Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 374 of 450
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་འཁོར་ཀླུ་འདབ་བཟངས་ཀྱི་གདོན་གྱིས་བཏབ་པའི་ཚུལ་གྱི་མཚན་མ་ནི་འདི་ལྟ་བུ་ལགས་ཏེ། སྐྱིགས་བུས་འདེབས་ཤིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །རྔུལ་ཞིང་དབུ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །འཇིགས་དང་སྐྲག་དང་དངངས་གྱུར་ཏེ། །ཐལ་མོ་སྦྱར་ནས་འཁོད་པར་གྱུར། །འབྱུང་པོའི་ཚོགས་ནི་ལྷགས་པ་རྣམས། །དངངས་འཁྲུགས་རོད་རོད་པོར་གྱུར་ནས། །ཕྱོགས་བཅུར་རབ་ཏུ་འབྱེར་བྱེད་ཅིང་། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །རྒྱལ་པོ་ཆེན་པོས་དེ་ཤེས་ནས། །གསང་བ་གསུམ་ནི་ཡང་དག་སྨྲ། །ཀྱེ་མ་རིག་སྔགས་རིག་སྔགས…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་གཤེགས་པར་བྱེད། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེ་ཡི་སྙིང་ལ་འཇོམས་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག །དེ་ཡི་ཁ་ནས་འཛག་པར་འགྱུར། །རིག་སྔགས་ཞགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ན། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །རྒྱལ་པོ་ཆེན་པོ་…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      དེ་བཞིན་ནོ། །བདག་གིས་རི་རབ་བསྒུལ་བྱས་ཤིང་། །ས་ཡང་རབ་ཏུ་བཟློག་བྱས་ལ། །རྒྱ་མཚོ་ལ་ནི་ཐུག་པ་རྣམས། །རྣམ་པར་སྦྱང་བ་ཉིད་དུ་བྱ། །ཞགས་པ་དམ་པོ་མ་ཉམས་པས། །ཉི་མ་ཟླ་བ་རླུང་རྣམས་དང་། །སྐར་མ་དག་ནི་ཐམས་ཅད་ཀྱང་། །བདག་གིས་སུ་ནི་བཅིང་བར་བྱ། །གང་དག་རབ་ཏུ་སྡང་བྱེད་ཅིང་། །འཇིག་རྟེན་ལ་ནི་ཕན་མི་བྱེད། །དེ་དག་ལ་ནི་ཐམས་ཅད་དུ།…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      སུ། །གནོད་སྦྱིན་དང་ནི་སྲིན་པོ་བཏུལ། །ལུས་ངན་པོ་ཡི་ཚིག་ཐོས་ནས། །གནོད་སྦྱིན་གྱི་ནི་སྡེ་དཔོན་དག །ཕྱོགས་བཞི་དག་ཏུ་སོང་ནས་སུ། །གསང་བ་པོ་ལ་དྲག་ཏུ་བསྒོ། །ཐུབ་པ་འབྱུང་པོ་ཉི་ཤུ་བརྒྱད། །དྲི་ཟ་ལས་བྱུང་གདོན་གྱི་རྣམས། །ཤར་ཕྱོགས་ཆ་ན་འཁོད་པ་དག །མདོ་སྡེའི་ཞགས་པས་དེ་དག་ཀུན། །བཅིང་བ་ལྔ་ཡིས་བསྡམས་པ་ཡི། །འབྱུང་པོ་མང་པོ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། །བཅིང་བ་རྣམ་པ་ལྔས་བསྡམས་ནས། །མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། །འབྱུང་པོ་འཇོམས་པའི་རི་ལ་ནི། །འབྱུང་པོ་ཐམས་ཅད་ལྷགས་ནས་སུ། །རིག་སྔགས་ཐམས་ཅད་འབྱུང་བའི་གནས། །རིག་སྔགས་འདི་ནི་ཀུན་ཏུ་བསམས། །ཆད་པ་མི་བཟད་དྲག་པོ་སྟེ། །གང་ཕྱིར་སངས་རྒྱས་ཀུན་གྱིས་གསུངས། །གཽ་ཏ་མ་ལ་གུས་པར་ནི། །ཐམས་ཅད་དེ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      མ་དང་ནི་ཉི་ཟེར་དང་། །ཉ་ལྕིབས་དང་ནི་རལ་གྲི་བུ། །ཀུན་གྱི་བཤེས་དང་གྲགས་འཛིན་དང་། །འབྲོག་གནས་དང་ནི་ཡིད་བཟངས་དང་། །ཁབ་སྣ་དང་ནི་རི་སུལ་ཁ། །ལྔ་འཛིན་དང་ནི་ཁབ་བཟངས་དག །སྡེ་དང་དཔུང་དང་བཞོན་པར་བཅས། །ལྷ་དང་ཀླུ་དང་དྲི་ཟ་དང་། ། གནོད་སྦྱིན་སྲིན་པོ་ལྷ་མ་ཡིན། །ཉིན་གསུམ་པ་ཡི་སྨྱོ་བྱེད་དང་། །དེ་བཞིན་བཞི་པའི་རིམས་དག་དང…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      བ་དང་། །དྲི་ང་བ་དང་བུམ་ལྟོ་བོ། །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་བརྫེས་སྐྲ་རབ་ཏུ་དམར། །མགོ་བོ་ཆེ་ལ་གཞུ་མགྲིན་པོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བོ། །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ལྗོན་ཤིང་རི་དང་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་མདོག་…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་ཞགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་དབྱིག་པ་ཐོགས། །རྡོ་རྗེ་མདུང་རྩེ་ལག་ཐོགས་པ། །རབ་ཏུ་དྲག་པའི་དམག་བརྒལ་ནས། །ཕྱོགས་ཀུན་ཏུ་ནི་སྐྲག་པར་བྱེད། ། སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དད་ཀུན་ཀྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      མདངས་ཀྱང་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །རིག་སྔགས་ཞགས་པས་རབ་ཏུ་དྲངས། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རི་ཡ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      དགའ་བའི་ཡུལ་ན་རིང་པོར་སྐྱེས། །བ་ལང་འཛིན་ན་རབ་ཏུ་འཇོམས། །དུང་ཡུལ་ན་ནི་ཉི་མའི་གྲོགས། །ལྗོངས་ཆེན་རྣམས་ཀྱི་གནོད་སྦྱིན་ནི། །བརྗོད་པ་བཅུ་དྲུག་དེ་དག་དང་། །ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །ཆོས་སྐྱོང་རབ་ཏུ་དཀར་བ་དང་། །སེར་སྐྱ་རབ་མཛེས་ཁྱབ་འཇུག་པ། ། བུམ་ལྟོ་གསུས་པ་ཟླུམ་པོ་དང་། །ཆུ་སྲིན་བདེན་པ་འཆང་བ་དང་། །ལྔ་ལྡན་རྒ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      འཇིག་རྟེན་མགོན་ལ་འདི་སྐད་གསོལ། །བདག་གི་ཕྱོགས་ཆ་བྱང་ཕྱོགས་སུ། །རྒྱལ་པོའི་གནས་སུ་སྤྲུལ་པ་ནི། །ལྕང་ལོར་ལྡན་པ་ཡིད་དུ་མཆི། །དེ་བས་བདག་ནི་ལྕང་ལོའི་བདག །རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན། །ལྷ་རྣམས་ཀུན་གྱིས་བསམ་པར་གྱུར། ། ཕྱི་ར་ཤིན་ཏུ་མཐོན་པོ་ཅན། །རིན་ཆེན་ཀུན་གྱིས་བརྒྱན་པ་ལགས། །འཕང་དུ་དཔག་ཚད་བཅུ་དྲུག་སྟེ། །གསེར་གྱ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      ཁང་པ་བརྩེགས་མ་སྤྲུལ་པ་དག །གཅིག་ནི་གསེར་ལས་བགྱིས་པ་སྟེ། །གཉིས་པ་དངུལ་ལས་བགྱིས་པ་ལགས། །གསུམ་པ་བཻཌཱུཪྱ་ལས་བགྱིས། །བཞི་པ་གཙང་དང་ཤེལ་གྱི་རྒྱུ། །ལྔ་པ་མུ་ཏིག་དམར་པོ་སྟེ། །དྲུག་པ་རྡོ་ཡི་སྙིང་པོ་ལགས། །བདུན་པ་སྤུག་ལས་བགྱིས་པ་སྟེ། །བརྒྱད་པ་རིན་ཆེན་བདུན་ལས་བགྱིས། །བུད་མེད་སྟོང་ཕྲག་བརྒྱ་དག་ཀྱང་། །དེ་དག་རེ་རེ་ཀུན…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱིར། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་རྟེན་དག་གི་གནས་ན་གདའ། །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པ། །འབར་ཞིང་ཤིང་རྟའི་སྒྲ་ཡང་འབྱིན། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །གྲོང་ཁྱེར་དག་དང་ཁྱིམ་རྣམས་ཀྱི། །སྒོ་ཡང་གནོད་སྦྱིན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་ཡུལ་འཁོར་སྲུང་བ་ཡང་། །ལངས་ཏེ་ཐལ་མོ་སྦྱར་བཏུད་ནས། །མེ་ཏོག་ཚོགས་ལྟར་རྒྱས་གྱུར་ཅིང་། །ཀ་ལ་པིང་ཀའི་སྒྲ་དབྱངས་ཅན། །ཁུ་བྱུག་དང་ནི་རྨ་བྱའི་ས…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      བཤད། །སྱཱད་ཡ་ཐེ་དན། ཤཱནྟི། ཤཱ་ར་བ་ཏི། ཀཱནྟི། ཀཱ་ར་བ་ཏི། ཀིཾ་ཀ་ར་སི། ཀིཾ་ཀ་ར་ཏི། ཀིཾ་ཀ་སི་ཀི་རིཎྚི། ཀིཾ་ར་ཏེ། ཀིཾ་བ་ཏེ། དྷ་ར་ཎི། དྷ་བ་ནི། བྷཱུ་མི། དྷཱ་རྀ་ཎི། ཧི་མ་བ་ཏི། ཛྱོ་ཏིཥྩ་ར་ཎེ། གཱ་ལཱ་གྲེ། བདག་ལྷོ་ཕྱོགས་སུ་དགེ་བར་གྱུར་ཅིག་སྭཱ་ཧཱ། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་དང་དབང་ཕྱུག་ཆེ། །གནོད…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      ཁྱོད་ལ། །ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་པ་ཚངས་ཆེན་ཡང་། །ཐལ་མོ་སྦྱར་བ་བྱས་ནས་ལངས། །ཚངས་པས་བཀྲུས་པ་དག་པ་པོ། །རིག་བྱེད་ཀུན་གྱི་ཕ་རོལ་ཕྱིན། །སྐྱེ་བོ་དགའ་མཛད་སྨན་པའི་རྗེ། །འཇིག་རྟེན་ཐམས་ཅད་གསོ་མཛད་པ། །གནོད་སྦྱིན་སྲིན་པོ་གང་གི་རྣམས། །ཕྱོགས་དང་ཕྱོགས་མཚམས་གནས་པ་དང་། །ས་ཡི་…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུ་དང་།ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་བྱུང་སྟེ། དེ་ནི་དཔེར་ན་སྨན་པ་མཁས་པའི་མཆོག་ཏུ་ཕྱིན་པ། གསོ་བ་ལ་བརྩོན་པ། སྨན་པས་ཤེས་པར་བྱ་བ་ཤིན་ཏུ་བསླབས་པ་རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན། ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      དེ་ལྟ་བུའི་གྲགས་པ་དང་བཀུར་སྟི་དང་། བརྙེས་པར་བྱ་བ་བརྙེས་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་བབས་ཏེ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང་། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་བཅོམ་ལྡན་འདས་ཤིན་ཏུ་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། དབང་པ…
      DKG090 · སངས་རྒྱས་ཤཱཀྱ་ཐུབ་པ།
      སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བའི་མདོ།
      གཤེགས་ནས་ནམ་གྱི་གུང་ཐུན་ལ་སྒོ་སྐྱེས་ཀྱི་གཞི་ཞབས་ཀྱིས་མནན་ནས་ཕྱོགས་བཞིར་གཟིགས་ཏེ་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ན་བཟའ་བླ་གོས་གསོལ་ཏེ་བཀའ་སྩལ་པ། ཕྱི་མའི་དུས་ན་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ་གང་སུ་ཡང་རུང་བ་དག་དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་དང་།…