Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1601 results — page 34 of 81
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པ།
      བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལས་བླ་མ་རྙེད་ན་བླ་མ་འཚོལ་སློབ་མ་རྙེད་ན་སློབ་མ་འཚོལ་ཞེས་ལུང་བསྟན། འདི་དད་པ་ཤིན་དུ་ཆེ་བས་གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང་མཁའ་འགྲོ་དང་ཆོས་བགྲོ་བ་སོགས་ངོ་མཚར་མཐའ་ཡས་པ་མཐོང༌། དྲག་སྔགས་རྟགས་ཐོན་པ་མཆིས་སམ་ཞུས་པས། མང་པོ་ཤེས་སྟེ་མི་ཎི་འདྲེན་ནས་སྒྲུབ་མ་ཁོམ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པ།
      བ་སྦྱངས་ནས་བུ་མོ་ཞིག་གིས་ཉུང་མ་ཞིག་བྱིན་པ་ཕུལ་བས་རས་ཁོབ་ལ་ཚོས་ཅིག་གསུངས་སྟེ་ཤར་གྱུར་ནས་རོ་མངར་ལ་ཤུམ་པ་ཅིག་འདུག །ཁྱོད་ཀྱི་དོན་དེས་གྲུབ་གསུང་ཞིང་ངའི་ཡོན་ཏན་ཐུན་མོང་མ་ཡིན་པ་མཐོང་བ་རྣམས་གཞན་ལ་མ་བཤད་ཅིག་པར་བཀའ་རྒྱ་བཏབ། རྒྱ་གར་དུ་འགྲོ་དུས་སྐྱེལ་ཐུང་མཛད་གསེར་ཞོ་གསུམ་ཕུལ་བ་འབབ་ཆུ་ལ་གཏོར་སྟེ་མེ་ལ་བསྲེགས་པས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པ།
      གང་བྱིན་སྟེ་ཁྱོད་བལ་བོད་ཀྱི་མཚམས་སུ་བསྒོམས་ན་ལམ་མྱུར། ང་ཡང་ཁྱོད་ཀྱི་ཡུལ་ཕྱོགས་པ་ཅིག་ཡིན་སྟེ་ཁྱོད་ཀྱི་ལུས་དང་གྲིབ་མ་ལྟར་མི་འགྲོགས་ཀ་མེད་པ་ཅིག་ཡིན་ཟེར། གནངས་ཉིན་བླ་མ་དེ་དཔོན་སློབ་ཉེར་གཅིག་སྨན་སྒྲུབ་དམ་པོ་ལ་བཞུགས་ཀྱང་རྗེ་བཙུན་སྒྲུབ་པའི་གྲར་བོས། མཇལ་མ་ཐག་དབུ་སྔས་ནས་སྒྲོ་བ་ཞིག་གི་ནང་ནས་བོད་ཆུང་ཞིག་ཕྱུ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པ།
      ལྡན་ལ་སྒྲིབ་མེད་ཏུ་གསལ་ཞིང་སྤྱིར་ར་གན་མཐོང་བའི་རྟགས་ཀྱིས་གསེར་ར་གན་དུ་སྒྲུབ་པ་དང༌། ཛམྦུའི་གསེར་མཐོང་བའི་རྟགས་ཀྱིས་ར་གན་གསེར་དུ་སྒྲུབ་པ་གཉི་ག་སྤངས་སྟེ་ལོག་ལྟའི་བདུད་མ་ཞུགས་ཤིང་དུས་མིན་གྱི་དག་སྣང་རྒྱ་འབྱམས་པ་ཡང་མ་ཡིན་པས་གཏེར་མའི་ཕྱོགས་འདི་དག་ཤེས་པར་བྱའོ། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་བྱུང…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཆོས་བྱུང་མཁས་པའི་དགའ་སྟོན་གི་བོད་ཡུལ་གྱི་སྐབས་ལ་ལེའུ་བཅུ་ལས་དྲུག་པ་བཀའ་གདམས་ཆོས་བྱུང་བཞུགས། །(ད༡བ)
