་བྲལ་ཐོགས་ཏེ། རེག་བྱའི་བདེ་བ་འཇམ་ཞིང་ཡིད་དུ་འོང་༔ སྟོང་གསལ་ཉམས་དབྱངས་ཡེ་ཤེས་གསལ་སྒྲིབ་མེད༔ སྣ་ཚོགས་འབར་བའི་ཤེས་རབ་ཡེ་ཤེས་དབང་༔ སྐལ་ལྡན་གསང་སྔགས་དམ་པར་དབང་བསྐུར་རོ༔ རྩ་སྔགས་མཐར། ཀརྨ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སྙིང་གར་བཞག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་ཐིག་ལེའི་སྒྲིབ་པ་དག འཆི་བདག་གི་བདུད་འཇོམས། ལས་ཀྱི་ཕྱག་རྒྱ་བསྟེན་པའམ། ཡེ་ཤེས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང་། རྒྱུའི་ས་བཅུ་པ་དང་སྐལ་བ་མཉམ། དབང་གི་ལས་དང་ཕྱག་རྒྱའི་རིག་འཛིན་གྲུབ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཞི་པའི་དབང་ནི་སྔོན་དུ་འགྲོ་བ་ཡོངས་རྫོགས་གཏོར་མའི་དབང་དང་། དངོས་གཞི་ཚིག་དང་དཔེ་ཙམ་ལ་བརྟེན་ནས་རིག་པའི་རྩལ་དབང་བསྐུར་བ་ལས། སླར་ཡང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འཁོད་པར་མོས་པས་བླ་མ་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་

p. 473

བཞུགས་པར་བསམ་པར་མཛོད་ལ། དབང་གཏོར་ཐོགས་ཏེ། དཔལ་གྱི་གཏོར་མ་ཕྱི་སྣོད་དབང་ཆེན་ཟླ་གམ་འབར་བ་དང་འོག་མིན་མཁའ་ལ་སྤྱོད་པའི་ཞིང་ཁམས་ཐ་མི་དད་པ་ཆོས་དབྱིངས་བརྡལ་བ་ཆེན་པོའི་ཕོ་བྲང་གཞལ་མེད་ཁང་འཇའ་ཟེར་ཐིག་ལེ་འོད་ལྔའི་དྲྭ་བ་འཁྱིལ་བའི་ཀློང་དུ། གཏོར་མ་ཉིད་སྣང་ཆ་དབང་ཆེན་རྟ་མཆོག་རོལ་པ་རྩལ་དང་། སྟོང་ཆ་ཡུམ་རྡོ་རྗེ་ཕག་མོ་གཉིས་མེད་ཟུང་འཇུག་བླ་མ་སྐུ་གསུམ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅིར་ཡང་འཆར་བའི་གནས་བཞི་ནས་མི་ཤིགས་པ་རྡོ་རྗེ་བཞིའི་ཡེ་ཤེས་ཀྱི་འོད་ཟེར་དཀར་དམར་མཐིང་ལྗང་བཞི་རིམ་པར་བྱུང་། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་སྐུ་བཞིའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཆོས་ཉིད་འོད་གསལ་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པས་འཁྲུལ་སྣང་རང་སངས་སུ་གྱུར་པར་མོས་ཤིག ཧྲཱིཿ སྣོད་བཅུད་རྣམ་དག་རྟེན་དང་བརྟེན་པར་བཅས༔ རང་ལུས་ཕུང་ཁམས་དང་བཅས་གཞལ་ཡས་ཁང་༔ དོན་དམ་རིག་སྟོང་འགྱུར་མེད་བཞི་པའི་དབང་༔ སྐལ་ལྡན་བུ་ཡི་

p. 474

རང་གསལ་རྟོགས་པར་ཤོག༔ རྩ་སྔགས་མཐར། ཏི་ལ་ཀ་ཛྙཱ་ན་བ་ལིངྷ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་གནས་བཞིར་གཏད་དོ། དངོས་གཞི་དཔེ་ཚིག་ལ་བརྟེན་ནས་རིག་པ་རྩལ་གྱི་དབང་བསྐུར་བ་ནི། སློབ་དཔོན་གྱིས་མན་ཤེལ་མིག་ལམ་དུ་བསྟན་ཏེ། འདི་ནི་རང་བྱུང་བློ་བྲལ་རིག་པའི་ཡེ་ཤེས་བཅོས་སླད་མེད་པ་དཔེ་འདིས་མཚོན་ནས་རྟོག་པའི་འཕྲང་བསལ། མི་རྟོག་པའི་སྒོ་ཕྱེ། རང་རིག་ཡེ་ཤེས་མངོན་དུ་བསྟན། འཁོར་འདས་ཀྱི་ཤན་ཕྱེ། ཆོས་ཀྱི་གནད་མ་ལུས་པ་བསྟན་ཏེ། མན་ཤེལ་འདི་ཡེ་ནས་རང་བྱུང་བཅོས་བསླད་མེད་པ་ནི་ཀུན་གཞི་ཡེ་ནས་རྣམ་པར་དག་ཅིང་མ་བཅོས་པའི་བརྡ་ཡིན་ལ། དེ་ཉིད་ཉི་ཟེར་གྱི་རྐྱེན་དང་འཕྲད་པས་ཁ་དོག་སྣ་ཚོགས་འཇའ་ཚོན་དུ་སྣང་བ་བཞིན་དུ་འཁོར་འདས་ཐམས་ཅད་རང་སྣང་དུ་འཆར་ཡང་དེས་མ་གོས་པའི་བརྡ་ཡིན་ལ། དེས་ན་གཞི་དབྱིངས་ཀ་དག་ཤེལ་གྱི་ངོ་བོ་ལྟ་བུ་དང་། ལམ་སྣང་ལྷུན་གྲུབ་འཇའ་ཚོན་ལྟ་བུ་ཟུང་དུ་འབྲེལ་བའི་དོན་སྒོམ་པ་དང་རྟག་ཏུ་མ་བྲལ་བར་གྱིས་ཤིག ཀྱཻ སྐལ་ལྡན་དམ་པའི་རིགས་ཅན་རྣམས༔ སྔོན་འགྲོ་ནས་བརྩམས་བུམ་དབང་དང་༔ ཡོངས་རྫོགས་དཀྱིལ་འཁོར་དབང་གི་བར༔

p. 475

བསྐུར་དང་བསྐུར་བའི་བརྗོད་ཚིག་རྣམས༔ བློ་འདས་སྤྲོས་བྲལ་བརྗོད་མེད་དུ༔ ཐམས་ཅད་རིག་པའི་ཆོ་འཕྲུལ་ཆེ༔ སེམས་རིག་བསམ་བརྗོད་བྲལ་བའི་ངང་༔ འདི་ནི་མཉམ་རྫོགས་ཆེན་མོའི་དབང་༔ རྗེས་སུ་སྐྱོངས་ཤིག་སྐལ་ལྡན་རྣམས༔ བསྐྱང་བྱ་སྐྱོང་བྱེད་བཟོ་བཅོས་བྲལ༔ བློ་བྲལ་རིག་པའི་ཡེ་ཤེས་འདི༔ ཁྱོད་ཀྱིས་ད་ལྟ་རྟོགས་གྱུར་ཅིག༔ རང་རིག་རྗེན་པ་འདི་ལ་ལྟོས༔ བལྟ་བྱ་ལྟ་བྱེད་བྲལ་བས་ན༔ ཡེངས་མེད་རྗེན་པའི་ངང་དུ་ཞོག༔ ཅེས་དཔོན་སློབ་གཉིས་ཀ་ཤེས་པ་དུས་གསུམ་གྱི་སྤྲོས་པ་བཅད་དེ་དར་ཅིག་མཉམ་པར་བཞག་པར་བྱའོ། །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ་པས་ཆ་མཉམ་གྱི་སྒྲིབ་པ་དག །ལྷའི་བུའི་བདུད་འཇོམས། ཟབ་མོའི་དོན་དབང་ཐོབ་པས་ཆོས་ཐམས་ཅད་བཟང་ངན་བླང་དོར་བྲལ་བའི་ལམ་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་གཟུགས་སྒོམ་པ་ལ་དབང་། རྒྱུའི་ས་བཅུ་གཅིག་པ་དང་སྐལ་བ་མཉམ། དྲག་པོའི་ལས་དང་ལྷུན་གྲུབ་རིག་འཛིན་གྲུབ། འབྲས་བུ་མཐར་ཐུག་མི་འགྱུར་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་སྐུ་ཐོབ་པའི་

p. 476

སྐལ་བ་ཅན་དུ་བྱས་པ་ཡིན་ནོ། དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་བཅོམ་ལྡན་འདས་དཔལ་རྟ་ཕག་ཡབ་ཡུམ་གྱི་གསང་བ་གསུམ་དབྱེར་མི་ཕྱེད་པར་གྱུར་པ་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་བ་ལ་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་མངའ་གསོལ་བར་མོས་མཛོད། ཅེས་བརྗོད་ནས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་བརྗོད་ལ་མེ་ཏོག་འཐོར་བར་བྱའོ། །དེ་དག་གིས་ནི་བཅོམ་ལྡན་འདས་དཔལ་ཆེན་པོ་རྟ་ཕག་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ལེགས་པར་ཕུལ་གྲུབ་པ་ལགས་པས། གཞུང་ལས་ཀྱང་། ཧོཿ གསང་སྔགས་དབང་གི་སྒོར་ཞུགས་ནས༔ དམ་ཚིག་བསྲུང་བ་མཆོག་ཏུ་གཅེས༔ དམ་མེད་ས་བོན་རུལ་པ་འདྲ༔ བྱང་ཆུབ་མྱུ་གུ་སྐྱེ་མི་སྲིད༔ དམ་ལྡན་ནོར་བུ་ཐོབ་པ་བཞིན༔ ཅི་འདོད་དངོས་གྲུབ་རྒྱང་མི་རིང་༔ དབང་ཐོབ་དམ་ཚིག་འགྲོ་བ་འདྲེན༔ དེ་ཕྱིར་རྩ་བ་ཡན་ལག་གི༔ བླ་མ་ལྷ་དང་རྡོ་རྗེའི་མཆེད༔ དམ་ཚིག་སྲོག་བཞིན་བཙའ་བ་བྱ༔ ཁྱད་པར་འདི་ཡི་དམ་ཚིག་ཏུ༔

p. 477

བྱིན་རླབས་བཀའ་བབ་མ་ཆད་པའི༔ རིག་འཛིན་རྩ་བརྒྱུད་བླ་མ་ལ༔ གསོལ་བ་རྒྱུན་ཆད་མེད་པར་ཐོབ༔ དབང་བཞིའི་བཀའ་བབ་མ་ཆད་པའི༔ བསྐྱེད་རྫོགས་ཆུ་བོའི་རྒྱུན་བཞིན་སྒོམས༔ དངོས་གྲུབ་བཀའ་བབ་མ་ཆད་པའི༔ ཚོགས་གཏོར་མེ་མཆོད་རྒྱུན་དུ་བྱ༔ ནུས་པའི་བཀའ་བབ་མ་ཆད་པའི༔ ཐིག་ལེ་རང་གི་སྲོག་ལྟར་གཅེས༔ དམ་ཚིག་བཀའ་བབ་མ་ཆད་པའི༔ འཁྲི་བ་བཅད་ཅིང་ཞེན་པ་ཟློག༔ ཕྲིན་ལས་བཀའ་བབ་མ་ཆད་པའི༔ སྙིང་རྗེས་འགྲོ་ཀུན་རྗེས་སུ་བཟུང་༔ སྤྱོད་པའི་བཀའ་བབ་མ་ཆད་པའི༔ མ་དང་ཌཱ་ཀི་དབང་དུ་སྡུད༔ བདེ་ཆེན་འདུ་འབྲལ་མེད་པར་སྦྱོར༔ ཐུགས་རྒྱུད་དམ་ཚིག་མི་ཆད་པའི༔ འོད་གསལ་རྫོགས་ཆེན་ངང་དུ་འདའ༔ སྲུང་མཚམས་བྲལ་བའི་དབྱིངས་སུ་བསྐྱལ༔ དམ་ཚིག་ཅེས་ནི་དེ་ལ་བྱ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་། ཁྱད་པར་གྱིས་བསྡུས་པ་མཐའ་དག་སྲོག་དང་བདོས་ནས་ཚུལ་བཞིན་བསྲུང་བར་བྱའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་ཁས་བླང་དུ་བཅུག །དེ་ལྟར་

p. 478

ལེགས་པར་ཐོབ་པའི་གཏང་རག་གི་སླད་མཎྜལ་ཕུལ་མཛོད་བྱས་ལ། སློབ་མས་ཀྱང་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོའི་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་དང་། དེ་ལྟར་ཐོབ་པའི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། ཅེས་སོགས་ཀྱིས་དགེ་བ་བསྔོས་ལ་སློབ་མ་རང་གནས་སུ་ལྡོག །རྗེས་ཀྱི་བྱ་བ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་ཆོག་བཏང་། གཏོར་སྐྱོང་སོགས་ནས་དཀྱིལ་འཁོར་ལ་གཏང་རག་མཆོད་བསྟོད། ནོངས་བཤགས། རྟེན་དང་བསྟུན་པའི་གཤེགས་བསྟིམ་གང་འོས། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་དང་། ཤིས་བརྗོད་རྒྱས་པར་སྤེལ་ལ་མཐའ་རྒྱས་སུ་བྱའོ། པདྨའི་ཞལ་ཚབ་བདེ་ཆེན་རྒྱལ་པོ་ཡི། པདྨའི་ལུང་བཞིན་ཟབ་གཏེར་གསང་བའི་མཛོད། པདྨའི་སྙིང་ཐིག་ཡང་གསང་རྟ་ཕག་ཅེས། པདྨའི་རྗེས་འཇུག་ཡོངས་ཀྱི་གཅེས་དགུའི་དབྱིག །འདི་ནི་ཟབ་ཅིང་གཉན་ལ་བཀའ་དོག་སྟེ། བསྙེན་ཙམ་ལ་ཡང་མཆོག་ཐུན་དངོས་གྲུབ་དཔལ། ཆེར་སྙིགས་འདི་ཙམ་དུ་ཡང་བྱུང་དང་འབྱུང་། དཔྱོད་ལྡན་གླིང་བུ་བསྒྱུར་བའང་བདེན་པའི་གནས། གང་གི་སྨིན་བྱེད་ཁྲིགས་ཆགས་དམ་པའི་

p. 479

གསུང་། ཟབ་རྒྱས་ཆུ་གཏེར་འཇིང་དུ་བརྡལ་མོད་ཀྱང་། དུས་གནས་བསྐལ་བས་ཕོངས་ལ་སྨན་ཐབས་སུ། བ་ཚའི་ཁྲོན་པ་འདྲུ་བ་ངལ་ལས་ཅི། འོན་ཀྱང་བཀའ་ལུང་དོ་ཤལ་གཙུག་བསྙེན་ནས། རིགས་མཐུན་མཁས་གྲུབ་གསུང་གི་རྗེས་བསྙེགས་ཏེ། ཇི་ལྟར་འབད་པ་སྐལ་བཟང་སྐྱེ་བོའི་ཚོགས། སྐུ་བཞིའི་ས་བོན་བསྐྲུན་པའི་རྒྱུར་གྱུར་ཅིག །དེ་ལྟར་དབང་ཆོག་བདུད་རྩིའི་བུམ་བཟང་ཞེས་པ་འདི་ཡང་མ་གཅིག་རིག་འཛིན་ཆོས་ཉིད་བཟང་མོའི་ཞལ་སྔ་ནས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བཀའ་དྲིན་དུ་ཐོབ་པ་ལས། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་ཤིང་མཚུངས་མེད་ཐུགས་རྗེའི་གཏེར་ཆེན་འཇམ་མགོན་མཁྱེན་བརྩེ་རྡོ་རྗེ་འཆང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནས་འདི་ཡི་རྒྱུན་ཆུ་ལྷའི་ཕང་པར་གཤེགས་སུ་ཉེ་བར་བརྟེན་སྨིན་གྲོལ་གྱི་ཕྲིན་ལས་རྗེ་ཉིད་ནས་སྤེལ་བའི་མཛད་འཁུར་དགྱེས་བཞེས་བཀའ་དྲིན་ཆེ་བཞེད་ཀྱིས་ཁྱེད་ནས་དབང་ཁྲིད་སོགས་འཇུག་བདེ་ཞིག་ཅིས་ཀྱང་གྱིས་ཞེས་ལྷ་རྫས་ཀྱིས་སྤུད་པའི་མཎྜལ་རྟེན་དོད་རིན་ཆེན་གཉིས་པའི་ཙཀྲ་དང་བདོག་པའི་གནང་སྐྱེས་གྱ་ནོམས་དང་བཅས་རྡོ་རྗེའི་བཀའ་ལུང་སྤྱི་བོར་ཕེབས་པ་ལྡོག་ཏུ་མ་བཟོད་དེ། རྩ་བའི་གཏེར་གཞུང་དང་། ནང་མཐུན་གཏེར་ཁ་མཁའ་འགྲོའི་དབང་ཆོག །བླ་སྒྲུབ་པདྨ་རྒྱལ་པོའི་མཚམས་སྦྱོར་གཏེར་སྟོན་གྱི་ལྗགས་སྒྲིགས་སུ་གྲགས་པའི་ཡི་གེ་ཉུང་ངུ་རྙེད་པ་དག་གཞིར་བཟུང་། སྐབས་སུ་བློ་དམན་དག་ལ་དབང་བརྡ་སྤྲོད་པའི་མཚམས་སྦྱོར་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བས་

p. 480

ཀྱང་མི་འགལ་བར་བརྒྱན་ཏེ། རྗེ་མ་གཅིག་གིས་རྩལ་མིང་ཀུན་བཟང་ཕྲིན་ལས་འགྲོ་འདུལ་རྩལ་ལམ། གཞན་དུ་རྨོངས་བརྟུལ་དགེ་སྦྱོང་ཝཱ་གིནྡྲ་དྷརྨ་མ་ཏིར་འབོད་པས་ལྷོ་མོན་ཤིང་ལོའི་ཚལ་གྱི་རི་ཁྲོད་ཐུབ་བསྟན་ཆོས་གླིང་དུ་དོན་གྲུབ་ཀྱི་ལོ་སྨིན་ཟླའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པར་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བྲིས་ལ་བྱང་ཞིང་གཅིག་ཏུ་བརྩོན་པའི་གོ་ཆ་ཅན་དགེ་སློང་ངག་དབང་བློ་གྲོས་ཀྱིས་བགྱིས་པ་འདིས་ཀྱང་ཟབ་གཏེར་འདི་ཉིད་ཇི་སྲིད་ཉི་ཟླའི་བགྲོད་པ་མི་འཛད་བར་མི་ནུབ་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་དཔལ་དུ་གྱུར་ཅིག། །།སརྦ་མངྒ་ལཾ།། ཤུ་བྷཾ།།

ཡང་གསང་རྟ་ཕག་གི་ལས་བྱང་དངོས་གྲུབ་རྒྱ་མཚོ།

p. 481

༄༅། །ཡང་གསང་རྟ་ཕག་གི་ལས་བྱང་དངོས་གྲུབ་རྒྱ་མཚོ་བཞུགས་སོ།།

p. 482

བླ་མ་དང་རྟ་ཕག་ཡབ་ཡུམ་གཉིས་སུ་མེད་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་ཀུན་བཟང་བདེ་ཆེན་རྒྱལ་པོས་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ནས་སྙན་བརྒྱུད་དུ་སྤྱན་དྲངས་པའི་ཡང་གསང་རྟ་ཕག་གི་ཆོ་ག་སྔོན་འགྲོ་ནས་བཟུང་ནག་འགྲོས་བཀླག་ཆོག་ཏུ་བཀོད་པ་ལ། ཉན་ཐོས་ཀྱི་ཐེག་པ་དང་བསྟུན་ཏེ་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བསམ་པ། དེ་མི་རྟག་པའི་ཚུལ། དཀར་ནག་ལས་འབྲས་སྨིན་ཚུལ། འཁོར་བའི་སྡུག་བསྔལ་དང་། ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བལྟ་བ་དང་བཅས་བསམས་ནས། རང་གི་སྤྱི་བོར་འཇའ་འོད་སེང་ཁྲི་ཉི་ཟླའི་གདན་ལ་བླ་མ་བསྒོམ་ལ། ངག་ཏུ་འདི་ལྟར། དཔལ་ལྡན་རྩ་བའི་བླ་

p. 483

མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དལ་འབྱོར་རྙེད་དཀའ་རྙེད་པ་ད་རེས་ཙམ། །རྙེད་ནས་དོན་ཆེའི་ཚུལ་བསམ་དོན་ཆུང་གི །འདིར་སྣང་ཆོས་བརྒྱད་བྱ་བྱེད་ཀུན་སྤངས་ནས། །དབེན་པར་དོན་ཆེའི་བྱང་ཆུབ་ཅིས་མི་སྒྲུབ། །འཆི་ངེས་ནམ་མཆི་ཆ་མེད་འཆི་རྐྱེན་མང་། །འཚོ་བའི་ཐབས་ཉུང་རྒན་གཞོན་གོ་རིམ་མེད། །འཆི་དུས་ཆོས་མིན་ཅིས་ཀྱང་ཕན་ཐབས་

p. 484

བྲལ། །མྱུར་དུ་ཉམས་ལེན་བྱེད་པའི་དུས་ལ་བབ། །མངར་སྐྱུར་ས་བོན་གང་བཏབ་འབྲས་སྨིན་ལྟར། །དཀར་ནག་ལས་འབྲས་འཆི་བའི་རྗེས་སུ་འབྲང་། །བདེ་སྡུག་འབྲས་བུ་མ་ནོར་སྨིན་ཚུལ་ལ། །ངེས་པ་རྙེད་ནས་སྡུག་སྤངས་དགེ་ལ་འབད། །ཤི་ནས་རིགས་དྲུག་མཐོ་དམའ་གར་སྐྱེས་ཀྱང་། །བདེ་མེད་སྡུག་བསྔལ་རང་བཞིན་འདི་དག་ལས། །སྐྱོབ་ཕྱིར་སྙིང་ནས་དཀོན་མཆོག་སྐྱབས་འགྲོ་ཞིང་། །མ་ནོར་བསླབ་བྱ་ཉམས་པ་མེད་པར་བྱ། །འཇིགས་རུང་འཁོར་བ་མེ་འོབས་སྲིན་གླིང་ལྟར། །མཐོང་ནས་འཁོར་བའི་དཔལ་འབྱོར་ཕུན་ཚོགས་ལ། །མངོན་ཞེན་གཏིང་ལོག་ཐར་འདོད་ཤུགས་དྲག་བློས། །བསླབ་གསུམ་རྣམ་དག་རྩེ་གཅིག་སྒྲུབ་ལ་གཞོལ། །རང་ཉིད་ཡང་ཡང་དྲིན་གྱིས་བསྐྱངས་པའི་མ། །འགྲོ་ཀུན་སྡུག་བསྔལ་གསུམ་གྱིས་མནར་ཚུལ་ལ། །བསམས་ནས་འདི་དག་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་ཕྱིར་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཡི་ཆེད་དུ་ཡང་གསང་རྟ་ཕག་གི །སྒྲུབ་པ་ཟབ་མོ་ཉམས་སུ་བླང་བར་གྱི། །ཞེས་དང་། སླར་ཡང་སྤྱི་བོའི་བླ་མར་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ། དུས་

p. 485

གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་བའི་གཞི་རྩ་ཆོད་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ། ཕྱིན་ཅི་མ་ལོག་གི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཁྱད་པར་དུ་ལམ་རིམ་པ་གཉིས་དང་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་སྣང་བཞིའི་རྟོགས་པ་ཁྱད་པར་ཅན་རིང་པོ་མ་ཐོགས་པར་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟ་ཉིད་དུ་བྱིན་

p. 486

གྱིས་བརླབ་ཏུ་གསོལ། མྱུར་བ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། འདུག་ས་འདི་རུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་བླ་མ་དབྱེར་མེད་དུ་འདྲེས་པའི་ངང་ལ་དར་གཅིག་མཉམ་པར་བཞག །དེ་ནས་དང་པོ་སྐྱབས་ཡུལ་འདི་ལྟར་བསྒོམ་ལ། རང་གི་མདུན་གྱི་ནམ་མཁའ་ལ༔ པདྨ་སྟོང་བརྩེགས་འཇའ་འོད་ཀྱི༔ དབུས་དང་ཕྱོགས་བཞིར་གྱེས་པའི་ཀློང་༔ དབུས་སུ་ཆོས་སྐུ་ཀུན་བཟང་ལ༔ དགོངས་བརྡའ་སྙན་བརྒྱུད་བླ་རབས་བསྐོར༔ གཡས་སུ་རྫོགས་པའི་སངས་རྒྱས་ལ༔ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར༔ གཡོན་དུ་པདྨ་རྒྱལ་པོ་ཡི༔ གཡས་སུ་རྡོར་སེམས་ཡབ་ཡུམ་དང་༔ གཡོན་དུ་མུ་ཁྲི་བཙན་པོ་ལ༔ སྔགས་འཆང་གྲུབ་ཐོབ་རྒྱ་མཚོས་བསྐོར༔ མདུན་དུ་ཐུགས་རྗེ་ཆེན་པོ་ལ༔ ཡུམ་མཆོག་གསང་བ་ཡེ་ཤེས་འཁྲིལ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བསྐོར༔ རྒྱབ་ཏུ་ཐེག་ཆེན་མདོ་ལུང་ཆོས༔ གང་འདུལ་ཆོས་ཀྱི་སྒྲ་དབྱངས་སྒྲོགས༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་ལུས་སྤྲིན་ལྟར་གཏིབས་པར་གྱུར༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ མི་བཟད་འཁོར་

p. 487

བའི་དུཿཁ་ལས༔ སྒྲོལ་ཕྱིར་བདག་གིས་སེམས་མཆོག་བསྐྱེད༔ ན་མོ་སྐྱབས་ཡུལ་དཀོན་མཆོག་བདེར་གཤེགས་གསུམ༔ དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ༔ མཁའ་འགྲོ་དམ་ཅན་སྲུང་མར་བཅས༔ སྐྱབས་སུ་མཆིའོ་བྱིན་གྱིས་རློབས༔ གཉིས་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་སྒོ་བསྟུན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཧོ༔ དབྱིངས་རིག་ངོ་བོ་མ་བཅོས་པས༔ གཅིག་ཏུ་ཤར་བ་སྙིང་རྗེའི་ཡུལ༔ ཅིར་སྣང་མར་གྱུར་སངས་རྒྱས་ཞིང་༔ བྱང་ཆུབ་ལམ་ལ་སེམས་མཆོག་བསྐྱེད༔ གསུམ་པ་གསང་སྔགས་ནང་བ་དང་བསྟུན་ཏེ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། རང་ཉིད་ཐ་མལ་གནས་པ་ལ༔ སྤྱི་བོར་པདྨ་ཟླ་བའི་སྟེང་༔ ཧཱུཾ་ཡིག་དཀར་པོའི་འཕྲོ་འདུ་ལསཿ རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ལོངས་སྐུའི་རྒྱན་སྤྲས་ཡུམ་དང་སྦྱོར༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུཾ་མཚན་ཡིག་བརྒྱའི་སྔགས་ཕྲེང་བསྐོར༔ འོད་འཕྲོས་རང་གཞན་སྡིག་སྒྲིབ་སྦྱངས༔ སྡིག་ལྟུང་ཉེས་ཚོགས་དག་པར་གྱུར༔ ༀ་གུ་རུ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཎྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་

p. 488

མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པ་ཡིན་ནོ། །ཞེས་གསུངས་ཤིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལྟ་བུའི་སྐུར་གྱུར་པའི་ཐུགས་སྲོག་གི་མཐའ་མར་ཡི་གེ་འབྲུ་དྲུག་པོ་གསལ་བ་ལས་འོད་ཟེར་འཕྲོས་པས་ཕྱི་

p. 489

སྣོད་ཐམས་ཅད་འཇའ་འོད་ཐིག་ལེ་གཞལ་ཡས་ཁང་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོར་སེམས་རིགས་ལྔའི་རང་བཞིན་དུ་སངས་རྒྱས་པར་གྱུར། ༀ་གུ་རུ་བཛྲ་ས་ཏྭ་ཧཱུཾ༔ ཞེས་ཡང་སྙིང་འབྲུ་དྲུག་པ་བཟླས་མཐར། དགེ་བ་འདི༴ འགོད་པར་ཤོག །ཅེས་དང་། བཞི་པ་ཚོགས་བསགས་མཎྜལ་དང་། བླ་མའི་རྣལ་འབྱོར། མོས་གུས་བྱིན་རླབས་ཀྱི་རྟོགས་པ་མངོན་སུམ་བྱ་ཕྱིར་ཏིང་ངེ་འཛིན་གྱིས་དབང་བླངས་པ་ཞེས་དོན་གསུམ་གྱི་དང་པོ་ཕྱི་ནང་གསང་བའི་མཎྜལ་ནི། ཧོ༔ ཆོས་དབྱིངས་རང་བྱུང་རོལ་བའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་བརྡལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་རོལ༔ སརྦ་པཱུ་ཙ་རཏྣ་མཎྜལ་ཧཱུྃ༔ སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་རང་ལ་ཛཿཧཱུྃ་བཾ་ཧོ༔ བླ་མའི་རྣལ་འབྱོར་ནི། རང་ཉིད་རྟ་ཕག་ཡབ་ཡུམ་སྐུ༔ མེ་ལོང་གཟུགས་བཞིན་གསལ་བ་ཡི༔ སྤྱི་བོར་པདྨ་ཉི་ཟླ་དང་༔ འཇའ་འོད་གུར་ཁྱིམ་ཆེན་པོའི་ཀློང་༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད༔ དགྱེས་འཛུམ་འོད་ཟེར་སྤྲོ་བའི་སྐུ༔ རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པའི་མཐར༔ བརྒྱུད་པའི་བླ་མ་སྐར་ཚོགས་བཞིན༔ མངོན་སུམ་ལྟ་བུར་

p. 490

བཞུགས་པར་གསལ༔ བླ་མ་ཡིད་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ མོས་གུས་གདུང་ཤུགས་དྲག་པོ་ཡི། ཨེ་མ་ཧོ༔ སྐྱེ་མེད་ཀ་དག་ཆོས་དབྱིངས་ཞིང་ཁམས་སུ༔ ཐོག་མའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ མདངས་རྩལ་མ་འགག་སྐྱེ་མེད་ཀློང་ཡངས་སུ༔ ལོངས་སྐུའི་གཙོ་མཆོག་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ དུར་ཁྲོད་སོ་ས་གླིང་གི་གནས་མཆོག་ཏུ༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེར༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ དྷ་ན་མི་དྷིའི་ཞིང་ཁམས་ཡངས་པ་རུ༔ སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀ་ར་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་

p. 491

གྲོལ་བར་མཛོད༔ རྒྱ་ནག་རི་བོ་ཆེན་པོའི་ཤར་ཕྱོགས་སུ༔ མཁའ་འགྲོའི་གཙོ་མོ་ལབ་ཀྱི་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་ཕོ་བྲང་དུ༔ ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ གར་བཞུགས་དམ་གཙང་ཞིང་ཁམས་ཡངས་པ་རུ༔ ཡེ་ཤེས་མཚོ་རྒྱལ་ཨ་མ་ཀུན་སྟོབས་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ སྦས་ཡུལ་པདྨ་བཀོད་ཀྱི་གནས་མཆོག་ཏུ༔ དྲེགས་པའི་མངའ་བདག་རིག་འཛིན་དཔལ་སེང་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ གཞུ་སྟོད་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ཏུ༔ བཀའ་བབས་ལས་སད་བདེ་ཆེན་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ བདེ་ཆེན་གླིང་མཆོག་རི་སྣ་དགོན་པ་རུ༔ གཏེར་སྟོན་དངོས་སློབ་ཨོ་རྒྱན་བསྟན་འཛིན་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ རྩེ་གཞུང་མཐའ་རྒྱས་ཕོ་བྲང་དཀར་པོ་རུ༔ ཀརྨ་གུ་རུ་ཆོས་ཀྱི་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་

p. 492

གྲོལ་བར་མཛོད༔ ཕྱོགས་མེད་རི་ཁྲོད་དབེན་པའི་དགའ་ཚལ་དུ༔ རྣལ་འབྱོར་དབང་ཕྱུག་ཚོགས་དྲུག་རང་གྲོལ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ རང་སྣང་དག་པ་དོན་གྱི་ཞིང་ཁམས་སུ༔ གྲུབ་བརྒྱའི་གཙུག་རྒྱན་སྣ་ཚོགས་རང་གྲོལ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ དབེན་གནས་བཀྲ་ཤིས་འཁྱིལ་བའི་དགོན་པ་རུ༔ གཡའ་མ་བཀྲ་ཤིས་འཁྱིལ། འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ རྗེ་བཙུན་བློ་བཟང་བྱམས་པ་ཆོས་འཕེལ་ལ༔ གནམ་རྫོང་། གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ༔ བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ ན་མོ་མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ འཁོར་བ་དོང་སྤྲུགས་འཕྲིན་ལས་མཐར་ཕྱིན་ཤོག༔ དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་

p. 493

བདེ་ཆེན་ཆོས་སྐུའི་ཀློང་༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་སྟེ༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ རྩེ་གཅིག་གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་མཚན་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་འགྱུར་བར་ཤོག༔ བླ་མ་འོད་ཞུ་རང་གི་སྙིང་གར་ཐིམ༔ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདྲེས༔ ཀ་དག་གནས་ལུགས་རྫོགས་ཆེན་ངང་དུ་བཞག༔ ཚེ་འདིར་བླ་མ་ཀུན་བཟང་མངོན་གྱུར་ཤོག༔ རང་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ༔ རྩ་གསུམ་ཀུན་འདུས་དབང་ཆེན་ལྷར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཕྱིར། །ཡང་གསང་རྟ་ཕག་བསྒྲུབ་པར་བགྱི། །ལན་གསུམ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་

p. 494

བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རངས༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་མྱུར་འཐོབ་ཤོག༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཛཿཧཱུྃ་བཾ་ཧོ༔ དཀར་གཏོར་ཨ་མྲྀ་ཏས་བསངས། བྷཱུཾ་ཨོཾ་ཨཱཿ༔ཧཱུྃ༔ ཞེསབརླབས་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་ཞིང་སྐྱོང་ལྷ་ཀླུ་སྡེ་བརྒྱད་འབྱུང་པོ་ཡུལ་གཞིའི་བདག་པོའི་ཚོགས་དང་བཅས་པ་མདུན་འདིར་བཛྲ་ས་མ་ཡ་ཛ༔ ཨ་ཀ་རོ་མུ༴ ལན་གསུམ་གྱིས་ཕུལ་ལ། རྒྱལ་ཆེན་ཕྱོགས་སྐྱོང་ལྷ་ཀླུ་གཞི་བདག་ཚོགས། །དམ་རྫས་གཏོར་མ་རྒྱ་ཆེན་འདི་བཞེས་ལ། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་འཕྲིན་ལས་མཛོད། །བགེགས་གཏོར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་རྣམས་མདུན་འདིར་བཀུག་པར་གྱུར། སརྦ་བིགྷྣན་ཨཀརྞ་ཡ་ཛ། སརྦ་བིགྷྣིན་ཨེ་དཾ་བ་ལིངྟ་ཁཱ་ཧི། ལན་གསུམ། ཧྲཱིཿ ང་ནི་འཇིགས་བྱེད་ཁྲོ་བོའི་རྒྱལ༔ བར་གཅོད་བགེགས་ལ་གཏོར་མ་བསྔོ༔

p. 495

ནམ་ཡང་འདའ་བར་མི་ནུས་པས༔ རྡུལ་ཕྲན་བརླག་པར་གདོན་མི་ཟ༔ ཨོཾ་པ་ཏེ་པ་ཏེ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ བསྲུང་འཁོར་ནི༔ ཧཱུྃ༔ ཡེ་ཤེས་འབར་བའི་རྒྱ་གྲམ་གུར༔ སྣང་སྟོང་མཚོན་ཆ་འོད་དུ་འབར༔ སྟེང་འོག་བར་ཆད་འབྱུང་བོ་ཀུན༔ བསྲུང་བའི་འཁོར་ལོས་མཚམས་བཅད་དོ༔ རཀྵ་རཀྵ་ཧཱུྃ༔ བྱིན་དབབ་ནི༔ ཧཱུྃ༔ ཆོས་དབྱིངས་ཕོ་བྲང་དམ་པ་ནས༔ དངོས་གྲུབ་ཀུན་འབྱུང་རྟ་མཆོག་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཆོས་ཀྱི་དབྱིངས་ནས་གནས་འདིར་གཤེགས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ རྣལ་འབྱོར་སྒྲུབ་པོར་དབང་བསྐུར་སྩོལ༔ ཨོཾ་ཨཱཿཧཱུྃ༔ སིདྡྷི་ས་མ་ཡ་ཕེཾ་ཕེཾ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་རླབས་ནི། ཧྲཱིཿ འཇིག་རྟེན་དག་པའི་ཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་ཀུན་སྤྲལ་ཏེ༔ ཐམས་ཅད་དག་པའི་བདུད་རྩི་ཚེ༔ རོ་བཅུད་མདངས་ལྡན་འོད་ཕུང་འཁྱིལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨམྲྀ་ཏ་རཀྟ་བ་ལིནྟ་བྷ་ལ་ཝ་ཏེ་གུ་ཧྱ་ས་མ་ཡྀ་ཧཱུྃ་ཧྲཱི་ཋ༔ དངོས་གཞི་ལྷ་བསྐྱེད་པ་ནི༔ ཨོཾ༔

p. 496

ཆོས་སྐུ་སྐྱེ་བ་མེད་པ་ལས༔ མ་བཅོས་ནམ་མཁའ་ལྟ་བུའི་ངང་༔ ཨཱཿསྙིང་རྗེ་ཆེན་པོའི་འོད་ཀྱིས་ནི༔ འགྲོ་དྲུག་ཀུན་ལ་ཡོངས་སུ་ཁྱབ༔ ཧཱུཾ་རྒྱུ་ལས་ཀུན་ཏུ་སྐྱེད་བྱེད་པའི༔ གསལ་མདངས་ཧྲཱིཿཡིག་དམར་པོ་ཤར༔ ཧྲཱིཿལས་འོད་འཕྲོས་འབྱུང་བ་བཞི༔ ཨེ་ཡཾ་ར་སུཾ་ཀེཾ་རཾ་ལས༔ ནམ་མཁའ་རླུང་མེ་ཆུ་སའི་སྟེང་༔ བྷཱུཾ་ལས་ཡེ་ཤེས་ཕོ་བྲང་གསལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གྲུ་བཞི་སྒོ་བཞི་བརྩིགས་པ་ལྔ༔ རྟ་བབས་བཞི་ལྡན་འདོད་སྣམ་དང་༔ ཕ་གུ་དྲ་བ་དྲ་ཕྱེད་དང་༔ མདའ་ཡབ་ཕྱུར་བུ་ཏོག་གིས་མཛེས༔ ལྔ་ལྡན་འཇའ་ཚོན་ལུག་རྒྱུད་གཏིབས༔ དབུས་སུ་ཆོས་དབྱིངས་ཟླ་གམ་ཞིང་༔ ཕྱི་འཁོར་པད་ཕྲེང་དུར་ཁྲོད་དང་༔ རྡོ་རྗེ་ཡེ་ཤེས་མེ་དཔུང་འབར༔ ལྟེ་བར་པདྨ་ཉི་ཟླའི་སྟེང་༔ ཧྲཱིཿལས་དབང་ཆེན་རྟ་མཆོག་ནི༔ སྐུ་མདོག་དམར་ལ་སྔོ་མདངས་འཚེར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་མོ་ཀྲུང་༔ ཁྲོ་འཛུམ་སྤྱན་གསུམ་ཕྱོགས་བཅུར་གཟིགས༔ དབུ་སྐྲ་གྱེན་གཡེངས་ཐོད་སྐམ་བརྒྱན༔ སྤྱི་གཙུག་རྟ་གདོང་ཧཱུྃ་སྒྲ་ལྡིར༔ ཕྱག་གཡས་རྡོ་རྗེ་ཐོ་བ་དང་༔ གཡོན་པ་ཐོད་ཁྲག་ཕུར་བུ་འཛིན༔

p. 497

དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ པང་དུ་ཧྲཱི་ལས་གསང་བའི་ཡུམ༔ རྡོ་རྗེ་ཕག་མོ་སྔོ་དམར་མདངས༔ གཅེར་བུ་གཞོན་ཚུལ་ལང་ཚོ་རྒྱས༔ སྐྲ་གྲོལ་ཕྱག་རྒྱ་ལྔ་ཡིས་མཚན༔ ཆགས་པའི་སྤྱན་གསུམ་ཡབ་ལ་གཟིགས༔ ཤེལ་བུམ་གཏེར་སྒྲོམ་འཛིན་པས་འཁྱུད༔ ཞབས་གཉིས་ཡབ་འཁྱུད་མཉམ་པར་སྦྱོར༔ སྤྱི་གཙུག་ཕག་གདོང་ཕེཾ་སྒྲ་སྒྲོགས༔ ཡབ་ཡུམ་མཉམ་པར་སྦྱོར་བ་ལས༔ སྲས་མཆོག་ཚུལ་དུ་ཧྲཱི་ཞིག་འཕྲོས༔ མདུན་དུ་སྐུ་སྟོད་རྟ་གདོང་དང་༔ སྐུ་སྨད་ཕུར་བུའི་དབལ་ཤམས་ཅན༔ མེ་དཔུང་འབར་བའི་ཀློང་དུ་གསལ༔ དུས་གསུམ་བདེ་གཤེགས་སྤྲིན་ལྟར་གཏིབས༔ མ་ཚོགས་ཌཱཀྐི་བྲན་ལྟར་འདུ༔ ཕྱི་རོལ་དཔའ་བོ་ཀིང་ལངྐ༔ དམ་ཅན་སྲུང་མའི་ཚོགས་ཀྱིས་བསྐོར༔ ཀུན་ཀྱང་ཡེ་ཤེས་རོལ་བའི་རྩལ༔ སྣང་སྟོང་མ་འགགས་ལྷང་ངེར་གསལ༔ གནས་གསུམ་ས་བོན་འོད་ཟེར་འཕྲོས༔ ཡེ་ཤེས་ཞིང་ཁམས་སོ་སོ་ནས༔ ལྷ་ཚོགས་འཁོར་བཅས་སྤྱན་དྲངས་གྱུར༔ སྤྱན་དྲེན་ནི༔ ཧཱུྃ༔ རྔ་ཡབ་ཡུལ་གྱི་ནུབ་བྱང་ནས༔ དུས་གསུམ་རྒྱལ་ཀུན་འདུས་

p. 498

པའི་གཙོ༔ དབང་ཆེན་རྟ་མཆོག་གཤེགས་སུ་གསོལ༔ རྒྱ་གར་དུར་ཁྲོད་བསིལ་ཚལ་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཉན་པོ་ནས༔ བཀའ་སྡོད་འཁོར་བཅས་གཤེགས་སུ་གསོལ༔ དུས་ལས་མི་འདའ་ལྷ་ཚོགས་རྣམས༔ ཐུགས་དམ་བརྩེར་དགོངས་གཤེགས་སུ་གསོལ༔ གུ་རུ་དེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་གསོལ་ནི༔ ཧྲཱི༔ ལྷུན་གྲུབ་གསང་བའི་ཕོ་བྲང་འདིར༔ པདྨ་ཉི་ཟླའི་གདན་གྱི་ཁྲིར༔ བླ་མ་ཡིད་དམ་མཁའ་འགྲོ་བཅས༔ མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱི༔ ཆོས་སྐུ་མི་འགྱུར་དབང་ཆེན་ལྷ༔ རྡོ་རྗེ་ཕག་མོ་ཤེས་རབ་རྩལ༔ བདེ་སྟོང་ཡེ་ཤེས་སྤེལ་མཛད་པའི༔ རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙྪ་ཧོ༔ མཆོདཔ་ནི ཧྲཱི༔ བླ་མ་ཡིད་དམ་འཁའ་འགྲོ་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་འདོད་ཡོན་ལྔ༔ དམ་རྫས་སྨན་རཀ་གཏོར་མ་དང་༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་པུཥྤེ། དྷུ་པེ། ཨ་ལོ་ཀེ

p. 499

གནྡེ། ནེ་ཝི་དཱི། ཤཔྟ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་སུ་ཁ་དྷརྨ་པཱུ་ཙ་ཧོ༔ བསྟོད་པ་ནི༔ ཧྲཱི༔ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས༔ འགགས་མེད་གཟུགས་སྐུའི་རོལ་བར་ཤར༔ བདེ་གཤེགས་ཀུན་འདུས་རྟ་མཆོག་དཔལ༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་བསྟོད༔ སྟོང་ཉིད་སྙིང་རྗེའི་བདག་ཉིད་མ༔ དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ༔ འགྲོ་བ་རྣམས་ཀྱི་མགོན་གཅིག་མ༔ རྡོ་རྗེ་ཕག་མོའི་སྐུ་ལ་བསྟོད༔ སྐུ་མདོག་དམར་ལ་སྔོ་མདངས་ནི༔ ཆོས་དབྱིངས་ཀུན་བཟང་དགོངས་པའི་བརྡ༔ རྟ་གདོང་ཧཱུྃ་སྒྲ་སྒྲོགས་པ་ནི༔ ལོག་འདྲེན་བར་ཆད་འདུལ་བའི་བརྡ༔ ཁྲོ་འཛུམ་སྤྱན་གསུམ་གཟིགས་པ་ནི༔ མཐའ་བྲལ་འགྲོ་བ་འདྲེན་པའི་བརྡ༔ ཕྱག་གཡས་རྡོ་རྗེ་ཐོ་བ་ནི༔ དམ་སྲིད་བགེགས་དཔུང་འཇོམས་པའི་བརྡ༔ ཕྱག་གཡོན་ཐོད་ཁྲག་ཕུར་བུ་ནི༔ ཟུང་འཇུག་བདེ་སྟོང་རོལ་བའི་བརྡ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་ནི༔ རིགས་ལྔས་འགྲོ་དོན་མཛད་པའི་བརྡ༔ དུར་ཁྲོད་ཆོས་བརྒྱད་རྫོགས་པ་ནི༔ སྣང་སྟོང་ཆ་ལུགས་རྫོགས་པའི་བརྡ༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ནི༔ ཏིང་

p. 500

འཛིན་འགྱུར་མེད་རྡོ་རྗེའི་བརྡ༔ པང་ན་ཕག་མོ་སྦྱོར་བ་ནི༔ ཐབས་ཤེས་ཟུང་དུ་འཇུག་པའི་བརྡ༔ ཡབ་ཀྱི་མགུལ་ལ་འཁྱུད་པ་ནི༔ ཡབ་ཡུམ་འདུ་འབྲལ་མེད་པའི་བརྡ༔ རྡོ་རྗེ་པདྨ་གཉིས་མེད་རོལ༔ དགའ་བཞིའི་བདེ་ཆེན་སྤྱོད་པའི་བརྡ༔ ཕྱག་གཡས་ཤེལ་བུམ་འཛིན་པ་ནི༔ ཚེ་ཡི་དངོས་གྲུབ་སྩོལ་བའི་བརྡ༔ ཕྱག་གཡོན་གཏེར་གྱི་སྒྲོམ་བུ་ནི༔ འགྲོ་ལ་དགོས་འདོད་སྩོལ་བའི་བརྡ༔ ཕག་གདོང་མཐིང་ཀས་ཕེཾ་སྒྲ་སྒྲོགས༔ ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་བརྡ༔ དཀྱིལ་འཁོར་བཀྲམ་པར་བཞུགས་པ་ནི༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་བརྡ༔ རྟ་ཕག་སྐུ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ འཛབ་བཟླ་པ་ནི། གཙོ་བོའི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧྲཱི་ཡིག་སྔོ་དམར་གྱི་མཐར་སྔགས་ཕྲེང་རྣམས་གཡས་སུ་འཁོར་ཏེ་གནས་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་ཀྱི་རྒྱལ་བ་རབ་འབྱམས་རྣམས་མཆོད་པས་མཉེས་ཏེ་བྱིན་རླབས་ནུས་རྩལ་ཐམས་ཅད་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་ཀྱི་རྣམ་པར་ཚུར་འདུས་ནས་རང་ལ་

p. 501

ཐིམ་པས་སྒྲིབ་པ་དག །ཚོགས་རྫོགས་དབང་བཞི་ཐོབ་ནས་འཇའ་ལུས་འོད་སྐུར་གྲོལ་བར་བསམ། ཡང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ངོ་བོར་སངས་རྒྱས་ཏེ་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འཇའ་འོད་ཐིག་ལེ་ལྷ་དང་གཞལ་ཡས་ཁང་སྒྲ་གྲག་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ནས་འཛབ་བཟླའོ༔ ཨོྃ་བཛྲ་ཀྲོ་དྷ་པ་ཏེ་པ་ཏེ་ཧཱུྃ་ཕཊཿ༔ ཅེས་ཅི་ནུས་བཟླས་མཐར། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེ་བཟླས་མཐར། མཆོད་བསྟོད་བྱ་བ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ༔ ཧྲཱི༔ ལྷ་རྫས་ཕྱི་ནང་གསང་བ་ཡི། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས། །དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ། །འཁོར་གསུམ་ཡོངས་དག་ཆེན་པོར་བཞེས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི་ས་པཱ་རི་ཝ་ར་པུཥྤེ་ནས་ཤཔྟ་པཱུ་ཙ་ཧོ༔ ཞེས་པའི་བར་མཆོད་ལ། བསྟོད་པ་ནི། ཧྲཱིཿ ཕྱི་སྣོད་དག་པ་གཞལ་ཡས་ཁང་། །ནང་བཅུད་དག་པ་རྩ་གསུམ་ལྷ། །གདོད་ནས་དག་པ་དམིགས་སུ་མེད། །

p. 502

སྣང་སྟོང་སྒྱུ་མ་ཙམ་དུ་བསྟོད། །ཅེས་བསྟོད། རྗེས་ཀྱི་རིམ་པ་ལ་ཚོགས་སྦྱངས་བྱིན་རླབས་ནི། ཧྲཱི༔ རྟ་ཕག་ཡབ་ཡུམ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ ཨོཾ་ཨཱཿཧཱུྃ་འཕྲོས་བདུད་རྩིར་ཞུ༔ ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ༔ སྤྱན་འདྲེན་ནི། ཧྲཱི༔ འོག་མིན་གནས་དང་རྔ་ཡབ་གླིང་། །གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས། །རྟ་ཕག་དཀྱིལ་འཁོར་ལྷ་ཚོགས་རྣམས། །ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ༔ པདྨ་ཀམཱ་ལ་ཡེ་སྟཱཾ། ཚོགས་ཕུད་དང་པོ་ནི༔ ཧྲཱིཿ བླ་མ་ཡི་དམ་ལྷ་ཚོགས་ལ༔ འདོད་ཡོན་མ་སྤངས་ཡེ་ཤེས་བརྒྱན༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་དེ་ཝ་ཌཱཀྐི་ནི་ག་ཎ་ཙཀྲ་པཱུ་ཙ་ཧོ༔ ཚོགས་བར་བ་བཤགས་པ་ནི༔ ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་དང་རྩ་བ་ཡི༔ དམ་ཚིག་ཉམས་ཆག་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཨ༔ ཡིག་བརྒྱ་བཟླ། ཐ་མ་བསྒྲལ་བ་ནི། ཨེ་ནྲི་ཏྲི་ཁུག་ཛ། ཛཿཧཱུྃ་བཾ་ཧོ། པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཧྲཱི༔ འཇིགས་བྱེད་རྟ་

p. 503

ཕག་ཁྲོ་བོའི་རྒྱལ༔ བཀའ་སྡོད་དམ་ཅན་ཕོ་ཉར་འགྱེད༔ བདུད་དང་རུ་ཏྲ་ཀུན་སྒྲོལ་ཅིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ པདྨ་ཀྲོ་དྷ་ནྲི་ཏྲི་ཤ་ཏྲུཾ་མ་ར་ཡ་རྦད༔ ཅེས་བསྒྲལ། བསྟབ་པ་ནི། ལིང་རོར་སྨན་རཀ་བྲན་ལ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ། ཧྲཱི༔ རྟ་ཕག་ལྷ་ཚོགས་ཞལ་ཕྱེ་ཞིག༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིར་བྱིན་བརླབས་ནས༔ མཆོད་པར་འབུལ་ལོ་དགྱེས་པར་རོལ༔ མ་ཧཱ་མཾ་ས་རཀྟ་ཀེ་ནི་རི་ཏི་ཨ་མྲི་ཏ་ཁཱ་ཧི༔ ཞེས་ཕུལ་མཐར། ལྷ་ཚོགས་རྣམས་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་བལྟས་ལ། ཐུགས་དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཏིང་འཛིན་རོལ་བ་ལས་བྱུང་བའི། །སྲིད་ཞིའི་མཆོད་ཚོགས་ནམ་མཁའ་མཛོད་ཀྱི་སྒོ། །ཅིར་ཡང་འཆར་བ་ཀུན་བཟང་མཆོད་པའི་སྤྲིན། །འཁོར་འདས་དཔལ་ཡོན་མ་ཚང་མེད་པ་དང་། །ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ མ་དང་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ གཏེར་བདག་

p. 504

གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགས་དམ་བསྐང་༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང་༔ ཐམས་ཅད་ཐུགས་དམ་གཉན་པོ་དེར་སྐོང་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད་ལ་གནམ་ཕུད་ཀྱང་གཙང་སར་གཤེགས། དེ་ནས་ཚོགས་རྫས་ལ་བརྡ་དང་བརྡའི་འབུལ་ལན་གྱི་སྒོ་ནས་རོལ་མཐར། སྨོན་ལམ་ནི། གདོད་ནས་ལྷུན་གྲུབ་སྒོ་གསུམ་དཀྱིལ་འཁོར་འདིར༔ མི་ཟད་ལོངས་སྤྱོད་བདེ་ཆེན་ཀློང་རོལ་མཐུས༔ ཚོགས་གཉིས་རབ་རྫོགས་ཆོས་དབྱིངས་བརྗོད་བྲལ་ཀློང་༔ འགྲོ་ཀུན་ཡེ་དག་ཡེ་རྫོགས་རྟོགས་པར་ཤོག༔ ལྷག་མནི། གཙང་དམེ་ལྷག་མ་སྣོད་དུ་བསགས་ལ། བདུད་རྩི་བྲན་ཏེ། ཚོགས་གཞོང་བྷན་དྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་ལྷག་མ་འདོད་པའི་ཡོན་ཏན་ལྔའི་རང་བཞིན་ཅན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཞེས་བརླབས་ལ། ཕེཾ་ལྷག་སྡུདཀྱི་ཕོ་ཉརྣམས་ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཧྲཱི༔ དབང་ཆེན་རྟ་ཕག་དཀྱིལ་འཁོར་གྱི༔ མུ་རན་སྐྱོང་ཞིང་བྱ་ར་

p. 505

བྱེད༔ ཐམས་ཅད་འདིར་བྱོན་ལྷག་གཏོར་བཞེས༔ བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི། ཐུགས་དམ་བསྐུལ་བ་ནི ཧཱུྃ་ཧྲཱིཿཕཊཿ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ མཁའ་མཉམ་རྒྱལ་བ་ཐུགས་རྗེ་ཅན༔ དུས་གསུམ་རྒྱལ་ཀུན་འདུས་པའི་གཙོ༔ བདེ་གཤེགས་དབང་ཆེན་ཡབ་ཡུམ་དང་༔ བཀའ་སྡོད་སྤྲུལ་བ་འཁོར་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཕྱི་ཡི་སྣང་བ་དབང་དུ་སྡུས༔ ནང་གི་རྩ་རླུང་ཐིག་ལེ་སྐྱེད༔ གསང་བ་རིག་རྩལ་ཉམས་རྟོགས་སྤོར༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་སྩོལ༔ ཆད་ཐོ་ནི། གཏོར་མ་རྣམས་ལ་སྨན་རཀ་བྲན་ཏེ། རཾ་ཡཾ་ཁཾ། གཏོར་མ་རྣམས་ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་སྤྲིན་ཕུང་ནམ་མཁའ་གང་བར་གྱུར། ༀ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབས། ཧྲཱི༔ སྔོན་ཚེ་གོང་ནས་བསྐལ་བའི་བར༔ ཀུན་བཟང་ཡབ་ཡུམ་པདྨ་འབྱུང་༔ ཡེ་ཤེས་མཚོ་རྒྱལ་དཔལ་གྱི་སེང་༔ རིམ་གྱིས་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ མཁའ་འགྲོ་གིང་ལང་ཤུགས་འགྲོའི་ཚོགས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པ་དང་༔

p. 506

སངས་རྒྱས་བསྟན་སྐྱོང་དགྲ་བགེགས་སྒྲོལ༔ རྣལ་འབྱོར་ཚེ་བསྲིངས་བར་ཆད་ཟློག༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ཁས་བླངས་དམ་བཅས་འཕྲིན་ལས་མཛོད༔ ཧྲཱི༔ དེ་འོག་བསྐལ་བ་ཡང་མཐིལ་དུ༔ ཌཱཀྐིའི་ཚོགས་ཁང་གཏེར་སྒྲོམ་དུ༔ སྐལ་ལྡན་བདེ་ཆེན་རྒྱལ་པོ་ཡིས༔ རྟ་ཕག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ལྷ་མགོན་སྨན་མོ་གསང་བ་དང་༔ ཤ་ཟ་རཱ་ཧུའི་ཚོགས་བཅས་ཀྱིས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཀྱང་༔ བཀའ་ཡི་གཏོར་མ་ལེན་པ་དང་༔ སངས་རྒྱས་བསྟན་སྐྱོང་དགྲ་བགེགས་སྒྲོལ༔ རྣལ་འབྱོར་ཚེ་བསྲིངས་བར་ཆད་ཟློག༔ ཤཁྲག་དམར་གྱི་གཏོར་མ་བཞེས༔ ཁས་བླངས་དམ་བཅས་འཕྲིན་ལས་མཛོད༔ བསྟན་མ་སྐྱོང་པ་ནི། རཾ་ཡཾ་ཁཾ། བསྟན་མའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ༔ བྷྱོ༔ བསྟན་སྐྱོང་མ་ལུས་འཁོར་དང་བཅས༔ འཇའ་ཚོན་ཆར་སིལ་སྒྲ་དང་བཅས༔ འདིར་གཤེགས་དམ་རྫས་གཏོར་མ་བཞེས༔ འཇིག་རྟེན་ཁམས་བདེ་ལོ་ཕྱུགས་ལེགས༔ རྣལ་འབྱོར་རྩ་རླུང་ཉམས་རྟོགས་སྤེལ༔ མཐོང་ཐོས་དྲན་རེག་སྨིན་གྲོལ་ནས༔ གསང་སྔགས་བསྟན་

p. 507

པ་རྒྱས་པར་མཛོད༔ བྲོ་བརྡུང་ནི། ཨེ་ནྲྀ་ཏྲི་ཁུག་ཛ། པྲ་བེ་ཤ་ཡ་ཕཊ། ཨ་བེ་ཤ་ཡ་ཨ། ཧྲཱི༔ མ་ཆགས་པདྨའི་དཀྱིལ་འཁོར་ནས༔ རྣམ་རྟོག་བགེགས་ཀྱི་ཕུང་པོ་ལ༔ གཉིས་མེད་རོལ་བའི་བྲོ་བརྡུངས་པས༔ གཉིས་འཛིན་གདོན་གྱི་ཚོགས་ཆེན་ཆོམས༔ ༀ་ལམ་ཨཱ་ལམ་ཧཱུྃ་ལམ༔ སྟམ་བྷ་ཡ་ནན༔ དྷརྨ་དྷ་ཏུ་ཨ༔ དངོས་གྲུབ་བླངས་པ་ནི༔ ཧྲཱི༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་༔ དབང་ཆེན་རྟ་ཕག་ཐུགས་རྗེ་ཅན༔ བསྐྱེད་རྫོགས་བསྙེན་སྒྲུབ་མཐར་ཕྱིན་པས༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་ཌཱཀྐི་བཛྲ་པདྨ་ཀྲོ་དྷ་སརྦ་སིདྡྷི་ཕ་ལ་ཧོ༔ གཏང་རག་གི་མཆོད་བསྟོད་བྱ། བཟོད་གསོལ་ནི། ཧྲཱི༔ རྩ་གསུམ་ཡོངས་འདུས་དཀྱིལ་འཁོར་དུ༔ ཆོ་ག་ལྷག་ཆད་གྱུར་པ་དང་༔ ལྷ་བསྙེན་བྱིང་རྨུགས་འཐིབས་ལ་སོགས༔ འགལ་འཁྲུལ་མ་ལུས་དག་པར་མཛོད༔ དབྱངས་གསལ་ཡིག་བརྒྱ་སོགས་བཟླ༔ འདི་ནས་རྟེན་དང་ཞེས་བརྟན་བཞུགས་བྱ། གཤེགས་བསྡུ་ནི། ཧྲཱི༔ སྣང་སྲིད་ཐམས་ཅད་དབང་ཆེན་ཞིང༔ རང་ལུས་འབྱུང་བ་རྡོས་བཅས་བྲལ༔ སྒྲ་རྣམས་བྲག་ཆའི་གདངས་བཞིན་སྣང༔ འགྱུ་དྲན་ཀ་དག་

p. 508

རོལ་རྩལ་དུ༔ གང་འདུལ་འཕྲིན་ལས་མཐར་ཕྱིན་ནས༔ ཆོས་དབྱིངས་སྐྱེ་མེད་ཀློང་དུ་ཨ༔ སྨོན་ལམ་ནི། ཧོ༔ བདག་ཅག་འདིར་འདུས་མཆེད་ལྕམ་རྣམས༔ དམ་ཚིག་གཡེལ་མེད་ཏིང་འཛིན་གྱིས༔ འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ནས༔ ཁམས་གསུམ་འོད་སྐུར་ཡོངས་གྲོལ་བསྔོ༔ བཀྲ་ཤིས་ནི༔ ཧཱུྃ་ཧྲཱི༔ བྱིན་རླབས་ཆར་ལྟར་འབེབས་མཛད་པའི༔ བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་ཆར་ལྟར་སྙིལ་མཛད་པའི༔ ཡི་དམ་རྟ་ཕག་བཀྲ་ཤིས་ཤོག༔ བར་ཆད་ཀུན་སེལ་ལས་རྣམས་སྒྲུབ༔ མཁའ་འགྲོ་སྲུང་མའི་བཀྲ་ཤིས་ཤོག༔ འཇའ་ལུས་འོད་སྐུར་སྨིན་མཛད་པའི༔ འགྲོ་ཀུན་མཁའ་ཁྱབ་བཀྲ་ཤིས་ཤོག༔ དེ་ལྟར་རྟ་ཕག་གི་ལས་བྱང་སོགས། སྔོན་དུ་གཏེར་གཞུང་གི་དགོངས་དོན་བཞིན་ལྷན་ཐབས་སུ་སྦྱར་ཀྱང་། གབ་དཀྲུགས་དང་བརྡའ་འཐོར་བར་བརྟེན་ཤིན་ཏུ་རྟོགས་དཀའ་བ་བཅས་སླར་ཡང་གཞན་ཕན་གྱི་བློས་འཕར་བའི་ལོར་གབ་སྦས་དཀྲུགས་མེད་པར་གོ་བདེ་བའི་ཆེད་དུ་སྔོན་འགྲོ་ལས་རིམ་དང་བཅས་བསྐྱར་བསྒྲིགས་སུ། ༧བདེ་ཆེན་རྒྱལ་པོས་སྦྱར་བའོ། །ཤཱཀྱའི་བཙུན་མིང་གིས་བྲིས་པའོ། །གཏེར་གཞུང་རྩ་ཚིག་དཔག་བསམ་འབྲས་བཟང་མཆོག །ཧ་ཅང་སྤྲོས་པའི་ཚིག་གི་ལོ་འདབ་ཀྱིས། །སྒྲིབ་མིན་ཤིན་ཏུ་གོ་བདེར་བཀོད་པ་པོ། །དགུ་རོང་སྤྲུལ་མིང་སྣ་ཚོགས་རང་གྲོལ་ལོ། །སརྦ་མངྒ་ལཾ།། །།

མགོན་དཀར་གྱི་སྒྲུབ་ཐབས་བླ་མ་མགོན་པོའི་ཞལ་ལུང་དངོས་གྲུབ་རོལ་མཚོ། དགུ་རོང་སྣ་ཚོགས་རང་གྲོལ།

p. 509

༄༅། །མགོན་དཀར་གྱི་སྒྲུབ་ཐབས་བླ་མ་མགོན་པོའི་ཞལ་ལུང་དངོས་གྲུབ་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།

p. 510

རྒྱལ་ཀུན་གསང་གསུམ་རོལ་མོའི་གར། །གྲུབ་དབང་སྐྱབས་མཆོག་བླ་མ་དང་། །དབྱེར་མེད་ཡིད་བཞིན་མགོན་པོའི་ཞལ། །གཉིས་མེད་རང་རིག་ཐིག་ལེར་འདུད། །གཏེར་མགོན་ཡིད་བཞིན་ནོར་བུ་ཡི། །སྒྲུབ་ཐབས་ཉམས་སུ་ལེན་པ་ལ། །སྒྲུབ་རྗེས་གཏོར་མ་ལ་སོངས་པའི། །བཤམས་བཀོད་མཐོང་བརྒྱུད་བཞིན་དུ་བཤམས། །དངོས་གཞི་ངག་འདོན་རིམ་པ་ལ། །བདག་གི་རྣལ་འབྱོར་སྔོན་འགྲོ་བར། །མཆོད་རྫས་བརླབ་པ་ནི། ཧྲཱི༔ འཇིག་རྟེན་དག་པའི་གཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་ཀུན་སྤྲུལ་ཏེ༔ ཐམས་

p. 511

ཅད་དག་པའི་བདུད་རྩི་ཆེ༔ རོ་བཅུད་མདངས་ལྡན་འོད་ཕུང་འཁྱིལ༔ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཧཱུྃ་ཧྲཱིཿཋ༔ རྟེན་བསྐྱེད་པ་ནི། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུ་དང་ཁོད་མཉམ་པར་རིན་པོ་ཆེའི་ས་གཞི་རྒྱ་ཆེ་ཞིང་ཁོད་སྙོམ་པོར་བརྡལ་བ་ལ༔ དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ༔ ནེའུ་གསིང་སྨན་དང་ལྗོན་ཤིང་ནགས་ཚལ་མེ་ཏོག་སྣ་ཚོགས་པས་རབ་ཏུ་བརྒྱན་པ༔

p. 512

འདོད་ཡོན་འཛིན་པའི་ལྷ་དང་ལྷ་མོ་འབྱམས་ཀླས་པའི་དབུས་སུ་བྱང་སེམས་དཀར་པོའི་རྒྱ་མཚོ་འཁྱིལ་བའི་ཀློང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྲག་རི་ཕྱོགས་བཞི་ནས་ཡིད་ལ་གང་འདོད་ཀྱི་རིན་པོ་ཆེ་རྒྱན་གོས་ཟས་སྣ་ཕོ་བྲང་ཡུལ་གླིང་སོགས་ཅི་འདོད་ཀྱི་ཆར་འབེབས་པ༔ དེའི་སྟེང་དུ་བྱང་སེམས་དམར་པོའི་མཚོ་ཆེན་རྦ་ཀློང་འཁྲུགས་པའི་དབུས་སུ༔ རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཕོ་བྲང་གཞལ་མེད་ཁང་རྒྱ་ཁྱོན་མཐའ་ལས་འདས་ཤིང་འོད་ཟེར་འབར་བའི་ནང་ཀུན་ལྷ་ཀླུ་མིའི་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེ་གཏེར་གྱི་བུམ་པ་ལ་སོགས་པས་གཏམས་པའི་དབུས་སུ༔ པཾ་ལས་པདྨ་རཾ་ལས་ཉི་མ༔ ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུཾ་ཡིག་དཀར་པོ་གསལ་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དབུལ་ཕོངས་དང་སྡུག་བསྔལ་བསལ་ཏེ་སྲིད་བཅུད་ཐམས་ཅད་བསྡུས་ནས་སྲོག་ཡིག་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཅུད་ཟད་ཁྲོ་འཛུམ་སྒེག་པའི་ཉམས་ཅན༔ ཞལ་གཅིག་ཕྱག་བཞི་ཞབས་གཉིས་དོར་སྟབས་སུ་བཞུགས་

p. 513

པ༔ སྤྱན་གསུམ་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པའི་ཟུར་ཕུད་ལ་ཉི་མ་དང་ཟླ་བས་བརྒྱན་ཅིང་༔ ཐོད་སྐམ་ལྔས་དབུ་བརྒྱན་ལ་རིན་པོ་ཆེའི་རྩེ་ཕྲན་དུ་མས་སྤྲས་པ་དབང་རྟགས་སུ་འོད་དཔག་མེད་ཀྱིས་མཚན་པ༔ ཕྱག་གཡས་ཀྱིས་ནོར་གཞོང་དང་མདའ་གཞུ༔ གཡོན་རཏྣའི་ཕྲེང་བ་དང་རལ་གྲི་འཛིན་པ༔ ལྷ་རྫས་ཀྱི་ན་བཟའ་གསང་བའི་གོས་ལྷབ་ལྷབ་ཏུ་གསོལ་ཞིང་༔ རཏྣའི་ཕྲེང་བ་དང་དྲིལ་གཡེར་ཟླ་ཕྱེད་ཀྱིས་མཚན་པ༔ སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་གྱུར༔ དེའི་གཡས་སུ་གཉིས་མེད་ཀྱི་ཡུམ་གསང་བའི་ལྷ་མོ་དཀར་གསལ་མཛེས་འཛུམ་མདངས་ལྡན༔ ཞལ་གཅིག་ཕྱག་གཉིས་མ་གཡས་མདའ་དར་དང་གཡོན་ཐོད་པ་འཛིན་པ༔ གསང་བའི་གནས་ནས་འདོད་ཆགས་ཀྱི་མཚལ་འབབ་པ༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ དྲེའུ་དཀར་ལ་ཆིབས་པ༔ མགོན་པོའི་མདུན་དུ་མཁའ་འགྲོ་གསང་བ་སྡེ་བཞི་ཞི་འཛུམ་ལས་བཞིའི་མདོག་ཅན༔ ཞལ་གཅིག་ཕྱག་གཉིས་མ་གཡས་རྣམས་ཀྱིས་ལྕགས་ཀྱུ་ཞགས་པ་

p. 514

ལྕགས་སྒྲོག་དྲིལ་བུ་འཛིན་ཅིང་༔ གཡོན་རྣམས་ཀྱིས་བུམ་པ་མདའ་དར་མདུང་དམར་རལ་གྲི་འཛིན་པའོ༔ དེའི་གཡོན་དུ་སྨན་མོ་སྡེ་བཞི་དཀར་སེར་དམར་ལྗང་མཛེས་ཆགས་སྒེག་པའི་ཉམས་ཅན༔ གཡས་རྣམས་ཀྱིས་མདའ་དར་ནོར་བུ་ཟས་གཞོང་པདྨ༔ གཡོན་རྣམས་ཀྱིས་སྨན་སྒྲོམ་དང་ཐོད་པ་ཌ་མ་རུ་དང་རལ་གྲི་འཛིན་པ༔ ལྷ་མོའི་གཡས་སུ་མ་མོ་ཤ་ཟ་སྡེ་བཞི་དམར་ནག་གཅེར་བུ་རལ་བ་གཟེངས་པ༔ ཞལ་གཅིག་ཕྱག་གཉིས་མ༔ ཕྱག་གཡས་རྣམས་ཀྱིས་ལྕགས་སྒྲོག་སྤྲུལ་ཞགས་མདའ་དར་རལ་གྲི་འཛིན་ཅིང་༔ གཡོན་རྣམས་ཀྱིས་ཞགས་པ་དང་ནད་ཀྱི་རྐྱལ་བ་ལྕགས་ཀྱུ་མདུང་དམར་འཛིན་པའོ༔ མགོན་པོའི་རྒྱབ་ཏུ་གཟའ་བདུད་རཱ་ཧུ་ལ་གཞོན་ནུའི་ཚུལ་གྱིས་མདའ་གཞུ་འགེངས་པ༔ ཐམས་ཅད་ཀྱང་ཞབས་གཉིས་བཞེངས་སྟབས་སུ་བཞུགས་་འི་མཐའ་བསྐོར་དུ་ནོར་ལྷ་གཏེར་བདག་དམ་ཅན་རྒྱ་མཚོ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་ཏིལ་གྱི་གོང་བུ་ལྟར༔ གཞལ་ཡས་ཁང་མེར་གྱིས་གང་བར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་གྱི་

p. 515

ཚོགས་སྲིད་གསུམ་ཁྱབ་པར་འཕྲོ་ཞིང་གནས་གསུམ་ཡེ་གེ་གསུམ་གྱིས་མཚན་པར་གྱུར༔ དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ གནས་གསུམ་མཁའ་འགྲོ་འདུ་བའི་གླིང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་གར་བཞུགས་ཆོས་དབྱིངས་ཕོ་བྲང་སོ་སོ་ནས་མགོན་པོ་འཁོར་བཅས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་སྤྱན་དྲངས་པར་གྱུར༔ བཛྲ་ས་མ་ཡ་ཛ༔ ཞེས་སྤྱན་འདྲེན་པ་ནི། ཧཱུྃ༔ ཀུན་ཏུ་བཟང་པོའི་ཐུགས་སྤྲུལ་ཏེ༔ སྲིད་པ་གསུམན་བཀའ་ཉན་པ༔ ཡེ་ཤེས་ཕྱག་རྒྱ་གར་གྱི་མགོན༔ མགོན་པོ་ཆེན་པོ་གཤེགས་སུ་གསོལ༔ འོག་མིན་བྱེ་བ་སུམ་ཅུའི་ཡུལ༔ རྒྱ་ནག་རི་བོ་རྩེ་ལྔ་དང་༔ གནས་གསུམ་དུར་ཁྲོད་ཁྲག་མཚོ་ནས༔ རྒྱལ་བའི་བསྟན་པ་སྲུང་ཕྱིར་གཤེགས༔ མ་ཆགས་པདྨའི་མཚོ་ཀློང་ནས༔ ཡུམ་མཆོག་ལྷ་མོ་ཆེན་མོ་ནི༔ ཤིན་ཏུ་ཆགས་པའི་མྱོས་བྱེད་མ༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས༔ བསིལ་བའི་ཚལ་དང་རི་རབ་རྩེ་༔ རྒྱ་གར་ཡུལ་དང་ཀོང་པོ་ནས༔ གསང་བ་སྡེ་བཞི་འཁོར་དང་བཅས༔ ཁམས་གསུམ་

p. 516

དབང་དུ་སྡུད་ཕྱིར་གཤེགས༔ རྒྱ་མཚོའི་གནས་དང་དུར་ཁྲོད་བརྒྱད༔ འོག་མིན་གནས་དང་རྔ་ཡབ་ཞིང་༔ སྨན་མོ་སྡེ་བཞི་འཁོར་དང་བཅས༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས༔ རྒྱ་གར་རྒྱ་ནག་བལ་པོའི་ཡུལ༔ སོ་ས་གླིང་དང་ཀུན་དགའི་གླིང་༔ ཤ་ཟ་སྡེ་བཞི་འཁོར་དང་བཅས༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས༔ སྲིན་ཡུལ་ལངྐ་པུ་རི་དང་༔ དབུ་རུ་ཞ་ཡི་ལྷ་ཁང་ནས༔ གཟའ་བདུད་ཆེན་པོ་འཁོར་དང་བཅས༔ ཁམས་གསུམ་དབང་དུ་སྡུད་ཕྱིར་གཤེགས༔ བསྟན་པ་སྤེལ་ཕྱིར་གཤེགས་སུ་གསོལ༔ ནད་གདོན་ཞི་ཕྱིར་གཤེགས་སུ་གསོལ༔ ཚེ་བསོད་རྒྱས་ཕྱིར་གཤེགས་སུ་གསོལ༔ དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ ཟིལ་གྱིས་གནོན་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་སྒྲོལ་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱཧི་ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ པདྨ་ཀ་མཱ་ལ་ཡེ་སྟྭཾ༔ མཆོད་པ་ནི༔ ཧཱུྃ༔ མགོན་པོ་ཡབ་ཡུམ་འཁོར་བཅས་ལ༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་ལས༔ ས་སྟེང་མ་ལུས་བཀང་ནས་

p. 517

ཀྱང་༔ འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་ནསཤཔྟ་རུ་པ་ནས་དྷརྨ་དྷ་ཏུ་པཱུཙ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། རྩ་སྔགས་མཐར། ས་པཱ་རི་ཝ་ར་ཨེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་སོགས་ཀྱིས་འབུལ༔ བསྟོད་པ་ནི། ཧྲཱི༔ ཀུན་བཟང་ཐུགས་སྤྲུལ་མགོན་པོ་ཆེ༔ སྲིད་གསུམ་ཀུན་བདག་གཙོ་བོ་སྟེ༔ དབང་མཛད་དབང་གི་རྒྱལ་པོ་ཆེ༔ ཁམས་གསུམ་དབང་སྡུད་ཁྱོད་ལ་བསྟོད༔ ཐབས་ཤེས་བདེ་སྟོང་ཟུང་འཇུག་གི༔ ཡིད་འོང་ལྷ་མོ་དཀར་གསལ་མཛེས༔ ཆགས་པའི་མྱོས་ཤིང་ལང་ཚོ་རྒྱས༔ ས་གསུམ་ཀུན་ཡིད་འཕྲོག་ལ་བསྟོད༔ ཤིན་ཏུ་མཚར་སྡུག་མཛེས་འཛུམ་མ༔ བརྩེ་གདུང་འགྲོ་བའི་ཡིད་འགུགས་ཤིང་༔ དམ་ལྡན་རྣལ་འབྱོར་སྐྱོང་མཛད་པའི༔ གསང་བ་སྡེ་བཞི་བདག་བསྟོད་དོ༔ ཞི་ཞིང་འཛུམ་པའི་ངང་ཚུལ་གྱིས༔ རྣམ་འཕྲུལ་མཐའ་ཡས་སྟོན་མཛད་ཅིང་༔ འཕྲིན་ལས་བཞི་ལྡན་གཙོ་མོ་སྟེ༔

p. 518

སྨན་མོ་སྡེ་བཞི་བདག་བསྟོད་དོ༔ ཤིན་ཏུ་ཁྲོ་གཏུམ་མཆེ་བ་གཙིགས༔ ང་རོས་ས་གསུམ་གཡོ་ཞིང་འཁྱོམས༔ ལས་སུ་དགྲ་བགེགས་སྒྲོལ་མཛད་པའི༔ ཤ་ཟ་སྡེ་བཞི་བདག་བསྟོད་དོ༔ སྲིན་པོའི་གཟུགས་ཀྱི་གདུག་པ་ཅན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ མཚན་གསོལ་གཟའ་མཆོག་རཱ་ཧུ་ལ༔ དམ་ཚིག་ཅན་ལ་བདག་བསྟོད་དོ༔ གཞན་ཡང་དཔལ་ལྡན་མགོན་པོ་ཡི༔ བཀའ་དང་འཁོར་ན་ལེགས་གནས་ཤིང་༔ དམ་ལྡན་རྣལ་འབྱོར་སྐྱོང་མཛད་པའི༔ དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད༔ ཅེས་བསྟོད་ལ་བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་ཏེ་གནས་པ་ལ་ཕོག་པས་མགོན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ་བས་གཟི་བྱིན་འབར་ཞིང་སྔོན་གྱི་དམ་ཚིག་རྗེས་སུ་དྲན་ནས་འདར་ཡེངས་ཡེངས་གནས་པ་ལ་སླར་ཡང་འོད་ཟེར་གྱིས་བསྐུལ་བས་མགོན་པོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་རྒྱལ་བ་ཀུན་མཆོད་ཅིང་ཐུགས་རྒྱུད་བསྐུལ་འོག་མིན་ལ་

p. 519

སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མགོན་པོའི་རྟེན་དང་བརྟེན་པ་ལ་ཐིམ་པས་མཐུ་སྟོབས་དང་ནུས་པ་གཟི་བྱིན་ཕུན་སུམ་ཚོགས་པར་གྱུར། མགོན་པོའི་གནས་གསུམ་ལས་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་དང་ལྷ་སྐུ་ཡིག་འབྲུ། ཕྱག་མཚན་དུ་མ་འཕྲོས་རང་གི་གནས་གསུམ་དུ་ཐིམ་པས་ཐོག་མེད་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦྱངས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ། སླར་ཡང་གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བ་སྤུའི་བུ་ག་ཕྱག་ཞབས་སོགས་སྐུའི་ཆ་ཐམས་ཅད་ནས་འདོད་དགུའི་ཆར་བབས་ཏེ་གནས་ཁང་བང་མཛོད་དང་བཅས་པ་ཕྱུར་བུར་གང་ཞིང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་སྐད་ཅིག་ལ་སྩོལ་བར་གྱུར་པར་བསམ་ལ། ཨོཾ་བཛྲ་སེང་པདྨ་རཀྴ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་གང་མངབཟླས་མཐར་ཡིག་བརྒྱས་ལྷག་ཆད་བསྐངས་ལ་མཆོད་བསྟོད་བྱ་བ་ནི། རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས་ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ལ་ཁ་རཾ་ཁཱ་ཧི ཧཱུྃ༔ གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་༔ ཅི་འདོད་དངོས་གྲུབ་མ་ལུས་སྟེར་མཛད་པའི༔ བླ་མགོན་དབྱེར་

p. 520

མེད་ཡིད་བཞིན་ནོར་བུ་ལ༔ གུས་པས་འདུད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ བསྐང་རྫས་བྱིན་གྱིས་བརླབས་པ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷཱུཾ་ལས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པའི་ནང་དུ་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པའི་སྲིད་ཞིའི་འདོད་ཡོན་གྱི་རྣམས་པ་མཁོ་དགུ་ཚང་བ་བཟང་དགུས་འབྱོར་བ་མཛེས་དགུས་བརྒྱན་པ་ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་ཅན་རྣམ་པ་བདེ་བའི་མཆོད་པའི་ཚོགས་བསམ་གྱི་མི་ཁྱབ་པས་ས་དང་བར་སྣང་ནམ་མཁའ་ཐམས་ཅད་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ཞེས་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ། ཐུགས་དམ་བསྐང་བ་ནི། ཧཱུྃ༔ སྤྲོས་བྲལ་བདེ་བ་ཆེན་པོ་ཡི༔ རང་མདངས་སྒྱུ་འཕྲུལ་རོལ་མོའི་གར༔ གང་འདོད་འཆར་བ་མཆོད་པའི་སྤྲིན༔ འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ༔ ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔ༔ དམ་རྫས་སྨན་རཀ་གཏོར་མ་དང་༔ རྒྱན་དང་བཀོད་པ་ཡོངས་རྫོགས་པའི༔ ཕོ་བྲང་པདྨ་ཉི་ཟླའི་གདན༔ རིན་ཆེན་རུས་རྒྱན་ལྷ་མིའི་གོས༔ དྲིལ་གཡེར་དར་དཔྱངས་སྣ་ཚོགས་

p. 521

དང་༔ ནོར་གཞོང་མདའ་གཞུ་དར་སྣའི་ཕྲེང་༔ རལ་གྲི་མདའ་དར་བྷན་དྷ་སོགས༔ སྣ་ཚོགས་ཕྱག་མཚན་དུ་མ་དང་༔ རིན་ཆེན་མེ་ཏོག་རྒྱན་ཕྲེང་དང་༔ ལྷ་རྫས་ན་བཟའ་གོ་ཁྲབ་རྨོག༔ འཕན་གདུགས་བླ་བྲེ་རྒྱལ་མཚན་དང་༔ སེངྒེ་གླང་ཆེན་ཁྱུང་འབྲུག་སྟག༔ རྟ་མཆོག་དྲེའུ་ལ་སོགས་པའི༔ སྣ་ཚོགས་བཞོན་པ་རྒྱལ་སྲིད་བདུན༔ བཀྲ་ཤིས་རྟགས་རྫས་རི་གླིང་གི༔ བཀོད་པ་ལྷ་ཀླུ་མིའི་འབྱོར་བ༔ སྲིད་ཞིའི་འདོད་ཡོན་མཆོད་པའི་ཚོགས༔ མ་ལུས་མ་ཚང་མེད་པ་འདིས༔ བླ་མ་མགོན་པོའི་ཐུགས་དམ་བསྐང་༔ ཡུམ་མཆོག་ལྷ་མོའི་ཐུགས་དམ་བསྐང་༔ གསང་བ་སྡེ་བཞིའི་ཐུགས་དམ་བསྐང་༔ སྨན་མོ་སྡེ་བཞིའི་ཐུགས་དམ་བསྐང་༔ ཤ་ཟ་སྡེ་བཞིའི་ཐུགས་དམ་བསྐང་༔ མིག་མང་འོད་འཕྲོའི་ཐུགས་དམ་བསྐང་༔ བཀའ་ཉན་འཁོར་ཚོགས་ཐུགས་དམ་བསྐང་༔ སྐུ་གསུང་ཐུགས་དང་འགལ་བ་ཡི༔ དམ་ཚིག་ཉམས་ཆག་ཐམས་ཅད་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་ཡིག་བརྒྱ་བཟླ། བསྐང་བ་གྲངས་གསོག་ཆེ། ཧཱུྃ༔ བདེ་སྟོང་ཡེ་ཤེས་མཆོད་པའི་སྤྲིན༔

p. 522

ཕྱི་ནང་གསང་བ་ཡང་གསང་གི༔ ཐུགས་དམ་བསྐང་བའི་དམ་ཚིག་རྫས༔ སྲིད་ཞིའི་མཆོད་ཚོགས་རྒྱ་མཚོ་འདིས༔ ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས༔ འཕྲིན་ལས་འདོད་རྒུའི་དངོས་གྲུབ་སྩོལ༔ འཕྲིན་ལས་བཅོལ་བནི། ཧྲཱི༔ འཇིག་བྱེད་དྲེགས་སྡེ་ཀུན་གྱི་བདག༔ མགོན་པོ་ཆེན་པོ་ཕྱག་བཞི་པ༔ ཡུམ་མཆོག་ལྷ་མོ་མཛེས་འཛུམ་མ༔ གསང་བ་སྡེ་བཞི་མཁའ་འགྲོ་དང་༔ སྨན་མོ་ཤ་ཟ་རཱ་ཧུ་སོགས༔ སྤྲུལ་པ་འཁོར་ཚོགས་འབུམ་སྡེ་བཅས༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ རྣམ་བཞི་འཕྲིན་ལས་སྒྲུབ་པ་དང་༔ སྲིད་གསུམ་འགྲོ་ཀུན་ཟིལ་གྱིས་གནོན༔ ལྷ་འདྲེ་མི་གསུམ་བྲན་དུ་བཀོལ༔ ཁམས་གསུམ་མ་ལུས་དབང་དུ་བསྡུས༔ སྔོན་ལས་འཕྲལ་རྐྱེན་མི་མཐུན་བགེགས༔ ཉེར་འཚེ་བར་ཆད་ཞི་བ་དང་༔ ཚེ་བསོད་མངའ་ཐང་སྙན་གྲགས་རྒྱས༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང་། ཧཱུྃ༔ ཀུན་བཟང་ཡབ་ཡུམ་རྡོ་རྗེ་སེམས་དཔའ་དང་༔ ཡེ་ཤེས་ཌཱཀྐི་ལས་ཀྱི་དབང་མོ་ཆེ༔ ཧཱུཾ་ཆེན་ཀ་ར་ལབ་ཀྱི་སྒྲོན་མ་དང་༔ པད་འབྱུང་མཚོ་རྒྱལ་དཔལ་སེང་བདེ་ཆེན་རྒྱལ༔

p. 523

ཨོ་རྒྱན་བསྟན་འཛིན་ཆོས་རྒྱལ་ངག་གི་དབང་༔ རྣལ་འབྱོར་དབང་ཕྱུག་ཚོགས་དྲུག་རང་གྲོལ་སོགས༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས་རྣམས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་ཅི་བཞིན་དུ༔ རྩ་བརྒྱད་སྟོང་སྦྱར་ཛ་གད་བདུད་རྩི་སྨན༔ དམར་ཆེན་ལྦུ་ཕྲེང་འཁྲུགས་པ་རཀྟའི་མཚོ༔ རོ་བརྒྱའི་དཔལ་དང་སྦྱར་བའི་གཏོར་མ་སོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འདི་བཞེས་ལ༔ སངས་རྒྱས་བསྟན་སྲུངས་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ༔ སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ༔ འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད༔ རྒས་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན༔ མིག་ལ་ཡ་མཚན་ལྟད་མོ་དགའ་བོས་གང་༔ རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་༔ དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར༔ ཟས་སྐོམ་འབྱོར་བས་རོ་འཛིན་ཚིམ་པར་མཛོད༔ ལུས་ལ་རེག་བྱའི་བདེ་བ་ཁོ་ནས་འཚོ༔ ཡིད་ལ་རྣམ་པར་གྲོལ་བའི་ཤེས་རབ་དང་༔ ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད༔ ཁྱོད་གསོལ་ཁྱོད་སྒྲུབ་ཁྱོད་

p. 524

བསྟེན་ཁྱོད་རྦད་ན༔ མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད༔ གཞིས་སུ་བཀྲ་ཤིས་ཚེ་རིང་ལོངས་སྤྱོད་སྤེལ༔ བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད༔ འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་ལས་སྐྱོབས༔ མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པ་དང་༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ༔ འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང་༔ མཐུན་རྐྱེན་བསམ་དོན་མ་ལུས་འགྲུབ་པར་མཛོད༔ དུང་དུང་སྙིང་ནས་མི་ཕྱེད་དད་པ་ཡིས༔ ཡང་ཡང་མཆོད་ཅིང་གསོལ་བ་འདེབས་ལགས་ན༔ འཛུམ་འཛུམ་དགྱེས་བཞིན་ཞལ་བཟང་བསྟན་ནས་ཀྱང་༔ མྱུར་མྱུར་ལས་བཞིའི་འཕྲིན་ལས་འགྲུབ་པར་མཛོད༔ མི་བསྲུན་སྙིགས་མ་ལྔ་བདོའི་འགྲོ་བའི་མགོན༔ སྐྱབས་གཅིག་འཁོར་ལོའི་མགོན་པོ་ཡབ་སྲས་ཀྱི༔ སྐུ་ཚེ་བརྟན་ཅིང་མཛད་འཕྲིན་དབྱར་མཚོ་ལྟར༔ མི་ཉམས་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛོད༔ མདོར་ན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གནས་སྐབས་མཐར་ཐུག་ཡིད་ལ་རེ་བའི་དོན༔ མཐའ་དག་འབད་པ་མེད་པར་

p. 525

འགྲུབ་པ་དང་༔ བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཅེས་ཅི་ལྟར་འཕྲིན་ལས་བཅོལ་བ་བཞིན་ཞལ་གྱིས་བཞེས་པར་བསམ་ལ། མཆོད་གཏོར་རྣམས་གཙང་སར་གཤེགས། གསོལ་བ་འདེབས་པ་ནི། ཧཱུྃ༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མགོན་པོ་ཡིད་བཞིན་ནོར་བུ་ལ། །གསོལ་བ་འདེབས་སོ་རྣལ་འབྱོར་བདག་ཅག་གི །ཚེ་འདིའི་འགལ་རྐྱེན་བར་ཆད་ཞི་བ་དང་། །ཚེ་བསོད་ཆོས་འབྱོར་རྒྱས་ཤིང་ཁམས་གསུམ་གྱི། །ལེགས་ཚོགས་དབང་བསྡུས་མི་མཐུན་གཡུལ་ངོ་ལས། །རྒྱལ་ཏེ་གང་བསམ་དོན་རྣམས་འགྲུབ་པ་དང་། །ཕྱི་མ་འོག་མིན་གནས་སུ་དྲངས་དུ་གསོལ། །ཞེས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་སོ། །སྨྲས་པ། ཆོས་ཚུལ་འདི་ཡི་བཀའ་བབས་ཤིང་། །ལྷ་མཆོག་འདི་ཡི་དངོས་གྲུབ་ཐོབ། །ལོངས་སྤྱོད་ལ་ནི་སྐལ་བ་ཅན། །རིག་འཛིན་སྣ་ཚོགས་རང་གྲོལ་གྱིས། །ཤིང་བྱའི་ཟླ་ཚེས་གནམ་རྫོང་གི །ཡང་རྩེའི་བསམ་གཏན་ཁང་བུ་རུ། །བཅད་རྒྱའི་ཐུན་མཚམས་ཤིག་ལ་བྲིས། །ཉམས་སུ་ལོངས་དང་དངོས་གྲུབ་ཐོབ། །འདི་བྲིས་དགེ་ཚོགས་ཅི་མཆིས་པ། །རྒྱལ་བསྟན་རིན་ཆེན་རྒྱས་ཕྱིར་བསྔོ། །སརྦ་མངྒ་ལཾ།།

ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་སྐོང་བཤགས་ཀྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ། དགུ་རོང་དགེ་འདུན་འཇིགས་མེད་རྣམ་གྲོལ།

p. 526
p. 527

༄༅། །ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་སྐོང་བཤགས་ཀྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

p. 528

མཐའ་བརྒྱད་སྤྲོས་པ་ཀུན་བྲལ་ཆོས་ཀྱི་སྐུ། །མ་འགགས་རང་མདངས་གསལ་ལ་ལོངས་སྤྱོད་རྫོགས། །གང་འདུལ་མོས་ངོར་སྣ་ཚོགས་སྤྲུལ་བའི་སྐུ། །སྐུ་གསུམ་དབྱེར་མེད་བླ་མས་ཤིས་པ་སྩོལ། །ཨོ་རྒྱན་ཐུགས་སྲས་རླངས་ཆེན་དཔལ་སེང་ཉིད། །སྙིགས་དུས་རྩོད་བྲལ་གཏེར་སྟོན་ཆེན་པོའི་སྐུར། །ཡོངས་བཞེངས་བསྟན་པའི་རྩ་ལག་བདེ་ཆེན་རྒྱལ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་བཏུད་ནས། །ཟབ་གཏེར་སྙན་བརྒྱུད་རྒྱ་མཚོའི་སྙིང་པོ་མཆོག །ཡང་གསང་རྟ་ཕག་

p. 529

ཡིད་བཞིན་ནོར་བུ་ཡི། །སྐོང་བཤགས་རིམ་པ་དམ་པའི་ཕྱག་བཞེས་བཞིན། །ཡི་གེར་འགོད་ལ་བཀའ་ཡིས་གནང་བ་སྩོལ། །དེ་ལ་འདིར་ཡངགསང་རྟ་ཕག་ཡིད་བཞིན་ནོར་བུའི་དབང་བསྐུར་ལེགས་པར་ཐོབ་ཅིང་། བླན་མེད་པའི་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་དག་གི་དམ་ཚིག་ཉམས་ཆག་དང་སྡིག་སྒྲིབ་སྦྱངས་ཤིང་ཚོགས་གཉིས་ཀྱིས་འབྱོར་བ་གོང་ནས་གོང་དུ་སྤེལ་བར་བྱེད་པའི་ཐབས་ཕུལ་དུ་བྱུང་བ་ནི། བསྐོང་བཤགས་ཀྱི་རིམ་པ་འདི་ཡིན་ཏེ། དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི་ཡིད་དང་མཐུན་པའི་སར་ཚེས་བཅུ་ལ་སོགས་པ་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་དུས་ཁྱད་པར་ལ་གནས་ཁང་གཙང་མར་

p. 530

བྱི་དོར་བྱས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་གྲུ་བཞི་བདུད་རྩི་ལྔས་ཆག་ཆག་གདབ་ལ། དར་དམར་གྱི་ཁེབ་གཡོག་པའི་ཁར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་འབྲུ་ཚོམ་དང་། དཔལ་གཏོར་བཤམས། དེའི་ཕྱོགས་བཞིར་དཔལ་བཤོས་དམར་པོ་ཉེར་བདུན་རེ་སྒྲེང་ཆགས་སུ་བཤམས་པའི་ཟུར་བཞིར་རྨད་བྱུང་བསྐང་བའི་གཏོར་མ་རི་རབ་བང་རིམ་བཞི་བ་སྟེང་དུ་དཔལ་བཤོས་གྲུ་གསུམ་པད་འདབ་བཞིས་བསྐོར་བ་ལ་བསྐང་རྫས་ཀྱི་རྒྱན་སྤྲོས་དང་ལྡན་པ། དེའི་ཕྱིར་ནང་ནས་རིམ་པ་བཞིན་ཕྱོགས་རེར་ཟན་ཀོང་དཀར་པོ་ཟླུམ་པོའིནང་དུ་བདུད་རྩི་བླུགས་པ་ཉེར་བདུན་རེ་དང་། ཟན་ཀོང་གྲུ་གསུམ་གྱི་ནང་དུ་རཀྟ་བླུགས་པ་ཉེར་བདུན་རེ་དང་། དེ་ལས་ཅུང་ཟད་སྟེགས་དམར་བར་མར་མེ་ཉེར་བདུན་རེ་བཤམས་པའི་རང་རང་གི་ཟུར་བཞིར་སྨན་རཀ་མར་མེའི་རྐོང་ཆེན་རེ་བཤམ་མོ། །དེའི་མདུན་དུ་མཆོད་སྟེགས་ཅི་བདེ་བར་བཀའ་སྲུང་གི་གཏོར་མ་ཆད་བསྟན། ཕྱི་ནང་གི་ཉེར་མཆོད། ཚོགས་ཀྱི་འཁོར་ལོའི་ཡོ་བྱད། འབུད་དཀྲོལ་གྱི་རོལ་མོའི་བྱེ་བྲག་སོགས་དམ་ཚིག་གི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། འགྱོད་ཚངས་བཤགས་པའི་རིམ་པ། ཐུགས་དམ་བསྐང་བའི་རིམ་པ། འདོད་གསོལ་སྨོན་ལམ་གྱི་རིམ་པའོ། །དང་པོ་ལ་བཞི། ཕྱག་འཚལ་བ། སྔགས་བཟླ་བ། ཆོས་ཉིད་ཀྱི་ཀློང་དུ་བཤགས་པ་དང་། རྗེས་འབྲེལ་མཆེད་ནང་བཤགས་པ། དམ་བཅའ་བའི་ཚུལ་ལོ། །དང་པོ་ནི། སྒྲུབ་པ་པོ་རྣམས་གྲལ་དུ་འཁོད་དེ། རྟ་ཕག་གི་ལས་གཞུང་སྐྱབས་སེམས་ནས་ཉེ་བར་བཟུང་སྟེ་འཛབ་བཟླས་

p. 531

མཆོད་བསྟོད་བཀའ་སྲུང་གི་གཏོར་བསྔོ་ཡན་གྲུབ་རྗེས། མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྤྱན་སྔང་ལུས་ཞིང་གི་རྡུལ་སྙེད་དང་མཉམ་པར་སྤྲུལ་ནས་ཕྱག་འཚལ་བ་ནི། ན་མོ། མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །སྐྱེ་མེད་ཀ་དག༴ སོགས་བརྒྱུད་འདེབས་བཞིན་དང་། མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ལྷག་པའི་ལྷ། །བདེ་གཤེགས་ཀུན་འདུས་རྟ་ཕག་ཡབ་ཡུམ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ། དུས་གསུམ་རྒྱལ་བ་ཀུན་གྱིས་སྒྲུབ་པ་ཡི། །ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི། །སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བརྒྱ་ཕྱག་ལོངས་པ་འཚལ་ལོ། །གཉིས་པ་ནི་གདན་དུ་འཁོད་ལ། རང་ཉིད་ཐ་མལ་གནས་པ་ལ༔

p. 532

སྤྱི་བོར་པདྨ་ཟླ་བའི་སྟེང་༔ ཧཱུྃ་ཡིག་དཀར་པོའི་འཕྲོ་འདུ་ལས༔ རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ལོངས་སྐུའི་རྒྱན་སྤྲས་ཡུམ་དང་སྦྱོར༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུྃ་མཚན་ཡིག་བརྒྱའི་སྔགས་ཕྲེང་བསྐོར༔ འོད་འཕྲོས་རང་གཞན་སྡིག་སྒྲིབ་སྦྱངས༔ སྡིག་ལྟུང་ཉེས་ཚོགས་དག་པར་གྱུར༔ དམིགས་པ་གསལ་གདབ་སྟེ། ཡི་གེ་བརྒྱ་བ་གསལ་དག་སྒྲ་ཟུར་མ་ཉམས་པར་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །གསུམ་པ་ནི། ༀ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་གདོད་ནས་ཀ་དག་ཀློང་༔ དྲན་རིག་རྗེན་པ་འོད་གསལ་གཉུག་མའི་གཤིས༔ མ་འགགས་དབྱིངས་རིག་ཟང་ཐལ་ཡི་དམ་ལྷ༔ གཟུང་འཛིན་བག་ཆགས་འཁྲུལ་བའི་བློ་ལས་འདས༔ ཡེ་ཤེས་རང་སྣང་འོད་ཀྱི་དཀྱིལ་འཁོར་གསལ༔ དུག་ལྔ་མ་སྤངས་རང་གྲོལ་བྱ་རྩོལ་རྫོགས༔ དངོས་དང་དངོས་མེད་མཚན་མའི་མཐའ་ལས་འདས༔ ཡེ་དག་ཡོངས་གྲོལ་ངང་གི་ཡེ་ཤེས་ལས༔ གཅིག་དང་དུ་མའི་ཀུན་རྟོག་བག་ཆགས་འཕྲོས༔ རིམ་གྱིས་བརྩེགས་པའི་ལས་རླུང་མཐུག་པོས་བསྒྲིབས༔ དབྱིངས་ལས་འོད་ལྔ་ཡུལ་དང་སེམས་སུ་འཁྲུལ༔ འབྱུང་བ་ལྔ་ཤར་སྲིད་པ་རགས་པ་གྲུབ༔

p. 533

དེ་ལ་ཀུན་གཞིའི་བག་ཆགས་འཐས་པ་ལས༔ ཁམས་གསུམ་སེམས་ཅན་རིགས་དྲུག་ས་བོན་ཤར༔ འབྱུང་ལྔའི་སྟོབས་ཀྱི་བཅུད་དུ་སྨིན་པ་ལས༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་ལ་སོགས་དུག་ལྔའི་སྟོབས་རྩལ་རྫོགས༔ ཨ་འཐས་རང་ག་མཐའ་མེད་འཁོར་བར་བྱིང་༔ ལས་དང་ཉོན་མོངས་རྣམ་སྨིན་དུཿཁས་གཟིར༔ མེད་བཞིན་སྣང་བ་བག་ཆགས་འཁྲུལ་བའི་ལམ༔ རིག་ཅིང་རྟོགས་ན་ཡེ་ཤེས་ཟང་ཐལ་ཏེ༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང་༔ གསལ་འགྲིབ་མཐའ་འདས་སྣང་སྟོང་འགྲོ་འོང་བྲལ༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་༔ དག་དང་མ་དག་འཛིན་པ་རང་སར་ཡལ༔ འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ངང་༔ ཆགས་མེད་སྐྱོན་བྲལ་རང་བྱུང་རྣམ་པར་དག༔ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངང་༔ གདོད་ནས་བྱ་རྩོལ་རྫོགས་པ་ཐིག་ལེ་ཆེ༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་༔ ཤེས་རབ་རང་གསལ་སྟོང་ཉིད་བློ་ལས་འདས༔ དེ་ལྟར་རྟོགས་ན་དུག་ལྔ་ཡེ་ཤེས་ལྔ༔ སྐུ་ལྔ་ལྷུན་གྲུབ་འབྱུང་ལྔ་ཡུམ་ཆེན་ལྔ༔

p. 534

རང་བཞིན་ཀློང་ལྔ་ཐུགས་རྗེས་ཀུན་ལ་ཁྱབ༔ རྟག་ཆད་མཐའ་འདས་སངས་རྒྱས་སེམས་ཅན་མེད༔ བདེ་སྡུག་ལས་འདས་རྒྱུ་འབྲས་རྣམ་པར་དག༔ ཀུན་ཀྱང་ཡུལ་མེད་བརྗོད་པའི་ཡུལ་ལས་འདས༔ མ་བཅོས་སོ་མའི་ཤེས་པ་འདི་ཁོ་ན༔ རང་གྲོལ་ཀློང་དབྱིངས་གཉུག་མའི་བྷ་ག་ལ༔ འཁོར་འདས་སོ་སོར་བཟུང་བ་མཐོལ་ལོ་བཤགས༔ ཡེ་གྲོལ་ཡོངས་དག་ངང་གི་གཤིས་ལུགས་ལ༔ སངས་རྒྱས་གཞན་ནས་བཙལ་བ་མཐོལ་ལོ་བཤགས༔ རིག་རྩལ་ཀློང་ལྔ་ལྷུན་གྲུབ་རང་རྩལ་ལ༔ ཞིང་ཁམས་ཕྱི་ནས་སྒྲུབ་པ་མཐོལ་ལོ་བཤགས༔ སྣོད་བཅུད་སྣང་བ་རྒྱུ་འབྲས་དབྱེར་མེད་ལ༔ བག་ཆགས་རང་རྒྱུད་བཟུང་བ་མཐོལ་ལོ་བཤགས༔ ཤེས་རིག་ཟང་ཐལ་བདེ་གཤེགས་ཀུན་གྱི་ངང་༔ ཞལ་ཕྱག་གཟུགས་སུ་ལྟ་བ་མཐོལ་ལོ་བཤགས༔ བརྡལ་ཁྱབ་འོད་གསལ་རང་རིག་དཀྱིལ་འཁོར་ལ༔ མཚན་བཅས་དོགས་པ་བསྒྲུབ་པ་མཐོལ་ལོ་བཤགས༔ སྒྲ་རྣམས་གྲགས་སྟོང་སྐྱེ་འགགས་མེད་པ་ལ༔ བཟང་ངན་ཚིག་ཏུ་ཞེན་པ་མཐོལ་ལོ་བཤགས༔ བདེ་སྟོང་ཟུང་འཇུག་ས་ལམ་དྲན་རྫོགས་ལ༔ ཐེག་པ་རིམ་གྱིས་བགྲོད་པ་

p. 535

མཐོལ་ལོ་བཤགས༔ དྲན་རིག་རང་གསལ་མ་བཅོས་ལྷུན་གྲུབ་ལ༔ རང་བཅིངས་བསྲུང་སྡོམ་སློབ་པ་མཐོལ་ལོ་བཤགས༔ ཡེ་དག་རང་རིག་བྱ་རྩོལ་འདས་པ་ལ༔ དམིགས་གཏད་སྒོམ་སྒྲུབ་བགྱིས་པ་མཐོལ་ལོ་བཤགས༔ ཧོ༔ ལྟ་བ་ཡེ་སངས་རྒྱས་པའི་ཀློང་དུ་བཤགས༔ སྒོམ་པ་འཁོར་འདས་རོ་གཅིག་ཀློང་དུ་བཤགས༔ སྤྱོད་པ་ཤར་གྲོལ་གཅེར་སྣང་ཀློང་དུ་བཤགས༔ འབྲས་བུ་ལྷུན་གྲུབ་ཐིག་ལེའི་ཀློང་དུ་བཤགས༔ རྣམ་རྟོག་ཐམས་ཅད་ཆོས་སྐུའི་ཀློང་དུ་བཤགས༔ འཁོར་བ་མྱ་ངན་འདས་པའི་ཀློང་དུ་བཤགས༔ སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་བཤགས༔ རེ་དོགས་སྤང་བླངས་ཡེ་ནས་གྲོལ་བར་བཤགས༔ བཟང་ངན་བག་ཆགས་བློ་ལས་འདས་པར་བཤགས༔ བཤགས་དང་བཤག་བྱ་དམིགས་མེད་ཀློང་ཆེན་པོ༔ གདོད་མའི་གཤིས་ལུགས་གཉུག་མར་ཡོངས་གནས་ཤོག༔ ཧོ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཉིད་རོལ་བ་ཆེན་པོའི་ཀློང་དུ་ཕྱིན་ནས་མ་གྲུབ་ཅིང་༔ བདག་འདུན་གཉིས་མེད༔ ལྷ་དང་འདྲེ་ཞེས་བྱ་

p. 536

བའི་མིང་ཡང་མེད་ཅིང་༔ དགེ་སྡིག་བླང་དོར་འཁོར་འདས་གཉིས་མེད༔ དངོས་པོ་མཚན་མའི་ཆོས་ཐམས་ཅད་ཡེ་གྲོལ་ཟང་ཐལ་རང་རིག་སེམས་ཉིད་ངོས་བཟུང་མེད་པ་འདི་ག་ཡིན་པ་ལ༔ འདི་ཉིད་མ་རྟོགས་པའི་འགྱུ་བ་བན་བུན་ལས་རྣམ་རྟོག་རབ་རིབ་ཨ་འཐས་དངོས་འཛིན་དབང་གིས་ལས་བསགས་ཤིང་༔ འབྲས་བུ་བདེ་སྡུག་སྣ་ཚོགས་ཀྱི་འཁོར་ལོ་བསྐོར་བ་ཨ་ཐང་ཆད༔ དེ་བས་ན་མ་བཅོས་ལྷན་གྲུབ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པར་བྱའོ༔ ཨ་ཨ་ཨཱ༔ ཞེས་སྡིག་སྒྲིབ་ཐམས་ཅད་ཡེ་ནས་རང་བཞིན་མེད་པའི་དབྱིངས་སུ་དག་པར་བསམ་ལ་དར་ཅིག་མཉམ་པར་བཞག་པར་བྱའོ། །རྗེས་འབྲེལ་དུ་མཆེད་ནང་བཤགས་པ་ནི། ཕན་ཚུན་ཕྱག་ལན་གསུམ་སྔོན་དུ་འགྲོ་བས: ཧོ༔ ཐམས་ཅད་རྡོ་རྗེ་མཆེད་དང་ལྕམ་དྲལ་ཏེ༔ བདེ་བར་གཤེགས་པའི་སློབ་མར་དམ་མནོས་ནས༔ ཀུན་ཀྱང་མཐུན་པར་སྤྱོད་པའི་དམ་ཚིག་ལ༔ མཉམ་ཉིད་ངང་དུ་ལེགས་ཉེས་དབྱེར་མེད་ཀྱང་༔ ལུས་ངག་རྣམ་པར་མ་དག་ཚུལ་འཛིན་དུ༔ གཞུང་ལས་ཉམས་ཤིང་ཐུགས་དང་འགལ་བ་རྣམས༔ རྣམ་དག་བསམ་པས་མི་མནལ་ཚིག་འདིས་བཤགས༔ འཛིན་མེད་ངང་དུ་བཟོད་པར་

p. 537

བཞེས་མཛོད་ལ༔ རང་བཞིན་དག་པའི་ཚངས་པ་སྩལ་དུ་གསོལཿ༔ ཨ་ཨ་ཨཱ༔ ལན་གསུམ། བཞི་བ་ནི། ༀ༔ བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྱོད་པ་རྨད་བྱུང་བསམ་ཡས་པ༔ འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད༔ བྱང་ཆུབ་སེམས་མཆོག་དམ་པ་དང་༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ རྡོ་རྗེ་རྒྱལ་པོའི་བྱིན་རླབས་མཛོད༔ དུས་ངན་ཐ་མའི་འཇིག་རྟེན་འདིར༔ སངས་རྒྱས་མཛད་དཀའ་བདག་གིས་སྒྲུབ༔ བྱང་ཆུབ་སྤྱོད་དཀའ་བདག་གིས་སྤྱད༔ རྡོ་རྗེའི་རྣལ་འབྱོར་དཀྱིལ་འཁོར་འདིར༔ བདག་ཅག་བསམ་པ་འགྲུབ་གྱུར་ཅིག༔ ཅེས་ལྷག་བསམ་རྩེ་གཅིག་པས་དམ་བཅའོ། །གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་གསུམ་སྟེ། སྦྱོར་བ་བྱིན་གྱིས་རླབས་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་པ། བསྐང་བ་དངོས་ཀྱི་རིམ་པའོ། །དང་པོ་ཡོ་བྱད་རྣམས་ལ་བདུད་རྩི་འཐོར་ཏེ། ཧྲཱིཿ༔ རྟ་ཕག་ཡབ་ཡུམ་ཐུགས་ཀ་ནསཿ རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ ཨོཾ་ཨཱཿཧཱུྃ་འཕྲོས་བདུད་རྩིར་ཞུ༔ ཟག་མེད་བདུད་རྩིའི་རྒྱམཚོར་གྱུར༔ ཨོཾ་ཨཱཿཧཱུྃ སྤྱན་འདྲེན་ནི། ཧྲཱི༔ འཇིག་

p. 538

རྟེན་དག་པའི་གཞལ་ཡས་འདིར༔ འདོད་པ་ལྔ་ཡི་ཡོན་ཏན་རྣམས༔ དངོས་དང་ཡིད་ཀྱིས་ཀུན་སྤྲུལ་ཏེ༔ ཐམས་ཅད་དག་པའི་བདུད་རྩི་ཆེ༔ རོ་བཅུད་མདངས་ལྡན་འོད་ཕུང་འཁྱིལ༔ རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཧཱུྃ་ཧྲཱིཿཋ༔ ཞེས་སོགས་ཀྱི་ཕྱི་ནང་གསང་བའི་མཆོད་རྫས་སྨན་རཀ་གཏོར་མ་བསྐང་རྫས་བཅས་བྱིན་གྱིས་བརླབ། ཚོགས་ཕུད་རྣམས་སོ་སོར་ལག་ལེན་བཞིན་བཅས་ནས་འཇོག་གོ །གཉིས་པ་ནི། རང་ཉིད་རྟ་ཕག་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཐམས་ཅད་དང་། ཁྱད་པར་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་སྐྱབས་མགོན་ཡིད་བཞིན་ནོར་བུ། བསྙེན་སྒྲུབ་བྱས་པའི་ཡི་དམ་རྟ་ཕག་ཡིད་བཞིན་ནོར་བུ། རྟེན་མཆོད་སྒྲུབ་པའི་སྲུང་མ་མགོན་པོ་ཡིད་བཞིན་ནོར་བུ་སོགས་མདོར་ན་མཆོད་འོས་སྐྱབས་གྱུར་གྱི་མགྲོན་མ་ལུས་པ་ཐམས་ཅད་གར་བཞུགས་ཆོས་དབྱིངས་དག་པའི་ཞིང་ཁམས་སོ་སོ་ནས་ནམ་མཁའ་འཇའ་འོད་ཀྱི་གུར། མེ་ཏོག་གི་ཆར།

p. 539

རོལ་མོའི་སྒྲ། བཟང་པོའི་དྲི་ཐུལ་བ་ལ་སོགས་པའི་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དཔག་ཏུ་མེད་པ། འཕྲིན་ལས་འདོད་དགུར་བསྒྱུར་བའི་རྣམ་རོལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོའི་གནས་འདིར་སྤྱན་དྲངས། ཨོཾ་བཛྲ་ས་མ་ཡ་ཛཿ ཞེས་དམིགས་འདུན་དྲག་པོས། ཧྲཱིཿ ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་ནས༔ ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་གི་ལྷ༔ གཉིས་མེད་ཡུམ་མཆོག་རྡོ་རྗེ་ཕག་མོ་ཉིད༔ བདེ་གཤེགས་སྤྱི་འདུས་པདྨ་ཐོད་ཕྲེང་རྩལ༔ ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས༔ བྱིན་རླབས་མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང༔ ཐུགས་རྗེས་བརྩེར་དགོངས་ཚོགས་ལ་རབ་གཤེགས་ནས༔ སྐལ་ལྡན་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི་ཨེ་ཧྱ་ཧེ་ཕེཾ་ཕེཾ་ས་མ་ཡ་སྟྭཾ༔ ཞེས་སྤྱན་དྲངས་པའི་ལྷ་ཚོགས་རྣམས་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས་པར་བསམ་མོ། །གསུམ་པ་ལ་བདུན་ལས། དང་པོ་ཀུན་བཟང་མཆོད་སྤྲིན་གྱི་བསྐང་བ་ནི། དངོས་འབྱོར་ཡིད་སྤྲུལ་གྱི་ཕྱི་ནང་གསང་བའི་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་དམིགས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ་བས་ཐུགས་

p. 540

དམ་བསྐངས་པར་བསམ་ལ། ཧོཿ སྣང་སྲིད་ཡོངས་རྫོགས་རྟ་མཆོག་རོལ་བའི་སྐུ༔ སྣོད་བཅུད་མ་ལུས་འདོད་ཡོན་རོལ་བའི་རྒྱན༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པ༔ ཆོས་ཉིད་མངོན་སུམ་དོན་གྱི་ལྷ་ལ་འབུལ༔ ཉམས་སྣང་གོང་འཕེལ་ངང་དུ་བཞེས་ནས་ཀྱང་༔ རིག་པ་ཚད་ཕེབས་ཀློང་དུ་ཚོགས་རྫོགས་ཤིང་༔ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ༔ འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ༔ ནམཿ སརྦ་ཏ་ཐ༴ སྭཱ་ཧཱ༔ གཉིས་པ་བདུད་རྩི་སྨན་གྱིས་བསྐང་བ་ནི། ལས་པ་རྣམས་ཀྱིས་སྨན་ལག་པ་གཡས་སུ་ཐོགས་ཏེ་གཡོན་པའི་མཐེབ་སྲིན་གྱིས་འཐོར་ལ། ཧཱུྃ་ཧྲཱི༔ བདི་ཆེན་འཁོར་ལོའི་བྷན་དྷ་རུ༔ ཧཾ་ཡིག་རང་བྱུང་བདུད་རྩི་བསྐྱིལ༔ སྲོག་འཛིན་ཡེ་ཤེས་ཐིག་ལེ་འདིས༔ སྤྲུལ་སྐུའི་ལྷ་ཚོགས་ཐུགས་དམ་བསྐང༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ལོངས་སྤྱོད་འཁོར་ལོའི་བྷན་དྷ་རུ༔ བཟའ་བཏུང་ལྷུན་གྲུབ་བདུད་རྩི་བསྐྱིལ༔ རྩ་མདུད་རང་གྲོལ་ཐིག་ལེ་འདིས༔ ལོངས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཆོས་ཀྱི་འཁོར་ལོའི་བྷན་དྷ་རུ༔ དྲན་བསམ་རྣམ་དག་

p. 541

བདུད་རྩི་བསྐྱིལ༔ དུག་གསུམ་རང་གྲོལ་ཐིག་ལེ་འདིས༔ ཆོས་སྐུའི་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྤྲུལ་པའི་འཁོར་ལོའི་བྷན་དྷ་རུ༔ འབར་འཛག་བཅུད་ཀྱི་བདུད་རྩི་བསྐྱིལ༔ བདེ་བ་ཆེན་པོའི་ཐིག་ལེ་འདིས༔ མི་འགྱུར་རྡོ་རྗེའི་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདེ་སྐྱོང་འཁོར་ལོའི་བྷན་དྷ་རུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་བསྐྱིལ༔ དགའ་བཞི་དབྱིངས་གྲོལ་ཐིག་ལེ་འདིས༔ མངོན་པར་བྱང་ཆུབ་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གསུམ་པ་སྒྲོལ་བ་རཀྟའི་བསྐང་བ་ནི། རཀྟའི་སྣོད་ལག་པ་གཡོན་དུ་ཐོགས་ཤིང་གཡས་པས་འཕྱར་ལ། ཧཱུྃ་ཧྲཱི༔ ཀློང་ལྔ་དབྱིངས་ཀྱི་ཀ་པ་ལར༔ སྣང་སྲིད་ཡུམ་གྱི་རཀྟ་བསྐྱིལ༔ ཀུན་ཏུ་བཟང་པོའི་རྫས་མཆོག་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྟོང་ཆེན་ཡུམ་གྱི་ཀ་པཱ་ལར༔ སྣང་སྲིད་བཅུད་ཀྱི་རཀྟ་བསྐྱིལ༔ གཙང་དམེ་བྲལ་བའི་རྫས་མཆོག་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔

p. 542

བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨེ་དབྱིངས་ཆོས་འབྱུང་ཀ་པཱ་ལར༔ ཞིང་བཅུའི་སྙིང་ཁྲག་རཀྟ་བསྐྱིལ༔ འཁོར་བ་ལུགས་ལྡོག་རྫས་མཆོག་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དབུ་མ་རྩ་ཡི་ཀ་པཱ་ལར༔ དུག་གསུམ་རྣམ་རྟོག་རཀྟ་བསྐྱིལ༔ རྒྱུད་དྲུག་ཀུན་གྲོལ་རྫས་མཆོག་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ སྒྲ་གཅན་རླུང་གི་ཀ་པཱ་ལར༔ ཙནྜ་ལི་ཡི་རཀྟ་བསྐྱིལ༔ དགའ་བཞི་བདེ་སྟོང་རྫས་མཆོག་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བཞི་བ་ཟུང་འཇུག་གཏོར་མའི་བསྐང་བ་ནི༔ རྨད་བྱུང་བསྐང་བའི་གཏོརམ་བཏེགས་ལ། ཧཱུྃ་ཧྲཱིཿ མ་བཅོས་ཀློང་ཡངས་གཏོར་གཞོང་དུ༔ སྣང་སྲིད་ཡོངས་གྲོལ་གཏོར་མ་བཤམས༔ དངོས་འཛིན་བྲལ་བའི་དམ་རྫས་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བདེ་ཆེན་སྒྱུ་མའི་གཏོར་གཞོང་དུ༔ གཏད་མེད་ཆོས་སྐུའི་གཏོར་མ་བཤམས༔

p. 543

ཚོགས་དྲུག་རང་ཡན་དམ་རྫས་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ལྷུན་གྲུབ་ཕུང་པོའི་གཏོར་གཞོང་དུ༔ དོན་སྣོད་རང་བྱུང་གཏོར་མ་བཤམས༔ ཁྱད་པར་རྨད་བྱུང་དམ་རྫས་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ལྔ་ཕུང་སྒྱུ་མའི་གཏོར་གཞོང་དུ༔ བདུད་རྩི་ལྔ་ཡི་གཏོར་མ་བཤམས༔ རིགས་ལྔ་བཅུད་ཀྱི་དམ་རྫས་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ བྷ་ག་དབྱིངས་ཀྱི་གཏོར་གཞོང་དུ༔ ལིང་ག་རིག་པའི་གཏོར་མ་བཤམས༔ ཟུང་འཇུག་བདེ་ཆེན་དམ་རྫས་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ལྔ་བ་འབྱོར་ཚོགས་ཀྱི་བསྐང་བ་ནི། ཚོགས་ཕུད་དང་པོ་གཏོར་མའི་མདུན་དུ་ཕུལ་ལ་སྨན་རཀ་བྲན་ཏེ། ཧྲཱི༔ བླ་མ་ཡི་དམ་ལྷ་ཚོགས་ལ༔ འདོད་ཡོན་མ་སྤངས་ཡེ་ཤེས་རྒྱན༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་དེ་ཝ་ཌཱཀྐི་ནི་ག་ཎ་ཙཀྲ་པཱུ་ཙ་

p. 544

ཧོ༔ ཚོགས་བར་བ་བཤགས་པ་ནི། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་དང་རྩ་བ་ཡི༔ དམ་ཚིག་ཉམས་ཆག་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ བཛྲ་ས་མ་ཡ་ཨཱཿ ཡིག་བརྒྱ་བཟླ། ཐམ་བསྒྲལ་བ་ནི། ཨེ་ནྲི་ཏྲི་ཁུག་ཛ༔ ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨ་བེ་ཤ་ཡ་ཨ༔ ཚོགས་ཐ་མ་ཟན་ལིང་གང་བརྒྱུད་སློབ་དཔོན་གྱི་མདུན་དུ་བཀོད་ལ་རཀྟ་བྲན་ཏེ། ལྕགས་ཁང་དམིགས་བྱ་དང་བཅས་པ་བསྐྱེད་ལ། ཧྲཱི༔ འཇིགས་བྱེད་རྟ་ཕག་ཁྲོ་བོའི་རྒྱལ༔ བཀའ་སྡོད་དམ་ཅན་ཕོ་ཉར་འགྱེད༔ བདུད་དང་རུ་ཊ་ཀུན་སྒྲོལ་ཅིག༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ པདྨ་ཀྲོ་དྷ་ནྲྀ་ཏྲི་ཤ་ཏྲུན་མཱ་ར་ཡ་རྦད༔ ཅེས་བསྒྲལ་བསྟབས་པ་ན་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས་བསྒྲལ་ལ་ལིང་རོ་བདུད་རྩི་བྱིན་གྱིས་བརླབས་ལ་ཚོགས་ཕུད། ཧྲཱི༔ རྟ་ཕག་ལྷ་ཚོགས་ཞལ་ཕྱེ་ཞིག༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིར་བྱིན་རླབས་ནས༔ མཆོད་པར་འབུལ་ལོ་དགྱེས་པར་རོལ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཨ་མྲྀ་ཏ་ཁཱ་ཧི༔ ཞེས་ཕུལ་མཐར། ལྷ་ཚོགས་རྣམས་རང་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་བལྟས་ལ། ཐུགས་

p. 545

དམ་བསྐང་བ་ནི། ཨོཾ་ཨཱཿཧཱུྃ༔ བདེ་སྟོང་ཏིང་འཛིན་སོགས་ཞེས་བརྗོད་ལ་ག་ནམ་ཕུད་ཀྱང་གཙང་སར་གཤེགས། དེ་ནས་ཚོགས་རྫས་ལ་བརྡ་དར་བརྡའི་འབུལ་ལེན་གྱི་སྒོ་ནས་རོལ་མཐར་ཚོགས་བསྔོ་བྱ། དེ་ནས་གཙང་མའི་ལྷག་མ་བསྲེས་ལ་སློབ་དཔོན་གྱི་ཁ་ཕྲུས་བཏབ་སྟེ་བྱིན་གྱིས་བརླབས། ཧྲཱི༔ དབང་ཆེན་རྟ་ཕག་དཀྱིལ་འཁོར་གྱི༔ མུ་རན་སྐྱོང་ཞིང་བྱ་ར་བྱེད༔ ཐམས་ཅད་འདིར་བྱོན་ལྷག་གཏོར་བཞེས༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ མ་ཧཱ་སརྦ་པཱུ་ཙ་ཁཱ་ཧི༔ ཞེས་ཕྱི་རོལ་དུ་བསྔོ། དྲུག་པ་སྣང་གསལ་མར་མེའི་བསྐང་བ་ནི། ཟུར་ཀོང་བཞི་བཏེགས་ལ། ཨཱ༔ ཀུན་གཞིའི་ཀློང་ཡངས་ཀོང་བུ་རུ༔ རྣམ་ཤེས་རྣམ་དག་སྡོང་བུ་བཙུགས༔ ཆོས་དབྱིངས་ཡེ་ཤེས་མར་ཁུས་གཏམས༔ རིག་པ་རང་གསལ་སྒྲོན་མེ་སྦར༔ ཀ་དག་བཞི་ཡི་སྣང་བ་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ དབྱིངས་རིག་སྟོང་པའི་ཀོང་བུ་རུ༔ ལྷུན་གྲུབ་གཟུགས་སྣང་སྡོང་བུ་བཙུགས༔ མེ་ལོང་ཡེ་ཤེས་མར་ཁུས་གཏམས༔ ཤེས་རབ་རང་བྱུང་སྒྲོན་མེ་སྦར༔ ཆོས་ཉིད་མངོན་གསུམ་སྣང་བ་འདིས༔ རྟ་ཕག་ལྷ་ཚོགས་

p. 546

ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཀ་ཏི་ཤེལ་གྱི་ཀོང་བུ་རུ༔ ཚོར་བ་རྣམ་དག་སྡོང་བུ་བཙུགས༔ མཉམ་ཉིད་ཡེ་ཤེས་མར་ཁུས་གཏམས༔ རྒྱངས་ཞགས་འོད་གསལ་སྒྲོན་མེ་སྦར༔ ཉམས་སྣང་གོང་འཕེལ་སྣང་བ་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ འཇའ་ཟེར་ཐིག་ལེའི་ཀོང་བུ་རུ༔ འདུ་ཤེས་རྣམ་དག་སྡོང་བུ་བཙུགས༔ སོར་རྟོག་ཡེ་ཤེས་མར་ཁུས་གཏམས༔ དག་པ་དབྱིངས་ཀྱི་སྒྲོན་མེ་སྦར༔ བློ་བྲལ་ཆོས་ཟད་སྣང་བ་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ གཞོན་ནུ་བུམ་སྐུའི་ཀོང་བུ་རུ༔ འདུ་བྱེད་རྣམ་དག་སྡོང་བུ་བཙུགས༔ བྱ་གྲུབ་ཡེ་ཤེས་མར་ཁུས་གཏམས༔ ཐིག་ལེ་སྟོང་བའི་སྒྲོན་མེ་སྦར༔ བློ་བྲལ་ཆོས་ཟད་སྣང་བ་འདིས༔ རྟ་ཕག་ལྷ་ཚོགས་ཐུགས་དམ་བསྐང་༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞར་བྱུང་མར་མེའི་སྨོན་ལམ་བྱ་བ་ནི། འདུས་པ་རྣམས་ལག་གཉིས་བསྣོལ་ལ་སྲིན་མཛུབ་སྦྲེལ་ནས་གཡོན་པ་མར་མེའི་ཀུང་བུ་དང་གཡས་སྤོས་རིང་བཟུང་སྟེ། ཧོ༔

p. 547

སྟོན་པ་རྡོ་རྗེ་རྒྱལ་པོ་རྒྱལ་ཚབ་དང་༔ གཟུངས་མ་རྒྱལ་ཐེབ་མཆེད་དང་ལྕམ་དྲལ་ཀུན༔ འདི་བཟུང་བྱང་ཆུབ་སྙིང་བོར་མཆིས་ཀྱི་བར༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ འཁྲུལ་མེད་འོད་གསལ་རྡོ་རྗེ་ཟུང་ཐོབ་ནས༔ རྟེན་འབྲེལ་ཟབ་མོ་ལྷུན་གྱིས་འགྲུབ་གྱུརཅིག༔ བདག་སོགས་ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ མ་རིག་གཏི་མུག་རྨོངས་པའི་སྡུག་བསྔལ་གྱིས༔ གླེན་ལྐུགས་དུད་འགྲོའི་གནས་སུ་ལྷུང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ ཆོས་དབྱིངས་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ ཞེ་སྡང་མནར་བའི་ལས་ཀྱི་སྡུག་བསྔལ་གྱིས༔ ཚ་གྲང་དམྱལ་བའི་གནས་སུ་ལྷང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ མེ་ལོང་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ འདོད་ཆགས་སེར་སྣའི་ཞེན་པའི་སྡུག་བསྔལ་གྱིས༔ བཀྲེས་སྐོམ་ཡི་དྭགས་གནས་སུ་ལྷུང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ སོར་རྟོག་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ ཕྲག་དོགས་ཁྲོ་གཏུམ་འཕྲོག་བཅོམ་སྡུག་བསྔལ་གྱིས༔ འཐབ་རྩོད་

p. 548

ལྷ་མིན་གནས་སུ་ལྷུང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ བྱ་གྲུབ་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ ཆགས་སྡང་ཨ་འཐས་འཛིན་པའི་སྡུག་བསྔལ་གྱིས༔ སྐྱེ་འཆི་མིི་དག་མངལ་དུ་ལྷུང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ འདའ་ཀ་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ ང་རྒྱལ་འགྲན་སེམས་ཁེངས་པའི་སྡུག་བསྔལ་གྱིས༔ འཕོ་ལྟུང་ལྷ་ཡི་གནས་སུ་ལྷུང་སྲིདན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ མཉམ་ཉིད་ཡེ་ཤེས་ལམ་ལ་དྲང་དུ་གསོལ༔ ལས་དང་ཉོན་མོངས་བརྩེགས་པའི་སྡུག་བསྔལ་གྱིས༔ རིགས་དྲུག་འཁོར་བའི་གནས་སུ་ལྷུང་སྲིད་ན༔ འོད་གསལ་མར་མེའི་ཐུགས་རྗེ་དེར་མ་ཆུང་༔ བཀོད་པ་རབ་རྫོགས་ཞིང་དུ་དྲང་དུ་གསོལ༔ ཐིག་ལེ་ཆེན་པོའི་ངང་དུ་བྱང་ཆུབ་ཅིང་༔ འཕོ་ཆེན་ཆོས་སྐུ་སྐྱེ་མེད་གདེངས་ཐོབ་ནས༔ རོལ་རྩལ་ཐུགས་རྗེ་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཟུང་འཇུག་གང་ལ་ཅི་འདོད་འཕྲིན་ལས་ཀྱིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ལན་གསུམ། བདུན་པ་དབྱིངས་གྲོལ་ལྟ་བའི་བསྐང་བ་ནི། རྣལ་འབྱོར་པ་རྣམས་རང་རྩལ་མ་འགགས་རོལ་བ་

p. 549

ཆེན་པོའི་ལྟ་བའི་གདེངས་ལྡན་པས། ཧོ༔ མཆོད་དུ་མེད་དེ་ལྟ་བའི་ཀློང་༔ རྟག་ལྟ་ཆོས་ཀྱི་དབྱིངས་སུ་བསྐངས༔ བསྐང་དུ་མེད་དེ་སྒོམ་པའི་ངང་༔ ཆད་ལྟ་གཟུགས་སྐུའི་ཀློང་དུ་བསྐངས༔ སྤྱོད་དུ་མེད་དེ་ཆོས་ཉིད་གཤིས༔ མ་བཅོས་རྫོགས་པ་ཆེན་པོར་བསྐངས༔ སྦྱོར་དུ་མེད་དེ་ཟུང་འཇུག་ཀློང་༔ སྡུག་བསྔལ་བདེ་བ་ཆེན་པོར་བསྐངས༔ བསྒྲལ་དུ་མེད་དེ་མཉམ་ཉིད་དབྱིངས༔ ཡེ་སྒྲོལ་ཡེ་སྦྱོར་ཆེན་པོར་བསྐངས༔ མདོར་ན་ཉམས་ཆག་ཉེས་ལྟུང་དང་༔ ཁམས་གསུམ་རྒྱུད་དྲུག་སྡུག་བསྔལ་གྱི༔ རྒྱུ་དང་འབྲས་བུ་བཅས་པ་རྣམས༔ ཀུན་བཟང་ཡངས་པ་ཆེན་པོའི་ཀློང་༔ བྱང་ཞིང་དག་ནས་སོར་ཆུད་དེ༔ བདེ་བ་ཆེན་པོའི་ཀློང་དུ་ཨ༔ གསུམ་པ་འདོད་གསོལ་སྨོན་ལམ་གྱི་རིམ་པ་ནི། གུས་པ་ཆེན་པོས་ཐལ་མོ་སྦྱར་ཏེ། ཧོ༔ སྤྲོས་པ་མེད་པའི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ་དཔལ་རྩ་བ་གསུམ་གྱི་ལྷ་ཚོགས་ཡེ་ཤེས་ཆེན་པོའི་དབང་ཕྱུག་ཐབས་ལ་མཁས་པའི་

p. 550

བདག་ཉིད། སྒྲོལ་བའི་དཔའ་བོ། རང་བཞིན་གྱི་རྣལ་འབྱོར་ངོ་བོ་ཉིད་སྐུ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དགོངས་སུ་གསོལ། བདག་ཅག་གསང་བའི་དཀྱིལ་འཁོར་འདིར་ཚོགས་པ་རྣམས་ཀྱིས་དང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མ་ནོར་བར་མནོས་པ་ལས་རྩ་བ་དང་ཡན་ལག་གི་ཉམས་ཆག་དང་འགལ་འཁྲུལ་དུ་གྱུར་པ་ལྷ་ཉེ་བར་མ་བསྒོམ་པ། སྙིང་པོ་དག་པར་མ་བགྲང་བ། སྦྱོར་བ་མང་པོའི་བར་བརྐུས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདས་པ། དམ་རྫས་ལག་ལེན་རྔོ་མ་ཐོགས་པ། འཛབ་བཟླས་གྲངས་ཉུང་བ། བསྙེན་པ་ཡུན་ཐུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། དེ་བཞིན་གཤེགས་པའི་མཛད་སྤྱོད་དམ་པ་ཀློང་དུ་མ་གྱུར་ཅིང་། སེམས་ཀྱི་སྤྱོད་པ་རང་ཐད་དུ་གྱུར་པ་དང་། ཁྱད་པར་དུ་སྒྲུབ་པའི་དམ་ཚིག་དང་། ཁྱད་པར་གྱི་དམ་ཚིག་མངོན་པར་མནོས་པ་ལས་ཉམས་ཤིང་ཞིག་རལ་དུ་གྱུར་པ་ཅི་མཆིས་པ་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ཞིང་བཤགས་པར་མཆིས་ན་

p. 551

དབྱིངས་ཉིད་ནམ་མཁའ་དང་འདྲ་བའི་ངང་གིས་བཟོད་པ་ཆེན་པོའི་དང་དུ་བཞེས་ནས་ཚངས་པ་མཆོག་གི་དངོས་གྲུབ་ཡིད་བཞིན་ལྟར་ཐོབ་པར་སྩལ་དུ་གསོལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེའི་ཚེ། གཡུང་དྲུང་ལྟ་བུའི་ལུས་དཔའ་རྩལ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་བླ་མན་ཆད་ནས་དངོས་གྲུབ་ཀྱི་སྐལ་བ་དང་རིང་བརྒྱུད་གང་ལགས་པ་ཐམས་ཅད་ཕྱི་མར་བསྡད་མི་འཚལ་བར། ད་ལྟ་ཉིད་དུ་སྩལ་དུ་གསོལ། རྣལ་འབྱོར་པ་ལ་བར་དུ་གཅོད་པར་བྱེད་པའི་སྡང་བའི་དགྲ་དང་། གནོད་པའི་བགེགས། གདུག་པའི་དབལ། སྦྱོར་བའི་དུག །རྣོ་བའི་མཚོན། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། སོ་སོའི་རྨི་ལམ་ངན་པ་དང་ལྟས་ངན་པ་བཀྲ་མི་ཤིས་པའི་རྐྱེན་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་མིང་ཙམ་ཡང་མི་གྲགས་པར་ཞི་བ་ཆེན་པོར་མཛད་དུ་གསོལ། གལ་ཏེ་ཞི་བས་བསྒྱུར་དུ་མི་བཏུབ་པ་མཆིས་ན་ཡང་། དྲག་པོའི་འཕྲིན་ལས་ཀྱིས་དབང་དུ་བསྡུ་པ་དང་། གཟིར་ཞིང་མནན་

p. 552

པ་དང་། བསྒྲལ་ཞིང་སྤར་བ་ལེགས་ཏེ་འཕྲིན་ལས་དྲག་ཐབས་རྣམ་བཞིས་ཅི་ལྟར་འདུལ་བར་མཚམས་པ་བཞིན་མཛད་ནས་མིང་ཙམ་ཡང་མི་གྲགས་པར་མཛད་དུ་གསོལ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབ་སྡུག་བསྔལ་ལུས་ལ་འབྱུང་བར་མི་འགྱུར་ཡང་། །གྲིབ་མ་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་བཟོད་པས། །སྐུ་ཡི་ཕྱོགས་ཙམ་མཐོང་བའི་མོད་ལ་འཚོ་བ་དང་། །གཟི་མདངས་ལུས་ལ་འཇུག་པའི་ཉི་མ་སྟོང་ཕྲག་གི །འདི་བཞིན་འཇིག་རྟེན་ཁམས་འདིར་རྟག་ཏུ་འབྱུང་བ་དང་། །ལུས་ངག་སེམས་ལ་ཚེ་འདིར་རྡོ་རྗེ་རབ་སྣང་སྟེ། །རེ་སྨོན་ཐམས་ཅད་དུས་འདི་ཉིད་དུ་སྩལ་དུ་གསོལ། །ཅེས་སྨོན་ལམ་བཏབ་པོ། །དེ་ནས། ཧཱུྃ་ཧྲཱིཿཕཊ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཞེས་ཐུགས་དམ་བསྐང་བ་སོགས་རྗེས་ཀྱི་རིམ་པ་རྣམས་ལས་གཞུང་བཞིན་ནོ། །སྨྲས་པ། བརྒྱུད་ལྡན་བླ་མའི་ཕྱག་བཞེས་མནྜལ་ལ། །རིགས་མཐུན་ཆོ་ག་གཞན་གྱིས་ཁ་སྐོང་བའི། །སྐོང་བཤགས་པདྨ་རཱ་གའི་ཕྲེང་བ་ནི། །རང་གཞན་ཉམས་ལེན་འཇུག་བདེའི་རྒྱན་དུ་སྤེལ། །དགེ་འདིས་རང་གཞན་འགྲོ་བ་མ་ལུས་པའི། །ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། །ཁ་སྦྱོར་ཡན་ལག་བདུན་ལྡན་དབང་ཆེན་ལྷའི། །གོ་འཕང་མཆོག་དེ་རིང་མིན་

p. 553

ཉིད་ཐོབ་ཤོག །ཅེས་ཡང་གསང་རྟ་ཕག་ཡིད་བཞིན་ནོར་བུའི་སྐོང་བཤགས་ཀྱི་ཆོ་ག་པདྨ་རཱ་གའི་ཕྲེང་བ་ཞེས་བྱ་བ་འདི་ནི་གཏེར་གཞུང་གི་དགོངས་པ་དང་མི་འགལ་བར་བྱས་ཏེ་སློབ་དཔོན་ཆེན་པོའི་ཟབ་གཏེར་གསར་རྙིང་འགའ་ཞིག་ནས་ཁ་བསྐང་སྟེ་རང་གཞན་ལ་ཕན་པའི་བློས་དགུ་རོང་སྤྲུལ་མིང་དགེ་འདུན་འཇིགས་མེད་རྣམ་གྲོལ་དུ་འབོད་པས་རང་ལོ་ཉེར་གཅིག་པ་ལ་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་མཆོག་བཀྲ་ཤིས་འཁྱིལ་བའི་རི་རྩེའི་བདེ་བ་ཅན་གྱི་ལྷ་ཁང་ཉམས་དགའ་བར་བྲིས་པའོ། །སརྦ་མངྒ་ལཾ།། །།

རྟ་ཕག་ཡིད་བཞིན་ནོར་བུའི་ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་འོད། ཉང་སྐྱེས་མཚམས་པ།

p. 554
p. 555

༄༅། །རྟ་ཕག་ཡིད་བཞིན་ནོར་བུའི་ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་འོད་ཅེས་བྱ་བ་བཞུགས་སོ།།

p. 556

རབ་འབྱམས་རྒྱལ་ཀུན་འདུས་ཞལ་པད་འབྱུང་དང་། །དབྱེར་མེད་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བསྟེན། །བདག་སོགས་འགྲོ་ལ་བྱིན་རླབས་དངོས་གྲུབ་སྩོལ། །རྒྱལ་ཀུན་གསུང་གི་འཕྲིན་ལས་བྱིན་ཟའི་མེས། །ཉོན་མོངས་བུད་ཤིང་བསྲེག་མཛད་དབང་གི་ལྷ། །རྟ་ཕག་ཡིད་བཞིན་ནོར་བུའི་སྦྱིན་སྲེག་གི །ཆོ་ག་བླ་མའི་ཞལ་ལུང་བཞིན་དུ་བྲི། །དེ་ལ་འདིར་རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་སྒྲུབ་ཀྱི་ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ་བའི་ཚུལ་ལ་གསུམ། དཀྱིལ་འཁོར་བྲི་བ།

p. 557

ཡོ་བྱད་བཤམས་པ། ཆོ་ག་དངོས་སོ། །དང་པོ་དཀྱིལ་འཁོར་བྲི་བ་ནི། སྔ་མ་སྦྱངས་པའི་ས་ཡིན་ན་ས་ཆོག་བྱས་ལ་སྟེགས་བུ་མདའ་གང་ལ་ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པས་ཐིག་སྐུད་ཁྲུ་ཕྱེད་ཀྱི་ཟླུམ་པོར་བསྐོར་བ་ཐབ་ཀྱི་ནང་དང་། དེ་ལ་སོར་བཞི་བསྣན་ཏེ་བསྐོར་བས་མུ་རན་ཁ་ཁྱེར་དང་། དེའི་ཕྱི་རོལ་དུ་སོར་དོ་བསྣན་ཏེ་དབུས་ཚད་ཀྱི་ཚངས་ཐིག་ནས་ཟུར་ཐིག་ལ་བྱ་རྗེས་བཙལ་ལ་གྲུ་བཞིར་བཅད་པ་སྟེགས་བུའི་ཐིག་གོ །ཐབ་ཀྱི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་བ་དང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་བ། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྩེ་ནང་བསྟན་བྲི། མུ་རན་གྱི་སྟེང་དུ་ཙནྡན་དཀར་པོ་བྱུགས་པ་སོགས་འོ་མ་ཅན་གྱི་ཤིང་ངམ་སྲོག་ཆགས་མེད་པའི་བ་གླང་གི་ལྕི་བ་སྐམ་པོས་

p. 558

བུད་ཤིང་ཟླུམ་པོ་བརྩིགས་པའི་མེ་ཚང་ཏིང་ལོ་དང་བཅས་པ་བཞག་གོ །གཉིས་པ་ནི་རང་ཁ་ཤར་དུ་ཕྱོགས་པའི་གདན་གྱི་གཡས་སུ་བསྲེག་རྫས། འོམ་ཅན་གྱི་ཤིང་ལྔ་དངོས་སུ་མི་འབྱོར་བས་ཚབ་རུང་བ་ལུ་ཤུག་པ་ལྕང་སྐྱ་འོམ་བུ་ཁམ་བུ་སྟེ་ལྔ་བོ་གང་རིགས་ཀྱི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སྦོམ་ཕྲ་མཐེའུ་ཆུང་གི་ཚད་སྲིད་དུ་སོར་བརྒྱད་པའམ་བཅུ་གཉིས་པ་རྩེ་མར་ཁུས་སྦགས་པ་གང་མང་། མེ་སྲོག་འཛིན་པའི་རྫས་མར་ཁུ། ཏིལ། ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ། དུརྺ། ཀུ་ཤ། ཡུངས་དཀར། ཤིང་ཏོག །ཁྱད་པར་བའི་རྫས་མེ་ཏོག་སྣ་ཚོགས་འབྲུ་སྨན་དར་ཐབ་བསྲེས་པ། ཀོ་ཡུ་སྟོད་ཇ་སྦྱར་བའི་སོ་རྩི། གོས་ཟུང་དཀར་པོ་སོགས་རྫས་རྣམས་སོ་སོར་འཇིག་རྟེན་པ་དང་འདས་ལྷ་སོ་སོར་ཆ་བགོས་ཏེ་བཤམས། ཐབ་ཀྱི་གཡོན་དུ་འདས་མ་འདས་ཀྱི་དཀར་གཏོར་ཟླུམ་པོ་པད་འདབ་བཞི་བ་ཆེ་ཆུང་གཉིས། སྨན་རཀ །ཉེར་སྤྱོད་ལྔ་ཚར་གཉིས་བཅས་སྟེང་འོག་གམ་རྒྱབ་མདུན་དུ་བསྒྲིགས། མདུན་དུ་མེ་ཡོལ་ལ་གངས་རི་མཚོ་བཅས་བཾ་ཡིག་གིས་མཚན་པ་མེ་དུག་གཞིལ་བའི་ཕྱིར་ཁ་ཕར་བསྟན་པའི་ནང་ལྕོག་རྩེའི་ཁར་ལས་བུམ། རྡོ་དྲིལ་གྱི་བར་དུ་དགང་བླུགས་ཁ་སྦྱར་བ། ཌ་མ་རུ། འཐོར་ནས། དཔལ་འབར། རླུང་གཡབ། ཁ་ཁྱེར་ལ་བཀྲམ་རྒྱུའི་ཀུ་ཤ་བརྒྱད་སོགས་མ་ཚང་བ་མེད་པར་བཤམས། དཀྱིལ་འཁོར་དང་འབྲེལ་ན་རབ། ཡང་ན་སྨན་གཏོར་རཀྟ་ཉེར་སྤྱོད་ཚོགས་ཆད་བསྟན་སོགས་བཤམས་པ་ལ་བརྟེན་ཏེ། བདག་གི་རྣལ་འབྱོར་གྱི་ངང་ནས་ལས་བྱང་གཞུང་བསྲང་ནས་བཟླས་པ་ཚོགས་ཀྱི་བར་གཏང་། གསུམ་པ་ཆོ

p. 559

ག་དངོས་ནི་ཆས་གོས་དཀར་པོ་ལྡན་པས་འཁོད་ལ་ངག་བསྡམས། ལས་བུམ་བསངས་སྦྱངས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་བ་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་སྐུའི་ཆ་ཐམས་ཅད་ནས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བརྒྱ་བཟླས། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། སྐུ་གསུང་ཐུགས་ལྡན་མཉམ་ཉིད་བདུད་རྩི་འཁྱིལ༔ དུག་གསུམ་བདུད་རྩིར་བསྒྱུར་མཛད་སྨན་པའི་མཆོག༔ བདུད་རྩི་ལྟ་བུའི་འགྲོ་བའི་དོན་མཛད་པའི༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བར་ཕྱག་འཚལ་བསྟོད༔ ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར༔ ཞེས་སྒྲུབ། རྡོར་དྲིལ་བྱིན་རླབསནི། རྡོ་རྗེ་ཐོགས་ལ། ཧཱུྃ༔ མི་འགྱུར་ཐུགས་ཀྱི་རྡོ་རྗེ་ནི༔ ཐུགས་ཀར་རྟག་ཏུ་བསྟེན་བྱས་ལས༔ ཐུགས་ཀྱི་ཡེ་ཤེས་རྡོ་རྗེ་ཡིན༔ གསོར་བས་གདོན་བགེགས་ཐམས་ཅད་འཇོམས༔ ཨོཾ་ཨཱཿཧཱུྃ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་སྭཱ་ཧཱཿ ཞེས་ཐུགས་ཀར་གསོར། དྲིལ་བུ་ལ། ཧཱུྃ༔ ཤེས་རབ་དབྱིངས་ཀྱི་སྒྲ་སྒྲོགས་པ༔ མཚན་མའི་དངོས་པོ་

p. 560

སྒྲོགས་མཐར་སྟོང་༔ སྲིད་གསུམ་རང་བཞིན་ཉིད་ཀྱི་ངང་༔ དངོས་པོ་ཐམས་ཅད་སྟོང་ཉིད་ངང་༔ ཨོཾ་ཨཱཿཧཱུྃ་མུཾ་ཀུ་ལན་དྷ་རི་གན་ཊེ་ཨཱཿཧཱུྃ༔ ཌ་མ་རུ་ལ། ཧཱུྃ༔ རྣལ་འབྱོར་མཆོག་གི་ཌ་མ་རུ༔ ཡུལ་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས༔ འཛིན་རྟོག་བྲལ་བའི་ཡེ་ཤེས་ཀྱི༔ ཐེག་ཆེན་ཆོས་ཀྱི་སྒྲ་ཆེན་སྒྲོགས༔ ཨོཾ་ཨཱཿཧཱུཾ་དྷརྨ་ཌ་མ་རུ་ཧཱུྃ་ཧཱུྃ༔ རྡོ་དྲིལ་དང་བཅས་བླུགས་གཟར་ཐོགས་ལ། ཨོཾ༔ ཐབས་ཀྱི་རོལ་བ་ལས་བྱུང་ཏིང་འཛིན་གྱི༔ དཔའ་བོ་རྡོ་རྗེ་སྣོད་མཆོག་གཡས་སུ་ཐོགས༔ ཨོཾ་ཨཱཿཧཱུྃ་ཏྲཾ་ཧྲཱིཿཨཱཿ ཨཾ་ཝི་ཤྲི་རོད་བི་ཤུ་ཏ་ཡེ་སྭཱ་ཧཱ༔ གཡོན་པས་དགང་གཟར་ཐོགས་ལ། ཨཱ༔ ཤེས་རབ་བདེ་སྟོང་དགའ་བཞི་སྙོམས་འཇུག་གི༔ དཔའ་མོ་ཟབ་ལམ་ཆོས་འབྱུང་གཡོན་དུ་ཐོགས༔ ཨོཾ་མཱུཾ་ལཱཾ་མཱཾ་པཱཾ་ཏཾ་ཨྃ་ཨེ་ཤྲི་ཏྲི་ཏྲ་ཏི་ཤུ་སྭཱ་ཧཱ༔ ཞེས་ཁ་སྦྱར། དེ་ནས་མཆོད་རྫས་དང་བསྲེག་རྫས་བསངས་སྦྱངས། སྟོང་བའི་ངང་ལས་མཆོད་རྫས་དང་བསྲེག་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདོད་ཡོན་གྱི་འོད་ཟེར་འཕྲོ་བར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགསཤཔྟ་ཨཱཿཧཱུྃ་མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཨཱཿཧཱུྃ་ལག་གཉིས་རྡོརྗེ་རྩེ་གཅིག་གི་ཕྱག་རྒྱས་རྫས་རྣམས་ལ་གཡས་བསྐོར་དུ་རེག་པས་ཨོཾ་ཨོཾ་སྭཱ་ཧཱ༔

p. 561

ཨོཾཨཱཿསྭཱ་ཧཱ༔ ཨོཾཤྲི་སྭཱ་ཧཱ༔ ཨོཾ་ཛྲིཾ་སྭཱ་ཧཱ༔ ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་པོ། །དེ་ནས་དཔལ་འབར་གྱི་མེས་བརྩེན་པ་བསངས་སྦྱངས་ཡེ་ཤེས་ཀྱི་མེ་ལྕེ་འོད་གསལ་བར་གྱུར། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ༔གིས་བརླབས་ནས་མེ་ཚང་གི་མདུན་ནས་བསྐོར་བས་མདུན་དུ་བཅུག་སྟེ་སྦར་ལ་རླུང་གཡབ་ཀྱིས་གཡབ་ཅིང་། ཧཱུྃ༔ ཤར་གྱི་ཕྱོགས་ནས་མེ་སྦར་མས༔ དྲི་ཟའི་ལག་ནས་མེ་ལོངས་ལ༔ ཞི་བའི་མེ་ནི་སྦར་བར་མཛོད༔ ལྷོ་ནུབ་མཚམས་ནས་ཤིང་འཐུ་མས༔ རླུང་ལྷའི་ཡུལ་ནས་ཤིང་འཐུས་ལ༔ རླུང་གི་ལྷ་མོས་རླུང་གཡོབ་ཅིག༔ ཨོཾ་ཨགྣེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་བརྗོད། ༀ་ཨགྣེ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་མེ་གསོ། མེ་ཐབ་བསངས་སྦྱངས། སྟོང་བའི་ངང་ལས་ཞི་བའི་ཐབ་ཁུང་ཟླ་བ་ཆུ་ཤེལ་གྱི་རང་བཞིན་དཀར་ཟླུམ་དྭངས་ཤིང་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། ཁ་ཁྱེར་རིམ་པ་གསུམ་ལྡན་གྱི་མཆུར་པད་འདབ་བརྒྱད་པ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེ་རབ་ཏུ་འབར་བའི་དབུས་སུ་པད་ཉིའི་གདན་ལ་རཾ་ཡིག་ལས་བྱུང་བའི་དྲང་སྲོང་མེ་ལྷ་

p. 562

དཀར་གསལ་ཞལ་གཅིག་ཕྱག་གཉིས་པ་གཡས་རིལ་བ་སྤྱི་བླུགས་དང་གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་ཕྲེང་འཛིན་པ་དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པ་འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། མེ་དར་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱས་གཡབ་ཅིང་། ཨོཾ༔ ཚུར་བྱོན་ཚུར་བྱོན་འབྱུང་བོ་ཆེ༔ མེ་ལྷའི་རྒྱལ་བོ་དྲང་སྲོང་མཆོག༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣེ་ཡེ་ཨ་ཀརྵ་ཡ་ཛ་ཛཿ ཞེས་སྤྱན་དྲངས་ལ། ཀུ་ཤ་ཐོགས་ཏེ། ༀ༔ ཀུ་ཤ་འདི་ནི་གཙང་ཞིང་དགེ༔ ཚངས་པ་ལྷ་རྣམས་དག་བྱེད་ཡིན༔ དཀོན་མཆོག་གསུམ་པོ་མཉེས་བྱེད་པ༔ ས་ལས་སྐྱེས་པའི་འདབ་མའི་སྙིང་༔ བདག་གི་བགེགས་རྣམས་ཐམས་ཅད་ནི༔ ཞི་དང་བཀྲ་ཤིས་མཛད་དུ་གསོལ། སྭཱ་ཧཱ༔ ཞེས་ཐབ་ཀྱི་མཐར་བཀྲམ། ཨོཾ་ཨགྣེ་ཡེ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ མཆོད་ཡོན་དང་། དེ་བཞིན་དུ་པཏྱཾ་སྦྱར་བའི་ཞབས་བསིལ་ཕུལ། ཨོཾ་ཨསྣེ་ཡེ་ས་མ་ཡ་སྟྭཾ༔ ཞེས་དམ་ལ་བཞག ཛཿཧཱུྃ་བཾ་

p. 563

ཧོཿ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨསྣེ་ཡེ་ས་པ་རི་ཝཱ་ར་པུཥྤེ་ནས་ཤཔྟའི་བར་གྱིས་ཉེར་སྤྱོད་འབུལ། ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་གསལ་མཛད་པ༔ བདག་གཞན་དོན་སྒྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད༔ ཅེས་བསྟོད། བྱོན་སྐྱེམསནི། དགང་བླུགས་ཁ་ལ་ཧཱུཾ་ཡིག་མཚན༔ མེ་ལྷ་ཅུང་ཟད་ཞལ་གདངས་པའི༔ ལྗགས་ལ་རཾ་ཡིག་གིས་མཚན་པས༔ བསྲེག་རྫས་བདུད་རྩི་བཞེས་པར་གྱུར༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་ལན་བདུན་གྱིས་བཀང་བའི་དགང་གཟར་ཁ་སྤྲད་པ་གཡས་སུ་བསྐོར་ལ་ཨོཾ་ཨགྣེ་ཡེ༔ ཨ་ཏི་བྷྱ༔ པ་ཏེབྷྱ༔ ཨ་བེ་ཤ་ཡ་མ་ཧཱ་ཤྲི་ཡ་ཧ་བཻ་བཱ་ཧ་ན་ཡེ་སྭཱ་ཧཱ༔ འདོད་གསོལ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་ཕུལ། དེ་ནས་ཡམ་ཤིང་ཕུལ་ལ། ཨོཾ་ཨསྣེ་ཡེ་ཨ་ཏི་བྷྱཿ སོགས་མེ་ལྷའི་སྔགས་མཐར། ཨོཾ་བོ་དྷི་བྲིཀྵ་ཡེ་བདག་ཅག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་ཁྱད་པར་དུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔

p. 564

བསྙེན་པའི་ཁ་སྐོང་ལ། བདག་ཅག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་ཁྱད་པར་དུ་ཏིང་ངེ་འཛིན་མི་གསལ་ཞིང་བཟླས་བརྗོད་ལྷག་ཆད་དུ་གྱུར་པ་དང་སོགས་བསྒྱུར་བ་ཐམས་ཅད་ལ་འདྲ། མར་ཁུ་ལ། མེ་ལྷའི་སྔགས་དང་། ཨོཾ་ཨགྣེ་ཡེ་བདག་ཅག༴ ཁྱད་པར་དུ་འབྱོར་བ་ཕུན་སུམ་ཚོགས་པ་ལ༴ ཏིལ་ལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ༔ བདག་ཅག༴ སྡིག་སྒྲིབ་ཞི་བ་ལ༴ ཞོ་ཟན་ལ། ཨོཾ་སརྦ་སཾ་བྷ་དེ། བདག་ཅག༴ བདེ་བ་མཆོག་ལ༴ འབྲས་ལ། ཨོཾ་བཛྲ་པུཥྚ་ཡེ། བདག་ཅག༴ དཔལ་འབྱོར་ཕུན་སུམ་ཚོགས་པསོ་བ་ལ། ཨོྃ་བཛྲ་བི་ཛ་ཡེཿ བདག་ཅག༴ ནོར་དང་འབྲུ་ཕུན་སུམ་ཚོགས༴ ནས་ལ་ཨོཾ་མ་ཧཱ་བེ་ག་ཡཿེ བདག་ཅག༴ མྱུར་བའི་ཤུགས་འཕེལ་བ་ལ༴ སྲན་མ་ལ། ༀ་མ་ཧཱ་བ་ལ་ཡེ༔ བདག་ཅག: སྟོབས་རྒྱས་པ་ལ༴ གྲོ་ལ། ༀ་བཛྲ་གསྨ་རིཿ བདག་ཅག༴ ནད་ཞི་བར་བྱེད་པ་ལ༴ དུརྺ༴ ཨོྃ་བཛྲ་ཨཱ་ཡུ་ཥེ༔ བདག་ཅག: ཚེ་ཕུན་ཚོགས༴ ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེཿ བདག་ཅག༴ མི་མཐུན་པའི་བསྲུང་བ་ཕུན་སུམ་ཚོགས་པ༴ ཡུངས་དཀར་ལ། ༀ་སརྦ་ཨརྠ་ས་དྷ་ཡེ༔ བདག་ཅག༴ གདོན་བགེགས་

p. 565

འཇོམས་པ་ལ༴ ཤིང་ཏོག་ལ། ཨོྃ་བཛྲ་ཥི་ཝ་ཡེ༔ བདག་ཅག༴ རིགས་རྒྱུད་ཕུན་སུམ་ཚོགས་པ༴ ཁྱད་པར་བ་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ བདག་ཅག༴ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས། ཨོཾ་ཨགྣེ་ཡེ་ཨརྒྷཾ་སོགས་དང་མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔ བསྟོད་པནི། ཧཱུྃ༔ གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་སྒྲུབ་ས་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །འདོད་གསོལ་ནི། ཧོ༔ དྲང་སྲོང་ཆེན་པོ་ཁྱེད་ལ་ཕྲིན་ལས་སུ་བཅོལ་བ་ནི་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་སྡང་བའི་དགྲ། གནོད་པའི་བགེགས། གདུག་པའི་མཚོན། སྦྱོར་བའི་དུག །ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། སྦྱོར་བ་རྩུབ་པ། ལོ་ཟླ་ཞག་ཀེག་མོ་ངན་རྩིས་རྩུབ། མི་ཁ་བྲ་མཆུ་ལ་སོགས་པ་མདོར་ན་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཞི་བར་མཛད་དུ་གསོལ་ཤཱནྟིང་ཀུ་རུ་ཡེ་

p. 566

སྭཱ་ཧཱ། བླུགས་གཟར་གྱི་མར་ཁུ་འབུལ་ཞིང་ཨོཾ་བཛྲ་ཛྭ་ལ་རཾ་མེ་ལྷ་མེ་འབར་བའི་རྣམ་པར་གྱུར། དེནས་བུད་ཤིང་བསྣན་ནས་བསངས་ཆུ་འཐོར་ལ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་༔ བྷཱུཾ་ལས་ཡེ་ཤེས་ཕོ་བྲང་གསལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གྲུ་བཞི་སྒོ་བཞི་བརྩིགས་པ་ལྔ༔ ཞེས་པ་ནས། རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་པའི་བར་ལས་བྱང་བཞིན་དང་། ༀ་པདྨ་མ་ཧཱ་ཀྲོ་དྷ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་པདྨ་མ་ཧཱ་ཀྲོ་དྷ་པ་ཏྱཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཞེས་པས་མཆོད་ཡོན་དང་ཞབས་བསིལ་ཕུལ་ལ་བཞུགས་གསོལ་བྱ། བྱོན་སྐྱེམས་ནི་དགང་བླུགས་ཁ་ལ་ཧཱུྃ་ཡིག་མཚན། །དཀྱིལ་འཁོར་ལྷ་ཚོགས་ལྗགས་ལ་ཡང་། ཧཱུཾ། ཡིག་དག་གིས་མཚན་པ་ལས། །བསྲེག་རྫས་བདུད་རྩི་བཞེས་པར་གྱུར། །དགང་བླུགས་མར་ཁུ་རྩ་སྔགས་བདུན་གྱིས་བཀང་ལ། ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཨ་ཏི་བྷྱ༔ པ་ཏི་བྷྱ༔ ཨ་བེ་ཤ་ཡ་མ་ཧཱ་ཤྲི་ཡ་ཧ་བཻ་བཱ་ཧན་ཡ་སྭཱ་ཧཱ༔ ལན་གསུམ་གྱིས་འབུལ། འདོད་གསོལ་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པའི་ནདགདོན་སྡིག་སྒྲིབ་རྐྱེན་ངན་ཕྱི་ནང་གི་བར་དུ་གཅོད་པ་དང་བསྙེན་སྒྲུབ་མི་གསལ་ཞིང་བཟླས་བརྗོད་ལྷག་ཆད་དུ་གྱུར་པ་ཐམས་ཅད་ཤཱནྟིངཀུ་རུ་ཡེ་

p. 567

སྭཱ་ཧཱ་ཞེས་ཡུངས་དཀར་འཐོར། དེ་ནས་བསྲེགས་རྫས་འབུལ་བ་ནི། དགང་བླུགས་ཐོགས་ལ། ཧཱུྃ༔ ཨ་ཡིག་རང་བྱུང་མེ་ཧོམ་དུ༔ ཧཾ་ཡིག་བྱང་ཆུབ་བདུད་རྩིའི་རྒྱུན༔ རིགས་ལྔ་ཡབ་ཡུམ་སྙོམས་འཇུག་གི༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ བྱང་ཆུབ་ཤིང་དང་རྩི་མངར་བཅུད༔ འབྲུ་སྣ་ཟས་མཆོག་ཏིལ་དུརྺ༔ དར་ཟབ་སྨན་སྣ་རིན་ཆེན་སོགས༔ འདོད་དགུའི་རྫས་མཆོག་མ་ལུས་པ༔ ཡེ་ཤེས་ལྔ་ཡི་རང་བཞིན་བཅུད༔ ཐོགས་མེད་ནམ་མཁའ་མཛོད་བཞིན་དུ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ གཉིས་སུ་མེད་པར་བཞེས་ནས་ཀྱང་༔ ནད་གདོན་སྡིག་སྒྲིབ་དགྲ་བགེགས་སོགས༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ དེ་ནས་ཡམཤིང་ལ། ཨོྃ་བཛྲ་ཀྲོདྷ་པ་ཏེ་པ་ཏེ་ཧཱུྃ་ཕཊཿ༔ ཨོཾ་བོ་དྷི་བྲིཀྵ་ཡེ། སོགས་ཡམ་ཤིང་ནས་ཤིང་ཏོག་དང་ཁྱད་པར་བའི་བར་གོང་ལྟར་འབུལ། དེ་ཡང་རྒྱས་པར་བྱེད་ན་ལྷ་སྔགས་རྫས་སྔགས་འདོད་གསོལ་བཅས་ལ་གྲངས་འཛིན། འབྲིང་ཐོག་མཐའ་གཉིས་ལ་ལྷ་སྔགས་འདོད་གསོལ་དང་། བར་དུ་ལྷ་སྔགས་དང་རྫས་སྔགས་ལ་གྲངས་འཛིན། ཐ་མ་ཐོག་མཐའ་གཉིས་ལ་ལྷ་སྔགས་རྫས་སྔགས་འདོད་གསོལ་རེ་དང་ལྷ་སྔགས་ཁོ་ནས་འབུལ་བའོ། །ཡངན་བསྲེག་རྫས་རྣམས་བསྲེས་ནས་ལྷ་སྔགས་ཀྱིས་

p. 568

ཕུལ་ནའང་ཆོག་ཅིང་། བསྙེན་སྒྲུབ་ཀྱི་བཅུ་ཆའི་ཁ་སྐོང་དུ་ཏིལ་ཁོ་ན་ཕུལ་བས་ཚར་བཅུ་རེའི་མཚམས་སུ་འདོད་གསོལ་བྱས་ནས་ཚར་གསོག་པས་འཐུས། དེ་ནས་ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ ཞེས་སོ་རྩི་ཕུལ། ཨོཾ་བཛྲ་ཝས་ཏྲ་ཡེ་སྭཱ་ཧཱ ཞེས་གོས་ཟུང་འབུལ་ལོ། །མཐར་མར་ཁུ་ལན་གསུམ་དང་། ཧྲཱི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སོགས་མཆོད་པའི་འཇུག་ཏུ། གཏོར་མ་སྨན་རཀ་བཅས་སྔགས་ཚིག་གིས་དགང་གཟར་གྱིས་འབུལ་དེ་ནས་ག་ཎ་ཙཀྲ་པཱུ་ཛ་ཁ་ཧི་ཞེས་ཚོགས་ཕུད་འབུལ། ཧྲཱི༔ ཆོས་སྐུ་སྐྱེ་མེད་ངང་ཉིད་ལས༔ སོགས་ཀྱིས་བསྟོད། བཟླས་པ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་སྐུ་མདོག་ཀུནྡ་ལྟར་དཀར་བའི་ཐུགས་ཀའི་སྔགས་ཕྲེང་ཟླ་བའི་འོད་ཟེར་ལྟ་བུ་འཕྲོས་པས་བདག་སོགས་ཀྱི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་མ་ལུས་པ་ཞི་བར་གྱུར། རྩ་སྔགས་ཀྱི་མཇུག་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ བཏགས་པ་བརྒྱ་རྩ་བཟླ། མཆོད་བསྟོད་བྱ། ཧོ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འཕྲིན་ལས་བཅོལ་བ་ནི། བདག་ཅག་སོགས་གོང་ལྟར་འདོད་དོན་གསོལ། སྐབས་འདིར་མར་ཁུ་འོ་ཐུག་ཟས་སྣ་རྣམས་ཐབ་ཀྱི་སྟེང་ནས་བཟུང་ལ། ཧཱུྃ༔ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་༔ སོགས་ཀྱིས་དངོས་གྲུབ་ལེན། ཡིག་བརྒྱ་ལན་གསུམ་བཟླ་ཞིང་། ཧྲཱི༔ རྩ་གསུམ་ཡོངས་འདུས་དཀྱིལ་

p. 569

འཁོར་དུ༔ སོགས་ཀྱིས་བཟོད་པར་གསོལ། བརྟན་བཞུགས་བྱ། ཨོཾ༔ ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད་སོགས་ཀྱིས་ཡེ་ཤེས་པ་གཤེགས་དམ་ཚིག་རང་ལ་ཐིམ་པར་མོས། སླར་ཡང་མར་ཁུ་ལན་གསུམ་གྱིས། ཨོྃ་བཛྲ་ཛྭ་ལ་རཾ་ཞེས་མེ་གསོ། མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པར་གྱུར་པ་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་མར་ཁུ་ལན་གསུམ་དང་། ཡམ་ཤིང་ནས་བཟུང་རྫས་ལྷག་རྣམས་འབུལ། གཏོར་མ་དགང་བླུགས་ཁར་བཞག་པ་ལ་སྔགས་ཀྱིས་བསངས་ཨ་ཀ་རོས་བརླབ། མེ་སྟེ་སྲེག་བྱ་ཟ་བའི་ལྷ༔ དྲང་སྲོང་རྒྱལ་བོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་སོགས་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་གཏོར་མ་མེ་ནང་དུ་འབུལ་ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཝས་ཏྲ་ཡེ་སྭཱ་ཧཱ༔ ཞེས་སོ་རྩི་དང་གོས་ཟུང་འབུལ། མཆོད་བསྟོད་བྱ་ཡིག་བརྒྱ་ཚར་གསུམ་དང་མ་འབྱོར་བ་དང་སོགས་ནས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཡ་ཧི་གཙྪ། རང་གནས་སུ་གཤེགས། །དམ་ཚིག་པ་ལྟེ་བའི་ཨ་ཤད་ལ་ཐིམ་པར་

p. 570

བསམ། མེ་དལ་གྱིས་གཞིལ་ནས་ཕན་བྱེད་ཐེབས་སམ་ཆུ་ཀླུང་དུ་དོར། ཚོགས་ལྷག་ཐུགས་དམ་བསྐུལ་བ་སོགས་མཐར་ཆགས་སུ་བྱ་བ་ཡིན་ནོ། །སྨྲས་པ། དེ་ལྟར་རྟ་ཕག་ཡིད་བཞིནནོར་བུ་ཡི། །སྦྱིན་སྲེག་ཆོ་ག་བླ་མས་བཀས་གནང་ལྟར། །སྦྱར་བ་འདིའི་དགེས་འགྲོ་བའི་ལས་ཉོན་སྦྱངས། །རྣམ་མཁྱེན་གདོད་མའི་ས་ལ་འགོད་པར་ཤོག །ཅེས་རྟ་ཕག་ཡིད་བཞིན་ནོར་བུའི་སྦྱིན་སྲེག་ཡེ་ཤེས་མེ་འོད་ཅེས་བྱ་བ་འདི་ནི། ལྷ་འདིའི་བསྙེན་པ་ཚད་དུ་འཁྱོལ་བ་སོག་ཚའི་རི་ཁྲོད་པ་སངས་རྒྱས་རིན་ཆེན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་དང་། སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་རིན་པོ་ཆེའི་གསུང་གིས་འདི་ལྟར་བསྒྲིགས་དགོས་ཞེས་གནང་བ་ཐོབ་པ་ལ་བརྟེན། ཉང་སྐྱེས་མཚམས་མིང་སྣང་མཛད་རྡོ་རྗེས་གཏེར་ཁ་གོང་མའི་ཕུར་བའི་བསྲེགས་བླུགས་བདུད་རྩི་ཟིལ་མངར་ལ་གཞི་བྱས་རིགས་མཐུན་གྱིས་ཁ་ཅུང་ཟད་བསྐང་ཏེ་སྦྱརབའོ། །སརྦ་མངྒ་ལཾ།། །།

