Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 314 of 450
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འདོད་པ་ལ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་རྒྱལ་པོ་དེའི་མཚན་ཐོས་པར་གྱུར་པ་དེ་དག་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་ཏེ། དེ་དག་ཕན་ཚུན་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། གནོད་པའི་སེམས་མེད་པའི་སེམས་སུ་གནས་པར་འགྱུར། རང་རང་གི་བདོག་པས་ཆོག་ཤེས་པར་འགྱུར་རོ། །འཇམ་དཔལ་གཞན་ཡང་འཁ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཕྱུག་ཕུན་སུམ་ཚོགས་པ་དང་། གཡོག་ཕུན་སུམ་ཚོགས་པ་དང་། དཔའ་བ་དང་། རྟུལ་ཕོད་པ་དང་། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ། །བུད་མེད་གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་དེ་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བསྙེན་གནས་ལ་ཉེ་བར་གནས་པར་བྱ། ཁ་ཟས་གཙང་མ་བཟའ་ཞིང་ལུས་ལེགས་པར་བཀྲུས་ཏེ། གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཕྱོགས་གཙང་མར་མེ་ཏོག་སྣ་ཚོགས་སིལ་མ་བཀྲམ་པ། སྤོས་སྣ་ཚོགས་ཀྱིས་བདུགས་པ། རས་དང་། གདུགས་དང་། རྒྱལ་མཚན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་ས་ཕྱོགས་སུ་དྲི་མ་མེད་པའི་སེམས་དང་། རྙོག་པ་མེད་པའི་སེམས་དང་། གནོད་སེམས་མ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །གང་དག་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་། ཆོམ་པོས་འཇིགས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱའོ། །འཇམ་དཔལ་གཞན་ཡང་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཇི་སྲིད་འཚོའི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ཅིང་། ལྷ་གཞན་མི་འཛིན་པ་དང་…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཡུལ་ཟབ་མོ་འདིི་ལ་ཡིད་གཉིས་སམ། སོམ་ཉི་འམ། ཐེ་ཚོམ་ཟ་བ་མེད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ། སོམ་ཉི་འམ། ཐེ་ཙོམ་འཚལ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      དད་ཅིང་གུས་པ་ཡང་རྙེད་པར་དཀའོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཡང་རྙེད་པར་ཤིན་ཏུ་དཀའོ། །ཀུན་དགའ་བོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྱའི་འོད་དེའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཚད་མེད་དོ། །ཐབས་མཁས་པ་ཡང་ཚད་མེད་དོ། །སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡང་ཚད་མེད་དོ། །ང་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བ་ལས། གང་དག་ནད་པ་དེའི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྱའི་འོད་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པ་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བཙུན་པ་ཀུན་དགའ་བོ་གཞན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ལ། ནད་ཀྱི་གནོད་པའམ། རང་གི་དམག་ཚོགས་སམ། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པའམ། རྒྱུ་སྐར་གྱི་གནོད་པའམ། གཟའ་ཟླ་བའི་གནོད་པའམ། གཟའ་ཉི་མའི་གནོད་པའམ། དུས་མ་ཡིན་པའི་རླུང་དང་ཆར་གྱི་གནོད་པའམ། ཐན་པའི་གནོད་པ་ཡང་རུང་སྟེ། གནོད་པ་དང་། ནད་འགོ་བ་དང་། འ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      མ་ཐོས་སམ། དེའི་ཕྱིར།སྔགས་དང་སྨན་གྱི་སྦྱོར་བ་རྣམས་བསྟན་ཏོ། །སེམས་ཅན་ནད་ཀྱིས་བཏབ་ལ། དེ་ནད་ཚབས་མི་ཆེས་ཀྱང་སྨན་དང་རིམ་གྲོ་བྱེད་པ་དང་མི་ལྡན་ནམ། ཡང་ན་སྨན་པ་སྨན་མ་ཡིན་པ་བྱེད་པ་ཡང་ཡོད་དེ། འདི་ནི་དུས་མ་ཡིན་པར་འཆི་བ་དང་པོའོ། །དུས་མ་ཡིན་པར་འཆི་བ་གཉིས་པ་ནི། གང་དག་རྒྱལ་པོའི་ཆད་པས་འཆི་བའི་དུས་བྱེད་པའོ། །དུས་མ་ཡིན…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      དཔོན་ཆེན་པོ་དབང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཏུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་དེ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས།
      རྒྱ་གར་སྐད་དུ།རྒྱ་གར་སྐད་དུ། ཨཱཪྱ་ཏ་ཐཱ་ག་ཏ་བཻ་ཌཱུཪྱ་པྲ་བྷ་ནཱ་མ་བ་ལ་དྷ་ན་ས་མཱ་དྷི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྨན་གྱི…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས།
      ལེགས་སོ། །ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས།
      ཆེན་པོ་སྤོབས་པ་བརྩེགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བལྟ་ན་མཛེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ལ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས།
      པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་མེ། བཻ་ཌཱུཪྱ་པྲ་ཏི་བྷཱ་སེ། སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། ས་མུཏྒ་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་མཚན་དང་གཟུངས་འདི་བཀའ་སྩལ་པའི་ཚེ་སྣང་བ་ཆེན་པོ་བྱུང་སྟེ། ས་ཆེན་པོ་ཡང་གཡོས་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དག་སྣང་ངོ་། །འཁོར་ཇི་ལྟར་ལྷགས་པ་དེ་དག་གིས་ཀྱང…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུཪྱའི་འོད་ཅེས་བྱ་བའི་གཟུངས།
      ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས།
      རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་མ་ཎི་བི་པུ་ལ་བི་མཱ་ན་སུ་པྲ་ཏི་ཥྛི་ཏ་གུ་ཧྱ་བ་ར་མ་ར་ཧ་སྱ་ད་ཀལྤ། རཱ་ཛཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས།
      ཡིན་ནོ། །ལག་ན་རྡོ་རྗེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་ཁོ་ན་ཉིད་ཡང་དག་པར་སངས་རྒྱས་ཀྱི་སྐུ་ཡོངས་སུ་སྒྲུབ་པ་ཡིན་ནོ། །ལག་ན་རྡོ་རྗེ་འདིའི་མིང་བཟུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་གཟུང་བར་འགྱུར་རོ། །བརྗོད་ཅིང་བཟླས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་། བསྙེན་བཀུར་དང་། ཞབས…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས།
      ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ང་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ནོར་བུའི་སྒྲོན་མ་ཞེས་བྱ་བ་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་གཉིས་པའི་ར་བ་རིན་པོ་ཆེ་སྣ་བདུན་ལས་བ…
      DKG087 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པའི་གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས།
      དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་བཟང་ཆེན་པོ་རྣམ་པར་བཀྲ་བ་རབ་གནས་གཙང་མ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཅིང་རིག་སྔགས་འཆང་བྱེ་བ་ཕྲག་མང་པོས་ཡོངས་སུ་བསྐོར་ནས་སངས་རྒྱས་ཀྱི་མཛད་པ་མཛད་དེ་དེ་བཞིན་གཤེགས་པ་དེ་ནི་གསེར་གྱི་ཁ་དོག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔ…