Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 364 of 450
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་པ། །ཚེ་རབས་ཀུན་དུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོས་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་གྲགས་འ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གྱུར་པ་ནི། ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་དཔེ་དང་ཚད་ཀྱིས་བསྐྲུན་པར་མི་ནུས་སོ། །སྙིགས་མ་ལྔའི་འཇིག་རྟེན་གྱི་ཁམས་འོད་ཟེར་དེས་སྣང་བར་གྱུར་པའི་སེམས་ཅན་དེ་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པ་དང་། བླ་མ་དང་གཉེན་པ་ལ་སྲི་ཞུ་ཆུང་བ་དང་། སློ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      འདོད་ཆགས་ཀྱིས་གཟིར་བའམ། ཞེ་སྡང་གིས་གཟིར་བའམ། གཏི་མུག་གིས་གཟིར་བའི་ལུས་དང་། ངག་དང་ཡིད་ཀྱིས་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུས་བགྱིས་པ། སངས་རྒྱས་སུ་མ་འཚལ་བ་དང་། ཆོས་སུ་མ་འཚལ་བ་དང་། དགེ་འདུན་དུ་མ་འཚལ་བ་དང་། དགེ་བ་དང་མི་དགེ་བར་མ་འཚལ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། །སླན་ཅད་ཀྱང་མི་བགྱིད་དོ། །བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་བ་དང་། སངས་རྒྱས་དང་། ཆོ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། སོ་སོར་འཆགས་པ་དང་། སོ་སོར་འཆགས་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། སླན་ཅད་ཀྱང་མི་བགྱིད་དོ། །ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། སེམས་ཅན་འདུ་ཤེས་མེད་པ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། འ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གཞན་དང་། གཞན་གྱིས་གཞན་…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས། ཉིན་ལན་གསུམ། མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་བད…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཆུབ་སེམས་དཔའི་ཐེག་པ་པའམ། དེ་ལས་གཞན་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་གང་ལགས་པ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པར་གྱུར་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་དག་ལ་ཇི་སྲིད་འཚོའི་བར་དུ། གོས་དང་། ཟས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཞིག་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། ཆོས་ཀྱི་ཆར་ནི་རབ་ཏུ་གཏོང་། ཆོས་ཀྱི་རྔ་ནི་རབ་ཏུ་རྡུང་། ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་རྡུང་། ཆོས་ཀྱི་དུང་ནི་རབ་ཏུ་འབུད། ཆོས་ཀྱི་སྲོག་ཤིང་ནི་སྒྲེང་། ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ནི་ཚིམ་པར་མཛད། ཉམ་བག་ཏུ་སྤྱོད་དུ་འཛུད་ཅིང་རེ་ཞིག་བཞུགས་སུ་གས…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་ཞེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་བཏབ་བོ། །ཤཱ་རིའི་བུ་ངས་སྔོན་…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ། མཚན་ལན་གསུམ་དུ་ཚིག་འདི་སྐད་ཅེས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པར་གྱུར་པ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། གང་ཟག་གམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ། སེམས་ཅན་གཞན་དག་ལ་ཡང་རུང་སྟེ། ཟན་ཆངས་གཅིག་ཙམ་སྩལ་བར་ག…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། དེ་ཐམས་ཅད་མཁྱེན་པ་ཉི…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། ཤིན་ཏུ་དཀར་བ་ལ་བཞུགས་ནས། བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་། བལྟ་བར་བགྱི་བ་དང་། རྟོག་པར་བགྱི་བ་དང་།…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      རྫོགས་པར་སངས་རྒྱས་ནས། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིག་ཅེས་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ནི་ཡོངས་སུ་བསྔོ་བའི་ཕུང་པོ་སྟེ། བསོད་ནམས་ཀྱི་…