ཡང་གསང་རྟ་ཕག་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་འཁྱེར་བདེར་བཀོད་པ་སྒྲིབ་མུན་འཇོམས་པའི་ཉི་མ། དགུ་རོང་སྣ་ཚོགས་རང་གྲོལ།

p. 571

༄༅། །ཡང་གསང་རྟ་ཕག་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་འཁྱེར་བདེར་བཀོད་པ་སྒྲིབ་མུན་འཇོམས་པའི་ཉི་མ་ཞེས་བྱ་བཞུགས་སོ་། །བླ་མ་དང་བཅོམ་ལྡན་འདས་རྟ་ཕག་ཡིད་བཞིན་ནོར་བུ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་བྱེད་པར་འདོད་པས་ཉིན་རེ་བཞིན་ཐུན་བཞིའི་མཇུག་གམ། ཐུན་ཐ་མའི་མཇུག་ཏུ་བཅུ་ཆ་ཞེས་སྔགས་བརྒྱ་སྟོང་ཁྲི་འབུམ་སོགས་གང་འགྲུབ་ཀྱི་བཅུ་ཆའི་ཏིལ་ཡུངས་མེ་སླང་བཅས་སྣོད་དུ་བཤམས་ལ། ཨམྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་ཡེ་ཤེས་ཀྱི། །མེ་ཐབ་དཀར་པོ་འོད་ཟེར་འཕྲོ། །ཟླུམ་པོ་མུ་རན་ཁ་ཁྱེར་བཅས། །དེ་ནང་རཾ་ལས་ཡེ་ཤེས་མེ། །རབ་ཏུ་འབར་ཞིང་བསྲེགས་པའི་ཀློང་། །ཕོ་བྲང་གཞལ་ཡས་མཚན་རྫོགས་དབུས། །ཆོས་འབྱུང་པདྨ་ཉི་ཟླའི་སྟེང་། །ཧྲཱིཿ ལས་དབང་ཆེན་རྟ་མཆོག་ནི། །སྐུ་མཆོག་དམར་ལ་སྔོ་མདངས་འཚེར། །ཞེས་པ་ནས། ཡེ་ཤེས་ཞིང་ཁམས་སོ་སོ་ནས། །ལྷ་ཚོགས་འཁོར་བཅས་སྤྱན་དྲངས་གྱུར། །གུ་རུ་དེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡ་ཛ་ཛ༔ ཛ་ཧཱུཾ་བཾ་ཧོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན་ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙྪ་ཧོཿ བཛྲ་པཱུཧྨེ་ནས་པཱུཙཧོ༔ ཧྲཱི༔ ཆོས་དབྱིངས་སྐྱེ་མེད་ངང་ཉིད་ལས། །ཞེས་

p. 572

པ་ནས། རྟ་ཕག་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་སོགས་ཀྱིས་བསྟོད། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུའི་ཆ་ལས་འོད་ཟེར་དཀར་པོའི་ཚོགས་ཕྱོགས་བཅུར་འཕྲོ་བའི་ལྗགས་རྡོ་རྗེའི་རྣམ་པ་ཅན་དཀར་པོ་ལ་རཾ་ཡིག་གིས་མཚན་པར་གྱུར། དེ་ནས་ཏིལ་ཡུངས་ལ་དམིགས་ཏེ། རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་སྔགས་སྒྲ་མ་དག་ཅིང་ཆད་ལྷག་གི་ཉེས་པ་ཐམས་ཅད་འོད་ནག་པོའི་རྣམ་པར་སྣ་བུག་ནས་ཐོན་ཏེ་ཏིལ་ཡུངས་ལ་ཐིམ་པ་ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་རང་བཞིན་ཅན་དུ་གྱུར། ཨོཾཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ༔ ལན་བདུན་བརྗོད་པས་བརླབས་ལ་རྫས་འབུལ་བ་ནི། རྩ་སྔགསམཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་བར་དུ་གཅོད་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་དང་ཁྱད་པར་དུ་ཡང་དམ་ཚིག་གི་ཉམས་ཆག་དང་ལྷའི་ཏིང་འཛིན་མ་གསལ་ཞིང་སྔགས་ཆད་ལྷག་ལ་སོགས་པའི་ཉེས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སྤེལ་ཚིག་བཏགས་པ་ལན་བདུན་གྱིས་ཕུལ་མཐར་ཏིལ་ཡུངས་ཆ་མཉམ་རེ་དང་རྩ་སྔགས་ཁོན་སྦྲགས་ཏེ་འབུལ།

p. 573

སྔགས་བརྒྱ་རྩ་རེའི་མཚམས་སྔར་གྱི་སྤེལ་ཚིག་བཏགས་ལ་གྲངས་སྐབས་དང་བསྟུན་ལ་བསགས་མཐར། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། བཛྲ་པུཥྤ་ནས་པཱུ་ཙ་ཧོ༔ ཞེས་པས་མཆོད། ཧྲཱི༔ ཆོས་དབྱིངས་སྐྱེ་མེད་སོགས་ཀྱིས་གོང་བཞིན་བསྟོད་པ་བྱ། བཛྲ་མུ༔མེ་ལྷའི་ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པ་མེ་འབར་པའི་རྣམ་པ་ཅན་དུ་གྱུར་པར་བསམ་མོ། ། མེ་མ་ཤི་བར་དུ་མི་བསྒུལ་ཞིང་། མཐར་ཐལ་བ་རྣམས་གཙང་སར་དོར་རོ། །དེ་ལྟར་བསྙེན་པའི་ཁ་སྐོང་གི་སྦྱིན་བསྲེགས་འཁྱེར་བདེ་འདི་ནི། གསང་སྔགས་ཀྱི་དམ་ཚིག་ཉམས་ཆག་གསོ་བ་དང་། སྔགས་ཆད་ལྷག་པའི་ཁ་བསྐང་བ་དང་། ལྷ་མཉེས་ཤིང་དངོས་གྲུབ་རྣམ་གཉིས་སྩོལ་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་པར་གསུངས་སོ། །ཞེས་པའང་ཀུན་མཁྱེན་ལྔ་བ་ཆེན་པོའི་རྟ་མགྲིན་གསང་སྒྲུབ་ཀྱི་ཁ་སྐོང་སྦྱིན་སྲེག་བསྡུས་པ་ལྟར་ཚིག་ཕྲད་བསྒྱུར་ཏེ། ༧སྣ་ཚོགས་རང་གྲོལ་གྱིས་དབེན་གནས་འཇིགས་མེད་བསམ་གཏན་གླིང་དུ་བྲིསཔའོ། ཨངྒ་ལཾ།། །།

ཡང་གསང་རྟ་ཕག་ལས་ཆར་འབེབས་ཀྱི་ཆོ་ག་ཕན་བདེའི་དཔལ་སྦྱིན།

p. 574
p. 575

༄༅། །ཡང་གསང་རྟ་ཕག་ལས་ཆར་འབེབས་ཀྱི་ཆོ་ག་ཕན་བདེའི་དཔལ་སྦྱིན་ཞེས་བྱ་བ་བཞུགས་སོ།།

p. 576

མཁྱེན་བརྩེའི་ཆུ་འཛིན་གསར་བའི་ལྡིང་ཁང་ནས། །བྱིན་རླབས་ཐུགས་རྗེའི་གྲུ་ཆར་རབ་གཡོས་པས། །ཕན་བདེ་ལོ་ཏོག་སྤེལ་མཛད་བླ་མ་དང་། ། དབྱེར་མེད་ལྷག་པའི་ལྷ་ལ་གུས་བཏུད་ནས། །བཀའ་ཡི་སྲུང་མ་དྲང་སྲོང་རཱ་ཧུ་ལའི། །འཕྲིན་ལས་ཆར་འབེབ་འཁོར་ལོའི་ཆོ་ག་ཡི། །ལག་ལེན་མན་ངག་ཟབ་མོའི་རིམ་པ་འདི། །ཡི་གེར་འགོད་ལ་བཀའ་ཡི་གནང་བ་སྩོལ། །དེ་ཡང་བླ་མ་ལྷག་པའི་ལྷར། །ཡིད་ཆེས་དད་པའི་སྟོབས་ལྡན་པའི། །ལོག་ལྟས་བརྫི་བར་མི་ནུས་ཤིང་། །ཟབ་མོའི་དབང་གིས་རྒྱུད་སྨིན་ནས། །བསྙེན་བསྒྲུབ་ཚད་དུ་འཁྱོལ་བ་ཡི། །གཞན་ཕན་སེམས་ལྡན་རྣལ་འབྱོར་པས། །བསྟན་འགྲོར་སྨན་པའི་ལྷག་བསམ་གྱིས། །ལས་ཀྱི་རིམ་པ་འདིར་འཇུག་བྱ། །སྤྱིར་ན་གཟའ་སྐར་ཚེས་

p. 577

བཟང་ཞིང་། །ཁྱད་པར་ཆུ་གཟའ་ཆུ་སྐར་སོགས། །འཛོམ་པའི་དུས་ཚོད་དགེ་བའི་ཉིན། །དཀར་ཕྱོགས་སྟོབས་དང་ལྡན་པའི་ཀླུ། །གནས་པའི་མཚོ་འམ་ཆུ་མིག་ཁར། །ཕྱིན་ཏེ་ལྷག་ལྷའི་ཏིང་འཛིན་དང་། །ལྡན་པའི་བསངས་བརྔན་སྡེ་བརྒྱད་མཆོད། །ཆ་གསུམ་བརྒྱ་རྩ་ཀླུ་གཏོར་བསྔོ། །བྱིན་རྟེན་འཁོར་ལོ་ཁྲུས་གསོལ་སོགས། །རིམ་འགྲོས་རྒྱབ་དཔུང་ཆེར་བསྐྱེད་དེ། །གཙང་མའི་སྟེགས་ལ་བདག་བསྐྱེད་ཀྱི་རྟ་མགྲིན་དབྱེར་མེད་གསུངས། །གཏོར་མཆོད་རྒྱས་བསྡུས་སྐབས་བསྟུན་བཤམས། །ལས་བུམ་སྒྲུབ་ཅིང་བདག་གཞུང་བསྲངས། །བཟླས་དམིགས་སྤྱི་དང་འདི་ལྟར་བསྒོམ། །བདག་གི་ཐུགས་སྲོག་སྔགས་ཕྲེང་སྐུའི་ཆ་ལས། །བདུད་རྩི་འོད་ཟེར་ཁ་དོག་སྣ་

p. 578

ལྔ་འཕྲོས། །གནས་འདིའི་ཀླུ་ཡིས་གཙོ་བྱས་ཀླུ་རྣམས་ལ། །ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། །བྱེ་ཚན་མཁའ་ལྡིང་འཇིགས་པ་ཀུན་ཞི་སྟེ། །ཀླུ་རྣམས་བདེ་དགའི་དཔལ་གྱིས་འཚོ་གྱུར་ནས། །བཀའ་བཞིན་སྒྲུབ་ལ་དགའ་མགུའི་སེམས་ལྡན་ཞིང་། །ཆར་གྱི་དངོས་གྲུབ་མྱུར་དུ་སྩོལ་བར་གྱུར། །ཅེས་བསམ་ལ་སྤེལ་ཚིག་གི་སྔགས་བཏགས་རྩ་སྔགས་གཤམ་དུ། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སརྦ་ན་ག་རཱ་ཛ་ཆར་ཆེན་པོ་ཕོབ་ཅིག །སླར་ཡང་ཐུགས་སྲོག་སྔགས་ཕྲེང་སྐུའི་ཆ་ལས། །བདུད་རྩི་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། །རིགས་དྲུག་སེམས་ཅན་སྤྱི་དང་ཁྱད་པར་དུ། །ཐན་པ་མྱོང་ཡུལ་ལུས་ཅན་ཀུན་ལ་ཕོག །ཐོག་མེད་ནས་བསགས་ལས་ངན་སྡིག་སྒྲིབ་དང་། །ཡང་སྒོས་ཐན་པའི་འབྲས་བུ་མྱོང་འགྱུར་གྱི། །ལས་ངན་སྦྱངས་ཏེ་བདེ་སྐྱིད་ཕུན་ཚོགས་ལ། །ལོངས་སུ་སྤྱད་པའི་སྐལ་བཟང་ཐོབ་པར་གྱུར། །ཅེས་བསམ་སྔགས་བཟླས་གོང་དང་མཚུངས། སླར་ཡང་ཐུགས་སྲོག་ཧྲཱི་ཡིག་སྐུའི་ཆ་ལས། །བདུད་རྩི་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། །ཆར་སྤྲིན་འདུ་དང་ཆར་བ་འབབ་པ་དང་། །རྩི་བཅུད་ལོ་ཏོག་རྒྱས་པར་བྱེད་པ་ལ། །བར་

p. 579

གཅོད་རྩོམ་པའི་གདོན་བགེགས་ཀུན་ལ་ཕོག །བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་གྱུར་ཏེ། །བྱམས་པའི་སེམས་ཀྱིས་མཐུན་པའི་རྐྱེན་སྒྲུབ་ཅིང་། །བཀའ་དང་དམ་ལ་ཚུལ་བཞིན་གནས་པར་གྱུར། །ཅེས་བསམ་བཟླས་དམིགས་གོང་དང་མཚུངས། །དེ་ནས་ཐུན་བསྡུ་མཆོད་བསྟོད་བྱ། །རྩ་གསུམ་གཏོར་འབུལ་སྲུང་མ་མཆོད། །ཆར་འབེབས་ཕྲིན་ལས་བཅོལ་བའི་རྗེས། །སྒོ་དྲུང་ངམ་ནི་མལ་འོག་ཏུ། །གྲུ་གསུམ་དོང་བྲུས་ཆར་འགོང་དང་། །ནུབ་བྱང་མཚམས་སུ་རླུང་ལྷ་གཞོན། །དེ་སྟེང་བྱིན་རྟེན་ཚ་ཚ་བཞག །དེནས་མན་ངག་ཡེ་གེ་བཞིན། །ལེགས་པར་བྲིས་པའི་འཁོར་ལོ་ནི། །ཆུ་ལ་གཡོན་དུ་བསྐོར་བའི་མདུན། །གཙང་མའི་སྟེང་ལ་ཁེབས་སྔོན་གཡོགས། །དེ་སྟེང་རིན་ཆེན་སྣོད་ནང་དུ། །དཀར་མངར་ཀླུ་སྨན་གྱིས་བརྒྱན་པའི། །མཆོད་གཏོར་ཉེར་སྤྱོད་བཟང་དུ་བཤམས། །ལས་བུམ་ཆུ་ཡིས་བསངས་བྱས་ལ། །ཏིང་འཛིན་སྔགས་ཀྱིས་འདི་ལྟར་བརླབ། །སྭ་བྷ་ཝས་སྦྱངས། སྟོང་བའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ཁ་ཟས་རོ་བརྒྱ་བ། ལྷའི་ཉེར་སྤྱོད་བཟང་དགུའི་སྤེལ་བ་མིའི་ཟས་མཆོག་གང་མོས་སུ་སྦྱར་བ་བཟང་ཞིང་གཙང་མ་མཁོ་དགུ་ཚོགས་པ། ལྷ་དང་ཀླུ་དང་མི་དང་གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་མཐུན་

p. 580

རྐྱེན་དུ་འོས་པའི་ཡོ་བྱད་མཛེས་དགུས་ཕྱུག་པ། གཞན་ཡང་ཕྱི་ནང་གསང་བའི་ཡོ་བྱད་དུ་འོས་པ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས་ཁྱད་པར་དུ་སྒྲུབ་པ་རྒྱ་ནམ་མཁའ་དང་མཉམ་ཞིང་ཡུལ་དུས་ཐམས་ཅད་དུ་ཟད་མི་ཤེས་པར་འབྱུང་བ་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་རོ་གཅིག་ཏུ་དག་པ་རྣམས་སུ་གྱུར། ན་མཿསརྦ་ཏ་ཐ་ག་ཏ་ནས་སྭཱ་ཧཱ༔ ལན་གསུམ་སྔགས་དང་ཕྱག་རྒྱས་བརླབས། །དེ་ནས་མདུན་གྱི་འཁོར་ལོ་ལ། །ལས་བུམ་ཆུ་དང་སྔགས་ཀྱིས་བསངས། །ལྷར་བསྐྱེད་དམིགས་པ་འདི་ལྟར་བྱ། ཨོཾ་སྭཱ་བྷ་ཝས་སྦྱངས། འཁོར་ལོ་མི་དམིགས་པ་སྟོང་བ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་རིན་པོ་ཆེ་བཻཌཱུརྱའི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་ཁོར་ཡུག་ཀུན་ཏུ་ནེའུ་གསིང་དང་གསེར་གྱི་བྱེ་མ་བརྡལ་བ་ལ། མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་འབུམ་ཕྲག་དུ་མས་མཛེས་པར་ཆུ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་ཅིང་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པ། དྲི་ཞིམ་པའི་ངད་པ་ཁོར་ཡུག་ཏུ་ལྡང་བའི་ཁ་དོག་སྣ་ལྔའི་མེ་ཏོག་དང་དཔག་བསམ་གྱི་ཤིང་ལ་སོགས་པའི་སྐྱེད་མོས་ཚལ་དང་། རིན་པོ་ཆེའི་བྲག་རི་སྣ་ཚོགས་པས་ཡོངས་སུ་བསྐོར་བའི་དབུས་སུ་དྭངས་བསིལ་

p. 581

རྙོག་མེད་ཀྱི་རྒྱ་མཚོ་ཆེན་པོ་ཡན་ལག་བརྒྱད་ལྡན་པ། གཏིང་མཐའ་མེད་པ་མེ་འབར་ཞིང་འཁྱིལ་བ་རབ་ཏུ་གཡོ་བའི་རྦ་རླབས་ཁོར་ཡུག་ཏུ་འཁྲུགས་པ་ལས་ཆར་སྤྲིན་ན་བུན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ནམ་མཁར་ལྡིང་ཞིང་ཆར་རྒྱུན་དྲག་པོ་ཁོར་ཡུག་ཏུ་འབབ་པའི་ཆུ་འཛིན་གྱི་གུར་ཁང་ཆེན་པོ་མུ་མཐའ་མེད་པར་བརྡལ་ཞིང་གཡོ་བའི་ཆུ་གཏེར་ཆེན་པོ་དེའི་དབུས་སུ། རང་གི་ཐུགས་ཀའི་སྲོག་ཡིག་ལས་ར་ཡིག་དུ་བའི་མདོག་ཅན་ཞིག་སྤྲོས་ཏེ་གནས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྒྱལ་བ་རྣམས་མཆོད་ཅིང་བདེ་གཤེགས་ཞི་ཁྲོའི་བྱིན་རླབས་བསྡུས། སེམས་ཅན་རྣམས་ཀྱི་ཐན་འབྲས་མྱོང་འགྱུར་གྱི་ལས་ངན་སྦྱངས། རྩི་བཅུད་ལོ་ཏོག་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་ཚར་བཅད། ཆར་བདག་ལྷ་ཀླུ་དྲེགས་པ་ཅན་རྣམས་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་རང་དབང་མེད་པར་བསྡུས་རཱ་ཡིག་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་དབང་ཆེན་ཐུགས་ཀྱི་སྤྲུལ་བ་ཁྱབ་འཇུག་གཟའི་རྒྱལ་བོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་ཀླུ་སྲིན་ཁྲོས་པའི་གཟུགས་ཅན་ནམ་མཁའི་དབྱིངས་དང་མཉམ་

p. 582

པ་ཞལ་གསུམ་ཕྱག་གཉིས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འདྲིལ་ཞིང་སྨིན་མ་དང་ཨག་ཚོམ་དམར་སེར་དུ་འཁྱུག་ཅིང་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་དུ་མས་སྤྲས་པ། སྲིད་གསུམ་གསལ་བའི་མིག་གིས་ལུས་ཀུན་གང་ཞིང་ཞལ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཆར་སྤྲིན་ན་བུན་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས། ལྟོ་ཞལ་རབ་ཏུ་གདངས་པས་ཆར་འགོང་འབྱུང་བོ་རྣམས་ཟས་སུ་ཟ་ཞིང་མཐུ་སྟོབས་ནུས་པའི་རྩལ་གྱིས་རླུང་བདག་ཕོ་མོ་རི་རབ་ཆེན་པོའི་རྨང་དུ་གནོན་པ། སྐུ་སྨད་སྦྲུལ་གྱི་མཇུག་མས་རྒྱ་མཚོ་ཆེན་པོ་གཏིང་ནས་དཀྲུགས་ཏེ་ཀླུ་གཉན་ས་བདག་ཐམས་ཅད་རང་དབང་མེད་པར་ཆར་གྱི་ལས་ལ་བསྐུལ་བ། དབུ་དང་ཕྱག་གཉིས་རྒྱ་མཚོ་ཆེན་པོ་ནམ་མཁའི་དབྱིངས་སུ་བཏེགས་ཏེ་ཆར་གྱི་རྒྱུན་དྲག་པོ་འཛམ་གླིང་གཡོ་བ་ཙམ་དུ་འབེབ་པའི་མཐའ་བསྐོར་དུ་ཡབ་སྲིན་པོ་ཆེན་པོ་དང་ཡུམ་ཀླུ་མོ་ཆེན་མོ་སྤྲུལ་བའི་གཟའ་བརྒྱད་གདོང་མོ་མཆེད་བཞི་ཆུ་བདག་ཝ་རུ་ཎ་དང་ཀླུ་ཆེན་བརྒྱད་སའི་ལྷ་མོ་བསྟན་

p. 583

མ་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་དྲེགས་པ་སྡེ་བརྒྱད་ཀླུ་གཉན་ས་བདག་ཡུལ་རིས་ཀྱི་གཞི་བདག་ལ་སོགས་དང་མདོར་ན་སྤྲིན་སྡུད་ཆར་འབེབས་ལ་དབང་བའི་སྲིད་པ་གསུམ་གྱི་ལྷ་ཀླུ་སྡེ་བརྒྱད་མཐུ་སྟོབས་ཆེ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཐམས་ཅད་ཀྱང་སྒྲུབ་པ་པོའི་རེ་འདོད་ཡིང་བཞིན་དུ་སྐོང་བ་ལ་དགའ་མགུ་ཡི་རང་བའི་སེམས་དང་ལྡན་པའི་རང་རང་གི་མཐུ་སྟོབས་ནུས་པའི་རྩལ་ཕྱུང་སྟེ། སྤྲིན་སྡུད་ཆར་འབེབས་རླུང་གནོན་གྱི་ལས་ལ་བརྩོན་བཞིན་བཞུགས་པའི་གཙོ་བོའི་ཐུགས་སྲོག་དང་། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ནམ་མཁའི་དབྱིངས་ཀྱི་ཕོ་བྲང་སོགས་རང་བཞིན་གྱི་གནས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཁྱབ་འཇུག་གཟའི་རྒྱལ་བོ་རཱ་ཧུ་ལ་ཡབ་ཡུམ་སྤྲུལ་བ་གདོང་མོ་མཆེད་བཞི་ཆུ་བདག་ཝ་རུ་ཎ་དང་ཀླུ་ཆེན་བརྒྱད་སོགས་ཆར་བདག་ལྷ་ཀླུ་སྡེ་བརྒྱད་ཡུལ་ལྷ་གཞིའི་བདག་པོའི་ཚོགས་དང་བཅས་པས་བསྐོར་བ་སྐད་ཅིག་ཉིད་ལ་སྤྱན་དྲངས་པར་གྱུར།

p. 584

ཨོཾ་བཛྲ་ས་མ་ཡ་ཛཿཛ། ཞེས་བསྐྱེད་རོལ་མོ་དབྱངས་དང་བཅས། ཧཱུྃ༔ མི་དམིགས་སྤྲོས་བྲལ་ཁྱབ་བརྡལ་ཆོས་ཀྱི་དབྱིངས། །རབ་འབྱམས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །ཁྱབ་འཇུག་གཟའ་ཡི་རྒྱལ་བོ་རཱ་ཧུ་ལ། །ཡབ་ཡུམ་སྤྲུལ་བ་གདོང་མོ་ཆར་བདག་ཀླུ། །གཙང་རིས་དཔལ་མགོན་སྡེ་བརྒྱད་དྲེགས་པའི་ཚོགས། །ས་བདག་ཀླུ་གཉན་ཡུལ་རིས་གཞི་བདག་རྣམས། །དེང་འདིར་ཆར་གྱི་དངོས་གྲུབ་སྩོལ་བའི་ཕྱིར། །རང་རང་གནས་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །ཆར་སྤྲིན་ནག་པོ་རླུང་གིས་བསྐྱོད་པ་བཞིན། །འདིར་གཤེགས་དགྱེས་པའི་གདན་ལ་འདོད་པའི་དོན། །མ་གྲུབ་དེ་སྲིད་རྟེན་དང་དབྱེར་མེད་དུ། །དཔལ་གྱི་བཀའ་བཞིན་བརྟན་པར་བཞུགས་སུ་གསོལ། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་ར་ཙ་ཤ་ནཱ་ག་རཱ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ༔ ཛ་ཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཞེས་པས་སྤྱན་དྲངས་དབྱེར་མེད་བསྟིམ། །མཆོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུཾ༔ དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དམ་རྫས་མཆོད་གཏོར་སྤྱན་གཟིགས་མཐུན་པའི་རྫས། །ཇི་

p. 585

སྙེད་མ་ཚང་མེད་པའི་འདོད་ཡོན་སྤྲིན། །གང་འདོད་གཟུགས་སུ་འཆར་བའི་མཆོད་ཚོགས་འདི། །བདག་གིས་དང་བའི་སེམས་ཀྱིས་འབུལ་ལགས་ན། །ལྷ་ཆེན་འཁོར་བཅས་དགྱེས་པར་བཞེས་ནས་ཀྱང་། །མཚོ་སྐྱེས་རྡོ་རྗེ་དབང་ཆེན་ཧེ་རུ་ཀའི། །བཀའ་དང་དམ་ཚིག་གཉན་ལས་མ་འདའ་བར། །རྩི་བཅུད་ལོ་ཏོག་གསོས་གྱུར་ཆར་གྱི་རྒྱུན། །འབབ་ལ་གདོན་བགེགས་འབྱུང་བོའི་བར་གཅོད་སོགས། །ཉེ་བར་ཞི་ཞིང་སྤྲིན་ཕུང་འཐོར་བྱེད་པའི། །མི་མཐུན་དྲག་པོའི་རླུང་རྣམས་མི་ལྡང་བར། །མཐུན་པའི་རླུང་གིས་ཕྱོགས་བཞི་མཚམས་བརྒྱད་ནས། །ཆར་སྤྲིན་ནག་པོ་བསྡུས་ཏེ་ལང་ལོང་འཁྲིགས། །འབྲུག་སྒྲ་དལ་བུར་དགོད་ཅིང་གློག་རྣམས་རྩེད། ། རི་བོ་ཐམས་ཅད་ན་བུན་གོས་ཀྱིས་བཀླུབས། །ཆར་རྒྱུན་དྲག་པོ་བར་མ་ཆད་པའི་རྒྱུན། །འཁོར་ཡུག་ཀུན་ཏུ་སྙོམས་པར་འབབ་པ་ཡིས། །རི་ལུང་རྨོས་ཞིང་ཐམས་ཅད་བརླན་ཅིང་གཤེར། །ལོ་ཏོག་འབྲས་བུ་རྩི་སྨན་ཐམས་ཅད་རྒྱས། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པ་ཡི། །འཕྲིན་ལས་དུས་ལས་ཡོལ་མེད་འགྲུབ་པར་མཛོད། །ཨོཾ་ཀེ་

p. 586

ཏ་ཀེ་ཏ་རཱ་ཧུ་ལ་མ་ར་ཙ་ཤ་ནཱ་ག་རཱ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷུ་མི་པ་ཏི་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་པཱུ་ཙ་ཧོ༔ ཞེས་མཆོད་གཏོར་འབུལ་བ་ནི། རཱ་ཧུ་ལ་དང་གཙོ་འཁོར་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་ར་ཙ་ཤ་ནཱ་ག་རཱ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷུ་མི་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་བརྗོད་ཅིང་བསྟོད་པ་ནི། ཧཱུྃ༔ དབང་ཆེན་ཐུགས་སྤྲུལ་སྲིད་གསུམ་དྲེགས་པའི་གཙོ། །ཀླུ་སྲིན་ཚོགས་པའི་སྲས་མཆོག་རཱ་ཧུ་ལ། །མཐུ་སྟོབས་ནུས་པ་སྟོན་ལ་ཕན་བདེ་སྤེལ། །བསྟན་སྲུང་དྲེགས་པའི་རྗེ་དཔོན་ཁྱོད་ལ་བསྟོད། །གཏིང་མཐའ་མི་མངོན་ཆུ་གཏེར་ཆེན་པོའི་དབུས། །མི་བཟད་འཇིགས་གཟུགས་གར་གྱིས་འགྱིང་བ་ཡིས། །ཆར་བདག་ཀླུ་དབང་སྡེ་བརྒྱད་དབང་དུ་སྡུད། །ལྷ་ཆེན་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །སྦྲུལ་གྱི་མཇུག་མས་རྒྱ་མཚོ་དཀྲུགས་ཤིང་གཡོ། །ལྷ་ཀླུ་སྡེ་བརྒྱད་ཆར་བདག་ལས་ལ་བསྐུལ། །ཅི་འདོད་ཆར་གྱིས་འགྲོ་བའི་རེ་སྐོང་བའི། །ཆར་བདག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །མཐུ་སྟོབས་ཤུགས་

p. 587

ཀྱིས་རླུང་བདག་ཕོ་མོ་གནོན། །ཆར་རྐུན་འབྱུང་བོ་ལྟོ་བའི་ཞལ་དུ་གསོལ། །གདོན་བགེགས་འབྱུང་བོའི་ཚོགས་ཀུན་གཞོམ་མཛད་པའི། །ཁྱབ་འཇུག་རཱ་ཧུ་ལ་ལ་ཕྱག་འཚལ་བསྟོད། །ཀླུ་སྲིན་ཡབ་ཡུམ་སྤྲུལ་བ་གདོང་མོ་བཞི། །གཙང་རིས་དཔལ་མགོན་ལྷ་ཀླུ་སྡེ་བརྒྱད་དང་། །ཡུལ་རིས་གཞི་བདག་ཆར་ལ་དབང་མཛད་པའི། །གྲངས་མེད་སྤྲུལ་འཁོར་རྒྱ་མཚོའི་ཚོགས་ལ་བསྟོད། །ཅེས་བསྟོད་བཟླས་པའི་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་རཱ་ཧུ་ལའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་སྲོག་རཱ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་ཏེ་གནས་པ་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་བས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ཏེ་འོད་ཟེར་ཡང་ཡང་གནས་པར་བསམ། སླར་ཡང་འོད་ཟེར་གྱིས་བསྐུལ་པས་རཱ་ཧུ་ལའི་ཐུགས་ཀའི་འོད་ཀྱིས་འཁོར་གྱི་ཆར་བདག་དྲེགས་པ་མཐུ་བོ་ཆེ་རྣམས་རང་དབང་མེད་པར་སྤྲིན་སྡུད་ཆར་འབེབས་ཀྱི་ལས་ལ་བསྐུལ་ཏེ། གཙོ་འཁོར་ཐམས་ཅད་ཀྱི་ཞལ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཆར་སྤྲིན་ན་བུན་གྱི་ཚོགས་བསམ་གྱིས་མི་ཁྱབ་

p. 588

པ་འཕྲོས་པས་ནམ་མཁའི་ཁམས་ལ་མི་ཤོང་བ་ཙམ་དུ་འཁྲིགས་པ་དང་། གཙོ་བོའི་དབུ་ཕྱག་གིས་བཏེགས་པའི་རྒྱ་མཚོ་ཆེན་པོ་གནམ་ནས་ཀྱང་འཛམ་གླིང་གཡོ་བ་ཙམ་གྱི་ཆར་རྒྱུན་དྲག་པོའི་བར་མ་ཆད་པར་ཡུལ་ཕྱོགས་འདིའི་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་འབབ་པར་གྱུར། དམིགས་གནད་དང་བཅས་རྩ་སྔགས་མཐར། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་མ་ར་ཙ་ཤ་ནཱ་ག་རཱ་ཛ། ཨ་ཡ་མ་དུ་རུ་ཙ་ཤ་ན་བྷུ་མི་པ་ཏི་ཛ་ཕུ་ཏ་ཡར་ནོན་འདུས་འདུས་ནག་པོ་མ་བྷྱོ། ཆར་ཆར་བླ་བླ་ཐིབས་ཐིབས་ཟིལ་ཟིལ་ཧུར་ཐུམ་ཕྲོམ་ཕྲོམ་ཤར་ཤར་ཕོབ་ཕོབ་ཧ་ཟུར་ཐུམ་རིལ་ནན་ཐུམ་སྭཱ་ཧཱ། ཞེས་སྨྲ་བཅད་ཁྲི་སོགས་བཟླས་རྗེས་སྔགས་འདི་བརྒྱ་སྟོང་བཟླ། རྩེ་གཅིག་མ་གཡེང་བཟླས་ལ་བརྩོན། ཐུན་མཐར་མཆོད་བསྟོད་བྱ་བ་ནི། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སརྦ་ན་ག་རཱ་ཛ་ཆར་ཆར་ཕོབ་ཕོབ། སརྦ་ཕུ་ན་ག་རཱ་ཛ་ཁྲོམ་ཁྲོམ་ཕོབ་ཕོབ་སརྦ་ཕུ་ན་ག་ར་ཛ་ཤར་ཤར་ཕོབ་ཕོབ། སརྦ་ཕུན་ག་རཱ་ཛ་ཧྲིང་ཧྲིང་ཕོབ་ཕོབ། སརྦ་ཕུ་ན་ག་རཱ་ཛ་ཆར་དྲག་ཏུ་ཕོབ་དྲག་ཏུ་ཕོབ། ཆར་མྱུར་དུ་ཕོབ་མྱུར་དུ་ཕོབ། ཤུ་ཤུ་ཕོབ་ཕོབ། མཆོད་བསྟོད། ༀ་ཨཱཿཧཱུྃ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པཱུཙ་

p. 589

ཧོ། ཧཱུཾ༔ སངས་རྒྱས་བསྟན་དང་འགྲོ་བའི་དོན་མཛད་ཕྱིར། །གང་བཅོལ་ལས་རྣམས་ཐོགས་མེད་སྒྲུབ་མཛད་པའི། །སྣང་སྲིད་དྲེགས་པའི་སྡེ་དཔོན་རཱ་ཧུ་ལ། །འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི། །བཅས་བརྗོད་བསྒྲུབ་པའི་འབྲས་བུ་ནི། །མ་གྲུབ་བར་དུ་མདུན་དེ་ལ། །གཤེགས་བསྡུ་མི་བྱ་མཆོད་གཏོར་འབད། །ཏིང་འཛིན་དམིགས་པས་ལས་ལ་གཅུན། །ཐུན་མཚམས་རང་ཉིད་ཡི་དམ་ལྷའི། །ཞལ་གྱི་རླངས་པ་སྤྲིན་ཕུང་དུ། །གྱུར་བས་ནམ་མཁའ་གང་བར་བསམ། །རྩ་སྔགས་དང་འབྲེལ་སྔགས་འདི་བཟླས། ཨོཾ་སབ་སབ་ཧཱུྃ་ཧཱུྃ་སོབ་སོབ། ཅེས་དང་ཆར་སྤྲིན་བསྡུས་པ་རྣམས། །མི་འཐོར་འཛིན་པའི་སྔགས་འདི་བཟླ། ཨོཾ་བཛྲ་ཏུནྟ་མི་ལི་མི་ལི་སྭཱ་ཧཱ། སྐབས་འདིར་དར་རས་སྔོན་པོ་ལ། །སྤྲིན་སྡུད་སྔགས་བྲིས་ཕྱོགས་ཀུན་གཡབ། །སྤྲིན་ཆེན་མདོ་ཡང་དག་པར་འདོན། རེས་འགའ་རང་ཉིད་གཡུ་འབྲུག་གསལ། སྐད་ཀྱིས་སྟོང་ཁམས་གང་བར་བསམ་ལ་འབྲུག་སྐད་སྔགས་འདི་བཟླ། ཨོཾ་དྲ་ཞི་ཞིམ་གྱི་ཚ་བ་རན་ལོ་བྷི་ཤ་པ་ཚ་པ་ཚ་ཧཱུྃ་ཕཊ། གཙང་མའི་གཟར་བུས་ཕྱོགས་ཀུན་ཏུ། །ཆུ་གཙང་འཐོར་ཞིང་སྐད་མཐོན་པོས། །སློབ་དཔོན་ཆེན་པོའི་གསུང་གསང་འདི། །ཕྱོགས་བཅུའི་ལྷ་ཀླུ་ཀུན་ལ་བསྒྲགས། རྒྱལ་བོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པས་རླུང་དང་རླུང་ལྷ་རླུང་བདག་ཐམས་ཅད་རི་རབ་ཆེན་པོའི་

p. 590

འོག་ཏུ་ནོན་ཅིག༔ ཆར་འབབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཐུལ་ཅིག །ཕྱོགས་སྐྱོང་ཆེན་པོ་བཅུ་འཁོར་དང་བཅས་པས་བར་སྣང་གི་ཁམས་སུ་སྤྲིན་དང་ན་བུན་གྱི་ཚོགས་ཆེན་པོ་རབ་ཏུ་གཏིབས་ཤིག༔ ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱིས་འཛམ་བུའི་གླིང་དང་༔ ཡུལ་ཕྱོགས་འདི་དག་ལ་ཆར་གྱི་རྒྱུན་རབ་ཏུ་ཕོབ་ཅིག༔ མྱུར་དུ་ཕོབ་ཅིག༔ དྲག་ཏུ་ཕོབ་ཅིག༔ ལོ་འབྲས་འབྲུ་བཅུད་ཕུན་སུམ་ཚོགས་པ་སྤེལ་ཅིག༔ ཡུལ་རིགས་དང་རྒྱལ་ཁམས་ཐམས་ཅད་ཀྱི་བཀྲ་ཤིས་དཔལ་འབྱོར་དར་ཞིང་རྒྱས་པར་མཛོད་ཅིག༔ ཅེས་གསུམ་མམ་བདུན་བརྗོད། དམ་སྡོམ་དག་ལ་གཅེས་སྤྲས་དང་། །ཀུན་སློང་ཁེ་གྲགས་སྐྱོན་ཅན་སྤངས། །འགྲོ་ལ་བཅོས་མིན་སྙིང་རྗེ་སྒོམ། །ལྷ་དང་བླ་མའི་གདམས་ངག་ལ། །ལོག་ལྟ་ཐེ་ཚོམ་མི་བྱ་སྟེ། །ཡིད་ཆེས་དད་པས་དཔའ་གདེང་བསྐྱེད། །གྲིབ་ཅན་མི་དང་ཟས་ལ་འཛེམ། །ཤ་དང་སྒོག་ཙོང་ལ་སོགས་སྤངས། །ཆར་པ་འབབ་དང་མི་འབབ་ཀྱི། །རེ་དོགས་རྣམ་རྟོག་མི་མང་བར། །རྒྱུ་ལས་འབྲས་བུ་འབྱུང་བ་ལ། །ཐེ་ཚོམ་མེད་པའི་ཡིད་ཆེས་བྱ། ། ལས་སྦྱོར་འགྲུབ་ཚེ་གཏང་རག་གི །མཆོད་པས་ལྷ་ཚོགས་མཉེས་བྱས་ལ། །བཟོད་གསོལ་རྟེན་ལ་བརྟན་བཞུགས་དང་། །བཀྲ་ཤིས་དགའ་སྟོན་མཐའ་རྒྱས་བྱ། །ཞེས་པ་འདི་ནི་ཌཾ་བྷི་བའི། །ཐུགས་བཅུད་གདམས་པ་ཟབ་མོ་ལ། །བླ་མའི་མན་ངག་

p. 591

གིས་བརྒྱན་ཏེ། །ཟབ་ཆོས་འདི་ཡིན་ལག་ཏུ་བླངས། །བྱ་བཏང་སྣ་ཚོགས་རང་གྲོལ་གྱིས། །འཇིགས་མེད་བསམ་གཏན་གླིང་དུ་སྦྱར། །དགེ་བས་འཇིག་རྟེན་ཁམས་རྣམས་སུ། །བཀྲ་ཤིས་ལོ་ལེགས་འབྱུང་གྱུར་ཅིག ༈ །དབང་ཆེན་ཧེ་རུ་ཀ་ལ་འདུད། །ཆར་འགོང་མནན་པའི་མན་ངག་ནི། །དུག་ཤོག་ངོས་ལ་དམ་སྲིའི་གཟུགས། །མི་ཡི་ལུས་ལ་བྱ་མཆུ་ཅན། །སྐེམ་རིད་ཡན་ལག་ལྕགས་སྒྲོག་བཅུག །སྙིང་གར་ཏྲི་ཡིག་ཛས་ལྟེམས་མཐར། །ཡ་མ་དམ་སྲི་གམ་པ་རི་མ་ར་ཡ་ཛ༔ ཆར་འགོང་མཱ་ར་ཡ་ནན་ནན། ཞེས་དང་གཟུགས་ཀྱི་ཕྱི་རོལ་ཏུ་མགོ་ནས་བརྩམས་ཏེ་གཡོན་བསྐོར་ལ་ཡ་མ་དམ་སྲི་གམ་པ་རི་མ་ར་ཡ་ཛཿ ཡུལ་ཕྱོགས་འདིར་ཆར་འབེབས་པ་ལ་བར་དུ་གཅོད་པའི་དམ་སྲི་ཆར་འགོང་སྡོངས་ཟླ་རྒྱབ་རྟེན་དང་བཅས་པའི་ལུས་ངག་ཡིད་གསུམ་ཁ་རྗེ་དབང་ཐང་མཐུ་སྟོབས་རྫུ་འཕྲུལ་དང་བཅས་པ་སྟཾ་བྷ་ཡ་ནན་ཞེས་བྲིས་ཕྱི་མ་ཛཿཁྲམ་བསྐོར། ཚིག་བཞིར་ཛཿཧཱུྃ་བཾ་ཧོཿ ཉྭ་བཞིར་མཱ་ར་ཡ་རྦད་བྲིས། །དེ་ནས་ལིངྒ་བྲུབ་ཁུང་བཅུག །རང་ཉིད་བདག་བསྐྱེད་ཏིང་འཛིན་གྱིས། །གསེར་སྐྱེམས་གཟུ་དཔང་གསོལ་བའི་རྗེས། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་ཆར་འབེབས་པ་ལ་བགེགས་བྱེད་པའི་དམ་སྲིད་ཆར་འགོང་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར༔

p. 592

ན་མོ་རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ༔ ཁྱད་པར་རྟ་མཆོག་རོལ་བའི་ལྷ་ཚོགས་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྔགས་དང་ཏིང་འཛིན་བསླུ་མེད་རྟེན་འབྱུང་གིས༔ བདེན་པའི་མཐུ་ཡིས་ཡུལ་འདིའི་སྐྱེ་འགྲོ་ཡི༔ བདེ་སྐྱིད་འཕྲོག་པའི་གདོན་བགེགས་ཐམས་ཅད་དང་༔ ཁྱད་པར་ཆར་པ་འབབ་ལ་བར་གཅོད་པའི༔ ཆར་འགོང་འབྱུང་བོ་སྡོངས་ཟླ་རྒྱབ་རྟེན་བཅས༔ གང་ལ་གནས་ཀྱང་ལིངྒ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛ༔ སྐེད་ནས་འཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ མྱོས་པར་གྱིས་ཤིག་བཛྲ་གྷན་ཌེ་ཧོ༔ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ༔ དབྱེར་མེད་སྟིམ་ཅིག་ཨ་བེ་ཤ་ཡ་ཨ༔ ཞེས་པ་དགུའམ་ཉེར་གཅིག་གིས། བཀུག་ལ་སྙིང་གའི་ཏྲི་ཡིག་བཅག །ལིང་ལྟེབ་སྔོ་དམར་སྐུད་པས་བཅིངས། །སྟེང་དུཐུན་རྫས་དུམ་གཅིག་བཞག །གྲུ་གསུམ་བྲུས་དོང་ནང་དུ་བཅུག །དེ་སྟེང་རོ་ཡམ་སྟེང་འོག་ལ། །རི་རབ་རྒྱ་གྲམ་བྲིས་པས་བཀབ། །ས་ཁེམ་ཆུ་ཕོར་བྲོ་སོགས་ཀྱི། །ཆུན་པོ་མེ་སྦར་བཅུ་གསུམ་རེ། །རིམ་པར་གཡོགས་སྟེང་སས་བཀབ་ཅིང་། །རྟ་བྲོ་ལས་བྱང་བཞིན་བརྡུངས་ལ། །ཆར་འབེབས་པ་ལ་བར་དུ་གཅོད་པའི་བགེགས་དང་འབྱུང་པོ་ཐམས་ཅད་

p. 593

མཱ་ར་ཡ་ནན། སྟ་བྷ་ཡ་ནན། ན་ཤ་ཡ་ནན། བྷན་དྷ་ཡ་ནན། ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སྟཾ་བྷ་ཡ་ནན། ཞེས་བརྗོད་དམིགས་མེད་རྒྱ་ཡིས་བཏབ། །ཅེས། རླུང་གནོན་བྱ་ཚུལ་འདི་ལྟ་སྟེ། །གྲོ་ཤོག་ངོས་ལ་རླུང་ལྷའི་གཟུགས། །ངག་འདོན་ལྟར་བྲིས་སྙིང་ཁ་རུ། །སྲོག་གི་ངོ་བོ་ཡཾ་ཡིག་མཐར། །རླུང་ལྷ་རླུང་དང་བཅས་པ་ནན་ནན་སྟཾ་བྷ་རཀྵ་ཧཱུྃ། ཞེས་བྲིས་གཟུགས་མཐར་ཡཾ་ཡིག་ནི། །བརྒྱད་ཀྱིས་བསྐོར་བའི་མཐར་འདི་བྲི། ཨོཾ་བྷ་ཡ་བྷྱེ་ཨོཾ་སྟྭཾ་བྷ་ཡ་སྟྭཾ་བྷ་ནན། རླུང་ལྷ་སྟྭཾ་བྷ་ནན་བྷ་ཡ་བྷེ་བྷན་དྷ་བྷན་དྷ་བྷན་དྷ་ཡ་བྷན་དྷ་ཡ་སྟྭཾ་བྷ་རཾ་བྷ། སྟྭཾ་བྷ་ཡ་སྟཾ་བྷ་ཡ་ཡཾ་ཡཾ་ནན་ལཾ་ནན་ཧཱུྃ་བྷ་ཡུ་སྟཾ་བྷ་ཛ་ཛ༔ ནན་ནན། ཕཊ་ཕཊ། ཅེས་པའི་ཚར་གསུམ་ཡིག་མགོ་ནི། ཕྱིར་བསྟན་གཡས་བསྐོར་བྲིས་པ་ལ། །བསྐྱེད་བསྟིམ་དམིགས་པ་འདི་ལྟར་བྱ། །གཟུགས་བརྙན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་བའི་ངང་ལས་ཡཾ་དུད་ཁ་ཡོངས་སུ་གྱུར་པ་ལས་རླུང་ལྷ་དུད་པའི་མདོག་ཅན་ཤྭ་བ་ཡུ་མོའི་སྟེང་ན་འཁོད་པ་ལག་པ་གཉིས་ཀྱིས་རླུང་རས་དྲིལ་ཏེ་པང་དུ་འཕྲེད་ལ་འཛིན་པཿ རླུང་ལྷ་ཤྭ་བ་དང་བཅས་གཉིད་ལོག་པའི་རྣམ་པ་ཅན་དུ་གྱུར༔ རང་གི་ཐུགས་ཀའི་ས་བོན་ལས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས་ཏེ་

p. 594

ནུབ་བྱང་ནས་རླུང་ལྷ་འཁོར་བཅས་དང་གཞན་ཡང་ཆར་སྤྲིན་འཐོར་བར་བྱེད་པའི་རླུང་གི་བདག་པོ་ཐམས་ཅད་བཀུག་སྟེ་གཟུགས་བརྙན་ལ་ཐིམ་པར་གྱུར༔ ན་མོ་རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ༔ ཁྱད་པར་རྟ་མཆོག་རོལ་བའི་ལྷ་ཚོགས་དང་༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྔགས་དང་ཏིང་འཛིན་བསླུ་མེད་རྟེན་འབྱུང་གི༔ བདེན་པའི་མཐུ་ཡིས་རླུང་ལྷ་འཁོར་བཅས་དང་༔ ཆར་སྤྲིན་འཐོར་བར་བྱེད་པའི་རླུང་གཏོང་བའི༔ འབྱུང་བོ་ཐམས་ཅད་ཨཀྵར་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཟུགས་དང་དབྱེར་མེད་གྱུར༔ ཞེས་ལན་མང་རྩ་སྔགས་མཐར། བྷ་ཡུ་ཨཀྵར་ཡ་ཛ༔ ཞེས་སྔགས་བརྒྱ་རྩས་བཀུག་ནས་ནི། ལྟེ་བར་སྲོག་ཡིག་མ་བཅག་པར། །ལྟེ་བ་ལ་ཚོན་སྐུད་སྣ་ལྔས་བཅིངས། །ཤྭ་བའི་སྙིང་ཤུན་རྙེད་ན་རབ། །མ་རྙེད་ཤྭ་སྤུས་དྲིལ་བྱས་ཏེ། །རྫ་གསར་གའུ་ཁ་སྦྱོར་དུ། །བཅུག་ལ་ཚོན་སྐུད་སྣ་ལྔས་བཅིང་། །ནུབ་བྱང་མཚམས་སུ་གྲུ་གསུམ་དོང་བཅུག་ལ། །གཡའ་མ་རྒྱ་གྲམ་བྲིས་ནས་དོང་ཁ་གཅོད། །སཙྪཱ་སེར་པོ་རབ་གནས་ལྡན་པ་བཞག །རླུང་ལྷ་རླུང་དང་བཅས་པ་རྣམས། །རི་རབ་ཆེན་པོའི་རྨའ་ཞབས་སུ། །དབང་མེད་འཐིབས་ཀྱིས་མནན་བསམ་ལ། །ཨོཾ་ཆུར་ཡ་བྷ་ཡུ་སྟཾ་བྷ་ཡ་ནན། ཞེས་པ་བརྒྱ་སྟོང་བཟླས་པའི་རྗེས། །དམིགས་པ་མེད་པས་རྒྱས་བཏབ་

p. 595

བོ། །དོན་འབྲས་འགྲུབ་ནས་རླུང་ལྷའི་གཟུགས། །དོང་ནས་བླང་ལ་འོ་མས་བཀྲུ། །སྤྱན་མའི་སྔགས་མང་བཟླས་པས་གསོ། །ཞེས་པ་དང་དེ་ལྟ་བུའི་ཆར་འབེབས་ཀྱི་གདམས་པ་ཟབ་མོ་འདིའི་སྒོ་ནས་ཆར་ཤིན་ཏུ་དཀའ་བའི་ལོ་མང་བོར་ཆར་འབེབས་བྱས་པའི་ཉིན་གསུམ་བཞི་ལས་མི་འགྱངས་པར་བབས་པ་ལན་གྲངས་མང་བོར་མྱོང་བས་གྲུབ་པ་ཡིན་པས་གདམས་ཟབ་འཁོར་ལོ་འདི་གཉིས་དམ་མེད་པ་སྲེད་ཅན་རྣམས་ལ་མ་སྟོན་ཅིག །ས་མ་ཡ རྒྱ་རྒྱ་རྒྱ། སྡེ་བརྒྱད་མཆོད་པའི་མཇུག་ཏུ། རླུང་ལྷ་བཻཌཱུར་རཾ་པ་དང་། །ཕྲེང་ལྡན་འཇིག་བྱེད་འཇིག་རྟེན་སྤྲིན། །ཚངས་ཆེན་ཀུན་མགྱོགས་རྣམས་འཐོར་བྱེད། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །མཆོད་པ་དམ༴ །གསེར་སྐྱེམས༴ །ཆར་སྤྲིན་བཟང་བོ་འཐོར་བྱེད་པའི། །མི་མཐུན་རླུང་རྣམས་ཞི་བ་དང་། །མཐུན་པའི་རླུང་གིས་ཕྱོགས་ཀུན་ནས། །ཆར་སྤྲིན་བཟང་བོ་མྱུར་བསྡུས་ཏེ། །ཡུལ་ཕྱོགས་འདི་ཡི་ལོ་ཏོག་ལ། །ཕན་པའི་ཆར་རྒྱུན་མྱུར་བབས་ཏེ། །རྩི་སྨན་ལོ་འབྲས་ལེགས་སྨིན་པས། །འགྲོ་ཀུན་བདེ་སྐྱིད་ལྡན་པར་མཛོད། །ལན་བདུན་མར་མཆོད། ཨ་ཡང་མེ་འདུ་ལིང་ལིང་ཐིབ་ཐིབ་ཛ་ཛ་ནཱ་ག་ཕོབ་ཕོབ་ཟུ་ར་ཕོབ་ཀ་ར་ཕོབ་སྤྲིན་བསྡུས་ཆར་ཕོབ་ཅིག་སྭཱ་ཧཱ། ནཱ་ག་རཱ་ཛ་ས་མ་ཡ་ཧཱུྃ་པ་ཤཾ་ཀུ་རུ་སྭཱ་

p. 596

ཧཱ། སརྦ་མངྒ་ལཾ། ཆུ་མིག་གནས་པ་ཅན་གྱི་སར། རང་གི་མདུན་འཁོར་ལོ་གཡོན་དུ་བསྐོར་བའི་མདུན་ས་སྟེགས་ཁེབས་སྔོན་ཅན་གྱི་སྟེང་དུ། དབུས་སུ་གཟའ་ཡབ་ཡུམ་གསུམ་ལ་གཏོར་མ་གཡས་གཅུས་གཉིས་དང་གཡོན་གཅུས་མཐའ་བསྐོར་གཟའ་བརྒྱད་ལ་གཡས་གཅུས་བརྒྱད་གདོང་མོ་བཞི་ལ་གཡོན་གཅུས་བཞི་དང་མཐའ་ཐེབ་ཀྱུ་སྨན་རཀ་སོགས་ཀྱིས་བསྐོར། དེའི་གཡས་ཕྱོགས་སྡེ་བརྒྱད་མཆོད་པ་རིལ་བུས་གཏམས་པ་དང་། གཡོན་ཕྱོགས་ཀླུཆེན་དགུ་ལ་ཁམ་ཕོར་དགུ་ཀླུ་སྨན་ར་སྔོན་གྱི་འོ་མས་སྦགས་པ། མདུན་ཉེར་སྤྱོད་དང་མཆོད་གཏོར་གང་དགོས་རྣམས་ཚོགས་གཏོར་ཆད་ཐོ་བསྟན་མ་སོགས་དང་བདག་བསྐྱེད་ཀྱི་གཏོར་མ་སོགས་གྲུབ་ན་རབ། གྲོགས་གཞན་རྣམས་ཡོད་ན་ཀླུ་བསངས་ཀླུ་གཏོར་ཀླུའི་སྤང་སྐོང་མདོ། སྤྲིན་ཆེན་པོའི་མདོ་དང་ཆོས་སྐྱོང་དང་ཡུལ་ལྷ་རྣམས་ཀྱི་བསངས་གཏོར་བསྔོས་རྣམས་རྒྱུན་དུ་རྒྱས་པར་བྱེད། རང་གཅིག་པུ་ཡིན་ན་ཐམས་ཅད་ལ་མ་ཆད་པ་ཙམ་རྒྱུན་དུ་དགོས། འདི་ནི་ཞལ་རྒྱུན་གྱི་ལག་ལེན་ཡིན་ནོ། །ཆར་ཆུ་དུས་སུ་འབབས་པར་ཤོག །

གཏེར་གསར་རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་ཡིག་ཉམས་ཆུང་ཡིད་ཀྱི་མུན་སེལ། བྱ་བྲལ་སྐལ་ལྡན་རིག་གྲོལ།

p. 597

༄༅། །གཏེར་གསར་རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་ཡིག་ཉམས་ཆུང་ཡིད་གྱི་མུན་སེལ་ཞེས་བྱ་བ་བཞུགས་སོ།།

p. 598

ན་མོ་གུ་རུ་དེ་ཝ་ཌཱཀྐི་ཡེ། དམིགས་མེད་ཁྱབ་བརྡལ་ཆོས་སྐུའི་ངང་ཉིད་ལས། །འགགས་མེད་གཟུགས་སྐུར་འཆར་བའི་རྩ་གསུམ་ལྟར། །བཏུད་དེ་ལྷ་བསྙེན་བཟླས་བྱའི་དམིགས་རིམ་གནང་། །ཆོས་གྲོགས་ཆེད་དུ་འདི་ལ་སྣང་བ་རྩོལ། །དེ་ལ་འདིར་གཏེར་གཏོན་ཆེན་པོ་བདེ་ཆེན་རྒྱལ་པོས་སྤྱན་དྲངས་པའི་ཡི་དམ་ཁྱད་འཕགས་རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་པ་བྱེད་པ་ལ། སྤྱིར་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་སྤྱི་དང་། ཁྱད་པར་སྔོན་འགྲོ་བཞི་སྦྱོར་གྱི་དམིགས་གནང་།

p. 599

བགེགས་གཏོར་ནས་མཚམས་གཅོད་སྲུང་འཁོར་བསྒོམ་པ། བྱིན་འབེབས་མཆོད་པ་བྱིན་རླབས། དེ་དག་གི་ཚེ་དམིགས་པ་ཇི་ལྟར་བྱ་ཚུལ་དང་། དངོས་གཞི་གསར་མའི་སྔགས་ལམ་དུ་མ་བསྒྲགས་པའི་སྔ་འགྱུར་བའི་ཁྱད་ཆོས་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་གཞི་བཟུང་ཚུལ་སོགས་ཀྱི་མཚོན། རྒྱུ་ཡིག་ལས་དབྱིངས་ལྔའི་དཀྱིལ་འཁོར་སོགས་གསལ་བཏབ་ཅིང་། རྟེན་པའི་དཀྱིལ་འཁོར་བསྒོམས་ནས་བསྟོད་པའི་བར་ཇི་ལྟར་བྱ་ཚུལ་གྱི་དམིགས་གནད་རྣམ་ངེས་པར་བྱས་ནས། འདིར་

p. 600

གལ་ཆེ་བ་བཟླས་པའི་ཚེ་ཅུང་ཟད་སྤྲོས་ཏེ་བཤད་པ་ལ། དེ་ཡང་བསྐྱེད་རིམ་གསལ་བཏབ་ཅིང་། རང་ཉིད་ལྷ་རུ་སྣང་ཡང་། རང་བཞིན་སྟོང་པ་ཞེན་མེད་སྒྱུ་མ་ཙམ་དུ་ཆུ་སྣོད་དང་མེ་ལོང་གི་གཟུགས་བརྙན་བཞིན་བསྐྱེད་དེ། སེམས་ཉིད་སྟོང་པ་ལྷ་སྐུར་ཤར་ཞིང་། ལྷ་སྐུའི་ངོ་བོ་སེམས་ཉིད་སྟོང་པ་ལས་མ་གཡོས་པ་ཞིག་གསལ་ཡང་ཡང་འདེབས་པ་ནི། ལུས་ལྷར་ཉེ་བའི་བསྙེན་པའི་གཙོ་བོ་ཡིན་པ་བླ་མ་མང་པོའི་ཞལ་ལས་ཐོས། གསར་མའི་རྒྱུད་སྡེ་ལས་ཀྱང་། །ཐུན་མོང་མཆོག་གི་དབྱེ་བ་ཡི། །བསྙེན་པ་རྣམ་པ་གཉིས་སུ་གསུངས། །ཞེས་གསུངས་སོ། དེ་ནས་ཐུན་སྒོར་ཀུན་མཁྱེན་ལྔ་པས་ཡང་གསང་རྒྱ་ཅན་དུ་རྩ་ལ་བའི་ངག་བྱིན་རླབས་འདི་ཡང་འབྲེལ་ཆགས་པའི་འདི་ལྟར། བདག་གི་ལྕེ་སྟེང་རམ་ཡིག་དམར་པོ་ལས། འབར་བའི་མེས་བསྲེགས་འོད་ཀྱི་རྣམ་པའི་ངང་། །མི་ཤིགས་མི་ཚུགས་རྡོ་རྗེ་ཕ་ལམ་གྱི། །རྒྱ་གྲམ་དམར་པོ་དྭངས་གསལ་ལྟེ་བའི་སྦུབས། །དབྱངས་གསལ་དཀར་པོ་མུ་ཏིག་འཕྲེང་ལྟར་བསྐོར། །རྒྱ་གྲམ་མཐའ་མར་ཡེ་རྡར་འཕྲེང་བས་བསྐོར། །སྔགས་འཕྲེང་རྣམས་ལས་འོད་ཟེར་

p. 601

ཕྱོགས་བཅུར་འཕྲོས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ། །འོད་དམར་ཚུར་བཀུག་རྡོ་རྗེ་སྔགས་འཕྲེང་ལ། །ཐིམ་པས་དབྱེར་མེད་གཅིག་གྱུར་ངག་སྒྲིབ་སོགས། །དག་ཅིང་གསུང་གི་དངོས་གྲུབ་ཐོབ་པར་བསམ། །ཅེས་དམིགས་པ་དང་བཅས་དབྱངས་གསལ་བདུན་དང་། རྟེན་སྙིང་བརྒྱ་འམ་ཉེར་གཅིག་སོགས་བཟླས་ཏེ་བྱིན་རླབས་པས། ཕ་རོལ་བན་སྔགས་བོན་འདྲེ་སོགས་ཀྱི་སྔགས་ངག་མནན་སོགས་སྒྲོལ་ཞིང་། ཤ་ཆང་སྒོག་བཙོང་ལ་ཕུག་སོགས་ཀྱི་སྔགས་ནུས་མི་འཕྲོག་ཅིང་སྔགས་ཀྱི་ནུས་པ་མྱུར་དུ་བསྐྱེད་པ་སོགས་ཕན་ཡོན་མཐའ་ཡས་སོ། ཉི་མ་རེ་རེ་བཞིན་གྱི་ཐོག་མར་མ་བཏོགས་ཐུན་ཐམས་ཅད་ལ་འདི་མི་དགོས། དེ་ནས་རིགས་ཐུན་གཞན་ནས་བྱུང་བའི་བགྲང་འཕྲེང་བྱིན་རླབས་སོགས་བྱས་ན་བཟླས་པ་བྱེ་བ་ཕྲག་བརྒྱའི་འགྱུར་ཡོད་པར་གསུངས་པས་མན་ངག་བཞིན་གཞན་ནས་བླངས་ཀྱང་ཐུས། དེ་ལྟར་བྱིན་གྱི་བརླབས་པའི་འཕྲེང་བ་མིའི་ལག་མི་རྒྱུད་ས་རྗེན་ལ་མི་བཞག་འགོམས་ཡུག་མི་བྱ། འཕྲེང་ཐག་སྲ་ཞིང་མ་འཁྲུགས་པ་

p. 602

དང་། སྤྱོད་ལམ་གྱི་ཚེ་རྡོར་མདུད་རྒྱབ་སྟེ་ལྷར་གསལ་ནས་མལ་སྲུང་བྱེད་པ་ཡང་གསུངས་སོ། འཕྲེང་བ་འདྲེན་པའི་ཚེ་ལྷ་དབབ་པའི་དམིགས་པ་དང་བཅས། རང་གི་སྙིང་ཁའི་ཐད་ཙམ་དུ། རྒྱུད་ལས། ཐེ་བོང་དང་ནི་སྲིན་ལགས་གིས། །ལས་རྣམས་ཀུན་ལ་ནོར་བུ་བགྲངས། །ཞེས་གསུངས་པ་ལྟར་བྱའོ། བཟླས་དམིགས་དངོས་གཞི་ནི། རང་གི་ཐུགས་ཀར་ཐབས་ཤེས་མཚོན་བྱེད་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧྲཱིཿཡིག་སྔོ་དམར་གྱེན་སྒྲེང་རིང་ཆ་ཚགས་དྲག་འོད་ཟེར་འབར་བ་དང་བཅས་པའི་མཐའ་སྐོར་དུ་སྔགས་འཕྲེང་མདུན་ནས་བརྩམ་སྟེ་གཡས་བསྐོར་དུ་འཁོར་ཞིང་གནས་པ་ལས་འོད་ཟེར་འཕྲོས་པའི་སྣེ་ལ་མཆོད་པའི་ལྷ་མོ་ཕྱག་ན་མཆོད་རྫས་དཔག་མེད་ཐོགས་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་སྐྱབས་ཡུལ་གྱུར་པ་དེ་ཅོག་ཐམས་ཅད་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱས་པས། གདུལ་བྱའི་ཚོགས་རྫོགས། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་

p. 603

བྱིན་རླབས་ཐམས་ཅད། ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད་དང་འོད་ཟེར་སྣ་ལྔའི་རྣམ་པར་བདག་གིས་གནས་ལྔར་ཐིམ་པས། ལུས་ངག་ཡིད་གསུམ་བྱ་བ་སྤྱོད་ལམ་དང་བཅས་པའི་སྡིག་སྒྲིབ་ནད་གདོན་དང་བཅས་པ་དག་དབང་བཞི་གཅིག་བཅར་དུ་ཐོབ་ནས། ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་མེད་པའི་འཕོ་མེད་འཇའ་ལུས་རྡོ་རྗེའི་ལུས་སུ་གྲོལ་བར་བསམ་པ་དང་། ཡང་ཐུགས་སྲོག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་སྟེ། མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་ཕོག་པས། བ་མོ་ཉི་འོད་ཀྱི་བཅོམ་པ་ལྟར། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྐད་ཅིག་ཉིད་ལ་སྦྱངས་སྟེ། ལུས་སྣང་སྟོང་ལྷ་སྐུ། སེམས་སྐྱེ་མེད་ཆོས་སྐུར་སངས་རྒྱས་ཏེ་རྟ་མཆོག་རོལ་པའི་གོ་འཕང་ལ་བཀོད། ཡང་འོད་ཟེར་འཕྲོས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁར་བྱོན། དེ་དག་གི་ཀྱང་འཛབ་སྔགས་སྒྲོགས་པའི་གྲོགས་མཛད་ནས་བྱིན་རླབས་ནུས་མཐུ་ཐམས་ཅད་བདག་གི་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ་ཞིང་། སྔགས་ཀྱི་ནུས་པས་མཐའ་ཡས་

p. 604

པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་ནུས་པར་བསམ་ཞིང་། སྣང་བ་ཐམས་ཅད་འཇའ་འོད་ཐིག་ལེ་ལྷ་དང་གཞལ་ཡས་ཁང་། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་མཐའ་བྲལ་ནམ་མཁའ་ལྟ་བུ་སྟེ། ལྷ་སྔགས་ཡེ་ཤེས་རོལ་པའི་འཁྱེར་སོ་དང་ལྡན་པའི་སྒོ་ནས་བཟླས་པའི་སྐྱོན་དང་བྲལ་བར་བྱས་ཏེ་བཟླའོ། །བཟླས་པའི་སྐྱོན་ནི་དཔུང་བཟང་གི་རྒྱུད་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་བྱ་ཧ་ཅང་ཆུང་བ་འང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། །འགུག་སྐྱེད་གླད་སྐོར་ཚག་རྣམས་ཉམས་པ་མིན། །ཞེས་གསུངས་སོ། །གཞན་ཡང་གནད་མང་དུ་ཡོད་པའི་ངེས་པ་གལ་ཆེ། ཐུན་འཇུག་ཏུ་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི་སྐུ་ཡི་བྱིན་རླབས་ཐམས་ཅད་ཡི་དམ་ཡབ་ཡུམ་གྱི་རྣམ་པ་ཆེ་ཆུང་གྲངས་ལས་འདས་པ། གསུང་གི་བྱིན་རླབས་སྙིང་པོ་གཟུང་སྔགས་ཀྱི་རྣམ་པ། ཐུགས་ཀྱི་བྱིན་རླབས་ཕྱག་མཚན་རྡོ་རྗེ་ཐོ་བ། ཐོད་ཁྲག་ཕུར་བུ་ལ་སོགས་པའི་རྣམ་པ་ཉི་ཟེར་གྱིས་རྡུལ་ལྟར་བྱོན་ནས་རང་ལ་ཐིམ་པའི་མོས་

p. 605

པ་བྱེད། དེ་ནས་ཐུན་བསྡུ་ཞིང་ལྷག་ཆད་སྐངས་བ། མཆོད་བསྟོད་བྱ་ཚུལ་སོགས་ཀྱང་ཤེས་པར་བྱ། དེ་རྣམས་དམིགས་པའི་གཙོ་བོ་ཡིན་ཅིང་། དགོས་པའི་དབང་གི་ཁ་ཚར་སོགས་བྱེད་ན། སྔགས་འཕྲེང་ལས་འོད་ཟེར་སྤྲོས་ཏེ་སྣོད་བཅུད་ཐམས་ཅད་ལ་ཕོག་པས་དག་པ་རམ་འབྱམས་ཀྱི་འཁོར་ལོ་གྱུར་པས་ནད་གདོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཞི་བར་བསམ་པ་ནི་ཞི་བའི་དམིགས་པ། སྔར་བཞིན་འོད་ཟེར་སྤྲོས་པས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པའི་ཚེ་བསོད་ལུང་རྟོགས་ཀྱི་ཡོན་ཏན་ལེགས་ཚོགས་ཐམས་ཅད་རྒྱས་པར་མོས་པ་ནི་རྒྱས་པ། ཡང་འོད་ཟེར་སྤྲོས་པས་སྣང་སྲིད་ཀྱི་ཡོན་ཏན་ཐམས་ཅད་རང་གི་དབང་དུ་འདུས་པར་བསམ་པ་ནི་དབང་། འོད་ཟེར་མེ་ལྕེའི་འཕྲེང་བ་ལྟ་བུ་འཕྲོས་རང་ལ་གནོད་བྱེད་དམིགས་གསལ་ཡོད་ན་དེ་དང་། གནོད་བྱེད་གཟུགས་ཅན་གཟུགས་མེད་མཐའ་དག་གཞོབ་ཐུལ་གྱི་བསྲེགས་ལྷག་མ་རྣམས་རྒྱ་མཚོའི་ཕ་རོལ་མཐར་བསྐྲད་པར་བསམ་པ་དྲག་པོའི་དམིགས་པ། གཞན་ཡང་དོ་ལའི་འཁྱོགས་ཀྱི་བཟླས་པའམ། རྡོ་རྗེ་ལུ་གུ་

p. 606

རྒྱུད་ཀྱི་བཟླས་པ་དང་། རྨི་ལམ་མཚན་ལྟས་ངན་པ་སོགས་བྱུང་ན་བཟློག་ཐབས་ཐོག་རྗིས་བྱ་ཚུལ་སོགས་ཀྱང་ཤེས་པར་བྱའོ། །ལྷ་འདྲེའི་ཆོ་འཕྲུལ་སོགས་བར་གཅོད་རྩམ་པ་བྱུང་ན། རང་གི་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དཔའ་བོ་འབྲུ་ལྔ་གསལ་བཏབ་སྟེ། ཧཱ་ལས་ཡར་རིམ་བཞིན། བྱ་གྲུབ་མཉམ་ཉིད་ཆོས་དབྱིངས་སོར་རྟོག་མེ་ལོང་ཡེ་ཤེས་ཀྱི་ངོ་བོའི་མེ་ཁ་དོག་ལྔ་ལྡན་བྱུང་སྟེ་རང་གི་སྐང་མཐིལ་ནས་སྤྱི་གཙུག་གི་བར་རིམ་བཞིན་བསྲེགས་པ་དང་མཉམ་དུ་འགྲོ་བ་ལྔ། དུག་ལྔ། ཕུང་པོ་ལྔ། ཁམས་ལྔ་སོགས་ཀྱི་གནས་རིགས་བག་ཆགས་ཐམས་ཅད་བཅོམ་སྟེ་ཕྱིར་འཕྲོས་སྣོད་བཅུད་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས་པས་ཡེ་ཤེས་ལྔའི་རང་འོད་ཀྱི་མེའི་ཕུང་པོ་གཅིག་དུ་གྱུར་བར་མོས་ཤིང་། མཐར་མེ་ཐམས་ཅད་རང་ཞི་སྟེ་དམིགས་མེད་འོད་གསལ་གྱི་ངང་དུ་གློད་ནས་བཞག་པས་བར་གཅོད་གྱི་གཡུལ་ལས་རྒྱལ་བར་འགྱུར་རོ། །འདི་རྣམས་ཟླས་དམིགས་རག་རིམ་ཙམ་ཞིག་བཀོད་པ་ཡིན་ཅིང་། ཞིབ་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཞན་ཡང་གཙོ་ཆེ་བ་བསྙེན་པའི་སྐབས་སུ་ཡོན་ཏན་སྐྱེད་བྱེད།

p. 607

དམ་ཚིག་གསུམ་དང་། སྲུང་བྱ་གསུམ་དང་། མ་ཉམས་པར་དགོས་ཚུལ་དང་། སྲོད་ཐུན་འཇུག་དབྱངས་གསལ་ཞབས་བཏགས་ལ་འདོན་ཚུལ་དང་། རྗེས་ཆོག་ཚོགས་བྱིན་རླབས་ནས། དང་པོ་འདོད་ཡོན་གྱི་མཆོད་པ་བླ་མ་ལྷ་སོགས་ལ་འབུལ་ཚུལ། བར་པས་དམ་ཚིག་གྱི་ཉམ་ཆགས་གསོ་ཚུལ། ཐ་མ་ཉ་བོ་སྐྱེང་ཅིང་རྫོང་ཕྲང་སྲོག་གསུམ་གྱི་རྩིས་ཟིན་ཅིང་། གསལ་བ་གསུམ་དང་། ཚེ་ཁྲུས་གནས་ལུང་གི་དགོངས་པ་སོགས་ལྡན་ན། འཚེང་གསུམ་གྱི་དོན་དུ་འགྱུར་ཚུལ་སོགས་དང་། གཞན་ཡང་ལྷག་ལ། བསྐུལ་ཆད་བསྟན་བསྡུ་ཆོག་སོགས་དང་། མཚམས་གྲོལ་བའི་ཚེ་དངོས་གྲུབ་ཇི་ལྟར་ལེན་ཚུལ་སོགས་ཟབ་གནད་རྣམས་ཀྱང་ཤེས་པ་གལ་ཆེའོ། འདོར་ན་བསྙེན་པ་ལ་འབད་པས་ལུས་མདངས་རྒྱས་ཤིང་། ངེས་འབྱུང་བྱང་སེམས། ཡང་དག་པའི་ལྟ་བ་རྣམས་ལ་བློ་ཇེ་རྒྱས་སུ་འགྲོ་ན། བསྙེན་པ་གནད་དུ་སོང་བ་ཡིན་ཅིང་། གཞན་ཡང་ཡང་གསང་བདུད་རྩིའི་རྒྱ་མཚོ་ལས། ཟླ་བ་གཅིག་གི་ཡི་དམ་མཐོང་། །འཕྲིན་ལས་རྣམ་བཞི་ངེས་པར་འགྲུབ། །རྟགས་དང་མཚན་མ་བཟང་པོ་

p. 608

ཡང་། །ཉིན་རེ་མཚན་རེ་རིམ་པ་བཞིན། །དངོས་དང་རྨི་ལམ་ཉིད་དུ་གསལ། །ལོག་འདྲེན་བདུད་དང་བར་ཆད་འཇིགས། །ཀེག་དང་སྲིད་ངན་འཇིགས་བརྒྱད་སྒྲོལ། །ཅེས་དང་། སྐུ་ཡི་དངོས་གྲུབ་ཞལ་མཐོང་བ། །གསུང་གི་དངོས་གྲུབ་གསུང་ཐོས་པ། །ཐུགས་ཀྱི་དངོས་གྲུབ་གནས་ལུགས་ཀྱི། །དོན་མཆོག་ཕྱིན་ཅི་མ་ལོག་མཐོང་། ཐུན་མོངས་དངོས་གྲུབ་བརྒྱད་ལ་སོགས། །ལུས་ཉམས་ཉོན་མོངས་ཀུན་ལས་གྲོལ། །ཅེས་གསུངས་པས་མྱུར་ལམ་ལྷག་པའི་ལྷ་མཆོག །འདི་ལྟ་བུའི་སྒྲུབ་པ་ལ་སྤྱོད་ཅིང་སྤྲོ་བ་སྐྱེད་པར་རིགས་སོ། སྤྱིར་གསང་སྔགས་འགྲུབ་མི་འགྲུབ་དམ་ཚིག་དང་སྡོམ་པ་ལ་རག་ལས་པས། ལྷ་སྒྲུབ་མི་དགོས་དམ་ཚིག་སྲུང་། །དམ་ཚིག་སྲུང་ན་ལྷ་འགྲུབ་འགྱུར། །དམ་ཉམས་མཆོད་པ་ལྷས་མི་བཞེས། །ཞེས་དང་། །འཇམ་དཔལ་རྩ་རྒྱུད་ལས། །ཚུལ་ཁྲིམས་ཆལ་ལ་ཐུབ་དབང་གི །སྔགས་འགྲུབ་པ་ནི་མ་གསུངས་སོ། །མྱ་ངན་འདས་གྲོང་འགྲོ་བ་ལ། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །གསུངས་པས། རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་དང་། ཆོས་འདི་སྟོན་པའི་བླ་

p. 609

མ་དང་ཡི་དམ་སོགས་ལ་ཡིད་མི་ཆེད་པའི་ལོག་ལྟ་དང་ཐེ་ཚོམ་སྤངས་ཏེ་ཚུལ་བཞིན་དུ་གུས་པར་བགྱིས་ཅིང་། བསྙེན་སྒྲུབ་ལ་འབད་ན་རིང་པོར་མི་ཐོགས་པར། དངོས་གྲུབ་མྱུར་བ་དམ་པ་མང་པོས་གསུངས་སོ། །འདིར་སྨྲས་པ། རྣམ་པར་བཀྲ་བའི་བླངས་དོར་གནས་རིག་ནས། དགེ་ལ་ཤེས་པའི་གྲོགས་པོས་བསྐུལ་བའི་ཆེས། སྔ་འགྱུར་བསྟན་པ་འཛིན་ལ་རབ་དགའ་ཞིང་། ཕྱོགས་ཀུན་རྒྱས་ཕྱིར་བྱ་བྲལ་འཁྱམས་པོས་བྲིས། ཅེས་འདི་ཡང་རྗེ་བཙུན་གྲུབ་པའི་དབང་ཕྱུག་སྐལ་ལྡན་རང་གྲོལ་གྱི་ཞལ་གི་བདུད་རྩིའི་འཚོ་བའི་བྱ་བྲལ་སྐལ་ལྡན་རིག་གྲོལ་ལམ། མིང་གཞན་བསྟན་རབ་གྱིས་གྲོགས་མཆེད་བཀྲ་ཤིས་སོགས་ཀྱི་ངོ་མ་ལྡོག་བར་འགྲོ་མགོན་བླ་མའི་གདན་ས་ཀུན་བཟང་དགེ་བའི་ནགས་ཁྲོད་དུ་རང་གི་མཚམས་མལ་ནས་བྲིས་པའོ། །བཀྲིས།། །།

རྟ་ཕག་ཡིད་བཞིན་ནོར་བུའི་སྐྱེད་རྫོགས།

p. 610
p. 611

༄༅། །རྟ་ཕག་ཡིད་བཞིན་ནོར་བུའི་སྐྱེད་རྫོགས་བཞུགས་སོ། ཧྲཱིཿཡིག་སྔོ་དམར་ལས་འོད་ཟེར་ཕྱོགས་བཅུར། ཞེས་པའི་སྐབས་འདོད་ཁམས་ཀྱིས། སྣོད་བཅུད་ཐམས་ཅད་འོད་ཟེར་སྔོན་པོར་གྱུར་ནས། ཕྱི་སྣོད་འཇིག་རྟེན་རྣམས། ནང་བཅུད་སེམས་ཅན་ལ་ཐིམ། དེའང་རང་གི་ལྟེ་བར་ཐིམ། གཟུགས་ཁམས་གྱི་སྣོད་བཅུད་འོད་ཟེར་དམར་པོར་གྱུར་ནས་རང་གི་སྙིང་ཁར་ཐིམ། གཟུགས་མེད་ཁམས་འོད་ཟེར་དཀར་པོར་གྱུར་ནས་རང་གི་དཔྲལ་བར་ཐིམ་༡། ཡབ་ཡུམ་ལ་ཐིམ་༢། རང་ལུས་ཀྱང་མེ་ལོང་ལ་ཧས་བཏབ་པའི་ཀྱང་མདངས་དབུས་སུ་ཐིམ་པ་ལྟར་༢། སྙིང་ཁའི་ཧྲཱིཿཡིག་ལ་ཐིམ་པ་ནི། སྔ་འགྱུར་ལྟར་ན་ཁམས་༣་གསུམ་སྦྱོངས་བྱེད་ཞེས་དང་། གསར་མ་ལྟར་ན་མ་དག་པའི་ཕྱི་སྲིད་འོད་གསལ་དུ་སྦྱངས་བ་ཟེར། ཧྲཱིཿའ་འཆུང་ར་སྟ་ལ་ཐིམ་པས་སོས་ཀའི་ཐང་ལ་དམིགས་ཀྱུ་རྒྱུ་བ་ལྟ་བུའི་སྣང་བ་ཆར། ས་ཆུར་ཐིམ་པའི་རྟགས་༡། ར་སྟ་ཧ་ལ་ཐིམ་པས། ལུང་པ་དུ་བའི་ཁང་པའི་སྣང་བ་ཆར། ཆུ་མེར་ཐིམ་པའི་རྟགས། ཧའི་ལུས་མགོ་བོ་ལ་ཐིམ་པས། སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་ཆར། མེ་རླུང་

p. 612

ལ་ཐིམ་པའི་རྟགས་༣། མགོ་བོ་གི་གུ་ལ་ཐིམ་པས། རླུང་ནམ་མཁའ་ལ་ཐིམ་༤། ནམ་མཁའ་སྤྲིན་མེད་ལ་ཟླ་འོད་ཀྱི་ཁྱབ་པ་ལྟ་བུའི་དཀར་ལམ་ཆར། གི་གུ་ཐིག་ལེ་ལ་ཐིམ་པས། ཉི་ཟེར་ལྟ་བའི་གདོང་དར་དམར་གྱི་གཡོགས་པའི་སྣང་བ་ལྟ་བུ་ཆར་ ཐིག་ལེ་སྣང་བ་༡ ན་ད་ལ་ཐིམ་པས། མུན་ཁུང་དྲག་པོར་སྣང་བའི་སེང་ཁུང་ཅུང་ཟད་ཙམ་ཡང་མེད་པའི་མུན་པ་ལྟ་བུའི་ནག་ལམ་ཆར། ཆེད་པ་དམར་ལམ་ ཤིན་ཏུ་ཕྲ་བའི་ན་ད་ཡང་འཇའ་ཡལ་བ་ལྟར་གྱུར་བས། ཨོཾ་ཆོས་སྐུ༴ གཡར་མ་སྟོན་གྱི་ནམ་མཁའ་སྒྲིབ་ ཉེར་ཐོབ་༣ བྱེད་ཀྱི་རྐྱེན་ཀུན་དང་བྲལ་བ་ལ་ཉི་འོད་ཀྱི་ཁྱབ་པ་ལྟ་བུའི་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་འོད་གསལ་ཆར། སྔ་འགྱུར་ལྟར་ན། ཆོས་སྐུ་༡་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཕྱི་འགྱུར་གསར་མ་ལྟར་ན། མཆི་༡་བ་ཆོས་སྐུའི་ལམ་ཁྱེར་གྱི་འོད་གསལ་དེ་ཉིད་ལ་ཡུན་ཅི་གནས་སུ་མཉམ་པར་བཞག །ཨཱཿསྙིང་༴ འོད་གསལ་དེའི་ངང་ལས་ཆུ་ལས་ཉ་སྡང་བའི་ཚུལ་གྱི། རང་སེམས་ན་དར་ཀྲང་ཀྱི་ལང་ལུང་སྡོག་ནག་ལམ་ཆར། དེ་ནས་ཐིག་ལེར་སྡང་དམར༴ དེ་ལས་གི་གུ་དཀར་ལམ༴

p. 613

དེ་ལས་ཧ་མེ་ཁྱེར༴ དེ་ལས་ར་སྟགས་དུ་བ༴ དེ་ལས་དམིགས་འགྱུ་ལྟ་བུའི་སྣང་བ་ཆར། སྔ་འགྱུར་ལྟར་ན། ལོངས་སྐུ་ཀུན་ཏུ་སྣང་ཏིང་ངེ་འཛིན་དང་། ཕྱི་འགྱུར་ལྟར་ན་བར་དོ་ལོངས་སྐུའི་ལམ་ཁྱེར། ཧཱུཾ་རྒྱུ་ལས་ཧྲཱིཿཡིག་དུ་ལམ་གྱི་གསལ་བ་དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ། ཞེས་པ་ནས་རིམ་བཞིན་སྣོད་གཞལ་ཡས་ཁང་ནས་ནང་བཅུད་ལྷ་དང་ལྷ་ྈ་གཙོ་འཁོར་ཡོངས་རྫོགས་གསལ་བ་ནི། ཧཱུྃ་རྒྱུ་ལས་ཞེས་པ་ནས་འདིའི་བར་ལ། སྔ་འགྱུར་ལྟར་ན་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་དང་། ཕྱི་འགྱུར་གསར་མ་ལྟར་ན་སྐྱེ་བ་དག་པ་སྤྲུལ་པའི་སྐུའི་ལམ་ཁྱེར་གྱི་སྐྱེད་པའི་རིམ་པ་ཡོངས་སུ་ཚངས་བའོ།། །།བཀྲིས།།

