Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1601 results — page 37 of 81
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སེ་བ་མེ་ཏོག་དཀར་ལྟེམ་པའི་དུས་པུ་ཏོ་པ་ལ་ངས་ཁྱོད་ཀྱི་བསྟེན་ས་གཞན་མ་མཐོང་བས་དགེ་བའི་བཤེས་གཉེན་མདོ་སྡེ་ལ་ཆོལ་ཁ་ཡར་པུང་གདང་ཆོས་ལ་འདུག་ཞིག་གསུངས་ནས་གཤེགས། དེ་ནས་རྣལ་འབྱོར་པ་ཆེན་པོས་འོག་དུ་ཀ་བ་བཅུ་དྲུག་མའི་སར་བཞུགས་ནས་གདན་ས་ལོ་བཅུ་གསུམ་མཛད། སྟོད་ལུང་པ་ཆེན་པོ། ལོ་མཁར་བུ་བ། མང་ར་བ་སོགས་མང་པོ་སྨིན། རྟ་ལོ་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དེ་ལ་སོགས་པ་བྱོན་ཞིང༌། རྒྱུད་འཛིན་ནི་གཙང་ན་དྲང་པོ་ལུང་པ་སྤྱི་བོ་ལྷས་པ་སོགས་སོ། །དོན་བདུན་པ་ས་ཁྱི་ལ་ཐེགས། འདིའི་ཕྱག་གཡས་པ་གཉལ་གསེར་ཕྱེད་མཆོད་རྟེན་ན་བཞུགས་པས་བྱིན་རླབས་ཆེ་བ་ཡིན་ནོ། །དེ་གཉིས་ཀྱི་ཁར་གཉན་སྣ་མོ་བ་དང༌། འབྲེ་ཀོ་དེ་ལུང་པ་བསྣན་པས་དགོན་གྱི་བུ་ཞིག་ཟེར་ལ། གཞན་ཡང་ཤ་བོ་སྒང་པ་པདྨ་བྱང་ཆུབ་དང་ཁ་ར…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ལྔ་ལ་སོགས་པ་བཞུགས་ཅེས་སྣང༌། བར་སྐབས་སུ་མེའི་གནོད་པ་གཅིག་གཉིས་བྱུང་མོད་ཀྱི་ད་ལྟའང་སྐུ་གསུང་ཐུགས་རྟེན་མེ་བརྡུགས་མ་དུ་མ་ཡོད་ཏོ། །རྒྱ་འདུལ་ལོ་གཅིག་གཙང་པ་ཇི་སྟན་ལོ་ལྔ། ཀོ་ཁྱིམ་པ་ལོ་གསུམ། སྣར་བས་ལོ་བཅུ་གཅིག །འདི་དུས་ཧོར་དམག་གི་གནོད་པ་བྱུང༌། གུར་སྟོན་གྱིས་གསོས། དེ་ནས་ལྷ་འགྲོ་མགོན་གྱི་སློབ་མ་རྨ་སྟོན་སོག…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དེ་ཡན་གསང་ཆོས་བཀའ་རྒྱ་མར་ཡོད་ཅིང་དེ་ནས་མང་དུ་འཕེལ་སྟེ་རྩ་བ་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ནི་འབྲོམ་གྱིས་ཇོ་བོའི་གསུང་བསྡུས་པ་ཡིན་ལ་འདི་དང་ཇོ་བོས་རྒྱལ་པོ་ནིརྻ་པཱ་ལ་ལ་འཕྲིན་ཡིག་མཛད་པ་ཕལ་ཆེར་གཅིག་དུ་བྱུང་བས་རྒྱལ་པོ་དེ་འབྲོམ་དང་ཐུགས་རྒྱུད་གཅིག་པའོ་ཞེས་ཁོ་བོ་འབའ་ཞིག་སེམས་ལ་ཐིག་ལེ་བཅུ་དྲུག་ལྷ་ཆོས་བདུན་ར…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      