Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 476 of 500
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      ཆེན་མོ་མ༔ སྣང་སྲིད་ཐམས་ཅད་མཆོད་དོ་བཞེས༔ ལུགས་འབྱུང་ལུགས་ལྡོག་རྟེན་འབྲེལ་རྣམས༔ དགའ་བཞིའི་ངོ་བོར་རྣམ་དག་ནས༔ མཐར་ཐུག་རྡོ་རྗེ་འཆང་གི་ས༔ སྐུ་གསུང་ཐུགས་དང་ཡེ་ཤེས་སུ༔ མངོན་དུ་གྱུར་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་དེ། མཆོད་བསྟོད་ཕྲིན་བཅོལ་ཐུགས་དམ་བསྐུལ་བ་རྣམས་དེ་དག་ལ་ཚང་བ་ཡིན་ནོ། །གལ་ཏེ་སྐོང་བཤགས་ཕུད་སྐོང་སོགས་ས…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      ལ་བཏགས་ཤིང་ལྟ་ལོག་མུ་སྟེགས་ཀྱི་རྒོལ་བ་སྲུང་བ་སོགས། བོད་ཁམས་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པས་སྐྱོང་བར་བཀའ་བསྒོས་ཤིང་རང་གིས་ཁས་བླངས་དམ་བཅས་པ་ལྟར། སྤྱིར་བོད་ཁམས་སྡེ་དང་བཅས་པ་མཐའ་དག་དང་། ཁྱད་པར་གསང་ཆེན་བསྟན་པའི་སྙིང་པོ་དེ་འཛིན་དང་བཅས་པ་གཅེས་པའི་བུ་བཞིན་དུ་སྐྱོང་ཞིང་ཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པའི་མཐ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      སྲིན་པོ་ཡིས༔ བཀའ་བསྩལ་ཇི་བཞིན་གཉེར་བླངས་ནས༔ བསྟན་པ་སྲུང་བ་བརྟན་མའི་ཚོགས༔ སྙིང་ཉེ་སྒྲུབ་སླ་གྲོགས་ཀྱི་མཆོག༔ རྗེ་མོ་གྲོགས་དང་འབངས་སུ་བསྟེན༔ དམ་ཚིག་གཞུང་སྲོངས་མཆོད་བསྟོད་མཛོད༔ ས་མ་ཡ་རཀྵནྟུ་ཧཱུྃ་ཛ༔ ཞེས་གནང་བ་སྦྱིན་ནས་བདུད་རྩི་བྱིན། བླ་མ་བདེ་གཤེགས་འདུས་པའི་སྐུ༔ ཞེས་སོགས་ཀྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      འབྱམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་བ་རྣམས། སྐུ་དགྱེས་པའི་འཛུམ་མདངས་ཤིག་ཤིག །གསུང་སྙན་པའི་བཞད་སྒྲ་དིར་དིར། ཐུགས་བརྩེ་བའི་དུང་སེམས་དང་བཅས་ཏེ་བྱིན་རླབས་དངོས་གྲུབ་ཀྱི་ཆར་རྒྱུན་འབེབ་བཞིན་དུ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      པས་མ་མོ་སོ་སོ་རིམ་པ་བཞིན་བྱོན་ནས། ཁྱེད་རང་ལ་གུས་པ་ཆེན་པོས་འདུན་ཅིང་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་གཡར་དམ་བཅས་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། བདུད་མོ་བཞི་ནས་གཟུང་སོ་སོའི་གཏོར་མ་ཙཀ་ལི་དང་བཅས་པ་གཏད་ལ། བྷྱོ༔ བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་བདུད་ཀྱི་བ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས༔ དྲེལ་རྟ་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་མ་མ་ཧཱུྃ་ཨ་བྷི༴ གནོད་སྦྱིན་བཞི་ནི། བྷྱོ༔ ལྷ་ཕུ་གངས་དཀར་མ་ནི་གསང་བའི་མཚན༔ གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ༔ ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ༔ ཤ་བ་བཅིབས་ནས་བསྟན་པའ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      དཀར་ལྗང་དར་གྱི་ན་བཟའ་གསོལ༔ མདའ་དར་དང་ནི་རིན་ཆེན་སྒྲོམ་བུ་འཛིན༔ རྟ་མཆོག་བཅིབས་ནས་བསྟན་པའི་བྱ་ར་མཛད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང༴ ཨཱོྃ་བཛྲ་སིང་ཨ་བི་ཧཱུྃ་ཨ་བྷི༴ བྷྱོ༔ ཨེ་གཉལ་ར་མདོའི་སྤོ་ན་གསང་བའི་མཚན༔ བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བས…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      མེད་དུ་སྒྲུབ་པར་བསམ་ལ། གོང་གནོན་གྱི་སྙིང་པོས་སྣ་དྲངས་ཏེ་བཛྲ་ཨཱ་ར་ལི་ཛ༔སོགས་སྲོག་སྙིང་རྣམས་རྗེས་ཟློས་བྱར་གཞུག །དེ་ནས་གཏོར་མ་ཐམས་ཅད་གཅིག་ཏུ་བཀོད་པ་སློབ་མའི་ལག་ཏུ་གཏད་ལ། ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་མངག་གཞུག་ཆེན་མོ། དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས། རྗེ་བཙུན་རྩ་བ་དང་བརྒྱུད…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      ཆ་ཤས་རེ་དང་ནང་མཆོད་ཅུང་ཟད་རེ་བླུད་པ་སློབ་བུ་དང་བརྟན་མ་རྣམས་དམ་ཚིག་མཚུངས་པར་སྤྱོད་པའི་བསམ་པས་ལོངས་སྤྱོད་དུ་བཅུག་ནས་ལྷ་མི་གཉིས་ཀ་ལ་བཀའ་བསྒོ་བའི་ཚུལ་དུ། ཧཱུྃ༔ རྡོ་རྗེ་འཛིན་པ་འཁོར་དང་བཅས༔ མཁའ་འགྲོ་བརྟན་མ་སྡེ་དཔུང་རྣམས༔ རྟག་ཏུ་མཆོད་སྒྲུབ་དམ་ཚིག་སྲུངས༔ ཇི་ལྟར་བཀའ་བསྩལ་བསྒྲུབ་པར་མཛོད༔ ཅེས་བསྒྲགས་པས་དམ་ཚིག་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      བོད་ཀྱི་ཡུལ་བདག་ཆེན་མོ་དམ་ཅན་བརྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      པའང་ཡོད་པ་ནི་མཁྱེན་བརྩེ་ཁུ་དབོན་གྱི་ཆོག་ཁྲིགས་ལས་ཤེས་པར་འགྱུར་ཞིང་། འདིར་ནི་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་ཆོག་ཁྲིགས་ལ་གཙོ་བོར་བརྟེན་པ་ཡིན་ནོ། །འདི་ལ་གཏེར་ཁ་སོ་སོ་ལས་བྱུང་བའི་སྤྱི་དང་བྱེ་བྲག་གི་སྒྲུབ་ཐབས་མཆོད་ཕྲིན་ལས་ཚོགས་དང་བཅས་པ་མང་དུ་ཡོད་པ་དོན་དུ་གཉེར་ན་དེ་དག་ལས་ཤེས་པར་བྱ་ཞིང་། རྒྱུན་གྱི་མཆོད་པའི་ཕྲ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      ཨཱོྃ་སྭསྟི། དཔལ་ཆེན་གསང་བདག་ཧེ་རུ་ཀར། །བཏུད་ནས་རྒྱལ་ཆེན་པེ་ཧ་རའི། །སྒྲུབ་ཐབས་སྲོག་གཏད་ཆོ་གའི་ཁྲིགས། །མདོ་ཙམ་འདིར་ནི་གསལ་བར་བྱ། །འདིར་དཀོར་བདག་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་དང་འབྲེལ་བར་སྲོག་གཏད་ཀྱི་ཆོ་ག་སྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་། དངོས་གཞི་སྒྲུབ་པའི་ཐབས། སྲོག་གཏད་ཀྱི་ཆོ་གའོ། །དང་པོ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      སྐྱེམས། མངར་སྐྱེམས། ཉེར་སྤྱོད། ལུག་དཀར་ལག་གཡས། སྤོས་དཀར། སྨན་ཤིང་གི་བསང་དུད། སྨྱུག་རྒོད་མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་དང་། རིགས་ལྔའི་ཕྱག་མཚན། དམ་ཤིང་། རྒྱལ་མཚན་ལྔ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ།། །།གཉིས་པ་སྒྲུབ་པའི་ཐབས་ནི། གོང་གནོན་གྱི་ལྷ་རྟ་མགྲིན་དང་ཕྱག་རྡོར་གཉིས་དམིགས་སུ་བསལ་བས་ད…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      གྱི་རྒྱལ་པོ་ཤིང་བྱ་ཅན་མཐིང་ནག་སྦྲུལ་དང་སྟག་གི་གོས་ཅན་དབུ་ལ་ཐང་ཐེབས་ཁྱུང་མགོ་ཅན་གསོལ་བ་དགྲ་སཏྭ་དང་བདུད་ཞགས་ཐོགས་པ་བདུད་རྟ་རྟིང་དཀར་བཅིབས་ནས་རོལ་དུ་གཡུ་འབྲུག་ཁྲིད་པ། ནུབ་ཏུ་གསུང་གི་རྒྱལ་པོ་དགྲ་བླ་སྐྱེས་གཅིག་དམར་པོ་དར་ནག་གི་བེར་ཅན་དབུ་ལ་སྨྱུག་ཞུ་གསོལ་བ་སྦའི་འགྱིང་འཁར་དང་ཙནྡན་གྱི་བེང་ཆེན་ཐོགས་པ་དྲེལ་ནག་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་སྲུང་བའི་སྐྱེས་མཆོག་རྣམས༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་ཨཾ་ཀུ་ཤ་ས་མ་ཡ་ཛཿཛ༔ ཞེས་སྤྱན་དྲང་། ཧཱུྃ༔ རིན་ཆེན་སྣ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      པར་བྱའོ། །ཧཱུྃ༔ སྒྲུབ་མཆོག་བདུད་འདུལ་ཡེ་ནས་ཐུགས་དམ་ཅན༔ འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ༔ དམ་ཉམས་གདུག་པའི་དགྲ་བགེགས་ཀུན་སྒྲོལ་བའི༔ ཐུགས་རྗེ་སྙོམས་མཛད་ཁྱོད་ལ་བདག་བསྟོད་དོ༔ འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ༔ སྐྱེ་མེད་ཆོས་ཀྱི་དོན་རྟོགས་སྒྲུབ་མཆོག་ཁྱོད༔ སྐྱེ་ཤི་རྩད་གཅོད་ལེགས་ཉེས་སྟངས་འཛིན་པའི༔ ཐ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      གྱིས་ཀྱང་དགོས་དོན་འགྲུབ་ཅིང་། མཐར་གཏོར་སྐྱོང་གཏང་རག་གཟོད་གསོལ་སོགས་སྤྱི་དང་འདྲའོ།། ༈ །།གསུམ་པ་སྲོག་གཏད་ཀྱི་ཆོ་ག་ནི། བཤད་མ་ཐག་པའི་སྒྲུབ་མཆོད་སྔོན་དུ་འགྲོ་བས། སློབ་མའི་བྱ་བ་ཁྲུས་དང་བགེགས་སྐྲད་སོང་ནས། མཚམས་སྦྱོར་ཅི་རིགས་པ་ལས། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་གྲགས་པ་འདི་ཉིད། ངེས་པའི་དོན་དུ་དེ་བཞིན…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་དགྲ་བཅོམ་པ་ལེགས་ལྡན་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་ཡང་སྔོན་གྱི་བག་ཆགས་ཀྱིས་དགེ་སློང་དེ་ལ་གནོད་ཅིང་འཚེ་བར་བྱེད་པ་ན། གསང་བའི་བདག་པོ་དང་དགེ་སློང་ཉིད་ཀྱིས་གནད་ལ་ཕབ་སྟེ་གཟིར་ཞིང་དམ་ལ་བཏགས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་དུས་ཕྱིས་བོད་ཡུལ་གྱི་རྒྱལ་ཁམས་སུ་མངའ་བདག…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      གུ་དང་རྒྱའི་དཔུང་བཏུལ། ཧོར་གྱི་སྒོམ་གྲྭ་བར་པ་བཅོམ་སྟེ་དཀོར་ཆ་རྣམས་ཁྱེར་བའི་རྗེས་སུ་པེ་ཧར་འཁོར་བཅས་བྱོན་པ་པེ་ཧར་གླིང་དུ་རྟེན་བཙུགས། གཙུག་ལག་ཆོས་འཁོར་དཀོར་ནོར་དང་བཅས་པ་གཉེར་གཏད། རྒྱུད་སྒྲུབ་ཐབས་མན་ངག་ལས་ཚོགས་དང་བཅས་པ་ཟབ་མོའི་གནད་དུ་དྲིལ་ནས་བསྟན་པའི་སྲུང་མར་བསྐོས་པའི་ཆོས་སྐྱོང་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      པ་ལས་གསང་བའི་བདག་པོ་དང་། མདུན་གྱི་གཏོར་མ་རྒྱལ་ཆེན་འཁོར་བཅས་སུ་སྔར་ལྟར་བསྐྱེད། སྤོས་དང་རོལ་མོར་བཅས་པས་སྤྱན་དྲངས། བཞུགས་གསོལ་དམ་གཞག་མཆོད་བསྟོད་རྣམས་བྱས་ལ། སློབ་མའི་སྙིང་གར་པད་ཉི་ལ་ཧཱུྃ་ཡིག་འབར་བ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ལས་རང་འདྲའི་སྤྲུལ་པ་དཔག་ཏུ…
      RTZ061 · འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
      ཉང་གཏེར་རྒྱལ་ཆེན་པེ་ཧ་རའི་སྒྲུབ་ཐབས་སྲོག་གཏད་དང་བཅས་པ།
      བྷི་ཥིཉྩ་ཧཱུྃ༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ རིན་ཆེན་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དོན་རྟོགས་ཤོག༔ ཏྲཱཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ༔ དེ་རིང་ཕན་ཆད་སྐལ་ལྡན་བུ་ཁྱོད་ལ༔ པདྨ་རིགས་ཀྱི་ཕྱག་རྒྱས་དབང་བསྐུར་བས༔ སོ་སོར་རྟོག་པའི་ཡེ་ཤེས་དོན་རྟོགས་ཤོག༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཾ༔ དེ་རིང་ཕན་ཆད་སྐལ་ལྡན་…