རྟ་ཕག་ཡིད་བཞིན་ནོར་བུ་ལས་རྩ་རླུང་སེངྒེའི་ཉམས་རྟོགས་བདེ་ཆེན་འོད་འབར། གཏེར་སྟོན་བདེ་ཆེན་རྒྱལ་པོ།

p. 614
p. 615

ཨོཾ༔ རྟ་ཕག་ཡིད་བཞིན་ནོར་བུ་ལས༔ རྩ་རླུང་སེངྒེའི་ཉམས་རྟོགས་བདེ་ཆེན་འོད་འབར་བཞུགས་སོ༔

p. 616

ཨེ་ཝཾ་བདེ་སྟོང་ཟུང་འཇུག་རོལ་རྩེད་ཀྱིས༔ ཐར་འདོད་འགྲོ་རྣམས་ཀུན་བཟང་གོ་འཕང་ལ༔ དཀའ་བ་མེད་པར་ཚེ་གཅིག་བསྒྲོད་པའི་ཐབས༔ རྩ་རླུང་སེངྒེའི་ཉམས་རྟོགས་འདིར་བཤད་བྱ༔ གནས་གྲོགས་དུས་དང་ཡོ་བྱད་འཛོམས་པར་བསག༔ ཐུན་མོང་རྩ་བའི་སྔོན་འགྲོ་ཁྲིད་བཞིན་དང་༔ ཐེག་པ་ཆེན་པོའི་རླུང་གི་སྔོན་འགྲོ་ནི༔ དང་པོ་ལུས་གནད་རྣམ་སྣང་ཆོས་བདུན་གྱིས༔ རང་ལུས་ལྷ་སྐུ་འཇའ་མཚོན་ལྟ་བུར་བསྒོམ༔ ཐུགས་སྲོག་ཧྲཱིཿལས་འོད་ཟེར་མཚོན་ཆའི་མེ༔ སྤྲོས་པས་བགེགས་བསྐྲད་བསྲུང་

p. 617

བའི་འཁོར་ལོས་བཅིང་༔ ནད་གདོན་སྡིག་སྒྲིབ་བར་གཅོད་ལྷག་མེད་སྦྱངས༔ ཐུན་མོངས་མིན་པའི་རྩ་རླུང་སྦྱངས་པ་ནི༔ རོ་རྐྱང་དབུ་གསུམ་མཚན་ཉིད་ཀུན་རྫོགས་ཀྱི༔ སྟེང་འོག་ཐབས་ཤེས་ཡི་གེ་ཨ་ཧཾ་གསལ༔ རླུང་རོ་དགུ་འཕྲུག་དམིགས་རིམ་བཅས་པས་དབྱུང་༔ རྩ་ཁམས་བྱིན་གྱིས་བརླབས་པའི་རིམ་པ་ལ༔ རྩ་གསུམ་འཁོར་བཅས་སྤྱི་བོ་བདེ་ཆེན་ན༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་དག་ཏུ་གྱེས༔ གསང་གནས་རྩ་འདབ་ཉི་ཤུ་རྩ་བརྒྱད་བཅས༔ གསལ་བཏབ་རོ་སྐྱང་དབུ་གསུམ་འདུས་མདོ་རུ༔

p. 618

ཉི་མའི་དཀྱིལ་འཁོར་གདན་ལ་ཐོ་རྩེགས་སུ༔ རྡོ་རྗེ་རྣལ་འབྱོར་དམར་མོ་གྲི་ཐོད་འཛིན༔ དེ་ཡི་སྤྱི་བོར་རིམ་བཞིན་མཐོ་རྩེགས་སུ༔ བདེ་ཆེན་རྒྱལ་པོ་དཔལ་སེང་མཚོ་རྒྱལ་དང་༔ པདྨ་འབྱུང་གནས་མཁའ་འགྲོ་ལས་ཀྱི་དབང་༔ མི་སྐྱོད་ཀུན་བཟང་ཡབ་ཡུམ་ཚང་བུག་ཏུ༔ སྐུ་ཕྱེད་ཐོན་ཙམ་འཇའ་འོད་ཀློང་དུ་གསལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ནི༔ ཨོཾ་ཨཱཿཧཱུཾ༔ འོག་མིན་དམ་པ་ཆོས་དབྱིངས་ཞིང་ཁམས་སུ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་རྩོལ༔ འོད་ལྔ་བདེ་བ་ཆེན་པོའི་ཕོ་བྲང་དུ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ རབ་འཇིག་སོ་ས་གླིང་གི་དུ་ཁྲོད་དུ༔ མཁའ་འགྲོའི་གཙོ་མཆོག་ལས་ཀྱི་དབང་མོ་ཆེར༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ༔ མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ལ༔

p. 619

གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ དགའ་བཞིའི་བདེ་ཆེན་རྫོགས་པའི་ཞིང་ཁམས་སུ༔ ཡེ་ཤེས་མཚོ་རྒྱལ་ཨ་མ་གུན་སྟོབ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ གཞུ་སྟོད་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ཏུ༔ ཟབ་གཏེར་བཀའ་བབས་བདེ་ཆེན་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ བདེ་ཆེན་ཨ་ཐུང་མེ་འོད་འཁྲུག་པའི་ཀློང་༔ མཁའ་འགྲོའི་གཙོ་མོ་རྡོ་རྗེ་རྣལ་འབྱོར་མར༔ གསོལ་བ་འདེབས་སོ་བདེ་དྲོད་འབར་བ་དང་༔ ཨ་ཧཾ་རྒྱུན་ཆད་མེད་པའི་དངོས་གྲུབ་སྩོལ༔ ལྷུན་གྲུབ་འོད་གསལ་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ རང་སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས༔ སྙིང་ནས་མོས་གུས་རྩེ་གཅིག་གསོལ་བཏབས་པས༔ གོང་མ་རྣམས་ནས་འོག་མར་རིམ་ཞུ་ཐིམ༔ རྡོ་རྗེ་རྣལ་འབྱོར་མ་ཡང་འོད་ཞུ་ནས༔ ཨ་ཡིག་ལ་ཐིམ་མེ་འོད་འཕྲོ་བ་ལ༔ ཤེས་པ་གཏད་

p. 620

ལ་ཞག་གསུམ་བུམ་ཅན་སློབ༔ བློ་རྨོངས་རྩ་གསུམ་ལ་རྟེན་འབར་འཛག་ནི༔ སྟེང་འོག་ཐབས་ཤེས་ཡི་གེ་གསལ་བ་ལ༔ རོ་སྐྱང་ནས་ཞུགས་ཨ་ཡིག་མེ་འབར་བས༔ ཧཾ་ཡིག་ཞུ་བ་བ་མོ་ལྟར་འཛག་ཅིང་༔ བུམ་ཅན་བརྒྱ་ཕྲག་ལས་ནི་མི་ཉུང་བར༔ འབར་འཛག་ཞུ་བདེས་རླུང་ཁུག་བརྒྱ་རྫོགས་སྦྱངས༔ སྤྲོས་བཅས་བློ་ཆེན་རྩ་འཁོར་ཡོངས་རྫོགས་ལ༔ རྟེན་ནས་ཐུན་མོང་མིན་པའི་འབར་འཛག་ནི༔ རོ་རྐྱང་དབུ་གསུམ་མ་འཁྱོག་ལ་ཁུམས་པར༔ མདུད་བྲལ་ལུས་ཀྱི་ཀ་བའི་ཚུལ་དུ་གནས༔ ཁར་བཅས་སྤྱི་བོའི་བདེ་ཆེན་འཁོར་ལོ་ན༔ རྩ་འདབ་སུམ་བརྒྱ་དྲུག་ཅུ་གྱེས་པ་ལ༔ ར་དང་ཧ་ལས་རྡོ་རྗེ་མཁའ་འགྲོ་ནི༔ སྐུ་མདོག་དཀར་གསལ་མེ་ལོང་ཡེ་ཤེས་སྐུ༔ ཞེས་སྡང་འཇོམས་ཕྱིར་རྡོ་རྗེ་གྲི་ཐོད་འཛིན༔ གཙོ་འཁོར་ཡབ་ཡུམ་སུམ་བརྒྱ་དྲུག་ཅུ་བཞུགས༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་ཉིད་དུ༔ རྩ་འདབ་བཞི་གྱེས་བརྒྱད་གཉིས་བཅུ་དྲུག་སྟེ༔ ཙ་དང་རི་ལས་རིན་ཆེན་ཌཱཀྐི་ནི༔ སྐུ་མདོག་སེར་གསལ་མཉམ་ཉིད་ཡེ་ཤེས་སྐུ༔ ང་རྒྱལ་འཇོམས་ཕྱིར་རིན་ཆེན་གྲི་ཐོད་འཛིན༔ གཙོ་འཁོར་

p. 621

ཡབ་ཡུམ་བརྒྱད་གཉིས་བཅུ་དྲུག་བཞུགས༔ སྙིང་ཁ་དྲན་པ་རྣམ་བཀོད་འཁོར་ལོ་ན༔ རྩ་འདབས་སུམ་ཅུ་རྩ་གཉིས་གྱེས་པ་ལ༔ ཧྲཱིཿདང་མ་ལས་སངས་རྒྱས་ཌཱཀྐི་ནི༔ སྐུ་མདོག་མཐིང་གསལ་ཆོས་དབྱིངས་ཡེ་ཤེས་སྐུ༔ གཏི་མུག་འཇོམས་ཕྱིར་འཁོར་ལོ་གྲི་ཐོད་འཛིན༔ གཙོ་འཁོར་ཡབ་ཡུམ་སུམ་ཅུ་རྩ་གཉིས་བཞུགས༔ ལྟེ་བ་བསྐྱེད་བྱེད་སྤྲུལ་པའི་འཁོར་ལོ་ན༔ རྩ་འདབ་དྲུག་ཅུ་རྩ་བཞི་དག་ལ་ནི༔ ཧྲཱིཿདང་ནི་ལས་པདྨ་ཌཱཀྐི་ནི༔ སྐུ་མདོག་དམར་གསལ་སོར་རྟོགས་ཡེ་ཤེས་སྐུ༔ འདོད་ཆགས་འཇོམ་ཕྱིར་པདྨ་གྲི་ཐོད་འཛིན༔ གཙོ་འཁོར་ཡབ་ཡུམ་དྲུག་ཅུ་རྩ་བཞི་བཞུགས༔ གསང་གནས་མྱོང་བྱེད་བདེ་ཆེན་འཁོར་ལོ་ན༔ རྩ་འདབ་ཉི་ཤུ་རྩ་བརྒྱད་གྱེས་པ་ལ༔ ཡ་དང་ས་ལས་ལས་ཀྱི་ཌཱཀྐི་ནི༔ སྐུ་མདོག་ལྗང་གསལ་བྱ་གྲུབ་ཡེ་ཤེས་སྐུ༔ ཕྲག་དོག་འཇོམས་ཕྱིར་རྒྱ་གྲམ་གྲི་ཐོད་འཛིན༔ གཙོ་འཁོར་ཡབ་ཡུམ་ཉི་ཤུ་རྩ་བརྒྱད་བཞུགས༔ བ་སྤུའི་བུ་ག་ས་ཡ་དྲུག་འབུམ་ལ༔ སྣ་ཚོགས་མཁའ་འགྲོ་ས་ཡ་དྲུག་འབུམ་ནི༔ སྐུ་མདོག་སྣ་ཚོགས་གྲི་གུག་ཐོད་ཁྲག་འཛིན༔ ཡབ་ཡུམ་གཉིས་མེད་བདེ་

p. 622

ཆེན་དབྱེར་མེད་འཁྲིལ༔ སྟེང་འོག་ཐབས་ཤེས་ཨ་དང་ཧཾ་ཡིག་གསལ༔ རོ་རྐྱང་ལཾ་རྒྱུད་ལྟེ་འོག་ཨ་ཐུང་ལ༔ མེ་འབར་གསང་བའི་ཌཱཀྐི་ཡབ་ཡུམ་ལ༔ ཕོག་པའི་གཙོ་འཁོར་ཐམས་ཅད་རྗེས་སུ་ཆགས༔ སྦྱོར་བ་མཛད་པས་སྦྱོར་མཚམས་དཀར་དམར་སྤྲིན༔ རྩ་ཡི་ནང་ཀུན་ཞུ་བདེས་མེར་གྱི་གང་༔ ཨ་ཐུང་ལ་ཕོག་མེ་ལྕེ་ཡར་འཕྲོས་པས༔ ཧཾ་ཡིག་ལ་ཕོག་བྱང་སེམས་རྒྱུན་འཛག་པས༔ སྤྱི་བོར་རྡོ་རྗེ་ཌཱཀྐི་ཡབ་ཡུམ་ལ༔ ཕོག་པས་གཙོ་འཁོར་རྗེས་ཆགས་སྦྱོར་བ་མཛད༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྩ་འཁོར་གང་༔ ཨ་ཡིག་མེ་འབར་ལྟེ་བའི་ཌཱཀྐི་ལ༔ ཕོག་པས་རྒྱུད་བསྐུལ་གཙོ་འཁོར་རྗེས་ཆགས་མཛད༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྩ་ནང་ཁྱབ༔ མེ་ལྕེའི་འོད་ཀྱིས་ཧཾ་ཞུ་བདེ་བའི་རྒྱུན༔ མགྲིན་པའི་མཁའ་འགྲོ་ཡབ་ཡུམ་ལ་ཕོག་པས༔ གཙོ་འཁོར་རྗེས་ཆགས་སྦྱོར་བ་མཛད་པའི་རྒྱུན༔ སྦྱོར་མཚམས་བྱང་སེམས་དཀར་དམར་རྩ་ཁམས་ཁྱབ༔ མེ་ལྕེའི་འོད་ཀྱིས་སྙིང་གའི་ཌཱཀྐི་ལ༔ ཕོག་པས་གཙོ་འཁོར་རྗེས་ཆགས་སྦྱོར་བ་མཛད༔ སྦྱོར་མཚམས་བྱང་སེམས་བབ་པས་རྩ་

p. 623

ཁམས་ཁྱབ༔ སྣ་ཚོགས་མཁའ་འགྲོ་ཡབ་ཡུམ་ལ་ཕོག་པས༔ ས་ཡ་དྲུག་འབུམ་རྗེས་ཆགས་སྦྱོར་བ་མཛད༔ སྦྱོར་མཚམས་བྱང་སེམས་རྒྱུན་བབས་ལུས་ཀུན་ཁེངས༔ ཧཾ་ཡིག་ལས་འཕྲོས་བྱང་སེམས་དཀར་བསིལ་དང་༔ ཨ་ཐུང་ལས་འཕྲོས་དམར་ལ་ཚ་བ་གཉིས༔ དཀར་དམར་ཞུ་བདེས་སྙིང་གར་ཞལ་འཇལ་བར༔ ཤེས་པ་གཏད་དེ་ཡུག་གཅིག་མཉམ་པར་བཞག༔ འཁོར་ལོ་རེ་ལ་རླུང་ཐུན་དམིགས་བསྐོར་རེ༔ བདེ་སྟོང་གཉིས་མེད་བུམ་ཅན་ཁ་སྦྱོར་འཆིང་༔ དེ་ལྟར་ལུས་གཅུས་རླུང་སྤྲུག་དྲག་པོ་ཡིས༔ དཀར་དམར་གཉིས་པོ་ཞོ་ཁྲག་བསྲེས་པ་ལྟར༔ འདྲེས་ཏེ་རྩ་ཁམས་བ་སྤུའི་བུ་ག་ཚུན༔ དཀར་དམར་ཞུ་བདེས་ཡོངས་སུ་ཁྱབ་པར་ལྟ༔ དེ་ལྟར་བརྒྱ་འམ་ལྔ་བཅུ་ཉེར་ལྔ་ཡིས༔ མཐའ་བྱས་ཐོ་རེངས་ཉི་དྲོས་དགོངས་ཁ་རྣམས༔ དུས་ཀྱི་གནད་དང་བསྟུན་ནསའབད་དེ་སྒོམ༔ ལྷ་སྐུ་ལ་རྟེན་འབར་འཛག་དམིགས་རིམ་མོ༔ དེ་ནས་འབྱུང་ལྔའི་བཅུད་ལེན་ཟབ་མོ་ནི༔ གསང་བའི་ལས་ཀྱི་ཌཱཀྐིའི་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་རླུང་གི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་

p. 624

བྱང་སེམས་གྱེན་དུ་འཕྱུར༔ ལྟེ་འོག་པདྨ་མཁའ་འགྲོའི་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་མེ་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་ཆེན་བྱང་སེམས་གྱེན་དུ་འཕྱུར༔ སྙིང་གའི་སངས་རྒྱས་ཌཀྐིའི་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་ནམ་མཁའི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་གྱེན་དུ་འཕྱུར༔ མགྲིན་པར་རིན་ཆེན་ཌཱཀྐའི་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་ས་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་གྱེན་དུ་འཕྱུར༔ སྤྱི་བོར་རྡོ་རྗེ་ཌཱཀྐིའི་ཐུགས་སྲོག་ལས༔ འོད་འཕྲོས་འབྱུང་བ་ཆུ་ཡི་དྭངས་བཅུད་བསྡུས༔ ཐིམ་ཞིང་བདེ་སྦྱོར་བྱང་སེམས་གྱེན་དུ་འཕྱུར༔ དེ་ལྟར་འཁོར་ལོ་རེ་ལ་རླུང་ཐུན་ནི༔ གསུམ་ལྔ་བདུན་སོགས་སྐབས་སྦྱར་བརྩོན་འགྲུས་སྒོམ༔ ཡོན་ཏན་བསམ་བརྗོད་བགྲང་བར་མི་ནུས་སོ༔ རྩ་བའི་རླུང་ལྔ་མ་ཟིན་ཟིན་བྱེད་པ༔ དམ་ཚིག་རླུང་གི་རྡོ་རྗེའི་བཟླས་པར་བསླབ༔ ཟིན་པ་བརྟན་པར་བྱེ་རགས་(ཡི་གེ་མི་གསལ་མཆན)རླུང་༔ བར་རླུང་ལ་བསྟེན་རྡོ་རྗེའི་བཟླས་པར་བསླབ༔ དེ་བཞིན་དབྱེར་མེད་རྡོ་རྗེའི་བཟླས་པ་ནི༔ ཚད་ལྡན་བླ་

p. 625

མའི་ཞལ་ལས་ཤེས་པར་བྱ༔ རང་ལུས་ཐབས་ལྡན་བདེ་བ་ཆེན་པོ་དང་༔ གཞན་ལུས་ཤེས་རབ་ཟབ་ལམ་ཟུང་འཇུག་སོགས༔ བླ་མའི་ཞལ་ཤེས་ནང་བཞིན་ཉམས་སུ་ལོངས༔ རྗེས་ཀྱི་ལམ་རྟགས་ཐུན་མོང་སྤྱི་ལྟར་མཐུན༔ ཤིན་ཏུ་ཟབ་པོ་བརྡའ་དགོངས་བརྒྱུད་པ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་རླུང་གི་རིམ་པ་འདི་བཞིན་གོང་འོག་དཀྲུག་པ་དང་བརྡ་ཐོར་རྒྱ་ཆེ་ཞིང་མཁའ་འགྲོའི་བཀའ་རྒྱ་མ་གྲོལ་བའི་སྟབས་ཀྱི་སླར་འཕར་བའི་ལོ་ཚོགས་དང་བདུད་རྩི་སྨན་མཆོད་ཀྱི་དགྱེས་པ་བསྐོང་ཏེ་བཀའ་རྒྱ་ལས་གྲོལ་ནས་ཡང་སྐྱར་བདེ་ཆེན་རྒྱལ་པོས་ཕབ་པའོ། །བཀྲིས།། །།

རྫོགས་པ་ཆེན་པོ་མ་རིག་མུན་སེལ་གྱི་སྔོན་འགྲོའི་ཟུར་བརྒྱན།

p. 626
p. 627

༄༅། །རྫོགས་པ་ཆེན་པོ་མ་རིག་མུན་སེལ་གྱི་སྔོན་འགྲོའི་ཟུར་བརྒྱན་བཞུགས་སོ།།

p. 628

ན་མོ་གུ་རུ། སྐྱབས་མགོན་བླ་མ་རིན་པོ་ཆེའི་ཞབས་ལ་གསོལ་བ་འདེབས་སོ་བྱིན་གྱིས་རླབས་དུ་གསོལ། །སྔོན་འགྲོའི་འཁྲིད་རིམ་གྱི་ཐོག་མར། རང་གི་སྤྱི་བོར་འཇའ་ཟེར་འོད་ཕུང་གི་ཀློང་དུ། པད་ཟླའི་གདན་ལ་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་ནམ་མཁའི་མདོག་ལྟར་སྔོ་བ། རྒྱན་མེད་གཅེར་བུ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཞབས་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ། ཡུམ་ཀུན་བཟང་དཀར་མོ་གྲི་ཐོད་འཛིན་པའི་ཡབ་ལ་འཁྱུད་པ།

p. 629

མཐའ་བསྐོར་དུ་རྩ་རྒྱུད་ཀྱི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་ཆོས་སྐྱོངས་བསྲུངས་མའི་ཚོགས་ཀྱི་བསྐོར་བ་དམིགས་ལ། མཐར་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་བླ་མ་ཀུན་བཟང་ཡབ་ཡུམ་ལ་ཐིམ། དེ་འོད་དུ་ཞུ་ནས་ཚོན་གང་པ་ཞིག་ཏུ་གྱུར་ནས། རང་གི་ཚངས་བུག་ནས་ཞུགས་རྩ་དབུ་མའི་ལམ་རྒྱུད་སྙིང་པདྨ་དཀར་པོ་འདབ་མ་བརྒྱད་དུ་གྱུར་པའི་ཟེའུ་འབྲུའི་དབུས་སུ་ཡེ་ཤེས་སེམས་དཔའི་ཚུལ་དུ་

p. 630

བཞུགས་པར་བསམ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ཞེས་པ་ནས། དངོས་གྲུབ་སྩལ་དུ་གསོལ། ཞེས་པའི་བར་འདོན། དེ་ནས་སྙིང་པདྨ་འདབ་མ་བརྒྱད་པ་ཁ་ཟུམ་པ། སྣང་ལ་རང་བཞིན་མེད་པའི་རྣམ་པ་ཅན་དུ་བསྒོམས་ལ། ལོག་གཡས་ཕབ་སྟེ་ཉལ་བ་ནི། ཉལ་བའི་རྣལ་འབྱོར་རོ། །ལྡང་བའི་རྣལ་འབྱོར་ནི། སྙིང་ཀའི་རྩ་བའི་བླ་མའི་ཞལ་ནས། རིགས་ཀྱི་བུ་ཉལ་བའི་དུས་མ་ཡིན་ཡར་ལོངས་ཞེས་གསུངས་པའི་རྐྱེན་བྱས་སྟེ། ཧར་རེ་ལངས་ནས། ལུས་གུས་པས་ཐལ་མོ་སྙིང་ཁར་མ་རེག་ཙམ་དུ་སྦྱར། ངག་གུས་པས་གདུང་བའི་དབྱངས་ཀྱི་གསོལ་བ་འདེབས། ཡིད་གུས་པས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་མཁྱེན་མཁྱེན་མཁྱེན་ལན་གསུམ་བྱ། དང་པོའི་སྐབས་སུ་སྙིང་གའི་པདྨའི་ཁ་ཕྱེ། གཉིས་པའི་སྐབས་སུ་རྩ་དབུ་མའི་ལམ་ནས་ཡར་བྱོན། གསུམ་པའི་སྐབས་སུ་སྤྱི་བོར་འཇའ་ཟེར་འོད་ཕུང་གི་ཀློང་དུ་གསལ་བ་ལས། ཁྱེད་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ་ཞེས་པ་ནས། སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་པའི་བར་འདོན། དེ་ནས་ལུས་རྣམ་སྣང་གི་ཆོས་བདུན་

p. 631

བྱས་ཏེ། ལུས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་དབུས་སུ་རྩ་དབུ་མ་སྤ་ལྕགས་འབྲིང་པོ་ཙམ། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཕུག་རྡུགས་ཏུ་ཡོད་པ། ཡར་སྣེ་སྤྱི་གཙུག་ཏུ་ཐལ་ལེར་ཡོད་པ། གཡས་སུ་རོ་མ་དཀར་མོ་གྲོ་སོག་འབྲིང་པོ་ཙམ། མར་སྣ་དབུ་མར་ཟུག་པ་ཡར་སྣེ་སྣ་བུག་གཡས་སུ་ཟུག་པ་གཡོན་དུ་རྐྱང་མ་དམར་མོ་གྲོ་སོག་འབྲིང་པོ་ཙམ། མར་སྣ་དབུ་མར་ཟུག་པ་ཡར་སྣེ་སྣ་བུག་གཡོན་དུ་ཟུག་པ། རོ་མའི་ནང་དུ་ཞེ་སྡང་གི་རླུང་དཀར་མགོ །རྐྱང་མའི་ནང་དུ་འདོད་ཆགས་ཀྱི་རླུང་དམར་མོག །དབུ་མའི་ནང་དུ་གཏི་མུག་གི་རླུང་སྔོ་མོག །དུག་གསུམ་རླུང་གསུམ་གྱི་རྣམ་པར་གནས་པ་ལས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསལ་ལོ་སྙམ་པའི་སྒོ་ནས་རླུང་རོ་དགུ་ཀྲུག་ཏུ་བྱ། དེ་ནས་དལ་འབྱོར་རྙེད་དཀའ་བསམ་པ་ལ། དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ། དལ་བ་བརྒྱད་ནི། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད་པའི་ཆོས་བྱེད་དུ་མི་ཁོམས། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་སྤྱོད་པའི་ཆོས་བྱེད་དུ་མི་ཁོམས། དུད་འགྲོར་སྐྱེས་ན་བཀོལ་སྤྱོད་དང་།

p. 632

ཕན་ཚུན་འཚེ་བའི་སྡུག་བསྔལ་ལ་སྤྱོད་པའི་ཆོས་བྱེད་དུ་མི་ཁོམས། ལྷ་ཚེ་རིང་དུ་སྐྱེས་ན་འདུ་ཤེས་པའི་ངང་ནས་དུས་འདས་ཏེ་ཆོས་བྱེད་དུ་མི་ཁོམས། ཡུལ་མཐའ་ཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་དུ་མི་ཁོམ། མུ་སྟེགས་བྱེད་དམ་དེ་དང་བསམ་པ་ཕྱོགས་མི་མཐུན་པའི་སྐལ་པ་ངན་པར་སྐྱེས་ན། རང་བརྒྱུད་ལོག་ལྟས་སླད་པའི་ཆོས་བྱེད་དུ་མི་ཁོམས། མུན་པའི་བསྐལ་པར་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་ཐོས་ཤིང་། དགེ་སྡིག་ངོ་མི་ཤེས་པའི་ཆོས་བྱེད་དུ་མི་ཁོམས། ལྐུག་པར་སྐྱེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ལས་སུ་མ་རུང་བའི་ཆོས་བྱེད་དུ་མི་ཁོམས་པའི་གནས་བརྒྱད་པོ་དེ་དག་དང་བྲལ་བ་ལ་དལ་བ་ཞེས་བྱའོ། ༈ འབྱོར་བ་བཅུ་ནི། མི་ལུས་མ་ཐོབ་ན་ཆོས་དང་མི་འཇལ་བའི་ད་རེས་མི་ལུས་རྟེན་གྱི་འབྱོར་པ། ཡུལ་མཐའ་ཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་དང་འགལ་བའི་ད་ལན་ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པ་ནི་ཡུལ་གྱི་འབྱོར་བ། དབང་པོ་སྐྱོན་དང་བྲལ་བ་ནི་དབང་པོ་ཡོན་ཏན་གྱི་འབྱོར་པ། རྟག་ཏུ་མི་དགེ་བ་བཅུ་ལ་སྤྱད་ན་ཆོས་དང་འགལ་བའི། ད་རེས་དགེ་བ་ལ་མོས་པ་

p. 633

བསམ་པའི་ཁྱད་པར་གྱི་འབྱོར་པ། བསྟན་པ་ལ་མ་དད་ན་མི་ཕན་པ་ལས། ད་རེས་བློ་ཆོས་ལ་ཕྱོགས་ནུས་པ་རང་གི་དད་པའི་འབྱོར་པ་སྟེ་རང་འབྱོར་ལྔ། ༈ སངས་རྒྱས་བྱོན་པའི་སྐལ་པ་དང་ལྡན་པས་ཐུབ་པའི་བསྟོན་པའི་ཁྱད་པར་གྱི་འབྱོར་པ། ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བའི་ཆོས་ཀྱི་འབྱོར་པ། ད་ལྟ་བསྟན་པའི་གནས་ཚད་མ་རྫོགས་པའི་དུས་ཀྱི་འབྱོར་པ། རང་ཉིད་བསྟན་པའི་སྒོར་ཞུགས་པའི་རང་གི་སྐལ་བའི་འབྱོར་པ། དགེ་བའི་བཤེས་གཉེན་གྱི་རྗེས་སུ་འཛིན་པའི་ལྷག་པའི་འབྱོར་པ། དེ་རྣམས་གཞན་འབྱོར་ལྔ་སྟེ་བཅུའོ། ༈ དེ་ཡང་དཔེ་དང་གྲངས་དང་། རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་བསམ་པ་གསུམ་ལས། དང་པོ་ནི། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གིས། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་པའོ། གཉིས་པ་ནི། ངན་འགྲོ་ནི་ས་ཆེན་པོའི་རྡུལ་ཙམ་ལས། བདེ་འགྲོ་ནི་ཕྱག་སེན་གྱི་སྟེང་གི་རྡུལ་ཙམ་མོ། །ཡང་ངན་འགྲོ་ནས་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་ལས། ངན་འགྲོ་ནས་བདེ་འགྲོར་འགྲོ་བ་ནི་

p. 634

ཕྱག་སེན་སྟེང་གི་རྡུལ་ཙམ་མོ། །རིན་ཆེན་འཕྲེང་བ་ལས། དགེ་བའི་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་ལས་ནི་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་པས་ལས་དགེ་སྡིག་གི་འབྲས་བུ་སོ་སོར་སྨིན་པས་བླང་དོར་བྱེད་དགོས། དེ་ཡང་སྡིག་པ་མི་དགེ་བ་རྣམ་བསྡུ་ན་བཅུར་འདུ་སྟེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་མ་སྦྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ་ཏེ་གསུམ། ངག་གི་སྒོ་ནས་རྫུན། ཕྲ་མ་ཚིག་བརྩུབ། ངག་བཀྱལ་སྟེ་བཞི། ཡིད་ཀྱི་སྒོ་ནས། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་བཅུའོ། །དེ་ལྟར་མི་དགེ་བཅུ་པོ་ཆུང་ངུར་སྤྱད་པས་ཀྱང་འབྲས་བུ་ཆེན་པོ་འབྱིན་ཏེ། ཚོམས་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གི་ཀྱང་། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་པ་ལྟར་རོ། །དགེ་བཅུ་དང་དུ་བླངས་བ་ནི། སེམས་ཅན་གཞན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། ཞི་ཞིང་ངེས་པར་སྨྲ་བ། མི་མཐུན་པ་

p. 635

བསྡུམ་པ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། ཡང་སླབ་བྱ་སློབ་ཚུལ་ལྟོས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླངས་བར་བྱ་སྟེ། ཚོམས་ལས། །དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུའི་ཐིག་པ་བསགས་པས་ཀྱང་། །སྣོད་ཆེན་ཁད་ཀྱི་འགེངས་བར་འགྱུར། །ཞེས་པ་ལྟར་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་ཅིང་བླང་དོར་ལ་འབད་པར་བྱའོ། །དེ་ལྟར་དགེ་སྡིག་རྒྱུ་འབྲས་ལ་བླང་དོར་བྱས། འཁོར་བའི་ཉེས་དམིགས་མ་བསམ་ན། ཐར་འདོད་ཀྱི་བློ་བཅོས་མིན་མི་སྐྱེ་བས། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་པའོ། །དེ་ཡང་འཁོར་བ་སྤྱིའི་སྡུག་

p. 636

བསྔལ་བསམ་པ་ལ། དང་པོ་ཚ་དམྱལ་བརྒྱད་ནི། ཡང་གསོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་རྣམས་སོ། །གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན། ཆུ་བུར་བརྡོལ། ཨ་ཆུ། ཀྱེ་ཧུད། སོ་ཐམས། པདྨ་ལྟར་གས་པ། ཨུཏྤལ་ལྟར་གས་པ། པདྨ་ཆེན་པོ་ལྟར་གས་པའོ། །ཉེ་འཁོར་བ་ནི། མདག་མེ་འབར་བའི་འོབས། རོ་མྱག་གི་འདམ། སྤུ་གྲི་ལོ་མའི་ཐང་། ཤལ་མ་ལིའི་སྡོང་པོ་ཐལ་ཚན་གྱི་ཆུ་བོ་རབ་མེད་རྣམས་སོ། །ཉི་ཚེ་བ་ནི། ཀ་བ་ལྟ་བུ། ཐག་པ་ལྟ་བུ། ཐག་ཀ་ལྟ་བུའོ། །ཡི་དྭགས་ལ་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། མེ་ལྕེའི་འཕྲེང་བ་ཅན། མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་སོ། །དུད་འགྲོ་ལ་བྱིང་ན་མུན་པར་གནས་པ་དང་། ཁ་ཐོར་བ་རྣམས་སོ། །དེ་ལྟར་དམྱལ་བ་ལ་ཚ་གྲངས་དང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་བཀོལ་སྤྱོད་ལ་སོགས་པ་ངན་འགྲོའི་སྡུག་བསྔལ་སྔ་མ་མ་སངས་པའི་སྟེང་དུ་ཕྱི་མ་འབྱུང་བའི་སྡུག་བསྔལ་གྱི་སྡུག་བསྔལ་ཡུན་རིང་ལ་བཟོད་གླག་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་བསྒོམ་

p. 637

པར་བྱའོ། །བདེ་འགྲོ་གསུམ་ན་ཡང་། ངན་སོང་གི་སྡུག་བསྔལ་ཙམ་མེད་ཀྱང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་སོགས་བསམ་གྱི་མི་ཁྱབ་སྟེ། མི་ལ་སྐྱེ་རྒས་ན་འཆི་ཡོད་མེད་འདུ་འབྲལ། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་དམྱལ་བའི་སྡུག་བསྔལ་བཅུ་དྲུག་འགྱུར་གྱི་ཆེ་བའོ། །དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡི་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་དུ། འཁོར་བའི་གནས་འདི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་ཕྱིར། མི་ལུས་རིན་པོ་ཆེ་རྙེད་དཀའ་བ་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དལ་འབྱོར་གྱི་གྲུ་

p. 638

བོ་ཆེ་འདི་དོན་ཡོད་པར་བྱ་སྙམ་དུ་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་བཅས་སྟེ། བརྩོན་འགྲུས་དྲག་པོས་དགེ་བའི་ལས་ལ་འབད་ཅིང་། ཚེ་འདི་ཉིད་ལ་གཏན་གྱི་ལམ་སྣ་ཟིན་པ་ཞིག་བྱའོ། །སྙམ་པའི་ཞེ་དམ་ཡང་ཡང་བྱའོ། །དེ་ལྟར་འཁོར་བའི་ཉེས་དམིགས་ལེགས་པར་བསམ་ནས་ངེས་པར་ཐར་འདོད་ཀྱི་བློ་བཅོས་མིན་བསྐྱེད་ནས། སངས་རྒྱས་ཀྱི་གཞི་མ་ཐེག་པ་སྤྱིའི་རྨང་རྡོ་ལྟ་བུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཞེས་གསུངས་པའི་ཕྱིར། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་སྐྱབས་སུ་འགྲོ་སྟེ། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བསྲང་སེམས་རྣལ་དུ་ཕབ་སྟེ། རང་གང་ན་གནས་པའི་ས་ཕྱོགས་འདི་ཉིད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་ལག་མཐིལ་ལྟར་སྙོམས་ཤིང་། འཇམ་ལ་ཡིད་དུ་འོང་བའི་ཞིང་ཁམས་རྣམ་པར་དག་པ་ཡངས་ཤིང་རྒྱ་ཆེར་གྱུར་པའི་

p. 639

དབུས་སུ་རང་ཉིད་ཐ་མལ་དུ་གནས་པའི། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་གུར་ཁང་མཐའ་དབུས་མེད་པར་བྲལ་བའི་དབུས་སུ། འོད་སྣང་ལས་སྣ་ཚོགས་པདྨ་འབུམ་ཕྲག་དང་། ཉི་ཟླ་བརྩེགས་པའི་གདན་རྒྱ་ཆེའི་དབུས་སུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོ་གཅེར་བུ་སྐུ་མདོག་མཐིང་ཞུན་ལྟར་འཚེར་བ་ཞལ་གཅིག་ཕྱག་གཉིས། ཞབས་རྡོ་རྗེ་སྐྱིལ་ཀྲུངས་དང་ཕྱག་མཉམ་བཞག་གི་ཕྱག་རྒྱས་ཡུམ་ཀུན་བཟང་དཀར་མོ་གྲི་ཐོད་འཛིན་པས་འཁྱུད་པ། མཐའ་བསྐོར་དུ་དགོངས་བརྡ་བསྙན་བརྒྱུད་ཀྱི་བླ་རབ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པ། དཀོན་མཆོག་གསུམ་འདུས་ཀྱི་ངོ་བོར་བཞུགས་པར་བསམ། གཡས་ཀྱི་པད་ཟླའི་གདན་ལ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་བསྐོར་བ། གཡོན་གྱི་པད་ཟླ་གུ་རུ་པདྨ་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་ལོངས་སྐུའི་ཆ་བྱད་ཅན་གྱི་གཡས་སུ་རྡོ་རྗེ་སེམས་དཔའི་སྐུ་མདོག་དཀར་པོ་ཡུམ་སྙེ་མ་དཀར་མོ་འཁྲིལ་བ། གཡོན་དུ་རྒྱལ་སྲས་མུ་ཁྲི་བཙན་པའི་ཆ་བྱད་

p. 640

ཅན་ལ་སྔགས་འཆང་གྲུབ་ཐོབ་རྒྱ་མཚོའི་བསྐོར་བ། མདུན་དུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ། ཕྱག་གཡས་པད་རག་གི་འཕྲེང་བ། གཡོན་མེ་ཏོག་ཨུཏྤལའི་སྡོང་པུ་འཛིན་པ། ཡུམ་གསང་བ་ཡེ་ཤེས་དང་སྙོམས་པར་བཞུགས་པའི་མཐའ་བསྐོར་དུ་གསང་སྔགས་ཕྱི་ནང་གི་རྒྱུད་སྡེའི་ལྷ་ཚོགས་དཀྱིལ་འཁོར་གྱི་བཀྲ་བ། རྒྱབ་ཏུ་འོད་སྣང་འཇའ་ཕུང་གི་དྲ་མིག་ལ་ཐེག་ཆེན་མདོ་ལུང་གི་ཆོས་རྣམས་གླེག་བམ་བརྩེགས་པའི་ཚུལ་གྱི་གང་འདུལ་ཆོས་སྒྲ་ལྷང་ལྷང་སྒྲོགས་ཤིང་མཐའ་བསྐོར་དུ་མཁའ་འགྲོ་ཆོས་སྐྱོངས་བསྲུངས་མ་ཡེ་ཤེས་སྤྱན་ལྡན་གྱི་ཚོགས་རྣམས་སྤྲིན་ཕུང་གཏིབས་པ་ལྟར་རང་དང་སེམས་ཅན་ཐམས་ཅད་སྐྱོབ་པའི་ཚུལ་དུ་བཞུགས་པར་བསམ་ལ། དེ་ནས་རང་གི་གཡས་སུ་ཕ་གཡོན་དུ་མ་སོགས་དགྲ་གཉེན་ཕྱོགས་རིས་མེད་པའི་རིགས་དྲུག་གྱི་སེམས་ཅན་ས་ཆེན་པོའི་དྲེགས་པ་ལྟར་གང་བར་བསམ་ནས་རང་གི་བྱང་དྲངས་སྟེ། ཐམས་ཅད་ཀྱང་ལུས་གུས་པའི་ཐལ་མོ་སྦྱར། ངག་གུས་པའི་སྐྱབས་འགྲོའི་ཚིག་འུར་འུར། ཡིད་གུས་པས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར།

p. 641

དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་རྣམས་མ་གཏོགས་གཞན་ན་མེད་སྙམ་དུ་བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་ལིང་གི་བཀལ་ཏེ་གདུངས་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་བསམ་ཞིང་། ཁྱད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ཏེ། འདི་རྣམས་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབས་དུ་གསོལ་སྙམ་པས་ངག་ཏུ། ན་མོ་སྐྱབས་ཡུལ་དཀོན་མཆོག་བདེ་གཤེགས་གསུམ༔ ཞེས་བཞུང་ལྟར་ལ་བརྒྱ་སྟོང་ལ་སོགས་པར་བློ་དང་འདྲེས་ངེས་སུ་འབད་ནས། ཐུན་བསྡུ་བ་དང་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་སྟེ་སེམས་ཅན་ཐམས་ཅད་འུར་དེང་གི་དག་པའི་ཞིང་དུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱི་ཞུ་ནས། རང་ལ་ཐིམ་པར་བསམ། དགེ་བ་བསྔོ། ཉལ་བའི་ཚེ་དམིགས་པའི་བརྟེན་མ་བཤིག་པར་དེ་ཉིད་ལ་མགོ་ཕྱོགས་ཏེ་ཉལ་བར་མོས་ཏེ་མོས་གུས་བསྒོམ་བཞིན་གཉིད་དུ་འགྲོ། རྗེས་རྒྱུད་ལ་བསྟན་ཕྱིར་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་

p. 642

ལ་སྐྱབས་བཅོལ་བ་དང་ཕྱག་མི་འཚལ། སངས་རྒྱས་བརྟེན་སཙྪ་དུམ་ཙམ་ལ་གུས་པས་མཆོད། ཆོས་ལ་སྐྱབས་སུ་སོང་ནས་ཡི་གེ་ཚིག་ཟུར་ཙམ་ལ་གུས་པས་མཆོད་ཅིང་སེམས་ཅན་འཚེ་བ་ཅུང་ཟད་ཙམ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྟགས་སྤུ་ཙམ་ལ་གུས་པར་བྱ་ཞིང་གྲོགས་མུ་སྟེགས་ཅན་དང་བླ་གབ་གཅིག་པར་མི་འགྲོགས། བླ་མ་ལ་སྐྱབས་སུ་སོང་ནས་མཛད་སྤྱོད་ལ་ལོག་ལྟ་སྤུ་ཙམ་མི་བྱེད་ཅིང་སངས་རྒྱས་ལས་ལྷག་པའི་འདུ་ཤེས་ཉིན་མཚན་འཁོར་ཡུག་ཏུ་བསྒོམ། ཡི་དམ་ལ་སྐྱབས་སུ་སོང་ནས་སྒོ་གསུམ་ལྷ་སྔགས་ཀྱི་ཏིང་ངེ་འཛིན་ལས་མི་འདའ་ཞིང་འཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཁྱོལ་བ་དང་། ཆོས་སྐྱོངས་ལ་སྐྱབས་སུ་སོང་ནས་ཚོགས་གཏོར་གྱི་དགྱེས་པ་བསྐོང་རྣམ་བཞིའི་འཕྲིན་ལས་སྐུལ་ལོ། །སྐུ་གསུམ་ལ་སྐྱབས་སུ་སོང་ནས་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་གཅིག་འཆར་ཟུང་འཇུག་ཏུ་སྤྱོད་པའི་དེ་ཁོ་ན་ཉིད་དོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའ་ལ་མཐའ་དབུས་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལའང་མཐའ་

p. 643

མེད་པར་ཐམས་ཅད་རིགས་དྲུག་གི་སེམས་ཅན་གོ་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱང་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ནས་ཕན་ཚད་མེད་བཏགས་ཤིང་གནོད་པ་ཚད་མེད་པ་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་མི་ཁས་པས་སྒྲུབ་པ་སྡུག་བསྔལ་ཁོ་ན་སྒྲུབ་ཏེ་ཞེས་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་ཁམས་གསུམ་གྱི་སྨྱོན་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་པ་དང་སྙིང་གས་ཀྱང་སྡོད་མི་ཚུགས་པ་ཙམ་དུ་སྙིང་རྗེ་བསྐྱེད་ནས། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ནས་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་མྱུར་དུ་འགོད་པར་བྱ། དེའི་ནུས་པ་ད་ལྟ་བདག་ལ་མི་འདུག་པས། བདག་གི་འགྲོ་ཀུན་ཐམས་ཅད་སྒྲོལ་ནུས་པའི་སངས་རྒྱས་ཀྱི་གོ་ཕང་མྱུར་དུ་ཐོབ་པར་བྱ། དེའི་མཆེད་དུ་ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླངས་ངོ་སྙམ་པའི་འདུན་པ་སྐམ་སྐམ་པ་བསྐྱེདནས་ངག་ཏུ། ཧོཿ དབྱིངས་རིགས་ངོ་བོ་མ་བཅོས་པའི༔ ཞེས་གཞུང་ལྟར་

p. 644

རོ། བརྒྱ་སྟོང་ལ་སོགས་པར་སྙིང་ཐག་པ་ནས་བརྗོད་ཅིང་། དབུགས་འབྱུང་འཇུག་དང་སྦྱར་ནས་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ལ་སྨིན་པར་གྱུར་ཅིག །ཅེས་སྨོན་ལམ་རྒྱ་ཆེར་གདབ་སྟེ་སྙིང་རྗེའི་རྩལ་འདོན་ནོ། །དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དཔར་དྲག་ལ་ཡུན་རིང་བར་བསྒོམ་པས་མཐར་མི་དམིགས་པའི་ངང་ནས་དགེ་བ་བསྔོའོ། ༈ རྡོར་སེམས་བསྒོམ་བཟླས་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་དཀར་པོ་གསལ་ཞིང་བསྣུམ་ལ་འཚེར་བ་དེ་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་དང་དབྱེར་མེད་པའི་དཔལ་རྡོ་རྗེ་སེམས་དཔའི་སྐུ་མདོག་གངས་རི་ལྟར་དཀར་བ་ཆུ་ཤེལ་ལྟར་དངས་ཞིང་འཚེར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་དཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། ཡུམ་སྙེ་མ་དཀར་མོ་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ། ཞབས་སེམས་པའི་སྐྱིལ་ཀྲུང་གི་བཞུགས་པའི་ཐུགས་དཀར་

p. 645

ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཤེལ་གྱི་རྡོ་རྗེ་ནས་འབྲུ་ཙམ་རྩེ་ལྔ་བགྲེངས་སྟབས་སུ་ཡོད་པའི་ལྟེ་བར་ཧཱུཾ་ཡིག་དཀར་པོ་ཡུངས་འབྲུ་ཙམ་གྱི་མཐའ་བསྐོར་དུ་རྒྱས་པར་ཡི་གེ་བརྒྱ་པ། བསྡུ་ན་འབྲུ་དྲུག་སྤུ་ཤད་ཀྱི་བྲིས་པ་ལྟ་བུ་འོ་མའི་མདོག་ལྟར་ནར་ནར་གཡས་སུ་རང་སྒྲས་འཁོད་པར་བསམ་ལ། སྐྱེ་བ་ཚེ་རབས་ཐོག་མེད་ཏུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ལ་གནོང་ཞིང་འགྱོད་པ་དང་། ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ཆ་ཙམ་མི་བགྱིད་སྙམ་པའི་བསམ་པ་དྲག་པོ་དང་ལྡན་པའི་སྒོ་ནས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བལྟས་ལ། མོས་གུས་ཚད་མེད་པ་མཆིལ་མ་འབྲུལ་བ་ཙམ་བསྐྱེད་ནས། ཐུགས་ཀའི་སྔགས་འཕྲེང་ལ་ཀློག་པའི་ཚུལ་གྱིས་དམིགས་པ་བཏད་དེ། གཙོ་བོ་བླ་མ་རྡོ་རྗེ་སེམས་དཔས་མཁྱེན་སྙམ་པའི་གསོལ་འདེབས་ཀྱི་ཚུལ་དུ། ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ། མནུ་པཱ་ལ་ཡ། ཞེས་པ་ནས། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཱུཾ། ཅེས་ཅི་མང་བཟླས། བསྡུ་ན། ཨོཾ་གུ་རུ་བཛྲ་སཏྭ་ཧཱུཾ༔ ཞེས་བཟླས། སྔགས་འཕྲེང་དང་བཅས་པ་ལས་

p. 646

བདུད་རྩིའི་རྒྱུན་འོ་མའི་ཁ་དོག་ལྟ་བུ་སྐྱ་ཆིལ་ལི་ལི་བབས་སྟེ། རང་གི་སྤྱི་བོར་ཚངས་པའི་བུག་ག་ནས་ཞུགས་པའི་ཕུ་ཆུ་དྲག་པོས་ཐལ་བ་བདས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་། སྣག་ཁྲག་དང་། སྲོག་ཆགས་ཕྲ་མོའི་རྣམ་པར། བཤང་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉི་ལི་ལི་ཐོན་པར་བསམ། བརྒྱ་སྟོང་ལ་སོགས་པར་ཅི་ནུས་བཟླས་པའི་མཐར། བདག་ནི་མི་ཤེས་རྨོངས་པ་ཡིས་སོགས་བརྗོད། ཞེས་གསོལ་བ་བཏབ་པས་རང་ལུས་ཤེལ་བུམ་གང་བ་ལྟར་བདུད་རྩིའི་རྒྱུན་དེས་ཁེངས་པར་བསམ་ལ། སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། རྡོ་རྗེ་སེམས་དཔའི་ཐུགས་དགྱེས་པའི་ཞལ་འཛུམ་པར་མཛད་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུངས་ཞིང་རྡོར་སེམས་འོད་དུ་ཞུ་ནས་རང་ལ་སྟིམ། འཁོར་གསུམ་ཡོངས་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་གློད་ལ་བཞག་ཅིང་། མཐར་དགེ་བ་འདི་ཡི་སོགས་ཀྱི་བསྔོ་བ་བྱ། འདི་ཉིད་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར། སེམས་ཤིན་ཏུ་འཇུར་བའི་བཟླ་དགོས་སྟེ། སློབ་དཔོན་

p. 647

ཆེན་པོས། གཞན་དུ་གཡེངས་པར་གྱུར་ན་ནི། སྐལ་པར་བཟླས་ཀྱང་འབྲས་མི་འབྱིན། ཞེས་གསུངས་པའི་དམིགས་པ་བཅུན་ལ་མ་ཡེངས་པ་གལ་ཆེའོ། །སྒྲིབ་པ་དག་པའི་རྟགས་སྤྱི་དང་མཐུན། ༈ མཎྜལ་གྱི་འཁྲིད་ནི། རང་གི་མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་གདབ་ནས་དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི་མཎྜལ་འབྱོར་ཚོགས་དང་བསྟུན་ལེགས་པར་ཕྱིས་སྟེ། དྲི་བཟང་དང་བ་བྱུང་གི་དྲིས་བྱུགས། མེ་ཏོག་གི་ཚོམ་བུ་སོ་བདུན་ལག་ལེན་ལྟར་བཀོད་བཞིན་པར་ཡིད་ཀྱི་དབང་ཆེན་གྱི་ས་གཞི་ལ་བསྟེན་པའི་ལྷུན་པོ་གླིང་བཞི་རི་མཚོ་འཁོར་ཡུག་དང་བཅས་པ། གླིང་བཞིའི་སྟེང་དུ་ཉི་ཟླ་གཟའ་སྐར་སོགས་སྲིད་རྩེ་མན་ཆད་ནས་ཁམས་གསུམ་རྫོགས་པའི་འཇིག་རྟེན་གྱི་ཁམས་འདི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པས་བཀང་བར་དམིགས་ཏེ་འབུལ་བ་ཕྱིའི་མཎྜལ། རང་གི་ཡོངས་སུ་བཟུང་བའི་བུ་དང་ཆུང་མ་འཁོར་གཡོག་ལོངས་སྤྱོད་སོགས། གཅེས་དགུ་མ་ལུས་པ་གཅིག་ཏུ་བསྡུས་ནས་ལྟོས་

p. 648

མེད་དུ་འབུལ་བ་ནང་གི་མཎྜལ། རང་གི་ལུས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་སུ་དམིགས་སྟེ་ཞེན་པ་མེད་པར་འབུལ་བ་གསང་བའི་མཎྜལ། དེ་ཐམས་ཅད་ཀྱང་འཁོར་གསུམ་ཡོངས་དག་བདེ་བ་ཆེན་པོའི་ངང་ལས་མི་འདའ་བའི་ཤེས་རབ་ཀྱི་ཟིན་པར་བྱས་ལ་ངག་ཏུ། ཆོས་དབྱིངས་རང་བྱུང་སོགས་གཞུང་ལྟར་ལ། བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་ཕུལ་ལ་མྱུར་དུ་སངས་རྒྱས་ཐོབ་པ་དང་། ཉམས་རྟོགས་ཁྱད་པར་ཅན་སྐྱེ་བར་གསོལ་བ་གདབ་མཐར་ཚོགས་ཞིང་མཆོད་རྫས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་བསྟིམ་དགེ་བ་བསྔོའོ། །རྟགས་སྤྱི་དང་མཐུན། ༈ བླ་མའི་རྣལ་འབྱོར་གྱི་འཁྲིད། གཞུང་དུ་རང་ཉིད་རྟ་ཕག་ཡབ་ཡུམ་སྐུ༔ ཞེས་པ་ནས། མོས་གུས་གདུངས་ཤུགས་དྲགས་པོ་ཡི༔ ཞེས་གཞུང་ལྟར། རང་གནས་ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་རྣམ་དག་ཏུ་གྱུར་པའི་རང་ཉིད་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་ཡེ་ཤེས་ལྔའི་རང་མདངས་འོད་ལྔ་འཁྲུག་པའི་ཀློང་ན། པདྨ་ཉི་ཟླ་ལ་སོགས་པའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ། བརྒྱུད་པའི་བླ་མ་ཡི་

p. 649

དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་བཀྲ་ལམ་གྱི་བཞུགས་པར་བསམ་མོ། །བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་གྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སངས་རྒྱས་ཐམས་ཅད་ཀྱི་ཞལ་མཇལ་བ། གསུང་དངོས་སུ་ཐོས་པའི་སྐལ་བ་མེད་པའི་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར་རང་རེའི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ཏེ། ལུས་ཞིང་གི་བརྡུལ་རྙེད་ལྟར་སྤྲུལ་ནས་སེམས་ཅན་རྣམས་དང་། ལྷན་གཅིག་པར་སྤྲུལ་ནས་ཕྱག་འཚལ་བ་དང་། མཆོད་སྤྲིན་མཐའ་ཡས་པ་སྤྲོས་ཏེ་འབུལ་བ། ཉེས་བྱས་ལ་དུག་འཐུང་བ་ལྟ་བུའི་འགྱོད་སྡོམ་གྱི་མཐོལ་བཤགས། རྨད་དུ་བྱུང་བའི་

p. 650

མཛད་པ་ལ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། ཆོས་འཁོར་བསྐོར་བར་བསྐུལ་བ། འདིས་མཚོན་པའི་བདག་གཞན་གྱི་དགེ་བ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་བསྔོ་བ་བཅས་དོན་བསམ་བཞིན། བླ་མ་སངས་རྒྱས་སུ་ཤེས་པའི་ཡོན་ཏན་དང་བཀའ་དྲིན་དྲན་པས་བློ་སྣ་མོས་གུས་གྱི་འཕྲོག་པའི་གདུངས་ཤུགས་སྙིང་གི་དཀྱིལ་རྐང་གི་ཁོང་རུས་པའི་གཏིངས་ནས་སྐམ་སྐམ་པ་བསྐྱེད་དེ། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གི་བསྐྱུར་ལ། རང་གི་བྱང་དྲངས་སྟེ་སེམས་ཅན་ཐམས་ཅད་ཀྱི་ཀྱང་གསོལ་བ་ཆིག་དྲིལ་དུ་འདེབས་པར་མོས་ལ། སེམས་བསྐྱེད་རྣམ་པར་དག་པས་ངག་ཏུ། ༈ ཨེ་མ་ཧོ༔ སྐྱེ་མེད་ཀ་དག་ཆོས་དབྱིངས་ཞིང་ཁམས་སུ༔ ཞེས་པ་ནས། མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག༔ ཅེས་པའི་བར་དང་། བླ་མ་ཡབ་ཡུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་དཀར་ཧཱུཾ་སྔོན་པོ་རྣམས་དུས་གསུམ་རྒྱལ་བ་སྲྀས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་བཞུགས་པ་ལས། ཨོཾ་ལས་འོད་ཟེར་དཀར་པོ་དང་། རྒྱལ་བའི་སྐུ་ཆེ་ཆུང་གྲངས་

p. 651

ལས་འདས་པ་འཕྲོས། རང་གི་དཔྲལ་བར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འཇའ་ལུས་ཟང་ཐལ་བུམ་པའི་དབང་ཐོབ། ལམ་མ་ཧཱ་ཡོ་ག་ལྷ་སྐུ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱས། ཨཱཿལས་འོད་ཟེར་དམར་པོ་དང་། གསང་སྔགས་ཡིག་འབྲུ་ཨ་ལི་ཀ་ལིའི་རྣམ་པར་རང་སྒྲ་དང་བཅས་ཉི་ཟེར་རྡུལ་ལྟར་འཕྲོས། རང་གི་མགྲིན་པར་ཐིམ་པས། ངག་གི་སྡིག་སྒྲིབ་ཐམས་ཅད་སྦྱངས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གསང་བའི་དབང་ཐོབ། ལམ་ཨ་ནུ་ཡོ་ག་རྩ་རླུང་བསྒོམ་ཞིང་བཟླས་བརྗོད་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས། ཧཱུཾ་ལས་འོད་ཟེར་སྔོན་པོ་དང་། རྒྱལ་བའི་ཕྱག་མཚན་དུ་མ་འཕྲོས། རང་གི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་སྦྱངས། དུས་སུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་ཨ་ཏི་ཡོ་ག་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། དུས་གསུམ་སངས་རྒྱས་ཐམས་ཅད་

p. 652

ཀྱི་འབྲས་བུ་ཆོས་སྐའི་གོ་འཕང་ཐོབ་པར་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཐིག་ལེ་ཐིག་ཕྲན་དང་སྐུ་ཆེ་ཆུང་ངེས་མེད་བུ་ཡུག་འཚུབ་པ་ལྟར་རང་གི་གནས་གསུམ་དུ་ཐིམ་པས། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དབང་བཞི་ཚིག་དབང་རིན་པོ་ཆེ་ཐོབ། ལམ་འོད་གསལ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཐོད་རྒལ་བསྒོམ་པ་ལ་དབང་། ཡེ་ཤེས་རྡོ་རྗེའི་ངོ་བོར་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་མོ། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས་ཡིད་ཀྱི་གསོལ་བ་བཏབ་པས། བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་རང་ལ་ཤིན་ཏུ་དགྱེས་པའི་འཛུམ་ཉམས་ཀྱི་རང་གི་སྤྱི་བོར་བྱོན་ནས་འོད་དུ་ཞུ་རང་ལ་ཐིམ་ནས་རང་སེམས་བླ་མ་དང་དབྱེར་མེད་བསྲེས་ལ་བཞག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། སོགས་ཀྱིས་བསྔོ་བ་ཤིས་བརྗོད་ཀྱང་བྱའོ། །དེ་དག་རྣམས་ནི་མདོ་སྔགས་གཉིས་ཀའི་སྔོན་འགྲོ་ཐུན་མོང་པའི་དབང་དུ་བྱས་པའོ། ༈ །ད་ནི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་

p. 653

གྱི་སྔོན་འགྲོ་དང་། རྣལ་དུ་དབབས་པའོ། དགོངས་གཏེར་ལས། ཕྱི་འཁོར་འདས་རུ་ཤན་དབྱེ་བ། ནང་འཁོར་འདས་རུ་ཤན་དབྱེ་བའོ། །གསུངས་པ་ལྟར་དང་པོ་ནི། རི་ངོག་ལུང་སྟོང་སོགས། མིའི་རྒྱུ་འགྲུལ་མེད་པའི་གནས་དབེན་པར་སོར་སྟེ། གཞི་བདག་ལ་དཀར་གཏོར་སྦྱིན་ཞིང་འཕྲིན་ལས་བཅོལ་ལ། དགོངས་གཏེར་ལས། དེ་ཡང་ཆོས་ཉིད་ཀྱི་གནས་ལུགས་གདོད་ནས་རང་ལ་ཡོད་ཀྱང་གནས་སྐབས་སུ་མ་རིག་པའི་སྒྲིབ་པས་སྒྲིབ་ནས་འགྲོ་བ་རིགས་དྲུག་གི་གནས་སུ་བར་མེད་དུ་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཀྱི་མནར་མེད། ད་ནི་སེམས་ཅན་གྱི་དོན་དུ་ད་རན་ནས་བཟུང་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱ་སྙམ་ནས་འགྲོ་བ་རི་དྲུག་སོ་སོའི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་མྱོང་བར་བསམ་ཞིང་། ལུས་ཀྱིས་འཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར། ངག་གི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་རྟོགས་པའི་སྣ་མི་སྐྱེལ་བར་ཤུགས་འབྱུང་འགགས་མེད་དུ་སྤྱད་པས་འགྱུ་བ་སྤུན་ཐག་མ་ཆད་ཀྱི་བར་དུ་བྱས་ནས་རྗེས་ཤེས་རིག་གི་རང་ངོ་ལ་བལྟ་ཞིང་

p. 654

ངལ་གསོ། དེ་ནས་ཡང་ལུས་ཀྱིས་བདེ་གཤེགས་ཞི་ཁྲོའི་རྣམ་འགྱུར་བྱ། དགོས་པ་ནི་སྒོ་གསུམ་གྱི་སྡིག་སྒྲིབ་དག་བར་ཆད་ཞི་མངོན་ཞེན་ལྡོག་རྡོ་རྗེ་གསུམ་གྱི་གོ་ཕང་འགྲུབ་པར་བྱེད་དོ། ༈ གཉིས་པ་ནང་འཁོར་འདས་རུ་ཤན་དབྱེ་བར་བྱ་སྟེ། ཀློང་གསལ་ལས། ནང་གི་འཕྲུལ་རྒྱུ་ཟད་བྱའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས་སྦྱངས་གཞི་རང་གི་ལུས་ཀྱི་གནས་དྲུག་ཏུ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་ཡོད་དོ། །དེ་ཡང་སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་ས་བོན་སུ་ལྗང་སེར། སྙིང་ཁར་མིའི་ས་བོན་ནི་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་བག་ཆགས་དང་བཅས་པ་ལྷན་སྐྱེས་སུ་གནས་པ། དེ་སྦྱོང་བྱེད་རིག་པའི་ཡེ་ཤེས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུཾ་སྔོན་པོ། དེ་ལས་ཐུགས་རྗེའི་ཟེར་ཐག་འཕྲོས། རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་བཞོབ་ཏུ་བསྲེགས། རིགས་དྲུག་གི་

p. 655

རྒྱུ་འབྲས་དྲུང་ནས་བྱུང་སྟེ། ལུས་ཤེལ་གོང་གཡའ་བྲལ་ལྟ་བུར་བསྒོམ། འབྲུ་གསུམ་གྱི་བསྙེན་པ་འབུམ་ཕྲག་བདུན་བྱའོ། །དགོས་པ་ནི། ཐལ་འགྱུར་ལས། །འོད་གསལ་དགོངས་པ་རྣམ་པ་གཉིས། །མཐུན་མོང་མཆོག་གི་དབྱེ་བས་བསྟན། །ཞེས་གསུངས་སོ། ༈ གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ནི། དགོངས་གཏེར་ལས། །ལུས་རྡོ་རྗེའི་འདུག་སྟངས་བྱ་ཞིང་། ངག་རླུང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱངས། ཞེས་གསུངས་པས་རྐངས་མཐིལ་གཉིས་སྦྱར་སོར་མོ་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱང་སྒལ་ཚིག་དྲང་པོར་བསྲངས། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱངས། མགྲིན་པ་ཨོལ་འདུད་ནོན་པར་བྱས། ཉ་བཞི་སྒྲིམ། མིག་བར་སྣང་ལ་ཧ་རེས་བལྟས་ལ་ལུས་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ། ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེ་ལྟར་བྱས་པས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་། ལུས་རང་བབས་སུ་ཕྲེས་སེ་སྐྱར་ལ་སེམས་རྟོགས་མེད་ཀྱི་རང་

p. 656

ངོ་སྐྱང་ངོ་། ༈ གཉིས་པ་ངག་གི་སྔོན་འགྲོ་ཧཱུཾ་སྦྱངས་ལ། ཕྱི་སྣང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི། གནས་དབེན་པར་ལུས་རྣམ་སྣང་གི་ཆོས་བདུན་བྱས་སྟེ་སྙིང་གར་ཧཱུཾ་སྔོན་པོ་ཞིག་བསྒོམ། དེ་ཉིད་གསལ་སྣང་ཐོན་པ་དང་། སོ་དང་ཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུཾ་གསུམ་གཅིག་ཏུ་བསྲེས་ནས། ཧཱུྃ་གི་གླུ་སྙན་ལ་རིངས་བ་བླངས་པས་སྙིང་གའི་ཧཱུཾ་ལ་ཧཱུཾ་ཡིག་དེ་འདྲ་བ་རྒྱུན་མི་ཆད་དུ་བྱུང་། སྣ་བུག་ནས་ཐོན་ཕྱིའི་སྣང་བ་ཐམས་ཅད་ཧཱུཾ་གི་མེ་རེ་རེ་ཁེངས་པར་སྣང་བ་ཐམས་ཅད་ཧཱུཾ་གི་བཀང་བར་བསམ་ཞིང་། དེ་ཐམས་ཅད་ཀྱང་བུང་བ་ཚང་ལ་ཞུགས་པ་ལྟ་བུར་ཧཱུཾ་གི་སྒྲ་དི་རི་རི་སྒྲོག་པར་བསམ་མོ། །དེ་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྒྱས་གདབས་པ་ནི། ལུས་གནད་ལྟ་སྟངས་སྔར་ལྟར་བྱས་ལ། ཧཱུཾ་ཞེས་བརྗོད་པའི། ཕྱི་རོལ་གྱི་ཧཱུཾ་རྣམས་སྣ་བུག་གཡས་གཡོན་ནས་ཐོགས་པ་མེད་པར་ཞུགས་པས་ལུས་ཀྱི་ནང་ཐམས་ཅད་རང་སྒྲ་དང་བཅས་སྟེ་མེ་རེ་རེ་བཀང་བར་བསམ་ཞིང་། རང་གི་གདོས་བཅས་ཤ་ཁྲག་གི་ལུས་རྣམས་མེད་པར་བྱས།

p. 657

རང་ལུས་སྣང་སྟོང་བར་སྣང་ལ་ཡོམ་ཡོམ་འདུག་པར་བསམ་ལ། རླུང་བུམ་པ་ཅན་བཟུང་དེ་ཆད་པ་དང་ཕཊ༔ ཅེས་བརྗོད་པའི་རང་བབས་སུ་བཞག །དེས་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། ༈ །གཉིས་པ་རྩལ་སྦྱངས་བ་ལ་གཉིས་ལས། དང་པོ། ཕྱི་སྣང་བ་ལ་རྩལ་སྦྱངས་ནི། ཧཱུཾ་དྲག་པོ་ངར་དང་ལྡན་པ་བརྗོད་པས། སྙིང་གི་ཧཱུཾ་མཐིང་ནག་དྲག་ལ་རྩུབ་པ་ཤུགས་དང་ལྡན་པ་གང་ལ་སྤྲོ་བ་དེ་དང་མཚམ་པ་ཞིག་མང་པོ་ཐོལ་ཐོལ་བྱུང་བའི། ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་བྱུང་དུ་ཕུག་ནས། སང་སེང་ཁྲལ་ཁྲོལ་བཏང་བར་བསམ། ཕྱིའི་ཡུལ་སྣང་རྣམས་ལ་ཨ་མཐས་ཀྱི་སྣང་བ་དག་པར་འཆར་བར་ཙལ་སྦྱང་བའོ། །དེ་ནི་སྣང་བ་བདེན་མེད་དུ་རྟོགས་པའི་དགོས་པ་ཡོད་དོ། ༈ །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱངས་བ་ནི། སྔར་ལྟར་ཧཱུཾ་སྦྱངས་ཞིང་སྤྲོས་པའི་རང་ལུས་ཀྱི་རྒྱབ་མདུན་སྟོད་སྨད་ཐམས་ཅད་ཐལ་ཕྱུང་ཕུག་སང་སེང་ཁྲལ་ཁྲོལ་དུ་ལུས་ཀྱི་ཕྱི་ནང་ཐམས་ཅད་ཕུག་ནས། དངོས་པོར་གྲུབ་པ་ཡུངས་འབྲུ་ཙམ་ཡང་མེད་པར་བསམ། ལུས་ཁོལ་བུར་ན་བ་དང་རང་

p. 658

བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ཕུང་པོ་འཇའ་ལུས་འོད་སྐུར་གྲོལ་བའི་དགོས་པ་ཡོད་དོ། ༈ །གསུམ་པ་གཉེན་བརྩལ་བ་ནི། རང་གི་མདུན་དུ་ཤིང་བུ་ལྟ་བུའི་དམིགས་བརྟེན་བཙུགས་ཏེ་ངག་ཧཱུྃ་གི་གླུ་རིང་པོ་བརྗོད་པའི་སྙིང་གི་ཧཱུྃ་གི་འཕྲེང་བ་བར་མ་ཆད་དུ་བྱུང་བར་དམིགས་བརྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ། རྩེ་མོར་སླེབ་པ་དང་ངལ་བསོ། ཡང་རིམ་བཞིན་ཧཱུཾ་ཞེས་བརྗོད་པའི་ཧཱུྃ་གི་ཐག་པ་རྣམས་རིམ་བཞིན་བཤིག་ནས། གཅིག་ལ་གཅིག་རིམ་གྱིས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུཾ་ལ་རྫོགས་པར་སྟིམ་ནས་ངལ་བསོ། དེ་ལྟར་རླུང་སེམས་ཧཱུཾ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་འགྲོ་ལྡོག་ལ་སྦྱངས་ནས་རྣམ་རྟོག་གི་ངར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེ་དམིགས་པ་གང་དུ་ཡང་བསྒྱར་ཐུབ་པ་ནི་གཉེན་བཙལ་བའི་དགོས་པ་ཡོད་དོ། ༈ །བཞི་པ་ལམ་དུ་གཞུགས་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུཾ་ཡིག་སྔོན་པོའི་རྣམ་པ་ཅན་བྱས་སྟེ། མདུན་ན་ཕར་སྲིན་འགྲོས་ལྟ་བུའི་རྣམ་པ་ཅན་བྱས་པའི་ལམ་ལ་ཞུགས་ནས་སོང་ཞིང་འཕྱོག་མཚམས་སུ་ཅུང་ཟད་ངལ་བསོ། རྒྱང་རིང་པོར་ཕ་རོལ་ཏུ་སོང་བར་

p. 659

བསམ་ཞིང་། ངག་ཏུ་ཧཱུཾ་རིང་པོ་བརྗོད་དེ། ཡང་སྔར་བཞིན་ཚུར་ལོགས་ནས་རང་སོར་གནས་པར་བསམ། བར་བར་དུ་ངལ་བསོ། དེའི་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་པའི་ཉམས་མཐོ་མན་ཅན་དང་། མཐར་ལུས་སེམས་བདེ་བས་ཁྱབ་པར་འཆར། དགོས་པ་ནི། ཐུན་མོང་ངག་གི་སྡིག་སྒྲིབ་དག་མངོན་ཞེན་སྦྱོངས། མཐར་ཐུགས་གསུང་རྡོ་རྗེ་འགྲུབ་པར་འགྱུར་རོ།། །།བཀྲིས།།

གཏེར་གསར་རྫོགས་ཆེན་གྱི་ཁྲིད་རིམ་མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ། ཆོས་རྒྱལ་ངག་གི་དབང་པོ།

p. 660
p. 661

༄༅། །གཏེར་གསར་རྫོགས་ཆེན་གྱི་ཁྲིད་རིམ་མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།

p. 662

འོག་མིན་ཆོས་དབྱིངས་རྣམ་དག་ཞིང་ཁམས་ནས། །སྟོན་པ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་དང་། །མདངས་རྩལ་མ་འགགས་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་ཕག་མོ་ལས་ཀྱི་དབང་མོ་ཆེར། །གསོལ་བ་འདེབས་སོ་ཟབ་མོའི་ལམ་མཆོག་གི །དགོངས་འགྲེལ་འཆད་པའི་གནང་བ་སྩོལ་པ་དང་། །བྱིན་རླབས་འཕོ་བས་རང་གཞན་སྐལ་ལྡན་ཀུན། །ཟབ་ལམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །ཤྲཱི་སེང་པད་འབྱུང་ཡེ་ཤེས་མཚོ་

p. 663

རྒྱལ་དང་། །བདེ་ཆེན་རྒྱལ་པོ་ཨོ་རྒྱན་བསྟན་འཛིན་སོགས། །བརྒྱུད་པའི་བླ་མ་དམ་པར་སྙིང་ནས་འདུད། །ཟབ་ལམ་འཆད་པའི་གནང་བ་སྩོལ་བ་དང་། །བརྩམས་པ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྒྱལ་ཀུན་འདུས་པ་རྟ་ཕག་ཡིད་བཞིན་ནོར། །གསང་བ་ཡེ་ཤེས་ལ་སོགས་ཡི་དམ་དང་། །མགོན་དཀར་ཡབ་ཡུམ་གསང་བ་སྨན་མོ་དང་། །ཤ་ཟ་རཱ་ཧུ་ལ་སོགས་སྲུང་མའི་ཚོགས། །བརྩེ་བས་དགོངས་ནས་གནང་བ་སྩོལ་བ་དང་། །བརྩམས་པ་མཐའ་རུ་ཕྱིན་པའི་གྲོགས་མཛོད་ཅིག

p. 664

ཐེག་དགུའི་ཡང་རྩེ་བཀའ་གསང་རྫོགས་པ་ཆེ། །ཤིན་ཏུ་རྨད་བྱུང་རྡོ་རྗེ་སྙིང་པོའི་ལམ། །གྲུབ་མཆོག་བྱེ་བའི་གཤེགས་ཤུལ་དོ་ཟླ་མེད། །སྐལ་བཟང་མགྲོན་པོ་རྣམས་ལ་འདིར་གསལ་བྱ།། །།དེ་ལ་འདིར་ཟབ་ཅིང་རྒྱ་ཆེ་བ་ཆོས་ཕུན་སུམ་ཚོགས་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་བཟང་། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲུབ་བྱ། ད་ལྟ་བའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་བཟང་། ཐེག་པ་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་

p. 665

ཨ་ཏི་རྫོགས་པ་ཆེན་པོ་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་པའི་མྱུར་ལམ་ཁྱད་པར་ཅན་གཏེར་གསར་མཁའ་འགྲོ་གསང་ཡེ་དང་། རྟ་ཕག་ཡིད་བཞིན་ནོར་བུའི་ཆོས་ཚན་གྱི་རྫོགས་ཆེན་ཁྲིད་རིམ་གསལ་བར་སྟོན་པ་ལ། ཐོག་མར་ལོ་རྒྱུས་ཀྱི་སྒོ་ནས་ངེས་ཤེས་བསྐྱེད་པ་དང་། གདམས་ངག་གི་ཁྲིད་ཚུལ་དང་གཉིས་ལས། དང་པོ་ལོ་རྒྱུས་འཆད་དགོས་ཏེ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་

p. 666

སྐྱོན་དུ་འགྱུར། །ཞེས་གསུངས། དེས་ན་རྫོགས་ཆེན་སྤྱིའི་བྱུང་ཚུལ་ལོ་རྒྱུས་རྣམས། མཁའ་འགྲོའི་སྙིང་ཐིག་སོགས་རྫོགས་ཆེན་གཞན་རྣམས་ལས་ཤེས་པར་གྱིས་ཤིག །ད་ནི་སྐབས་སུ་བབས་པའི་ཆོས་འདིའི་ལོ་རྒྱུས་ཟུར་ཙམ་ཞིག་བརྗོད་ན། རྫེ་འབངས་ཉེར་ལྔའི་ནང་ཚན་ཡེ་ཤེས་མཚོ་རྒྱལ་གྱི་རྡོ་རྗེ་ཕུར་པ་སྒྲུབ་པའི་སྒྲུབ་གྲོགས་རླངས་ཆེན་དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོར་བ་དེ་ཉིད་ཀྱི་སྐྱེ་མཐའ། རིག་འཛིན་སྟོབས་ལྡན་རྡོ་རྗེའི་སྤྲུལ་སྐུ་གཏེར་མཚན་བདེ་ཆེན་རྒྱལ་པོ་རྩལ་མེ་འབྲུག་ལོ་པ། དེ་ཉིད་རང་ལོ་སོ་གཉིས་སུ་སླེབ་ཐོག་མེ་མོ་ཕག་གི་ལོར་ཆུ་བོ་རིའི་སྤྱིལ་བུར་མཚམས་ཤིན་ཏུ་དམ་པར་གནས་སྐབས། ཁྲུམས་སྟོད་ཟླ་བའི་བཅོ་ལྔའི་ཐོ་རེངས་བུད་མེད་རྒྱན་ཆས་མཛེས་མ་ཞིག་གིས་ཁྱོད་རང་འདི་ནས་ཤར་ཕྱོགས་ཟངས་ཡག་བྲག་ཏུ་ཕྱིན་ན། གུ་རུའི་ལུང་བསྟན་ཞིག་ཡོང་བ་ཡོད་ཟེར་བ་བྱུང་ཀྱང་། ཉིད་ཀྱི་འཁྲུལ་པའི་སྣང་བ་མ་གཏོགས་བདེན་པར་མ་བཟུང་། སླར་ཡང་བུད་མེད་དེ་ཀས་ཡང་ཡང་བསྐུལ་མ་བྱུང་བར་བརྟེན། ས་བྱིའི་ལོར་དབོ་ཟླ་བར་ཟངས་ཡག་བྲག་ཏུ་གནས་སྐབས་ཚེས་བཅོ་ལྔའི་ཐོ་རེངས་ཀྱི་ཆར་

p. 667

ཉིད་ཀྱི་སྤུན། རིགས་ལྡན་དབྱིངས་རིག་གི་མིང་ཅན་དེས་ང་ཡི་མཐོང་སྣང་ལ་ནམ་མཁར་སྣ་ཚོགས་ཤིག་འཆར་གྱིན་འདུག་ཟེར། དེ་མ་ཐག་ཉིད་ཀྱང་བདེ་ཉམས་འབར་ཞིང་བར་སྣང་ལ་བལྟས་པའི་ཚེ། འཇའ་ཚོན་ཁ་དོག་ལྔ་ལྡན་གྱི་ཀློང་ན་གུ་རུ་པདྨ་རྒྱལ་པོའི་ཆས་སུ་མཛད་པ། ལྷ་ལྕམ་མནྡྷ་ར་བ་རབ་བྱུང་གི་ཆས་དང་། མཚོ་རྒྱལ་བོད་ཆས་སུ་ཡོད་པ། དཔའ་བོ་མཁའ་འགྲོ་མང་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ནས་གླུ་གར་སོགས་མཛད་ཅིང་། གཞན་ཡང་མ་ངེས་པའི་རྣམ་འགྱུར་སྣ་ཚོགས་མཛད་པ་དང་། པེ་ཧར་རྒྱལ་པོས་སྤོས་སྣ་དྲངས་པའི་སེར་སྦྲེང་ཚར་དུ་དངར་བ་དང་། ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟ་བུས་བསྐོར་བ་གསལ་ཞིང་། དེར་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་བཏབ་པས། གུ་རུ་པདྨ་རྒྱལ་པོའི་ཞལ་ནས། ཨ་ཧོ༔ ང་ཡི་བུ་མཆོག་སྙིང་དང་འདྲ་བ་ཉོན༔ བདག་འདྲ་ཨོ་ཌི་པདྨ་ཀཱ་ར་ཡིས༔ ལས་འབྲས་བསླུ་མེད་ང་ཡི་སྨྲ་བའིཚིག༔ ཙིཏྟར་སྟིམས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྔོན་གྱི་བག་ཆགས་བཟང་པོ་

p. 668

དྲན་དུས་ཡིན༔ སྦས་ཡུལ་པདྨ་བཀོད་ཀྱི་གནས་མཆོག་ཏུ༔ ང་ཉིད་སྨན་བླའི་ཚུལ་བཟུང་ཁྲི་ཡི་གཡོན༔ སྟོབས་ལྡན་རྡོ་རྗེའི་དངོས་གྲུབ་སྐལ་བ་ཞིག༔ སྦས་ཏེ་རྒྱ་ཡིས་རིམ་པར་བསྡམས་ནས་ཡོད༔ སྙིགས་དུས་སེམས་ཅན་བསོད་ནམས་ཆུང་བའི་སྟབས༔ རྟེན་འབྲེལ་ཟབ་མོ་དེ་ལ་མ་འཕྲོད་པའི༔ མ་འོངས་དུས་སུ་སྐྱེ་མཐའ་ཁྱོད་ཉིད་ལ༔ དངོས་གྲུབ་དེ་ཡི་སྐལ་བ་མཆིས་པའི་དུས༔ རྙེད་ནས་འགྲོ་དོན་ཡོང་བའི་སྨོན་ལམ་ཐོབ༔ སྐྱེ་སྔོན་རྟེན་འབྲེལ་དག་པའི་ཕུལ་ཤུགས་ཀྱི༔ ཤོག་སེར་ངོས་ནས་པདྨ་བཀོད་ཞིང་ནས༔ སྔོན་སྨོན་མཐུ་ཡིས་མཁའ་འགྲོས་བཏེག་ནས་འོང་༔ འདི་ནས་བརྩམས་པའི་བྱང་ཤར་གཏེར་སྒྲོམ་དུ༔ ཤོག་སེར་མཚོ་རྒྱལ་ལག་ཏུ་བཟུང་བྱས་ཏེ༔ མཚོ་རྒྱལ་དངོས་ཀྱི་བརྡ་ཚིག་བཤད་པ་འབྱུང་༔ ཡི་གེར་བཀོད་ལ་བརྡའ་རྣམས་མཁའ་འགྲོས་འཁྲོལཿ༔ རྒྱ་བོད་ཧོར་སོག་ཡུལ་དུ་སྤེལ་བྱས་ནས༔ ཆོས་འདིའི་འགྲོ་དོན་དཔག་མེད་ཡོང་བ་གྱིས༔ དེ་དུས་གནས་དེར་རྟེན་འབྲེལ་སྐལ་བ་ནི༔ ཤཱཀྱ་དེ་བའི་སྤྲུལ་པ་བུད་མེད་ཅིག༔ རུསནི་བལ་རུས་གོང་གཡའ་ཅན་ཞིག་ལ༔ ཤ་ཟ་མཁའ་འགྲོ་ཁོག་

p. 669

ཞུགས་བྱེད་པ་ཡོད༔ དེ་ལ་འཕྲད་ནས་རྟེན་འབྲེལ་འགྲིག་པ་འབྱུང་༔ མ་ཡེངས་ཆོངས་ཤིག་སྙིང་གི་བུ་མཆོག་ཁྱོད༔ ཅེས་གསུངས་ཤིང་། དེ་ལས་གཞན་པའི་ལུང་བསྟན་མང་ཙམ་ཕེབས་པ་བྱུང་ཀྱང་། འདིར་ཟབ་ཆོས་འདི་ཀའི་ལུང་བསྟན་འདི་ཙམ་ལས་གཞན་རྣམས་འདིར་མ་བྲིས་སོ། །གནས་དེར་ཉིན་ཞག་བདུན་གྱི་བར་ནམ་མཁའ་འཇའ་འོད་ཀྱི་གང་བ་ཀུན་གྱི་མཐོང་བ་བྱུང་། དེ་ནས་གུ་རུའི་ལུང་བསྟན་ལྟར་རྟེན་འབྲེལ་ཐམས་ཅད་འགྲིགས་སྟེ་ཟབ་གཏེར་སྙན་བརྒྱུད་དུ་སྤྱན་འདྲེན་པའི་དུས་སུ་ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་། དྲི་བཟང་འཐུལ་བ་སོགས་ངོ་མཚར་གྱི་ལྟས་ཀྱང་དཔག་མེད་བྱུང་གསུངས། གཏེར་སྒྲུབ་ཀྱི་ཚེ་ཉམས་དང་རྨི་ལམ་འདྲེས་མར་བུད་མེད་དར་ཚོན་གྱི་རྒྱན་གོས་སྤྲས་པ་ཞིག་གིས་ཁྱོད་རང་ལ་ཐེག་ཆེན་གླིང་པས་དབང་གནང་བ་ཡིན་འདུག་པས་དབང་ཞུ་རུ་ཤོག་ཟེར་བ་བྱུང་། དེར་འགྲོ་བའི་སྣང་བ་ཤར་ཞིང་ཕྱིན་པས། རྔ་ཡབ་པདྨ་འོད་ཡིན་ནོ་ཟེར། ཕོ་བྲང་དེའི་ནང་དུ་ཕྱིན་པས་འཇའ་འོད་ཀྱི་ཁྲི་སྟེངས་ཞིག་ན་གུ་རུ་པདྨ་རྒྱལ་པོ་བཀྲག་མདངས་གཟི་བྱིན་འོད་དུ་

p. 670

འབར་བ་ཞིག་གི་དྲུང་ན། དཀྱིལ་འཁོར་བལྟ་བའི་ཆོག་མི་ཤེས་པའི་མཐའ་སྐོར། ཙ་ཀླི་གོང་ཤམས་སྤྲས་པ་མང་པོས་སྐོར་བའི་དྲུང་དུ། གུ་རུ་པདྨ་རྒྱལ་པོས་བུམ་པ་དང་ཙཀླི་བསྣམས་ནས་དབང་བསྐུར་བའི་སྣང་བ་ཤར། དེ་ནས་ཞག་བདུན་ཙམ་སོང་འཕྲོ་ལ་ཉམས་དང་རྨི་ལམ་འདྲེས་མར་བུད་མེད་རབ་བྱུང་གི་ཆས་སུ་མཛད་པ་ཞིག་གིས། མ་ཆགས་པདྨའི་མཚོ་གླིང་ཡིན་ནོ་ཞེས་གསུངས་པ་ལ། བུད་མེད་གཅེར་བུ་ཞིག་གི་ཧཾ་གི་སྒྲ་ཞིག་ལ་དྲངས་ཏེ། རང་ཉིད་གསང་བའི་བྷ་གར་ཡར་དྲངས་ཏེ། མར་བཏོན་ཅིང་བྱང་སེམས་ཁར་བླུད་ནས་གསང་དབང་བསྐུར་རོ། །དེ་མ་ཐག་རང་ཉིད་ཀྱང་བདེ་ཉམས་འབར་བའི་སྣང་བ་བྱུང་བ་དང་བཅས། དཔོན་སློབ་ཀུན་གྱི་ཚོགས་ཀྱི་དགའ་སྟོན་བྱས་ཤིང་། སྤྲོ་བ་ཐོབ་པ་བྱུང་གསུངས། དེས་ན་གདམས་པ་འདི་ལ་མཁའ་འགྲོའི་ཞལ་རླངས་མ་ཡལ་ཞིང་དམ་ཉམས་དང་འདྲེས་ཁྱེར་གྱི་བསྲེ་སླད་མ་ཞུགས་པ། བརྒྱུད་པ་གཞན་ལ་ལྟོས་ན་འདི་ཉིད་ཁྱད་པར་དུ་འཕགས་པ་ཞིག་ཡིན་ནོ། །ཅུང་ཟད་རྒྱས་པར་སྤྲོ་ན་གཏེར་བྱུང་ལོ་རྒྱུས་རགས་པའི་ནང་ལྟར་རོ། ༈ །གཉིས་པ་གདམས་ངག་གི་

p. 671

འཁྲིད་ཚུལ་ལ་བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་པ་དང་གསུམ་ལས། དང་པོ་ནི། གཏེར་གསར་འདི་ཉིད་ཀྱི་རྩ་བ་རྡོ་རྗེའི་ཚིག་རྐང་ལས། བླ་མ་སློབ་མའི་མཚན་ཉིད་དང་༔ གནས་དང་དུས་དང་ཡོ་བྱད་གྲོགས༔ སྔོན་འགྲོའི་མཚན་ཉིད་ཕུན་ཚོགས་ལྡན་པས་བྱ༔ ཞེས་གསུངས་པས། དང་པོ་བརྟེན་དུ་མི་རུང་བ་སྤངས་བྱའི་བླ་མ་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐོས་རྒྱ་ཆུང་ལ་ང་རྒྱལ་ཆེ་བ། བླུན་རྨོངས་ཚིག་ལ་སྲེད་ཅིང་ཁེངས་སེམས་ཆེ་བ། ཤེས་རབ་ཆུང་ཞིང་དོན་ལ་རྨོངས་པ། བསྐྱེད་རྫོགས་དོན་ལ་གཡེལ་ཞིང་ལག་ལེན་སྡུག་པ། བདག་འཛིན་ཆེ་ཞིང་ཐུགས་རྗེ་ཆུང་བ། དག་སྣང་ཆུང་ལ་ལོག་ལྟ་ཆེ་བ། མཁྱེན་པ་ཆུང་ཞིང་ཕྱོགས་ཆ་ཆེ་བའི་བླ་མ་དེ་བརྟེན་ན་འཕུང་བར་འགྱུར་བས་སྤང་བར་བྱའོ། །ཞེས་གསུངས་སོ། །དེ་ལྟར་བླ་མ་ངན་པ་སྤངས་ནས་བཟང་པོ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོའི་ཚིག་དོན་ལག་ལེན་གསུམ་ལ་མཁས་པ།

p. 672

བསྐྱེད་རྫོགས་བཟླས་བརྗོད། ལྟ་བསྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ་ལ་རྟགས་དང་དྲོད་ཐོབ་པ། རང་ཉམས་སུ་ལེན་ཅིང་བསྒྲུབ་པ་ལ་བརྩོན་པ། གཞན་དོན་འཁྲིད་ལ་མཁས་ཤིང་ཐུགས་རྗེ་ཆེ་བ། ཐུགས་དགོངས་རྟོགས་པ་དང་ལྡན་པ། ཐུགས་རབ་དག་སྣང་དང་ཐུགས་རྗེས་འཛིན་པ། ཚེ་འདིའི་སྣང་ཤེས་དོར་ནས་ཕྱི་མ་དོན་དུ་གཉེར་བ། བརྒྱུད་པའི་བྱིན་རླབས་ཡོད་ཅིང་། ལག་ལེན་ཡོན་ཏན་ལྡན་པ་དེ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་པས་བརྟེན་པར་བྱའོ། །ཞེས་གསུངས་སོ། །སློབ་མ་སྣོད་ངན་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཁ་མཁས་ཤིང་རྒྱུད་ངན་པ། ལག་དམ་ཞིང་སྟོང་ཞུས་མཁས་པ། བཀའ་བཞིན་མི་སྒྲུབ་པར་ཚེ་འདི་ལ་ཞེན་པ། གདམས་པ་ཐོབ་(པ་ཙམ་གྱིས་ཆོག་པར་བཟུང་ནས་ཉམས་ལེན་མི་བྱེད་པའི་རིགས་)ཆོག་བྱེད་ཅིང་ཁ་ཡེངས་བ། དམ་ཚིག་མེད་ཅིང་དྲིན་ལ་རྩོད་པ། ཡོན་ཏན་མི་མཐོང་སྐྱོན་ལ་རྟོགས་པ། དེ་ལྟ་བུའི་སློབ་མ་ཆོས་ཀྱི་བདུད་དེ་སྤང་བར་བྱ། ཞེས་གསུངས་སོ། འོ་ན་སློབ་མ་སྣོད་ལྡན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཤེས་རབ་ཆེ་ཞིང་སྡུག་སྲན་ཆེ་བ། མོས་གུས་

p. 673

དང་། དག་སྣང་དང་། ངེས་འབྱུང་དང་སྐྱོ་ཤས་ཆེ་བ། ཚེ་འདི་བློས་བཏང་ནས། བསྒྲུབ་པ་སྲོག་དང་བསྡོ་ནུས་པ། ཅི་གསུངས་བཀའ་ཉན་ཅིང་། མོས་གུས་ལ་ལྟེམ་རྐྱང་མེད་པ་དེ་ལྟ་བུ་བཙལ་ལོ། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་མས་བླ་མ་ཇི་ལྟར་བརྟེན་ཚུལ་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མཚན་ཉིད་དང་ལྡན་པའི་བླ་མ་(སངས་རྒྱས་དངོས་ཀྱི་འདུ་ཤེས་མ་སྐྱེས་ན་བྱིན་རླབས་མི་འཇུག །བྱིན་རླབས་མ་ཞུགས་ན་རྟོགས་པ་རྒྱུད་ལ་མི་སྐྱེས་བའི་ཕྱིར་རོ། །)སངས་རྒྱས་དངོས་སུ་མཐོང་ནས་ཅི་གསུངས་གི་བཀའ་སྒྲུབ་ཅིང་། ལུས་སྲོག་ལ་མི་འཕང་བ། ཅི་ཡོད་ཆགས་མེད་དུ་འབུལ་ཞིང་། བླ་མ་མཉེས་ན་སྙིང་དང་མིག་འབུལ་ཡང་མི་ཆགས་པ་ཞིག་དགོས། ཞེས་གསུངས། དེ་ལྟར་བསྙེན་བཀུར་བྱས་ན་ཕན་ཡོན་ཅི་ཡོད་ཞེ་ན། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་

p. 674

འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོ་སྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་དང་། དགོངས་པ་འདུས་པ་ལས། བཀའ་ཟུར་མ་བཅག་ཆོས་བསྲུང་ན། །ཆོས་སྐྱོང་སྲུང་མས་མཐུན་རྐྱེན་རྣམས། །བུ་བཞིན་རྟག་ཏུ་བསྲུང་བར་བྱེད། །ཅེས་པ་ལ་སོགས་པའི་ཕན་ཡོན་རྒྱ་ཆེར་གསུངས་པའི་ཕྱིར་ལུས་ལོངས་སྤྱོད་ཐམས་ཅད་ཀྱི་མཆོད་ཅིང་བསྙེན་བཀུར་བྱའོ། ༈ །དེ་ནས་གནས་ཀྱི་མཚན་ཉིད་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཉམས་སུ་ལེན་པ་ལ་གནས་ཁྱད་པར་ཅན་གལ་ཆེ་སྟེ། མཚན་ཉིད་དང་མི་ལྡན་པའི་རྐྱེན་དང་བར་ཆད་འབྱུང་བས་གནས་ཁྱད་པར་ཅན་གྱི་མཚན་ཉིད་བརྟགས་པ་ནི། ལུང་སྟོང་ནི། དགེ་སྦྱོར་འཕེལ་བའོ། །རི་རྩེ་ནི་ཤེས་པ་གསལ་བའོ། །དུར་ཁྲོད་ནི་སྐྱོ་ཤས་སྐྱེ་བའོ། །ཤིན་ཏུ་དབེན་པ་ནི་ཉམས་ལེན་འཕེལ་བའོ། །དྭངས་ཤིང་མཐོ་བ་ནི་དབྱིངས་རིག་གསལ་བའོ། །གནས་ཁྱད་པར་ཅན་དེ་རྣམས་སུ་ཕྱིན་པ་ལ་དགོས་ཆེད་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་དགེ་སྦྱོར་ངང་གིས་འཕེལ་བའི་དགོས་པ་ཡོད།

p. 675

མཐར་ཐུག་ཏུ་དབྱིངས་རིག་ལ་མྱུར་དུ་བརྟན་པ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་གསུངས་སོ། ༈ །དུས་ཀྱི་མཚན་ཉིད་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དབྱར་མ་སྟོན་དང་དགུན་ཐ་ཆུང་། དཔྱིད་ཀྱི་དུས་སུ་ན་བུན་དང་། འཚུབ་མ་དང་སེར་བུ་མེད་པའི་ནམ་མཁའ་ཤིན་ཏུ་དྭངས་པའི་དུས་སུ་དབྱིངས་རིག་གསལ་བའོ། །ཁྱད་པར་དུ་ངོ་སྤྲོད་པའི་དུས་ནི། ཟེར་གཉིས་ཀྱི་དུས་སུ་ཤིན་ཏུ་གསལ་བའོ། །དེ་ལྟར་དུས་ཁྱད་པར་ཅན་ལ་ཡོན་ཏན་གཉིས་ཏེ། གནས་སྐབས་སུ་ངོ་སྤྲོད་པ་མགྱོགས། མཐར་ཐུག་ཏུ་ཉམས་ཀྱི་འཕེལ་བ་ཆེའོ། །ཞེས་གསུངས་སོ། ༈ །ཡོ་བྱད་ཀྱི་མཚན་ཉིད་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གདམས་པ་ཁྱད་པར་ཅན་ཞུ་བ་ལ་ཡོ་བྱད་ཚང་བར་དགོས་ཏེ། དེ་མ་ཚངན་མཁའ་འགྲོའི་ཆད་པ་འབྱུང་བས་ཡོ་བྱད་ཚང་བར་བསགས་པ་ནི། ཕྱག་རྟེན་དང་། དབང་ཡོན་དང་། ཚོགས་འཁོར་དང་། གཏོར་མའི་རྒྱུ་དང་། རང་གི་ཁམས་གསོ་བ་དང་། དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བསགས་དགོས། དེ་ལྟར་བསགས་པ་ལ་དགོས་ཆེད་གཉིས་ཏེ། གནས་

p. 676

སྐབས་དང་མཐར་ཐུག་གོ །གནས་སྐབས་སུ་གདམས་པ་ལོན་ཅིང་མཐར་ཐུག་དངོས་གྲུབ་ཐམས་ཅད་ཐོབ་པའོ། །ཞེས་གསུངས་སོ། ༈ །གྲོགས་ཀྱི་མཚན་ཉིད་ནི། ཀློང་གསལ་ལས། དམ་ཚིག་གཙང་ལྡན་དག་པའི་སྣང་བ་ཆེ། །དུག་ལྔ་ཤུགས་ཆུང་བློ་བརྟན་ཁོག་ཡངས་པ། །ངང་རྒྱུད་རིང་ཞིང་བརྩེ་བའི་གྲོགས་དང་འགྲོགས། །ཞེས་གསུངས་སོ། །གྲོགས་དེ་འདྲ་བརྟེན་པའི་དགོས་པ་ནི། དེ་ཉིད་ལས། དམ་པའི་གྲོགས་ཀྱི་ཆོས་ལྡན་བྱང་ཆུབ་ཐོབ། །ཅེས་གསུངས་སོ། གདམས་པ་ལ་འཇུག་པའི་རྒྱུ་རྣམས་བསྟན་ཟིན་ཏོ། ༈ །ད་ནི་ཐུན་མོང་གི་སྔོན་འགྲོ་ལ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཉན་ཐོས་གྱི་ཐེག་པ་དང་སྒོ་བསྟན་ཏེ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་དཀའ་བསམ་པ༔ དེ་མི་རྟག་པའི་ཚུལ༔ དཀར་ནག་ལས་ཀྱི་འབྲས་བུ་སྨིན་ལུགས༔ འཁོར་བའི་སྡུག་བསྔལ་དང་༔ ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་བལྟ་བ་དང་སྐྱབས་སུ་འགྲོ་བའོ། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་དང་སྒོ་བསྟུན་ཏེ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་༔

p. 677

གསང་སྔགས་ནང་པ་དང་སྒོ་བསྟུན་ཏེ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས༔ ཚོགས་བསགས་མཎྜལ༔ བླ་མའི་རྣལ་འབྱོར་མོས་གུས་བྱིན་རླབས་ཀྱི་རྟོགས་པ་མངོན་སུམ་དུ་བྱ་ཕྱིར༔ གསོལ་བ་བཏབ་པ་ཏིང་ངེ་འཛིན་གྱི་དབང་བླངས་པའོ༔ ཞེས་གསུངས་པ་བཞིན། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་དང་དགུ་ལས། ༈ །དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། རྗེ་རིན་པོ་ཆེའི་ཞལ་ནས། རྙེད་དཀའ་བསམ་ན་གྱི་ནར་སྡོད་ཐབས་མེད། དོན་ཆེན་རིག་ན་དོན་མེད་འདའ་བ་སྤངས། ཞེས་གསུངས་པ་བཞིན་འདི་ལྟར་བསམ་སྟེ། དེ་ཡང་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་། ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དུ་ཟིན་ཀྱང་། ད་དུང་ཡང་སྡུག་བསྔལ་གྱི་མཐའ་རྟོགས་པ་དཀའ་བར་འདུག །དེས་ན་ད་རེས་མི་ཁོམ་པའི་གནས་རྣམས་སུ་མ་སྐྱེས་པར་དལ་འབྱོར་གྱི་མི་ལུས་ཐོབ་པ་

p. 678

འདི་དཔེར་ན་ལོང་བས་ནོར་བུ་རྙེད་པ་ལས་ཀྱང་ངོ་མཚར་ཆེ་སྟེ། །དལ་འབྱོར་བསྟན་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེ་བཞི་མདོ་ནས་རྙེད་པ་ལྟར། འཁོར་བན་རྒྱུ་བའི་སེམས་ཅན་མ་རིག་པའི་ལིང་ཏོག་གིས་ལོང་བ་དག་གིས་མི་ཉིད་ཀྱི་དངོས་པོ་རྙེད་པ་ནི་མཆོག་ཏུ་དཀའ་སྟེ། ཁྱེད་ཀྱིས་རྟག་ཏུ་ལེགས་པའི་ཆོས་སྒྲུབ་པར་བྱ་དགོས་སོ། །ཞེས་གསུངས། འོ་ན་དལ་འབྱོར་ཞེས་པ་གང་ཡིན་ཞེ་ན། དལ་བ་བརྒྱད་དང་འབྱོར་བ་བཅུ་སྟེ། དལ་བ་བརྒྱད་ནི། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །སངས་རྒྱས་ཀྱིས་སྟོང་ལོག་ལྟ་དང་། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་དལ་བ་བརྒྱད་དོ། །འབྱོར་བ་བཅུ་ནི། མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚངས་པ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ། ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་

p. 679

ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱེད་པ་ལ་གཞན་བརྩེ་བ་སྟེ་ལྔ་ནི་གཞན་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་གསུངས། དེ་ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་སྟེ། འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡང་ཡང་རྙེད་དཀའ་ཨུདུམ་ཝཱ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ། །ཞེས་དང་། གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་ཞལ་ནས། མི་ཁོམ་བརྒྱད་པོ་སྤངས་པ་ཡིས། །དལ་འབྱོར་ཚངས་པའི་མི་ལུས་དཀའ། །ཞེས་གསུངས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙོང་ཁ་པ་རིན་པོ་ཆེའི་ཞལ་ནས། མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་སྒྲུབ་པའི་གནས་ཡོད་པའི། །ཚུལ་འདི་སོམས་ལ་མི་ལུས་སྙིང་པོ་ལོངས། །ཞེས་གསུངས། ༈ རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་

p. 680

བཟུང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་བས་མཚམས་སྦྱར་ནས་ཐོབ་དགོས། རྒྱུ་དེ་ལྟ་བུ་སྒྲུབ་པ་ཤིན་ཏུ་དཀོན་པའི་ཕྱིར་རྙེད་པར་དཀའ། ༈ །དཔེའི་སྒོ་ནས་ཀྱང་རྙེད་པར་དཀའ་བ་ནི། སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་གསུངས་ཤིང་། གཞན་ཡང་དཔེ་གསལ་བ་གྱང་ལོགས་ལ་སྲན་མ་གཏོར་བ་དང་། ཁབ་རྩེར་ཡུངས་དཀར་བླུག་པ་རེ་རེ་ཙམ་ཆགས་པ། དལ་འབྱོར་ཐོབ་པའི་ཚོད་ཙམ་ཡིན་ལ། ས་ལ་ལྷུང་བ་རྣམས་མི་ཁོམ་པའི་གནས་སུ་སྐྱེ་བའི་ཚོད་ཙམ་ཡིན་གསུངས། ༈ གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། སེམས་ཅན་སྤྱི་ཙམ་ལ་བསམ་ན། ནམ་མཁའི་དབྱིངས་དང་མཉམ་ལ། འཛམ་བུ་གླིང་པའི་སེམས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ། འཛམ་བུ་གླིང་པའི་ཡང་གཞན་ཕར་ཞོག ། ནགས་ཚལ་གཅིག་གམ། ཆུ་ཀླུང་གཅིག་གམ། འཁྱིལ་ཆུ་གཅིག་ན་སྣང་བའི་སྲོག་ཆགས་ལ་ལྟོས་ན། མི་ལུས་ཐོབ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ་པའི་མང་ཉུང་

p. 681

དང་ཚོད་མཉམ་སྟེ། ཀུན་མཁྱེན་ཆེན་པོའི་ཞལ་ནས། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོ་སྒྱུར་རྙེད་འདྲ། །ཞེས་གསུངས། དེ་ལྟར་རྙེད་དཀའ་བ་ཙམ་དུ་མ་ཟད། དོན་ཆེ་སྟེ། ད་རེས་བླང་དོར་མ་ནོར་བའི་མདུན་མ་ཞིག་བྱས་ན། མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ནུས། ཉན་ཐོས་དང་རང་སངས་རྒྱས་ཀྱང་ཐོབ་ནུས། རྫོགས་པའི་སངས་རྒྱས་ཀྱང་ཐོབ་ནུས་པའི་ཕྱིར། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའི་དུས་འདིར་ཆུད་ཟོས་སུ་མི་བཏང་བར་དམ་པའི་ཆོས་ཁོ་ན་བྱས་ཏེ། དལ་འབྱོར་དོན་ལྡན་ཞིག་མཛད་དགོས་སྙམ་དུ་བསམ་པར་བྱའོ། ༈ །དེ་ནས་དམིགས་པས་དལ་འབྱོར་རྙེད་དཀའ་འདི་ལྟར་བསམ་ནས་ཆོས་ལ་བསྐུལ་བར་བྱ་སྟེ། ཀུན་བཟང་སྙིང་ཐིག་ལས། གཡོན་གྱི་པུས་མོ་ཕབ་ལ། ལག་པ་གཡས་ཀྱི་གྲུ་མོ་པུས་བཙུགས་ཏེ་འགྲམ་པ་སྐྱོར་གཡོན་པུས་མོ་ལ་བཀབ་སྟེ། མྱ་ངན་གྱི་འདུག་སྟངས་བཅས་ལ། དམིགས་པ་ནི། ཡུལ་ཕྱོགས་ཐམས་ཅད་ཐང་ཡངས་ཤིང་རྒྱ་ཆེ་བ་ལ། ངན་སོང་གསུམ་གྱི་སེམས་ཅན་བསམ་གྱིས་མི་ཁྱབ་པ་རང་རང་

p. 682

གི་སྡུག་བསྔལ་གྱི་མནར་ཏེ་ངུ་ཙི་དི་རི་བ། དེའི་དཀྱིལ་དུ་བྲག་རི་ཤིན་ཏུ་མཐོ་བ་གཅིག་གི་སྟེང་ན་རང་གཅིག་པུ་གྲོགས་མེད་པར་མི་ལུས་ཐོབ་ནས་ཡོད་པ་དེ་ཉིད་མར་ལྷུང་ལ་ཁད་ཡོད་པ་ལ། འདི་སྙམ་དུ། ཨ་ཙ་མ། དམྱལ་བ་ཡི་དྭགས་དུད་འགྲོ་དཔག་ཏུ་མེད་པ་འདི་ལྟ་བུའི་ནང་ནས། རང་གཅིག་པུར་མི་ལུས་ཐོབ་པ་སྔོན་དགེ་བའི་མཐུ་གཅིག་ལ་བརྟེན་ནས་སྟབས་ཀ་ཡག་པ་ཙམ་འདུག་ཀྱང་། ཚག་མེད་པར་མ་ཀིའི་སྡུག་བསྔལ་ཚན་པོ་ཆེ་དེར་མྱུར་དུ་འགྲོ་དགོས་པ་འཕངས་པ་ལ། ད་མ་ཀིར་མི་ལྷུང་བའི་ཐབས་ཇི་ལྟ་བུ་ཞིག་དྲག་གམ། ཨ་ཙི་འཇིགས་པ་ལ་སྙམ་པའི་ངང་ནས་ཚིག་འདི་ལྷང་ལྷང་དུ་བརྗོད་ཅིང་། ཨ་ཙ་མ་ང་རེ་འཇིགས། །ངན་སོང་སེམས་ཅན་མང་ལུགས་སམ། །མི་ལུས་ཐོབ་པ་དཀོན་ལུགས་སམ། །མ་ཀིར་ལྟུང་བའི་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིག་པར་སླ། །འདི་ལས་ཇི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་སྒྲུབ་པ་ལ། །ཞེས་སྨྲེ་སྔགས་ལྷང་ལྷང་སྒྲོག་བཞིན་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་པ། ཕྱག་གཉིས་

p. 683

སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་བཅས་པ་བྱུང་སྟེ། འདི་སྐད་གསུངས་བར་བསྒོམ་ལ། ཀྱཻ་མ་དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། མྱུར་དུ་ངན་འགྲོའི་གནས་སུ་ལྷུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་སྒྲུབ་ན། །ཕྱིས་ནི་མི་ལུས་ཤིན་ཏུ་རྙེད་པར་དཀའ། །ཞེས་གསུང་མ་ཐག་ཏུ་རང་གི་བསམ་པ་ལ། ད་ལན་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས། མ་ཀི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདག་གིས་བསྒྲལ་བར་བྱའོ་སྙམ་པའི་སེམས་བསྐྱེད་མཐག་ཏུ། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུག་པ་ཙམ་གྱིས་རང་ཉིད་བདེ་ཆེན་གྱི་ཞིང་དུ་ཡེར་གྱིས་སླེབ་བྱུང་སྙམ་པ་དང་། བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་མེད་འཕྲོས་ཏེ། དེ་དག་གཅིག་ཀྱང་མ་ལུས་པ་བདེ་ཆེན་གྱི་ཞིང་དུ་དྲངས་པར་བསམ་ཞིང་སེམས་ཅན་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈ །གཉིས་པ། ཚེ་མི་རྟག་པ་བསམ་ནི། དེ་ཡང་འཆི་བ་བསམ་པ་གལ་ཆེ་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཚེ་འདིའི་དོན་གཉེར་ལྡོག་བྱའི་ཕྱིར། །མི་རྟག་འཆི་བ་ཡང་ཡང་བསམ། །ཞེས་དང་།

p. 684

རྗེ་རིན་པོ་ཆེའི་ཞལ་ནས། འཆི་བ་བསམ་ན་ཕྱི་མར་འགྲོ་གྲབ་བྱེད། །ཅེས་གསུངས། དེས་ན་འདི་ལྟར་བསམ་པར་བྱས་ཏེ། དེ་ཡང་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་ཐོབ་ཀྱང་། གཏན་དུ་སྡོད་དབང་མེད་པར་མྱུར་དུ་འཆི་དགོས་ཏེ། ཆོས་སྒྲུབ་པ་ལ་ག་ལེ་སོས་དལ་གྱི་ལོང་མེད་པའི་མྱུར་དུ་དལ་འབྱོར་ལ་སྙིང་པོ་ལེན་དགོས་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མི་རྟག་བློ་གཏད་མེད་པར་མ་ཤེས་ན། །ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །ཅེས་དང་། འཆི་ཁའི་ནད་པ་སྣམ་ཟད་མར་མེ་འདྲ། །ཚེ་ཡི་འཕེལ་རྐྱེན་ཟད་པའི་སྡོད་དབང་མེད། །ཅེས་གསུངས་པ་བཞིན། ཐུན་མོང་གི་དངོས་གྲུབ་བརྙེས་པ་རྣམས་ཀྱང་འཆི་བའི་དུས་ལ་བབ་པའི་ཚེ་མི་འཆི་བའི་དབང་མེད་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ཀྱང་། མཐར་མེ་ཆུ་རླུང་གསུམ་གྱིས་འཇིག་པས་ན། རང་རེ་ལྟ་བུ་སྨོས་ཅི་དགོས། སངས་རྒྱས་ཀྱི་ཞལ་ནས། སྐྱེ་བ་ཡོད་ན་འཆི་བ་ཡོད། །དར་བ་ཡོད་ན་རྒུད་པ་ཡོད། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་

p. 685

ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་གསུངས། ངེས་པར་འཆི་དགོས། ནམ་འཆི་ལ་ངེས་པ་མེད་དེ། ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོད་མེད་པའི། །སང་གི་ཚེས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས། འཆི་བའི་ཚེ་ལུས་ལོངས་སྤྱོད་གཉེན་མཛའ་བཤེས་ཀུན་དང་བྲལ་ནས། མར་གྱི་ནང་ནས་སྤུ་བཏོན་པ་ལྟར། འཇིག་རྟེན་ཕ་རོལ་ཏུ་འགྲོ་ཚེ། ལས་དགེ་བ་མ་གཏོགས་ཕན་པ་གཅིག་ཀྱང་མེད་པས་ན། ཚེ་འདི་ལ་ཆགས་པས་ཅི་ཞིག་བྱ། འདི་རྣམས་ཀྱིས་བདག་འདོར། བདག་གིས་ཀྱང་འདི་རྣམས་འདོར། ནམ་འདོར་ཆ་མི་འདུག་པས། ད་ལྟ་འཆི་ཡང་མི་འགྱོད་པའི་ཆོས་ཤིག་བྱ་དགོས་སྙམ་དུ་བསམ་ལ་ཞེ་ནས་དམ་བཅའ་ཡང་ཡང་བྱའོ། །འཆི་བ་མི་རྟག་པ་འདི་རྒྱུད་ལ་མ་སྐྱེས་ཕྱིན་ཆད། དགེ་སྦྱོར་བྱས་ཟེར་ཀྱང་སྟོབས་ཆུང་བ་དང་། ཚེ་འདི་འབའ་ཞིག་ལ་སོང་ནས་ཕན་ངེས་པ་ཞིག་ཏུ་མི་འགྱུར་ཞིང་། སང་བྱ་གནང་བྱའི་ངང་ལ་ཕྱི་བཤོལ་དུ་ལུས་འགྲོ་

p. 686

བས། དེས་ན་འཆི་བ་བསམ་པ་ལ་འབད་པར་བྱའོ། །དེ་ནས་འཆི་བ་མི་རྟག་པ་འདི་ལྟར་བསམ་ནས་ཀྱང་ཆོས་ལ་བསྐུལ་བར་བྱ་སྟེ། ཀུན་བཟང་སྙིང་ཐིག་ལས། ལུས་གནད་གོང་ལྟར་རམ། །སྐྱིལ་ཀྲུང་བཅས་ལ་དམིགས་པ་ནི། བདག་གང་ནས་ཡོང་ཕྱིན་ཆ་མེད་པའི་ལུང་པ་དེ་ནི་ཁ་བྱང་དུ་བསྟན་པ། ཁ་དོག་ནག་པ་གྱང་སྟོང་དམར་སང་སང་བ། མིའི་རྒྱུ་འགྲུལ་མེད་པ། རྫ་རི་སྔོ་དཔུང་དཔུང་རྫ་ཆུ་ཁྲ་ལ་ལ་འབབ་པ། གྲོག་རལ་ཁ་ཤལ་ཤལ་པ། འཇག་སྐྱ་ཀྱུ་རུ་རུ་ཟེར་བ། མི་རོ་མང་པོ་གཅན་གཟན་གྱི་ཕར་འཐེན་ཚུར་འཐེན་པ། ཝ་མོ་ཁེང་ཁེང་བརྒྱལ་བ། བྱ་རོག་ཏོང་ཏོང་། འུག་པ་ཧ་སྒྲ་སྒྲོག་པ། བྲག་རི་མཐོ་སང་སང་། ལྷག་པ་འུ་རུ་རུ་ཟེར་བ། ཉི་མ་རི་རྩེ་ལ་ནུབ་པ། གྲིབ་སོ་ནག་ངམ་ངམ་པ། དེར་གང་ནས་ཕྱིན་ཆ་མེད་པའི་སར་སླེབས་ཏེ། སྔོན་ཆད་འགྲོ་ནི་མ་མྱོང་། གྲོགས་མེད་གཏད་སོ་མེད་པར་ཐོམ་ཐོམ་དུ། ཀྱེ་མ་ཀྱེ་ཧུད་ཨ་ཙ་མ། །གར་འགྲོའི་གཏད་སོ་བདག་ལ་མེད། །བུ་དང་ནོར་རྫས་གར་ཡོད་དམ། །ཡུལ་དང་ཕ་མ་ནམ་སླེབ་བམ། །ཀྱེ་མ་ཀྱེ་ཧུད་ང་རེ་སྐྱོ། །ཞེས་ལྷང་ལྷང་ཟེར་ཞིང་ཐོམ་

p. 687

ཐོམ་ཕྱིན་པ་ལས། ནམ་ཞིག་ཙ་ན་བྲག་རོང་ཞིག་ཏུ་གློ་བུར་དུ་ལྷུང་ཞིང་། ལག་པ་གཡས་པས་བྲག་གི་དཀྱིལ་དེར་རྩ་ཕོན་གཅིག་འདུག་པ་དེ་ལ་ཟིན་ཏེ། དམ་དུ་བཅིངས་ཤིང་འདར་ཁྲི་ལི་ལི་ཡོད་པ་ལ། མར་ལ་བལྟས་པས་ནི་གཏིང་ཟབ་མི་མངོན་པ། ཡར་ལ་བལྟས་པས་གནམ་ལ་རེག་པ། མེ་ལོང་གི་ངོས་ལྟར་འདྲེད་ཅིང་རྒྱ་ཆེ་བ། རླུང་འུ་རུ་རུ་ཟེར་བ་གཅིག་ཏུ་ལྷུང་བ་ལས། རྩ་ཕོན་དེའི་གཡས་ཕྱོགས་ཀྱི་བྲག་གི་སེར་ཁ་གཅིག་ནས། བྱི་བ་དཀར་པོ་གཅིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར་སོང་། གཡོན་ཕྱོགས་ནས་བྱི་བ་ནག་པོ་གཅིག་བྱུང་ནས་རྩ་ཉག་མ་གཅིག་བཅད་དེ་ཁྱེར། དེ་གཉིས་རེས་མོས་བྱས་ཏེ་ཁྱེར་བའི་རྩ་ཕོན་དེ་ཇེ་ཆུང་ལ་སོང་། བྱི་བ་ལ་རྒོལ་ཐབས་ནི་མེད། ཤི་བ་ལ་ནི་འཇིགས་སྐྲག་དངངས་འདར་ཏེ། ཨ་ཙ་མ་ད་ནི་བདག་ལ་ཤི་བ་སླེབས་ཏེ་གདའ། བོས་པས་ཐོས་པའི་ས་ནི་མེད། སྔོན་ཆད་འཆི་བ་མ་དྲན་པས་ཆོས་ནི་མེད། ཤི་བ་ཡོང་རྒྱུ་མེད་པར་གློ་བུར་དུ་སླེབ། ད་ནི་བུ་ཚ་ནོར་རྫས་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང་དེང་ཕྱིན་ཆད་འཕྲད་ནི་མི་ཡོང་། སྔོན་ལ་དགེ་བ་

p. 688

ནི་མ་བྱས། ནོར་བསགས་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་གཤིན་ཡུལ་མུན་ནག་ཐག་རིང་དུ་གྲོགས་མེད་གཅིག་བུར་འགྲོ་བ། ཨ་རྫི་འཇིགས་པ་ལ་འདི་ལས་ཐར་བའི་ཐབས་ཅི་དྲག་གམ་གང་ན་ཡོད། ཅི་ཙུག་བྱེད། ཨ་ཙ་མ་འདི་ལས་ཇི་ལྟར་བྱས་ན་ཐར། ཞེས་སྨྲེ་སྔགས་ལྷང་ལྷང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་དེ་ཉིད་པད་ཟླའི་སྟེང་ན་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ནས་ཌཱ་དྲིལ་བསྣམས་ཏེ། གར་སྟབས་ལིང་ལིང་བྱོན་ཅིང་འདི་སྐད་དུ། ཀྱེ་མ། ད་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། རྒན་རིམ་དགྲ་གཉེན་ཐམས་ཅད་འཆི་དང་རྒུད། །གཞོན་རིམ་དར་མ་ལོ་ཟླ་ཞག་གྲངས་འགྱུར། །འཆི་བ་འདི་ལ་ཟློག་ཐབས་ཅི་ཡང་མེད། །ཟློག་ཐབས་འདུག་གམ་ད་ལྟའི་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མར་མོས་གུས་མཛོད། །ཅེས་གསུངས་པ་དེ་ཐོས་པ་ཙམ་གྱིས། ཀྱེ་མ་འདི་ལྟ་བུའི་འཆི་བ་ལ་ཐུག་པའི་ཚེ། ཆོས་ཤིག་བྱ་རྒྱུ་ཡིན་པར་འདུག་པ་ལ། དེ་སྔ་ཆོས་ཤིག་མ་བྱས་ང་རེ་འགྱོད། ད་ནི་ཤི་རུང་གསོན་རུང་བླ་མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་ལ་ཐུགས་

p. 689

རྗེ་ཡོད་ན་བདག་འཁོར་བའི་གཡང་ས་ཆེན་པོ་འདི་ལས་བསྒྲལ་ན་ཅི་མ་རུང་བསམ་ཞིང་། བླ་མ་དཀོན་མཆོག་མཁྱེན་ཅེས་སྙིང་ཐག་པ་ནས་མོས་གུས་དྲག་པོ་བྱས་པ་ཙམ་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་ཞིག་བདག་ལ་ཟུག་པ་དང་། རྩ་ཕོན་ཆད་པ་དུས་མཚུངས་ཏེ། རང་འོད་ཟེར་དེས་གཡང་ལས་བཏེགས་ཏེ། བདེ་ཆེན་གྱི་ཞིང་དུ་སླེབ་བྱུང་སྙམ་པ་དང་། བདག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་མེད་འཕྲོས། ཁམས་གསུམ་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་ཆེན་ཞིང་དུ་དྲངས་པར་བསམ་ཞིང་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། ༈ །གསུམ་པ་ལས་རྒྱུ་འབྲས་ལ་བསམ་པ་ནི། དེ་ཡང་གོང་དུ་བཤད་པ་ལྟར་འཆི་བ་མི་རྟག་པས་ཚེའི་དུས་བྱས་ཀྱང་སྐྱོན་མེད་དེ། ཡང་སྐྱེས་ནས་འོང་སྙམ་ན། ཤི་ནས་གར་སྐྱེས་ལས་ལ་རག་ལས་པས། ལས་དགེ་བ་བྱས་པས་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ལ། ལས་མི་དགེ་བ་ལས་ངན་འགྲོར་སྐྱེས་པ་སྟེ། རིན་ཆེན་འཕྲེང་པ་ལས། དགེ་བའི་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་

p. 690

དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི། །སྡིག་པས་ཚེ་འདིར་བདེ་བའི་ཅི་ཞིག་བྱ། །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན། །འཇིག་རྟེན་ཕྱི་མ་ཚད་བཟུང་མེད་པའི་ཕྱིར། །སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ། །ཞེས་གསུངས། དེས་ན་ཐར་བ་འདོད་པ་དག་གིས་དགེ་སྡིག་བླང་དོར་བྱའོ། །སོ་སོ་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན། དགེ་བ་ནི་གཉིས་ཏེ། བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་ནོ། །དང་པོ་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་ནི། ལུས་ཀྱི་ལས་གསུམ་གྱི་དང་པོ་སྲོག་གཅོད་པ་སྤང་བ་ནི། ཆེ་བ་མི་དང་མིར་ཆགས་པ་གསོད་པ། ཆུང་བ་ཤིག་གསོད་པ་སོགས་སྤང་བའོ། །གཉིས་པ་མ་བྱིན་པ་ལེན་པ་ནི། གང་ཟག་གཞན་གྱིས་བདག་ཏུ་བཟུང་བའི་གསེར་དངུལ་སོགས་དངོས་པོ་ཆེ་ཆུང་

p. 691

དངོས་སུ་འཕྲོག་པ་དང་། འཇབ་བུས་བརྐུ་བ་གཉིས། འདི་ལ་དབྱེ་ན་གཡར་པོ་དང་བཅོལ་པོ་སྣ་ཚོགས་གཡོ་ཐབས་ཀྱིས་བླངས་པ་དང་། སྐྱིན་པ་མི་འཇལ་བ་དང་། བྲེ་སྲང་ལ་གཡོ་རྒྱུ་བྱས་ནས་བརྐུ་བ་སོགས་སྤོང་བའོ། །གསུམ་པ་ལོག་གཡེམ་ནི། སྐྱེས་པ་དང་བུད་མེད་སོགས་ཀྱི་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་མི་ཚངས་པར་སྤྱད་པ་དང་། རང་དང་གཞན་གྱིས་སྦྱོར་བ་ལ་བརྟེན་པའི་ལོག་གཡེམ་ཐམས་ཅད་སྤོང་བ་དང་། རང་གི་ཆུང་མ་ལ་ཡང་བསྙེན་གནས་སོགས་ཀྱི་སྡོམ་པ་བླངས་པའི་དུས་སུ་མི་སྤྱད་པ་དང་། ཁྱད་པར་རྩ་རླུང་པས་ཐིག་ལེ་ཉམས་མི་ཆོག་པས། རྒྱས་པ་ནི་གཞུང་གཞན་ལ་བལྟས་ནས་སྤོང་བའོ། །ངག་གི་ལས་བཞིའི་དང་པོ་ནི། རྫུན་བཤད་པའི་སྒོ་ནི་དབང་པོ་དྲུག་ཡིན་ཏེ། མིག་གི་དབང་པོའི་སྒོ་ནས། མཐོང་བ་ལ་མ་མཐོང་ཞེས་གོ་ལྡོག་སྟེ་སྨྲ་བ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་བཅས་སོ་སོའི་ཡུལ་ལ་བརྟེན་ནས་རྫུན་ཕྲ་རགས་ཐམས་ཅད་སྤོང་བའོ། །ངག་ལས་གཉིས་པ་ཕྲ་མ་

p. 692

ནི། བླ་མ་དང་སློབ་མ་སོགས་གང་ཟག་ཡིན་ཚད་མཐུན་པ་མི་མཐུན་པར་བཅོས་པ་ཐམས་ཅད་སྤོང་བའོ། །ངག་ལས་གསུམ་པ་ཚིག་རྩུབ་ནི། རབ་བྱུང་དང་། སྐྱེས་པ་ཕོ་མོ་སོགས་ལ་མི་སྙན་པའི་མིང་སྣ་ཚོགས་ཀྱིས་དམ་ཉམས་ཟེར་བ་དང་། སྤྲེའུ་དང་། སེངྒེ། བདུད་མོ་ཟེར་བ་སོགས་ཚིག་ངན་སྨྲ་བ་ནི། བསོད་ནམས་ཉམས་པའི་རྒྱུ་དང་སྡུག་བསྔལ་ཡུན་རིང་དུ་མྱོང་དགོས་པའི་ལས་ཡིན་པས་རྣམ་པ་ཀུན་ནས་སྤོང་བའོ། །ངག་ལས་པཞི་བ་ངག་འཁྱལ་ནི། དོན་མེད་པའི་གཏམ་སྣ་ཚོགས་སྨྲ་བ་དང་། གླུ་གཏོང་བ་དང་། རྒྱལ་བློན་ཆོམ་རྐུན་དམག་སོགས་ལ། མཐོ་བཤད་དམའ་བཤད་སྨྱོན་པ་བཞིན་དུ་ཁ་ནས་ཅི་ཟེར་མེད་པ་རྣམས་སྤོང་བའོ། །ཡིད་ལས་གསུམ་གྱི། དང་པོ་བརྣབ་སེམས་ནི། གང་ཟག་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་ཡིད་དུ་འོང་བ། རྟ་ནོར་རྒྱན་གསོ་ཟས་དང་གནས་དང་འཁོར་སོགས་འདི་དང་འདི་ལྟ་བུ་བྱུང་ན་སྙམ་པའི་བློ་ཐམས་ཅད་བརྣབ་སེམས་ཡིན་པས་སྤང་བའོ། །ཡིད་ལས་གཉིས་པ་གནོད་སེམས་ནི། རང་དང་མི་མཐུན་པ་དག་ལ་ན་ཚ་ཤི་གོད་སོགས་མི་འདོད་པ་འདི་དང་འདི་ལྟ་

p. 693

བུ་བྱུང་ན་ཅི་མ་རུང་སྙམ་པ་ཐམས་ཅད་སྤོང་བའོ། །ཡིད་ལས་གསུམ་པ་ལོག་ལྟ་ནི། ཕྱག་བསྐོར་བ་ཁ་ཏོན་སོགས་རྣམ་དཀར་ལ་བརྩོན་པོ་བྱས་ཀྱང་། ཚེ་བསོད་ནམས་དབང་ཐང་མི་རྒྱས་ཤིང་། འབྲས་བུ་བདེ་བ་མི་འབྱུང་ཟེར་བ་དང་། སྲོག་གཅོད་སོགས་མི་དགེ་བ་བཅུ་རྒྱུན་དུ་བྱས་ཀྱང་འབྲས་བུ་སྡུག་བསྔལ་མི་འབྱུང་ཟེར་བ་སོགས་ཏེ། རྒྱས་པར་གཞུང་གཞན་ལམ་རིམ་སོགས་ལས་ཤེས་པར་བྱས་ནས་སྤོང་བའོ། ༈ །དེ་ལྟར་མི་དགེ་བཅུ་སྤངས་པའི་རྣམ་སྨིན་གྱི་འབྲས་བུ་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་ལ། བྱེད་པ་རྒྱུ་མཐུན་གྱི་དགེ་བཅུ་བྱེད་པར་སྤྲོ་ཞིང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། ཀུན་མཁྱེན་ཆེན་པོའི་ཞལ་ནས། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤང་འབྱོར་བ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབས་དགྲ་ཟླ་མེད། །རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་སྟེ། །ཚིག་རྩུབ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །ཀྱལ་ཀ་སྤངས་པའི་ཚིག་བཟུང་འོས་པར་འགྱུར། །བརྣབ་སེམས་སྤངས་

p. 694

པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་པར་ལྟ་སྤངས་ལྟ་བ་བཟང་པོ་སྟེ། །མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་བླངས། །ཞེས་གསུངས་སོ། །བདག་པོ་འམ་དབང་གི་འབྲས་བུ་ཡུལ་ལ་སྨིན་ཏེ། དེ་ལ་སྲོག་གཅོད་པ་སྤངས་པས་ནི། ཡུལ་བཟང་ལ་ཉམས་དགའ་བར་སྐྱེ་བའོ། །མ་བྱིན་པ་ལེན་པ་སྤངས་པས་བཟའ་བཏུང་འཇུ་སླ་ཞིང་རོ་བྲོ་བ་དང་། སྨན་མཐུ་ཆེ་བའི་ཡུལ་དུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པ་སྤངས་པས་ས་ཕྱོགས་གཙང་ལ་སྤོས་ཀྱི་ངད་དང་ལྡན་པའི་སྨན་ཤིང་ཅན་དུ་སྐྱེའོ། །རྫུན་དུ་སྨྲ་བ་སྤངས་པས་ཡུལ་ཕྱོགས་གང་ན་དགྲ་དང་ཆོམ་རྐུན་ལ་སོགས་པའི་གནོད་འཚེ་མེད་ཅིང་མི་བསླུ་བར་སྐྱེའོ། །ཕྲ་མ་སྤངས་པའི་གང་ན་སྐྱེ་དགུ་མཐུན་ཞིང་ས་ཕྱོགས་རྡོ་གསེག་དང་ཚེར་མ་ཉུང་སར་སྐྱེའོ། །ཚིག་རྩུབ་མོ་སྤངས་པས་དུས་ཚིག་མ་ལོག་ཅིང་མེ་ཏོག་དང་འབྲས་བུ་དུས་སུ་སྨིན་པའི་ཡུལ་དུ་སྐྱེའོ། །ཀྱལ་བ་སྤངས་པས་ས་ཕྱོགས་ཐམས་ཅད་ཐང་ཀ་མཉམ་ལ་མཚོ་དང་རྫིང་བུས་བརྒྱན་པར་སྐྱེའོ། །བརྣབ་སེམས་སྤངས་པས་

p. 695

ས་ཕྱོགས་མེ་ཏོག་དང་། འབྲས་བུ་དང་། ལོ་ཐོག་བཟང་དགུ་འཕེལ་བ་མཐོང་སར་སྐྱེའོ། །གནོད་སེམས་སྤངས་པས་ལོ་མ་དང་། འབྲས་བུ་མང་ཞིང་རོ་ཞིམ་པར་སྐྱེའོ། །ལོག་པར་ལྟ་བ་སྤངས་པས་འབྲས་བུ་དང་རིན་པོ་ཆེ་ལ་སོགས་པའི་འབྱུང་ཁུངས་བཟང་ཞིང་། མགོན་སྐྱབས་དང་དཔུང་གཉེན་ཕུན་སུམ་ཚོགས་པར་སྐྱེའོ། །ཞེས་དགེ་བ་བཅུའི་མདོ་ལས་གསུངས་སོ། །དེས་ན་དགེ་བ་བཅུ་ལ་རྟག་ཏུ་འབད་པར་བྱ་དགོས་སྙམ་དུ་བསམ་པར་བྱའོ། ༈ །དགེ་བཅུའི་མི་མཐུན་ཕྱོགས་ནི་མི་དགེ་བཅུ་སྟེ། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསོད་པ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བགྲོད་མིན་བགྲོད་པར་འདོད་པ་སོགས། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་སྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོས་ཏེ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །བསམ་ཆོས་ངན་ཞིང་བརྣབ་སེམས་ནི། །ལོག་པའི་གཞན་གྱི་ནོར་ལ་ཆགས།

p. 696

གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མི་ལྟ་བར། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་མི་དགེ་བ་ཆུང་ངུ་སྤྱད་པས་དུད་འགྲོ་འབྲིང་གིས་ཡི་དྭགས། ཆེན་པོས་དམྱལ་བ་མྱོང་བ་ནི། རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། རྣམ་སྨིན་སྲབ་ནས་ངན་སོང་ལས་ཐར་ཏེ་རྒྱ་ལམ་ཞིག་ན་མཐོ་རིས་ཐོབ་ཀྱང་། བྱེད་པ་རྒྱུ་མཐུན་གྱི་སྔོན་མི་དགེ་བཅུ་གང་གོམས་པའི་བག་ཆགས་ཀྱིས་མི་དགེ་བཅུ་སྤྱོད་པ་ལ་སྤྲོ་ཞིང་། དགེ་སེམས་མི་སྐྱེ་བ་ཅན་དུ་སྐྱེ་ལ་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། ལས་བརྒྱ་པ་ལས། དེ་རྒྱ་ལམ་ཞིག་ན་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་ཡང་། སྲོག་གཅོད་པ་ཉིད་ཀྱིས་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །མ་བྱིན་པར་བླངས་པ་ཉིད་ཀྱིས་ཡོ་བྱད་ཀྱིས་བྲེལ་ཞིང་ཤིང་ཕོངས་ལ་དགྲ་དང་ཐུན་མོང་དུ་འགྱུར་རོ། །འདོད་པས་ལོག་པར་གཡེམ་པ་ཉིད་ཀྱིས་ཁྱིམ་ཐབས་ཡིད་དུ་མི་འོང་ཞིང་གཞན་དང་ཐུན་མོང་དུ་འགྱུར་རོ། །རྫུན་དུ་སྨྲས་པ་ཉིད་ཀྱིས་བསྐུར་བ་མང་ལ་གཞན་གྱིས་བསླུ་བར་འགྱུར་རོ། །ཕྲ་མ་ཉིད་ཀྱིས་གཡོག་འཁོར་ངན་ཞིང་མི་འདུམ་པར་འགྱུར་

p. 697

རོ། །ཚིག་རྩུབ་མོ་ཉིད་ཀྱིས་མི་སྙན་པ་དང་འཐབ་མོའི་ཚིག་ཏུ་འགྱུར་རོ། །ཀྱལ་པ་ཉིད་ཀྱིས་ཚིག་བཟུང་བར་མི་འོས་ཤིང་སྤོབས་པ་མ་ངེས་པར་འགྱུར་རོ། །བརྣབ་སེམས་ཉིད་ཀྱིས་འདོད་པ་ཆེ་ཞིང་ཆོག་མི་ཤེས་པར་འགྱུར་རོ། །གནོད་སེམས་ཉིད་ཀྱིས་ཕན་པ་མི་འཚོལ་ཞིང་གནོད་པ་བསྒྲུབ་པའི་གཞིར་འགྱུར་རོ། །ལོག་པར་ལྟ་བ་ཉིད་ཀྱིས་ལྟ་བ་ངན་པ་དང་གཡོ་རྒྱུ་ཆེ་བར་འགྱུར་རོ། །ཞེས་གསུངས་སོ། །བདག་པོ་འམ་དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་པ་སྟེ། ཀུན་མཁྱེན་ཆེན་པོའི་ཞལ་ནས། སྲོག་གཅོད་པས་ནི་ས་ཕྱོགས་གཟི་བརྗིད་ཆུང་། །སྨན་ཤིང་ལོ་འབྲས་མེ་ཏོག་བཟའ་བཏུང་སོགས། །མཐུ་ཆུང་འཇུ་དཀའ་ཚེ་ལ་བར་དུ་གཅོད། །མ་བྱིན་ལེན་པས་ལོ་ཏོག་འབྲས་མི་སྨིན། །སད་སེར་མུ་གེས་འཇིགས་པའི་ཡུལ་དུ་སྐྱེ། །ལོག་པར་གཡེམ་པས་གཤང་གཅི་འདམ་རྫབ་ཁྲོད། །ལྗན་ལྗིན་མི་གཙང་དྲི་ངད་སྐྱེ་བའི་ཡུལ། །དོག་ཅིང་ཉམ་ང་ཉམ་མི་དགའ་བར་སྐྱེ། །རྫུན་གྱི་ཡུལ་རྣམས་མི་མཐུན་འཇིག་དང་བཅས། །འབྱོར་བ་གཡོ་ཞིང་གཞན་གྱིས་བསླུ་བར་སྐྱེ། །ཕྲ་མས་ས་ཕྱོགས་

p. 698

བགྲོད་དཀའ་མཐོ་དམན་ཅན། །ངམ་གྲོག་གཡང་ས་གཅོང་རོང་ལ་སོགས་པ། །རེག་ན་མི་བདེ་སྣ་ཚོགས་ཡུལ་དུ་སྐྱེ། །རྩུབ་མོས་སྡོང་དུམ་རྡོ་གསེག་ཚེར་མ་དང་། །རྡུལ་དང་ཉལ་ཉིལ་འབྲས་ངན་རྩུབ་པ་དང་། །ཚྭ་སྒོ་ལ་སོགས་མི་དགེའི་ཡུལ་དུ་སྐྱེ། །ཀྱལ་པས་ལོ་འབྲས་མི་སྨིན་དུས་ཚིག་ལོག །རིང་དུ་མི་བརྟན་མི་གནས་ཡུལ་དུ་སྐྱེ། བརྣབ་སེམས་འབྲས་སོགས་ཉུང་ཞིང་སྤུན་པ་མང་། །བཟང་པོའི་དུས་ཚིག་འགྱུར་བ་མཐོང་སར་སྐྱེ། །གནོད་སེམས་ལོ་ཏོག་འབྲས་བུ་ཚ་ཞིང་ཁ། །རྒྱལ་པོ་ཆོམ་རྐུན་མི་རྒོད་སྦྲུལ་ལ་སོགས། །རང་བཞིན་གནོད་པ་མང་བའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་ཆེན་འབྱུང་ཁུངས་མི་ལྡན་ཞིང་། །སྨན་འབྲས་མེ་ཏོག་འབྲས་བུ་ཉུང་བ་དང་། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །ཞེས་གསུངས། དེས་ན་མི་དགེ་བཅུ་པོ་འདི་ཉིད་དུག་དང་འདྲ་བས། རྣམ་སྨིན་རྩུབ་མོ་མྱོང་དགོས་པའི་ཕྱིར་ངོ་ལྐོག་གང་དུའང་སྤང་དགོས་སྙམ་དུ་བསམ་ལ། དེ་དག་འགོག་པ་ལ་བསླབ་བོ། ༈ །གཉིས་པ་ཐར་པ་ཆ་མཐུན་གྱི་དགེ་བ་ནི། སྣང་བཅས་བསོད་ནམས་ཀྱི་ཚོགས་དགེ་བཅུ་དང་། ཕ་རོལ་ཏུ་

p. 699

ཕྱིན་པ་ལྔ་ལ་སོགས་པ་ཀུན་རྫོབ་པ་རྣམས་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཤེས་རབ་སྟོང་པ་ཉིད་གཉིས་ཟུང་དུ་འབྲེལ་བ་དཔེར་ན་སྤྲུལ་བ་སྒྱུ་མ་ལྟར་དུ་སྤྱོད་པ་ནི་བྱང་ཆུབ་ཀྱི་ཚོགས་དམ་པའོ། །དེ་ཡང་བསོད་ནམས་ཆ་མཐུན་གྱི་དགེ་བ་ནི། འཇིག་རྟེན་པས་དངོས་པོ་དང་མཚན་མར་འཛིན་པ་ལས། འདིར་དགེ་གང་སྤྱོད་དུས་ཉིད་ནས་དངོས་པོ་དང་མཚན་མ་མེད་པར་ཤེས་རབ་སྟོང་པ་ཉིད་ཀྱིས་རྩིས་ཟིན་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འབྲེལ་བས་སྐུ་གཉིས་མངོན་དུ་བྱེད་དེ། །རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་དེ་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །དེ་ལྟར་འདོད་ན་བསོད་ནམས་དང་། །ཡེ་ཤེས་འདི་ནི་རྟག་བརྟེན་མཛོད། །ཅེས་སོ། དེའང་དགེ་བ་གང་བྱེད་ཀྱང་སྦྱོར་བ་སེམས་བསྐྱེད་དངོས་གཞི་རང་བཞིན་མེད་རྟོགས། རྗེས་བསྔོ་བ་གསུམ་གྱིས་ཟིན་པར་བྱ་བ་ནི། ཚོགས་གསོག་ཚུལ་གྱི་མཆོག་

p. 700

དམ་པའོ། །འདི་ལྟར་ཚོགས་བསགས་བྱས་ན་བསོད་ནམས་ཆ་མཐུན་ལྟར་ཟད་པར་འགྱུར་བ་མ་ཡིན་གྱི། གནས་སྐབས་ལྷ་མིའི་བདེ་བ་མྱོང་ཞིང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའོ། །དེས་ན་འདི་ལྟར་ཚོགས་གཉིས་གསོག་པ་ལ་སྐྱོ་ངལ་མེད་པ་ཁྱིམ་བདག་གིས་སོ་ནམས་བྱེད་པ་ལྟ་བུ་དང་། དགེ་བ་གང་བྱེད་ཀྱང་དཔའ་མི་ཞུམ་བ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པར་འགལ་མེའི་འཁོར་ལོ་བསྐོར་བ་ལྟར་བསླབ་པར་བྱའོ་སྙམ་དུ་བསམ་པར་བྱའོ། ༈ །བཞི་པ་འཁོར་བའི་སྡུག་བསྔལ་བསམ་པ་ནི། དེ་ལྟར་དགེ་བ་མ་བྱས་ཀྱང་། མི་དགེ་བའི་ལས་ཀྱི་ངན་འགྲོར་སྐྱེས་ན་འཇིགས་རྒྱུ་རང་ཅི་ཡོད་སྙམ་ན། དེ་ངེད་རང་རྣམས་ཀྱི་མ་བསམ་པ་ཡིན། སྡུག་བསྔལ་ཐོས་སམ་གཟུགས་བརྙན་རིས་མོར་བྲིས་པ་མཐོང་ནའང་སྙིང་རླུང་ལྡང་བ་ཙམ་དུ་བཟོད་ཐབས་མེད་ན་སྡུག་བསྔལ་ཐོག་ཏུ་བབས་ན་ལྟ་ཅི་སྨོས། དེའི་རྒྱུ་མཚན་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་དང་། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་། དུད་འགྲོར་སྐྱེས་ན་

p. 701

གསོད་ཟ་དང་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་སོགས་ངན་འགྲོའི་སྡུག་བསྔལ་ཡུན་རིང་ལ་བཟོད་གླགས་མེད་པ་དེ་དག་བཟོད་པར་འདུག་གམ་སྙམ་དུ་བསམ་པར་བྱའོ། །ཡང་དགེ་བའི་ལས་ཀྱིས་བདེ་འགྲོར་སྐྱེས་ན་མཐོ་རིས་ཀྱི་བདེ་བ་ལ་ལོངས་སྤྱོད་དུ་ཡོད་པའི་ཕྱིར་དེ་ཙམ་གྱི་ཆོག་གམ་སྙམ་ན། རེ་ཞིག་ངན་སོང་གི་སྡུག་བསྔལ་མྱོང་མ་དགོས་ཀྱང་སླར་ཡང་དགེ་བའི་འཕེན་ཤུགས་ཟད་ནས་ངན་འགྲོར་སྐྱེས་པ་དང་། དེར་མ་ཟད་མཐོ་རིས་ན་ཡང་བདེ་བ་མེད་དེ། །འདི་ལྟར་མི་ལ་སྤྱི་མཐུན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། ཡོད་པ་འཚོ་སྐྱོང་། མེད་པ་བཙལ་རྙེད། འདུ་འབྲལ། བརྡེག་བརྡུང་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་། ལྷ་མ་ཡིན་ལ་ལྷའི་དཔལ་ལ་སྡང་ཞིང་ཕྲག་དོག་གི་ཟུག་རྔུས་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་ལ་འདོད་ཡོན་ལ་ངོམས་མེད་དུ་སྲེད་ཅིང་འཕོ་ལྟུང་གི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་སྟེ། དྲན་པ་ཉེར་གཞག་ལས་སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་

p. 702

ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པའི་ཕྱིར། མི་ལུས་རིན་པོ་ཆེ་རྙེད་དཀའ་བ་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་དལ་འབྱོར་གྱི་གྲུ་བོ་ཆེ་འདི་དོན་ཡོད་པར་བྱ་སྙམ་དུ་སྒོ་གསུམ་གྱི་སྡིག་པ་མི་དགེ་བའི་ལས་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་བཅས་ཏེ། བརྩོན་འགྲུས་དྲག་པོས་དགེ་བའི་ལས་ལ་འབད་ཅིང་། ཚེ་འདི་ཉིད་ལ་གཏན་གྱི་ལམ་སྣ་ཟིན་པ་ཞིག་བྱ་དགོས་སྙམ་དུ་ཞེ་དམ་ཡང་ཡང་བྱའོ། །དེ་ནས་དམིགས་པས་འཁོར་བའི་སྡུག་བསྔལ་འདི་ལྟར་བསམ་ནས་ཆོས་ལ་བསྐུལ་བར་བྱ་སྟེ། ཀུན་བཟང་སྙིང་ཐིག་ལས། འདི་ལྟར་ཕྱི་ནང་སྣོད་བཅུད་འཁོར་བའི་རང་བཞིན་ཐམས་ཅད་མེའི་དོང་ཆེན་པོ་ཚ་བའི་ངར་དང་ལྡན་པ། གཏིང་ཟབ་ལ་

p. 703

དཔངས་མཐོ་བ། རྒྱ་ཆེ་ལ་མུ་མེད་པ་འཇིགས་སུ་རུང་པའི་ཀློང་དུ་རང་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཆུད་ནས་ཡོད་པ་ལ་སྔོན་ཆད་ཐོག་མེད་ནས་ད་བར་དུ་ཚིག་ཀྱང་སྡུག་བསྔལ་བཟོད་གླགས་མེད་པས་མནར་བ་ལ། ཀྱེ་མ་ཀྱེ་ཧུད་འཁོར་བའི་སྡུག་བསྔལ་ཨ་རྫི་རྫི། འདི་ནས་འབྲོས་པའི་དུས་ལ་བབས། ཨ་ཙ་མ་ང་རེ་འཇིགས། ཞེས་སྨྲེ་སྔགས་ཟི་ལྷོང་ལྷོང་ཡོད་པའི་ཚེ། སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ཞིང་། ཕྱག་གཉིས་ཟིལ་གནོན་གྱི་ཕྱག་རྒྱ་ལས་འོད་ཟེར་གྱི་ལྕགས་ཀྱུ་འཕྲོ་བ་ཞིག་བྱུང་བའི་ཞལ་ནས། ངན་སོང་སྡུག་བསྔལ་མེ་འོབས་ཆེན་པོ་འདི་ནས་འབྲོས་རེ་རན། ཞེས་གསུངས་དེ་ཐོས་པ་ཙམ་གྱིས། ད་ནི་བླ་མའི་བཀའ་ལ་ཉན་ཏེ་སེམས་ཅན་གཅིག་ཀྱང་མ་ལུས་པ་འདྲེན་པར་བྱ་སྙམ་པའི་སེམས་བསྐྱེད་མ་ཐག་ཏུ་བླ་མའི་ཕྱག་གི་འོད་ཟེར་གྱི་ལྕགས་ཀྱུས་སྙིང་ཀ་ནས་བཟུང་སྟེ། བདེ་ཆེན་གྱི་ཞིང་དུ་ཡེར་གྱིས་དྲངས་མ་ཐག་ཏུ་འཁོར་བའི་སེམས་ཅན་ལ་སྙིང་རྗེ་དྲག་པོ་བསྒོམས་པའི་ཤུགས་ཀྱིས་བདག་གི་ལག་ནས་ཀྱང་འོད་ཟེར་གྱི་ལྕགས་ཀྱུ་དཔག་མེད་

p. 704

འཕྲོས་པས། མེ་དོང་གི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་ཆེན་གྱི་ཞིང་དུ་དྲངས་ནས་སངས་རྒྱས་པར་བསམ་མོ། །དེ་དག་གི་ཚུལ་རྣམས་ཉམས་ལེན་བདེ་ཕྱིར་ངག་འདོན་བྱ་བ་ནི། སྐུ་གསུམ་དོན་ཐིག་ལས། ༈ །ཀྱེ་མ་ཀྱེ་ཧུད་མི་རྟག་འཇིག་པའི་རྒྱུ། །ཆུ་ཡི་ལྦུ་བ་སྡོམ་གྱི་བ་ཐག་དང་། །སྒྱུ་མའི་མཁར་དཔེ་དྲི་ཟའི་གྲོང་ཁྱེར་བཞིན། ཐམས་ཅད་མི་རྟག་འཇིག་པའི་ཆོས་ཅན་ཏེ། །གསོ་བའི་ཐབས་མེད་འཆི་བའི་རྐྱེན་གྱུར་མང་། །ཆོས་མཁས་ནོར་མང་ཁས་དྲག་རྩལ་ཆེ་ཡང་། །འཆི་བདག་མི་ཐུབ་སྡུག་བསྔལ་ཨ་ཙ་མ། །ཚེ་ལ་ལོང་མེད་ལུས་འདི་འདུས་བྱས་ཡིན། །འཆི་བའི་རྐྱེན་ནི་བཞི་བརྒྱ་རྩ་བཞིའི་ནད། །སྟོང་ཕྲག་བརྒྱད་ཅུ་དུས་མིན་རྣམས་བརྒྱད་སོགས། །མ་ངེས་འཆི་བའི་རྐྱེན་མང་ཨ་ཙ་མ། །འཚོ་བའི་ཐབས་ནི་ཟས་གོས་གཉིས་ཡིན་ཏེ། །དེ་ཡང་ཕལ་ཆེར་འཆི་བའི་རྐྱེན་དུ་འགྱུར། །སྔར་སྐྱེས་མ་ཤི་ལུས་པ་ཅང་འདུག་གམ། །ད་ནི་བདག་ཀྱང་ནམ་འཆི་ངེས་མེད་ཅིང་། །སང་དགོང་དོ་ནུབ་འཆིའམ་མི་ཤེས་པས། །ཕྱི་རྩིས་བློ་སྣ་མང་པོས་ཅི་ཞིག་བྱ། །ཀྱེ་མ་རིགས་དྲུག་གང་དུ་སྐྱེས་ཀྱང་དུཿཁའི་ངང་། །

p. 705

དམྱལ་བར་བཙོ་བསྲེག་སྡུག་བསྔལ་བཟོད་པར་དཀའ། །བར་དོར་གཤིན་རྗེའི་དངངས་སྐྲག་གློ་སྙིང་འདར། །དུད་འགྲོར་བཀོལ་སྤྱོད་སྡུག་བསྔལ་ཡ་རེ་ང་། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡི་རེ་མུག །ལྷ་མིན་འཐབ་རྩོད་སྡུག་བསྔལ་དབལ་རེ་ཚ། །ལྷ་རུ་སྐྱེས་ན་འཕོ་ལྟུང་སྙིང་རེ་འདར། །འགྲོ་བའི་གཙོ་གྱུར་མི་ལུས་ཐོབ་ན་ཡང་། །སྐྱེས་པའི་སྡུག་བསྔལ་མཐོང་ན་སུ་ཡིས་བཟོད། །རྒས་པའི་སྡུག་བསྔལ་མཐོང་ན་ཡུན་རིང་སྐྲག །ན་བའི་སྡུག་བསྔལ་བསམས་ན་བློ་རེ་ངལ། ། འཆི་བའི་སྡུག་བསྔལ་བསམ་ན་ངུ་རེ་བྲོ། །རིགས་དྲུག་རྣམས་ལ་འགྱུར་དང་འདུ་བྱེད་དང་། །སྡུག་བསྔལ་སྡུག་བསྔལ་དག་གིས་མནར་བ་དག །ལེགས་པར་བརྟགས་ན་སྡུག་བསྔལ་ཕུང་པོ་སྟེ། །ལས་འབྲས་བླངས་དོར་འབད་ཅིང་བརྩོན་པར་བྱ། །ད་ལན་རྒྱུ་རྐྱེན་རྟེན་འབྲེལ་འཛོམ་དུས་འདིར། །ཡང་གསང་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། ། བསྐྱེད་རྫོགས་ཟབ་མོའི་དོན་ལ་གཅིག་ཏུ་གཞོལ། །ཞེས་སྙིང་ཐག་པ་ནས་བསམ་ཞིང་ངག་ཏུ་བརྗོད་དོ། ༈ །ལྔ་པ་སྐྱབས་འགྲོ་ནི། དེ་ལྟ་བུའི་མི་རྟག་པ་དང་འཁོར་བ་སྤྱི་བྱེ་

p. 706

བྲག་གི་སྡུག་བསྔལ་ལེགས་པར་བསམ་ཏེ། དེ་ལ་འཇིགས་ནས་སྡུག་བསྔལ་དེ་དག་ལས་ངེས་པར་སྐྱོབ་ནུས་པ་མཆོག་གསུམ་མ་གཏོགས་གཞན་སུ་གང་གིས་ཀྱང་སྐྱོབ་པར་མི་ནུས་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་གསུངས། དེས་ན་ཡིད་ཆེས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་། བདག་ཉིད་ལྷག་པར་འཇིགས་པ་དང་། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་བ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཞེས་གསུངས་པ་ལྟར། སྐྱོ་ཤེས་ངེས་འབྱུང་གིས་རྒྱུད་བསྐུལ་ནས་ཡིད་ཁྱེད་ཤེས་ཀྱི་དད་པ་ཤུགས་དྲག་གིས་སྐྱབས་སུ་སོང་ན་དཀོན་མཆོག་གིས་བསླུ་མི་སྲིད་པ་ཡིན་ཕྱིར། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་སྟེ། ཞེས་གསུངས། དེ་ལྟར་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལའི་ཞལ་ནས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་གནས་

p. 707

ལགས། །མི་ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་དོན་གྱི་སྐྱབས་གནས་ལགས། །ངེད་ཀྱང་ཁོང་ལ་སྐྱབས་པས་འཚེངས། ཁྱེད་ཀྱང་ཁོང་ལ་སྐྱབས་ན་ལེགས། ཞེས་གསུངས། དེ་ལྟར་ཤེས་ནས་དངོས་གཞིའི་སྐྱབས་ཡུལ་གསལ་འདེབས་པ་ནི། ༈ རང་གི་མདུན་གྱི་ནམ་མཁའ་ལ༔ པདྨ་སྟོང་བརྩེགས་འཇའ་འོད་ཀྱི༔ དབུས་དང་ཕྱོགས་བཞིར་གྱེས་པའི་ཀློང་༔ དབུས་སུ་ཆོས་སྐུ་ཀུན་བཟང་ལ༔ དགོངས་བརྡའ་སྙན་བརྒྱུད་བླ་རབས་བསྐོར༔ གཡས་སུ་རྫོགས་པའི་སངས་རྒྱས་ལ༔ བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར༔ གཡོན་དུ་པདྨ་

p. 708

རྒྱལ་པོ་ཡི༔ གཡས་སུ་རྡོར་སེམས་ཡབ་ཡུམ་དང་༔ གཡོན་དུ་མུ་ཁྲི་བཙན་པོ་ལ༔ སྔགས་འཆང་གྲུབ་ཐོབ་རྒྱ་མཚོས་བསྐོར༔ མདུན་དུ་ཐུགས་རྗེ་ཆེན་པོ་ལ༔ ཡུམ་མཆོག་གསང་བ་ཡེ་ཤེས་འཁྲིལ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བསྐོར༔ རྒྱབ་ཏུ་ཐེག་ཆེན་མདོ་ལུང་ཆོས༔ གང་འདུལ་ཆོས་ཀྱི་སྒྲ་དབྱངས་སྒྲོག༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྣམས༔ མ་ལུས་སྤྲིན་ལྟར་གཏིབ་པར་གྱུར༔ ཞེས་པ་ལྟར་ཚོགས་ཞིང་གསལ་གདབ། དེ་ནས་སྐྱབས་སུ་འགྲོ་བ་དངོས་ནི། རང་གི་མཐའ་སྐོར་ན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལྷ་མིའི་རྣམ་པར་ཡོད་པར་དམིགས་ནས། རང་གིས་བྱང་དྲངས་ཏེ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱེད་རྣམས་མ་གཏོགས་སྐྱབས་མགོན་གཞན་ན་མ་མཆིས་པས་ཁྱེད་རྣམས་ཀྱི་བདག་གཞན་སེམས་ཅན་ཐམས་ཅད་འཁོར་བ་འདི་ལས་མྱུར་དུ་བསྒྲལ་ནས། སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་དུ་གསོལ་སྙམ་པའི་འདུན་པ་དྲག་པོས། ༈ །ན་མོ། སྐྱབས་ཡུལ་དཀོན་མཆོག་བདེ་གཤེགས་གསུམ༔ དངོས་གྲུབ་སྩོལ་མཛད་ཡི་དམ་ལྷ༔ མཁའ་འགྲོ་དམ་

p. 709

ཅན་སྲུང་མར་བཅས༔ སྐྱབས་སུ་མཆིའོ་བྱིན་གྱིས་རློབས༔ ཞེས་ཁ་ཞེ་གཉིས་མེད་ཀྱི་གློ་སྙིང་བྲང་གསུམ་གཏད་ནས་སྐྱབས་འགྲོ་ལན་ཅི་མང་བྱའོ། །དེ་ལྟར་སྐྱབས་སུ་སོང་བའི་སྐྱབས་ཡུལ་ལ་བཅོས་མིན་གྱི་ངེས་ཤེས་སྐྱེ་བ་དང་། སེམས་ཅན་ལ་སྙིང་རྗེ་དུང་ངེ་འཆར་བ་དང་། འཁོར་བའི་ཆོས་ལ་བློ་སྣ་ཐུང་དུ་འགྲོ་བ་ནི། སྐྱབས་སོང་གི་ཚད་དོ། །དེ་ནས་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བར་བྱས་ནས་སྐྱབས་སུ་འགྲོ་བ་ལ་འབད་པར་བྱའོ། །དེ་ལྟར་སྐྱབས་སུ་སོང་བ་ལ་ཕན་ཡོན་མདོ་རྒྱུད་ནས་མཐའ་ཡས་པ་གསུངས་ཀྱང་བསྡུ་ན་བརྒྱད་དུ་འདུས་ཏེ། ནང་པ་སངས་རྒྱས་པར་ཆུད་པའི་ཕན་ཡོན་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་པ་དང་། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་། སྡིག་པ་དང་སྒྲིབ་པ་བྱང་ཞིང་སྲབ་པར་འགྱུར་བ་དང་། རྒྱུད་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་ཅིང་འཕེལ་བ་དང་། ཤི་ནས་ངན་འགྲོར་མི་ལྟུང་བ་དང་། ལམ་ཁྱད་པར་འཕགས་པ་རྒྱུད་ལ་སྐྱེ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གསུངས་སོ། ༈ །དྲུག་པ་སེམས་

p. 710

བསྐྱེད་པ་ནི། མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་གྱི་མནར་བའི་ཚུལ་བསམ་སྟེ། བུ་སྡུག་ཤི་བའི་དུས་ཀྱི་མ་བཞིན་དུ་བཟོད་གླགས་མེད་པའི་སྙིང་རྗེ་ཤུགས་དྲག་པོས་མཆི་མ་འཁྲུགས་ནུས་པ་ཙམ་གྱིས་བློ་བསྐུལ་ནས། འདི་རྣམས་ད་ལྟ་ཉིད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ཐུབ་ན་ཅི་མ་རུང་། ད་ལྟ་འདི་རྣམས་སྒྲོལ་བའི་ནུས་པ་མི་འདུག་པས་ད་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ད་ནི་བདག་གི་ལུས་དང་སྲོག་ལ་འཕང་བ་མེད་པར་འདི་རྣམས་ཀྱི་དོན་དུ་ལམ་ཟབ་མོ་འདི་ཉམས་སུ་བླངས་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ། འཁོར་བ་ན་གནས་པའི་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་པས་ངག་ཏུ། ཧོཿ དབྱིངས་རིག་ངོ་བོ་མ་བཅོས་པའི༔ གཅིག་ཏུ་ཤར་བ་སྙིང་རྗེའི་ཡུལ༔ ཅིར་སྣང་མ་གྱུར་སངས་རྒྱས་ཞིང་༔ བྱང་ཆུབ་ལམ་ལ་སེམས་མཆོག་བསྐྱེད༔ ཅེས་སེམས་བསྐྱེད་ལན་མང་དུ་བྱའོ། །དེ་ལྟར་སེམས་བསྐྱེད་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས།

p. 711

བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་དང་། །ཕུན་ཚོགས་ཅི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡི། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང་། །ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་དེ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་པ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པ་མདོ་རྒྱུད་ནས་གསུངས་སོ། །མཇུག་ཏུ་བྱང་ཆུབ་ཀྱི་སེམས་མི་ཉམས་པར་རྒྱུད་ལ་བརྟན་ཕྱིར་བསླབ་བྱ་ནི། རབ་སེམས་ཅན་རེ་རེའི་དོན་དུ་ཡང་ཕན་པར་འདུག་ན་རང་གི་ལུས་སྲོག་འཕང་མེད་དུ་གཏོང་བ་དང་། ཐ་མའང་བདག་པས་གཞན་གཅེས་ཀྱི་བློ་ལ་གཞོལ་བར་བྱའོ། ༈ །བདུན་པ་སྒྲིབ་སྦྱོང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། ཟབ་མོའི་ལམ་གྱིས་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བ་ལ་བར་དུ་

p. 712

གཅོད་པ་འགལ་རྐྱེན་སྡིག་སྒྲིབ་ཡིན་པས་དེ་ཉིད་སྦྱངས་དགོས། དེ་སྦྱོང་བའི་མཆོག་ནི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་རྣལ་འབྱོར་དུ་བྱ་བ་ཡིན་པས་འདི་ལྟར་བྱ་ཏེ། ༈ །རང་ཉིད་ཐ་མལ་གནས་པ་ལ༔ སྤྱི་བོར་པདྨ་ཟླ་བའི་སྟེང་༔ ཧཱུྂ་ཡིག་དཀར་པོའི་འཕྲོ་འདུ་ལས༔རྡོ་རྗེ་སེམས་དཔའ་གངས་རིའི་མདོག༔ ལོངས་སྐུའི་རྒྱན་སྤྲས་ཡུམ་དང་སྦྱོར༔ ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལ༔ ཧཱུཾ་མཚན་ཡིག་བརྒྱའི་སྔགས་འཕྲེང་བསྐོར༔ འོད་འཕྲོས་རང་གཞན་སྡིག་སྒྲིབ་སྦྱངས༔ སྡིག་ལྟུང་ཉེས་ཚོགས་དག་པར་གྱུར༔ ཨོཾ་གུ་རུ་བཛྲ་སཏྭ་ས་མ་ཡ་ནས་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་འདོན། སྤྱི་བོར་རྡོ་རྗེ་སེམས་དཔའ་བསྐྱེད་པ་ནི་རྟེན་གྱི་སྟོབས། ཡིག་བརྒྱ་བཟླས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་། ཁྱད་པར་སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་དམ་སྡོམ་དང་འགལ་བའི་ཉེས་སྐྱོན་ལ་དུག་ཁོང་པར་སོང་བ་ལྟ་བུའི་འགྱོད་པ་ནི། སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པར་དམ་བཅའ་བ་ནི། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཡིན་པས་སྟོབས་

p. 713

བཞི་ཤུགས་དྲག་བཅས། རང་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་བཟླས་པའི་རྡོར་སེམས་ཀྱི་ཐུགས་སྲོག་སྔགས་འཕྲེང་ས་བོན་ལས་བདུད་རྩི་འོ་རྒྱུན་ལྟར་བབས་པའི་སྐུའི་ནང་ཁེངས་ནས་སྐུའི་ཆ་ཐམས་ཅད་དང་། ཁྱད་པར་ཡབ་ཡུམ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་མ་ཆད་པར་བབས་པས་བདག་གཞན་གྱི་ཚངས་བུག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་ནས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་ཉོན་གྱི་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཉེས་ལྟུང་གི་ཚོགས་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་ནག་ནུ་རུ་རུ་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན། ནད་ཐམས་ཅད་རྣག་ཁྲག་དང་། གདོན་ཐམས་ཅད་སྦལ་ལྕོང་སྡིག་པ་ར་ཅན་གྱི་རྣམ་པར་ཐོན་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་བསམ། དེ་ནས་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་དག་པ་ཡིན་ནོ། །ཞེས་གསུངས། །འོད་དུ་ཞུ་སྟེ་སྤྱི་བོ་ནས་ཐིམ་པའི་རང་གཞན་སེམས་ཅན་ཐམས་ཅད་དང་དབྱེར་མེད་པར་གྱུར་ནས་རང་ཉིད་ཀྱང་རྡོར་

p. 714

སེམས་ཀྱི་སྐུར་ལམ་གྱིས་གྱུར་པའི་ཐུགས་ཀའི་ས་བོན་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཐམས་ཅད་འཇའ་འོད་ཐིག་ལེ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རིགས་ལྔའི་སྐུར་གསལ་བའི་ངང་ནས་ཡང་སྙིང་། ༀ་གུ་རུ་བཛྲ་སཏྭ་ཧཱུཾ། ཅི་མང་བཟླའོ། ༈ །སྡིག་སྒྲིབ་དག་པའི་རྟགས་ནི། བསྐུལ་བྱེད་ཀྱི་གཟུངས་ལས། ཇི་སྲིད་དུ་སྡིག་པ་བྱང་བའི་མཚན་མ་མ་མཐོང་བ་དེ་སྲིད་དུ་བཟླས་བརྗོད་བྱ་ཏེ། རྨི་ལམ་ན་ཟས་ངན་པ་སྐྱག་པ་དང་། འོ་མ་ཞོ་ལ་སོགས་པ་འཐུང་བ་དང་། ཉི་མ་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་སེངྒེའི་ཁྲི་དང་། ཁང་བཟང་གི་སྟེང་དུ་འཛེག་པ་དང་། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། སྡིག་པ་བྱང་བར་ཤེས་པར་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་གསེར་རྙེད་པ་དང་གཞན་དག་ནོར་བུ་བཟང་པོ་རྙེད་པ་དང་། ཉི་ཟླ་ཤར་བ་དང་། གྲུབ་ཐོབ་རྣམས་དང་མཇལ་བ་རྣམས་ནི་

p. 715

རྟོགས་པ་འཆར་བའི་སྔ་ལྟས་དང་། ལོ་ཏོག་བཟང་པོར་བདག་བྱེད་པ། ནས་མང་པོ་ལ་དབང་བ། ཤིང་ཐོག་དང་སྦྲང་རྩི་བཟང་པོ་སོགས་རོ་མངར་བ་ཞིམ་པོ་ཟོས་པ་རྨིས་ན་ཉམས་མྱོང་སྐྱེ་བའི་སྔ་ལྟས་དང་། ཁྲུས་བྱས་པ། གོས་དཀར་པོ་གྱོན་པ། མེ་ལོང་ཕྱིས་པ་སོགས་ནི་གསལ་ཉམས་འཆར་བའི་སྔ་ལྟས་དང་། རྨི་ལམ་མི་འཚམ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་མངའ་གསོལ་བ་ལྟ་བུའི་མི་འཚམ་པ་རྣམས་པ་ཆེན་པོ་རྨི་ན་ཡང་སྒྲིབ་པ་དག་པའི་ལྟས་ཡིན་པར་གསུངས་སོ། །དེ་ལྟར་རྟགས་ཐོན་ནས་ཀྱང་མི་བསྐྱུར་བར་ཉམས་སུ་ལེན་པར་བྱའོ། །ཕན་ཡོན་ནི། དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། འདི་དག་དུས་གཅིག་ལ་བརྒྱ་རྩ་བརྗོད་ན། ཉམས་ཆག་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅིངས་ནས་འདོན་ན་མི་ཚེ་འདི་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་དམ་པར་དགོངས་ནས་བསྲུང་བ་དང་བསྐྱབ་པར་མཛད་ལ། ཚེ་འཕོས་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་སུ་གདོན་མི་ཟ་བར་འགྱུར་

p. 716

རོ། །ཞེས་དང་། སྙིང་པོ་རྒྱན་ལས། ཡི་གེ་བརྒྱ་བ་ཆོ་ག་བཞིན། ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་རླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རྡོར་སེམས་བསྒོམ་བཟླས་འདིས་ནི་བླ་མེད་ནང་གི་ཉམས་ཆག་སྐོང་བའི་སྒྲིབ་སྦྱངས་ཁྱད་པར་ཅན་ཏེ། བསྐལ་བ་སྟོང་གི་ལས་སྒྲིབ་འདག་ཅིང་དམ་ཚིག་ཉམས་ཆག་མཚམས་མེད་ལྔའི་ལས་ཀྱང་འདིས་འདག་པར་འགྱུར་བའི་ཕྱིར་ན། རྣལ་འབྱོར་བས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ༈ །བརྒྱད་པ་ཚོགས་བསགས་མཎྜལ་ནི། ཚོགས་ཞིང་སྐྱབས་འགྲོའི་སྐབས་ལྟར་གསལ་གདབ། མཎྜལ་གྱི་རྒྱུ་ཅི་འབྱོར་བྱ་ཞིང་ཐ་ན་ལག་པའི་ཕྱག་རྒྱ་ལ་དམིགས་ཀྱང་ཆོག །ཡིད་ཀྱིས་བདག་གིས་ཡོངས་སུ་བཟུང་བའི་ལུས་ལོངས་སྤྱོད་དུས་གསུམ་བསགས་པའི་དགེ་བའི་རྩ་བ་དང་བཅས། ཡོངས་སུ་

p. 717

མ་བཟུང་བའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། རིའི་རྒྱལ་པོ་རི་རབ་སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་གླིང་བཞི་གླིང་ཕྲན་ཉི་ཟླ་ལྷ་མིའི་འདོད་ཡོན་དཔག་ཏུ་མེད་པ་རྣམས་ཀྱང་བློས་བླངས་ཏེ་མཆོག་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་བསམ་གྱི་མི་ཁྱབ་པར་དམིགས་ཏེ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས་སྒྲིབ་པ་བྱང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ་སྙམ་པས། རྒྱས་པར་འདོད་ན་སོ་བདུན་དང་། བསྡུ་ན་གཏེར་གཞུང་ལྟར། ༈ །ཆོས་དབྱིངས་རང་བྱུང་རོལ་པའི་རྩལ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཆོས༔ ཁྱབ་གདལ་ཞིང་ཁམས་མཆོད་སྤྲིན་བཅས༔ འཁོར་གསུམ་ཡོངས་དག་ཉིད་དུ་རོལ༔ སརྦ་པཱུ་ཙ་རཏྣ་མཎྜལ་ཧཱུཾ༔ ཞེས་ཆོས་ལོངས་སྤྲུལ་གསུམ་གྱི་མཎྜལ་ཅི་མང་དབུལ་ལ། མཐར་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་རང་ལ། ཛཿཧཱུྃ་བཾ་ཧོ༔ ཞེས་ཐིམ་པར་བསམ། དེ་ཡང་འཇིག་རྟེན་དང་འཇིག་

p. 718

རྟེན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་ཚོགས་བསགས་པ་ལས་བྱུང་བ་ཡིན་ལ། ཚོགས་གསོག་པའི་ཐབས་ཟབ་མོ་མཎྜལ་འདི་ཡིན་པས། དེ་ལྟར་ཡུན་རིང་ཉམས་སུ་བླངས་ན་ཚོགས་རྫོགས་པའི་རྟགས་སུ། ཟས་ཆེར་མ་ཟོས་ཀྱང་མི་ལྟོག །ཤེས་རབ་ཆེ་བས་སྔར་མ་གོ་བའི་ཆོས་མང་དུ་ཤེས། སྔར་བརྗེད་པའི་ཆོས་མང་དུ་དྲན་པའི་ཉམས་དགའ། བློ་ཆོས་ལ་བཀོལ་ཐུབ་པ་འབྱུང་། རྨི་ལམ་དུ་ཡང་བུད་མེད་མང་པོས་ཟས་སྐོམ་སྟེར་བ་འབྱུང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། མེ་ཏོག་གི་ཐང་ལ་འགྲོ་ཞིང་མེ་ཏོག་འཐུ་བ་དང་། གོས་གསར་པ་གྱོན་པ། རྒྱན་བཏགས་པ། ཆུ་ལ་བརྒལ་བ། ཕ་རོལ་ཏུ་སྒྲོལ་བ་དང་། ཆུ་ལ་གྲུའམ་ཟམ་པ་འཛུག་པ་དང་། མཎྜལ་དང་མེ་ལོང་ཕྱི་ཞིང་བལྟ་བ་དང་། དུང་འབུད་པ་དང་། རྔ་བོ་ཆེ་བརྡུངས་པ་དང་། རོལ་མོ་དཀྲོལ་བ་ལྷ་ཁང་མཇལ་བ་སོགས་རྨིའོ། །དེ་ཡང་ཐང་རེ་ཙམ་རྨི་བ་ལ་བློ་གཏད་མེད་པའི་རྟགས་འདི་རྣམས། དངོས་སམས་ཉམས་རྨི་ལམ་དུ་དེ་དག་ཡང་ཡང་བྱུང་ན་ཚོགས་རྫོགས་པའི་རྟགས་ཡང་དག་པ་ཡིནནོ། ༈ །དགུ་པ་བྱིན་རླབས་མྱུར་འཇུག་བླ་

p. 719

མའི་རྣལ་འབྱོར་ནི། དེ་ཡང་ས་ལམ་གྱི་རྟོགས་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱེད་པ་ལ་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་སྟེ། རྗེ་རིན་པོ་ཆེའི་ཞལ་ནས། ཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན། ཞེས་གསུངས། དེས་ན་ཞིང་གི་མཆོག་ནི་བླ་མ་ཡིན་ཏེ། ཨ་ཏི་བཀོད་པར། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་རྣམས། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། དམ་ཚིག་བཀོད་པ་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་ལས། །བླ་མ་དྲན་པ་འབུམ་ཆར་མིན། །བསྙེན་བསྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་གསུངས་པ་ལྟར་ཡིན་པས། རང་གི་སྤྱི་བོར་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ། བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་བ་གསལ་གདབ་པའི་ཚུལ་ནི། །རང་

p. 720

ཉིད་རྟ་ཕག་ཡབ་ཡུམ་སྐུ༔ མེ་ལོང་གཟུགས་བཞིན་གསལ་བ་ཡི༔ སྤྱི་བོར་པདྨ་ཉི་ཟླ་དང་༔ འཇའ་འོད་གུར་ཁང་ཆེན་པོའི་ཀློང་༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད༔ དགྱེས་འཛུམ་འོད་ཟེར་འཕྲོ་བའི་སྐུ༔ རྡོ་རྗེའི་སྐྱིལ་ཀྲུང་བཞུགས་པའི་མཐར༔ བརྒྱུད་པའི་བླ་མ་སྐར་ཚོགས་བཞིན༔ མངོན་སུམ་ལྟ་བུར་བཞུགས་པར་གསལ༔ ཞེས་པ་ལྟར་གསལ་བཏབ་ནས།ཚོགས་བསགས་ཀྱི་གནད་བསྡས་པ་ཡན་ལག་བདུན་པ་ནི༔ བླ་མ་ཡི་དམ་ལྷ་ཚོགས་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགསཿ ལུས་ངག་ཡིད་གསུམ་གུས་ཕྱག་འཚལཿ ཕྱི་ནང་གསང་བའི་མཆོད་པ་དབུལ ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལཿ མྱ་ངན་མི་འདའ་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག དེ་ནས་གསོལ་བ་འདེབས་པའི་ཚུལ་ནི། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མོས་གུས་ཀྱི་འཁྱེར་སོ་མི་ངའི་བླ་མ་དུས་གསུམ་གྱི་སངས་རྒྱས། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་ངོ་

