JOT001
· རྗེས་དཀར་ཨོ་རྒྱན་བརྩོན་འགྲུས།
བཞི་བ་གཞུང་གི་ས་བཅད་བསྟན་པ་ནི། འདི་ལ་དྲུག་སྟེ་བརྗོད་མེད་དོན་བཤགས་དང་༔ ཞི་བའི་ཀློང་བཤགས་ཁྲོ་བོའི་ཀློང་བཤགས་དང་༔ ལྟ་བའི་ཀློང་བཤགས་རུ་དྲའི་སྨེ་བཤགས་དང་༔ བདེ་གཤེགས་སྤྱི་བཤགས་རྣམ་པ་དྲུག་གིས་བསྟན༔ ཅེས་པ་སྟེ། གཞུང་འདིར་དེ་ལྟ་བུའི་ས་བཅད་རྣམ་པ་དྲུག་ཏུ་ཕྱེས་པའི་སྒོའི་བསྟན་ལ། དོན་གོ་སླའོ།། དེ་ཡང་དང་པོ་བརྗོད་མེ…