Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 288 of 450
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      ཞུགས་ནས་སྔོན་གྱི་སྤྱོད་པ་རྣམ་པར་དག་པའི་སྒོ་རྡོ་རྗེ་ཆེན་པོའི་འབྱུང་གནས་གསང་སྔགས་ཀྱི་རྒྱལ་པོ་འདི་གསུངས་སོ། །ན་མཿསརྦ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་ཐཱ་ཁཾ། གསང་སྔགས་ཀྱི་རྒྱལ་པོ་གསུངས་མ་ཐག་ཏུ་དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་པའི་སྙིང་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། ཀྱེ་མ་ཡེ་ཤེས་སྐྱིད་པ་ཆེ། །…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      བཅུ་དག་ན་སངས་རྒྱས་ཅི་སྙེད་ཅིག །སེམས་ཅན་དོན་མཛད་བསམ་ཡས་གཟུགས་མངའ་བ། །དེ་དག་མ་ལུས་དོན་གྱི་མདུན་འགྲོ་ཁྱོད། །གསང་བའི་བདག་པོ་སེམས་ཅན་མཆོག་ཚུར་ཤོག །གསང་བའི་དམ་པ་སེམས་ཅན་སྙིང་པོ་ཚུར། །གདུལ་དཀའ་རྟག་འདུལ་དབང་ཐོབ་ཚུར་ཤོག་ཅིག །བརྟན་ཏེ་བྱུང་ལས་སྐྱེས་པའོ། །དུས་དང་ཚོད་ཤེས་ཚུར་ཤོག་ཅིག །དམ་པ་ཐོབ་པ་ཚུར་ཤོག་ཅིག །དམ་པ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      ཀྱི་རྒྱལ་མོ་འདིས་བསྐུལ་བས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གནོད་སྦྱིན་གྱི་ཚོགས་ཐམས་ཅད་ལ་སྨྲས་པ། གྲོགས་པོ་དག་ཚུར་ཤེགས། བཅོམ་ལྡན་འདས་དེ་ལ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དུ་མའི་ཚོགས་ཀྱིས་ནི་བསྐོར། ཉན་ཐོས་བརྒྱ་སྟོང་དུ་མས་ནི་བསྐོར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བས་སྟེང་གི་བར་སྣང་ཡོངས་སུ་བསྐོར་བ་ལྷའི་རས་བཅོས་མ་དང་དར་གྱི་ལྡ་ལྡི་མང་པོ་བྲེས་པས་མཛེས་པར་བྱས་པ། ལྷའི་སིལ་སྙན་དང་ཕེབ་རྡོ་བ་པ་སྙན་ཅིང་ཡིད་དུ་འོང་བའི་སྒྲ་འབྱིན་པ། ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གླུ་ལེན་གར་བྱེད་རོལ་མོ་བྱེད་ཅིང་སྙན་པར་སྨྲ་ལ་གདུ་བུ་དང་རྣ་ཆ་གདུབ་འཁོར་གྱི…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      རྒྱན་བཀོད་པའི་ཁང་པ་བརྩེགས་པ་ཐམས་ཅད་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བས་མཛེས་པར་བྱས་སོ། །ཁང་པ་བརྩེགས་པ་དེ་དག་ཏུ་ཡང་པདྨའི་སྙིང་པོའི་སེང་གེའི་ཁྲི་རྣམས་སྤྲུལ་ཏོ། །ཁང་པ་བརྩེགས་པ་ཐམས་ཅད་ཀྱང་བཻཌཱུཪྱ་ཆེན་པོ་གསལ་བའི་རང་བཞིན་ཅན་ཏེ། འདི་ལྟ་སྟེ་དཔེར་ན་ཤིན་ཏུ་ཕྱིས་པའི་མེ་ལོང་ཅི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྒ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་སྣང་བ་དེས་སྣང་བར་བྱས་པས་ཕྱོགས་བཞིར་རྣམ་པར་བལྟས་པ་དང་སྟེང་གི་བར་སྣང་ལ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་བའི་ཉི་མ་སྟོང་ལྟར་ལྷམ་མེར་རྣམ་པར་མཛེས་པར་མཐོང་ངོ་། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་པའི་སྙིང་གིས་ཕན་ཚུན་རྣམ་པར་བལྟས་ནས་ཅང་མི་སྨྲ་བར་འ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      