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སྔོན་ཚེ་རྒྱལ་སྲས་གཙོ་བོ་བཟང་སྐྱོང་ནི། །ཟ་ཧོར་རྒྱལ་པོའི་སྲས་འཁྲུངས་སྔགས་སྤྱོད་གྲུབ། །སླར་ཡང་ཕལ་ཆེན་སྡེ་ལས་རབ་ཏུ་བྱུང༌། །རིག་གནས་སྡེ་སྣོད་མདོ་རྒྱུད་མ་ལུས་མཁྱེན། །བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་དབང་དུ་འདུས། །གྲུབ་ཐོབ་རྣལ་འབྱོར་དབང་ཕྱུག་དུ་མའི་མགོན། །འཛམ་གླིང་ཀུན་ན་ཕུལ་བྱུང་ཨ་ཏི་ཤ། །དཔལ་ལྡན་མར་མེ་མཛད་དཔལ་ཡེ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཞི་ལྷག་གཉིས་ལ་སྦྱར། །སྔགས་ལ་ཞུགས་རྣམས་དམ་ཚིག་དག་པར་བཀོད། །ཀུན་ཀྱང་བྱང་ཆུབ་སེམས་ཀྱི་ཐེག་པས་ཁྲིད། །ཆོས་མིན་ཆོས་ལྟར་བཅོས་པ་ཀུན་ནུབ་སྟེ། །སངས་རྒྱས་བསྟན་པའི་ཉིན་བྱེད་རབ་ཏུ་གསལ། །བཀའ་གདམས་བསྟན་པའི་ཤིང་རྟ་ཆེན་པོ་ནི། །རྒྱལ་བས་བསྟན་པ་འཛིན་པར་ལུང་བསྟན་པ། །དགེ་བསྙེན་ཆེན་པོ་འབྲོམ་སྟོན་རྒྱལ་བ་ཡི། །འབྱུང་གནས་དམ་པ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སྙིང་པོ་ནི་ཇོ་བོ་འདི་ཡིན་སྟེ་འཁྲུངས་ནས་ཞག་བདུན་ན་སྒྲོལ་མ་ཞལ་གཟིགས་དེ་ཕྱིན་ཆད་ཅི་འདོད་སྒྲོལ་མ་ལ་གསོལ་བ་བཏབ་པས་དངོས་སུ་ཆོས་མི་གསུང་ཡང་སྤྲོས་པ་ནང་ནས་ཆོད་དེ་འོང་བ་ཡིན་གསུངས། ལོ་བཅུར་སྒྱུར་རྩལ་དྲུག་བཅུ་རྩ་བཞི་དང་གཟོ་དང་གསོ་བ་སྦྱངས། ལོ་བཅུར་ཕྱི་ནང་གི་སྒྲ་ཚད་བསླབས། རཱ་ཧུ་ལ་གུཔྟ་བཛྲ་ལ་དབང་ཞུས་པའི་ཚེ་དགྱེ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དོན་ཤེས་སམ་གསུངས། མ་འཚལ་ཞུས་པས་སེམས་ཅན་རྣམས་རང་རྒྱུད་ཀྱི་ཡེ་ཤེས་མ་རྟོགས་པར་འཁོར་བའི་སྡུག་བསྔལ་སྤྱོད་པས་ངུ་བ་ཡིན། རྟོགས་ན་ད་ལྟ་ཉིད་སངས་རྒྱས་ཡིན་པས་རྒོད་པ་ཡིན་གསུངས་ནས་རྡོ་རྗེ་རྣལ་འབྱོར་མའི་དབང་ཚེགས་ཆུང་ལ་དོན་ཆེ་བ་བྱིན་རླབས་ཀྱི་ལུགས་བྱ་བ་བསྐུར་ནས་རྣལ་འབྱོར་མའི་ཞལ་ཇི་ལྟར་བར་གཟིགས་གདམས་ངག་མ་ལུས་པར་ཞུས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དགོས་དགོངས་པ་ན་དཔལ་ཧེ་རུ་ཀ་བྱོན་སྟེ་ཨ་ཝ་དྷཱུ་ཏི་པའི་སྤྱོད་པས་གར་ཡང་མི་ཕྱིན་པས་ཁྱོད་རབ་ཏུ་བྱུང་ཞིག །ཕྱི་ཞིག་ན་རབ་བྱུང་གི་གདུལ་བྱ་མང་བར་འབྱུང་ངོ་ཞེས་ལུང་བསྟན། ཡང་མནལ་ལམ་ན་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་བའི་གྲལ་མཐའ་ན་ཇོ་བོ་ཉིད་འདུག་པ་ལ་སྟོན་པའི་ཞལ་ནས་མི་མ་གི་ཅི་ལ་ཆགས་ནས་ཁྱིམ་མི་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ལྟ་བ་དང་ནང་པའི་སྡེ་བདུན་མདོ་བཅས་སོགས་ཚད་མའི་ཕུལ་དུ་ཕྱིན། རྡོ་རྗེ་གདན་དུ་སྒྲ་ཚད་ལ་ཤིན་དུ་མཁས་པའི་མུ་སྟེགས་པ་གདུགས་བཅུ་གསུམ་ཕུབ་པ་ཅིག་དང་ཕྱི་ལོ་གདུགས་བདུན་ཕུབ་པ་ཅིག་བྱུང་བ་ཇོ་བོས་ཚེགས་མེད་པར་བཏུལ། ཕྱི་ལོ་གདུགས་ལྔ་ཕུབ་པ་ཅིག་བྱུང་བ་སྒྲ་ཚད་ལ་ཆེར་མཁས་པས་དང་པོར་པཎྜིཏ་ཀུན་གྱིས་གོ་དེ་ནས་རིམ་གྱིས་གོ་བ་ཇེ་ཉུ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      བའི་ནད་པ་ཅིག་ལ་རང་གི་བརླ་ལས་ཤ་བཅད་དེ་བྱིན་པས་སོས་ནས་ན་ཚ་བུང་བའི་ཚེ་མནལ་ལམ་ཏུ་མི་དཀར་པོ་ཅིག་གིས་བྱང་ཆུབ་འདོད་པས་བརྩོན་འགྲུས་འདི་ལྟ་བུ་བརྩམ་པར་བྱའོ་ཞེས་ཕྱག་གིས་བྱུགས་པའི་མོད་ལ་རྨ་སོས་པ་དེ་ལ་གསན། ལུང་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང་རིགས་པ་བྱང་ས་ལྟ་བ་སེམས་ཙམ་ལ་བསྟེན་ནས་སྤྱོད་པ་ཕྱིས་གསེར་གླིང་པ་ལས་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      པ་ཅེས་བྱ་བ་ཕྱི་རོལ་པའི་གཞུང་ལུགས། རིག་བྱེད་པ། གྲངས་ཅན་པ། བྱེ་བྲག་པ་དཔྱོད་པ་པ་ཅེས་བྱ་བ་རྩ་བའི་སྡེ་བཞི་ལ་བསྟེན་ནས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་གིས་བྱས་པར་སྨྲ་བའི་གཞུང་དང༌། དྲང་སྲོང་སེར་སྐྱས་བྱས་པའི་གྲངས་བདུན་བཅུ་པ་ལ་སོགས་བསྟན་བཅོས་དང༌། རྣལ་འབྱོར་སྙིང་པོ་སོགས་ཕྱི་རོལ་པའི་གསང་སྔགས་མང་དུ་ཡོད་པ་དེ་ཐམས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      གཤེགས་ཤུལ་བསྟན་པའི་རིམ་པ་དང་བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་སྤྱོད་པའི་གཞུང་མཐའ་དག་དང་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདག་གཞན་བརྗེ་བའི་བློ་སྦྱོང་གི་གདམས་པ་གཞན་ལ་མེད་པ་གསན་པས་བླ་མ་གཞན་ཐམས་ཅད་ལས་ཁྱད་པར་དུ་དྲིན་ཆེ་བར་མཛད་དེ་ཕྱིས་གཞན་ལ་ལོ་མཆོད་ཙམ་མཛད་གསེར་གླིང་པ་ལ་ཟླ་མཆོད་མཛད། བླ་མ་གཞན་གྱི་མཚན་གསན་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སོང༌། ཌོམྦྷི་བའི་བྱིན་རླབས་ཡིན་ནམ་སུའི་ཡིན་སྙམ་པ་ལས་སང་ལོ་དུས་ན་སྔགས་པ་ཅིག་གིས་ཌོམྦྷི་པ་ལ་གསོལ་བ་བཏབ་པས་ང་དང་ལས་འབྲེལ་མེད། ངས་ན་ནིང་འདི་ཙམ་ན་འདི་ལྟར་བྱིན་གྱིས་བརླབས་པའི་པཎྜི་ཏ་དཱི་པཾ་ཀ་རའི་དྲུང་དུ་སོང་ཞིག་གསུངས་སྟེ་འོངས་ནས་མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས་ཞག་འགའ་ན་བཀའ་དྲིན་གྱིས་ཁྱབ་ཧེ་རུ་ཀའི་དཀྱིལ་འཁོར་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      