གདམས་ངག་སྣ་བསྟན་ཙམ་གྱིས་ཇི་ལྟ་བ་ཐུགས་ལ་འཁྲུངས། འབྲོམ་གཤེགས་ནས་ལོ་བཅོ་བརྒྱད་སྒྲུབ་པ་མཛད་ང་གཅིག་པ་ལྕགས་བྱ་ནས་ཚོགས་བསྐྱངས་སྟེ་གཞུང་མཁན་བྲག་ལྟག་ལུང་སྒྲོ་ལབ་མཁར་ཐོག་སོགས་མ་ངེས་པར་གཞི་ཇི་བཞིན་པས་བཞུགས། ཚེ་བློས་བཏང་གི་ཚོགས་པ་ཉིས་སྟོང་བརྒྱད་བརྒྱ་རེ་འདུས། སྤྱིར་དགེ་སློང་ཁས་ཉན་ཁྱད་པར་བྱང་ཆུབ་སེམས་དཔའ་ཁས་ཉན…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      འཚོའི་སྲས་སུ་འཁྲུངས། རྒྱགས་ཆད་པ་ན་ནང་ནས་ཀྱིས་གང་བ་དང་ཡབ་ཡུམ་གྱི་ཕྱག་མཐིལ་ཏུ་མཆིལ་མ་ཐིགས་པ་རེ་བླུག་པ་བལྡད་བས་ཞག་བདུན་དུ་ཟས་མ་དགོས་པ་བྱུང༌། སེམས་ཅན་སྡུག་བསྔལ་པ་གཟིགས་ཚད་ལ་ངས་བུ་འདི་རྣམས་ནམ་འདྲོངས་ན་ཞེས་བཤུམ། མཁན་པོ་ལེ་འབྱུང་དང་སློབ་དཔོན་འོལ་ཕུ་བ་ལས་སྨུར་རབ་བྱུང་མཛད། མཚན་འབྱུང་གནས་རྡོ་རྗེ། བྱམས་པ་ད…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      རྒྱས་རང་ཆས་སུ་རྟོགས་པའི་ཐབས་ཤིག་བདོག་སོགས་གསུངས་པས་ཐམས་ཅད་ལ་ཏིང་ངེ་འཛིན་བཟང་པོ་སྐྱེས་སྐད། ལོ་སར་ཞིག་ལ་སའི་ལྷ་མོས་མེ་ཏོག་པདྨ་ཕུབ་ཙམ་ཞིག་ཕུལ་བ་བླ་མས་དཀོན་མཆོག་ལ་ཕུལ་བས་མི་སྣང་བར་གྱུར་སྟེ་དྲི་བཟང་པོ་བྱུང༌། བླ་མས་འབྱོར་པ་མང་པོ་དང་དབྱར་གྱི་འཚོ་བ་གནང་སྟེ་ཚོགས་རྫོགས་པའི་སླད་དུ་རྒྱལ་བའི་སྲས་ཀྱིས་བཞེས་སུ་ག…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      འོངས་པ་ཡིན་ཞེས་ཞལ་གདམས་དུ་མ་གསུངས་ནས་ན་མཁའ་ལ་གཤེགས། ཞག་བདུན་དུ་ཉིན་མཚན་ངོ་མི་ཤེས་པའི་ཐུགས་ཁྲལ་བྱུང་བས་བླ་མའི་སྐུ་གཟིགས་སྟེ་ཆོས་གསུང་བ་གསན་པས་སྡུག་བསྔལ་ཞི། རང་ཉིད་སྟོན་པ་དངོས་སུ་གཟིགས། པུ་ཏོ་བའི་སློབ་མ་བཅུ་དྲུག་བྱུང་ནས་བླ་མ་དམ་པ་གྲོངས། ཚེ་ཕྱི་མ་དོན་དུ་གཉེར་ཚད་འབྱུང་གནས་རྡོ་རྗེའི་དྲུང་དུ་སོང་གསུངས་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དོ་གསུངས། མ་འོངས་པ་གནས་འདི་མུ་སྟེགས་ཀྱིས་འཇིག །ཕྱིས་ལྷོ་ཕྱོགས་ནས་སྐལ་ལྡན་ཞིག་གིས་གསོས་སྟེ་ངའི་མཆོད་རྟེན་བྱེད་ཅེས་གསུངས་སྟེ་གཡུ་ལོ་བཀོད་པར་གཤེགས། ཕྱིས་དགོན་པ་ཧོར་གྱིས་བཤིག །ཅི་ཞིག་ན་འགྲོ་མགོན་སོར་རྡེ་པ་ཆེན་པོ་དེ་ལྷོ་བྲག་བྲག་ལུང་གི་སྨད་བཀྲ་ཤིས་སྒང་དུ་འཁྲུངས། དང་སྦྲོར་མཁན་པོ་མ་དང་སློབ་དཔོན་དབུ་མ་པ་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཏུ་བཞུགས། དེ་ནས་སྨྱལ་དུ་བྱོན་སྟེ་ལ་བ་ཕུག་དུ་བཞུགས་ནས་བྲ་འོར་གྱིས་བྱིན་གྱིས་བརླབས། སླར་རྒྱ་གར་དུ་གཤེགས་སྟེ་སྐུའི་ལྤགས་པ་ལ་བདེ་མཆོག་གི་ལྷ་ཚོགས་རྩ་རིས་སུ་འབྱུང་བར་བྱིན་གྱིས་བརླབས་སྟེ་བཞག །བསམས་བཞིན་བྲ་འོར་གྱི་འགྲམ་གཉོས་ཀྱི་གྲོང་དུ་འཁྲུངས། ཆོས་ཐམས་ཅད་རང་བྱུང་དུ་མཁྱེན། ལོ་བཅུ་ནས་པུ་ཏོ་བ་བསྟེན། ཉེར་གཅི…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སྐྱེད་ལུགས་གཉིས་གཅིག་པའི་གྲུབ་མཐའ་མཛད། ཚོགས་པ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་རྟག་དུ་འདུ། དོན་གཉིས་པ་མེ་བྱ་ལ་ཐེགས། སློབ་མ་འཕྲིན་ལས་ཅན་མང་ན་འང་གཙོ་བོར་བྱང་ཆུབ་སེམས་ཀྱི་བཀའ་བབས་མཆད་ཀ་བ། རྣམ་ཐར་གྱི་བཀའ་བབས་ཉི་མ་འདུལ་འཛིན། གཞུང་བཤད་ཀྱི་བཀའ་བབས་སྟབས་ཀ་བ། རྟོགས་པའི་བཀའ་བབས་རོང་སྟོན་ཤེས་འོད། འཕྲིན་ལས་ཀྱི་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      དེ་ནས་རིམ་པར་ལྷ་བྲག་ཁ་བ་བློ་གྲོས་ཡེ་ཤེས། ལྷ་བློ་གྲོས་འོད། ལྷ་རིན་སེང༌། ལྷ་ཤཱཀྱ་བསོད་ནམས་ནས་དེང་སང་གི་བར་དུ་ལྷའི་གདུང་གིས་འཛིན་ནོ། །སྟབས་ཀ་བས་སྟབས་ཀ །འོད་འཛོ། ཁྲ་ཕུ་གསུམ་བཏབ། གཏུམ་སྟོན་ལ་བླ་མས་ཁྱོད་ཀྱིས་དགེ་སློང་བཞི་སྡེ་རེ་མ་བྲལ་བར་བསྟེན་གསུངས་ནས་སྣར་ཐང་བཏབ། ལོ་བཅུ་བཞི་ནས་རྡོ་སྟོན་ཤེས་རབ་གྲགས་བསྐ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སོགས་མང་དུ་བྱོན། གདན་སར་ཤ་པོ་བ་གླང་ཐང་ཞང༌། དགེ་བཤེས་གཉན་སོགས་བྱུང་ཞིང་ཕྱིས་རྒྱ་མ་བ་ལ་ཕུལ་ལོ། །བཀའ་གདམས་གཞུང་བའི་སྐབས་སོ། །ཕྱག་རྡོར་གྱི་ངོ་བོ་སྤྱན་སྔ་ཚུལ་ཁྲིམས་འབར་ནི་ཉན་གྱི་སྣང་ར་སྒང་དུ་དབས་ཤཱཀྱ་རྡོ་རྗེ་དང་ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་ས་སྟག་ལ་འཁྲུངས། བཅོ་བརྒྱད་པ་ལ་མལ་སེམས་དཔའ་ཤེས་རབ་ལས་རབ་ཏུ་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      སློབ་ལྷོ་བྲག་སྲིན་པོ་བ་སོགས་ཡིན། སྤྱན་སྔའི་སློབ་མའི་གཙོ་བོ་ནི་སྤྲུལ་སྐུ་བྱ་ཡུལ་པ་ཆེན་པོ་སྟེ་སྟོད་ལུང་གོལ་གྱི་ལུང་དུ་འཁྲུངས། ཡབ་གཤེགས་ཡུམ་གྱིས་བོར་སྟེ་ནེ་ནེ་མོ་ཞིག་གིས་བསྐྱངས། བཅུ་གཉིས་ལ་རབ་ཏུ་བྱུང་ཞིང་བཅུ་དྲུག་ནས་སྟོད་ལུང་པའི་ཉེ་གནས་ལོ་ལྔ་མཛད། བསླབ་བཏུས་སོགས་མཁྱེན་པར་སྦྱངས། སྟོད་ལུང་པས་སྤྱན་སྔ་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      འདུག་པ་བཏུལ་ནས་ཕ་བོང་ཐག །ཐུག་རྣམས་བཅག་ཞིང་སྦས་སྟེ་བྱ་ཡུལ་བཏབ། ཤིང་རྣམས་ནགས་ཤོད་ནས་དྲངས། རྟེན་དང་ས་རྒྱན་གནམ་རྒྱན་མི་ཤོང་བ་འདུས། འགྲོ་དོན་ཆེར་མཛད་དེ་རེ་བཞི་པ་ས་རྟ་ལ་གཤེགས་གདུང་སྦྱངས་པས་དུ་བས་གར་ཁེབ་ཏུ་རིང་སྲེལ་བྱུང༌། ཚོགས་པ་ཉིས་སྟོང་ལྷག་ཙམ་གྱི་ནང་ནས་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཆེན་པོ་བརྒ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཤིང་རྟ་མྱུར་དུ་འཆག་པར་ལུང་བསྟན་པ་ལྟར་དོན་གསུམ་པ་ལྕགས་ཕོ་རྟ་པཎ་ཆེན་ས་སྐྱར་དབྱར་གནས་པའི་ལོ་འདུན་མའི་ཞལ་བསྐོས་མཛད་པ་འཁོར་ཚོ་མ་ཉན་པས་ངའི་སྐྱ་མ་དེ་རིང་ནས་ཙེན་བསྡུས་ཆོག་གསུངས་འཕོ་བ་མཛད་ནས་གཤེགས། སངས་རྒྱས་ཡོན་ཏན། བདེ་གཤེགས་ཆེན་པོ་སོགས་གདན་རིམ་བཟང་དུ་བྱུང༌། བདག་གི་ལོ་སོ་གསུམ་པ་མེ་སྤྲེ་ལ་རྒྱ་མའི་ལྷ་ཁང་ཆེན་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      བླ་མས་བྱིན་གྱིས་བརླབས་པས་ནི་ཡིན་ཆོས་མི་ཤེས་ཟེར་བས་དེ་གཉིས་ནི་འགལ། གང་ལྟ་ནའང་ཞལ་ལྟ་སྙམ་ནས་མཇལ། རྟ་བཟང་པོ་གཅིག་དང་གསེར་སྲང་གང་ཕུལ། ཚོགས་ཆོས་ཅིག་གསན་པས་སྔར་གྱི་ཚོ་ཁ་བཤད་ཙམ་ཡིན་པར་འདུག་སྙམ་དུ་བཅོས་མིན་གྱིས་མོས་གུས་སྐྱེས། སྔོན་རྣལ་འབྱོར་པ་རྣམས་ཀྱིས་སྤྱན་སྔ་བསྐྱངས་པ་ལྟར་སྐྱོང་གསུང་ནས་ཆོས་ཚུར་བསྐྱལ་ཞིང་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ནི་འཕན་ཡུལ་མདར་ལྕགས་ཕག་ལ་འཁྲུངས། ཡུམ་སྒྲོལ་མར་གཟིགས། ལྕམ་མོས་སངས་རྒྱས་སྒོམ་པ་ལ་སྐྱབས་སུ་མཆི་ཟེར་བས་དད་ཅིང་སངས་རྒྱས་སྒོམ་པ་ཞལ་གཟིགས། རྣལ་འབྱོར་བྱང་སེང་ལས་རབ་བྱུང་བསྙེན་རྫོགས་མཛད། སངས་རྒྱས་སྒོམ་པའི་གདམས་པ་ཡོངས་སུ་རྫོགས། ལྷ་མོས་བསྐུལ་སྟེ་གདན་ས་མཛད། རེ་དྲུག་པ་མེ་འབྲུག་ལ་གཤེགས། དེའི་སློབ་མ་འོད་གསལ་བས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བཀའ་གདམས་ཀྱི་བྱུང་བ་བརྗོད་པ།
      ཡང་སྐུ་མཆེད་གསུམ་གྱི་ཁར་ཁམ་པ་ལུང་པ་བསྣན་པས་ཞལ་བཞི་ཞེས་ཀྱང་གྲགས་སྟེ་དེ་ནི་སྒང་ཤཱཀྱ་ཡོན་ཏན་ཟེར། ཤིང་གླང་འཁྲུངས། གོ་གཅིག་ཤིང་འབྲུག་ལ་ཐེགས་སྟེ་སློབ་མ་རྣམས་སྣེའུ་ཟུར་པ་དང་ཐུན་མོང་དུ་གྱུར་ཏོ། །རོང་པ་ཕྱག་སོར་བ་ནི་ཇོ་བོའི་དངོས་སློབ་བརྒྱད་ཡང་སློབ་དང་ཉིང་སློབ་མང་པོ་བསྟེན་པས་ཅུང་ཟད་མ་མཐུན་ནས་སྔ་རིས་སུ་ནག་ཚོ་…