Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      8998 results — page 417 of 450
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      གཏེར་ལྟ་འཚལ་བ་དང་། ནོར་སྒྱུར་འཚལ་བ་དང་། ཕ་རོལ་གྱི་སེམས་འཚལ་བ་དང་། ཚེ་རིང་བ་དང་། དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་ལགས་སོ། །དེས་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། ང་རྒྱལ་དང་། ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་ཡོངས་སུ་སྤངས་པའི་སེམས་སུ་བགྱིའོ། །མཆོད་རྟེན་དང་། ཆོས་དང་། དགེ་འདུན་གྱི་ནོར་འཕྲོག་པ་ཡོངས་སུ་སྤང་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བགྱི་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་བསྲུང་བའི་སླད་དུ་དམ་བཅའ་བར་བགྱི་ཞིང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་གསང་སྔགས་གཞི་རྣམས་སྩལ་བར་བགྱི་ལགས་ཀྱིས།དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། ཏདྱ་ཐཱ།…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་དེ་དག་དང་། ཆོས་ཉན་པ་དེ་དག་དང་། ཡི་གེར་འདྲི་བ་དེ་དག་དང་། འཛིན་པ་དང་། ཀློག་པ་དང་། མཆོད་པ་བགྱིད་པ་དེ་དག་གི་དོན་དུ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། རྒྱལ་སྲིད་དང་། ཚེ་རིང་བར་བགྱི…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འདི་དག་སྨྲས་ལགས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མར་མེ་དག་གིས་མཆོད་པ་བགྱིས་ལ། ཕྱོགས་བཞིར་ཡང་འོ་ཐུག་དང་། རོ་སྣ་ཚོགས་དང་ལྡན་པའི་གཏོར་མ་དག་སྩལ་ཏེ། ཅི་དང་ཅི་འཚལ་བ་ཡིད་ལ་བགྱིས་ཤིང་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་ཀྱིས་མཆོད་པ་བགྱིས་ན། རེ་བ་དེ་དང་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བརྒྱད་བགྱི་ཞིང་རེ་རེ་ནས་ལྷ་མོ་ཆེན་མོ་འཇིགས་བྱེད་མའི་གཟུགས་དེ་ལ་འཕང་བར་བགྱིའོ། །དེ་ནས་བདག་དེར་རང་གི་གཟུགས་ཀྱིས་གནས་པར་བགྱི། དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ནམ་མཁའ་ལ་མཆི་བ་དང་། གཏེར་ལྟ་འཚལ་བ་དང་། ནོར་སྒྱུར་འཚལ་བ་དང་། རིག་སྔགས་འཆང་ཉིད་དང་། དུས་མ་ལགས་པར་འགུམ་པ་བཟློག་པ་དང་། …
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། ཀློག་པ་དང་། མཆོད་པ་དང་། ཡང་དག་པར་སྟོན་པ་དང་། འདོན་པ་དང་། མཆིད་ཏོན་དུ་བགྱིད་པ་དེས་བསོད་ནམས་འཐོབ་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ད…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ལས་ཡོངས་སུ་ཐར་བ་ཁོ་ནར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པས་འདིའི་བསོད་ནམས་ཀྱི་ཚད་ཀྱི་དཔེ་མི་མཛད་དོ། །རིགས་ཀྱི་བུ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དང་། འཛིན་པ་དང་། ཀློག་པ་དང་། ཡི…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      པོ་དང་། བློན་པོ་དེ་དག་གིས་རྟག་པར་རྒྱུན་དུ་ཆོས་ཀྱི་རྣམ་གྲངས་འདི་མཆོད་པར་བྱའོ། །གང་ཆོས་ཀྱི་རྣམ་གྲངས་འདི་སྒྲོགས་པར་བྱེད་པ་དང་། རྗོད་པར་བྱེད་པ་དང་། དོན་ཀྱང་ཉེ་བར་སྒྲུབ་པར་བྱེད་པའི་དགེ་བའི་བཤེས་གཉེན་དེ་དག་ལ་ཡང་དེ་བཞིན་གཤེགས་པ་ཉིད་དུ་འདུ་ཤེས་བསྐྱེད་པར་བྱ་ཞིང་། དེ་དག་གིས་བསྙེན་བཀུར་བྱས་ཏེ་ཆོས་ཀྱི་རྣམ་གྲངས་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཕྲག་དོག་དང་། སེར་སྣའི་དྲན་པས་ཉན་པར་མི་བྱེད། ཡིད་ཆེས་པར་མི་བྱེད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་ལས་ལ་མངོན་པར་བརྩོན་པ་ཡིན་ཏེ། དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      གང་ཞིག་མེ་ཏོག་གཅིག་ཙམ་འཐོར་བྱེད་ཅིང་། །གོས་དང་ཕྲེང་བ་བྱུག་པ་དེ་བཞིན་ཏེ། །ཏིང་འཛིན་འདི་ལ་བསྙེན་བཀུར་བྱེད་གྱུར་ན། །བསོད་ནམས་ཚོགས་ཆར་སྔ་མ་དེ་མི་འགྱུར། །གང་གིས་མདོ་སྡེ་འདི་ལ་མཆོད་པའི་ཕྱིར། །ཀཱ་ར་ཥཱ་པ་ཎའི་སྦྱིན་པ་སྦྱིན་བྱེད་ཅིང་། །བྱང་ཆུབ་ཕྱིར་ནི་བྱམས་པའི་སེམས་བསྐྱེད་ན། །དེ་ནི་དེ་བས་བསོད་ནམས་མང་པོ་འཐོབ། …
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཤེས་ཀྱིས་བཅད་བར་བགྱི་ཞིང་སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྟན་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ངས་ཆོས་གང་བསྟན་པ་མཉན་ཏེ་ཀུན་བཟུང་བ་དེ་དག་ཐམས་ཅད་འཆང་བར་མི་བྱེད། ཀློག་པར་མི་བྱེད། རྒྱས་པར་མི་བྱེད་ཀྱང་། དེས་ནི་ཁྱོད་ཀྱིས་ང་ལ་ཉེས་པ་བྱས་པར་མི་འགྱུར་ཞིང་གུས་པར་མ་མཉན་པར་ཡང་མི…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      དུས་སླད་མའི་ཚེ་ན་སེམས་ཅན་གང་བཞད་གད་དང་། འཇོ་སྒེག་དང་། གར་དང་། བྲོ་དང་། གླུ་དང་། རོལ་མོའི་སྒྲ་དག་ལ་སྣ་ཚོགས་སུ་གཡེང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མུན་པ་ཆེ་བ། རྩེད་མོ་ལ་དགའ་བར་འདུ་ཤེས་པ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ། ཕྲག་དོག་དང་། སེར་སྣས་ཡོངས་སུ་ཟིན་ཅིང་། མཆོད་པར་མི་བགྱིད། རི་མོར་མི་བགྱིད། དད་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཆེན་པོ་འདི་ཤིན་ཏུ་ལེགས་པར་བཀའ་སྩལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ།
      མའམ། དགེ་བསྙེན་ནམ་དགེ་བསྙེན་མའམ། ཁྱེའུའམ། བུ་མོས་འདོན་པ་དང་འཆང་བར་འདོད་པས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐོག་མར་འདི་ལྟ་བུའི་སེམས་བསྐྱེད་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་རྣམས་ཐམས་ཅད་མྱུར་དུ་རྟོགས་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱ…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ།
      ལགས་སོ། །གལ་ཏེ་ཐུགས་རྗེ་ཆེན་པོ་འདི་འདོན་ཅིང་འཆང་ན་འཆི་བའི་དུས་ཀྱི་ཚེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དེར་གཤེགས་ནས་ཕྱག་རྐྱོང་བར་འགྱུར་བས་བསམས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པ་དེ་དང་དེར་སྐྱེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞི…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ།
      ཏསྱ་ན་མ་སྐྲྀཏྭཱ་ཨི་དཾ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཏ་བ་ནཱི་ལ་ཀཎྜ་ནཱ་མ་ཧྲྀ་ད་ཡཾ། ཨཱ་བརྟ་ཡིཥྱཱ་མི་སརྦ་ཨརྠ་སཱ་དྷ་ན། ཤུ་བྷ་ཙེ་ཏ་ན། སརྦ་སཏྭཱ་ནཱཾ། པཱ་པ་མཱརྒ་བི་ཤོ་དྷ་ཀ །ཏདྱ་ཐཱ། ཨ་བ་ལོ་ཀི་ལོ་ཀ་མ་ཏི། ལོ་ཀ་ག་ཏི། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་ས་ཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་ཀཱ་རུ་ཎི་ཀཱ་སྨ་…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ།
      ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྡྷེ་ཤྭ་རཱ་སྭཱ་ཧཱ། རཀྵ་རཀྵ་མཱཾ་སྭཱ་ཧཱ། ཀུ་རུ་རཀྵ་མཱུརྟཱི་ནཱཾ་སྭཱ་ཧཱ། ན་མོ་བྷ་ག་ཝ་ཏེ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱ་ནྟུ་མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་འདི་བསྟན་ཟིན་ནས། གཟུངས་འདི་འ…
      DKG093 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ་ཞེས་བྱ་བ།
      པོའི་གཟུངས་བཟླས་ན། །མཆིལ་མ་ལན་གསུམ་བྱུགས་པས་སྐྲངས་པ་ཞི། །སེམས་ཅན་རྙོག་པ་མི་དགེ་སྤྱོད་པས་ན། །བྱད་སྟེམས་སྔགས་དང་དགྲས་ནི་གཙེས་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །བྱད་སྟེམས་གདོན་དེ་གཏོང་བའི་མི་ལ་འདུད། །སྡིག་འཕེལ་སྙིགས་མ་དམ་ཆོས་འཇིག་པའི་ཚེ། །འདོད་པའི་མེ་མཆེད་སེམས་ནི་རྨོངས་ལོག་པས། །ཁྱོ་ཤུག་…
      DKG094 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས།
      རྒྱ་གར་སྐད་དུ། ཨཱཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་མཱ་ཏཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན། འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཉན་…
      DKG094 · སངས་རྒྱས་ཤཱཀྱ་ཐུབ་པ།
      འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས།
      ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན…