Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 124 of 500
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན་བཞུགས་སོ།། །།
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ན་མ་ཤྲཱི་གུ་ར་ཝེ། རྣམ་དག་བདེ་བ་མཆོག་གི་དཀྱིལ་འཁོར་དུ། །ཤེས་བྱའི་གནས་སྣང་གཟིགས་པའི་ཡེ་ཤེས་ཀྱིས། །འགྲོ་ལ་ཕན་བདེའི་ཕུན་ཚོགས་སྩོལ་བའི་ལྷ། །དྲིན་ཅན་རྩ་བརྒྱུད་བླ་མའི་ཞབས་ལ་འདུད། །མ་དག་འཁོར་བ་ལས་ཀྱི་དཀྱིལ་འཁོར་དུ། །མི་བཟད་རྣམ་སྨིན་དུ་མའི་འབྲས་བུ་ཅན། །ཡང་ཡང་དུཿཁའི་བཙོན་རར་ཉམ་ཐག་པ། །ངེད་ཅག་སྲིད་འགྲོའི་ལས་ཅན་…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      བསགས། །རང་རྒྱགས་དྲེགས་པའི་སྣང་བ་དགྲར་འབོད་པའི། །ད་དུང་འཁོར་བའི་ལས་ལ་བཅོས་མེད་ཀྱང་། །རྒྱལ་ཀུན་ཐུགས་རྗེས་གཟིགས་པའི་མདོ་རྒྱུད་དང་། །འཕགས་ཆེན་དམ་པ་རྣམས་ཀྱི་བཀའ་ལུང་དང་། །གྲུབ་ཐོབ་བརྒྱུད་པའི་རྣམ་ཐར་བཟང་པོ་ལྟར། །ཐར་འདོད་འགའ་ལ་གཅེས་པའི་གདམས་ངག་བཤད། །རང་ཡང་སྙིང་ནས་ཚེ་འདི་སྤང་དཀའ་བས། །ད་དུས་སྐྱེ་བོ་མི་སྲུན་ཁ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      འོན་ཀྱང་རྣ་བར་གང་སྙན་དམ་ཆོས་མིན། །འཕྲལ་སྣང་གང་དགའ་ཕན་པ་ཡིན་བེས་མེད། །སློབ་མ་བྲིད་པའང་ཐུགས་རྗེ་མ་ཡིན་པས། །དཔང་པོར་སངས་རྒྱས་འཇོག་ཕྱིར་ནོངས་འགྱོད་མེད། །བརྟགས་བཞིན་འཁྲུལ་མེད་གྱུར་ན་དམ་ཆོས་ཡིན། །སྒྲུབ་བཞིན་འགྱོད་མེད་བདེ་ན་ཐར་ལམ་ཡིན། །སློབ་མ་ལམ་ལ་སྦྱོར་ན་བླ་མ་ཡིན། །གསུང་དེ་ཆོས་སུ་གོ་ན་སློབ་མ་ཡིན། །ཆེན་པོའ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ༢ །ཁྱིམ་གྱི་གཟའ་དཔོན་སྤྱི་སྡུག་སྒེར་ཁུར་ཡིན། ༣ །དཔོན་གྱི་ངོ་འཛིན་མི་དོན་རང་ཕུང་ཡིན། ༤ །བླ་སྡེའི་འཁོར་གཡོག་འདི་ཕྱི་སྟོང་ཟད་ཡིན། །ཉེ་བའི་ངོ་སྲུང་ཤ་མཁོན་འཁོར་མེད་ཡིན། །འབད་པའི་བདེ་འདོད་སྡུག་གི་བསྣོན་མ་ཡིན། ༧ །གཡོ་སྒྱུ་ཆེ་འདོད་རང་ཕུང་མགོ་སྐོར་ཡིན། ༨ །ཚེ་འདིའི་ཁ་དངོས་དགའི་སླུ་ཚིག་ཡིན། ༩ །ཆོས་མིན་མཐའ་དག་བ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ཆོག་འབྲིམ་ཡང་བཞག་ན་ཟག་པ་ཆུང་། ༡༠ །དེ་ལ་དགོས་པའི་ཆ་རྐྱེན་རྣམ་པ་བཅུ། །མགོན་དཔོན་དོར་ནས་མཚན་ལྡན་བླ་མ་བསྟེན། ༡ །ཡུལ་མཁར་བསྐྱུར་ནས་ཉམས་དགའི་དབེན་གནས་བཟུང་། ༢ །ནོར་རྫས་བོར་ནས་སྙན་བརྒྱུད་གདམས་ངག་འཆང་། ༣ །འབྲེལ་གྲོགས་སྤངས་ནས་རང་ཉིད་གཅིག་པུར་འདུག ༤ །ཆེ་ཐབས་བོར་ནས་དམན་པའི་ཆ་ལུགས་བཟུང་། ༥ །མཐུན་འཇུག་བོར་ནས་རང་…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ཞན་དུས་གྲོང་པའི་གླུད་མ་བསྡུ། ༥ །འཚོ་བའི་ལྷག་མས་བུན་སྐྱེད་ཁེ་མ་དྲན། ༦ །ཆས་གོས་མཆོད་སྤྱད་སྣང་ཤས་འཕྱོང་མ་བཀྱགས། ༧ །ལས་ངན་སློང་དུས་སྡུག་བསྔལ་རོ་མ་མྱོངས། ༨ །སྨིན་དཀའ་ཚོལ་དུས་འཕྲལ་བདེའི་སྨོན་མ་འདེབས། ༩ །བདེ་སྐྱིད་བྱུང་དུས་དགེ་སྦྱོར་སྦུར་མ་ཤོར། ༡༠ །རྒྱུན་དུ་བསླབ་བྱའི་སྤྱོད་ལམ་རྣམ་བཅུ་ནི། །བསོད་སྙོམས་བཙལ་དུ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ཉམས་ལེན་གཅིག་དྲིལ་རྣམ་བཅུ་ནི། །ཐུན་གྱི་དང་པོ་སྐྱོ་ཤས་ངེས་འབྱུང་བསྐྱེད། ༡ །སྐྱབས་སེམས་དུས་སུ་ཕན་སེམས་བརྩེ་གདུང་བསྒོམ། ༢ །ཚོགས་བསགས་སྒྲིབ་སྦྱོངས་འབད་རྩོལ་སེམས་ལས་ཁུར། ༣ །མོས་གུས་བརྗེད་མེད་ཁོང་ཡུས་གདུང་ཤུགས་བསྐྱེད། ༤ །བསྐྱེད་རིམ་བཟླས་བརྗོད་སྟོང་ཉིད་རོལ་པས་ཁྱེར། ༥ །ཉིན་སྣང་ཐམས་ཅད་སྒྱུ་མའི་རྒྱ་ཡིས་གདབ། ༦…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      འདྲ་དུས་ཡུལ་དང་བསྲེས། ༦ །སེམས་ཀྱི་དྭངས་སྙིགས་སྦྱངས་དུས་དབྱིངས་སུ་སྐྱུར། ༧ །དྲན་ཙམ་བློ་བྲལ་རྟོགས་དུས་ཉིན་སྣང་སྦྱོངས། ༨ །སྣང་བཟང་ཐལ་ཤར་དུས་མཚན་སྣང་སྦྱོངས། ༩ །རིག་པ་གཅེར་བུར་ཐོན་དུས་སྙིང་རྗེ་སྒོམས། ༡༠ །མེད་དུ་མི་རུང་ཐབས་ཀྱི་བསྒྲུབ་བྱ་བཅུ། །སྟོང་ཉིད་མཁའ་ལྟར་རྟོགས་ཀྱང་སྐྱབས་སེམས་སྦྱོངས། ༡ །ཐུགས་ཡིད་གཅིག་…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      འཁྲུལ་ན་གཉེན་པོར་བསྟེན་རང་ངོ་ལྟོས། ༡ །ན་ན་གཅེས་འཛིན་མ་བྱེད་འདྲེ་ལ་བྱིན། ༢ །བགེགས་ལ་འདྲེ་བརྡུང་མ་བྱེད་སྙིང་རྗེ་སྒོམས། ༣ །དགྲ་ལ་ཁེ་དྲགས་མ་རྩེ་བདག་འཛིན་ཐུལ། ༤ །གཉེན་ལ་གདུང་སེམས་མ་བསྐྱེད་ཁ་འཛིན་དོར། །གྲོགས་ལ་མཐུན་འཐུག་མ་རྩི་གཅིག་པུར་སྡོད། ༦ །རང་རྒྱལ་ཕོ་ཚུགས་མ་འཛིན་རྣམ་ཐར་སྐྱོངས། ༧ །ཆོས་ཀྱི་ཐ་སྙད་མ་བགྲང་…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      བརྟན་པ་ཐོབ་པས་བར་དོར་ཕན། ༨ །བསླུ་མེད་ལམ་སྣ་ཟིན་པས་ཕྱི་མར་ཕན། ༩ །ངེས་པར་མངོན་སངས་རྒྱ་བས་མཐར་ཐུག་ཕན། ༡༠ །དེ་ལྟར་བསྒྲུབས་ན་ཡིད་ཆེས་བདེ་བ་བརྒྱད། །དྲིན་ཅན་བླ་མ་རྣམས་ཀྱིས་བུ་བཞིན་སྐྱོང་། ༡ །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འདུ། ༢ །ཕྱི་རྒྱུད་སྣང་སྲིད་ལྷ་འདྲེས་སྡོང་གྲོགས་བྱེད། ༣ །ཆེ་བཙུན་མཁས་གྲུབ་རྣམས་ཀྱི…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      ཚད་བདེ་བ་བརྒྱད། །ངོ་མཚར་བཻཌཱུའི་ཕྲེང་བ་བརྒྱ་རྩ་བརྒྱད། །ཆོས་བྱེད་ཐར་འདོད་མགུལ་པའི་མཛེས་རྒྱན་ཡིན། །ཚུལ་འདི་དོན་མེད་ཉམས་མཚར་ཁོ་ནའི་ཕྱིར། ཁ་བཤད་མང་དུ་འཕེལ་བའི་རྒྱུ་མཚན་གྱིས། །དགེ་སློང་ཀུན་དགའ་ལ་སོགས་བསྐུལ་མཁན་འགའི། །དོན་གཉེར་རྣམས་ལ་ཐུན་མོང་ཆོས་སྦྱིན་བྱེད། ཁ་བཤད་ཁྲམ་པའི་ཤགས་དང་མཚར་གཏམ་རྣམས། །ལ་ལ་དགའ་ཡང་ལ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      དོན་གོ་མེད། །རྩོལ་སྒྲུབ་བཞག་ཀྱང་དཀོར་གྱི་རྣམ་སྨིན་ཁུར། །དམ་ཆོས་བཤད་ཀྱང་གཞན་ཕན་མཐུ་ཆུང་བས། །རང་གཞན་སུ་ཡང་ཐར་པའི་འཇུག་ངོགས་བྲལ། །སྙིགས་དུས་སྡུག་བསྔལ་ལས་ཀྱི་བསུ་སྐྱེལ་མཁན། །བདག་འདྲའི་བླ་གཟུགས་ཐོབ་པ་དགའ་མ་ཚོར། །བདག་ཅག་ནམ་ཞིག་འཆི་འཕོས་གྱུར་མ་ཐག །མི་སྲུན་གདུག་པའི་ཕྱོགས་འདིར་མི་སྐྱེ་ཞིང་། །འདོད་གཟུགས་མཐོ་ར…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རི་ཆོས་བཻ་ཌཱུརྻའི་ཕྲེང་བ་ཞེས་བྱ་བ་ཐར་འདོད་ཀྱི་མགུལ་རྒྱན།
      དམ་ཆོས་སྐྱོང་དཔའ་བོ་མཁའ་འགྲོའི་སྟོབས། །བདག་གི་རྣམ་དཀར་དགེ་རྩ་ཅི་ཡོད་མཐུས། །སྨོན་ལམ་བཏབ་བཞིན་གེགས་མེད་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། །། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། …
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས་སོ།། །།
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡེ། མདོ་རྒྱུད་གཞུང་ལུགས་རྒྱ་ཆེ་གྲངས་མང་ཡང་། །ཚེ་ཐུང་ཤེས་རབ་ཆུང་བས་མཐའ་ཆོད་དཀའ། །མང་དུ་ཤེས་ཀྱང་ཉམས་སུ་མ་བླངས་ན། །རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་དང་འདྲ། །མཁས་པའི་མལ་དུ་ཐ་མལ་རོ་འབྱུང་སྲིད། །མདོ་རྒྱུད་ལུང་དང་རྒྱ་བོད་མཁས་གྲུབ་གསུང་། །བྱིན་རླབས་ཆེ་ཡང་ཕལ་པས་གོ་བ་དཀའ། །གྲྭ་སར་བཤད་པ་བྱེ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      རྫོགས་ལ་སོགས་ཟབ་ཆོས་དཔག་མེད་རྣམས། །སོ་སོའི་རང་གཞུང་མ་འཆུགས་ངེས་པ་ཅན། །ཆོས་བརྒྱུད་སློབ་མར་སྤེལ་ན་མཁོ་ལགས་ཀྱང་། །རང་དོན་ཕྱི་མའི་དོན་གཉེར་ཉམས་ལེན་ལ། །ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་ལེན་ཟབ། །ཆོས་ལུགས་མ་འཆོལ་ཁ་གཙང་ཚུགས་བཟང་བ། །གྲུབ་མཐའ་བསྟན་པ་འཛིན་ལ་དགོས་མོད་ཀྱི། །ཕྱི་མའི་དོན་ཅིག་ཁོ་ན་བསམ་པ་ན། །ཕྱོགས་རིས་མེད…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      དགོས་ལགས་ཀྱང་། །རང་ལ་ཉམས་རྟོགས་ཡོན་ཏན་སྐྱེ་འདོད་ན། །འབྲེལ་ཐོགས་བླ་མ་ཐམས་ཅད་གཅིག་ཏུ་བསྡུས། །རིགས་ཀྱི་བདག་པོར་བསྒོམས་ནས་གསོལ་འདེབས་ཟབ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་མང་པོ་ཡི། །བསྐྱེད་རིམ་སོ་སོའི་བསྙན་སྒྲུབ་སོ་སོ་བ། །བླ་ཆེན་དབང་བསྐུར་བྱེད་ལ་མཁོ་ལགས་ཀྱང་། །སྒྲིབ་པ་སྦྱོང་ཞིང་དངོས་གྲུབ་ཐོབ་པའི་ཐབས། །ཐམས་ཅད་ཀ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      པ་མཐོ་དམན་རྩིང་ཞིབ་མང་ན་ཡང་། །དགེ་སྒྲུབ་སྡིག་སྤང་ཅི་ནུས་འབད་པ་ཟབ། །འབྲས་བུ་ཐོབ་དུས་ཐོབ་ལུགས་མང་བཤད་ཀྱང་། །ལྟ་སྒོམ་སྤྱོད་པ་མ་འཁྲུལ་ཉམས་བླངས་ན། །ངེས་པར་ཐོབ་པའི་ངེས་ཤེས་ལྡན་པ་ཟབ། །བསྟན་ལ་ཕན་ཕྱིར་ཚབས་ཆེན་སྡིག་ལྟུང་སོགས། །ས་ཐོབ་སེམས་ཅན་དཔའ་རྣམས་ལ་མི་སྒྲིབ་ཀྱང་། །རང་རེ་ངན་སོང་གསུམ་ལ་སྐྲག་པའི་ཕྱིར། །སྡིག་ལ…
      KMC007 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཉམས་ལེན་སྙིང་པོ་བསྡུས་པ།
      དམ་ཆོས་དར་བ་དཀོན། །དེ་རུ་སྐྱེས་ཀྱང་དབང་པོ་ཚང་བ་དཀོན། །དབང་པོ་ཚང་ཡང་དམ་ཆོས་དྲན་པ་དཀོན། །དམ་ཆོས་འདོད་ཀྱང་བླ་མ་མཚན་ལྡན་དཀོན། །དེ་དང་འཇལ་ཡང་ཉམས་ཁྲིད་ཐོབ་པ་དཀོན། །གལ་ཏེ་ཐོབ་ཀྱང་དབང་གིས་སྨིན་པ་དཀོན། །དེ་གཉིས་འཛོམ་ཡང་རང་ངོ་འཕྲོད་པར་དཀོན། །དཀོན་ཚད་ཐམས་ཅད་ད་རེས་རྙེད་པ་འདི། །སྟབས་ལེགས་མ་ཡིན་སྔོན་གྱི་སྨོན་ལམ་ཡ…