གདན་གྱི་ལམ་དུ་ལུང་སྟོན་པའི་རྣལ་འབྱོར་མ། བོད་དུ་བཀའ་ཆེམས་ལུང་སྟོན་པའི་རྣལ་འབྱོར་མ། མངོན་ཤེས་ཅན་གསུམ་རྣམས་ལ་ལུང་རྟོགས་གཉིས་ཀ་དང་ལྡན་པའི་བླ་མ་བཅུ་གསུམ་དུ་གྲགས་ཤིང༌། གསེར་གླིང་པ། ཤཱནྟི་པ། ཛེ་ཏ་རི། བྱང་ཆུབ་བཟང་པོ་སྟེ་རྟག་དུ་བསྟེན་པའི་བླ་མ་བཞིའོ། །དེ་ཐམས་ཅད་ཀྱི་ཡོན་ཏན་བུམ་པ་གཅིག་ནས་གཅིག་དུ་བྱོ་བ་ལྟར་ཇོ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སྡེ་པ་བཞི་ཀའི་ཁྲོད་དུ་བཙལ་བས་མ་རྙེད། ཁ་སང་མགྲོན་བཙུན་ཞིག་འདུག་པ་དེ་ཡིན་ནམ་ཟེར་ནས་བཙལ་པས་བཞུགས་འདུག་སྟེ་རྡོ་རྗེ་གདན་དུ་དེའི་བསྙེན་བཀུར་བཞེས་ཤིང་བཞུགས། ད་ནི་རྩེ་གཅིག་དུ་མཉམ་པར་བཞག་ལ་མྱུར་དུ་འཚང་རྒྱ་བར་བྱའོ་ཞེས་དགོངས་ཚེ་བླ་མ་རཱ་ཧུ་ལ་སྐད་ཅིག་གིས་བྱོན་སྟེ་ཡི་དམ་གྱི་ཞལ་མཐོང་བ་དང་དཀྱིལ་འཁོར་མང་པོ་མངོན་སུ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཏུ་གསུང་བ་གསན་པས་སྔར་བླ་མ་གསེར་གླིང་པས་ངེས་པར་མཛད་པའི་སྟེང་དུ་ལྷག་པར་ཡང་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་པར་གྱུར། དེའི་ཚེ་དགེ་ཚུལ་ཞིག་གིས་བ་ཅི་གེ་རའི་གླིང་ན་སྐྱེས་པ་དང་བུད་མེད་ཐམས་ཅད་རང་བཞིན་གྱི་རྣལ་འབྱོར་ཕོ་མོ་ཤ་སྟག་ཡིན་ཟེར་བ་ཐོས་ནས་བལྟར་ཕྱིན་པས་སངས་རྒྱས་བྱོན་ནོ་བཞུད་ཏོ་ཟེར་ནས་སྨྱོས་པ་འདྲ་བ་མ་གཏོགས་ཡིད…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      པ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱས། ཁོང་རྟེན་ཁྱིམ་པར་བཞུགས་པས་ཇོ་བོས་དངོས་སུ་ཕྱག་མ་མཛད་ཡིད་ཀྱིས་ཕྱག་མཛད་དེ་མཁས་པ་བྱ་བ་ཁྱེད་ཡིན་སྟེ་དོན་ལ་མཁས་པ་ཡིན་ང་ནི་ཚིག་ལ་མཁས་པར་ཟད་གསུངས་ནས་མཁས་དང་བྱིས་པ་འབྱེད་པ་ཅེས་བྱ་བའི་བསྟན་བཅོས་བརྩམས། པཎྜིཏ་གྲགས་པའི་ཆ་ཞེས་བྱ་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སོ་ལེགས་སོ་བྱ་བ་བྱས་སོ། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་ཁྱོད་ཀྱིས་ཤེས་སོ། །འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ལྷ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱི་གདུལ་བྱ་མང་པོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་ཞེས་ལུང་བསྟན། དེའི་ཚེ་རྒྱལ་པོ་མ་ཧཱ་པཱ་ལས་བྲྀ་ཀ་མ་ལ་ཤཱི་ལར་སྤྱན་…