p. 721

བོ། རིགས་འདུས་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས། འགྲོ་བ་ཐམས་ཅད་ཀྱི་སྐྱབས་མགོན། ངའི་ཚེ་འདི་དང་ཕྱི་མ་བར་དོ་གསུམ་ལ་མཐོར་གཏོང་། དམར་གཏོང་། ཁ་ཙམ་མིན་པས་བླ་མ་མཁྱེན་སྙམ་དུ་བཅོས་མ་མ་ཡིན་པ་གལ་ཆེ། ཞེས་གསུངས་པ་ལྟར། མོས་གུས་རྩེ་གཅིག་པས། ཨེ་མ་ཧོཿ སྐྱེ་མེད་ཀ་དག་ཆོས་དབྱིངས་ཞིང་ཁམས་སུ༔ ཐོག་མའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ མདངས་རྩལ་མ་འགགས་སྐྱེ་མེད་ཀློང་ཡངས་ནས༔ ལོངས་སྐུའི་གཙོ་མཆོག་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ དུར་ཁྲོད་སོ་ས་གླིང་གི་གནས་མཆོག་ཏུ༔ མཁའ་འགྲོའི་གཙོ་མཆོག་ལས་ཀྱི་དབང་མོ་ཆེར༔ གསོལ་བ་འདེབས་སོ༴ དྷ་ན་མི་དྷིའི་ཞིང་ཁམས་ཡངས་པ་རུ༔ སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀ་ར་ལ༔ གསོལ་བ་འདེབས་སོ༴ རྒྱ་ནག་རི་བོ་ཆེན་པོའི་ཤར་ཕྱོགས་སུ༔ མཁའ་འགྲོའི་གཙོ་མོ་ལབ་ཀྱི་སྒྲོན་མ་ལ༔ གསོལ་བ་འདེབས་སོ༴

p. 722

མཆོད་རྟེན་བདེ་བྱེད་བརྩེགས་པའི་ཕོ་བྲང་དུ༔ ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ༴ གར་བཞུགས་དམ་གཙང་ཞིང་ཁམས་ཡངས་པ་རུ༔ ཡེ་ཤེས་མཚོ་རྒྱལ་ཨ་མ་ཀུན་སྟོབས་ལ༔ གསོལ་བ་འདེབས་སོ༴ སྦས་ཡུལ་པདྨ་བཀོད་ཀྱི་གནས་མཆོག་ཏུ༔ དྲེགས་པའི་མངའ་བདག་རིག་འཛིན་དཔལ་སེང་ལ༔ གསོལ་བ་འདེབས་སོ༴ གཞུ་སྟོད་གཏེར་སྒྲོམ་མཚོ་རྒྱལ་གསང་ཕུག་ཏུ༔ བཀའ་བབས་ལས་སད་བདེ་ཆེན་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་སྨིན་ཅིང་གྲོལ་བར་མཛོད༔ སྐབས་འདིར། མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག༔ དེས་གྲངས་གསོག་གོ །དེང་ནས་བདག་སོགས་མཁའ་མཉམ་འགྲོ་བ་ཀུན༔ སེམས་དང་སེམས་ཉིད་བདེ་ཆེན་ཆོས་སྐུའི་ཀློང་༔ གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས་མཐར༔ རྩེ་གཅིག་

p. 723

གསོལ་བཏབ་བླ་མ་ཡི༔ གནས་གསུམ་འབྲུ་གསུམ་གནས་པ་ལས༔ དཀར་དམར་སྔོ་བའི་འོད་ཟེར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ནས་སྒྲིབ་བཞི་སྦྱངས༔ སྐུ་བཞི་མངོན་དུ་འགྱུར་བར་ཤོག༔ ཅེས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཅིང་། མཐར་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་པའི་ངང་ལ་དར་གཅིག་མཉམ་པར་བཞག་གོ །དེ་ལྟར་ཐུན་བཞིའམ་རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམ་པས་ཉམས་རྟོགས་རང་བཞིན་ཤུགས་ལ་འཆར་བ་ནི། གྲུབ་ཐོབ་རིག་འཛིན་ཐམས་ཅད་ཀྱི་ཉམས་མྱོང་། མཁའ་འགྲོའི་གསང་ཚིག །རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ན། བླ་མའི་བྱིན་རླབས་བུམ་པ་གང་བྱོས་ཚུལ་དུ་ཐོབ་ནས། ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ་ལ་ཟབ་མོ་བླ་མའི་རྣལ་འབྱོར་རོ། །ཞེས་གསུངས་སོ། །དེ་དག་རྣམས་ནི་མདོ་སྔགས་གཉིས་ཀའི་སྔོན་འགྲོ་ཐུན་མོང་གི་དབང་དུ་བྱས་པའོ། ༈ །དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ།

p. 724

འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ་དང་། རྣལ་དུ་དབབ་པའོ། །དང་པོ་འཁོར་འདས་རུ་ཤན་དབྱེ་བ་ལ་གཉིས་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཕྱི་འཁོར་འདས་རུ་ཤན་དབྱེ་བ་དང་། ནང་འཁོར་འདས་རུ་ཤན་དབྱེ་བའོ། །ཞེས་གསུངས་པའི། དང་པོ་ཕྱི་འཁོར་འདས་རུ་ཤན་དབྱེ་དགོས་པའི་རྒྱུ་མཚན་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེས་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་པ་ལྟར། རྩ་ལྟུང་བདུན་པའི་ཉེས་པ་འགོག་པའི་ཕྱིར། གནས་དབེན་པར་གཞི་བདག་ལ་དཀར་གཏོར་གསེར་སྐྱེམས་གཏོང་ལ་འཕྲིན་ལས་བཅོལ། དེ་ནས་རུ་ཤན་དབྱེ་བ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། དེ་ཡང་ཆོས་ཉིད་ཀྱི་གནས་ལུགས་གདོད་ནས་རང་ལ་ཡོད་ཀྱང་། གནས་སྐབས་མ་རིག་པའི་སྒྲིབ་པས་བསྒྲིབས་ནས༔ འགྲོ་བ་རིགས་དྲུག་གི་གནས་སུ་བར་མེད་དུ་འཁྱམས་ཏེ༔ སྡུག་བསྔལ་སྣ་ཚོགས་ཀྱིས་མནར་མོད༔ ད་ནི་སེམས་ཅན་གྱི་དོན་དུ་ད་རེས་ནས་བཟུང་འཁོར་འདས་རུ་ཤན་དབྱེ་ལ༔ ཕྱིན་ཆད་

p. 725

འཁོར་བར་མི་ལྡོག་པར་བྱ་སྙམ་དུ་སེམས་བསྐྱེད་ནས་འགྲོ་བ་རིགས་དྲུག་སོ་སོའི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་མྱོང་བར་བསམ་ཞིང་༔ ལུས་ཀྱི་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར༔ ངག་གིས་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་རྟོགས་པའི་སྣ་མི་བསྐྱིལ་བར་ཤུགས་འབྱུང་འགག་མེད་དུ་སྤྱོད་པས་ངལ་དུབ་འགྱུ་བ་སྤུན་ཐག་ཏུ་མ་གྱུར་གྱི་བར་དུ་བྱས་ནས༔ རྗེས་ཤེས་རིག་གི་རང་ངོ་ལ་བལྟ་ཞིང་ངལ་གསོ༔ ཞེས་གསུངས་པ་ལྟར་བྱས་རྗེས་སུ་དེ་དག་ཐམས་ཅད་རང་གི་སེམས་ཀྱིས་བྱས། སེམས་ལས་བྱུང་། སེམས་ཀྱི་ངོ་བོ་འདུས་མ་བྱས་ཡིན་པ་ལ་བློས་བྱས་ཀྱི་འཛིན་པ་ག་ལ་མཆིས། འཛིན་མེད་བློ་འདས་སུ་ཐག་བཅད། ཆགས་ཞེན་དགག་སྒྲུབ་དང་བྲལ་བར་བཞག་གོ །རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཡང་ལུས་ཀྱིས་བདེ་གཤེགས་ཞི་ཁྲོའི་རྣམ་འགྱུར༔ ངག་གིས་གསུང་གི་སྒྲ་སྐད༔ ཡིད་ཀྱིས་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་སུ་བྱས་རྗེས་ཤེས་རིག་གི་ངང་ཉམས་བསྐྱང་ངོ་༔ ཞེས་གསུངས་པ་ལྟར། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་

p. 726

ཡིད་ལ་དྲན་ཚད་ཀྱི་རྣམ་འགྱུར༔ ཆོས་གསུངས་པ། ཧཱུྃ་ཕཊ་ཀྱི་ང་རོ་སོགས་ཅི་ཤེས་སུ་བསྒྲགས་ནས། དེ་དང་དེ་དངོས་ཀྱི་ང་རྒྱལ་དང་། ཁྲོ་ཆགས་ཞི་བའི་འདུ་ཤེས་བསྐྱེད་ལ་ལྷང་ལྷང་འཆར་བར་བསྒོམ། དེ་ཡང་སྔར་ལུགས་ལྟར་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ཏེ་སེམས་ཉིད་ཀྱི་ངང་ལ་གློད་ནས་བཞག་གོ །དེ་ལྟ་བུའི་རུ་ཤན་འབྱེད་པ་ལ་ཟླ་བ་ཕྱེད་དམ། ཞག་བཅུ་གཅིག་གམ། ཉི་མ་བདུན་ལ་སོགས་པར་འབད་པར་བྱའོ། དེ་ལྟར་བྱས་པའི་དགོས་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། སྒོ་གསུམ་གྱི་སྡིག་སྒྲིབ་དག༔ བར་ཆད་ཞི༔ མངོན་ཞེན་ལྡོག༔ རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་བྱེད་དོ༔ ཅེས་གསུངས། གནས་སྐབས་སུ་འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་ཚེ་འདིའི་ཞེན་པ་རང་ལོག་པའི་བྱང་ཆུབ་སྒྲུབ་པའི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ། འཁོར་བར་གནས་པའི་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། དེ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་གོ་ནས་སེམས་འཛིན་མེད་བློ་འདས་སུ་ཐག་ཆོད་པས་ཕྱིན་ཆད་འཁོར་བར་མི་ལྡོག་སྟེ། དབང་ཉེ་བར་རྟོགས་པ་ལས། རུ་ཤན་གང་གི་ཕྱེ་བ་ཉིད། ཁམས་

p. 727

གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་སོ། ༈ །གཉིས་པ་ནང་ལྟར་དབྱེ་བ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ནང་ལྟར་རུ་ཤན་དབྱེ་བ་ལ༔ སྦྱངས་གཞི་རང་གི་ལུས་ཀྱི་གནས་དྲུག་དུ་རིགས་དྲུག་དུ་སྐྱེ་བའི་ས་བོན་ཡོད་དེ༔ སྤྱི་བོར་ཨ༔ མགྲིན་པར་སུ༔ སྙིང་གར་ནི༔ ལྟེ་བར་ཏྲི༔ གསང་བར་པྲེ༔ རྐང་མཐིལ་དུ་དུ༔ བག་ཆགས་དང་བཅས་པ་ལྷན་སྐྱེས་སུ་གནས་པ་སྟེ༔ ཞེས་གསུངས་པ་ལྟར། རང་ཐ་མལ་དུ་གནས་པའི་སྤྱི་བོར༔ ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་ལྗང་སེར། སྙིང་ཀར་མིའི་ས་བོན་ནྲི་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ལྗང་ནག ། རྐང་མཐིལ་གཉིས་སུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་བག་ཆགས་དང་བཅས་ལྷན་སྐྱེས་སུ་གནས་པ་རྣམས་གསལ་གདབ། དེ་སྦྱོང་བྱེད་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། སྦྱོང་བྱེད་རིག་པའི་ཡེ་ཤེས་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ སྙིང་གར་ཧཱུྃཿ དེ་ལས་ཐུགས་རྗེའི་འོད་ཟེར་ཐག་འཕྲོས༔ རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་

p. 728

གཞོབ་ཐུལ་དུ་བསྲེག༔ རིགས་དྲུག་གི་རྒྱུ་འབྲས་དྲུང་ནས་ཕྱུང་སྟེ་ལུས་ཤེལ་གོང་གཡའ་བྲལ་ལྟ་བུར་བྷཻཾ༔ འབྲུ་གསུམ་གྱི་བསྙེན་པ་བྱའོ༔ ཞེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ་སྙིང་གར་ཧཱུཾ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་ཚེ། ཡི་གེ་དེ་གསུམ་ལས་ཡེ་ཤེས་ཀྱི་མེ་རང་བཞིན་གྱིས་འབར་བས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་བསྲེགས། སླར་ཡང་ཡི་གེ་གསུམ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས། ཡིག་འབྲུ་དྲུག་གིས་གནས་རྣམས་སྦྱངས་ནས། རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་། ཨོཾ་ཨཱཿཧཱུྃ། འབུམ་ཚོ་བདུན་བཟླའོ། །དེས་སྡིག་པ་དག་པའི་རྟགས་སྣ་ཚོགས་དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ངོ་། །སྒོ་གསུམ་གྱི་ཞེན་འཛིན་དག་ནས་ཤེལ་གོང་ལྟར་གྱུར་སྙམ་པ་དང་། བག་ཆགས་དག་ནས་ནད་གདོན་བར་ཆད་ཞི་བར་འགྱུར། །དཔེར་ན་རྒྱུའི་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་ཕྱིན་

p. 729

ཆད་འཁོར་བར་མི་ལྡོག་སྟེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་བྱས་པ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང་། ལུས་ངག་ཡིད་གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་གསུངས་སོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལུས་རྡོ་རྗེའི་འདུག་སྟངས་བྱ་ཞིང་། ཞེས་གསུངས་པ་དེ་ཡང་ལུས་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ལས། སོ་སོའི་བྱེད་པའི་རྒྱུ་འགག་པ། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ། ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས་རྡོ་རྗེའི་འདུག་སྟངས་ལ་ལངས་འདུག་ཕྱོགས་གཉིས་སུ་བཞེད་པའི་སྔ་མ་ནི་རྐང་མཐིལ་སྦྱར། སོར་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བརྒྱངས། སྒལ་ཚིག་དྲང་པོར་བསྲངས། ལག་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱངས། མགྲིན་པར་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་བསྒྲིམ་མིག་བར་སྣང་ལ་ཧ་རེ་བལྟས་ལ་ལུས་རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་རྡོ་རྗེ་སྔོན་པོ་རྩེ་

p. 730

གསུམ་མེ་འབར་བར་བསྒོམ། དེ་ལྟར་འདུག་མ་ཐུབ་དུས་ལུས་གན་རྐྱལ་དུ་ལོག་སྟེ། དུར་ཁྲོད་ཀྱི་མི་རོ་བཞིན་རྟོག་མེད་ཀྱི་ངང་ལ་བཞག་གོ །དེ་ལྟར་མ་ལྕོགས་ན་ཕྱི་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་རྡོ་རྗེ་ལྟ་བུ་ལུས་སྤྱི་བསྲངས་པས་འགྱུ་བྱེད་ཀྱི་རླུང་འགག །རྐང་མཐིལ་ཁ་སྦྱར་བས། ཕོ་མོ་མ་ནིང་གི་རླུང་སྟོངས་ཏེ། འོད་གསལ་ཡེ་ཤེས་ཀྱི་ངང་དུ་གནས། རྟིང་པ་གཉིས་གསང་བར་ཟུག་པར་གཏད་པས་འདོད་ཆགས་ཀྱི་གཞི་སྟོངས། ཐལ་མོ་སྤྱི་བོར་སྦྱར་བས་རྡོ་རྗེ་རྩེ་གསུམ་པར་བསམས་པས་ལུས་ཀྱི་ནད་གདོན་སྦྱོང་བར་བྱེད་དོ། །ཞེས་ཀུན་མཁྱེན་ཆེན་པོས་བཞེད་ལ། རྟགས་ནི་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་། དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པར་མ་གྱུར་གྱི་བར་དུ་འབད་པར་བྱའོ། །དེ་ཡང་རྡོ་རྗེའི་ཡར་རྩེ་གསུམ་གྱིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ལ། མར་རྩེ་གསུམ་སྐུ་གསུམ་མཚོན་པས། རྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་བྱེད་མཚོན་པའོ། །དེ་ལྟར་བགྱིས་པས་དགོས་པ་ལ་གསུམ་སྟེ། ཐུན་མོང་དུ་ངལ་དུབ་ཀྱི་ལུས་སྒྲིབ་འདག །ཁྱད་པར་

p. 731

ལུས་རྡོ་རྗེ་མེ་འབར་བར་མཐོང་བའི་གདོན་བགེགས་ཞི་མཐར་ཐུག་ལུས་ཞེན་ལྡོག་སྟེ་སྐུ་རྡོ་རྗེར་འགྲུབ་པར་འགྱུར་ལ། འདིའི་ཚེ་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དོན་ངལ་དུབ་ལ་སོགས་པའི་རྐྱེན་གྱིས་འགྱུར་དྲན་བྱུང་ཚོར་གྱི་སྤུན་ཐག་ཆད་ཅིང་ཐད་ཀར་རིག་པ་རྟེན་མེད་དུ་ལུས་པས་ངོ་སྤྲོད་ཀྱི་གཟེར་འདེབས་སླ་བ་ཡིན་ནོ། ༈ །གཉིས་པ་ངག་གི་སྔོན་འགྲོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ངག་རླུང་ཤེས་པ་ཧཱུྃ་གསུམ་གཅིག་ཏུ་བྱས་པས་ཕྱི་ནང་གི་འགྲོ་ལྡོག་ལ་སྦྱངས༔ ཞེས་གསུངས་པ་ལྟར། ཀུན་བཟང་སྙིང་ཐིག་ལས། རང་ལུས་ཧཱུཾ་ཆེན་སྔོན་པོ་རབ་འབར་བ། །དེ་ལས་ཡི་གེེ་ཧཱུྃ་སྔོན་ཤུགས་ལྡན་པ། །ཧཱུཾ་གིས་རང་སྒྲ་དྲག་པོ་སྒྲོག་པ་ནི། །ངག་ནི་ཧཱུཾ་སྒྲ་དྲག་པོ་བརྗོད་དང་ལྡན། །བར་མི་ཆད་པར་རྒྱང་རྒྱང་ཐོལ་ཐོལ་སྤྲོས། །ཕྱི་ཡི་སྣང་བ་གདོས་བཅས་རི་དང་བྲག །ས་གཞི་རྩི་ཤིང་དངོས་པོར་སྣང་ཀུན་ལ། །ཧཱུཾ་གིས་ཐལ་བྱུང་ཟང་ཐལ་ཕར་ཐལ་ཕུག །ཚུར་ཐལ་ཕུག་སྟེ་སང་སེང་ཁྲལ་ཁྲོལ་དུ། །བཏང་བའི་དངོས་པོར་འཛིན་པ་རྒྱ་ཞིག་ནས། །ཧྲུལ་གྱིས་སོང་

p. 732

ནས་དམིགས་མེད་ངང་ཉམས་བསྐྱངས། །དེ་ལྟར་ལན་མང་དམིགས་པ་བསྐྱར་ཞིང་སྦྱང་། །དེ་ཡིས་སྣང་བའི་ཡུལ་བདེན་འཛིན་པ་ཞིག །སྣང་སྟོང་སྒྱུ་མ་ལྟ་བུའི་ངང་དུ་གྲོལ། །ཅེས་པ་ལྟར་སྦྱོང་། ཡུལ་ཅན་རང་ལུས་ལ་རྩལ་སྦྱང་བ་ནི། དེ་ཉིད་ལས། རང་ཉིད་ཐ་མལ་གནས་པའི་སྙིང་ཁ་རུ། །ཧཱུཾ་སྔོན་འཐེབ་སོར་ཙམ་པ་གསལ་བ་ལས། །ངག་ནས་ཧཱུྃ་ནི་དལ་བུས་བརྗོད་བཞིན་པས། །གོང་ལྟར་ཧཱུཾ་གི་སྒྲ་བཅས་གྲངས་མེད་འཕྲོས། རང་ལུས་སྟོད་སྨད་ཕྱི་ནང་མགོ་མཇུག་ཀུན། །ཟང་ཐལ་ཕུག་པས་ཁྲོལ་མ་ལྟ་བུར་བཏང་། །མཐར་ནི་ཧྲུལ་གྱིས་ཞིག་ནས་དངོས་མེད་དུ། །སོང་བར་བསམ་སྟེ་དེ་ཡི་ངང་ཉམས་བསྐྱངས། །དེ་ཡིས་ཕུང་པོའི་འཛིན་པ་རང་སར་གྲོལ། །ཅེས་པ་ལྟར་སྦྱང་ངོ་། །འབྱོང་བའི་རྟགསནི། ལུས་ཀྱི་ཤ་ཁོལ་བུར་ན་བ་དང་། འཕར་བ་དང་། མེ་ལོང་གི་བྱད་ལྟར་རང་བཞིན་མེད་པའི་ཉམས་འཆར་རོ། །དེ་ལྟར་བྱས་པས། ནང་ཕུང་པོའི་ནད་གདོན་ཞི་བ་དང་། ལུས་འོད་སྐུར་གྲོལ་བའི་དགོས་པ་ཡོད་དོ། །དེ་ནས་མཉེན་བཙལ་བ་ནི། །ཀུན་བཟང་སྙིང་ཐིག་ལས། ཧཱུཾ་ཧཱུཾ་ཞེས་བརྗོད་པས་

p. 733

རང་གི་མདུན་དུ་ཧཱུཾ་ནག་པོ་རི་བོ་མཆོག་རབ་ཙམ་བསྐྱེད། ཡང་ཧཱུཾ་གླུ་རིང་བོར་བརྗོད་པས་རང་ཉིད་ཧཱུཾ་དམར་པོ་ཞིག་ཏུ་གསལ་བའི་མདུན་གྱི་ཧཱུཾ་ནག་པོ་ལ་གཡས་བསྐོར་གྱི་ལི་ལི་བསྐོར་བས་ངལ་ཞིང་དུབ་པ་དང་། ཧཱུཾ་དམར་པོ་ངལ་གསོ་བའི་ཚུལ་དུ་ཅོག་གེར་གནས་པས་རི་བོ་མཆོག་རབ་ཙམ་དུ་གྱུར་བ་ལ། ཧཱུཾ་ནག་པོས་གཡས་བསྐོར་གྱི་ལི་ལི་བསྐོར་ཞིང་། དེ་ལྟར་རླུང་སེམས་ཧཱུཾ་གསུམ་གཅིག་ཏུ་བྱས་ནས་ཕན་ཚུན་མང་དུ་བསྐོར་བས་རྣམ་རྟོག་ངར་ཞི་ནས་ཤེས་པ་གར་གཏད་དུ་ལྷན་ལྷན་སྡོད་ཅིང་། དམིགས་པ་གང་དུའང་བསྒྱར་ཐུབ་པའོ། །དེ་ལྟར་བྱས་པའི་དགོས་པ་ནི། ཐུན་མོང་དུ་ངག་གི་སྒྲིབ་པ་དག །མཐར་ཐུག་གསུང་རྡོ་རྗེ་འགྲུབ་པར་འགྱུར་རོ། ༈ །གསུམ་པ་སེམས་ཀྱི་སྔོན་འགྲོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། སེམས་བྱུང་གནས་འགྲོ་གསུམ་བརྟག་སྟེ་གཏན་ལ་ཕེབས་པར་བྱའོ༔ ཞེས་གསུངས་པ་ལྟར། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་

p. 734

ཤེས། །ཞེས་གསུངས་པས། སངས་རྒྱས་ཐོབ་ནས་བདེ་བ་མྱོང་བ་དང་། འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་གཉིས་ཀྱང་རང་གི་སེམས་ཡིན་པར་འདུག །འདིའི་གནས་ལུགས་ཡང་དག་ཅིག་མ་རྟོགས་ན། ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པར་འདུག །ད་ལྟར་ཅི་ནས་ཀྱང་གནས་ཚུལ་རྟོགས་པ་ཞིག་བྱ་སྙམ་དུ་བསམ་ལ། ༈ །དང་པོ་བྱུང་ས་བརྟགས་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ། །རིག་རིག་འགྱུ་འགྱུ་པོ་འདི་ཕྱི་ནང་སྣོད་བཅུད་གང་ལས་བྱུང་། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིག་ནས་བཙལ་བས་ཨེ་རྙེད་ལྟོས། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་བས་ཨེ་རྙེད་ལྟོས། གལ་ཏེ་སྟོང་པ་ལས་བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ་ལྟོས། མདོར་ན་འཚོལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱིས་སེམས་ལ་ཚུར་བལྟས་པས་འཚོལ་བྱ་དང་འཚོལ་མཁན་དུ་སྣང་བའི་གཟུང་འཛིན་ཡུལ་མེད་མཐའ་བྲལ་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་གཞི་མེད་རྩ་བྲལ་ཆོས་སྐུ་སྐྱེ་བ་མེད་པའི་རང་ངོ་མ་

p. 735

མཐོང་གི་བར་དུ་རྩར་གཅོད་དོ། ༈ །གཉིས་པ་གནས་པ་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ན་གནས་དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟགས་ཤིང་དཔྱད་པས། དེ་དག་གང་དུ་ཡང་མ་གྲུབ་ན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པའི་ཤེས་པ་གསལ་སྟོང་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་དཔྱད་དོ། ༈ །གསུམ་པ་འགྲོ་ས་ལ་བརྟག་པ་ནི། སེམས་ལ་རྣམ་རྟོག་ཝལ་གྱིས་ཤར་ནས་ཡལ་གྱི་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟགས་པས། ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུ་ཡང་འགྲོ་བའི་ཡུལ་མེད། ཡུལ་ཅན་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་དང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་མ་གྲུབ་པའི་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་ལྟར་འཚོལ་མཁན་གྱི་སེམས་དེ་རང་བཞིན་གྱི་ཨེ་གྲུབ་དཔྱད་པས་རིག་སྟོང་འགྲོ་འོང་མེད་པ་སྟོང་པ་ཉིད་དུ་གཏན་ལ་དབབ་པར་བྱའོ། །དེ་ལྟར་བྱས་པའི་དགོས་པ་ནི། ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ཅིང་བར་

p. 736

ཆད་ཞི། མངོན་ཞེན་ལྡོག་མཐར་ཐུག་ཐུགས་རྡོ་རྗེའི་གོ་འཕང་མངོན་དུ་བྱེད་དོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། རྣལ་དུ་དབབ་པ་དང་སོར་གཞུག་པའོ༔ ཞེས་གསུངས་པའི་དང་པོ་ལ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལུས་རང་བབས་དང་༔ ངག་བཅོས་མེད༔ སེམས་རྟོག་བྲལ་དུ་སྒོ་གསུམ་གཞི་ཐོག་གི་སྟེང་དུ་རང་བབས་སུ་བཞག་པའོ༔ ཞེས་གསུངས་པ་ལྟར། བདེ་བའི་སྟན་ལ་སེམས་སྐྱིལ་ལམ། ཙོག་བུའམ། རྡོ་རྗེ་སྐྱིལ་ཀྲུང་སོགས་གང་བདེར། ལུས་དུར་ཁྲོད་ཀྱི་རོ་ལྟར་འགུལ་བསྐྱོད་དང་བྲལ་བ། ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་སྨྲ་བརྗོད་དང་བྲལ་བ། ཡིད་སྐྱེས་བུའི་སྙིང་བཏོན་པ་ལྟར་དྲན་མེད་རྟོག་མེད་ཀྱི་ངང་ལ་གློད་ལ་རང་བབས་སུ་བཞག་གོ །དེ་ཡང་རྣལ་ཞེས་པ་མ་བཅོས་པའི་དོན་དང་། དབབ་པ་ནི་རང་བབས་སུ་འཇོག་པའི་ཕྱིར་རོ། །རྣལ་དུ་དབབ་པ་འདི་ལ་ཞག་ཉི་ཤུ་རྩ་གཅིག་གམ། བཅོ་ལྔའམ། བདུན་སོགས་ལ་བསླབ་བོ། །དེ་ལྟར་བྱས་པའི་དགོས་པ་ནི། རྩ་རླུང་ཁོད་སྙོམས་པའི་འབྱུང་བ་མི་འཁྲུགས་པའི་ནད་མེད་པ་དང་། ཏིང་ངེ་འཛིན་

p. 737

རང་བཞིན་གྱིས་སྐྱེ་བ་དང་། སྒོ་གསུམ་གྱི་འཛིན་པ་རང་གྲོལ་དུ་འགྲོ་བ་སོགས་ཡུན་རིང་བསྒོམ་པས་ཞི་གནས་ཀྱི་ཡོན་ཏན་མཐའ་དག་སྐྱེ་བར་གསུངས། ༈ །གཉིས་པ་སོར་གཞུག་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཉན་ཐོས་ཞི་བ༔ བྱང་ཆུབ་སེམས་དཔའ༔ ཁྲོ་བོ་བཅས་ཀྱི་ལྟ་སྟངས་རྣམས་ཀྱིས༔ ཞེས་གསུངས་པ་ལྟར། དེ་ཡང་སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་། བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་སུ་འཇུག་པ་ཡིན་ནོ། །དང་པོ་ཉན་ཐོས་ཞི་བའི་ལྟ་སྟངས་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངག་མི་སྨྲ་ཞིང་རླུང་གི་འགྲོ་འོང་དལ་བར་བཞག །མིག་མི་འགུལ་བར་སྣ་རྩེའི་ནམ་མཁར་ཧྲིག་གེ་བལྟ། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་བོ། །དེས་རྣམ་རྟོག་ཕྲ་མོ་རྣམས་འཇོམས་ཏེ་ཉན་ཐོས་ཞི་བའི་ལྟ་སྟངས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། ལུས་གནད་སྔར་ལྟར་མིག་བར་སྣང་ལ་ཧ་རེ་བལྟ་ཞིང་ཤེས་པ་གསལ་སྟོང་གི་

p. 738

ངང་མ་ཤོར་བ་ལ་བསླབ་བོ། །དེས་རྣམ་རྟོག་རགས་པ་འཇོམས་ཏེ་བྱང་སེམས་ཀྱི་ལྟ་སྟངས་སོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསྡད་པ་ལས་ལངས་ཏེ། གོམས་པ་གྱ་ཚོམ་དུ་འདོར་མིག་གཡོ་ཞིང་། ངག་ཏུ་ཧ་ཧ་ཧི་ཧི་སྒྲོག་པ་སོགས་བྱས་ལ་མི་རྟོག་པའི་ངང་མ་ཤོར་བར་བྱའོ། །དེས་རྣམ་རྟོག་སྦོམ་པོ་འཇོམས་ཏེ་ཁྲོ་བོའི་ལྟ་སྟངས་སོ། །དགོས་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། རིམ་པ་བཞིན་སྒོ་གསུམ་གནས་པར་བྱེད༔ གནས་པ་བརྟན་པར་བྱེད༔ བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་པའོ༔ ཞེས་གསུངས། དེ་དག་གིས་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེས་པས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ཀ་དག་གི་དོན་བླ་མས་ངོ་སྤྲད་ནས་ཉམས་སུ་ལེན་པའི་ཚེ། ཉོན་མོངས་པ་ཐམས་ཅད་ཀྱི་མགོ་ནོན་ཅིང་ཡང་དག་པའི་ལམ་མངོན་དུ་མྱུར་དུ་འགྱུར་བ་ཡིན་ཏེ། དཔེར་ན་རལ་གྲིའི་འཁྲུལ་འཁོར་ཤེས་བར་འདོད་པས། དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། ༈ །དེ་ནས་དངོས་གཞི་ལ་གཉིས་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་༔

p. 739

ལས། ཁྲེགས་ཆོད་ཀྱི་ལམ་ཀ་དག་སྤྲོས་བྲལ་དུ་སྟོན་པ༔ ཐོད་རྒལ་གྱི་ལམ་ལྷུན་གྲུབ་ཡེ་ཤེས་མངོན་སུམ་དུ་སྟོན་པ་ལས༔ ཞེས་གསུངས་པས། དང་པོ་ཁྲེགས་ཆོད་ལ་གཉིས་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། གནས་ལུགས་གཏན་ལ་དབབ་པ་དང་༔ རིག་པ་རང་ངོ་སྤྲོད་པའོ༔ ཞེས་གསུངས་པས། དང་པོ་གནས་ལུགས་གཏན་ལ་འབེབ་ཚུལ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། རྟོག་པ་རྩར་གཅོད་པ་སེམས་ཀྱི་མཚང་བཙལ་བ༔ བྱུང་གནས་འགྲོ་གསུམ་ལ་བརྟག་པའོ༔ གནས་ན་གནས་ཐོག༔ འཕྲོ་ན་འཕྲོ་ཐོག་ཏུ་བལྟས་པའི་ཡེ་སྟོང་ཀ་དག་གི་གཤིས་ལུགས་མངོན་དུ་འགྱུར་བའོ། །ཞེས་གསུངས་པས་ན། སྔར་བཤད་པའི་སེམས་ཀྱི་སྔོན་འགྲོའི་སྐབས་སུ་དོན་གྱི་མཐུས་པས་འདིར་མ་སྤྲོས་སོ། ༈ །གཉིས་པ་རིག་པ་རང་ངོ་སྤྲོད་པ་ལ་གཉིས་ཏེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། གནས་ལུགས་ལྟ་ཐོག་ནས་ངོ་སྤྲོད་པ་དང་༔ ཉམས་མྱོང་བསྒོམ་ཐོག་ནས་ངོ་སྤྲོད་པའོ༔ ཞེས་གསུངས་པ་བཞིན། དང་པོ་ཡར་ངོའི་དུས་ཚེས་དགེ་བར། རྩ་གསུམ་མཁའ་འགྲོ་མཉེས་པའི་ཚོགས་

p. 740

མཆོད་བཤམས། སློབ་དཔོན་ཁྲིར་འཁོད། སློབ་བུས་ལུས་གནད་བསྲངས་ཤིང་མཎྜལ་འབུལ། སློབ་དཔོན་གྱིས་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་འབོག །སློབ་མ་རྣམས་ལ་ང་ཡི་ཚིག་དང་མཐུན་པའི་གསོལ་བ་འདེབས་པར་མོས་ཞེས་བརྡའ་སྤྲད་ཏེ། ཊཱ་མ་རུའི་སྒྲ་དང་བཅས་བརྒྱུད་པའི་གསོལ་འདེབས་སློབ་མའི་ཡིད་འདྲེན་པའི་སྙན་པའི་དབྱངས་ཀྱིས་བརྗོད། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ སྐལ་ལྡན་སློབ་མའི་ཤེས་རྒྱུད་ལ༔ ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ༔ གསོལ་བ་འདེབས་སོ༴ སྐལ་ལྡན༴ ཡེ་ཤེས་སྐྱེ་བར༴ མཁའ་འགྲོ་ལས་ཀྱི་དབང་མོ་ཆེར༔ གསོལ་བ༴ སྐལ་ལྡན༴ ཡེ་ཤེས༴ སློབ་དཔོན་ཧཱུཾ་ཆེན་ཀཱ་ར་ལ༔ གསོལ་བ་འདེབས་སོ༴ སྐལ་ལྡན༴ ཡེ་ཤེས་སྐྱེ་བར༴ མ་ཅིག་ལབ་ཀྱི་སྒྲོལ་མ་ལ༔ གསོལ་བ༴ སྐལ་ལྡན༴ ཡེ་ཤེས༴ སློབ་དཔོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ༴ སྐལ་ལྡན༴ ཡེ་ཤེས་སྐྱེ་བར༴ མཚོ་རྒྱལ་ཨ་མ་ཀུན་སྟོབས་ལ༴ གསོལ་བ

p. 741

སྐལ་ལྡན: ཡེ་ཤེས: དྲེགས་པའི་མངའ་བདག་དཔལ་སེང་ལ༔ གསོལ་བ་འདེབས་སོ༴ སྐལ་ལྡན༴ ཡེ་ཤེས: ཆོས་བདག་བདེ་ཆེན་རྒྱལ་པོ་ལ༔ གསོལ་བ༴ སྐལ་ལྡན: ཡེ་ཤེས༴ རྩ་གསུམ་དཔའ་བོ་ཌཱཀྐི་ལ༔ གསོལ་བ་འདེབས་སོ༴ སྐལ་ལྡན༴ ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས༔ བརྒྱུད་པའི་རིག་འཛིན་བླ་མ་རྣམས༔ འཇའ་འོད་ཚོམ་བུར་ཤིགས་སེ་ཤིག༔ ཐུགས་རྗེའི་གཟི་བྱིན་ཡ་ལ་ལ༔ བྱིན་རླབས་ནུས་པའི་རྩལ་བསྐྱེད་ལ༔ སྐུ་གསུང་ཐུགས་ཡོན་དབང་བཞི་བསྐུར༔ རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ༔ རང་བྱུང་རྗེན་པར་གཏན་ལ་ཕོབ༔ བརྒྱུད་པའི་བླ་མ་འོད་དུ་ཞུ༔ དབང་བཞི་རྫོགས་ནས་སྐྱེ་མེད་ཨཿ ཞེས་བརྗོད་པའི་མཐར་བརྒྱུད་པའི་བླ་མ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམས་པར་ཞུ་ནས་སློབ་མའི་ལུས་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་སློབ་མའི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་སོང་སྙམ་པའི་ངང་ལ་ཡུད་ཅིག་མཉམ་པར་བཞག་སོ། །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་། བླ་མ་རྣམས་ཀྱི་ཕྱག་བཞེས་ཡིན་པས།

p. 742

ཉམས་རྟོགས་སྐྱེ་སླ་བ་སོགས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། ༈ །དེ་ནས་ངོ་སྤྲོད་པ་ལ། འོ་སྐལ་ལྡན་སེམས་ཀྱི་བུ་རྣམས་མ་ཡེངས་པར་ལེགས་བར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །སྤྱིར་ངོ་སྤྲོད་བྱས་པའི་གོ་དོན་རང་ཅི་ཡིན་སྙམ་ན། རང་སེམས་སངས་རྒྱས་སུ་ངོ་སྤྲོད་ཅེས་ཟེར། དེ་ཡིན་ནས་ངོ་སྤྲོད་དམ། མིན་ནས་ངོ་སྤྲོད། རང་སེམས་སངས་རྒྱས་ཡིན་ན་ངོ་སྤྲོད་ཅི་དགོས། མིན་ན་ངོ་སྤྲད་ཀྱང་ཅི་ཕན་སྙམ་ན། དེ་ཡང་ཡིན་པ་ཡེ་ནས་སངས་རྒྱས་ཡིན་ཏེ། མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་པ་བཞིན། སངས་རྒྱས་ཡིན་ཡང་གནས་སྐབས་མ་རིག་པའི་དྲི་མས་བསྒྲིབ་ནས་ཡོད་པས། དེའི་སྒྲིབ་གཡོགས་མཐའ་དག་དང་བྲལ་བའི་ཕྱིར་ཡིན་ལུགས་རང་ལུགས་ཇི་བཞིན་དུ་ངོ་སྤྲོད་པ་ཡིན་ནོ། །དེ་ཡང་སྔར་ཁྱེད་རང་རྣམས་ཀྱི་སེམས་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་

p. 743

བཙལ་བའི་ཚེ། ངོ་བོ་ངོས་བཟུང་དབྱིབས་ཁ་དོག་སོགས་གང་ཡང་མ་རྙེད་པ་དེ་རྙེད་པའི་མཆོག་ཡིན་ཏེ། མ་གཅིག་གི་ཞལ་ནས། བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་གསུངས་པ་ལྟར། འོ་སྐོལ་རྣམས་ཀྱི་སེམས་ཉིད་འདི་ནི། དང་པོ་རྒྱུས་མ་བསྐྱེད་པས། འདི་ནས་བྱུང་ཞེས་སྨྲ་བའི་ཡུལ་མེད་ལ། དེ་ལྟར་བཙལ་ཡང་རྙེད་པ་མ་ཡིན་ཏེ། ཡེ་ནས་ངོ་བོ་སྟོང་པ་ཡིན་པས་འདི་ནས་བྱུང་ཞེས་སྨྲ་རྒྱུའི་ཡུལ་མེད་པའོ། །བར་དུ་གནས་པ་མེད་དེ་འདིར་འདུག་ཅེས་པའི་གནས་ས་དང་རྟེན་ཡུལ་མེད་པའི་ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གལ་ཏེ་གནས་པའི་ཡུལ་ཡོད་ན། གཟུགས་དང་དབྱིབས་ཁ་དོག་ཡོད་དགོས་ལ། དཔེར་ན་ནམ་མཁའི་རང་བཞིན་གང་དུ་མི་གནས་པ་ལྟ་བུའོ། །མཐའ་མར་འདིར་སོང་དང་འདིར་མ་སོང་གི་ཡུལ་དང་རྗེས་གང་ཡང་མེད་དེ། རང་བཞིན་སྟོང་པ་ཉིད་ལ་ཕྱི་མའི་མཐའ་ཐམས་ཅད་དང་བྲལ་བའོ། །མདོར་ན་སེམས་ཉིད་འདི། དང་པོ་རྒྱུས་མ་བསྐྱེད། བར་དུ་རྐྱེན་གྱིས་མི་འཇིག །དུས་གློ་བུར་དུ་མ་བྱུང་། འཕེལ་

p. 744

འགྲིབ་དང་གང་སྟོངས་མེད། སྣང་སྲིད་ཀུན་ལ་ཁྱབ་པའི་ཕྱོགས་དང་རིས་སུ་མ་ཆད། སེམས་ཉིད་ཡེ་ནས་དག་པ་འཁོར་བའི་སྐྱོན་གྱི་མ་གོས་པ་སྟེ། སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་ཏེ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། །ཅེས་དང་། རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་འདི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་གསུངས་སོ། །འདི་ནི་གནས་ལུགས་གཏན་ལ་ཕབ་པའི་ངོ་སྤྲོད་དོ། །དེ་ནས་གནས་ལུགས་ལྟ་ཐོག་ནས་ངོ་སྤྲོད་པ་ལ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། རྣམ་རྟོག་སེམས་སུ་ངོ་སྤྲད་པ༔ སེམས་ཉིད་སྟོང་བར་ངོ་སྤྲད་པ༔ སྟོང་བ་སྣང་བར་ངོ་སྤྲད་པ༔ སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ༔ གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ༔ དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ༔ ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པའོ༔ ཞེས་བདུན་དུ་གསུངས་པས། དང་པོ་རྣམ་རྟོག་སེམས་སུ་ངོ་སྤྲད་པ་ནི། དེ་ལ་རང་རེའི་མདུན་འདིར་མཚོན་པའི་དངོས་པོ་

p. 745

བུམ་པ་ལ་སོགས་པ་ཞིག་བཞག་ལ། དེའི་རང་ངོ་རང་སེམས་ལ་ཝལ་གྱིས་འཆར་དུ་བཅུག་ནས་འདི་ལྟར་སྣ་ཚོགས་སུ་སྣང་བའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར། རང་གི་སེམས་ཀྱི་རྣམ་པར་རྟོག་པའི་འཁྲུལ་ངོ་ཙམ་ལས། ཕྱི་རོལ་ན་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་དེ། ཆུ་གཅིག་པུ་ལ་ཡང་ལྷའི་བདུད་རྩི་དང་། མི་ལ་ཆུ་དང་། དུད་འགྲོ་ལ་བཏུང་བ་དང་། ཡི་དྭགས་ལ་རྣག་ཁྲག་དང་། དམྱལ་བ་རྣམས་ལ་མེར་སྣང་བ་དང་། མི་གཅིག་པུ་ལ་རྣམ་རྟོག་ཐ་དད་པས་དགྲ་གཉེན་མང་པོ་སྣང་བའི་ཕྱིར། སེམས་ལ་ཇི་ལྟར་ཤར་ཡང་། དཔེར་ན་རྨི་ལམ་གཉིད་ལས་ཅུང་ཟད་ཀྱང་མ་གཡོས་པ་བཞིན། སེམས་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་ཤིང་། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་རྣམ་རྟོག་སེམས་སུ་ཐག་ཆོད་པ་སྟེ། མདོ་ལས། སེམས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་སེམས་རྣམ་པར་དག་པ་སྟེ། རྣམ་པར་དག་པ་འདི་ལ་གཉིས་སུ་མེད། གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པ་ལ་སོགས་

p. 746

རྒྱ་ཆེར་གསུངས། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། དེས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་རང་གི་སེམས་ལས་བྱུང་། དེར་བཟུང་དེར་སྣང་། དེར་བཏགས་པས། དངོས་པོ་གཅིག་ལ་སྣ་ཚོགས་སུ་སྣང་། བདེ་སྡུག་སྐྱེ་འཆི་སོགས་ཉམས་སུ་མྱོང་སྟེ། དེ་ཐམས་ཅད་སེམས་ཀྱི་རང་སྣང་ཙམ་ལས་ཕྱི་རོལ་ན་གྲུབ་པ་མེད་དོ། དགོངས་པ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་དང་། ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་དང་། གསང་བ་མཛོད་ཀྱི་རྒྱུད་ལས། སེམས་ཉིད་མ་གཏོགས་སངས་རྒྱས་དང་། སེམས་ལས་མ་གཏོགས་ཆོས་གཞན་ཡང་། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་སོ། །མ་གསུངས་གསུངས་བར་མི་འགྱུར་རོ། །ཞེས་དང་། རྒྱུད་ལས།

p. 747

ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་གྱུར་མེད་ཀྱང་། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ནར་སྣང་བ་ཡིན། །ཞེས་གསུངས། དམྱལ་བ་སོགས་ངན་སོང་གསུམ་ཡང་ག་ཤེད་ཅིག་ན་ལོགས་སུ་གྲུབ་པ་མེད་དེ། །སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས། ལྷར་སྣང་། འདྲེར་སྣང་། འཁོར་བ་སྣང་། མྱང་འདས་སུ་སྣང་། གང་སྣང་ཅིར་སྣང་བའི་དངོས་པོ་ཐམས་ཅད་རང་སེམས་རང་སྣང་རིག་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྣོད་ཀྱི་འཇིག་རྟེན་བེམ་པོ་སྣང་བ་སེམས། །བཅུད་ཀྱི་སེམས་ཅན་རིགས་དྲུག་སྣང་བ་སེམས། །མཐོ་རིས་ལྷ་མིའི་བདེ་བ་སྣང་བ་སེམས། །ངན་སོང་གསུམ་གྱི་སྡུག་བསྔལ་སྣང་བ་སེམས། །ངན་རྟོག་འཁོར་བའི་བག་ཆགས་སྣང་བ་སེམས། །སྣང་བ་བཟང་རྟོག་ཞིང་ཁམས་སྣང་བ་སེམས། །བདུད་དང་འདྲེ་ཡི་བར་ཆད་སྣང་བ་སེམས། །ལྷ་དང་

p. 748

དངོས་གྲུབ་ལེགས་པ་སྣང་བ་སེམས། །སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད། །ཅེས་དང་། ཡང་དགོན་པའི་ཞལ་ནས། སྣང་ཚད་རིག་པའི་རང་སྣང་ཡིན། གྲགས་ཚད་སྐྱེ་མེད་རང་སྒྲ་ཡིན། །དྲན་ཚད་གནས་ལུགས་རང་ངོ་ཡིན། །རང་རིག་རྟོགས་ན་སངས་རྒྱས་ཡིན། །ཞེས་གསུངས་སོ། ༈ །གཉིས་པ་རང་སེམས་སྟོང་པར་ངོ་སྤྲད་པ་ནི། དེ་ལྟར་བྱེད་མཁན་གྱི་སེམས་དེ་ཡང་སྔར་བཤད་པ་ལྟར་སྐྱེ་འགགས་རྟག་ཆད་ལ་སོགས་གང་དུའང་མ་གྲུབ་ཅིང་སྤྲོས་པ་ཐམས་ཅད་བྲལ་བས་འདི་ཞེས་མཚོན་དུ་མེད་པའི་སྟོང་པ་ཉིད་ཡིན་ཏེ། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །དེ་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། སེམས་ནི་སངས་རྒྱས་ཀྱིས་མ་གཟིགས། མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་དང་། སངས་རྒྱས་ཀྱི་ཞལ་ནས། སེམས་ནི་ཁ་དོག་མེད། དབྱིབས་མེད། གནས་པ་མེད། ནམ་མཁའ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །

p. 749

༈ གསུམ་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། །ངོ་བོ་སྟོང་པ་ཉིད་ལས་འགྱུར་བ་མེད་ཀྱང་། རང་རྩལ་མ་འགགས་པའི་འཆར་སྒོ་ཅིར་ཡང་འཆར་བའི་ཕྱིར། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སེམས་ཉིད་མ་འགག་སྣང་བ་གང་ཡང་འཆར། །ཤར་ཡང་མཚོ་ཡི་ཆུ་དང་ཆུ་རླབས་བཞིན། །གཉིས་སུ་མེད་དེ་སེམས་ཀྱི་ངང་དུ་གཅིག །ཅེས་དང་། རྒྱུད་ལས། སྟོང་པའི་རང་བཞིན་ཅིར་ཡང་སྣང་། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །ཅེས་གསུངས་པ་ལྟར་རོ། ༈ །བཞི་པ་སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་ཡང་རྒྱུ་རྐྱེན་གཞན་མེད་དེ། སྟོང་ཉིད་རྩལ་སྣང་ཆུ་ནང་གི་ཟླ་གཟུགས་བཞིན་སྣང་སྟོང་གཉིས་མེད་སོ་སོ་རང་རིག་གི་ངོ་བོར་གནས་ཏེ། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། ། ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། དམིགས་པའི་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་

p. 750

ལྟར་རོ། ༈ །ལྔ་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པནི། དེ་ལྟར་སྣང་སྟོང་གཉིས་མེད། རང་བྱུང་གི་རིག་པ་རང་གསལ་ཧྲིག་གེ་བ། སྤྲོས་བྲལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་སྐུ་གསུམ་གྱི་དབྱིངས་སུ་རང་གྲོལ་བ་སྟེ། ཀུན་མཁྱེན་ཆེན་པོའི་ཞལ་ནས། སེམས་ཉིད་ངོ་བོ་སྟོང་པར་གནས་པ་ཆོས་སྐུ། གསལ་ལ་འཛིན་པ་མེད་པ་ལོངས་སྐུ། སྣ་ཚོགས་སྣང་བའི་འཆར་གཞི་མ་འགགས་པ་སྤྲུལ་པའི་སྐུའོ། །ཞེས་དང་། ཐལ་འགྱུར་ལས། ཡེ་ཤེས་རང་རིག་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དེ། །ཞེས་གསུངས་པ་ལྟར་རོ། ༈ །དྲུག་པ་དུག་ལྔ་རང་གྲོལ་དུ་ངོ་སྤྲད་པ་ནི། ཁྱེད་རྣམས་ཀྱི་སྔོན་རང་ཉིད་ལ་མི་སྙན་པ་དང་། ཁྱད་གསོད་སུན་འབྱིན་བརྡེག་བརྡུང་བྱས་པ་གཅིག་ཡིད་ལ་བྱས་ནས་ཞེ་སྡང་སྐྱེར་ཆུག །ཞེ་སྡང་སྐྱེས་ཚེ་དེ་དང་པོ་གང་ནས་བྱུང་། ད་ལྟར་གང་ན་གནས། མཐར་གང་དུ་འགྲོ་དཔྱོད་དང་། སྟོང་པ་ཉིད་ལས་ཅུང་ཟད་གཡོ་བ་མེད་དེ། མ་གཅིག་ལབ་སྒྲོན་མའི་ཞལ་ནས། ཉོན་མོངས་ཡེ་ཤེས་ཡིན་པ་ལ། །ཉོན་མོངས་སྤངས་པའི་ཕ་རོལན། །ཡེ་ཤེས་འཚོལ་བ་སྙིང་རེ་རྗེ།

p. 751

བཙལ་བས་མི་རྙེད་ཉོན་རེ་མོངས། །ཞེས་གསུངས། དེ་བཞིན་དུ་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་གང་ཤར་ཡང་དེ་ཀའི་རང་བཞིན་ལས་མ་འདས་པའི་ཕྱིར། རྩ་བ་རྡོ་རྗེའི་ཚིག་རྐང་ལས། འདོད་ཆགས་བདེ་སྟོང་༔ གཏི་མུག་མི་རྟོག་པ༔ ང་རྒྱལ་དང་ཕྲག་དོག་རང་གསལ་གཉུག་མར་འཆར་ཞིང་༔ དུག་ལྔ་མ་སྤངས་ཡེ་ཤེས་ལྔ་རུ་རང་གྲོལ་བའོ༔ ཞེས་གསུངས། དེ་ལྟར་སྟོང་པ་ཉིད་དུ་ཤེས་ནས་ཕྱིན་ཆད་ངོ་སྤྲོད་སྐབས་འདི་ལྟར། སྐྱེ་བ་གནས་པ་འགག་པ་སོགས་ལ་བརྟག་དཔྱད་བྱེད་རྒྱུ་ཡང་མིན། དེ་ལ་ཅེར་གྱིས་བལྟས་ནས་དགག་རྒྱུ་ཡང་མིན། དེའི་རྗེས་སུ་འབྲང་བ་ཡང་མ་ཡིན་པར་ཤེས་པ་རང་སར་གློད་ནས་སེམས་ཉིད་རང་གི་ངང་དུ་བཞག་པའི་རིག་པ་རང་གསལ་ངོ་བོ་འདི་ཞེས་མཚོན་མེད་དུ་གསལ་ལེ་ཧྲིག་གེ་བ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་རང་གྲོལ་བ་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི། །ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག །འགྱུ་

p. 752

བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཞེས་དང་། གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་ཞལ་ནས། ནམ་མཁའ་བསྒོམ་དུ་བདེ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ནམ་མཁའ་རང་གི་ངང་དུ་ཞོག །ཉི་ཟླ་བསྒོམ་དུ་བདེ་ལགས་ན། །གཟའ་སྐར་ཉི་ཟླའི་ཆོ་འཕྲུལ་ཡིན། །ཉི་ཟླ་རང་གི་ངང་དུ་ཞོག །རི་བོ་བསྒོམ་དུ་བདེ་ལགས་ན། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །རི་བོ་རང་གི་ངང་དུ་ཞོག །རྒྱ་མཚོ་བསྒོམ་དུ་བདེ་ལེགས་ན། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །རྒྱ་མཚོ་རང་གི་ངང་དུ་ཞོག །སེམས་ཉིད་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ཉིད་རང་གི་ངང་དུ་ཞོག །ཅེས་གསུངས་པ་ལྟར་རོ། ༈ །བདུན་པ་ཚོགས་དྲུག་རང་གྲོལ་དུ་ངོ་སྤྲད་པ་ནི། བླ་མའི་དྲིལ་བུའམ། སྒྲ་སྙན་གང་ཡིན་དཀྲོལ་ནས། འདི་ལ་ཉོན་ལ་སྙན་ནོ་སྙམ་པའི་སེམས་ལ་ལྟོས། །ཞེས་གསུངས། ཐལ་མོ་རྡོ་དང་ཤིང་སོགས་བརྡབ་ལ་འདི་ལ་ཉོན་ལ། མི་སྙན་ནོ་སྙམ་པའི་སེམས་ལ་ལྟོས་དང་། དེ་ལྟར་བལྟས་པའི་ཚེ་སྙན་དང་མི་སྙན་དུ་འཛིན་པའི་སེམས་གཉིས་ཀ་སྟོང་པ་ཉིད་ལས་མ་

p. 753

འདས་སོ། །དེ་བཞིན་དུ་གཟུགས་མཛེས་མི་མཛེས། དྲི་ཞིམ་མི་ཞིམ། རོའི་བཟང་ངན། རེག་བྱའི་འཇམ་རྩུབ། ཡིད་ཀྱི་བདེ་སྡུག་གང་ཤར་ཡང་དེ་ཉིད་ལས་མ་འདས་པའི་ཕྱིར། ཕྱིན་ཆད་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་སྟོང་པ་ཉིད་ལས་མ་འདས་པས་བཅས་བཅོས་མེད་པར་སེམས་ཉིད་ཀྱི་ངང་དུ་རང་སར་བཞག་པར་བྱ་སྟེ། ཀུན་བཟང་སྙིང་ཐིག་ལས། ཚོགས་དྲུག་ཡུལ་སྣང་ཐམས་ཅད་རྗེས་མེད་དུ། །སྒྱུ་མའི་གྲོང་ཁྱེར་ཞིག་པ་ལྟར་དུ་ཞོག །ཅེས་གསུངས་པ་ལྟར་བཞག་པའི་ཡེ་སྟོང་རྩ་བྲལ་ཆེན་པོར་རང་གྲོལ་བའོ། །རྩ་བ་རྡོ་རྗེའི་ཚིག་རྐང་ལས། དེ་དག་གི་ངོ་རང་ཐོག་ཏུ་སྤྲོད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་རྣམས་སོ། །ཞེས་གསུངས་སོ། ༈ །གཉིས་པ་ཉམས་མྱོང་བསྒོམ་ཐོག་ནས་ངོ་སྤྲད་པ་ལ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། བསམ་གཏན་གྱི་རང་ངོ་ལ་ངོ་སྤྲད་པ་དང་། ཡེ་ཤེས་ཀྱི་རོལ་བར་ངོ་སྤྲད་པའོ༔ ཞེས་པས། དང་པོ་བསམ་གཏན་གྱི་རང་ངོ་ལ་ངོ་སྤྲད་པ་ནི། རིན་ཆེན་སྒྲོན་མ་ལས། ཅོག་བཞག་གསུམ་གྱི་རང་བཞིན་

p. 754

ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་གསུངས་པ་བཞིན་སློབ་བུ་རྣམས། རི་བོ་ཅོག་བཞག་ལུས་རྣམ་སྣང་ཆོས་བདུན་མི་གཡོ་བར་བྱའོ། །རྒྱ་མཚོ་ཅོག་བཞག་མིག་མདའ་གང་ཙམ་གྱི་ཐད་ཀར་མིག་འབྲས་མི་འགུལ་བར་ཧྲིག་གེར་བལྟ། རིག་པ་ཅོག་བཞག་སེམས་དུས་གསུམ་གྱི་རྟོག་པ་གང་གིས་ཀྱང་མ་བསླད་པར་རང་བབས་སུ་འཇོག་ཏུ་བཅུག་ལ། འོ་དེ་ལྟར་ཁྱེད་རང་གི་སེམས་གང་དུའང་མ་སྤྲོ། གནས་ལུགས་ཇི་ལྟར་འདུག་པའི་ངང་ལ་བློ་ལ་ཅི་ཡང་མ་སེམས། རིག་པས་ཅིར་ཡང་མ་རྟོག་ཤེས་པས་གང་ཡང་མ་བསྒོམ་པར་རང་བློ་གཏད་མེད་དུ་ལྷོད་ཀྱི་གློད་ལ་བཞག་གོ །དེ་ཡང་སེམས་རྒྱུ་མེད་པར་ཧད་དེ། །སྤྲོ་རྒྱུ་མེད་པར་ལྷན་ནེ། །རྟོག་རྒྱུ་མེད་པར་སང་ངེ་། བསྒོམ་རྒྱུ་མེད་པར་བརྫེན་ནེ། དེའི་ངང་ལ་ཞོག་ལ་ཡུན་རིང་སྡོད། དེ་ལྟར་དུ་བཞག་པས་སེམས་ཁ་དོག་དབྱིབས་གཟུགས་དང་དངོས་པོར་མ་གྲུབ། རྒྱ་དང་ཚད་དུ་མ་གྲུབ། གསལ་ལ་ངོས་བཟུང་མེད་པའི་ཤེས་པ་ཡོད་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། གཏད་མེད་ཀྱི་ཤེས་པ་ཡུལ་མེད་དུ་རྗེན་ནེ་བ། འདི་ལས་གང་དུའང་མ་ཡེངས།

p. 755

གང་དུའང་མ་བསྒོམ་པར་འཇོག་པ་ནི། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འོ་སྐལ་ལྡན་བུ་ཀུན་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། རིག་པའི་རྩལ་དབང་ཞེས་ཀྱང་བྱ། ལྷག་མཐོང་རྟོགས་པ་ཞེས་ཀྱང་བྱ། ལྟ་བ་ཁྲེགས་ཆོད་ལ་སོགས་པ་མིང་གི་རྣམ་གྲངས་དུ་མར་བྱས་ཀྱང་། དོན་ལ་རང་རིག་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་འདི་ཁོ་ན་ཡིན་ཏེ། རྟོག་པ་སྔ་མ་འགག །ཕྱི་མ་མ་སྐྱེས་པའི་བར་དེ་ན། གསལ་སྟོང་རྗེན་པ་འདི་ཡིན་མེད་པའི་གསལ་དྭངས། སྨྲ་རྒྱུ་མེད་པའི་ཉམས་སུ་མྱོང་རྒྱུ་ཞིག་འདུག་པ་དེ་ཀ་ལྟར། ཡེ་གདོད་མ་ནས་གནས་པ་ཡིན་ཏེ། སྐབས་སུ་གློ་བུར་གྱི་རྐྱེན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས་ད་ནི་དུས་དེ་རིང་ནས་སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་ལུགས་འདི་དང་མ་བྲལ་བར་འདི་ཀ་ལྟར་ཉམས་སུ་ལོངས་ཤིག་དང་། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ཐོབ་པར་གདོན་མི་ཟའོ། །ཞེས་གསུངས།

p. 756

རྫོགས་པ་ཆེན་པོ་ཚིག་གསུམ་པའི་རྒྱུད་ལས། ཀྱཻ་གསང་བའི་བདག་པོ། །རང་གི་རིག་པ་འགག་པ་མེད་པར་ཝ་ལེར་གསལ་བ་འདི་སངས་རྒྱས་ཡིན་ནོ། །རང་གི་རིག་པ་འགག་པ་མེད་པར་གསལ་བ་འདི་དང་འབྲལ་བ་མེད་པའི་སངས་རྒྱས་ཆོས་སྐུ་བསྒོམ་དུ་མེད་དོ། །རང་གི་རིག་པ་ཝ་ལེ་བ་འདི་སངས་རྒྱས་ཡིན་པར་རང་གི་ངོ་ཤེས་པས་ཆོག་གོ །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་པ་ལས། རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་བརྡལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་དགོངས་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེངས་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཅེས་དང་། མཁའ་འགྲོ་སྙིང་

p. 757

ཐིག་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །གསལ་ལེ་སང་ངེ་ཝ་ལེ་པ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡང་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །ཅེས་དང་། ཀུན་མཁྱེན་ཆེན་པོའི་ཞལ་ནས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ངང་དྭངས་རང་བཞིན་བདག་ཉིད་ཆེ། །རབ་འབྱམས་རིག་པའི་དབང་བསྐུར་ཉོན། །ད་ལྟའི་ཤེས་པ་རང་སོར་ཞོག །བཅོས་སླད་མ་བྱེད་ལྷོད་ཀྱིས་གློད། །སེམས་ཀྱི་འཕྲོ་འདུ་ལིངས་ཀྱིས་བོར། །རྦད་ཀྱིས་ཆོད་ལ་ཕྱམ་གྱིས་ཞོག །སེམས་ཉིད་མ་སྐྱེས་གཉུག་མའི་དོན། །རང་བཞག་ཡོངས་གྲོལ་ནམ་མཁའ་འདྲ། །བསམ་མེད་ཡེ་ནས་རྫོགས་པ་ཆེ། །འདུ་འབྲལ་མེད་པའི་ཆོས་ཉིད་དོ། །ཅེས་དང་། ཕ་དམ་པའི་ཞལ་ནས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། གཡེར་པོ་ཆེ། གཙིགས་པོ་ཆེ། དེ་ཡང་ཡེ་གདོད་མ་ནས་ང་དང་བདག་མེད། ཕྱོགས་དང་རིས་མེད། བཟུང་བ་དང་འཛིན་པ་མེད། བཟུང་བས་མ་ཟིན། བཏང་

p. 758

བས་མ་ཐོང་། བཞག་པས་མ་ཞོག །བཤིགས་པས་མ་ཤིག །ཕྲལ་བས་མ་ཁྲོལ། དེ་ཁྱེད་རང་གི་གམ་ན་འདུག་པའི་ཤེས་པ་ཝ་ལེ་འཁྱུག་གེ་བ་འདི་རང་ཡིན་ནོ། །ཞེས་གསུངས། དེ་ན་འདི་ལྟར་རིག་པ་མངོན་སུམ་རྗེན་པར་རྟོགས་ནས་འདིའི་ངང་ལ་བཅས་བཅོས་མེད་བར་བཞག་ན་གེགས་དང་གོལ་ས་ཅི་ཡང་མི་འབྱུང་སྟེ། གསང་བའི་བདག་པོའི་ཞལ་ནས། རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བྱས་པ། །རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་ཏེ། འདི་ལ་བཅས་བཅོས་གང་ཡང་མ་བྱེད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་མེད། ཀ་དག་གི་ཀློང་དུ་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས། མ་གཅིག་གི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ལས་འབྱུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་དང་། ཡང་མ་གཅིག་གི་ཞལ་ནས། བྱས་པས་ཕུང་། བསྒོམས་པས་གོལ། བསམ་པས་བརླག །བསྐྱུར་ལ་ཐོང་། གློད་ལ་ཞོག །ཡན་པར་ཞོག །སངས་རྒྱས་ཐོབ། བྱང་ཆུབ་འགྲུབ། ཅེས་གསུངས། རིམ་ལྔ་ལས།

p. 759

ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །མར་ལ་མར་ཉིད་བཞག་པ་བཞིན། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། ཤེས་པའང་སྤྲོས་དང་བྲལ་བར་བཞག །ཅེས་དང་། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམ་ལྷུན་གྲུབ་ལ། །བསྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་རྩོལ་མེད་ལ། །དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་ཐོང་། །ཞེས་དང་། རིན་ཆེན་སྤྲུངས་པ་ལས། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་མེད་རིག་པ་ལ། །ཐུག་པ་མེད་པར་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པའི་ངོ་མཚར་ཆེ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རང་རིག་སྣང་བ་མཐའ་ཡས་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་མཐའ་ཡས་ལོགས་ན་མེད། །རང་རིག་ཆོས་སྐུ་ངོ་མཚར་ཆེ། །མ་འགགས་རང་གསལ་ཐུགས་རྗེ་ཆེ། །སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས། །ཐུགས་རྗེ་ཆེན་པོ་ལོག་ན་མེད། །རང་བྱུང་ལོངས་སྐུ་ངོ་མཚར་ཆེ། །དྲན་རྟོག་

p. 760

རང་གྲོལ་པདྨ་འབྱུང་། །འཛིན་མེད་ཟང་ཐལ་ངང་ལ་ཞོག །པདྨ་འབྱུང་གནས་ལོགས་ན་མེད། །རང་བྱུང་སྤྲུལ་སྐུ་ངོ་མཚར་ཆེ། །ཞེས་དང་། མཁས་ཤིང་གྲུབ་བརྙེས་གཡུ་ཐོག་པའི་ཞལ་ནས། ཨེ་མ་ཧོཿ བཅོམ་ལྡན་དགྱེས་པ་རྡོ་རྗེ་འདི། །གདོད་ནས་དག་བའི་རང་སེམས་ཡིན། །དེ་ནི་སྟོང་དང་སྟོང་མིན་ཏེ། །སྤྲོས་པ་མེད་པའི་ངང་ལ་གནས། །སྤྲོས་བྲལ་རང་བྱུང་ཡེ་ཤེས་དེ། །སྔོན་ཆད་མ་ཤེས་ལམ་བསྒོམ་པས། །འཁྲུལ་པའི་འཁྲུལ་བ་བསྒོམ་པར་གོ །ད་ནི་བསྒོམ་མཁན་བློ་དང་བྲལ། །བསྒོམ་འདོད་བསྒོམ་གྱིས་བསྒོམ་དེ་སྒྲིབས། །སྒོམ་མེད་རྟོག་ཚེ་ཐམས་ཅད་བསྒོམ་དུ་འཆར། །སོ་སོ་སྐྱེ་བོས་ཡེ་ཤེས་རང་གིས་བཅིངས། །རྣལ་འབྱོར་བ་ལ་དུག་ལྔ་རྒྱན་དུ་ཤར། །སྐྱེ་འགག་མེད་པའི་ཆོས་ཀྱི་གནས་ལུགས་དེ། །མཁས་པས་མི་མཐོང་ལྐུག་པ་དག་ལ་དྲིས། །དེས་ཀྱང་མ་ཤེས་དུར་ཁྲོད་རོ་ལ་དྲིས། །དེ་ཡིས་བཤད་པ་ཆོས་ཀྱི་གནས་ལུགས་ཡིན། །ཞེས་དང་། ཀུན་བྱེད་ལས། སྔ་རབ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཆོས་པར་

p. 761

བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །སེམས་ཉིད་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟ་བཞུགས་དང་སླད་པ་ཡིས། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་དང་། ཏེ་ལོའི་ཞལ་ནས། སེམས་ནི་ནམ་མཁའ་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད། །སེམས་ལ་གཏད་མེད་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་པ་བླ་མེད་འབྲས་བུ་ཉིད། །སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་མི་ནུས། །ཞེ་འདོད་འཛིན་པས་འོད་གསལ་མཐོང་མི་འགྱུར། །ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་ནས། །སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པའི་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། །དེ་ཉིད་མ་བཙལ་བཞག་ན་བསྒོམ་པ་ཡིན། །ཞེས་དང་། སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས། བྷེཾ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་

p. 762

པའི་རིག་པ་མ་ཡེངས་ཞོག །ཅེས་དང་། སྒྲ་བསྒྱུར་མར་པ་ལོ་ཙཱའི་ཞལ་ནས། གདོད་ནས་དག་པའི་སེམས་རྒྱུད་འདི། །གློ་བུར་རྐྱེན་གྱིས་མ་བསླད་ན། །ནམ་མཁའ་བཞིན་དུ་འདུས་མ་བྱས། །ཕྱིན་ཅི་མ་ལོག་གནས་ལུགས་ཡིན། །ཡིད་ལ་བྱ་རྒྱུ་རྡུལ་ཙམ་མེད། །བཟུང་དུ་རྡུལ་ཙམ་མི་དམིགས་ཀྱང་། །མན་ངག་རྒྱུད་ལ་གོམས་པ་ན། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །ཕ་རོལ་ཕྱིན་པའི་དབྱིངས་སུ་ཐིམ། །དེ་ལ་སྐྱེ་བ་ཡོད་མ་ཡིན། །ནམ་མཁའ་ལྟ་བུའི་རང་སེམས་དེ། །ན་བུན་རྟོག་པས་མ་བསླད་ཅིག །ཅེས་དང་། རྗེ་བཙུན་མི་ལའི་ཞལ་ནས། བདག་གི་ཕྱག་རྒྱ་ཆེན་པོ་བསྒོམ་ཙན། །དོན་ཡིན་ལུགས་ཀྱི་སྟེང་དུ་རྩོལ་མེད་བཞག །མ་ཡེངས་ངང་དུ་གློད་ནས་བཞག །སྟོང་པའི་ངང་དུ་གསལ་བར་བཞག །བདེ་བའི་ངང་དུ་རིག་པར་བཞག །མི་རྟོག་ངང་དུ་ལྷན་ནེ་བཞག །སྣ་ཚོགས་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་པའི་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཁྲུངས། །རང་རྩལ་རྩོལ་མེད་འཕྲིན་ལས་གྲུབ། །འབྲས་བུ་ཡིད་སྨོན་ཙམ་དུ་མ་ལུས་བློ་རེ་བདེ། །ཞེས་དང་། རྒོད་ཚང་པའི་ཞལ་ནས།

p. 763

རང་གི་སེམས་ལ་ཅེར་གྱིས་ལྟོས། །ལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་ཀྱིས་གློད། །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཡང་ཅིག་རྣམ་རྟོག་སྐྱེ་བ་ན། །ངོ་ཡི་ཆེར་གྱིས་ཟུངས་མཛོད་ལ། །ཁོ་རང་ཐོག་ཏུ་ལྷོད་དེ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཕྱི་ཡི་ཡུལ་ལ་ཅེར་གྱི་ལྟོས། ། རང་སྣང་སྒྱུ་མ་ལྟ་བུ་ཡིན། །གང་ཤར་ཐོག་ཏུ་འཛིན་མེད་ཞོག །ཅེས་དང་། མཉམ་མེད་ནམ་མཁར་སྤྱོད་པས། །ང་འགྲོ་འཆག་ཉལ་འདུག་གང་བྱེད་ཀྱང་། །གང་ཤར་བསྒོམ་དུ་མ་ཤར་ན། །གང་ཤེས་སྡུག་གི་སྣོན་པ་ཡིན། །གང་ཤར་གྱི་རྣམ་རྟོག་མ་དགག་མཛོད། །ཤར་བ་དེའི་རྗེས་སུ་མ་འབྲང་མཛོད། །སེམས་དེ་གའི་ཐོག་ཏུ་བསྐྱར་ལ་ཞོག །མ་བསྒོམ་པའི་ངང་ནས་མ་ཡེངས་པ། །འདི་ཀ་གཅིག་པུས་ཆོག་པ་ལ། །འདི་དོན་གོ་ལ་ལྟ་བ་ཟེར། །ཉམས་སུ་ལེན་པ་བསྒོམ་པ་ཡིན། །རྒྱུན་དུ་སྐྱོང་བ་སྤྱོད་པ་ཡིན། །བརྟན་པ་ཐོབ་པ་འབྲས་བུ་ཡིན། །ཞེས་དང་། མ་གཅིག་གསང་བ་ཡེ་ཤེས་ལས། ཀ་དག་གནས་ལུགས་སྐྱོང་བའི་ཚེ། །ཡིད་དཔྱོད་བློ་ཡི་གཏོད་ཕུར་ཕུད། །ཅེས་

p. 764

གསུངས། །དེ་ཡང་བསྒོམ་དུ་མེད་ཀྱང་ཡེངས་མེད་ཀྱི་དྲན་པས་ཟིན་པ་གཅེས་ཏེ། གསང་བའི་བདག་པོའི་ཞལ་ནས། བསམ་དུ་མེད་པའི་བསྒོམ་པ་ལ། །དྲན་པས་ཟིན་པ་རབ་དུ་གཅེས། །ཞེས་གསུངས། ལོ་རས་པས། གསལ་ཆ་མེད་པའི་ཞི་གནས་ལྡིང་པོ། །གོམས་ཡུན་རིང་ཡང་དོན་མི་རྟོགས་ཀྱི། །ལྟ་སྟངས་རིག་པའི་ངར་དང་ལྡན་པའི། །ཐུན་ཆུང་འཕྲོ་ལ་འཐུད་ཀྱིན་བསྒོམ་ཤིག །ཅེས་པ་ལ་སོགས་པའི་ལུང་གིས་རྒྱབ་བསྐྱོར་ན། མཁས་པ་ལ་མཛེས་ཤིང་། རྨོངས་པ་མིག་ཕྱེད་པར་འགྱུར་རོ། །འདི་ནི་སྔོན་གྱི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་གཤེགས་པའི་ལམ་བཟང་ཡིན་པས་བསྒོམ་པ་ལ་བརྩོན་པར་མཛོད་ཅིག ༈ དེ་ཡང་རང་གནས་ཀྱི་བསམ་གཏན་ངོས་ཟིན་པ་གལ་ཆེ་བས། དེའི་ཚུལ་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་སྒོ་ནས་མིག་ཅུང་ཟད་ཐུར་དུ་བལྟས་པའི་སེམས་དྭངས་ལ་མི་རྟོག་པ་འཆར། དེའི་ངང་ལ་མིག་ཐད་དྲང་དུ་ཧ་རེ་བལྟས་པས་སྔར་གྱི་མི་རྟོག་པའི་མདངས་དེ་ཞིག་ནས། བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཞི་ཕྱལ་བ་ཞིག་འཆར་ཏེ། དེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་དུ་ངོ་ཤེས་པར་བྱའོ། །དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་གནས་སམ། འཕྲོ་འམ། དགག་སྒྲུབ། ཉོན་མོངས་མི་རྟོག་པའི་ཏིང་

p. 765

ངེ་འཛིན་ལ་གནས་པ་སོགས་གང་གིས་དུས་སུ་ཡང་རང་རིག་རང་བབས་ལ་གཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སངས་ཀྱི་འཆར་ཏེ། འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་བསྒོམ་པ་ཆུ་བོའི་རྒྱུན་ལྟ་བུ་ཡིན་ནོ། །ཞེས་ཀུན་མཁྱེན་ཆེན་པོའི་གསུངས་ལས་སོ། ༈ །གཞན་ཡང་སེམས་དང་རིག་པའི་ཤན་འབྱེད་པ་གལ་ཆེ་བས་སེམས་ནི་འཁོར་བའི་ཆ་འཛིན་དང་། རིག་པ་མྱ་འདས་ཀྱི་ཆ་འཛིན་ཡིན་པའི་ཕྱིར། སེམས་ཀྱི་འཁྲུལ་རྟོག་གི་མཚང་རིག་ནས། དེའི་རྗེས་སུ་མི་འབྲང་བར། རིག་སྟོང་རྗེན་པ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་བ་སྒོམ་གྱི་སྙིང་པོ་ཡིན་པས་དེ་ཉིད་སྐྱོང་བ་གནད་ཡིན་ནོ། །རྒྱས་པར་ཐེག་མཆོག་མཛོད། ཚིག་དོན་མཛོད། ཡོན་ཏན་མཛོད། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་སོགས་དང་། ཁོ་བོས་ལྟ་བའི་དོགས་གཅོད་ཉུང་ངུར་བསྡུས་པ་སོགས་ལས་ཤེས་པར་བགྱིས་ཤིག ༈ །གཉིས་པ་ཡེ་ཤེས་ཀྱི་རོལ་བ་ལ་ངོ་སྤྲད་པ་ལ་གསུམ་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པཿ འཕྲོ་བ་སེམས་ཀྱི་རོལ་བར་ངོ་སྤྲད་པ༔ འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པའོ༔ ཞེས་པས། དང་པོ་གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲད་པ་ནི། ཁྱེད་རྣམས་རང་སེམས་གློད་ལ་རང་བབས་སུ་ཞོག་ལ། ཇི་ལྟར་གནས་པའི་ཚུལ་ལ་ལྟོས་དང་། བལྟས་ཚེ་རིག་པའི་ངང་ལས་

p. 766

འདའ་བ་མེད་དེ། མཁའ་འགྲོས་སྙིང་ཐིག་ལས། གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །ཞེས་གསུངས་པ་ལྟར་ཡིན་པས་ཕྱིན་ཆད་སེམས་རང་བབས་སུ་ཆམ་མེ་འཛིན་མེད་དུ་ཧྲིག་གེ་བའི་རང་ངོ་གསལ་ལེ་གནས་པས་རང་འགྲོས་བསྐྱང་བ་མ་གཏོགས་ཆེད་དུ་གནས་པ་བསྒྲུབ་མི་དགོས་སོ། །གཉིས་པ་འཕྲོ་བ་སེམས་ཀྱི་རོལ་བར་ངོ་སྤྲད་པ་ནི། ཁྱེད་རྣམས་ཀྱི་སེམས་བར་སྣང་ལ་ཕྱམ་ཕྱམ་ཐོངས་ལ། ཇི་ལྟར་འགྲོ་ཚུལ་ལ་ལྟོས་དང་། སེམས་འགྲོ་བ་ལྟར་སྣང་ཡང་འཕྲོས་དུས་ཉིད་ནས། སྟོང་གསལ་རིག་པའི་ངང་ལས་ཅུང་ཟད་ཀྱང་གཡོ་བ་མེད་དེ། དེ་ཉིད་ལས། གང་ལྟར་ཤར་ཡང་རིག་པའི་མདངས་ཡིན་ཞོག །ཅེས་གསུངས། ཕྱིན་ཆད་སེམས་གསལ་ལ་མི་རྟོག་པའི་ངང་ལས་མ་འགག་པའི་རྩལ་གང་ཤར་ཀྱང་རང་ངོ་རིག་ཚེ་རིག་སྟོང་ལས་མ་འདས་པའི་ཕྱིར། གང་ཤར་གྱི་སྟེང་དུ་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཤར་དུས་ཉིད་ནས་གཉེན་པོ་ལ་མ་ལྟོས་པར་རང་གྲོལ་བ་སྦྲུལ་མདུད་བཞིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་རྣམས། །སྤྲུལ་མདུད་བཞིན་དུ་རང་གྲོལ་ལོ། །

p. 767

ཞེས་གསུངས་པ་བཞིན་ནོ། །གསུམ་པ་འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲད་པ་ནི། དཔེར་ན་རྒྱ་མཚོ་ལ་རྦ་རླབས་ཅི་ཤར་ཡང་། རྒྱ་མཚོ་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་པ་ལྟར། སེམས་གནས་སམ་འགྱུ་ཡང་རིག་སྟོང་ལས་ཅུང་ཟད་ཀྱང་གཡོ་བ་མེད་དེ། ཀུན་མཁྱེན་ཆེན་པོས། སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །ཞེས་གསུངས་པ་ལྟར། སེམས་གནས་ན་གདོད་མའི་ངང་ལ་གནས། །འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་འཆར། མཉམ་ན་གཉིས་མེད་ཀྱི་ངང་དུ་མཉམ་པས། ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་བའི་ཕྱིར། རྩ་བ་རྡོ་རྗེའི་ཚིག་རྐང་ལས། དེས་ན་ཇི་ལྟར་ཤར་ཡང་འཛིན་མེད་དགག་སྒྲུབ་བླང་དོར་ལས་འདས་པ་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་མངོན་སུམ་ལག་བཅང་དུ་ངོ་སྤྲད་པའོ། །ཞེས་གསུངས་པ་ལྟར། ཕྱིན་ཆད་གནས་པ་མི་སྒྲིབ། འཕྲོ་བ་མི་དགག །ཇི་ལྟར་ཤར་ཡང་དེ་ལྟར་མི་འཛིན་པར་དགག་སྒྲུབ་བླང་དོར་ལས་འདས་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ལ་

p. 768

ཞོག་ཅིག །ཅེས་ཐེབ་པར་གདབ་བོ། །ངོ་སྤྲོད་འདི་རྣམས་རིམ་གྱིས་བཏབ་ན། གནས་ལུགས་ཀྱི་ཐོག་ཏུ་སྒྲོ་འདོག་ཆོད་པར་འགྱུར་བའི་ཕྱིར་ངོ་སྤྲོད་འདེབས་མཁས་པར་བྱའོ། ༈ །ཞོར་ལ་གེགས་སེལ་ཟུར་ཙམ་ཞིག་བརྗོད་ན། དེ་ཡང་མཉམ་པར་བཞག་པའི་ཚེ། སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་དང་། ཡང་རེས་འགའ་ཧ་ཆད་དེ་གནས་ཤིང་། རེས་འགའ་མི་གནས་པ་དང་། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེ་གསུམ་གང་བྱུང་ཡང་སེམས་གནས་པའི་འགོ་རྩོམ་པ་ཡིན་ཞིང་། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་པ་དེ་ལ་རེ་འགའ་ཤེས་པ་མཐའ་མེད་དུ་སྤྲོས་ནས། ཨར་ལ་གཏད་པས་མཐར་རྟོག་པ་མཐུ་སྡུག་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས། དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིངས་ལས་འཕུར་བའི་བྱ་རོག་བཞིན། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟར་རོ། །དེ་ཡང་གནས་འགྱུར་ལྟོས་བཞག་ཅན་མ་ཡིན་པར། ཕྱི་ཚོགས་དྲུག་དང་ནང་ཤེས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་སྐྱེ་འགགས་རྟག་ཆད་ལས་འདས་པའི་ཤེས་པ་རང་

p. 769

རིག་རང་གསལ་གྱི་ངོ་བོ་རྩལ་མདངས་འགག་མེད་ཀྱི་སྣང་བ་གུ་ཡངས་སང་ངེ་བ། གསལ་ཧྲིག་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་དེའི་རང་ངོ་ཡེངས་མེད་དུ་བསྐྱངས་པ་ལས་གནས་ལུགས་ཀྱི་རྟོག་པ་ཇེ་འཕེལ་ཇེ་བརྟན་དུ་འགྱུར་རོ། །ཡང་བྱིང་བ་ཤས་ཆེ་ན། རླུང་རོ་བསལ། ལུས་གནད་སྒྲིམ་ཞིང་ལྟ་སྟངས་བསྟོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་ནས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་སྨད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ་ཞེ་གཏིང་ནས་གློད་ལ་རང་བབས་སུ་འཇོག་གོ །ཡང་སྐབས་རེ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པའི་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་བས། དེས་ཕྱིའི་ནམ་མཁའི་སྟོང་མདངས་ཀྱི་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས་གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་རོ། །དེ་ཡང་བྱིང་ན་གསེང་། རྒོད་ན་དབབ། སྤྱོད་ལམ་ཀུན་དང་བསྲེས་པ་རྩལ་སྦྱོང་བོགས་འདོན་གྱི་

p. 770

གནད་ཡིན་ནོ། །ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཞལ་ནས་གསུངས་པའོ། ༈ །མདོར་ན་འདི་ལྟར་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱི་གོང་མའི་རྣམ་ཐར་བཞིན་དུ་ཚེ་འདིའི་བྱ་བ་མཐའ་དག་བློས་བཏང་ནས་དབེན་པར་ཉམས་སུ་ལེན་དགོས་ཏེ། རྫོགས་ཆེན་ཨ་ཏི་ཟབ་དོན་ལས། འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། འཇིག་རྟེན་འདུ་འཛིའི་གནས་སུ་མི་འདུག་སྟེ། རི་དྭགས་བཞིན་དུ་དབེན་པའི་གནས་སུ་འདུག །ཅེས་དང་། གྲུབ་པའི་དབང་ཕྱུག་ཆེན་པོ་ཏཻ་ལོ་པས། འཁོར་ཡུལ་ཆགས་སྡང་འབྲེལ་བ་ཀུན་བཅད་ནས། གཅིག་པུར་ནགས་གྱི་གསེབ་དང་རི་སུལ་དུ། བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། ཐོབ་མེད་ཕྱག་རྒྱ་ཆེན་པོ་ཐོབ་པར་མཛོད། །ཅེས་དང་། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། ཆོས་ནི་ཤེས་པ་ཙམ་གྱི་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིང་། རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་པར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན། །ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོང་ལ་དགེ་འཕེལ་གྲོགས་བརྟེན་དེ་