འདྲིའོ། །བཅོམ་ལྡན་འདས་ཀྱིས་ཚིག་གི་ལན་འདི་བཀའ་སྩལ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཤིང་ཏ་ལ་བདུན་སྲིད་ཙམ་གྱི་སྟེང་གི་བར་སྣང་ལ་འདུག་ནས་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ཐམས་ཅད་དུ་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་།…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་བལྟ་ཞིང་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ཁང་པ་བརྩེགས་པ་དེ་དང་བཀོད་པ་དེ་དག་དང་སིལ་སྙན་དང་ཕེག་རྡོབ་པ་དེ་དག་ལས་ཐེག་པ་ཆེན་པོའི་ཐོག་མའི་སྤྱོད་པའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲག་སྟེ། གཟོད་ནས་ཞི་ཞིང་མཚན་ཉིད་མེད། །ཆོས་ཉིད་གཅིག་ཏུ་དག་པ་སྟེ། །ཁྱེད་ཅག་ཐེ་ཙོམ་དོགས་སྤོངས…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། …
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      དུ་བྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡུལ་དང་དུས་ཀྱི་དབང་གིས་སེམས་ཅན་འདུལ་བའི་དབང་ཉེ་བར་བཟུང་སྟེ་བྱ་བ་དང་ལས་ཀྱིས་ཀུན་དུ་བཟུང་སྟེ་བྱ་བ་དང་ལས་ཀྱིས་ཀུན་དུ་བསླང་བའི་ཚུལ་གྱིས་འདོགས་པ་སྟེ་རིགས་ཀྱི་བུ་འདི་ནི་སྤྱོད་པའི་ངོ་བོའི་ཐེག་པ་ཆེན་པོའོ། །རིགས་ཀྱི་བུ་དེ་ལ་འདུས་མ་བྱས་…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      བ་སྟོན་ཏོ། །སངས་རྒྱས་ཀྱི་མཛད་པ་བདུད་བཞི་ཕམ་པར་བྱེད་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཐུག་པའི་བར་དང་། གནས་པ་དང་། འབྱུང་བ་དང་། འཇིག་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འབྱོར་པ་དང་། རྒུད་པ་འཇིག་རྟེན་དུ་ཀུན་དུ་སྟོན་ཏོ། །རིགས་ཀྱི་བུ་དེ་ལ་སོགས་པ་དུས་དང་ཡུལ་གྱི་དབང…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      འམ། ཚོད་ཅེས་བྱ་བ་འམ། སྐད་ཅིག་ཅེས་བྱ་བ་འམ། ཡུད་ཙམ་ཞེས་བྱ་བ་འམ། ཐང་ཅིག་ཅེས་བྱ་བ་མེད་དོ། །དེ་ལ་ནི་ཟླ་བ་ཞེས་བྱ་བ་འམ། སྐར་མ་ཞེས་བྱ་བ་འམ། ཉི་མ་ཞེས་བྱ་བ་འམ། མེ་ཞེས་བྱ་བ་འམ། རླུང་ཞེས་བྱ་བ་འམ། ཆུ་ཞེས་བྱ་བ་འམ། ས་ཞེས་བྱ་བ་འམ། མཚན་མོ་ཞེས་བྱ་བ་འམ། ཉིན་མོ་ཞེས་བྱ་བ་འམ། དུས་ཚིགས་ཞེས་བྱ་བ་འམ། ལོ་ཁྱུད་འཁོར་ཞེས་བྱ་བ་འ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      རྣམས་ནི་ཤེས་པ་མེད་པ་ཐོབ་པ་མེད་པ་མངོན་པར་རྟོགས་པ་མེད་པ་མངོན་སུམ་དུ་བྱེད་པ་མེད་པའོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྤྱོད་པ་སྤྱད་པའོ། །གང་དུ་ཡང་མི་ཆགས་པའོ། །གང་དུ་ཡང་རྗེས་སུ་ཆགས་པ་མེད་དོ། །གང་དུ་ཡང་ཁོང་ཁྲོ་བ་མེད་དོ། །གང་དུ་ཡང་ཞེ་སྡང་བ་མེད་དོ། །…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      