Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 367 of 450
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཀྱང་མ་བྱུང་། དུས་གསུམ་གྱིས་མ་བསྐྱེད་པས་མི་སྐྱེ་བ་སྟེ། གང་མི་སྐྱེ་བ་དེ་ནི་མི་འགོག་པའོ། །གང་མི་(འོགས,འགོག)་པ་དེ་ནི་གང་ནས་ཀྱང་མ་འོངས་པའོ། །གང་ནས་ཀྱང་མ་འོངས་པ་དེ་ནི་གང་དུ་ཡང་མི་འགྲོ་བའོ། །གང་དུ་ཡང་མི་འགྲོ་བ་དེ་ནི་རྟག་པ་དང་ཆད་པ་མ་ཡིན་པས་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན།གལ་ཏེ་གཅིག་…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པ་དང་། ཐ་དད་པའི་རང་བཞིན་མ་ཡིན་ཏེ། ཀུན་རྫོབ་ཀྱང་མ་སྤངས། དོན་དམ་པ་དང་ཡང་བྲལ་བར་མ་གྱུར་པ་དེ་ནི། ཆོས་ཀྱི་དབྱིངས་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་ལྷ་མོ་དེ་རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་ཅན། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་པར་གྱུར་ནས། རིན་པོ་ཆེའི་པདྨ་ལ་འདུག་ཅིང་། བདེ་བ་ཚད་མེད་པས་ལོངས་སྤྱོད་པར་གྱུར་པ་ནི། ཇི་ལྟར་གཞན་འཕྲུལ་དབང་བྱེད་ལྷའི་གཞལ་མེད་ཁང་པ་ནངན་འགྲོ་ཐམས་ཅད་མེད་ཅིང་རིན་པོ་ཆེའི་ལྗོན་ཤིང་སྣ་ཚོགས་བྲེ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གྲོལ་བ་ཡང་གཞན། རྣམ་པར་གྲོལ་བ་མ་ཡིན་པ་ཡང་གཞན་མ་ཡིན་མོད་ཀྱི་ཚངས་པ་ཆེན་པོ་དེ་དག་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དེ་སོ་སོ་མ་ཡིན་པ། ཡང་དག་པར་དབྱེར་མེད་པ། བར་མཚམས་མེད་པ། འཕེལ་བ་དང་། འགྲིབ་པ་མེད་པ་ལ་མངོན་པར་ཆགས་ཤིང་འཛིན་ཏོ། །ཚངས་པའི་རྒྱལ་པོ་དཔེར་ན། སྒྱུ་མ་མཁན་ནམ། དེའི་སློབ་མ་སྒྱུ་མ་སྤྲུལ་པ་ལ་མཁས་ཤིང…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པའི་དོན་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི་དོན་དམ་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་མོ། །ཡང་ཚངས་པ་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་མིག་མ་ཐོབ་པ་རྣམས་ཀྱིས་ནི། ཆོས་འདི་དག་ཐམས་ཅད་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པར་ཡང་མི་ཤེས་ལ། གང་མཐོང་བ་དང་། ཐོས་པ་དང་། འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་ར…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ནས་སྐྱེ་བར་འགྱུར། སྨྲས་པ། གང་ཆོས་ཀྱི་དབྱིངས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་ཡང་དག་པར་ཤེས་པ་དེ་དག་གིས། ཟབ་མོ་དེའི་དོན་ཤེས་པར་ནུས་སོ། །དེ་ནས་ཚངས་པ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཆོས་ཀྱི་གཞུང་ཟབ་མོ་འདི་ལ་མཁས་པ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      སྟོང་དང་། རྒྱལ་པོ་དང་། བློན་པོ་ལ་སོགས་པ། ཚད་མེད་གྲངས་མེད་པ་རྣམས་ཀྱིས་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཁོར་འདུས་པ་དེའི་ནང་ན། དགེ་སློང་ཁྲི་ཕྲག་ལྔ་བཅུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་སེམས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་རིན…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གིས། ཐབས་དང་མི་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག །བསྐལ་པ་ཆེན་པོ་བརྒྱད་སྟོང་དུ་སྤྱོད་པ་བས། གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གླེགས་བམ་དུ་བྲིས་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་སེམས་རྩེ་གཅིག་ཏུ་བྱས་ཏེ་ཀློག་ཅིང་འདོན་ན། བསོད་ནམས་ཀྱི་ཕུང་པོ་འདི་ལ། བསོད་ནམས་ཀྱི་ཕ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཀྱིས་ཀྱང་དེ་བཞིན་དུ་བསླབ་ཅིང་ནན་ཏན་དུ་བྱའོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོ་ལ་སོགས་ཏེ། ཚངས་པའི་འཁོར་གྲངས་མེད་པ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཞན་ཡང་གནོད་སྦྱིན་གྱི་དབང་པོ་ལ་སོགས་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      རྒྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚངས་པའི་རྒྱལ་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྟོང་པ་ཉིད་ལ་བརྟེན་ནས་བསམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། གནོད་པ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱིད་པ། གནོད་པ་འབུམ་རབ་ཏུ་འཇོམས་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ན། ཆོས་མཉན་པ་ཆོས་བདུད་རྩིའི་ཁུ་བ་འདིས་བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བསྐུལ་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ནམ་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། རྫུ་འཕྲུལ་དང་། བྱིན་གྱིས་རླབས་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་དག་བསྐུལ་བ་ན། ཡུལ་གང་དང་གང་དུ་མཆིས་པར་གསེར་…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས། ནམ་མིའི་རྒྱལ་པོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་ལ། བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་ཆེན་པོ་དེ་ལ། རྒྱལ་པོ་ཐ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      གྱིས་ཤིག །དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་། བཅས་པ་ཁྱེད་བཞིས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་ཀུན་ཏུ་བསྲུང་བར་འགྱུར་རོ། །ཡོངས་སུ་བསྐྱང་བ་དང་། ཡོངས་སུ་གཟུང་བར་ཡང་འགྱུར་རོ། །དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང་། གནོད…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ཏམ། རིམ་གྲོ་བགྱིད་དམ། མཆོད་པ་བགྱིད་དམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། གང་དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་དུ་བགྱིད། བཙུན་པར་བགྱིད། རིམ་གྲོ་བགྱིད་ཅིང་མཆོད་དེ་རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ན། ཆོས…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཐར་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་སླར་བཟློག་པར་བགྱིའོ། །མིའི་རྒྱལ་པོ་གང་ལ་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བགྱིད་པ་དང་། མཆོད་པ་བགྱིད་པ་དེའི་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་གཞན་ཞིག་མཆིས་ལ། བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བ་དེའི་རྒྱལ་པོ་དེ་འདི་སྙམ་དུ་བདག་དཔུང་གི…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པར་བགྱིའོ། །བགེགས་ཀྱང་བགྱིའོ། །འདི་ལྟ་སྟེ། ཡུལ་དེར་ཕ་རོལ་གྱི་དམག་ཚོགས་དེ་མཆིར་ཡང་མི་ནུས་ན། ཡུལ་གཞིག་པར་བགྱིད་པར་ལྟ་ག་ལ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དག་ཁྱེད་ཡང་ལེགས་སོ། །ཁྱེད་བསྐལ་པ་གྲངས་མེད་པ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      ཇི་ལྟར་སྔོན་གྱི་ལས་བསགས་པས་རྒྱལ་པོ་ཐོབ་པའི་རང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་གིས་དགའ་བ་དང་། ཕན་ཚུན་དུ་ཡུལ་འཇིག་པར་མི་བྱེད་པ་དང་། ཡུལ་གཞིག་པའི་ཕྱིར་ཕ་རོལ་གྱིས་མི་གནོད་པ་དང་། ནམ་འཛམ་བུའི་གླིང་འདིར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཕན་ཚུན་དུ་བྱམས་པའི་སེམས་སུ་འགྱུར། བྱམས་པའི…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པར་གནོད་སྦྱིན་འབུམ་ཕྲག་དུ་མ་ལ་སྙིང་བརྩེ་བའི་ཕྱིར། རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ན། ཆོས་མཉན་པའི་ཆུ་ཀླུང་། ཆོས་བདུད་རྩིའི་ཁུ་བ་འདིས། ཁྱེད་ཅག་གི་ལུས་འདི་དག་ཚིམ་པར་འགྱུར་རོ། །ཁྱེད་ཀྱི་ལྷའི་ལུས་འདི་དག་གི་གཟི་བྱིན་ཆེན་པོ་ཡང་རྣམ་པར་འཕེལ་ལོ། །ཁྱེད་ཀྱི་བརྩོན་འགྲུས་དང་མཐུ་སྟོ…
      DKG089 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།
      པ་མེད་པར་འགྱུར། དགྲ་མེད་པར་འགྱུར། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་བརྫི་བ་དང་། གནོད་པ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། ད…