p. 771

སེམས་བཟུང་། །ཞེས་དང་། སངས་རྒྱས་གཉིས་པ་བློ་བཟང་གྲགས་པའི་ཞལ་གྱི་བུམ་བཟང་ལས། གང་དུ་གནས་ན་དུག་གསུམ་ལ་སོགས་པའི། །ཉོན་མོངས་ཚོགས་རྣམས་ཡར་ངོའི་ཟླ་བཞིན་འཕེལ། །དཀར་ཕྱོགས་ཐོ་རངས་རྒྱུ་སྐར་ལྟར་འགྲིབ་པའི། །གནས་ངན་མྱུར་དུ་སྤོང་དང་རྒྱལ་ཁམས་པ། །སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་དགའ་བའི་གླུ་ལེན་ཞིང་། །སྙན་པའི་དར་དིར་སྒྲོག་པར་བྱེད་པ་ཡི། །དབེན་གནས་དམ་པ་བསྟེན་དང་རྒྱལ་ཁམས་པ། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱི་ཞལ་ནས། ཡུལ་ངན་སྤང་བས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། རི་ཆོས་མཐོང་བ་འཛུམ་ཤོར་ལས། བཀའ་བརྒྱུད་གོང་མས་གསུངས་པ་ཡི། རི་ཆོས་རྣམས་ཀྱི་དོན་རྩ་ནི། །ཚེ་འདིའི་བྱ་བ་བློས་བཏང་ནས། །ཕ་ཡུལ་སྤངས་པའི་གནས་རི་རུ། །མི་རྟག་འཆི་བས་སེམས་སྔངས་ཏེ། །ལྟོ་

p. 772

གོས་གཏམ་ལ་གྱོང་བསྐུར་ནས། །ཆུ་འཐུང་རྡོ་མུར་རོ་གོས་གྱོན། །རང་སེམས་ངོ་བོ་སྐྱོང་བ་ལས། །བྱ་རྒྱུ་ཅི་ཡང་མེད་པ་ལ། །བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་བསྒྲུབ་རྒྱུ་མེད་པར་བྱས། །འཆི་བདག་ནམ་འོང་སྒུག་པ་ལས། །བསམ་རྒྱུ་ཅི་ཡང་མེད་པར་བྱས། །དད་འདུན་ཡོན་བདག་འབྱུང་སྲིད་ན། །རི་དྭགས་རྨས་མ་མི་མཐོང་བཞིན། །ལུང་སྟོང་མི་སྐད་མེད་པར་བྲོས། །བཀའ་བརྒྱུད་གོང་མའི་རི་ཆོས་ཡིན། །ཞེས་དང་། དེ་ལྟར་དབེན་པ་བརྟེན་པའི་ཡོན་ཏན་ནི། མདོ་ལས། དགོན་པ་བསམ་ནས་གོམ་པ་བདུན་བོར་ན། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། །ཞེས་དང་། སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང་། །ཞེས་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང་། །སུ་དག་ནགས་ཁྲོད་མངོན་པར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་འོང་མི་འགྱུར། །ཞེས་དང་། ཐུགས་རྗེ་ཆེན་པོའི་ཞལ་ནས། །མཚན་ལྡན་བླ་མའི་གསུང་ལ་བསླུ་བ་མེད། །ཡུན་དུ་སྒྲུབ་ན་མི་འགྲུབ་

p. 773

གང་ཡང་མེད། །ལས་འབྲས་བླང་དོར་བྱེད་ལས་དགེ་བ་མེད། །དབེན་གནས་རི་ཁྲོད་ཟིན་ལས་སྐྱིད་པ་མེད། །ཅེས་དང་། ཀུན་མཁྱེན་ཆེན་པོའི་ཞལ་ནས། སྔོན་གྱི་རྒྱལ་བའི་ཡོན་ཏན་དང་། གྲུབ་ཐོབ་གོང་མའི་ཡོན་ཏན་ཡང་། །དབེན་པ་བརྟེན་ནས་བྱུང་བར་གསུངས། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཞེས་དང་། ཨེ་མ་དད་ལྡན་ཐར་པ་འདོད་པ་དག །གསང་ཆེན་བླ་མེད་དོན་ལ་རབ་ཞུགས་ནས། །གཅིག་པུར་དབེན་པར་སྒྲུབ་པ་སྙིང་པོར་མཛོད། །ཚེ་འདིར་ཆོས་སྐུའི་གཏན་སྲིད་ཟིན་པ་ལགས། །ཞེས་དང་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་ཞལ་ནས། མ་མཁའ་འགྲོ་མི་མེད་ས་ཆར་འབྱོན། །ཆོས་གང་བྱེད་དེ་ལ་མགོན་སྐྱབས་བྱེད། །དཔལ་ཆོས་སྐྱོང་སྲུང་ཚོགས་སྤྲིན་བཞིན་འདུ། །ཆོས་བྱེད་མཁན་དེ་ཡི་བར་ཆད་བསྲུང་། །དགུང་ཉི་མ་ཟེར་ཟེར་བྱུང་ཙ་ན། །སྐྱོ་ཕྱོད་དེ་བློ་སྣ་དུང་དུང་འབྱུང་། །ནང་སྔ་བར་ཡར་ལ་ལངས་ཙ་ན། །ལྷ་བླ་མ་ཡི་དམ་ཝ་ལེར་འཆར། །དགེ་སྒྲུབ་འདོད་ཀྱི་འདུན་པ་ལྷང་ལྷང་སྐྱེ། །ཆོས་གང་བྱེད་ཀྱི་འདུན་པ་བཏང་བཞིན་འགྲུབ། །སྡིག་ལྟུང་བའི་ཕྱོགས་

p. 774

ལ་འགྱོད་ཅིང་སྡོམ། །ཉིན་ཕལ་ཆེར་དགེ་སྦྱོར་བྱ་བས་འདའ། །མཚན་གཉིད་ཆུང་དགེ་སྦྱོར་རིམ་པས་སྐྱོང་། །ལས་དེ་འདྲས་དལ་འབྱོར་དོན་ལྡན་བྱེད། །མི་དེ་ལ་སྐྱིད་པའི་ཉི་མ་འཆར། །ཞེས་གསུངས་སོ། །དེ་ཡང་རང་རྒྱུད་མ་ཐུལ་བའི་གཞན་ལ་ཕན་མི་ཐོགས་པ་དང་། དེང་སང་སྙིགས་དུས་སུ་མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས། ཐོག་མར་སེམས་བསྐྱེད་བྱས་ནས་དབེན་པར་ཉམས་ལེན་བྱས་ན་འགྲོ་དོན་དེ་ཀ་ཡིན་ཏེ། རྗེ་བཙོང་ཁ་པ་ཆེན་པོའི་ཞལ་ནས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། བཤད་པའི་ཕན་ཐོགས་ཆེན་པོར་ག་ལ་འགྱུར། དེ་བས་བསྒྲུབ་པ་ལྷུར་བླངས་དབེན་པ་བསྟེན། རང་གཞན་གཉིས་ཀ་འཚེང་པའི་ལམ་རྙེད་སྙམ། ཞེས་གསུངས་ཤིང་བསྒྲུབ་པ་ལ་བསྐུལ་བར་མཛད་སྐད། ཀུན་མཁྱེན་ཆེན་པོའི་ཞལ་ནས། དེང་སང་དུས་ངན་སྐྱེ་བོ་མི་བསྲུན་པས། །དབེན་པར་རང་དོན་བསྒྲུབ་པ་ཤིན་ཏུ་གཅེས། །འདབ་གཤོག་མ་རྫོགས་འཕུར་བར་མི་ནུས་ལྟར། །མངོན་ཤེས་མི་ལྡན་གཞན་དོན་མི་ནུས་པས། །རང་དོན་ལྷུར་བླངས་ཡིད་ཀྱིས་གཞན་ཕན་བསམ། །རྣམ་གཡེང་འདུ་འཛི་

p. 775

བདུད་ཀྱི་བསླུ་བྲིད་འདིས། །རང་སེམས་མ་བསླུས་བསྒྲུབ་ལ་འབད་པ་གཅེས། །ཞེས་གསུངས་པ་ལྟར་བསྒྲུབ་པ་ལ་གཞོལ་ན། ཡར་ངོའི་ཟླ་བ་ལྟར་ས་ལམ་གྱི་ཡོན་ཏན་མཐའ་དག་རྒྱུད་ལ་སྐྱེས་ནས། རང་གཞན་གཉིས་ཀའི་དོན་འགྲུབ་པར་གདོན་མི་ཟའོ། །དེ་ལྟར་ཁྲེགས་ཆོད་ཀྱི་རིམ་པ་རྣམས་མདོར་བསྡུས་སུ་བཤད་ཟིན་ཏོ། ༈ །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་གནས་ལུགས་གཏན་ལ་ཕབ་ནས་བསྒོམ་པ་ལ་བཞི་ལས། འོད་གསལ་ཡེ་ཤེས་གང་ལ་བཞུགས་པའི་གནས་དང་། གང་ལས་འཆར་བའི་ལམ་བསྟན་པ་དང་། དེ་ལས་ཇི་ལྟར་འཆར་བ་དང་། ལམ་ཇི་ལྟར་བསྒོམ་ཚུལ་བཤད་པའོ། །དང་པོ་འོད་གསལ་ཡེ་ཤེས་གང་ལ་བཞུགས་པའི་གནས་ནི། རང་ཤར་ལས། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་ན་གནས། ། ཡུངས་འབྲུ་འམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཞེས་གསུངས་པ་ལྟར་གནས་སོ། །གཉིས་པ་གང་ལས་འཆར་བའི་ལམ་བསྟན་པ་ནི། སྙིང་

p. 776

ཀའི་ཡེ་ཤེས་ཆེན་པོ་བུམ་ནང་གི་མར་མེ་ལྟར་གནས་པའི་འོད་གསལ་གྱི་འཇུག་སྒོའི་རྩ་ཀ་ཏི་ཤེལ་བུག་ཅན་ནས་འཆར་བ་སྟེ། ཐལ་འགྱུར་ལས། རོ་མ་རྐྱང་མ་ཀུན་འདར་མ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །འཁོར་ལོ་ལྔ་ཡི་དབུས་དག་ནས། །དབང་པོའི་སྒོ་ལ་ཟུག་པར་གནས། །ཞེས་རོ་རྐྱང་དབུ་གསུམ་སྲོག་ཤིང་ལྟར་གནས་པའི་དབུ་མའི་ནང་ནས་ཤེལ་བུག་ཅན་ཐོན་པའི་རྩེ་མོར་ཡལ་ག་གཉིས་སུ་གྱེས་པའི། རྩེ་གཉིས་རྒྱང་ཞག་ཆུའི་སྒྲོན་མར་ཟུག་པ་དེ་ནི་འོད་གསལ་འཆར་བའི་ལམ་ཡིན་ནོ། །གསུམ་པ་དེ་ལས་ཇི་ལྟར་འཆར་བའི་ཚུལ་ནི། གནས་པ་སྙིང་གར་གནས་ཀྱང་སྒོ་མིག་གི་ལམ་ནས་ཡུལ་ཕྱི་རོལ་དུ་ཤར་བ་ཐིག་ལེ་སྟོང་པའི་སྒྲོན་མ་འོད་ལྔའི་མུ་ཁྱུད་དང་བཅས་སྣང་བ་དང་། དེ་ལས་མཆེད་པའི་ཕྱེད་སྐུ་དང་། སྐུ་རྐྱང་དང་། ཡབ་ཡུམ་དང་། ཚོམ་བུ་དང་། དཀྱིལ་འཁོར་དང་། དཀྱིལ་འཁོར་ཆེན་པོའི་སྣང་བ་དྲུག་དང་། ལོངས་སྐུ་ལས་སྤྲུལ་སྐུ། དེ་ལས་ཆོས་ཀྱི་སྐུ་འཕྲོ་བ་གསུམ་དང་། ཞི་ཁྲོ་གཉིས་དང་། ཐུབ་པ་དྲུག་གི་རྣམ་པར་སྣང་བ་དང་། དྲོ་བ་དང་། བསིལ་བ་དང་། ཡང་པ་དང་གཡོ་བའི་རང་བཞིན་

p. 777

ཅན་དུ་འཆར་ཏེ། ཐལ་འགྱུར་ལས། ཐིག་ལེའི་ཡུལ་ནི་ཁ་དོག་སྟེ། །ལྔ་དང་དྲུག་དང་གཉིས་གསུམ་གཅིག །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཤིང་གཡོ་བའི་བདག་ཉིད་འཛིན། །དོན་དམ་ཆོས་ཉིད་འབྱུང་བའོ། །ཞེས་གསུངས་པ་ལྟར་ཡེ་ཤེས་འཆར་བ་ཡིན་ནོ། །བཞི་པ་ལམ་ཇི་ལྟར་བསྒོམ་པའི་ཚུལ་ནི། །བླ་མ་མཚན་ལྡན་གྱི་ཞབས་རྡུལ་བསྟེན་ཏེ། ལམ་ཐུན་མོང་གིས་རྒྱུད་ལེགས་པར་སྦྱངས། གསང་སྔགས་ཀྱི་སྣོད་རུང་དུ་གྱུར་ནས། བླ་མེད་ཀྱི་དབང་བཞི་མནོས། །དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བའི་གཞི་བཟུང་། ཐབས་གང་དང་འབྲེལ་བའི་ཡི་དམ་དེའི་སྒོས་ཆོས་ཀྱི་སྔོན་འགྲོ་རྣམས་སོང་རྗེས་ཁྱད་པར་གྱི་སྔོན་འགྲོ་བཏང་ནས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ལ་མྱོང་བ་ཐོན་པར་བསླབ། དེ་ནས་ཐོད་རྒལ་གྱི་གདམས་པ་འདི་ཉམས་སུ་ལེན་པ་ལ། །ལུས་ངག་ཡིད་གསུམ་གྱི་བྱ་བ་གཏོང་བ། སྒོ་གསུམ་གྱི་གནད་སྟོན་པ། །གནད་གསུམ་གྱིས་འོད་གསལ་ལ་བལྟ་བ། དངོས་གཞི་དེ་ཉིད་ངོ་སྤྲོད་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ། མཐའ་རྟེན་གྱི་འཇུག་བསྡུ་བ་

p. 778

དང་དྲུག་ལས། དང་པོ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུག་ཏུ་གཏོང་ཚུལ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཆོས་ཉིད་ཡིད་བྱེད་ཙམ་དུ་མ་ལུས་པར༔ མངོན་སུམ་རང་ཐོག་ཕབ་ནས་ཉམས་ལེན་པས༔ ཐབས་ནི་ལུས་ཀྱི་སྔོན་འགྲོ་བྱ་བ་གསུམ༔ འགྲོ་འདུག་བསྒུལ་བསྐྱོད་ཕྱག་དང་སྐོར་བ་གསུམ༔ ངག་གི་འཁྲུལ་གཏམ་བཟླས་བརྗོད་ཁ་ཏོན་གསུམ༔ ཡིད་ཀྱི་དུས་གསུམ་རྟོག་དཔྱོད་དག་སྟེ་ནི༔ སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང་བྱས་ནས༔ ཞེས་དང་། དེ་བཞིན་དུ་ཀློང་གསལ་ལས་མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱི་དགུ་ཕྲུག་བཏང་། །ཞེས་པ་ལྟར། ལུས་ཀྱིས་ཕྱི་འཇིག་རྟེན་གྱི་བྱ་བྱེད་རྣམ་གཡེང་ཐམས་ཅད་དང་། ནང་ཕྱག་བསྐོར་སོགས་དམན་པའི་དགེ་བ་རྣམས་དང་། གསང་བ་ལྷའི་གར་དང་ཕྱག་རྒྱ་ལ་སོགས་པ་སྤངས་ཏེ་གཅིག་བུར་འདུག་པའོ། །ངག་གིས་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས་དང་། ནང་ཁ་ཏོན་བཟླས་བརྗོད་དང་། གསང་བ་རླུང་གི་བཟླས་བརྗོད་སོགས་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །ཡིད་ཀྱིས་ཕྱི་འཇིག་རྟེན་གྱི་འཁྲུལ་

p. 779

རྟོག །ནང་བྱམས་དང་སྙིང་རྗེ། གསང་བ་ལྷའི་བསྐྱེད་རྫོགས་ཀྱི་སེམས་འཛིན་ཐམས་ཅད་སྤངས་ཏེ། རྟོག་མེད་ཀྱི་ངང་དུ་ལྷན་ནེ་གནས་པར་བྱའོ། །དེ་ལྟར་བྱ་བ་བཏང་བའི་དགོས་པ་ནི། ལུས་ཀྱི་བྱ་བ་བཏང་བའི་ལུས་དལ། ལུས་དལ་བས་རྩ་དལ། རྩ་དལ་བས་རླུང་སེམས་ཤིན་ཏུ་དལ། རླུང་སེམས་དལ་བས་རྣམ་རྟོག་རང་ཤུགས་ཀྱིས་འགགས་ནས་འོད་གསལ་ཡེ་ཤེས་མྱུར་དུ་འཆར་བ་དང་། ལུས་ཀྱི་འབྱུང་བ་མི་འཁྲུག་ཅིང་ནད་མེད་པའོ། །ངག་གི་བྱ་བ་བཏང་བས་སྨྲ་བསམ་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་ཞིང་། རླུང་རང་སོར་རྒྱུ་ཞིང་། རླུང་དལ་བའི་རྣལ་འབྱོར་ཚེ་རིང་བ་དང་། རྩ་ཀ་ཏི་ཤེལ་སྦུག་ཅན་དུ་རླུང་གི་འགྱུ་བ་རན་པར་རྒྱུ་བའི་ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་འཆར་བའོ། །སེམས་ཀྱི་བྱ་བ་བཏང་བའི་རྣམ་རྟོག་ཐམས་ཅད་དུས་གཅིག་ལ་འགགས་ཏེ། ཁྲེགས་ཆོད་ཀྱི་དོན་རྒྱུད་ལ་སྐྱེས་པའོ། །གཉིས་པ་སྒོ་གསུམ་གྱི་གནད་སྟོན་པ་ལ་གསུམ་ལས། དང་པོ་ལུས་གནད་སྐུ་གསུམ་བཞུགས་སྟངས་བྱ་དགོས་ཏེ། ལུས་གནད་དུ་མ་གཅུན་ན་རྩ་གནད་དུ་མི་འཆུན།

p. 780

རྩ་གནད་དུ་མ་འཆུན་ན་རླུང་གནད་དུ་མི་འཆུན། དེ་མ་འཆུན་ན་འོད་གསལ་མངོན་དུ་མི་གསལ་བའི་ཕྱིར། ལུས་ཀྱི་གནད་གཅེས་ཏེ། དེའི་ཚུལ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ཡིས༔ གྱེན་དང་ལོངས་སྐུའི་གཞུགས་སྟངས་གླང་ཆེན་ནི༔ ཉལ་བ་ལྟ་བུས་ཟུར་ཁྲིད་སྤྲུལ་པའི་སྐུ་ཡི༔ བཞུགས་སྟངས་དྲང་སྲོང་ཙོག་པུ་དག་གིས་ནི༔ ཐུར་ཕབ་ཚུལ་གྱིས་ཟུར་རམ་ཟིམ་བུས་བལྟ༔ ཞེས་གསུངས། གསང་བ་སྤྱོད་པའི་རྒྱུད་ལས། ལུས་ནི་སེངྒེ་ལྟ་བུ་དང་། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང་། །བསྐལ་བ་དག་ནི་མཉམ་པ་ཡིན། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སེངྒེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱས། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེངྒེ་ལྟ་བུ་ནི། འབོལ་སྟན་ཐོག་ཏུ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བགྲད། ལག་པ་རྡོ་རྗེ་ཁུ་ཚུར་བརླའི་ཕྱི་རོལ་ལམ་ནང་གི་ས་ལ་བཙུགས་ནས་རོ་སྟོད་བསྲངས། མཇིང་པ་ཡིད་ཙམ་གྱེན་ལ་གཏད། མིག་སྨིན་མཚམས་ཀྱི་ནམ་

p. 781

མཁའ་ལ་མི་འགུལ་བར་བལྟ་བ་དང་། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། སྟན་ཐོག་ཏུ་ལུས་ཁ་སྦུབ་ཏུ་པུས་བྲང་སྦྱར་ལ་གྲུ་མོ་གཉིས་ས་ལ་གཙུགས་ནས་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བསྟེན་པའི་སོར་མོ་འགྲམ་པ་ལ་སྦྱར་ཞིང་། སྒལ་ཚིག་བསྲངས། མགོ་གྱེན་དུ་དགྱེ་བ་ཙམ་བྱས་ལ། མིག་ནམ་མཁའ་ལ་ཟུར་གྱིས་བལྟ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། ལོང་བུ་གཉིས་གཤིབས་ཏེ་ཙོག་པུར་བསྡད་པ། ལག་པ་གཉིས་པུས་མོ་ལ་བསྐོར། སྒལ་ཚིག་བསྲངས་ནས་མིག་བར་སྣང་ལ་ཟིམ་བུར་བལྟ། ༈ །མཆན་ཡིན། བཞུགས་སྟངས་གསུམ་མ་གཏོགས། གང་ལྟར་བལྟས་ཀྱང་། འོད་གསལ་མི་འཆར་ཅུང་ཟད་ཤར་ཀྱང་གོང་ནས་གོང་དུ་འཕེལ་མི་སྲིད། སྔར་ཤར་བ་རྣམས་ཀྱང་ཉམས་པ་དང་། ཕྱིས་གསར་དུ་རྟོགས་པ་རྒྱུད་ལ་མི་སྐྱེ་བའི་བགེགས་བྱེད་ཡིན་པས་སྤངས་ཏེ་འདུག་སྟངས་གསུམ་ལསམི་འདའ་བར་བྱའོ། ༈ །དེ་ལྟར་བྱས་པའི་ཡོན་ཏན་ནི། གསེར་གྱི་མཁའ་ལྡིང་ལས། གང་གིས་ཆོས་སྐུའི་བཞུགས་སྟངས་ཚུལ། །གང་ཟག་གང་གི་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་བྱས་པ། །འདིས་ནི་ཆོས་སྐུ་བདེ་

p. 782

ཆེན་ལ། །རྣལ་འབྱོར་དག་ཏུ་བྱེད་པའོ། །ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་ཕྱིར། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདིས་ནི་སྐུ་གསུམ་ཞིང་ལ་སྤྱོད། །ལུས་ཀྱི་ཚོགས་པ་དག་བྱེད་པ། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤེས་པ་དེ་གནད་བསྟུན། །དེ་ཉིད་ལས་གྲོལ་འཚང་རྒྱའོ། །ཞེས་གསུངས་སོ། །གཉིས་པ་ངག་གི་གནད་ནི། དེ་ཡང་སྨྲ་བ་མ་བཅད་ན། དེ་ལ་བརྟེན་ནས་རྣམ་རྟོག་འཁྲུག་པ་དང་། རྩོད་པ་དང་བཅས་པ་དང་། བཀྱལ་བ་ལ་སོགས་ཏེ། རྣམ་པ་བཞིའི་སྒྲིབ་པར་གྱུར་བས་ན། སྨྲ་བཅད་ལ་རིམ་པས་བསླབ་པར་བྱ་ཞིང་། དང་པོ་སྨྲ་བ་ཇེ་ཉུང་ལ་བཏང་། དེ་ནས་ངག་གི་སྨྲ་བ་བཅད་ནས། ཡུན་ཐུང་ངུ་ལ་བསླབ། དེ་ནས་ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། དེ་ནས་ཆོས་སྤྱོད་ལ་སོགས་པའི་བརྗོད་པ་ཙམ་ཡང་སྤངས་ཏེ། ལྐུགས་པ་བཞིན་དུ་གནས་པར་བྱས་པས། རླུང་དལ་ཞིང་སྟོང་པར་འགྱུར་ཏེ། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་སོ། །གསུམ་པ་སེམས་གྱི་གནད་ནི། ནམ་

p. 783

མཁའ་སྤྲིན་བྲལ་ལ་མ་ཡེངས་པར་བཞག་པས་དབྱིངས་རྣམ་དག་གི་སྒྲོན་མ་གསལ་སྟོང་ལྷག་གེ་བ་འཆར་ཏེ། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པ་འཆར། །ཞེས་སོ། ༈ །གཉིས་པ་གནད་གསུམ་གྱིས་འོད་གསལ་ལ་བལྟ་བ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། མིག་དང་ནམ་མཁའ་རིག་པ་གསུམ་མི་འབྲལ༔ ཞེས་དང་། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང་། རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་དང་། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྟུན་པས། །ཡུལ་ལ་ཡེ་ཤེས་མངོན་སུམ་སྣང་། ཞེས་པའི་གནད་བཞིའམ། རླུང་རིག་གཉིས་གཅིག་ཏུ་བྱས་པས་གསུམ་དུ་ཡང་བཤད་མོད། ས་བཅད་ནི། བཤད་པའི་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིག་པ་ལས། འདིར་གསུམ་དུ་འཆད་ཏེ། དང་པོ་འཆར་བྱེད་གྱི་སྒོའི་གནད་ནི། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་གསུངས། དེ་ཡང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་

p. 784

གསལ་བའི་ཟེར་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོད་རྩའི་ལམ་ནས་འཆར་བའི་ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡོས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲོང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་ནས་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུར་བལྟ་བར་བྱ་སྟེ། དེ་ཡང་། ཙཀྵུ་ཟིམ་བུས་སཱུརྱ་བལྟ། །ཤར་གྱི་རྒྱ་སྐར་བཞིན་དུ་གསལ། །ཞེས་པ་ལྟར་བལྟས་བས་དབྱིངས་རིག་མཐོང་ཞིང་། འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། གནས་མཐོ་སར་ནམ་མཁའ་གཡའ་དག་དུས་སྔ་དྲོ་ནུབ་དང་། ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་ཕྱིར་ཟེར་གཉིས་དང་སྦྱར་ནས། ཉི་མའི་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་སྟོང་སང་ངེ་བ་དེ་ལ་བལྟ་བའོ། དེ་ལྟར་ཡང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ། ཞེས་དང་། སྡུད་པ་ལས་དོན་འདི་གང་ཡིན་ནམ་མཁའ་དག་ལ་རྟོགས་པར་བགྱི། ཞེས་གསུངས་པ་བཞིན་ནོ།

p. 785

གསུམ་པ་རླུང་རིག་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། །ཞེས་གསུངས་པས། རླུང་དལ་བར་མ་བརྟེན་ན། རླུང་གིས་རིག་པ་སྤུར་ནས་མི་ཟིན་པས་ཤིན་ཏུ་དལ་བར་བྱ་དགོས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་(དེ་ལ་ལྟ་སྟངས་བྱེད་དུས་རླུང་གནད་རབ་ཏུ་དལ་བ་ཕྱིར་བཟུང་བ་ནས་དྲངས་པ་འདིའི་ཁྱད་པར་གྱི་གནད་གལ་པོ་ཆེ་ཡིན། སྣ་ནས་དྲངས་ན་འཁོར་ལོ་བཞི་བཀང་ནས་སེམས་དྭངས་གསལ་བྱེད་པའི་རིང་འཛིན་ཙམ་ཡོད་ཀྱང་རླུང་ལོག་འབྱམས་འཁྱིལ་རྨུག་བཞིའི་གེགས་འབྱུང་བའོ། །འདིར་རླུང་དག་དགོས་པ་དང་། ཁ་དང་གློ་བར་འབྲེལ་བའི་རྩ་སོགས་མའི་སྦུ་གུ་ཙིཏྟའི་ནང་གི་སེམས་ཀྱི་རྟ་རླུང་དེ་རང་འགག་ལ་གཏོང་བའི་ཕྱིར་རླུང་ཁ་ནས་དྲངས་པའི་རྟ་དང་མི་གཉིས་བྲལ་ནས། དྲན་རྟོག་མི་ལྟ་བུ་དེ་སྙིང་ནང་གི་རིག་པ་ལ་ཐིམ་པས་མི་རྟོག་པའི་བསམ་གཏན་རང་བབས་སུ་འགྲུབ་པའི་གནད་ཡིན་ཞེས་ཀློང་ཆེན་མཛོད་ནས་གསུངས་སོ། །)དུ་རྒྱུ་བ་སྙོམ་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། །ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པའི་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་

p. 786

མེད་པར་སྡོད་པའོ། །རིག་པའི་གནད་ནི། རིག་པ་ལུ་གུ་རྒྱུད་དབྱིངས་དང་ཐིག་ལེའི་ར་བར་བཅུག་ནས་མི་འབྲལ་བར་བྱ་བ་ནི། རིག་པའི་གནད་དེ། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་(ལུ་གུ་རྒྱུད་ཀྱི་རྗེས་སུ་མི་འབྲེང་བར་དབྱིངས་ཀྱི་ནང་དུ་རིག་པ་གཏད་ནས་བལྟ་བར་བྱ་བ་ལ་)བཙོན་འཛིན་ཟེར་དུ་བཟུང་། །ཞེས་གསུངས་སོ། །དེ་ཡང་སྒོ་གསུམ་གྱི་འཁྲུལ་འཁོར་དང་། གནད་གསུམ་གྱི་སྒོ་ནས་ཕྱིའི་ནམ་མཁའི་དཀྱིལ་དུ་རིག་པ་ཐིམ་འགྲོ་བ་ལྟ་བུར་གཏད་པའི་འོད་གདངས་སྔོ་རིབ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་ལ། དེ་ནི་ཕྱིའི་དབྱིངས་ཞེས་བྱའོ། །ཁ་ཅིག་གི་ཕྱིའི་དབྱིངས་ནམ་མཁའ་སྤྲིན་མེད་རྐྱང་པ་དེ་ལ་ངོས་འཛིན་པ་ནི་ཤིན་ཏུ་མི་རིག་སྟེ། ནམ་མཁའ་སྐྱེས་བུ་དང་འབྲེལ་བ་མ་གྲུབ་ལ་སྒྲོན་མ་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལྔ་པ་ཟ་འོག་ཁ་ཕྱེ་བ་ལྟ་བུའམ་ནམ་མཁའི་འཇའ་ཚོན་ལྟ་བུར་གསལ་བ་ནི། ནང་གི་དབྱིངས་ཕྱི་རུ་གསལ་བ་ཞེས་གསུངས་ཏེ། རྒྱུད་ལས་དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །

p. 787

ཞེས་སོ། །དེ་ལྟར་དབྱིངས་རྣམ་དག་གི་སྒྲོན་མ་ཤར་བའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ། ཀོ་མོག་གི་ཆུ་ལ་རྡོ་བོར་བའི་རི་མོའི་རྣམ་པར། ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ལ་སོགས་པར་སྣང་ཞིང་། དེར་རྒྱངས་ཞགས་ཆུའི་སྒྲོན་མའི་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དྭངས་ལ་ཡུལ་མེད་ཅིག་ཉམས་སུ་མྱོང་བ་དེ་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་ཡིན་ནོ། །དེ་ལས་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང་། ཚིག་དོན་ཀློང་རྡོལ་དུ་འཆར་བ་ནི་དེའི་རྩལ་ཡིན་ནོ། །དེ་ལས་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་སྟར་ལ་བརྒྱུས་པའམ། གསེར་གྱི་སྐུད་པ་ལྡིང་པ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཞེས་བྱ་སྟེ། ངོ་བོ་གཅིག་ལ་ལྡོག་པ་གསུམ་གྱི་དབྱེ་བ་ངོས་ཟིན་དགོས་སོ། །འདི་དག་མ་ཕྱེད་ན། ཀུན་མཁྱེན་གྱི་ཞལ་ནས། རེས་ཤེས་པ་ལ་ཤེས་རབ་རང་བྱུང་གི་སྒྲོན་མར་བཏགས། རེས་ནང་གདངས་ལ་བཏགས། རེས་ལུ་གུ་རྒྱུད་ལ་བཏགས་པས། མགོ་རྨོངས་པར་ཟད་དོ། །ཅེས་གསུངས། དེ་བཞིན་དུ་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ལུས་ནི་མི་འགུལ་གཞི་

p. 788

དབྱིངས་ནམ་མཁའ་ལ༔ དབྱིངས་ནི་རྣམ་པར་དག་པའི་ཐིག་ལེ་ལ༔ །འབེན་བཅས་རིག་པ་རྡོ་རྗེ་ལུག་རྒྱུད་ལ༔ གཟིགས་སྟངས་གསུམ་གྱི་མི་འགུལ་བར་བལྟ་སྟེ༔ དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ནི༔ སྙིང་ནང་ཨ་ཝ་དྷུ་ཏིར་གནས་པ་དེ༔ དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱ་བ༔ དར་སྐུད་བརྐྱངས་བ་ལྟ་བུའི་ལམ་བརྒྱུད་ནས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཉ་མིག་ལྟར༔ རྒྱངས་ཞགས་ཆུ་ཡི་སྒྲོན་མ་ནས་སྣང་བ༔ མཐོང་བ་མ་འགགས་གསལ་བར་བྱེད་པ་སྟེ༔ སྒྲོན་མ་དེ་དག་མ་འདྲེས་མིག་ལམ་ནས༔ དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ནི༔ བར་སྣང་ཁམས་སུ་འཇའ་ཚོན་གུར་འདྲ་བ༔ མཁའ་ལ་འཆར་ཏེ་གོམས་པ་ཚད་ཕྱིན་ན༔ ཡེ་ཤེས་སྐུ་དང་འོད་དུ་འཆར་བའོ༔ ཐིག་ལེ་སྟོང་སྒྲོན་རྨ་བྱའི་མདོངས་ལྟ་བུ༔ དབྱིངས་ཀྱི་སྒྲོན་མ་ཉམས་སུ་བླངས་པའི་དུས༔ འོད་དང་ཐིག་ལེར་ཤར་བའི་རྟགས་སུ་བསྟན༔ ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་བ༔ སྐྱོན་དང་ཡོན་ཏན་མ་འདྲེས་གསལ་བའོ༔ ཞེས་གསུངས། དེ་ལྟར་མཐོང་བ་ལ་ཐོག་མར་མ་གོམས་བར་ལ་སྨིག་རྒྱུ་གཡོ་བ་བཞིན་འགུལ་འཁྲིག་ཅན་

p. 789

དུ་འཆར་བ་དེ་ཉིད་ལྟ་སྟངས་ཀྱིས་རིམ་པར་ཁྲིད་ནས་གོམས་སུ་བཅུག་པས་ནང་གི་རྩ་ཁམས་རྣམས་འོད་དུ་ཅི་ཙམ་དྭངས་སྟོབས་ཆེ་བ་དེ་ཙམ་དུ་དབྱིངས་རིག་སྨིན་མཚམས་ལས་འབྲལ་ནས་ཡུལ་རྐྱེན་ལ་ལྟོས་པ་ཇེ་ཆུང་ལ་སོང་ནས། སྣང་བ་བཞིའི་ཉམས་རྣམས་རིམ་གྱིས་འཕེལ་བར་འགྱུར་ལ། ཕྱིས་ཟད་པའི་ས་ལ་བསྐྱེལ་དགོས་ཏེ། ཚིག་དོན་རིན་པོ་ཆེའི་མཛོད་ལས། ཐོད་རྒལ་གྱི་སྣང་བ་དང་པོ་འཆར་དགོས། སྒོམ་དུས་མ་ཞེན་དགོས། ཕྱིས་ཟད་དགོས་ཏེ། རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པའི་ཕྱིར་ཏེ། རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་བ་ལས་སླར་ཡང་ནང་དབྱིངས་སུ་ཟད་དགོས། འདིའི་དགོངས་པ་རྟོགས་པར་དཀའ་བའི་གནད་དེ་ཁོ་བོས་ཀྱང་རིང་མོ་ཞིག་ནས་བླ་མའི་དྲིན་གྱིས་རྟོགས་པ་ཡིན་ནོ། །ཞེས་གསུངས་སོ། ༈ །བཞི་པ་དངོས་གཞི་དེ་ཉིད་ངོ་སྤྲོད་པ་ལ། ངོ་སྤྲོད་ཀྱི་ཁང་པ་དབེན་ཅིང་ནམ་མཁའ་ཡངས་བར། སྔ་དྲོ་ཉི་མ་རྩེ་ཤར་དང་ལྡན་པའི་དུས་སུ་ཚོགས་གཏོར་མཆོད་པ་རྒྱ་ཆེར་བཤམས་ལ་མཎྜལ་དབུལ། བླ་མའི་རྣལ་འབྱོར་གྱི་

p. 790

དམིགས་རིམ་ཕོག་ལ། དེ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ རང་བཞིན་སྐྱེ་བ་མེད་པའི་མཁའ་ཀློང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་ཐོད་རྒལ་ལྟ་བསྒོམ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ མ་འདྲེས་མདངས་རྩལ་འགག་མེད་ཞིང་ཁམས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་ཐོད་རྒལ་ལྟ་བསྒོམ་མཐར་ཕྱིན་ནས༔ སྣང་བཞིའི་ཡེ་ཤེས་འཆར་བར་བྱིན་གྱིས་རློབས༔ སོ་ས་གླིང་གི་དུར་ཁྲོད་ཆེན་པོ་ནས༔ མཁའ་འགྲོའི་གཙོ་མཆོག་ལས་ཀྱི་དབང་མོ་ཆེ་ལ་གསོལ་བ་འདེབས༔ ཁྲེགས་ཆོད་ཐོད་རྒལ་ལྟ༴ སྣང་བཞིའི་ཡེ་ཤེས་འཆར་བར༴ དྷ་ན་མི་དྷིའི་ཞིང་ཁམས་ཡངས་པ་རུ༔ སློབ་དཔོན་ཆེན་པོ་ཧཱུཾ་ཆེན་ཀ་ར་ལ༔ ཁྲེགས༴ སྣང་བཞིའི༴ རྒྱ་ནག་རི་བོ་ཆེན་པོའི་ཤར་ཕྱོགས་སུ༔ མཁའ་འགྲོའི་གཙོ་མོ་ལབ་ཀྱི་སྒྲོན་མ་ལཿ༔ ཁྲེགས༴ སྣང་བཞིའི༴ པདྨ་འོད་ཀྱི་གཞལ་ཡས་ཆེན་པོ་ནས༔ མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཁྲེགས་ཆོད་ཐོད༔ སྣང་བཞིའི༔ སྦས་

p. 791

ཡུལ་པདྨ་བཀོད་ཀྱི་ཞིང་ཁམས་སུ༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ལ་གསོལ༴ ཁྲེགས་ཆོད་ཐོད༴ སྣང་བཞིའི་ཡེ་ཤེས༴ ཌཱ་ཀྐིའི་ཚོགས་ཁང་གཏེར་སྒྲོམ་ཕུག་པ་རུ༔ རླངས་ཆེན་དཔལ་གྱི་སེངྒེ་ལ་གསོལ་བ་འདེབས༔ ཁྲེགས༴ སྣང་བཞིའི༴ འཕྲིན་ལས་རྣམ་བཞིས་འགྲོ་འདུལ་ཞིང་ཁམས་སུ༔ ཀུན་བཟང་བདེ་ཆེན་རྒྱལ་པོ་ལ་གསོལ་བ་འདེབས༔ ཁྲེགས་ཆོད༴ སྣང་བཞིའི༴ ཁྱད་པར་ཀ་དག་ཆོས་སྐུར་བྱང་ཆུབ་ནས༔ ལྷན་འགྲུབ་སྣང་བཞིའི་ཆོས་ཟད་མཐར་ཕྱིན་ནས༔ འཕོ་བ་ཆེན་པོ་འཇའ་ལུས་སྐུར་གྲོལ་ཏེ༔ འགྲོ་ཀུན་ཐམས་ཅད་གདོད་མའི་སར་འགོད་ཤོག༔ ཅེས་བརྒྱུད་པའི་གསོལ་འདེབས་ཀྱི་བྱིན་ཕབ་པའི་མཐར། སློབ་མ་རྣམས་སྒོ་གསུམ་གྱི་འཁྲུལ་འཁོར་དང་། གནད་གསུམ་གྱིས་འོད་གསལ་གྱི་སྣང་བ་ལ་ལྟར་བཅུག་ནས། ཀྱཻ། སྐལ་ལྡན་སེམས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །དེ་ཡང་འོ་སྐོལ་རྣམས་ཀྱི་ཙིཏྟ་རིན་པོ་ཆེའི་གསང་བའི་སྦུབ་ན་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་

p. 792

གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ། སྒོ་གསུམ་གནད་ཀྱིས་གཞི་བཟུང་། གནད་གསུམ་གྱིས་བལྟས་པས་དེ་ཉིད་རྩ་ཀ་ཏི་ཤེལ་བུག་ཅན་ནས་རྒྱངས་ཞགས་ཆུའི་སྒྲོན་མ་ནས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེད་ལོང་དང་འདྲ་བར། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་བྱད་འདྲ་བ་འཇའ་ཚོན་ལྟ་བུར་ཤར་བ་འདིའོ། དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ལྟར་ཁ་དོག་ལྔ་ལྡན་གྱི་ཐིག་ལེ་ཟླུམ་པོ་ཞིག་གསལ་བ་འདིའོ། །དབྱིངས་དང་ཐིག་ལེའི་ནང་དུ་རྟ་རྔ་ལ་མདུད་བ་བཏབ་པ་དང་། མུ་ཏིག་གི་དྲ་བ་དྲ་ཕྱེད་ལྕགས་ཐག་འདྲ་བ་སོགས་ཁ་དོག་སྔོན་པོ་སྦྲང་ཆར་འབབ་པ་བཞིན་མང་པོ་འཆར་བ་དེ་ཉིད་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཡིན་ནོ། །དེ་དག་རྣམས་ལ་བལྟས་པའི་ཚེ་སྣང་སྟོང་འཛིན་མེད་ཀྱི་ཤེས་པ་དྭངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་དེ་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ནོ། འདི་ལྟར་མཐོང་བ་རྣམས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཀློང་གསལ་ལས།

p. 793

རང་གི་རིག་རྩལ་སྐུ་ལྔར་ཤར། །རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །ཞེས་པས། རིག་པའི་ཡེ་ཤེས་འོད་གསལ་ཆེན་པོར་སྣང་བས་རྣམ་པར་སྣང་མཛད། འོད་གསལ་དེ་ཉིད་འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེ། དེ་ཉིད་འཕེལ་ཆ་དང་བཅས་པས་རིན་ཆེན་འབྱུང་ལྡན། འོད་ཀྱི་སྣང་བ་ཚད་མེད་པའི་སྣང་བ་མཐའ་ཡས། འོད་ལྔ་ལྷུན་གྲུབ་ཏུ་ཤར་བས་དོན་ཡོད་གྲུབ་པ་སྟེ། རིགས་ལྔའི་སངས་རྒྱས་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་བ་ཡིན་ནོ། །གཞི་དེར་སྣང་གཟུང་འཛིན་དང་བྲལ་བར་སྟོང་གསལ་དུ་བསྒོམ་པ་ལམ། རིགས་ལྔ་སོ་སོའི་སྐུ་ཤར་དུས་འབྲས་བུའོ། །ཐལ་འགྱུར་ལས། མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་པས། འོད་གསལ་དེ་རྣམས་དྲི་མ་དང་བྲལ་ཞིང་སྐུའི་འཆར་གཞི་བྱེད་པས་མེ་ལོང་ཡེ་ཤེས། དེ་ཉིད་གང་དུ་དབྱེར་མེད་པས་མཉམ་ཉིད་ཡེ་ཤེས། བྱེ་བྲག་མ་འདྲེས་བར་སོ་སོར་འཆར་བས་སོར་རྟོགས་ཡེ་ཤེས། མ་བཙལ་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡེ་སྟོང་རྩ་བ་

p. 794

དང་བྲལ་བ་ཆོས་དབྱིངས་ཡེ་ཤེས་སོ། །གཞི་དེ་ཉིད་ས་ལེ་སང་ངེ་བསྒོམ་པ་ལམ། དེ་མཐར་ཕྱིན་ནས་སྣང་སྲིད་འོད་གསལ་དུ་གསལ་དུས་འབྲས་བུའོ། །རང་ཤར་ལས། དེ་བཞིན་གཤེགས་པའི་རིགས་དང་ནི། །རྡོ་རྗེ་དང་ནི་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །ཞེས་པས། འོད་གསལ་ཡེ་ཤེས་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་དེ་བཞིན་གཤེགས་པའི་རིགས། འོད་གསལ་དེ་ཉིད་འཕོ་འགྱུར་མེད་པས་རྡོ་རྗེའི་རིགས། ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་པས་རིན་ཆེན་རིགས། སྣང་བ་ལ་སྐྱོན་གྱིས་མ་གོས་པས་པདྨའི་རིགས། དེ་ཉིད་ལ་གོམས་ན་ལྷག་མེད་འགྲུབ་པས་ལས་ཀྱི་རིགས་ཏེ་གཞི་དེའི་ངང་ལ་ཝ་ལེར་བསྒོམ་པ་ལམ་མཐར་ཕྱིན་དུས་ཕྱིར་མི་ལྡོག་པའི་འབྲས་བུའོ། །ཀློང་གསལ་ལས་རིག་པའི་ཡོན་ཏན་འོད་ལྔར་གསལ། །ཞེས་པས། འོད་གསལ་དེ་རྣམས་དྲི་མ་མེད་པས་དཀར་པོ། །རྩལ་མ་འགགས་པས་སེར་པོ། །རང་བཞིན་དུ་རང་སྣང་བས་དམར་པོ། །བྱ་བ་དང་བྲལ་བས་ལྗང་གུ། འགྱུར་བ་མེད་པས་མཐིང་ཁའོ། །གཞི་དེའི་ངང་ལ་ཁ་དོག་སྣང་འཛིན་

p. 795

དང་བྲལ་བར་བསྒོམ་པ་ལམ། འབྱུང་བའི་ཁམས་དབྱིངས་སུ་དག་པ་འབྲས་བུའོ། །རང་ཤར་ལས། རིག་པ་རླུང་ལྔའི་རང་བཞིན་དུ། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་པས། འོད་གསལ་གྱི་སྣང་བ་འདི་རྣམས་ཡེ་ཤེས་ཀྱི་དྲོད་དང་མ་བྲལ་བས་མེ་དང་མཉམ་པའི་རླུང་། འཁོར་འདས་ཀྱི་སྲོག་འཛིན་པས་སྲོག་འཛིན་གྱི་རླུང་། དེ་ཉིད་ལ་གོམས་པས་འཁོར་འདས་སོ་སོར་དབྱེ་བས་དྭངས་སྙིགས་འབྱེད་པའི་རླུང་། དག་པ་དང་མ་དག་པ་ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་རླུང་། དེ་ཉིད་མཐར་ཕྱིན་པར་འབད་པས་འཁོར་བས་སྲོག་བཅད་ནས་མྱ་ངན་ལས་འདས་པའི་སར་སྐྱེལ་བའི་སྐལ་པ་ལས་ཀྱི་རླུང་ངོ་། །གཞི་དེའི་ངང་ལ་མ་བཅོས་བར་བསྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམ་པ་ལྔ་དང་ལྡན། །ཞེས་པས། འོད་གསལ་ཆོས་ཉིད་ཀྱིས་འཁོར་འདས་གཉིས་སུ་འབྱེད་པས་འབྱེད་པའི་ཤེས་རབ། ཉམས་གོང་འཕེལ་ལ་སོགས་པའི་ཡེ་ཤེས་ཀྱི་རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ། ཀུན་ལ་ཁྱབ་པས་ཁྱབ་བྱེད་ཀྱི་ཤེས་རབ།

p. 796

འོད་སྣང་འགྲོ་འོང་དང་བཅས་པ་བསྐྱོད་པས་བསྐྱོད་པའི་ཤེས་རབ། དེ་ཉིད་རྟོགས་ན་འཁོར་བ་ལས་སྒྲོལ་བས་སྒྲོལ་བའི་ཤེས་རབ་སྟེ། གཞི་དེ་ཉིད་བསྒོམ་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ནི། །མཁའ་འགྲོ་རྣམ་པ་ལྔ་དང་ལྡན། །ཞེས་པས་འོད་མཐིང་ག་སངས་རྒྱས་མཁའ་འགྲོ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ། མཁའ་འགྲོ་ལྔའི་ཞལ་ཀྱང་མཐོང་བ་ཡིན་ནོ། །ཉིད་ཀྱི་ངང་ལ་མ་ཡེངས་བར་གནས་པ་ལམ། མཐར་ཕྱིན་པ་འབྲས་བུའོ། །མདོར་བསྡུ་ན། ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང་། །ཤེས་པ་ཙམ་གྱིས་རྟོགས་པ་དང་། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང་། ཐལ་འགྱུར་ལས། རང་གི་རང་བཞིན་གཤིས་ཀྱི་གནད། །བརྗོད་པ་ཚིག་གིས་མ་ཡིན་པར། །དབང་པོའི་ཡུལ་ལ་གསལ་བར་སྣང་། །གཅེར་མཐོང་གྲོལ་བའི་བདག་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་དབྱིངས་སྟོང་གསལ་འདུས་མ་བྱས་པ་

p. 797

ནི། ཤེས་རབ་ཀྱི་ངོ་བོ་ཀ་དག་ཁྲེགས་ཆོད་ཀྱི་དོན་དང་། རིག་པའི་རང་བཞིན་འོད་གསལ་གྱི་སྣང་བ་ནི། ཐབས་ལྷུན་གྲུབ་ཐོད་རྒལ་གྱི་དོན་ཏེ། དོན་ལ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་གསུངས། དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འཇིག་པའི་ཆོས་སུ་མེད་དེ། དོན་དམ་འདུས་མ་བྱས་པ་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ཡིན་ཏེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟ་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ནི་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། ། སྲིད་གསུམ་བརྡར་ཤ་ཆོད་པའོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། ཡེ་ནས་དེ་ལྟར་ཤར་ནས་ཡོད། སྐྱེས་བུའི་རྩོལ་བས་བྱུང་བ་མིན། །དཀྱིལ་འཁོར་དེ་ཡིན་ལྷ་དེ་

p. 798

རང་། །སྔགས་དང་ཕྱག་རྒྱ་མཆོད་བ་དེ། །བསྐྱེད་དང་རྫོགས་པའི་རིམ་པ་དེ། །སངས་རྒྱས་སེམས་ཅན་འཁོར་འདས་ཡིན། །དབང་དང་སྡོམ་པ་དམ་ཚིག་ཡིན། །རང་གི་བླ་མ་ལྷ་ཡང་ངོ་། །ཞེས་གསུངས། འདི་ལྟ་བུའི་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་བ་ནི། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཡིན་ཏེ། གསང་བ་སྤྱོད་པ་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་མཉམ་པ་ཁོ་ནའོ། །ཞེས་གསུངས་པས། དུས་དེ་རིང་ནས་སྣང་བ་བཞིའི་ཡོན་ཏན་མཐར་ཐུག་པའི་ཉམས་ལེན་ལ་བརྩོན་པར་བྱས་ཏེ། ཆོས་ཉིད་ཟད་པའི་བྱང་ཆུབ་ལ་རེག་པར་གྱིས་ཤིག །ཅེས་བརྗོད། དེ་ལྟར་ངོ་ལེགས་པར་སྤྲད་པའི་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་། མཐར་ཐུག་མངོན་སུམ་དུ་མཐོང་བའི་གནད་ཀྱིས་འདི་ཙམ་ལ་ཚེ་དུས་བྱས་ཀྱང་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བ་ཡིན་ནོ། ༈ །ལྔ་པ་རྗེས་སྣ་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་བཞི་ལས། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་

p. 799

སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྔར་བཤད་པ་ལྟར་སྒོ་གསུམ་གྱི་འཁྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཅས་ཏེ་བལྟས་པས། དབྱིངས་ཀྱི་ར་བར་རིག་པ་ཆུད་དེ་ཐིག་ལེ་སུམ་འབྲེལ་ཚུན་ཆད་མཐོང་བ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་ནོ། །དེ་ལྟར་མཐོང་བའི་དགོས་པ་ནི། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་སོ། ༈ །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་པར་གསལ་ཞིང་། དབྱིངས་སྣང་འོད་ཀྱི་རང་བཞིན་དེ་ཡང་གྱེན་འགྲེངས་རྩིབས་ཤར་མཆོད་རྟེན་ལྟ་བུ་དང་། དྲྭ་བ་དང་། དྲྭ་ཕྱེད་དང་། མིག་མང་རིས། མདའ་མདུང་རྩེ་ལྟ་བུ། ཉི་ཟླ་མཁར་ཐབས་ལ་སོགས་སྣ་ཚོགས་པའི་རྣམ་པར་འཆར་ཞིང་། དབང་པོ་རབ་ཉི་མ་གསུམ། འབྲིང་བདུན། ཐ་མ་གཉེར་གཅིག་ནས། སྔ་མ་ནུབ་ནས་ཕྱི་མ་

p. 800

འཆར་བ་དང་། ཐིག་ལེ་ཡང་སྲན་མ་ཙམ་དང་། མེ་ལོང་ཁམ་ཕོར་ཕུབ་ཙམ་གྱི་བར་ཇེ་ཆེ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱང་སྐར་མདའ་འཕྲོ་བ་ཙམ་དང་། འདབ་ཆགས་འཕུར་རྐྱེན་ཙམ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ན་དལ་བུས་རྒྱུ་བ་ཙམ་དང་། བུང་བ་མེ་ཏོག་ལ་ལྡིང་བ་ཙམ་དུ་དལ་བར་འགྲོ། མཐར་ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་ཕྱེད་པ་དང་། རྐྱང་པ་རེ་འགུལ་འཁྲིག་བྲལ་བར་ཤར་བ་ནི། ཉམས་གོང་འཕེལ་གྱི་སྣང་བ་རྫོགས་པ་སྟེ། སྐབས་འདི་དག་ཏུ་འོད་སྣང་གྱེན་སྒྲེང་གི་ཚེ་ལྟ་སྟངས་ཐུར་དང་གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། རྩིབས་ཤར་ལ་མདུན། ཟླ་གམ་ལ་སྟེང་། མཁར་ཐབས་ལ་མཉམ་པར་བལྟ་བ་གནད་ཡིན་གསུངས། དེ་ལྟར་མཐོང་བའི་དགོས་པ་ནི། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་གསུངས། ༈ །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བ་ཐམས་ཅད་ལ་རྒྱས་ཐེབས་པའི་འབྱུང་བཞིའི་སྣང་བ་དག་སྟེ། འོད་གསལ་གྱི་སྣང་བ་

p. 801

འབྱམས་ཀླས་པའི་དབྱིངས་སུ་ཐིག་ལེ་རེ་རེའི་ནང་དུ་རྣམ་སྣང་ལ་སོགས་པའི་ཡབ་རྣམས་དང་། དབྱིངས་ཕྱུག་མ་ལ་སོགས་པའི་ཡུམ་སྟེ། རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་འཆར། དེ་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བ་ནི། རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། དེའི་དུས་སུ་ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་དང་བྲལ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉེད་འོད་གསལ་དུ་གྲོལ་བས་འཁྲུལ་པའི་སྣང་བ་ནུབ་པས་ལས་དང་བག་ཆགས་ཀྱི་འབྲེལ་བ་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཅེས་དང་། འདས་རྗེས་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་གསུངས་པ་ལྟར། ཚད་ལ་ཕེབས་པའི་གནས་སྐབས་སུ་མ་བསྒོམ་ཀྱང་ཆོག་ལ། མཐར་ཐུག་ལོངས་སྐུའི་ཞིང་ཁམས་སུ་སྤྱོད་པར་འགྱུར་རོ། ༈ །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི།

p. 802

ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་པས། སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས། འོད་ཀྱི་ནང་ནས་རི་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་མ་གྲུབ་པས། འབྱུང་བའི་དགྲས་མི་ཚུགས་འགྲོ་འདུག་གི་སྣང་བ་དག །མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ། ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས། འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས་ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས། གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། ༈ །དྲུག་པ་མཐའ་རྟེན་མན་ངག་ལ་བཞི་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། མི་འགུལ་གསུམ་ལ་གནད་ཀྱིས་གཞི་བཅའ་བ༔ སྡོད་པའི་གནད་གསུམ་གྱི་

p. 803

ཚད་བཟུང་བ༔ ཐོབ་པའི་མན་ངག་གསུམ་གྱིས་གཟེར་གདབ་པ༔ གདངས་བཞིས་འོད་སྐུར་གྲོལ་བའི་ཚད་ཉིད་དོ༔ ཞེས་དང་། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས། དང་པོ་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་ཚད་ལ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་ལུས་མ་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མ་ཡིན་པའི་ཕྱིར། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་སྒྲོན་མ་མི་འགུལ། སྒྲོན་མ་མ་འགུལ་བས་སེམས་མི་འགུལ། སེམས་མ་འགུལ་བས་རྟོག་

p. 804

ཚོགས་མི་འབྱུང་ཞིང་། དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱ་སྟེ། དེ་ཡང་འོད་གསལ་གྱི་སྣང་བ་འགག་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱང་བས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འཆར་བར་འགྱུར་རོ། ༈ །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། དབྱིངས་རིག་ལ་ཡུན་རིང་བར་གནས་པ་བརྟན་པའི་ཚད་སྡོད་པ་གསུམ་འབྱུང་སྟེ། ཕྱི་སྣང་བ་བསྐྱོད་བྱེད་གྱི་རླུང་ཟད་པས། དབྱིངས་རིག་འགྲོ་འོངས་མེད་པར་སྡོད། ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱི་བཟུང་བ་དང་། རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། འདི་དག་ཏུ་ཚད་རྨི་ལམ་གྱིས་བཟུང་བ༔ རྟགས་སྒོ་གསུམ་ལ་འཆར་བ་སོགས་རྫོགས་ཆེན་གཞན་དང་མཐུན་ནོ༔ གསུངས། དེས་ན་གསང་བ་སྒྲ་

p. 805

རྒྱུད་ལས། རབ་ལ་ཆད་དང་འབྲིང་གིས་ཤེས། ཐ་མ་འགྱུར་བར་ངེས་པ་སྟེ། ཞེས་དབང་པོ་རྣོན་པོ་དང་བརྩོན་འགྲུས་རབ་ཏུ་གྱུར་པ་རྣམས། ས་དང་བག་ཆགས་ཀྱི་འབྲེལ་བ་ཆོད་པས་སྐྱེ་བ་འདི་ཉིད་དུ་འཚང་རྒྱ་བའི་རྟགས་སུ་རྨི་ལམ་དབྱིངས་སུ་དག་ནས་གཉིད་འོད་གསལ་དུ་འཆར། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཞེས་པ་སྤྲུལ་བསྒྱུར་(མཆན་ཡིན། ཉིན་པར་སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྨི་ལམ་དང་སྒྱུ་མ་ལྟར་གོམས་པ་དང་ལུས་མང་པོར་སྤྲུལ་བ་དང་གཅིག་ཏུ་སྡུད་པ་དང་། གཅིག་ནས་གཅིག་ཏུ་བསྒྱུར་བ་སོགས་བྱས་ནས་མཐར་ཀ་དག་ཏུ་འཇོག་པ་སོགས་ལ་གོམས་པར་བྱས་པས། མཚན་མོའི་དུས་སུ་རྨི་ལམ་ངོས་ཟིན་ནས་བདེ་གཤེགས་རིགས་ལྔའི་ཞིང་ཁམས་རྣམས་སུ་དེ་བཞིན་གཤེགས་པ་རིགས་ཀྱི་བདག་པོ་ལ་ཆོས་ཉན་པའི་འཕེན་པ་བཏང་སྟེ་དྲན་བཞིན་ཉལ་ན་རྨི་ལམ་དུ་དེ་བཞིནགཤེགས་པ་དེ་དག་ལས་ཆོས་ཉན་པ་འོང་ལ་ཉིན་པར་བཞིན་སྤྲུལ་བསྒྱུར་ནུས་པ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བའོ། །རྒྱས་པར་ཀློང་ཆེན་གྱི་མཛོད་སོགས་ལས་ཤེས་པར་གྱིས་ཤིག་)གྱི་གོམས་པ་ངེས་པ་ལས་བར་དོར་ཚང་རྒྱ་རྒྱུ། ཐ་མ་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་ཏུ་རྨི་བ་ནི། རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བ་ཡིནནོ། ༈ །རྟགས་སྒོ་གསུམ་ལ་འཆར་

p. 806

བ་ནི། སྣང་བ་བཞི་རེ་རེ་ལ་རྟགས་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་འཁར་གཞོང་འཇམ་པོར་བཅུག་ན་གཡོ་འགུལ་མེད་པར་འདུག་པ་ལྟར༔ བྱ་བྱེད་གཡོ་འགུལ་མེད་པར་འདུག་ཚུགས། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་འདབ་ཆགས་སྙི་ལ་ཟིན་པ་ལྟར། འགྲོ་བ་ལྟར་སྣང་ཡང་གར་གཏད་དུ་སྡོད་པའོ། ༈ །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་དང་བྲལ། ངག་སྨྱོན་པ་ལྟར་ལྟོས་མེད་བྱུང་རྒྱལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ལན་བདུན་མྱོས་པའི་ཤེས་པ་ལྟར་འཁོར་བའི་བྱ་བ་ལ་བློ་མི་འཇུག་པའོ། ༈ །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཆུད་པ་གཞན་ལ་མི་ལྟོས་པར་རང་སྟོབས་ཀྱི་ཐོན་པ་ལྟར། འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུག་གུས་གླུ་བླངས་ན་གཞན་ཡིད་འཕྲོག་པ་ལྟར། ཅི་སྨྲས་གཞན་གྱི་རྣ་བར་འཇུག་ཅིང་ཕན་ཐོག་པའོ། །སེམས་སྐྱེས་བུ་འབྲུམ་ནད་བྱང་བའི་སྐྱེས་

p. 807

བུ་ལ་སླར་འབྲུམ་ནད་མི་འབྱུང་བ་ལྟར། ཕྱིན་ཆད་ཁམས་གསུམ་དུ་མི་ལྡོག་པར་གདེངས་ཐོབ་པའོ། ༈ །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་དང་བག་ཚ་མེད། །ངག་བྲག་ཆ་ལྟར་གཏམ་གྱི་ཟུངས་ཟད་ཏེ་ཕ་རོལ་གྱི་རྗེས་སུ་བཟློ་པའོ། །སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པའི་རྣམ་ཤེས་མྱུར་དུ་ཐོན་པ་ལྟར། །སྐད་ཅིག་གཅིག་གིས་བག་ཆགས་ཀྱི་ཕུང་པོ་བཅས་མི་སྣང་བར་གདོད་མའི་ས་ལ་འཚང་རྒྱ་ནུས་པའོ། ༈ །གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱི་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ་། ཞེས་པ་ལྟར། སྐྱེ་བ་ལ་རང་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་འདོད་ན། སྣང་བ་རྣམས་རིམ་གྱིས་ཟད་དུས་ལག་སོར་ལྔ་འོད་ཀྱི་དཀྲིགས་པར་སྣང་བ་ལ་ཤེས་པ་གཏད་པས་སྣང་བ་རང་ལོག་ནས་སྣོད་བཅུད་ཀྱི་རྟེན་དང་བརྟེན་པ་ཆུ་ཟླ་དང་། རྨི་ལམ་ལྟར་མཐོང་ལ་རང་ལུས་ཀྱང་མེ་ལོང་གི་གཟུགས་བརྙན་ལྟར། སྣང་ལ་རང་བཞིན་

p. 808

མེད་པར་ཟང་ཐལ་བ་ཙམ་དུ་རང་གིས་མཐོང་ལ། གཞན་གྱི་མིག་མ་དག་པའི་དེ་ལྟར་མི་མཐོང་བ་སྟེ། དཔེར་ན་སྔོན་སློབ་དཔོན་ཆེན་པོ་པདྨའི་སྐུ་ལ་མུ་ཁྲི་བཙན་པོས་ཕྱག་གིས་བཏུད་པས། སྟན་ལ་རེག་པའི་ལོ་རྒྱུས་བཞིན་ནོ། །དེ་ལྟ་བུའི་སྣང་བྱེད་ཆུ་ཟླ་ལྟ་བུའི་འཕོ་བ་ཆེན་པོའི་སྐུར་བཞེངས་ནས། འགྲོ་དོན་བྱེད་ནུས་པའི་རང་དབང་ཐོབ་པ་དང་། གཞན་ཡང་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་འགྱེད་ནས་རིགས་དྲུག་སོ་སོའི་གནས་སུ་དོན་མཛད་ཅིང་། དེའི་ཚེ་མི་ལ་སོགས་པའི་སེམས་ཅན་ལ་རིག་པ་བཅུག་ན་མཚམས་མེད་པ་ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེ་ལ་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་ཕྱི་སྣོད་ཀྱི་ལྗོན་ཤིང་ནོར་བུ་སོགས་བེམ་པོ་གང་ལ་རིག་པ་བཅུག་ཀྱང་འགུལ་བ་དང་། ཆོས་ཀྱི་སྒྲ་འབྱིན་པ་སོགས་ཕུལ་དུ་བྱུང་བའི་ངོ་མཚར་གྱི་བལྟས་མང་པོ་སྟོན་ནུས་པ་འོང་ངོ་། ༈ །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། གདོད་མའི་ནང་དབྱིངས་སུ་འཇུག་པར་འདོད་ན། འཇུག་ཁ་མར་གཞན་དོན་རླབས་པོ་ཆེ་མཛད་ན། སེམས་ཅན་སུམ་སྟོང་

p. 809

ཙམ་ལ་རིག་པ་གཏད་པའི་མོད་ལ་ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སེམས་ཅན་དེ་རྣམ་པ་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་མཛད་ནས། སྲིན་བུ་རྣམས་ཀྱང་འོད་དུ་ཡལ་ནས། ན་བུན་ནམ་མཁའ་ལ་དེངས་པ་བཞིན་ནང་དབྱིངས་སུ་ཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས་པའི་རང་དབང་ཐོབ་པའོ། ༈ །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང་ཞིང་། དེ་ཡང་འབྱུང་བ་བཞི་ལ་ཐོགས་པ་མེད་པར་འགྲོ་ཞིང་། ནམ་མཁའ་ལ་བྱ་བཞིན་ལྡིང་བ་དང་། ལུས་ལས་ཆུ་འཁྲུག་པ་དང་མེ་འབར་བ་དང་། ལུས་འདོད་དགུར་བསྒྱུར་ནས་སྐྱེ་བོ་གཞན་ལ་སྟོན་ནུས་པ་དང་། མངོན་པར་ཤེས་པ་ཐོགས་མེད་དུ་འཆར་བའོ། །དེ་ལྟར་ལུས་རྡུལ་ཕྲན་དུ་དེངས། འོད་དུ་གསལ་བས་སྐྱེས་འཇུག་སོགས་ལ་རང་དབང་ཐོབ་པ་རྣམས། ཐོད་རྒལ་ཁོ་ནའི་ཁྱད་ཆོས་ཡིན་ལ། ཁྲེགས་ཆོད་ལ་ལུས་རྡུལ་ཕྲན་དང་སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ་བ་ཙམ་ལས་མེད་པའི་ཕྱིར་རོ། ༈ །བཞི་པ་གདེངས་

p. 810

བཞིའི་གྲོལ་ཚད་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེངས་བཞིའི་རྣལ་འབྱོར་ཉིད། ཞེས་དང་། རིན་ཆེན་སྤྲུངས་པ་ལས། མི་འགྱུར་ལྟ་བའི་གདེངས་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། ཞེས་པས། ཡར་གྱི་གདེངས་གཉིས་ནི། དཀོན་མཆོག་གི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱིས་དོགས་པ་མེད་པའི་གདེངས་ཏེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདེངས་གཉིས་ནི། འགྲོ་དྲུག་གི་སྡུག་བསྔལ་དང་ཚེ་ཚད་ཐོས་ཀྱང་འཁོར་བར་མི་ལྟུང་དུ་རེ་བ་དང་། ལྟུང་གིས་དོགས་པ་མེད་པ་སྟེ། རང་རིག་ཡེ་ནས་འཁྲུལ་པ་དང་བྲལ་བར་ཤེས་ནས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །མཐའ་རྟེན་གྱི་མན་ངག་དེ་དག་གི་དགོས་པ་ནི། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པའོ། ༈ །རྗེས་འབྲས་བུས་གྲོལ་ཚུལ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། དབང་པོ་རབ་འབྲིང་ཐ་གསུམ་དུ་གསུངས་ཏེ༔ ཞེས་གསུངས། དང་པོ་དབང་པོ་རབ་ལ་གཉིས་ཏེ།

p. 811

རྩ་བ་རྡོ་རྗེའི་ཚིག་རྐང་ལས། མཐར་ཐུག་ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་༔ མངོན་པར་རྫོགས་པར་སངས་རྒྱས་སོ༔ དང་པོ་ནི། རྣལ་འབྱོར་བ་བརྩོན་འགྲུས་ཅན་གྱི་སྣང་བཞིའི་ཡོན་ཏན་མཐར་ཕྱིན་ནས། ཉོན་མོངས་པ་ཕྲ་རག་ལས་གྲོལ་ཏེ། འབྱུང་ལུས་ཀྱི་གདོས་བཅས་ཐམས་ཅད་དག་ནས་སྐྲ་སེན་སྙིགས་མ་ཙམ་མ་གཏོགས། ཕུང་པོ་ལྷག་མ་མེད་པར་ཡང་དག་པར་རྫོགས་པར་འཚང་རྒྱ་སྟེ། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཕུང་པོ་ལྷག་མ་མེད་པར་འཚང་རྒྱའོ༔ ཞེས་གསུངས་པ་བཞིན་ནོ། ༈ །གཉིས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། དེ་ཡང་དབང་པོ་རབ་ཚེ་འདིར་ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ༔ ཞེས་དང་། མངོན་པར་རྫོགས་པར་སངས་རྒྱས་པ་ནི༔ ནམ་མཁའ་དག་པ་དང་༔ འཇའ་དང་༔ མེ་ཏོག་གི་ཆར་དང་༔ ས་གཡོ་བ་དང་༔ སྒྲ་དང་༔ དྲི་དང་༔ གདུང་དང་༔ སྐུ་གསུང་ཐུགས་རང་བྱུང་

p. 812

དང་༔ རིང་བསྲེལ་ལ་སོགས་མངོན་པར་སྟོན་ནས་འཚང་རྒྱའོ༔ ཞེས་གསུངས་པ་བཞིན་རྣལ་འབྱོར་པ་དེ་གཤེགས་པའི་ཚེ་རྟགས་འདི་རྣམས་བྱུང་ན་མངོན་པར་རྫོགས་པར་སངས་རྒྱས་པའི་རྟག་ཡང་དག་པ་ཡིན་ནོ། །དེ་ཡང་སྔ་མ་ནི། སྔོན་གྱེར་སྒོམ་ཞིག་པོའི་སློབ་མ་གཉིས་རྡོ་མཚོན་གྱིས་ཕུག་པར། འོད་ཕུང་དུ་གྱུར་ནས་ནམ་མཁར་དེངས་པ་དང་། གཞན་བསྟན་པ་ལ་གཞུག་པའི་དོན་དུ་སྐྱེ་བོ་མང་པོས་མཐོང་སར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྕེ་བཙུན་སེང་གེ་ཞབས། འོ་ཡུག་ཕྱི་གོང་གི་ཐད་ཀའི་ནམ་མཁའ་ནས་འོད་དང་སྒྲ་དང་བཅས་ཏེ་འོད་ཕུང་དུ་ཡལ་བ་བཞིན་ནོ། །ཕྱི་མ་ནི། རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་མཆིམས་ཕུའི་ནགས་ཀྱི་དུར་ཁྲོད་ཆེན་པོར་འོད་རྣམ་པ་གཉིས་ལས་འོད་ཁྱིམ། སྒྲ་རྣམ་པ་གཉིས་ལས་འུར་བ། སྐུ་རྣམ་པ་གཉིས་ལས་ཁྲོ་བོ། །འབྱུང་བས་མི་ཤིག་པའི་གདུང་དང་རིང་བསྲེལ་རྣམ་པ་གཉིས་དང་ས་ཆེན་པོ་འདི་འུར་རབ་ཏུ་འུར་འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་པའི་གཡོ་བ་རྣམ་པ་དྲུག་ལན་བདུན་དུ་བསྒྲགས་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་

p. 813

པའི་རྟགས་མ་ཚང་བ་མེད་པར་བསྟན་ནས། གདོད་མའི་ས་ལ་གཤེགས་པ་བཞིན་ནོ། ༈ །གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་གདམས་ངག་བཤད་པ་ལ། དང་པོ་བར་དོའི་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོ་ཡིན་ཏེ། དེའང་གཞི་ལས་གཞན་སྣང་དུ་ཤར་བ་སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འགྲོ་དྲུག་དུ་སྣང་བའི་འཁྲུལ་སྣང་གི་ཆོས་རྣམས་མ་དག་འཁྲུལ་པའི་བར་དོ་ཡིན་པས་སོ། །དག་མ་དག་གཉིས་གང་གི་བར་ན་ཡོད་ཞེ་ན། ཀ་དག་གི་དབྱིངས་ནས་ནི་བསྐྱོད། སླར་ཀ་དག་ཏུ་མ་ནུབ་པའི་བར་དེ་ན་ཡོད་པའོ། །དབྱེ་ན་བཞི་སྟེ། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། ཞེས་གསུངས་པས་སྐྱེ་གནས་ཀྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། སྲིད་པའི་བར་དོ་དང་བཞི་ལས། དེ་དག་སོ་སོའི་ལམ་འཁྱེར་བསྟན་པ་ལ། དང་པོ་སྐྱེ་གནས་བར་དོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་རྒྱ་ཁྲ་ཚང་འཇུག་ལྟ་བུ༔ ཞེས་གསུངས།

p. 814

དེ་ཡང་། རྒྱ་ཁྲའི་ཚང་དང་པོ་བཅའ་བའི་སྔོན་ལ་མི་ལ་སོགས་པའི་གནོད་པ་ཨེ་ཡོང་བརྟགས་ནས་བཙན་སར་བཅའ། ཕྱིའི་ཚང་དུ་ནམ་འཇུག་ཀྱང་ཐེ་ཚོམ་མེད་པར་འཇུག་པ་ལྟར། རྣལ་འབྱོར་པ་དེ་ཡང་ཚེ་འདིར་དང་པོ་མཚན་ལྡན་གྱི་བླ་མ་བསྟེན་ནས། ཐོས་བསམ་གྱིས་ཆོས་དང་ཆོས་མིན་གྱི་སྒྲོ་འདོགས་གཅོད་པ་དཔེ་རྒྱ་ཁྲའི་ཚང་བཅའ་བའི་སྔོན་རོལ་མི་ལ་སོགས་པའི་གནོད་པ་ཨེ་འོང་བརྟགས་པ་དང་འདྲ་ལ། དེ་ནས་ཟབ་མོའི་གདམས་པ་འདི་ལྟ་བུ་ཉམས་སུ་བླངས་ནས་བློ་བདེ་བར་བྱེད་པ། དཔེ་ཚང་བཙན་སར་བཅའ་བ་དང་འདྲ་ལ། ནམ་འཆི་ཡང་ཉམ་ང་དང་བག་ཚ་མེད་པར་གདོད་མའི་ནང་དབྱིངས་སུ་འཇུག་པ་དཔེ་ཕྱིས་ཚང་དུ་ནམ་འཇུག་ཀྱང་ཐེ་ཚོམ་མེད་པར་འཇུག་པ་དང་འདྲའོ། །དེའི་གདམས་པ་རྣམས་སྔོན་ལ་བསྟན་པའི་ཁྲིད་གཞུང་བཞིན་ནོ། །གཉིས་པ་འཆི་ཁའི་བར་དོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། འཆི་ཁའི་བར་དོ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ༔ ཞེས་གསུངས་པ་དེ་ཡང་སྒེག་མོས་མེ་ལོང་ལ་བལྟས་པས་བཞིན་གསལ་བར་མཐོང་ཚེ་བྱི་དོར་ལ་བརྩོན་པ་ལྟར། རྣལ་འབྱོར་

p. 815

པ་དེ་ཡང་འཆི་ནད་ཀྱིས་ཐེབས་པའི་དུས་སུ་སྔར་གྱི་བླ་མའི་གདམས་པ་རྣམས་གསལ་འདེབས་པ་དཔེ་སྒེག་མོས་མེ་ལོང་ལ་བལྟས་པ་དང་འདྲ་ལ། གསལ་བཏབ་ཚེ་སྔར་གྱི་གདམས་པ་རྣམས་ཡིད་ལ་ས་ལེར་ཤར་བ་དཔེ་བཞིན་གསལ་བར་མཐོང་བ་དང་འདྲ། ཚེ་འདིའི་ཞེན་ཆགས་ཐམས་ཅད་སྤངས་ནས་གདམས་པ་རྣམས་མི་བརྗེད་པར་བྱེད་པ་དཔེ་བྱི་དོར་ལ་བརྩོན་པ་དང་འདྲའོ། །དེའི་གདམས་པ་རྣམས་ནི། སྔ་གོང་ནས་འཆི་ལྟས་ལེགས་པར་བརྟགས་ནས་འཆི་བ་བསླུ་བའི་ཐབས་ལ་འབད། གལ་ཏེ་མི་བསླུ་ཞིང་འཆི་ལྟས་ཐམས་ཅད་ཚང་བའི་དུས་སུ་རང་གི་ཡོ་བྱད་ཐམས་ཅད་བླ་མ་དང་མཆེད་ལྕམ་རྣམས་ལ་བཏང་། བླ་མ་དང་མཆེད་གྲོགས་ལ་ཉམས་ཆགས་བཤགས་སྡོམ་བྱེད་འོས་ཡོད་ན། བཤགས་ཡུལ་དངོས་སུ་ཡོད་ན་རྫས་དང་ཡོ་བྱད་དབུལ་ལ་བླ་མ་ལ་དབང་ཞུ། མཆེད་གྲོགས་ཡིན་ན་བོས་ནས་དམ་ཚིག་ཉམས་པ་བསྐང་། དངོས་སུ་མེདན་ཡིད་ཀྱིས་བྱ་ཞིང་། གཞན་ལ་ནོར་རྫས་ཀྱི་སྐྱིན་པ་ཡོད་ན་འཇལ། མཐར་ཡོ་བྱད་ཕྲན་ཚེགས་ཡོད་པ་རྣམས་ཀྱང་ཡར་མཆོད་མར་སྦྱིན་བྱས་ནས་

p. 816

དགེ་བ་བསྔོ། །ཚེ་འདིའི་ཞེན་ཆགས་ཐམས་ཅད་རྦད་ཀྱིས་བཅད་ལ། རབ་གངས་ཁྲོད་ལ་སོགས་པར་ཕྱིན་ནས་འཆི། འབྲིང་སྤྲང་པོ་ལྟར་རྒྱུས་མེད་པའི་ཡུལ་དུ་འཆི། ཐ་མ་རི་ཁྲོད་ལ་སོགས་པར་དབེན་པར་ཆོས་གྲོགས་གཅིག་ཙམ་ཉེ་དྲུང་དུ་བཞག་ལ། དཀོན་མཆོག་ལ་མཆོད་པ་དང་འབྱུང་པོ་ལ་གཏོར་མ་ཕུལ་ལ། བླ་མའི་གདམས་པ་རྣམས་འདི་ལྟར་རང་ལ་གསལ་གདབ་པར་བྱ་སྟེ། རྣལ་འབྱོར་བ་རབ་གཅིག་པུར་འཆི་བ་ལ་གཞན་གྱི་གསལ་འདེབས་མི་དགོས་ཏེ། རང་གིས་རང་ལ་འདི་ལྟར་གསལ་གདབ་སྟེ། ད་ནི་བདག་ལ་འཆི་བ་ཟེར་བ་དེ་ད་ལྟར་སླེབ་འདུག་པས་ད་འཆི་བ་ལ་འཚེར་བའི་ཅི་བྱེད། སྤྱིར་འཆི་བ་ཟེར་བ་འདི་ཀུན་ལ་ཡོད་པས་སྔོན་བྱོན་པའི་སངས་རྒྱས་བྱང་སེམས་ནས་བཟུང་སྟེ། སྐྱེ་བོ་ཕལ་བའི་བར་དུ་མི་མཆོག་དམན་བར་པ་ཐམས་ཅད་མི་རྟག་པའི་ལམ་དུ་གྱུར་ཏེ། སྔོན་བྱུང་བའི་གཏམ་ཙམ་མ་གཏོགས་ཕྱོགས་གང་དུ་ཡང་མེད། ད་ལྟར་གྱི་སྐྱེ་བོ་ཐམས་ཅད་མི་རྟག་པའི་ལམ་དུ་འགྱུར་བ་འབའ་ཞིག་ཡིན། མ་འོངས་པའི་མཆོག་དམན་བར་བ་ཐམས་ཅད་དེ་གའི་རང་བཞིན་ལས་མ་འདས་པས།

p. 817

འཆི་བའི་དུས་ལ་བབས་པའི་ཚེ་སྟོབས་དང་མངའ་ཐང་འཁོར་ལོས་བསྒྱར་བའི་རྒྱལ་པོ་ཙམ་དུ་ཡོད་ཀྱང་རང་ལ་ཕན་པ་རྡུལ་ཙམ་ཡང་མི་འབྱུང་། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་བ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་མཆེད་གྲོགས་འཁོར་གཡོག་མང་པོས་བསྐོར་ཡང་རང་ཉིད་གཅིག་པུར་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་མ་གཏོགས་སུ་གང་གིས་ཀྱང་ཕན་ཐོགས་མེད། དེ་བས་ན་འཇིག་རྟེན་འདིའི་ལུས་ལོངས་སྤྱོད་གང་ལ་ཡང་ཆགས་པ་མི་བྱེད། སྤྱིར་ཁམས་གསུམ་འཁོར་བ་ཁྱད་པར་དུས་ངན་སྙིགས་མའི་སྐབས་འདིར། བདག་གདམས་པ་ཟབ་མོ་འདི་ལྟ་བུ་དང་འགྲོགས་ནས་འཕོ་རྒྱུ་ཡོད་པ་འདི་སྐལ་བ་བཟང་། ད་རེས་འཆི་བ་འོད་གསལ་ཆོས་ཀྱི་སྐུ་ངོ་ཤེས་པར་བྱ་ལ། གང་ལ་གང་འདུལ་གྱི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་སེམས་བསྐྱེད་དྲག་པོ་དང་། བདག་ནི་རྩ་བའི་བླ་མ་སངས་རྒྱས་དངོས་ལྟ་བུ་དང་མཇལ། གདམས་ངག་ཟབ་མོ་ནི་ཐོབ་སྔར་

p. 818

ཉམས་སུ་བླངས་པའི་དོན་དེ་དགོས་པའི་དུས་ལ་བབས་པ་ཡིན་ནོ་སྙམ་དུ་བསམས་ལ། སྔར་ཀ་དག་ལ་གོམས་པ་ཞིག་ཡིན་ན། སེམས་མ་བཅོས་རང་བབས་སུ་གློད་ལ་འཕོ་བྱ་འཕོ་བྱེད་འཆི་བྱ་འཆི་བྱེད་དང་བྲལ་བའི་ངང་ལ་རིག་པ་བཟོ་མེད་དུ་ཡེར་རེ། ཡེངས་མེད་དུ་ཧྲིག་གེ །གསལ་སྟོང་དུ་རྗེན་ནེ་བཞག་ནས། དེའི་ངང་ལ་དབུགས་སོང་ན་གཞིའི་འཆི་བ་འོད་གསལ་མ་ལྟ་བུ་དང་། ལམ་གྱི་འོད་གསལ་བུ་ལྟ་བུ་ངོ་འཕྲོད་དེ། ཟང་ཐལ་དུ་འཚང་རྒྱ་བར་འགྱུར་ཏེ། གྲུབ་ཆེན་ལས་ཀྱི་རྡོ་རྗེས། རྣལ་འབྱོར་པ་ནམ་འཆི་བའི་ཚེ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་གྱི་འཁྲི་བ་ཐམས་ཅད་རྦད་ཀྱིས་བཅད། དོན་དམ་པར་སེམས་ལ་སྐྱེ་འཆི་མེད་པར་ཐག་བཅད། ཕྱག་རྒྱ་ཆེན་པོ་ལ་བསྒོམ་རྒྱུ་མེད་པར་ཐག་བཅད། བསྒོམ་མེད་ཀྱི་ངང་ལ་མ་ཡེངས་པར་བཞག་པས་ཡེ་ཤེས་ཟང་ཐལ་དུ་སོང་ནས་བར་དོ་མེད་པར་འཚང་རྒྱའོ། །ཞེས་གསུངས་སོ། །ཡང་ཐོད་རྒལ་གྱི་སྣང་བ་འདུ་འབྲལ་མེད་པ་ཞིག་ཡིན་ན། ལུས་གནད་སེངྒེའི་ཉལ་ལུགས་བྱ་ཐུབ་ན་རབ། ཡང་ན་སྐྱིལ་ཀྲུང་སོགས་གང་བདེར་བྱས་ལ་ཤེས་པ་གཞན་དུ་མ་ཡེངས་

p. 819

པར་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ལ་འཕྲོ་འདུ་མེད་པར་བཞག་པའི་ངང་ལ་འཕོ་ན། སྐད་ཅིག་ལ་ཡར་གྱི་ཟང་ཐལ་ཀ་དག་གི་གཞི་ལ་སངས་རྒྱས་ནས་ཆོས་ཉིད་ཀྱི་བར་དོ་མེད་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། སྐུ་དང་ཡེ་ཤེས་འཇུག་ལུགས་ནི། རིག་པ་འདི་ལྟར་གཏད་པར་བྱ། ཕུང་པོ་སེངྒེ་ཉལ་ལུགས་ཀྱིས། རིག་པ་ཉིད་ནི་མིག་ལ་གཏད། ཡིད་ཙམ་བར་སྣང་ལམ་དུ་བྱ། དབྱིངས་དང་རིག་པ་མ་འགྱུར་ན། མི་དེ་བར་དོ་མེད་པར་ནི། འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཡང་ན་རྒྱུད་དེ་ཉིད་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ལ་ཞོན་ནས་སྦྱངས། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་སྡུད་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །ཅེས་པ་ལྟར། དབུགས་ཕྱིར་འགྲོ་དུས་རིག་པ་སྙིང་གི་དཀྱིལ་ན་བླ་མའི་སྐུ་ཚོན་གང་པ་འོད་ཟེར་ལྔ་འཕྲོ་བ་ཞིག་གམ། ཡང་ན་ཨ་དཀར་པོའི་རྣམ་པར་ཚངས་བུག་ནས་རྒྱངས་ཏེ་ཐོན་པར་

p. 820

བསམ་ལ། ཧིག་བདུན་ནམ་ཉེར་གཅིག་བརྩེགས་མར་བརྗོད་པས། རིག་པ་ཚངས་བུག་ནས་འཕོས་ཏེ་ཀ་དག་གི་གཞི་ལ་སངས་རྒྱའོ། །དེ་ཡང་རྒྱུད་ཀྱི་ཚིག་ཟིན་གྱིས་ཇི་ལྟར་བསྟན་པ་བཞིན། ད་ནས་སྦྱངས་ན་ཤིན་ཏུ་ལེགས་སོ། །དེ་ལྟར་མ་གོམས་པའི་མིའི་སྔར་རང་གང་ལ་སྦྱངས་བའི་འཕོ་བ་བྱེད་པ་གནད་ཟབ་པ་ཡིནབནོ། །གདམས་པ་དེ་དག་མི་གསལ་ཞིང་གདེང་མེད་ན་བར་དོའི་དུས་ཀྱི་འཆར་ཚུལ་རྣམས་ཡིད་ལ་བྱས་ཏེ། དེའི་དུས་སུ་ངོས་ཟིན་པར་བྱའོ་སྙམ་དུ་ཡིད་ལ་དུང་ངེ་བྱའོ། ༈ །འདིའི་དུས་སུ་གྲོགས་གཞན་གྱི་ཚིག་གིས་གསལ་འདེབས་ན་འདི་ལྟར་བྱ་སྟེ། དེ་ཡང་བླ་མའམ་མཆེད་གྲོགས་བརྩེ་ཞིང་འདྲིས་ཆེ་བ་གཅིག་གིས། རྣ་བར་མཆུ་བཙུགས་ནས་མིང་ནས་ལན་གསུམ་བོས་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་མ་ཡེངས་མ་འཁྲུལ་བར་གདམས་པ་ཟབ་མོ་གསལ་འདེབས་པ་ལ་ཉོན་ཅིག །ཁྱོད་ལ་འཆི་བ་ཟེར་བ་དེ་སླེབ་འདུག་པས་ངོ་ཤེས་བར་གྱིས་ཤིག །འཇིག་རྟེན་འདི་ནས་འགྲོ་སྟེ་ཁྱོད་གཅིག་པུ་མ་ཡིན་པར་ཀུན་ལ་འབྱུང་བའི། འཇིག་རྟེན་འདིའི་ཡུལ་དང་ཁང་ཁྱིམ་གྲོགས་དང་གཉེན་འཁོར་ནོར་རྫས་ཆེ་

p. 821

ཆུང་སོགས་གང་ལ་ཡང་ཆགས་ཞེན་དང་བདག་འཛིན་སྤུ་ཙམ་མ་བྱེད་ཅིག །ཆགས་པ་དང་ཞེན་པ་བྱས་ཀྱང་བསྡད་དབང་དང་འཁྱེར་དབང་མེད། ཁྱོད་རང་འཁོར་བར་འཁྱམས་པ་ལས་འོས་མི་ཡོང་བས་མ་ཆགས་ཤིག །མ་ཞེན་ཅིག །འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པས། སྐྱེ་བའི་མཐའ་མ་འཆི། འདུས་པའི་མཐའ་མ་འབྲལ། བསགས་པའི་མཐའ་མ་འཛད། མཐོན་པོའི་མཐའ་མ་ནི་ལྟུང་བ་བཞི་ལས་མ་འདས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནས་བཟུང་སྟེ། མདངས་སྐྱེས་ཀྱི་བུ་ཆུང་ཡན་ཆད་ལ་འཆི་བའི་འཇིགས་པ་མི་འབྱུང་བ་སུ་ཡང་མེད་པས་ཁམས་གསུམ་འདིར་སྐྱེས་ཕྱིན་ཆད་དེ་གའི་རང་བཞིན་ལས་མ་འདས་པས་འཚེར་སྣང་དང་སྡུག་བསྔལ་བྱས་པས་ཕན་མི་ཐོགས། ཁྱེད་རང་དམ་པའི་ཆོས་དར་བའི་ཡུལ་དུ་སྐྱེས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། དགེ་བའི་བཤེས་གཉེན་བླ་མ་དམ་པས་རྗེས་སུ་བཟུང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་དད་པ་ཐོབ། དམ་པའི་ཆོས་དང་མཇལ། མཆེད་ལྕམ་དམ་གཙང་གི་གྲོགས་དང་འཕྲད་པས་བསོད་ནམས་

p. 822

ཆེ། ད་ཁྱོད་ལ་བུ་ཕ་ཁྱིམ་དུ་འགྲོ་བ་ལྟ་བུའི་བླ་མའི་གདམས་ངག་ཡོད་པས་སྙིང་ནས་དགའ་བ་བསྒོམས་ལ། འདི་རྣམས་དྲན་བར་གྱིས་ཤིག །ཀྱཻ། རིགས་ཀྱི་བུ་ཁྱོད་ལ་སྔར་བླ་མས་ངོ་སྤྲད་པའི་ད་ལྟའི་རིག་པ་གསལ་ལེ་ཧྲིག་གེ་རྗེན་ནེ་བ་འདི་རང་བྱུང་གི་ཡེ་ཤེས་དངོས་ཡིན་པས་འདིའི་ངང་ལ་སེམས་མ་བཅོས་བར་ཞོག་དང་། ཡར་གྱི་ཟངས་ཐལ་དུ་ཁྱོད་སངས་རྒྱའོ། །དེ་ལྟར་མི་ནུས་ན། ཁྱེད་རང་གི་རིག་པ་ཨ་དཀར་པོའི་རྣམ་པར་ཚངས་བུག་ནས་དཔག་ཆེན་གྱི་མདའ་འཕགས་པ་བཞིན་དུ་སོང་ལ་སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པའི་འཇིག་རྟེན་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རིགས་གྱི་བུ་ཁྱོད་མ་འཇིགས་པར་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་ཡོད་ཀྱི། དབང་དེ་ཞུས་ལ་ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །དེའི་ཚེ་ཁྱོད་ཀ་དག་གི་ས་ལ་སངས་རྒྱས་པར་འགྱུར་རོ། །གལ་ཏེ་དེར་མ་གྲོལ་ན། ཆོས་ཉིད་བར་དོའི་སྣང་བ་འཇིགས་སྐྲག་ཇི་ལྟར་ཤར་བྱུང་ཡང་། ཁྱེད་རང་ཚིག་འདི་མ་བརྗེད་པར་གྱིས་ལ། ཚིག་དོན་ཡིད་ལ་མ་བརྗེད་པར་སོང་ཞིག

p. 823

དེས་ངོ་འཕྲོད་པའི་གནད་ཡོད་དོ། །ཀྱཻ་མ། བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར། །ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས། །གང་ཤར་རང་སྣང་ཡིན་པར་ངོ་ཤེས་འཇུག །བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ། །དོན་ཆེན་འགག་ལ་ཐུགས་པའི་དུས་ཚོད་འདིར། །རང་སྣང་ཞི་ཁྲོའི་ཚོགས་ལ་འཇིགས་མི་བྱ། །དེ་སྐད་ངག་ནས་ལྷང་ལྷང་བརྗོད་ལ་དོན་ཡིད་ལ་དྲན་བཞིན་དུ་སོང་ཞིག །དེས་འཇིགས་སྐྲག་གི་སྣང་བ་ཅི་ཤར་ཡང་རང་སྣང་གཞི་མེད་དུ་ཤེས་པར་གྱིས་ལ་ཀ་དག་གི་ངང་ལ་ཞོག་དང་སངས་རྒྱའོ། །དེ་ལྟར་མནལ་དུ་མི་ཕེབས་ན། བླ་མ་ཡི་དམ་མཁའ་འགྲོ་རྣམས་ལ་རྩེ་གཅིག་གིས་གསོལ་བ་ཐོབ་ལ། བདེ་བ་ཅན་གྱི་ཞིང་དང་། དག་པ་མཁའ་སྤྱོད། ཟངས་མདོག་དཔལ་རི། དགའ་ལྡན་ལ་སོགས་པ་གང་མོས་དག་པའི་ཞིང་ཁམས་ཡིད་ལ་གྱིས་ཤིག །དེར་སྐྱེ་བའི་སྨོན་ལམ་གྱི་འཕེན་པ་དྲག་པོ་ཐོང་ལ་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་ཞིང་དེར་སོང་ཞིག །རིགས་ཀྱི་བདག་པོ་དེ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་པར་ཐེ་ཚོམ་མེད་དོ། །ཅེས་

p. 824

སྙན་པའི་ངག་གིས་བརྗོད། འདི་ནི་ཐིམ་རིམ་གྱི་འགོ་ཟིན་ཙམ་ནས་བརྗོད་ན་ཤིན་ཏུ་ལེགས་སོ། །བསྡུ་ན་འདི་ལྟར་བརྗོད། ཨེ་མ་རིགས་ཀྱི་བུ་མ་ཡེངས་པར་ཉོན་ཅིག །ཆོས་ཉིད་བར་དོ་ལ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་དེ་རང་སྣང་ཡིན་པར་ངོ་ཤེས་པར་གྱིས་ཤིག །ཚེ་འདིའི་སྣང་བ་ལ་མ་ཆགས་པར་བདེ་བར་གཤེགས་ཤིག །ཅེས་བརྗོད། གདམས་པ་འདི་རྣམས་ཁྱོད་ཀྱི་གོའམ། ཞེས་བརྗོད། སྐད་ཐོན་པའམ་བརྡའ་བྱུངན་ཐེབས་པ་ཡིན་པས། ད་གདམས་ངག་རྣམས་མ་བརྗེད་པར་བདེ་བར་གཤེགས་ཤིག ། ཅེས་བརྗོད་གསལ་འདེབས་ལོང་མེད་པར་དབུགས་སོང་འདུག་ན་ཁོའི་ཁ་སྣ་དང་རང་གི་ཁ་སྣ་གཏུགས་ཏེ། རང་གི་ཁ་ནང་གི་དབུགས་ཧ་ཞེས་རྒྱངས་ཀྱིས་ཁོའི་ཁོག་པར་རླུང་ལན་གསུམ་དུ་འཕངས་པའི། དང་པོའི་ཚེ་ཨོཾ་དཀར་པོ་བསམས་ལ་འཕངས། གཉིས་པའི་ཚེ་ཨཱཿདམར་པོ། གསུམ་པའི་ཚེ་སྟོང་པ་ཉིད་ཀྱི་ངང་ནས་འཕངས་ཤིང་། ཀུན་ལ་ཚུར་སྡུད་པའི་ཚེ་ཧཱུྃ་མཐིང་གའི་རྣམ་པར་ཁོའི་ཤེས་པ་ཡུལ་ལ་དྲངས་པ་དང་ཆབས་གཅིག་ངག་ཏུའང་ཧཱུྃ་ཞེས་རྒྱུ་ཞབས་རྒལ་བ་ལ་བཅར་བའི་ཤུགས་ཀྱིས་དྲངས་བས་ཕ་

p. 825

རོལ་པོ་མིག་ཧྲིག་གེ་འབྱུང་པ་ཡོད་དོ། །དུས་དེར་སྔར་གྱི་གདམས་པ་རྒྱས་བསྡུས་གང་རུང་གསལ་གདབ་པར་བྱའོ། ༈ །གཞན་ཡང་ཉི་ཟླ་ཁ་སྦྱོར་ལས། མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། ཞེས་ཆོས་འདིའི་སྒོ་མ་མཐོང་བའི་འགྲོ་བ་ཕལ་མོ་ཆེ། བྱ་བྱེད་རྟགས་ལ་སོགས་པའི་སྒོ་ནས་སྐྱེ་གནས་ཀྱི་ངེས་པ་གསལ་བའི་ཕྱིར། དེ་དག་གོང་ནས་གོང་དུ་འདྲེན་པའི་ཐབས་ལ་དབུགས་འགྲོ་བར་བརྩོམ་པ་ནས་རྣམ་ཤེས་ཕྱིར་མ་ཐོན་པའི་བར་ལ། ཁོའི་སྙིངནང་དུ་ཨ་དཀར་པོ་བསམ། རང་གི་ཁ་དེའི་སྤྱི་གཙུག་ཏུ་གཏད་ནས། ཁོས་ལོ་གྲངས་དང་མཉམ་པའི་ཨ་སྙན་ལ་དལ་བ་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་བཟློས་ཤིང་། དབུགས་ཁྲོག་གིས་ཆད་པའམ། ཆད་མ་ཐག་པའི་སྐབས་སུ་ཨ་ཉི་ཤུ་རྩ་གཅིག་བརྗོད་པས་རླངས་བ་ཕྱུ་རུ་རུ་འོང་སྟེ། སྡིག་ཅན་ཡིན་ཡང་མཐོ་རིས་སུ་འདྲོངས་ལ། བདེ་འགྲོར་སྐྱེ་བ་རྣམས་ཀྱང་གོང་ནས་གོང་དུ་འདྲོངས་སོ། །གལ་ཏེ་དམྱལ་བར་སྐྱེ་བའི་རྟགས་ཅན་ཡིན་ན་མར་གྱི་ཟང་ཐལ་དགག་པའི་ཕྱིར་ཕྱི་

p. 826

དབུགས་དང་བྲལ་བའི་ཚེ། ཁོའི་རྣམ་ཤེས་སྙིང་ཁོང་དུ་ཨར་གསལ་བའི་ངང་ལ་ཨ་བརྗོད་པ་དང་ལྷན་ཅིག་འོད་ལྔར་མེར་གྱིས་ཞུ་བ་དང་། རང་སེམས་བསྲེས་ཏེ་མཉམ་པར་བཞག་པས་འདྲེན་པ་པོ་རྟོགས་པ་མཆོག་དང་ལྡན་ན་ཁོའི་རྣམ་ཤེས་རང་བཞིན་གྱི་འོད་གསལ་ལ་ཡོད་པའི་ཕྱིར་དང་། ཆོས་ཉིད་བདེན་པ་ནང་འཕྲད་ནས། འདྲོངས་པའི་གནད་ཁྱད་པར་ཅན་ཞིག་ཡོད་པ་ཐེག་པའི་རྒྱལ་པོ་འདིའི་ཁྱད་ཆོས་སོ། ༈ །དེ་ཡང་འབྱུང་བའི་ཐིམ་ཚུལ་ནི། ས་ས་ལ་ཐིམ་པས་ལུས་ལྕི་ཞིང་ལྡང་མི་ནུས། ཆུ་ཆུ་ལ་ཐིམ་པས་ཁ་ཆུ་དང་སྣ་ཆུ་མང་དུ་འཛག །མེ་མེ་ལ་ཐིམ་པས་ལུས་དྲོད་སྡུད་ཅིང་ཁ་སྣའི་སྒོ་སྐམ། རླུང་རླུང་ལ་ཐིམ་པས་མིག་གྱེན་ལ་ལྡོག་ཅིང་། རྐང་ལག་ངར་ངར་གཡབ་པ་སྟེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས་སྐྱེས་བུའི་ལུས་ལ་ནད་བཏབ་ནས། །རྟགས་ནི་སུ་ལ་བྱུང་བ་དེ། །ཤི་བའི་དུས་ནི་བཏབ་པས་ན། །ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་དང་རླུང་། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང་། །ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོབས་ཀུན་ཟད།

p. 827

ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཁྲབ། མིག་ཀྱང་གྱེན་ལ་ལྡོག་པའོ། །རྟགས་ནི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་འགྲོ། །ཞེས་པའོ། །དེའི་ཚེ་འདེགས་བྱེད་ཀྱི་རླུང་བྲོས་པས་ལུས་མི་ཐེག་སྒྱིད་པ་སྐྱུར། ཡན་ལག་མི་འདུས། སྨྲ་བ་དཀའ། མིག་དགྱེན་ལ་ལྡོག་ཅིང་དབུགས་ཕྱིར་ཕུལ་ཐལ་ལོ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། ལུས་དང་ཁ་སྣའི་སྒོར་བལ་རྡུལ་ཆགས། ཤ་ཚ་ཁ་སྣ་སྐམ་གཤིན་དྲི་སྣམ་དྭངས་སྙིགས་འབྱེད་པའི་རླུང་བྲོས་པས་བཟའ་བཏུང་མི་ལེན། ལུས་སྟོབས་འཆོར་མེ་དང་མཉམ་པའི་རླུང་བྲོས་པའི་ལུས་ཀྱི་དྲོད་མཐའ་ནས་འཆོར་རོ། །བསྐལ་བ་ལས་ཀྱི་རླུང་བྲོས་པས་ཤེས་པ་ཟ་ཟི་བན་བུན་ཕྱད་ཕྱེད་བྱེད་བ་སྟེ། ཀློང་གསལ་ལས། འདེགས་བྱེད་དོན་གྱི་རླུང་བྲོས་པས། །ལུས་ནི་མི་ཐེག་སྒྱིད་པ་སྐྱུར། །ཡན་ལག་མི་འདུས་སྨྲ་བར་དཀའ། །མིག་ལྡོག་

p. 828

དབུགས་ནི་ཕྱི་རུ་ཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་དང་ཁ་སྣར་བལ་རྡུལ་ཆགས། །ཤ་ཚ་ཁ་སྐམ་གཤིན་དྲི་སྣམ། །དྭངས་སྙིགས་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །ལུས་ཀྱི་བཀྲག་མདངས་གཟི་མདངས་ཉམས། །བསྐལ་པ་ལས་ཀྱི་རླུང་བྲོས་པས། །ཤེས་པ་ཟ་ཟི་ཕྱད་ཕྱོད་བྱེད། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་གསུངས། དེའི་ཚེ་རྩ་ཕྲན་གྱི་ཁྲག་རྣམས་སྲོག་རྩའི་ནང་དུ་འདུས་པས་ཕྱིའི་སྣང་བ་ས་སྲོས་པ་བཞིན་དུ་འཐིབ་ཀྱི་འགག །རིག་པ་སྙིང་དཀྱིལ་དུ་འདུས་ནས། དཔེར་ན་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུའི་དུས་དེར་བློན་པོའི་སྒྱོགས་རྡོ་འཕངས་པ་བཞིན། སྲོག་རྩའི་ནང་ནས་ཁྲག་ཐིག་དང་པོ་གཅིག་སྙིང་དཀྱིལ་དུ་བརྒྱབ་པས་ཁ་མིག་སྐྱ་ལོག་གིས་འགྲོ། དབུགས་ཕྱིར་ཁྲུ་གང་ཙམ་དུ་སོང་ནས་ཆད། ཁྲག་ཐིག་གཉིས་བརྒྱབ་པས་མགོ་གུག་ནས་ཧ་ཞེས་ཟེར། དབུགས་ཕྱིར་མདའ་གང་དུ་སོང་ནས་ཆད། ཁྲག་ཐིག་གསུམ་པ་བརྒྱབ་པའི་ཚེ། ཨིག་ཅེས་ཟེར་

p. 829

དབུགས་འདོམས་གང་དུ་སོང་ནས་ཕྱི་དབུགས་ཆད། དེ་དུས་རིག་པ་སྙིང་གི་ནང་ན་ཁྲག་གིས་བརྒྱལ་ནས་མི་གཅིག་གིས་ཟན་རྡོག་གཅིག་ཟ་བའི་ཡུན་ཙམ་ལ་དྲན་མེད་དུ་འགྲོ་སྟེ། ཀློང་གསལ་ལས། ཕྱིའི་དབང་པོའི་དྲན་བྱེད་རྣམས། །མུན་སྲོས་བཞིན་དུ་འུབ་ཀྱིས་འདུས། །རིག་པ་སྙིང་གི་དཀྱིལ་འདུས་ནས། །སྨྲ་ཡང་མི་ཤེས་དྲན་པ་ཉམས། །དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་སྙིང་དུ་བརྒྱབ། །ཁ་དང་མིག་ནི་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། དེ་ནས་ཁྲག་ཐིག་གཉིས་བརྒྱབ་པས། །མགོ་གུག་དབུགས་ནི་མདའ་གང་ཆད། །ཨིག་ཅེས་དབུགས་ནི་འདོམས་གང་ཆད། །དེ་ནས་ཕྱི་དབུགས་ཆད་པ་དང་། །རིག་པ་སྙིང་གི་དཀྱིལ་བརྒྱལ་ནས། །དེ་ནས་ནང་གི་དབུགས་ཆད་ནས། །ཆོས་ཉིད་བར་དོར་འཆར་བ་ཡིན། །ཞེས་གསུངས་པ་བཞིན་ནོ། ༈ །གསུམ་པ་ཆོས་ཉིད་བར་དོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཆོས་ཉིད་ཀྱི་བར་དོ་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ། ཞེས་པ་དེ་ཡང་དཔེར་ན་མ་བུ་གཉིས་པོ་འབྲེལ་འདྲིས་ཆེ་བས། ཉིན་གཅིག་

p. 830

མ་འཕྲད་ཀྱང་། ཕྱིར་ཉིན་ཕྲད་ཚེ་གཅིག་ལ་གཅིག་ཐེ་ཚོམ་མེད་པར་བུ་མའི་པང་དུ་ཞུགས་ནས་མ་བུ་དགའ་བདེ་ཤར་བ་ལྟར། གཞི་ཀ་དག་མ་དང་འདྲ་ལ། གཞི་སྣང་སྣང་བཞིའི་འོད་གསལ་བུ་དང་འདྲ། ཚེ་འདིར་དེ་གཉིས་ལ་རྣལ་འབྱོར་པས་གོམས་པ་མ་བུ་ཕན་ཚུན་འབྲེལ་འདྲིས་བྱས་པ་དང་འདྲ། འབྱུང་བའི་ཐིམ་རིམ་གྱི་བར་དེར་ཅུང་ཟད་མི་སྣང་བ་ཉིན་གཅིག་མ་ལ་འཕྲད་པ་དང་འདྲ། ཆོས་ཉིད་བར་དོ་ཤར་བའི་དུས་དེར། ཕྱིར་ཉིན་མ་བུ་འཕྲད་པ་དང་འདྲ། དེའི་དུས་སུ་རང་སྣང་ཡིན་པར་ངོ་ཤེས་པ་མ་བུ་འཕྲད་དུས་ཡིན་མིན་གྱི་ཐེ་ཚོམ་མེད་པ་དང་འདྲ། དེ་ནས་གསལ་སྟོང་གི་ངང་ལ་མཉམ་པར་བཞག་པའི་ཚེ་འོད་གསལ་རྣམས་ཀ་དག་གི་གཞི་ལ་ཐིམ་པ་མ་པང་དུ་བུ་ཞུགས་པ་དང་འདྲ། གདོད་མའི་གཞི་ལ་བཙན་ས་ཟིན་ཏེ་ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའི་སངས་རྒྱས་ཀྱི་བདེ་བ་རྙེད་པ་མ་བུ་ཕན་ཚུན་དགའ་བདེ་ཤར་བ་དང་འདྲའོ། །དེའི་གདམས་པ་ནི། རིག་པ་སྙིང་དཀྱིལ་དུ་ཁྲག་གི་ཐིག་ལེས་བརྒྱལ་ཡོད་པ་དེ། སངས་མ་ཁད་ལ། ཕྲ་རགས་ཀྱི་རྟོག་པ་གང་ཡང་མེད་པར་དབྱར་མ་སྟོན་གྱི་ནམ་མཁའ་སྤྲིན་

p. 831

དང་བྲལ་བ་ལྟ་བུའི་གསལ་སྟོང་གི་ཉམས་ཤིག་རང་བཞིན་གྱིས་འཆར་ཏེ། དེ་ལ་ཡོངས་གྲགས་ཀྱི་འཆི་བ་འོད་གསལ་ཟེར། རྫོགས་ཆེན་ལྟར་ན་ཞི་བ་ཆོས་སྐའི་ནམ་མཁའ་ཟེར། དེའི་ཚེ་ངོས་ཟིན་པར་བྱས་ནས་གཤིས་དེའི་ངང་ལ་བཅས་བཅོས་མེད་པར་བཞག་པས་ཀ་དག་གི་ནང་དབྱིངས་སུ་བཙན་ཐབས་སུ་གྲོལ་བ་ཡིན་ནོ། །དེ་ངོ་མ་ཤེས་ན། ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་བའི་སྣང་བ་ནི། རིག་པ་དཀར་འཇམ་རྩའི་སྒྲོན་མའི་ལམ་བརྒྱུད་དེ། རྒྱངས་ཞགས་ཆུའི་སྒྲོན་མའི་སྒོར་ཐོན་ནས་མེ་སྟག་ཡར་བ་བཞིན་དུ་གྱུར་ཚེ། འོད་ལུས་དབང་པོ་ཀུན་ཚང་གི་རྣམ་པར་འཆར་ཏེ། དེའི་ཚེ་རང་གི་མིག་གཉིས་ནས་འོད་ཀྱི་ཟེར་ཐག་དར་ཚོན་སྣ་ལྔའི་གྲུ་གུ་བརྐྱང་བ་ལྟ་བུ་ནམ་མཁའི་མཐོངས་སུ་འཆར་རོ། །དེ་ལ་སེམས་གཏད་དེ་མ་ཡེངས་པར་མཉམ་པར་བཞག་པས་སྐད་ཅིག་མ་གཅིག་ལ་ཀ་དག་གི་གཞི་ལ་གྲོལ་བར་འགྱུར་བ་ཡིན་ནོ། །དེ་ངོས་མ་ཟིན་ན། དེ་ལས་སྣང་བ་མཆེད་ནས་སྟོང་གསུམ་ཐམས་ཅད་འོད་ལྔའི་རང་བཞིན་དུ་འཆར་ཏེ། དེའི་ཚེ་སྣང་བ་མཆེད་པ་རང་སྣང་དུ་ངོས་ཟིན་ན་སྐད་ཅིག་

p. 832

མ་དང་པོར་རང་བཞིན་མེད་པར་ཡིད་ཆེས། གཉིས་པ་རང་སར་གྲོལ། གསུམ་པ་གྲོལ་ཐོག་ཏུ་བཙན་ས་ཟིན་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །འདིའི་སྐབས་སུ་འོད་གསལ་ཐོད་རྒལ་ལ་མ་གོམས་པ་དག་ལ་སྐར་མདའ་རྒྱུག་པའི་ཆ་ཙམ་ལས་མེད་པའང་ཡོད་གསུངས། དེར་མ་གྲོལ་ན་འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་བའི་སྣང་བ་ནི། སྣང་བ་དེ་རྣམས་གནས་འགྱུར་ནས་ཐོག་མར་ཞི་བའི་རང་གདངས་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་སྣང་བ་ཡིན་ཏེ། ཀློང་གསལ་ལས། དེ་ཚེ་སྒྲ་འོད་ཟེར་དུ་འཁྲིགས། །སྐུ་ཡི་སྣང་བའི་སྐྲག་པར་བྱེད། །ཅེས་གསུངས་པས། ཁྲག་འཐུང་ཁྲོ་བོའི་སྐུ་ཆེ་བ་རི་བོ་མཆོག་རབ་ཙམ་དང་འབྲིང་བོ་རི་ཕྲན་ཙམ་དང་། ཆུང་བ་ཡུངས་དཀར་གྱི་འབྲུ་ཙམ་པ། ཤིན་ཏུ་མང་ཞིང་མགོ་བརྙན་སྣ་ཚོགས་པས་མཚོན་ཆ་སྣ་ཚོགས་ཐོགས་ནས། རང་ཉིད་གང་དུ་འགྲོ་བའི་ཕྱོགས་སུ་རྒྱུག་ཅིང་བརྡེག་པར་སྣང་བ་དང་། འོད་ཟེར་མཚོན་ཆའི་རྣམ་པས་བརྡེག་པ་དང་ཟུག་པར་སྣང་ངོ་། །འོད་ཀྱི་ནང་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་པས་རྒྱོབ་ཅིག་དང་། སོད་དང་། ཟུང་ཞིག་ལ་

p. 833

སོགས་པའི་སྒྲ་སྐད་མི་སྙན་པ་སྣ་ཚོགས་སྒྲོག་པའི་འོད་ཀྱིས་སྐྲག་གོ །སྒྲས་དངངས་སོ། །ཟེར་གྱི་སྐྲག་གོ །དེའང་རང་སྣང་དུ་ངོ་མ་ཤེས་པ་རྣམས་ལ་བདུད་དང་གཤིན་རྗེའི་རྣམ་པར་འཆར་རོ། །དེའང་ལྷ་ཚོགས་དེ་རྣམས་ད་ལྟ་གནས་ཀླད་པ་དུང་ཁང་ན་ཉུང་འབྲུ་ཙམ་ལས་མེད་ཀྱང་། བར་དོར་ལུས་བོར་བས་གནད་ཀྱིས་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་ངོ་། །དེའི་ཚེ་བླ་མའི་གདམས་ངག་གི་དེ་རྣམས་སེངྒེའི་གསོབ་མཐོང་བ་ལྟར། རང་སྣང་དུ་ངོ་ཤེས་པས། སྐད་ཅིག་ལ་ཁྲག་འཐུང་གི་སྐུར་གྲོལ་ནས་འཚང་རྒྱའོ། །ཆོས་འདིའི་ངོ་སྤྲོད་མ་ཐོབ་ན། ཐུན་མོངས་པའི་གང་ཟག་བཟང་པོ་རྣམས་ཀྱང་འདི་ནས་སྐྲག་སྟེ་འཁོར་བར་འཁྱམ་པ་མང་སྟེ། མན་ངག་སྙིང་གི་དགོངས་པ་ལས། ཀྱཻ། གསང་བའི་བདག་པོ། ད་ལྟ་ངོ་མ་འཕྲོད་ན་བསྒོམ་སྒྲུབ་ཅི་ཙམ་བྱས་ཀྱང་སངས་མི་རྒྱའོ། །གདམས་ངག་དང་མ་འཕྲད་པའི་འོད་ཀྱིས་འཇིགས་སོ། །སྒྲས་དངངས་སོ། །ཟེར་གྱིས་སྐྲག་གོ །གདམས་པའི་གནད་མ་ཤེས་ན་སྒྲ་འོད་ཟེར་གསུམ་ངོ་མ་ཤེས་པས་འཁོར་བར་འཁྱམ་མོ། །ཞེས་གསུངས་

p. 834

སོ། །གལ་ཏེ་དེར་ངོ་མ་ཤེས་པའི་གྲོལ་མ་ཐུབ་ན། བསམ་གཏན་གྱི་ཞག་ལྔ་ལ་སྙིང་ཁའི་ཞི་བའི་ཚོམ་བུ་ལྔ་རིམ་གྱིས་འཆར་བའི། ཞག་དང་པོ་ལ་འབྱུང་པ་ནམ་མཁའ་རྣམ་པར་དག་པའི་གདངས་མཐིང་གའི་དབུས་སུ་རྣམ་སྣང་ཡུམ་དང་བཅས་པ། ཤར་དུ་མི་བསྐྱོད་པ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ་རྣམས་ཡུམ་དང་བཅས་པ། སེམས་དཔའ་བརྒྱད། སེམས་མ་བརྒྱད་དང་། སྒོ་བ་ཡབ་ཡུམ་དང་བཅས་པ་འཆར་རོ། །རིགས་ལྔའི་ཚོམ་བུ་དེ་འདྲ་འབུམ་ཕྲག་གྲངས་མེད་པ་ནམ་མཁའི་མཐའ་ཁྱབ་པར་འཆར་རོ། །ཞག་ལྷག་མ་བཞི་ལ་ཡང་མི་བསྐྱོད་པ། རིན་འབྱུང་འོད་དཔག་མེད། དོན་གྲུབ་རྣམས་སྔ་མ་བཞིན་རིགས་གཞན་བཞིས་བསྐོར་བའི་ཚོམ་བུའི་དཀྱིལ་འཁོར་ལྔ་ལྡན་དང་། བཅུ་ལྡན་དང་། བརྒྱ་ལྡན་དང་། སྟོང་ལྡན་དང་། འབུམ་ཕྲག་གྲངས་མེད་པ་ནམ་མཁས་གར་ཁྱབ་པར་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོས་ཁྱབ་ཅིང་། རང་ཉིད་ཀྱང་འོད་ཀྱི་ལུས་སུ་སྣང་བའི་སྙིང་ཁ་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་ཞིག་རིགས་ལྔའི་དཀྱིལ་འཁོར་དེ་དག་གི་ཐུགས་

p. 835

ཀར་འབྲེལ་ཏེ། ཟེར་ཐག་དེ་ལ་ཡང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེའི་ཚེ་རིག་པ་འོད་གསལ་ལ་ཕར་འཇུག་པ་ནི། ཚོམ་བུའི་ཐུགས་ཀར་རིག་པ་གཏད་དེ་གསལ་སྟོང་གི་ངང་ལ་བཞག་པའི་ཚོམ་བུའི་སྐུ་དང་གཉིས་སུ་མེད་པར་གྱུར་ནས་སངས་རྒྱས་པར་འགྱུར་རོ། །འོད་རིག་པ་ལ་ཚུར་འཇུག་པ་ནི། ཚོམ་བུའི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཞིག་བདག་གི་སྙིང་ཀར་ཟུག་པར་འཆར་ཞིང་། སྐུ་ཐམས་ཅད་རང་ལུས་ལ་ཐིམ་སྙམ་པ་བྱེད་པའི་སྣང་བ་འཆར་ཏེ། དེའི་ཚེ་རང་སྣང་དུ་ངོ་ཤེས་ནས་གསལ་སྟོང་གི་ངང་ལ་བཞག་པའི་སྐུ་རྣམས་རང་དང་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱས་པར་འགྱུར་རོ། །འདིའི་ཚེ་རིག་པ་ཞེས་པ་ནི་རང་ཡིན་ནོ། །ལ་ལར་ཞི་བ་སྔོན་ལ་ཤར་ནས་ཁྲོ་བོ་རྗེས་ལ་འཆར་བའང་བཤད་དོ། །གང་ལྟར་ཡིན་ཡང་ངོ་ཤེས་པ་གལ་ཆེ། དེར་མ་གྲོལ་ན། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བའི་སྣང་བ་ནི། རང་གི་སྙིང་ཁ་ནས་སྟེང་གི་ནམ་མཁའ་ལ་འོད་ཁ་དོག་བཞིའི་ཐག་པ་ཟུག་པ་མཐོང་ངོ་། །དེ་ལ་མ་ཡེངས་པར་བལྟས་པའི་རྒྱ་ཆེ་བར་འཆར་རོ། །དེའང་འོད་

p. 836

མཐིང་ཀ་དང་། དཀར་པོ་དང་། སེར་པོ་དང་། དམར་པོའི་སྣམ་བུའི་སྟེང་དུ་རང་རང་གི་ཁ་དོག་དང་མཐུན་པའི་ཐིག་ལེ་མེ་ལོང་ཙམ་རེ་ལ་ཚོམ་བུའི་ཐིག་ཆུང་ལྔ་ལྔའི་རྒྱན་བཀྲམ་པ་བཞིན་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་ཞིག་ཀྱང་འཆར་རོ། །དེའི་ཚེ་སྣམ་བུ་དེ་དག་གི་སྣེ་མོ་རང་ལ་ཟུག་པ་དེའི་ཚེ་དེ་ལ་སེམས་གཏད་ནས་གསལ་སྟོང་གི་ངང་ལ་བཞག་པའི་གྲོལ་བ་ཡིན་ནོ། །གལ་ཏེ་དེར་མ་གྲོལ་ན་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཞེས་བྱ་བའི་སྣང་པ་ནི། རང་སྣང་ཐམས་ཅད་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའི་མཐའ་མ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ། དཔེར་ན་ཉི་མ་ལ་འཇའ་འཁྱིལ་བ་ལྟར། དབང་པོའི་སྤྱོད་ཡུལ་གྱུར་ཚད་ཐམས་ཅད་ཁྱབ་པར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཁ་དོག་ལྔ་ལྡན་ཤིན་ཏུ་གསལ་བ་ཞིག་ཀྱང་འཆར་རོ། །དེའི་འོག་ཏུ་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལ་ལྷུན་སྡུག་པ་འཆར་རོ། །འོག་ན་ལོངས་སྐུ་ཞི་བའི་སྣང་བ་འོད་གསལ་བ། དེའི་ཕྱོགས་མཚམས་ན་རང་བཞིན་སྤྲུལ་པའི་ཞིང་ཁམས་ཡིད་དུ་འོང་བ་འཆར་རོ། །དེའི་འོག་ན་

p. 837

རིགས་དྲུག་གི་འཁྲུལ་པའི་སྣང་བ་འདུལ་བྱེད་སྟོན་པ་དྲུག་དང་བཅས་པ་འཆར་རོ། །དེ་ཐམས་ཅད་རང་སྣང་དུ་ངོ་ཤེས་པར་བྱས་ནས་རིག་པའི་གཤིས་ལ་མི་གཡོ་བར་བཞག་པས་སྐད་གཅིག་གིས་ཀ་དག་གཞི་ལ་གྲོལ་ནས་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པའི་ངང་ལས་མ་གཡོས་པར་གཟུགས་སྐུ་རྣམ་གཉིས་ཀྱིས་འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་རྒྱུན་མི་འཆད་པ་ཡིན་ནོ། ༈ །བཞི་པ་སྲིད་པའི་བར་དོ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་འཐུད་པ་ཡུར་བ་གོང་ཆད་པ་ལ་ཝ་འཛུག་པ་ལྟ་བུ༔ ཞེས་གསུངས་པ་དེ་ཡང་། དཔེར་ན་ཡུར་བ་གོང་ཆད་ཀྱང་ཝ་བཙུགས་ནས་ཆུ་བར་མ་ཆད་པར་འདྲེན་པ་ལྟར། ཆོས་འདིའི་སྒོར་ཞུགས་ནས། མངོན་སུམ་གྱི་དོན་མ་མཐོང་ཡང་། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་རུ་ཤན་འབྱེད་པའི་སྤྱོད་པ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་བྱས་པ་ཡུར་བ་དང་འདྲ་ལ། དེའི་དུས་སུ་ཚེའི་བར་ཆད་ནས། སྲིད་པའི་བར་དོར་འཁྱམས་པ་གོང་ཆད་པ་དང་འདྲ།

p. 838

དེ་ནས་སྲིད་པའི་བར་དོ་ཡིན་པར་ངོ་ཤེས། སྔོན་གྱི་བག་ཆགས་བཟང་པོ་དྲན་ནས། སྐྱེ་གནས་ངན་པ་ལས་ལྡོག་སྟེ། ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་སྐྱེ་གནས་བཟང་པོར་སྐྱེ་བ་ཝ་བཙུགས་ནས་ཆུ་བར་མ་ཆད་པ་འདྲེན་པ་དང་འདྲའོ། །དེའི་གདམས་པ་ནི། དེ་ཡང་གོང་གི་འོད་སྣང་ཤར་བ་ཐམས་ཅད་གདོས་བཅས་རང་ཚན་པ་ག་ཤེད་ཅིག་ནས་བྱུང་བར་བཟུང་ནས། དངངས་ཤིང་སྐྲག་ནས་བྲོས་པས། དེ་ནས་སྲིད་པའི་བར་དོ་སྐད་ཅིག་གིས་གྲུབ་ནས་ཞག་བཞི་བཅུ་ཞེ་དགུའི་བར་དུ་འཁྲུལ་སྣང་སྣ་ཚོགས་པ་མྱོང་ཞིང་། འོད་ལུས་དབང་པོ་ཀུན་ཚང་ཞིང་རྫུ་འཕྲུལ་དང་ལྡན་པས། བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་ཕྱད་ཕྱོད་ཡད་ཡུད་ཀུན་ལ་བལྟ་ཞིང་འཇུག་པའི་དུས་སུ་བསམ་བློ་ཞིག་བཏང་བས། ད་ནི་ང་ཤི་བ་ཡིན་པར་འདུག་སྙམ་ནས་སྡུག་བསྔལ་དྲག་པོ་འབྱུང་ཞིང་། ཞག་བདུན་རེ་ལ་འཆི་ཆུང་རེ་བྱེད། ལུས་ཀྱི་བོང་ཚད་ནི་བྱིས་པ་ལོ་བརྒྱད་འམ། བཅུ་དྲུག་གི་ན་ཚོད་ཅན་ཁ་དོག་ནི་ཕྱི་མར་གར་སྐྱེས་པའི་ཁ་དོག་ཏུ་སྣང་སྟེ། ལྷ་མི་གཉིས་སུ་སྐྱེ་ན་ཁ་དོག་དཀར་པོ། ལྷ་མིན་དང་བྱོལ་སོང་སེར་པོ། ཡི་དྭགས་

p. 839

སྔོན་པོ། དམྱལ་བ་ནག་པོ། མགོ་ལྟ་ཕྱོགས་ནི། ལྷ་མི་གཉིས་སུ་སྐྱེ་ན་མགོ་གྱེན་དུ་བསྟན་ནས་འགྲོ །ལྷ་མིན་དང་བྱོལ་སོང་འཕྲེད། དམྱལ་བ་དང་ཡི་དྭགས་ལ་ཟུར་དུ་བསྟན་ནས་འགྲོ་སྙམ་བྱེད་དོ། །རིགས་དྲུག་གི་སྐྱེ་གནས་ནི། ལྷ་ཁང་དང་སྐྱེད་མོས་ཚལ་ནི། ལྷའི་སྐྱེ་གནས། འོད་ཀྱི་འཁོར་ལོ་ལྷ་མིན། ནམ་རྨུགས་པ་མི་ལུས་ཙམ་པོ་དང་། སྐྱེ་བོ་མང་པོའི་དབུས་མི་ལུས་རིན་པོ་ཆེ། ཐོས་གྲོལ་ལྟར་ན། ལུས་འཕགས་པོར་སྐྱེ་ན་ངང་པ་ཕོ་མོས་བརྒྱན་པའི་མཚོ་དང་། འཛམ་བུ་གླིང་དུ་སྐྱེ་ན་ཁང་བཟང་ཉམས་དགའ་བ་དང་། བ་ལང་སྤྱོད་དུ་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོ་དང་། སྒྲ་མི་སྙན་དུ་སྐྱེས་ན་བ་ལང་དང་ལྗོན་ཤིང་གིས་བརྒྱན་པའི་མཚོར་འཇུག་པར་འདོད་པའི་སྣང་བ་འབྱུང་གསུང་པ་ཕུག་གམ་སྤྱིལ་པོ་ནི་བྱོལ་སོང་དང་། གྲོག་པོ་ཕུག་སྡུག་ཡི་དྭགས། མུན་ནག་ཆར་འཐིབ་དམྱལ་བའི་སྐྱེ་གནས་སོ། །དེའི་གསེབ་དུ་བསྡད་ན་དེར་སྐྱེ་བ་བླངས་ནས་སྡུག་བསྔལ་མྱོང་བ་ཡིན་པས་ཤིན་ཏུ་གཟབ་དགོས། ལས་དབང་གི་གཤིན་རྗེ་མང་པོས་དེད་པའི་སྣང་བ་བྱུང་ཡང་། དེ་རྣམས་

p. 840

ང་སྣང་ཡིན་པས་རྨི་ལམ་གྱི་སྣང་བ་ལྟར་རང་བཞིན་མེད་དོ། །རང་ལ་ཡང་འོད་སྣང་གི་ལུས་མ་གཏོགས་ཤ་རུས་གདོས་བཅས་ཀྱི་ལུས་མེད་པའི་འཆི་རྒྱུ་མེད་དོ། །དེ་ལ་སྐྲག་ནས་ཡིབས་པས་སྐྱེ་གནས་དེ་འདྲའི་གནས་སུ་ཅི་ནས་ཀྱང་མ་སོང་བར་ཤར་ཕྱོགས་མངོན་པར་དགའ་བ། སྟུག་པོ་བཀོད་པ། ལྕང་ལོ་ཅན། རི་བོ་ཏ་ལ། པདྨ་འོད། དག་པ་མཁའ་སྤྱོད། དགའ་ལྡན་བདེ་བ་ཅན། ཟངས་མདོག་དཔལ་རི་ལ་སོགས་པའི་ཞིང་ཁམས་གང་འདོད་ཡིད་ལ་བྱས་ནས་དེར་འགྲོ་བའི་འདུན་པ་གཏད་པས་ཞིང་ཁམས་དེ་རྣམས་སུ་པདྨོ་ལསརྫུས་ཏེ་སྐྱེས་ནས། རིགས་ཀྱི་བདག་པོ་རྣམས་ཀྱང་ཞལ་མཐོང་གསུང་ཐོས་པར་ཐེ་ཚོམ་མེད་དོ། །གལ་ཏེ་དེར་བགྲོད་མ་ཐུབ་པར་སྐྱེ་བ་ལེན་དགོས་པ་བྱུང་ན། ངན་འགྲོའི་གནས་གསུམ་དང་། ལྷ་མ་ཡིན་གྱི་གནས་དང་། གླིང་གཞན་གསུམ་དུ་སྐྱེས་པའི་ལྟས་མཐོངན་རབ་ཏུ་བསྒྲིམས་ཏེ་དྲན་པས་ཟིན་པར་བྱས་ནས་འཛམ་བུ་གླིང་དུ་སྐྱེ་བ་འཛིན་པ་ལ་ཡང་། དང་པོ་ཕ་མ་གཉིས་འཁྲིག་པ་སྤྱོད་པ་མཐོང་ཞིང་། དེའི་ཚེ་ཕོར་སྐྱེ་ན། རང་ཉིད་ཕོ་ཡིན་པའི་འདུ་ཤེས་ཀྱིས་མ་ལ་ཆགས་ཤིང་། ཕ་ལ་

p. 841

ཞེ་སྡང་དང་། མིག་སེར་དྲག་པོ་སྐྱེ། མོར་སྐྱེ་ན་མོ་ཡིན་པའི་འདུ་ཤེས་ཀྱིས་ཕ་ལ་ཆགས་ཤིང་། མ་ལ་མིག་སེར་གྱིས་ཞེ་སྡང་དྲག་པོ་སྐྱེ། དེའི་དབང་གིས་ཚེ་འཕོས་ནས་མངལ་དུ་སྐྱེ་བ་ལེན་པས་ཆགས་སྡང་གི་བསམ་པ་སྐྱེས་ཚེ། ཕ་མ་གཉིས་བླ་མ་ཡབ་ཡུམ་དུ་བསྒོམས་ནས་ཆགས་སྡང་གི་བསམ་པ་སྤངས་ཏེ་གསོལ་བ་འདེབས། གྱ་ཚོམ་དུ་སྐྱེ་བ་མི་འཛིན་པར་ཆོས་ལྡན་གྱི་རྟེན་ཁྱད་པར་ཅན། འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོའམ། གྲུབ་པ་ཐོབ་པའི་སྲས་པོའམ། ཆོས་བརྒྱུད་དྲི་མ་མེད་པའི་རིགས་སམ། ཕ་མ་དད་པ་ཅན་གྱི་རིགས་སུ་སྐྱེས་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་ནུས་པའི་བསོད་ནམས་ཅན་གྱི་ལུས་ཤིག་རྙེད་ནས་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པས། ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ས་ལམ་གྱི་རྟོགས་པ་ཐམས་ཅད་མཐར་ཕྱིན་པའི་སྨོན་ལམ་བཏབ་ནས། །དེ་ལྟ་བུའི་ཕ་མ་བླ་མ་ཡབ་ཡུམ་དུ་བསྒོམ་པའི་ཡུམ་གྱི་མངལ་དུ་སྐྱེ་བ་འཛིན་པར་བྱས་ན། སྐྱེ་བ་ཕྱི་མར་དེ་ལྟ་

p. 842

བུར་སྐྱེས་ནས་རྟེན་དེ་ལ་སངས་རྒྱས་པར་འགྱུར་རོ། །དེ་ལྟར་མི་ཤེས་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ནས་རྟག་ཏུ་ཆོས་ལ་སྤྱོད་པའི་རིགས་སུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་གསོལ་བ་འདེབས་པ་དང་། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་བཏབ་སྟེ་མངལ་དུ་འཇུག་པའམ། རིན་པོ་ཆེ་ཁང་བཟང་དང་སྐྱེད་མོས་ཚལ་དུ་ཞུགས་པས་ཆོས་ལ་སྤྱོད་པའི་ལྷ་དང་མིར་སྐྱེའོ། །འདི་དག་ནི་རྫོགས་ཆེན་གྱི་ཁྲེགས་ཆོད་ཐོད་རྒལ་གྱི་དོན་མ་མཐོང་བའི་དབང་དུ་བྱས་པ་ཡིན་ནོ། ༈ །གསུམ་པ་བརྩོན་འགྲུས་ཐ་མར་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའི་གདམས་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་བྱུང་སྟེ༔ གདོད་མའི་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་དུ་གྱུར་ཏེ༔ འཁོར་བ་ཇི་སྲིད་བར་དུ་འབད་པ་མེད་པར་འགྲོ་བའི་དོན་རྒྱུན་མི་འཆད་པ་ཡིན་ནོ༔ ཞེས་དང་། རང་ཤར་ལས། བདེན་པ་མཐོང་བའི་གང་ཟག་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུའི་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་

p. 843

གྲོལ་བར་འགྱུར། ཞེས་དང་། ཉི་ཟླ་ཁ་སྦྱོར་ལས། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན། ཞེས་གསུངས་པས། ཚེ་འདིར་མངོན་སུམ་གྱི་དོན་མཐོང་ཡང་བརྩོན་འགྲུས་མ་བྱས་པའི་ལེ་ལོ་ཅན་རྣམས་དང་། བསྒོམ་ལོང་མ་བྱུང་བར་ཚེའི་བར་ཆད་པ་རྣམས། བར་དོའི་གྲོལ་ཚད་དང་མི་ལྡན་པས། ཆོས་ཉིད་བར་དོ་ཤར་ཡང་ངོས་མི་ཟིན་ཏེ། སྲིད་པའི་བར་དོ་རྨི་ལམ་གྱི་ཆ་ཙམ་ཤར་བའི་ཚེ། ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་སློབ་དཔོན་ཆེན་པོ་པདྨའི་ཐུགས་རྗེ་ལས། ཤི་བ་ཡིན་པར་ངོ་ཤེས། བླ་མའི་གདམས་པ་དྲན་ནས། སྔོན་དུ་ཆོས་ཉིད་ཀྱི་བར་དོ་ངོས་མི་ཟིན་ཀྱང་། སྲིད་པའི་བར་དོར་ཁ་འཁྱམས་པ་ངོ་ཤེས། ད་ནི་རང་བཞིན་སྤྲུལ་སྐུའི་ཞིང་དུ་འགྲོ་བར་བྱའོ་སྙམ་པའི་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་ཡིད་ལ་བྱས་པས། རྨི་ལམ་སད་པའི་ཆ་ཙམ་ལས། དག་པའི་ཞིང་ཁམས་དེ་རྣམས་སུ་སྐྱེ་བ་བླངས་ནས། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར་བ་དང་། ལུང་ནོད་པ་

p. 844

དབུགས་དབྱུང་བ་ཐོབ་པས། ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ། གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་འགྲོ་བའི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནི། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་འགྲུབ་དུ་འབྱུང་ཞིང་རྒྱུན་མི་ཆད་པ་ཡིན་ནོ། ༈ །འདི་ལྟ་བུའི་གདམས་པ་ཆེས་མཆོག་ཏུ་ཟབ་པའི་གནད་རྩིས་ཆེ་བའི་ཕྱིར་བཀའ་རྒྱས་གདབ་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། བོད་ཡུལ་གངས་རིའི་གནས་ཆེན་མཐའ་དག་ཏུ། ཐུགས་ཀྱི་གཏེར་ཁ་ཡང་ཟབ་མང་སྦས་ཀྱང་༔ ལག་ལེན་དམར་བྱང་ཟབ་ཁྲིད་འདི་ལས་མེད༔ མཚོ་རྒྱལ་དགོངས་བརྒྱུད་སྐལ་བ་ཉི་ཤུའི་དུས༔ ཆོས་བྱེད་ལོང་མེད་པར་གཅོད་རྐྱེན་དབང་མང་༔ དེ་ཚེ་སངས་རྒྱས་ཞིང་ཁམས་མངོན་སུམ་དུ༔ ཉེར་གཅིག་ཞག་གིས་གཏན་ལ་ཕབ་འགྱུར་བའི༔ ཉིན་མཚན་དབྱེར་མེད་འོད་གསལ་སྐུ་གསུམ་

p. 845

ཞིང་༔ བར་དོ་སྐད་ཅིག་ཉིད་ལ་གྲོལ་ནས་ཀྱང་༔ རང་གསལ་འོད་ལུས་ཡེ་ཤེས་སྐུ་ཆེན་པོར༔ ལོ་ཟླ་མི་འགྱང་མྱུར་དུ་མངོན་བྱེད་པའི༔ དེ་ཕྱིར་ཟབ་པའི་མཐར་ཐུག་ཀུན་བཟང་སྙིང་༔ ཞེས་དང་། འདས་རྗེས་དོན་ཁྲིད་ལས་ཀྱང་། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐེག་དགུ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་དང་། རྫོགས་ཆེན་པདྨ་གསང་ཐིག་ལས། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས། །ཟབ་དང་རྒྱ་ཆེའི་གདམས་པ་མང་གསུངས་ཀྱང་། །ཉམས་ལེན་གནད་དྲིལ་འདི་འདྲ་སྲིད་པ་ཙམ། །རྒྱལ་དབང་པདྨའི་ཐུགས་ཀྱི་ཡང་ཏིག་ཏེ། །ཉམས་སུ་སུས་བླངས་ཚེ་གཅིག་འཇའ་ལུས་འགྲུབ། །ལུང་ཐོབ་ཙམ་གྱིས་བདེ་ཆེན་ཞིང་དུ་བགྲོད། །ཅེས་དང་། བཏགས་གྲོལ་ལས། རྒྱུད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང་། འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་རིག་གཡོ་མེད་སྐྱེས་བུ་དེ། །བསྒོམ་མི་

p. 846

དགོས་ཏེ་མཐོང་གྲོལ་འགྱུར། ཞེས་དང་། དོན་གསལ་མེ་ལོང་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཆོས་ཉིད་བར་དོར་འཚང་རྒྱའོ། །ཅིའི་ཕྱིར་འདི་ནི་ཡེ་ཤེས་དངོས། །མཐོང་བས་ཤར་གྲོལ་དུས་མཉམ་འགྱུར། །ཅིའི་ཕྱིར་ཐེག་པ་གཞན་དག་གིས། །ལོ་སྟོང་བསྒོམ་ཀྱང་འདི་མི་མཐོང་། །འདིས་ནི་སྐད་ཅིག་ཉིད་ལ་མཐོང་། །ལོ་སྟོང་སྡིག་པ་སྤྱད་པས་ཀྱང་། །འདི་ཉིད་ལོ་དྲུག་ཉམས་བླངས་ན། །ལྷག་མ་མེད་པར་འཚང་རྒྱའོ། །ཅིའི་ཕྱིར་ངོ་བོ་གཅེར་མཐོང་ཡིན། །རིག་པའི་ཡེ་ཤེས་ངོ་བོ་ལ། །སྡིག་པའི་སྐྱོན་གྱིས་གོས་པ་མེད། །དགེ་བ་བྱས་ཀྱང་ཕན་མ་བཏགས། རིག་པ་དགེ་སྡིག་དོན་ལས་འདས། །ཞེས་དང་། བཏགས་གྲོལ་ལས། ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད། །ཡང་དག་རྒྱུད་འདི་མ་རྟོགས་ན། །དུས་གསུམ་ཀུན་ཏུ་སངས་མི་རྒྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །འདི་ལ་བཏགས་གྲོལ་སངས་རྒྱས་ཏེ། །སྐུ་ལྔ་འགྲོ་དོན་ལྷུན་གྱིས་གྲུབ། །རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་དང་། དོན་གསལ་ལས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །

p. 847

གནད་འདི་མ་རྟོགས་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །སྔར་དུས་མཚམས་མེད་ལྔ་བྱས་ཀྱང་། །འདི་འཕྲད་ངན་སོང་ལྟུང་མི་སྲིད། །འདི་དང་བཏགས་གྲོལ་གཉིས་སྦྲེལ་ན། །ལོ་དྲུག་ཕུང་པོ་ལྷག་མེད་འགྲོ། །འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་བར་མཉན་བསམ་བསྒོམ་སྒྲུབ་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་ཐེག་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེགས་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །ཞེས་དང་། ཡང་དེ་ཉིད་ལས། འདི་དང་ཚིག་གི་འབྲེལ་བ་ཡང་། །སྐྱེ་བ་གསུམ་དུ་མི་ཐོགས་གྲོལ། །སྒྲ་ཙམ་རྣ་བར་ཐོས་པ་ཡང་། །ཐ་མལ་སྐྱེ་བ་འདིས་ཆོད་འགྱུར། །མངོན་སུམ་གནད་འདི་སུས་མཐོང་བ། །ཆོས་ཉིད་བར་དོར་འཚང་རྒྱའོ། །ཞེས་དང་། སྣོད་སྤེལ་བའི་དུས་བརྟག་པ་ལས། ཡང་གསང་སྙིང་ཐིག་འདི་ལ་སུས་སྤྱོད་པ། །སྔོན་དུས་ལས་ཅན་སྐྱེ་མཐའ་མིན་རེ་སྐན། །མངལ་དུ་མི་འཇུག་ཚེ་གཅིག་སངས་རྒྱས་ཡིན། །འདི་ཉིད་བྲིས་སམ་བཅངས་པས་སངས་རྒྱས་

p. 848

ཐོབ། །ལན་ཅིག་བཀའ་ཤོག་མཐོང་བ་ཐམས་ཅད་ཀྱང་། །ཨོ་རྒྱན་མཐུ་ཡིས་ངན་སོང་ཐམས་ཅད་ཁེག །དབང་ཐོབ་ཙམ་གྱིས་པདྨ་ཅན་དུ་སྐྱེ། །ཉམས་སུ་ལེན་པ་འབྲས་ཐོབ་སྨོས་ཅི་དགོས། །འདི་ལ་སྤྱོད་ཀྱང་ཨོ་རྒྱན་ང་ཡི་སྲས། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན། །ཞེས་དང་། མེ་ལོང་ལས། འདི་ལ་སྤྱོད་པའི་སྐྱེས་བུ་ནི། །ཀུན་བཟང་ཡུམ་དང་དབྱེ་རུ་མེད། །ཌཱཀྐི་ལུས་དང་གྲིབ་མར་འགྲོགས། །ཞེས་དང་། བལྟ་བའི་ཚུལ་ནི། དོན་གསལ་མེ་ལོང་ལས། གང་གིས་འདི་ཉིད་བལྟ་བའི་དུས་སུ་ཡང་། །ཚོགས་དང་གཏོར་མ་རྒྱ་ཆེར་བྱས་ལ་བལྟ། །འདི་ཡི་རླུང་གི་ཕྱོགས་ཀྱི་སེམས་ཅན་ཡང་། །ཌཱཀྐི་རྣམས་ཀྱིས་བྱིན་རླབས་བདེ་བ་ཐོབ། །འདི་ལ་རེག་པ་ཨོ་རྒྱན་ང་དང་མཉམ། །ཞེས་གསུངས་པ་ལྟར། འདི་ལྟ་བུའི་གདམས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཆེས་ཤིན་ཏུ་དཀོན་ཞིང་། འདི་སྤེལ་བའི་སློབ་མའང་། རྫོགས་ཆེན་པདྨ་གསང་ཐིག་ལས། འདི་འདྲའི་ཉི་འོག་དཀོན་པའི་གདམས་པ་ནི། །ཉམས་ལེན་དམ་བཅའ་ནུས་ཤིང་བསྒོམ་སྲན་ཅན། །ཞབས་ཏོག་སྲིད་ཞུ་ལུས་སྲོག་གཏོང་

p. 849

ཕོད་པ། །དེ་འདྲའི་ལས་ཅན་བུ་ལ་གཏད་རྒྱ་གྱིས། །ཞེས་གསུངས། སྣོད་དང་མི་ལྡན་པའི་རིགས་ནི། དེ་ཉིད་ལས། དེ་མིན་གསར་དད་ཆེ་ལ་ཕྱི་ཐག་ཐུང་། །དད་མེད་དྲེད་པོ་ཆོས་བརྒྱད་མཁན་གྱི་རིགས། །ཟོལ་འགྲོགས་ལྟ་ལོག་ཅན་ལ་གསང་བའི་རྒྱ། །ཞེས་གསུངས་པས་ཤིན་ཏུ་གསང་བའི་རྒྱ་དང་ལྡན་དགོས་ཤིང་། སྐལ་ལྡན་དེས་ཀྱང་ཉམས་ལེན་ལ་གོམས་འདྲིས་གདེངས་སུ་གྱུར་པ་ཞིག་བྱ་དགོས་ཏེ། གཞུང་གཞན་ལས། དེས་ཀྱང་སྒྲུབ་པའི་དམ་བཅའ་སྙིང་རུས་བསྐྱེད། །ངེས་པའི་དོན་གྱི་སྙིང་པོ་ལོན་པར་གྱིས། །ཞེས་གསུངས་པ་ལྟར། རང་དོན་མངོན་དུ་གྱུར་ངེས་ནས། གཞན་ཕན་འཕྲིན་ལས་སྐྱོ་ངལ་མེད་པར་སྤྲོ་བས་སྒྲུབ་པར་བྱ་དགོས་པ་ཡིན་ནོ། །གཞན་ཡང་བཀའ་གཏེར་སྲུང་མ་རྣམས་ལ་གཉེར་དུ་གཏད་པ་ནི། རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཤིན་ཏུ་ཟབ་པའི་མན་ངག་མཐར་ཐུག་པ༔ ཡི་ཤེས་ཌཱཀྐི་རྣམས་ཀྱི་སྲོག་སྙིང་འདི༔ སྐལ་ལྡན་དམ་ཚིག་ཅན་གྱི་སློབ་བུ་ཡི༔ དོན་དུ་བཤད་པའི་བཀའ་འདི་ཐུབ་པར་བསྲུངས༔ ཞེས་གསུངས་པ་ལྟར། གསང་སྔགས་སྤྱིའི་

p. 850

བཀའ་སྲུང་མ་གཟའ་རྡོར་གསུམ་སོགས་དམ་ཅན་རྒྱ་མཚོ་རྣམས་དང་། སྒོས་ཀྱི་བཀའ་སྲུང་མགོན་པོ་ཡབ་ཡུམ། སྨན་མོ་སྡེ་བཞི། གསང་བ་སྡེ་བཞི། ཤ་ཟ་སྡེ་བཞི། སྦས་པའི་ཚུལ་གྱི་མིག་མང་འོད་འཕྲོ་ཅན་རྣམས་ཀྱིས་གཡེལ་མེད་བྱ་ར་མཛོད་ལ། སྣོད་མིན་གྱི་མི་མཐོང་བ་དང་། སྣོད་ལྡན་ལ་རྒྱས་པའི་འཕྲིན་ལས་མཛོད་ཅིག ༈ །སྨྲས་པ། ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་དང་། །མཁའ་འགྲོའི་གཙོ་མོ་ལས་གྱི་དབང་མོ་ཆེ། །དགའ་རབ་ཤྲི་སེང་པད་འབྱུང་ལ་སོགས་ཀྱི། །དགོངས་བརྡའ་སྙན་བརྒྱུད་ཟབ་གནད་རྨད་པོ་ཆེ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །ཟབ་རྒྱའི་ཆོས་ཀྱི་སྙིང་པོ་ཨ་ཏི་ཞེས། །ཡིད་བཞིན་ནོར་བུ་ལྟ་བུའི་གདམས་པ་འདི། །དད་ལྡན་ཐར་པ་འདོད་རྣམས་དོན་དུ་སྤྲོས། །ཆེར་སྙིགས་ལྔ་བདོའི་དུས་འདིར་འབྲེལ་ཅན་གྱི། །ལས་ཅན་གདུལ་བྱའི་དཔལ་དུ་ཤར་འདི་མཚར། །དེས་ན་དབུལ་པོས་ཡིད་བཞིན་ནོར་རྙེད་ལྟར། །གཅེས་པར་ཟུངས་ལ་ཉམས་ལེན་སྙིང་རུས་མཛོད། །འདི་ལ་འགལ་འཁྲུལ་ནོངས་བ་ཅི་མཆིས་པ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་དང་། །

p. 851

དམ་ཅན་རྒྱ་མཚོའི་ཚོགས་ལ་བཟོད་པར་གསོལ། །ཟབ་གསལ་དགོངས་ཀློང་ཚངས་པའི་དངོས་གྲུབ་སྩོལ། །དགེ་འདིས་དྲིན་ལྡན་ཕ་མའི་གཙོ་བྱས་པའི། །མཁའ་མཉམ་འགྲོ་ཀུན་ཉོན་མོངས་སྒྲིབ་པའི་ཚོགས། །མུན་པར་ཉི་ཟེར་དང་མཚུངས་བསལ་བྱས་ནས། །ཀུན་ཏུ་བཟང་པོའི་གོ་འཕང་བགྲོད་པར་ཤོག །བདག་ཀྱང་ཉོན་མོངས་ལེ་ལོའི་རང་བཞིན་དང་། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་གིས། ཚེ་འདིར་གྲོལ་བའི་འོད་ལུས་མ་ཐོབ་ཀྱང་། །བར་དོའི་ཡུལ་ལ་བརྟན་པ་ཐོབ་པར་ཤོག །བྱང་ཆུབ་ཐོབ་ནས་སེམས་ཅན་མི་འདོར་ཞིང་། །འཁོར་བར་གནས་ཀྱང་ཉེས་པས་མ་གོས་ཤིང་། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འདྲེན་པའི། །རྒྱལ་བ་སྲས་བཅས་རབ་ཏུ་མཉེས་པར་ཤོག །རྒྱལ་བའི་བསྔགས་པའི་ཟབ་མོའི་ལམ་བཟང་མཆོག །སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འདི། སྤྲིན་བྲལ་མཁའ་ལ་ཉི་མ་ཤར་བ་བཞིན། །རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་པར་ཤོག །ཅེས་རྟ་ཕག་ཡིད་བཞིན་ནོར་བུའི་རྫོགས་ཆེན་གྱི་ཁྲིད་ཡིག་མ་རིག་མུན་པ་སེལ་བའི་ཡེ་ཤེས་ཀྱི་སྒྲོན་མེ་ཞེས་བྱ་བ་འདི་ནི། ལུང་རྟོགས་ཡོན་ཏན་དུ་མས་ཐུགས་རྒྱུད་ཡོངས་སུ་

p. 852

གཏམས་ཤིང་། རིས་མེད་ཀྱི་བསྟན་པ་རིན་ཆེན་ཁུར་དུ་ཁྱེར་བ་ལ་ཟླ་བྲལ་མདོ་སྨད་བསྟན་འཛིན་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་བཤེས་གཉེན་དམ་བ་རྒྱལ་མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ་དང་། གཞན་ཡང་། གསང་ཆེན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་འཇམ་དཔལ་རྒྱ་མཚོ། དགེ་སློང་བཟང་པོ་དང་། དཀོན་མཆོག་ཆོས་འཕེལ་དང་། ལམ་འདི་ལ་མོས་པ་དཀོན་མཆོག་འཕྲིན་ལས་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་སྔ་གོང་ནས་བསྐུལ་བ་དང་། ཕྱིས་ཉེ་ཆར་ལམ་འདི་ལ་སྨོན་ལམ་གྱི་མཐུ་གྲུབ་ཅིང། དད་འདུན་བློ་གྲོས་ཀྱི་ནོར་དང་ལྡན་པའི་སྐལ་ལྡན་གྱི་སློབ་མ་ཚེ་བློས་བཏང་བ་ཚོགས་དྲུག་རང་གྲོལ་དང་། པདྨ་རང་གྲོལ་གཉིས་ཀྱིས་ལྷ་རྫས་ཀྱི་མཎྜལ་དང་བཅས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་བ། དོན་ཡོད་པར་བྱ་བའི་ཆེད་དུ་གཏེར་གཞུང་གི་མན་ངག་འཐོར་བུ་རྣམས་བསྡུས་ཏེ་གཞི་བྱས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་དང་། མཚན་ལྡན་གྱི་བླ་མའི་གདམས་པ་མ་ནོར་བས་ཟུར་བརྒྱན་ཏེ། བཀའ་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་བ་ངག་གི་དབང་པོས་སྤྱིར་འོད་གསལ་རྫོགས་པ་ཆེན་པོ་ལ་ཉམས་ལེན་བྱེད་པ་རྣམས་དང་། ཁྱད་པར་རང་གི་སློབ་བུ་གཏེར་གསར་འདིའི་ཆོས་བརྒྱུད་འཛིན་པ་རྣམས་ལ་ཕན་ཕྱིར་ཁ་ཆེམ་དུ་བཞག་པ་ཡིན་པས། དཔེར་ན་ཡ་རབས་ཀྱི་བུས་ཕ་ཡི་ཁ་ཆེམ་ལ་ཉན་ཞིང་མི་འདའ་བ་བཞིན་དུ། འཇིག་རྟེན་འདིའི་བྱ་བ་ཐམས་ཅད་བློས་བཏང་སྟེ་རབ་འོད་ལུས་དང་། འབྲིང་བར་དོ་ཆོད་པ་ཚུན་ཆད་ཀྱི་ཉམས་ལེན་མི་ཞེན་པར་སྙིང་རུས་གྱིས་ཤིག །འདིས་ཀྱང་བསྟན་པ་དང་སེམས་

p. 853

ཅན་ལ་ཕན་པ་དཔག་ཏུ་མེད་པར་ཐོགས་པའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་བསྐུལ་པ་པོ་ཚོགས་དྲུག་རང་གྲོལ་ལོ། །དགེའོ། །དགེའོ། །དགེའོ།། །ཨོཾ་སྭ་སྟི། འོག་མིན་སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས་ན། །ཀུན་ཏུ་བཟང་པོ་རྒྱལ་པ་རིགས་ལྔ་ཡི། །སྨྲ་བརྗོད་ལས་འདས་ཆོས་ཉིད་དགོངས་པའི་རྒྱུད། །རྒྱལ་ཀུན་གསང་འཛིན་དགའ་རབ་རྡོ་རྗེ་དང་། །ཤྲི་སིང་འཇམ་དཔལ་བཤེས་གཉེན་བཱི་མ་ལ། །རིག་འཛིན་བརྡའ་བརྒྱུད་པད་འབྱུང་རྗེ་འབངས་སོགས། །གང་ཟག་སྙན་རྒྱུད་སྐུ་གསུམ་བརྒྱུད་པ་ཡི། །དགུ་ལྡན་བརྒྱུད་པའི་བླ་མའི་ཚོགས་རྣམས་རྒྱལ། །སངས་རྒྱས་ཀུན་དངོས་པདྨའི་ཐུགས་ཀྱི་སྲས། །ལྷ་སྲིན་བྲན་འཁོལ་རླང་ཆེན་དཔལ་སེང་གི །རྣམ་འཕྲུལ་ཟབ་གནད་གཏེར་གྱི་སྒོ་འབྱེད་མཁན། །གཏེར་ཆེན་ཀུན་བཟང་བདེ་ཆེན་རྒྱལ་པོས་སྐྱོངས། །མགོན་དེར་པདྨའི་ལུང་བསྟན་བརྡས་བསྐུལ་ནས། །གཞུ་སྟོད་གཏེར་སྒྲོམ་མཁའ་འགྲོའི་ཚོགས་ཁང་དུ། རྒྱལ་བའི་ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་ལ། །ཐུགས་རྗེའི་འཕྲུལ་གྱིས་པདྨ་འོད་ཞིང་ནས། །ཟབ་གསང་གཏེར་གྱི་སྒྲོམ་བུ་སྤྱན་དྲངས་ཏེ། །ཤོག་སེར་བྱིན་རླབས་དད་ལྡན་

p. 854

ཞལ་ཕྱེ་བའི། །འཕྲིན་ལས་རབ་འབྱམས་གདམས་ཟབ་རྨད་བྱུང་བ། །ཟབ་གཏེར་ཆོས་ཀྱི་ཕུང་པོ་དེ་ལ་འདུད། །ངག་གི་དབང་ཕྱུག་རྒྱལ་བསྟན་དར་རྒྱས་མཁན། །རྒྱལ་དབང་པདྨའི་འཕྲིན་ལས་རྣམ་སྤྲུལ་དུ། །མཁའ་འགྲོའི་ལུང་ཟིན་ཉི་འོག་མི་རྣམས་ཀྱི། །སྤྱི་རྗེ་གོང་མའི་ལུང་གིས་མངོན་པར་མཐོ། །ཐ་སྙད་རིག་པའི་གནས་ཀུན་ཐོགས་མེད་མཁྱེན། །སྡེ་སྣོད་རྒྱུད་སྡེའི་དགོངས་དོན་ནང་བྱན་ཚུད། །རིམ་གཉིས་ལམ་གྱི་དྲོད་རྟགས་མངོན་དུ་མཛད། །ཆོས་སྲིད་ཟུང་གི་རྒྱལ་པོ་གཙུག་གིས་མཆོད། །མདོ་དབུས་ཀུན་ཏུ་རླབས་ཆེན་མཆོད་སྦྱིན་བྱས། །ཡི་དམ་གུར་དྲག་བཟླས་བསྙེན་དུང་ཕྱུར་མཛད། །ལྷན་སྐྱེས་བདེ་ཆེན་གཏེར་གྱུར་ལྟ་ན་སྡུག །རྒྱལ་ཡུམ་རིག་འཛིན་དབང་མོ་འགྲན་ཟླ་བྲལ། །དཔལ་མགོན་ལེགས་ལྡན་རྣམ་འཕྲུལ་དགྲ་སྡེའི་གཤེད། །མངའ་འབངས་སྡེ་རིགས་རྣམ་ཀུན་བྱམས་བརྩེས་སྐྱོང་། །རྒྱལ་བའི་སྲས་པོ་བཀྲ་ཤིས་འབྱུང་གནས་ཞེས། །མཚན་སྙན་ཕྱོགས་བཅུར་གཡོ་བ་དེ་ལ་འདུད། །གངས་དཀར་ཏི་སེ་ཙ་རི་ལ་ཕྱི་སོགས། །བལ་བོད་ཀུན་གྱི་དབེན་རིར་སྒྲུབ་པ་མཛད། །གསེར་ཞུན་ལས་

p. 855

བསྐྲུན་མཆོད་རྐོང་བདུན་ཙམ་དང་། །རི་བོ་ཆེ་དང་བྱ་རུང་ཁ་ཤོར་ཟུང་། །མཆོད་རྟེན་ཞིག་གསོ་ལ་སོགས་ལེགས་མཛད་ཀྱི། །རྨད་བྱུང་མཛད་བ་བཟང་པོའི་སྙན་པའི་སྒྲ། །འཇིག་རྟེན་གསུམ་ན་ལྷང་ངེར་རབ་གྲགས་པ། །ཆོས་རྒྱལ་གསུང་སྲས་ཞབས་དཀར་མཚན་དེ་སྙན། །བདག་ཀྱང་ན་ཚོད་ཤིན་ཏུ་ཆུང་ངུ་ནས། ཡབ་ཡུམ་སྲས་གསུམ་ཞབས་ཀྱི་པདྨོར་མཇལ། །ཕ་མས་བུ་ཚ་སྐྱོང་བ་ཇི་བཞིན་དུ། །གཅེས་པར་བསྐྱངས་པའི་བཀའ་དྲིན་འཁོར་ཐབས་བྲལ། །སྒོ་གསུམ་ཞབས་ཏོག་ཚུལ་བཞིན་བྱེད་མ་ཐུབ། །ཟང་ཟིངནོར་གྱི་དངོས་པོ་འབུལ་མ་མྱོང་། །སྒྲུབ་པའི་མཆོད་པ་བྱེད་པར་ཁས་བླངས་ཀྱང་། །ལག་ལེན་མཐར་མ་ཕྱིན་པས་ཡིད་རེ་སྐྱོ། །དཀོར་ནག་དུག་ཆུས་རབ་མྱོས་མི་མགོ་བསྐོར། །བསྐྱེད་རྫོགས་ཉམས་ལེན་ཟང་ཟིང་དངོས་པོར་བགྱིས། །དམ་ཚིག་སྡོམ་པ་ལམ་ཁའི་རྡོ་བཞིན་བོར། །ལང་ཚོའི་མཛེས་པ་ལོ་ཟླའི་ཁུར་གྱིས་དུབ། །ཞལ་མཇལ་གསུང་ཐོས་ཡོངས་འཛིན་ཕལ་ཆེར་གཤགས། །འབྲེལ་འདྲིས་ཆེ་བའི་གྲོགས་ཀྱང་དུ་མ་འདས། །བདག་ཀྱང་རིང་མིན་ཕྱི་མའི་ལམ་པོ་ཆེར། །

p. 856

འགྲོ་པའི་ཚུལ་ལ་བསམ་གྱིན་སྙིང་རྩ་འདར། །ཡང་སྲིད་ཕྱི་མ་སྐྱབས་མགོན་དམ་པ་དེས། །རྗེས་སུ་འཛིན་པའི་ཉེ་རྒྱུར་རབ་དམིགས་ཤིང་། །དངོས་པོ་འཕང་མེད་ངལ་བ་ཁྱད་བསད་ནས། །ཚུལ་འདི་སྒྲུབ་ལ་བདག་ཡིད་ཆེས་ཆེར་རིངས། །མ་ཧཱ་ཡོ་ག་བསྐྱེད་རིམ་ལྟ་ཁྲིད་དང་། །ཨ་ནུ་ཡོ་ག་རྩ་རླུང་རྫོགས་རིམ་སྐོར། །གཏེར་གཞུང་རྩ་བར་མན་ངག་གིས་བརྒྱན་པའི། །རྩ་བ་ཡན་ལག་ཆོས་ཚན་ཟབ་ཁྱད་མང་། །ཨ་ཏི་ཡོ་གའི་ཁྲིད་ཡིག་རིན་པོ་ཆེ། །གཏེར་གཞུང་རྡོ་རྗེ་ཚིག་རྐང་ཟབ་བརླིང་ཅན། །གཏེར་ཆེན་སྐུ་མཆེད་སྤྲུལ་སྐུ་རིན་པོ་ཆེས། །ལྗགས་བསྒྲིགས་ཀུན་བཟང་སྙིང་བྱང་རྒྱས་བསྡུས་འཚམས། །ཕུན་སུམ་ཚོགས་པ་བདུན་གྱིས་འགོ་དྲངས་ནས། །ཐོག་མར་དགེ་བ་ཐུན་མོང་ལམ་རིམ་ཁྲིད། །བར་དུ་དགེ་བ་ཁྲེག་ཆོད་ཐོད་རྒལ་ཁྲིད། །ཐ་མར་དགེ་བ་བར་དོ་རྣམ་བཞི་ཡི། །ཁྲིད་རིམ་འདི་ནི་རྒྱུད་དང་མན་ངག་གི །སྙིང་པོའི་ཡང་བཅུད་གདམས་པ་ཀུན་གྱི་ཕུལ། །མ་རིག་སྨག་རུམ་སེལ་བའི་སྒྲོན་མེ་མཆོག །ཨེ་མ་ལམ་མཆོག་འདི་ལས་གཞན་ན་གང་། །རྒྱལ་བ་གཉིས་པ་འཇམ་མགོན་བླ་མས་ཀྱང་། །གསུང་རྩོམ་དུ་

p. 857

མས་བྲེལ་བ་སངས་མཚམས་ནས། །རྫོགས་ཆེན་གསར་རྩོམ་གནང་བཞེད་ཡོད་ཅེས་གསུངས། །ས་དགེའི་མཁས་གྲུབ་དུ་མས་ཉམས་བཞེས་མཛད། །སྣང་བ་མཐའ་ཡས་པཎ་ཆེན་རིན་པོ་ཆེས། །ལྷན་ཅིག་སྐྱེ་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང་། སྤྱན་རས་གཟིགས་དངོས་རྒྱལ་དབང་ལྔ་བས་ཀྱང་། །པད་འབྱུང་བི་མ་ལ་དང་བཻ་རོ་དང་། །བཀའ་གཏེར་ལས་འོང་སྔ་འགྱུར་རྫོགས་པ་ཆེ། །མཁས་བླུན་བར་མ་སུ་ཡིས་ཉམས་བླངས་ཀྱང་། །ཚེག་ཆུང་དོན་ཆེ་འཕྲུལ་གྱི་གནད་གསང་ཟབ། །དཔེར་ན་མི་ཕམ་མགོན་པོ་ཆེས་རྒན་པ། །བཻ་རོས་ཚེ་དེར་བྱང་ཆུབ་ལམ་ལ་བཀོད། །རྒྱ་བོད་གཉིས་ཀར་རྟོགས་གྲོལ་དུས་མཉམ་དུ། །བྱུང་བའི་ལོ་རྒྱུས་ངོ་མཚར་ཕ་མཐའ་ཡས། །ཞེས་དང་། སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །

p. 858

སྟོང་བཤད་ཤར་འདྲེ་ནུབ་ཏུ་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་འདི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །ཞེས་དང་། དགེ་བའི་བཤེས་གཉེན་སྐལ་ལྡན་རྒྱ་མཚོས་ཀྱང་། །དཔལ་དུས་གསུམ་མཁྱེན་པ་ཨྱོན་གྱིས། །ཆོས་ཀུན་གྱི་རྒྱལ་པོ་རྫོགས་པ་ཆེ། །ཞེས་དང་། མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཞེས་སོགས་ཡིད་ཆེས་ལུང་འདྲེན་མང་དུ་ཡོད། །མཚན་ལྡན་དམ་པའི་དགོངས་པ་དེ་ལྟར་གདའ། །འདི་ན་ཕྱོགས་ལྷུང་གདོན་གྱིས་རབ་མྱོས་ཤིང་། །ཚིག་གིས་སྦོས་པའི་རྟོག་གེ་བ་རྣམས་ལ། །དངོས་གྲུབ་རིང་ཞེས་རྡོ་རྗེ་འཆང་དབང་གིས། །རྒྱུད་སྡེ་རྣམས་སུ་ལུང་བསྟན་གསལ་པོ་ཡོད། །དེང་སང་མཁས་གྲུབ་རློམ་རྣམས་ཕལ་ཆེར་གྱིས། །ཕྱོགས་ལྷུང་བསྟན་པའི་ག་དར་ཡིན་སྙམ་འཁྲུལ། །ཆོས་སྤོང་རྣམ་སྨིན་ཐུགས་གསལ་གསུངས་བཞིན་དུ། །མིག་ལྡན་གཡང་སར་འཆོང་དང་ཅིས་མི་མཚུངས། །ང་འོ་སྙམ་པའི་ང་རྒྱལ་རྗེས་མཐུན་གྱིས། །བསྟན་སེལ་འཇུག་པའི་རྒྱལ་འགོང་སྐྱེ་བའམ། །མནར་མེད་དམྱལ་བའི་གནས་སུ་འོ་

p. 859

རྒྱལ་ཡོང་། །བཤགས་བསྡོམ་མཛོད་ཀྱི་ཐལ་མོ་སྦྱར་ནས་གསོལ། །ཡིག་འདྲི་རྐོ་མཁན་མ་ཏི་མངྒ་ཡིན། །དེ་ལྟར་རྣམ་དཀར་ཕུང་པོ་འདིའི་མཐུ་ཡིས། །རྒྱལ་བསྟན་རིན་ཆེན་སྤྱི་དང་ཁྱད་པར་དུ། །ཡོ་ག་རྣམ་གསུམ་རིང་ལུགས་འཕེལ་ཞིང་རྒྱས། །དེ་འཛིན་སྐྱེས་བུའི་ཚོགས་རྣམས་ཞབས་བརྟན་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་ལུས་ཅན་གྱི། །ཚེ་འདིར་མི་མཐུན་འགལ་རྐྱེན་བར་ཆད་ཞི། །ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ། །འབྲལ་མེད་འགྲོགས་ཤིང་སངས་རྒྱས་མྱུར་ཐོབ་ཤོག །ཐུབ་བསྟན་ཇི་སྲིད་གནས་པ་དེ་སྲིད་དུ། །ཆོས་ཚུལ་འདི་ཡང་མི་ནུབ་གནས་པ་དང་། །སྐལ་བཟང་སྐྱེས་བུས་ཚུལ་བཞིན་ཉམས་བླངས་ནས། །སྣང་བཞི་མཐར་ཕྱིན་འཇའ་ལུས་སྐུ་འགྲུབ་ཤོག །བདག་ཀྱང་འདི་སྣང་འགགས་པར་གྱུར་མ་ཐག །སྐྱབས་མགོན་ཆོས་རྒྱལ་ཡབ་ཡུམ་རིན་པོ་ཆེ། །ཞིང་ཁམས་གང་ན་བཞུགས་པ་དེར་སྐྱེས་ནས། །སྲས་ཀྱི་ཐུ་བོར་འགྱུར་བའི་རྒྱུ་རུ་བསྔོ། །དུས་ཀྱིས་མནར་བའི་མི་མཐུན་རྒུད་པ་ཞི། །ཆར་ཆུ་དུས་བབ་ལོ་ཏོག་འབྲས་བུ་སྨིན། །ནད་ཡམས་དམག་

p. 860

འཁྲུགས་མི་དགེ་ཐམས་ཅད་ཞི། །བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འཚོ་བར་ཤོག །ཅེས་དུས་གསུམ་རྒྱལ་པ་ཀུན་གྱི་ངོ་བོ། རྒྱལ་དབང་པདྨ་ཀཱ་རའི་ཟློས་གར། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཏཱ་ལེ་ཏཱེ་ཆིང་ངག་དབང་དར་རྒྱས་དཔལ་བཟང་པོའི་བཀའ་རྩོམ་རྫོགས་ཆེན་མ་རིག་མུན་སེལ་འདི་ཉིད་གོང་སྨོས་ལྟར་མགོན་པོ་གང་གི་ཐུགས་དགོངས་རྫོགས་ཆེད་སོགས། སྒོ་ཐམས་ཅད་ནས་པར་དུ་འགོད་སྙམ་ཡོད་ཀྱང་། རེ་ཞིག་ཏུ་ལུས་པ་རང་ཡང་བཀའ་རྒྱ་དམ་པ་དང་། རང་ཉིད་ཀྱི་ཉམས་ལེན་སྙིང་པོ་ཡིན་སྟབས། རྐུས་ནོར་བཞིན་སྦས་པ་ལས་ཁྱབ་བརྡལ་དུ་སོངན་གསང་སྒྲོག་དང་། བྱིན་རླབས་ཡལ་གྱི་དོགས་རིམ་འགྱངས་སུ་ལུས་བར། ད་སྐབས་རང་ཡང་ན་ཚོད་རྒན་པོར་སོང་གཤིས་རེ་ཞིག་རྗེས་སློབ་རྣམས་ཀྱིས་འཕྲལ་དུ་གྲུབ་མིན་ཐེ་ཚོམ་བཅས་ལར་ནི་བསྟན་པའི་བཙས་གསུམ་གྱི་བྱིན་རླབས་དང་། སྐལ་ལྡན་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་རྫོགས་ཆེན་ཐུགས་ཀྱི་བསྟན་པ་དར་བའི་དུས་དང་། བབ་ལུང་ཆེན་མོར། དེ་འོག་མཁའ་འགྲོ་དཔལ་འཛིན་མས། །བསྟནཔ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་བའི་དུས་ལ་དར། །ཞེས་ལུང་ཟིན་གྱི་སྡེ་དགེའི་མིའི་དབང་མོ་ཚེ་དབང་ལྷ་མོའི་ཐུགས་བསྐྱེད་ཀྱིས་རྙིང་རྒྱུད་རིན་པོ་ཆེ་ཡང་པར་དུ་བཞེངས་པ་དར་རྒྱས་ཆེ་བ་དང་། དེར་མ་ཟད་ཕྱོགས་འདིར་རྫོགས་པ་ཆེན་པོའི་ཉམས་ལེན་བྱེད་མཁན་མང་དུ་བཞུགས་པ་དང་། སྐྱབས་མགོན་རྗེའི་ཐུགས་རྗེས་སྟོད་གངས་རི་སོགས་ཕྱོགས་ཐམས་ཅད་དུ་ཆོས་རྒྱུན་འཛིན་པ་མང་བས་ཐམས་ཅད་ལ་ཕན་པའི་

p. 861

བསམ་པ་ཁྱད་པར་ཅན་གྱིས་ཀུན་ནས་བསླངས་ཏེ་པར་དུ་སྒྲུབ་སྐབས་པར་བྱང་འདི་ནི་ཆོས་རྒྱལ་མཆོག་གི་སློབ་བུའི་ཐ་ཤལ་གྲུབ་མཐའ་ཐམས་ཅད་ལ་མི་ཕྱེད་པའི་དད་པ་ཅན་ཤཱཀྱའི་དགེ་སྦྱོང་པདྨ་རང་གྲོལ་ལམ། མ་ཕམ་རིག་འཛིན་ཟླ་བས་མང་རའི་མཚམས་ཁང་བདེ་སྐྱིད་དགའ་ཚལ་ནས་རང་ལོ་ལྔ་བཅུའི་ཐོག་སྦྱར་བའི། ཡི་གེ་པ་ནི་དབུ་མཛད་དགེ་སློང་ཉི་མས་བྲིས་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། དགེའོ།། དགེའོ།། །།དགེའོ།།

Pecha page