ལྡན་འདས་དེ་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ལགས་སོ། །བཅོམ་ལྡན་འདས་དེ་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་འཕྲུལ་པའི་གནས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་སྐལ་བ་མཆིས་པ་ལགས་སོ། །བདག་ལ་ཐུགས་བརྩེ་བར་དགོངས་ཏེ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་ཡ་མཚན་དུ་ཆེའོ་སྙམ་དུ་སྙིང་འདུན་པར་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་ཞིང་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་ཡ་མཚན་ཆེ་སྙམ་དུ་རྩེ་གཅིག་ཏུ་གྱུར་པར་རིག་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དག…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      དུ་ཆུད། །སྔོན་གྱི་སྨོན་ལམ་ངེས་བྱུང་བ། །སངས་རྒྱས་སྲས་པོ་གྲགས་ཆེན་ལགས། །ཐོག་མའི་སྤྱོད་ལྡན་ངེས་པ་འདི། །སངས་རྒྱས་འདྲ་ཙམ་ཅི་ཞིག་སྟེ། །བདེ་གཤེགས་སྲས་པོ་ཆགས་མེད་པ། །བྱང་ཆུབ་མཐར་ཐུག་དབང་ཐོབ་ལགས། །གསང་སྔགས་མགོན་པོས་རྣམ་ཀུན་དུ། །འཁོར་འདི་བྱིན་གྱིས་བརླབས་ལགས་ན། །གསང་སྔགས་རྒྱལ་པོ་བཀའ་སྩལ་ནས། །ཅི་སླད་མི་གསུང་གྱུ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      བྱ་བའི་འོད་ཟེར་ཕྱུང་ངོ་། །འོད་ཟེར་དེ་དག་ཕྱུང་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོའི་སྤྱི་གཙུག་དུ་ཞུགས་སོ། །དེ་བཞིན་གཤེགས་པའི་འོད་ཟེར་དེ་དག་ཞུགས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དགའ་ཞིང་མགུ་ནས་རབ་ཏུ་དགའ་སྟེ་ཐོགས་…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      གསང་བའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་འདི་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་གུ་ཧྱ་བཛྲ་དྷ་ར་སྭཱ་ཧཱ། དེ་ནས་གསང་བའི་རྡོ་རྗེའི་སྙིང་པོ་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གསང་བའི་བདག་པོ་གསང་བའི་བདག་པོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      བཅིང་བའི་སྙིང་པོ་འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ན་སེམས་ཅན་མ་རུངས་པ་ཐམས་ཅད་རྡོ་རྗེའི་བཅིང་བས་བཅིངས་པར་སྣང་ངོ་། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་སའི་རྡོ་རྗེའི་ཕུར་བུ་ཞེས་བྱ་བའི་རྡོ་རྗེའི་སྙིང་པོ་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཋ་ཋ་ཋ་ཋ་ཋྃ་སྭཱ་ཧཱ། ས་རྟོན་གྱི་རྡོ་རྗེའི་སྙིང་པོ་འདི་གས…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ།
      གྱི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཀླུའི་རྡོ་རྗེ་བསྒྲགས་པའི་ཏོག་རྒྱལ་མཚན་ཞེས་བྱ་བའི་སྙིང་པོ་གསུངས་པ། ནམཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་ཧ་ར་ཧ་ར་ནཱ་ག་བཛྲ་སྭཱ་ཧཱ། དེ་ནས་ཀླུའི་རྡོ་རྗེའི་སྙིང་པོ་འདི་གསུངས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་…