Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 102 of 500
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས། ནག་པོ་པ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུའི་བཤད་པ།
      གང་ཞིག་ཚེར་སེར་སྐྱར་གནས་པ་དེ་ནི་རིན་ཆེན་དབང་པོའོ། །གང་དམར་སེར་དུ་གནས་པ་དེ་ནི་ངེས་པར་འོད་དཔག་ཏུ་མེད་པའོ། །གང་དཀར་སེར་དུ་གནས་པ་དེ་ནི་རྡོ་རྗེ་སེམས་དཔའི་བདག་ཉིད་དོ། །ཡང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་མི་བསྐྱོད་པ་ལ་སོགས་པར་བསྟན་པར་ཤེས་པར་བྱའོ། །དེ་ཡང་འདི་ལྟ་སྟེ། རང་གི་ཏིང་ངེ་འཛིན་ལས་མི་ཉམས་ཤིང་མི་གཡོ་བས་ན་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས། ནག་པོ་པ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བཅུ་གཉིས་པ། དབང་གི་ལེའུའི་བཤད་པ།
      རྣམས་ཀྱི་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་གསུངས་པ། ཚོགས་དང་ཆོས་ཀྱི་སྐུ་དང་ནི། །འགྲོ་བའི་དོན་ནི་སྤྱོད་པ་ཡི། །སངས་རྒྱས་ཐམས་ཅད་མཉམ་པར་བཤད། །ཚེ་དང་རིགས་དང་བསྟན་པས་མིན། །ཞེས་བྱ་བའོ། །སློབ་དཔོན་ནག་པོས་མཛད་པའི་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་ལས་ལེའུ་བཅུ་གཅི…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུའི་བཤད་པ།
      བྱེད་པས་ན་ལུས་ལ་གནས་ཞེས་བྱའོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང༌། དེ་ཉིད་སྤངས་པ་ལ་རྣམ་པར་རྟོག་པ་ཐམས་ཅད་སྤངས་ཞེས་བྱའོ། །དཔེར་ན་དྲི་མ་མེད་པའི་ནམ་མཁའ་ལ་ཟླ་བ་ཤར་བས་རྫས་ཀྱི་དངོས་པོ་ཐམས་ཅད་གསལ་བར་བྱས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་སྒྲིབ་པ་དང་བྲལ་བས་རང་གིས་མཁྱེན་པ་དང༌། གཞན་ལ་གོ་བར་བྱེད་པའོ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུའི་བཤད་པ།
      མོ་ཉུག་པའི་བྱ་བ་བྱེད་པ་དེ་བཞིན་དུ་བྱིས་པ་རྐང་པ་འཇོག་པ་ལྟ་བུ་ནི་ལྟེ་བའི་དཀྱིལ་འཁོར་རོ། །ཅིའི་ཕྱིར་བར་ཞེས་བྱ་བ་ཞེ་ན། ནང་དུ་འཇུག་པའི་རླུང་དལ་བསོ་བའི་ཕྱིར་བར་ཞེས་བྱའོ། །དེར་རྣམ་པར་ཤེས་པ་གནས་པར་འགྱུར་བའི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དབུས་ཀྱི་ཕྱོགས་སུ་ཀུན་འཇོམས་མ། །ཞེས་བྱ་བ་ལ་སོགས་པ་ལ། རྟེན་དང་བ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུའི་བཤད་པ།
      གསུམ་ཞེས་བྱ་བ་ནི་ལུས་ངག་ཡིད་གསུམ་གྱི་སྐྱེ་བ་ལའང་སྲིད་པ་གསུམ་ཞེས་བྱའོ། །དེ་འགྲུབ་པར་བྱ་བའི་ཕྱིར་རྩ་རྣམས་སྐྱེ་བར་འགྱུར་རོ། །རྩ་མེད་པར་གྱུར་ན་བྱང་ཆུབ་ཀྱི་སེམས་དང༌། རང་བྱུང་མེ་ཏོག་དང༌། རྣམ་པར་ཤེས་པ་འདུ་བར་མི་འགྱུར་བས་ན་ལུས་ངག་ཡིད་གསུམ་གྱི་རྒྱུ་ཡིན་པར་བསྟན་ཏོ། །རྒྱུ་དེའི་ཕྱིར་རྩ་རྣམས་ནི་སྲིད་པའི་རང་བཞིན་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > གཉིས་པ། སྔགས་ཀྱི་ལེའུའི་བཤད་པ།
      སྤྱན་མ་ལ་སོགས་པ་ཞེས་བྱ་བ་ནི་ཁམས་དང་སྐྱེ་མཆེད་དང་ཕུང་པོའོ། །དེ་ནི་ཤིང་ངོ༌། །བསྲེགས་ཞེས་བྱ་བ་ནི་བཤད་མ་ཐག་པ་དེ་སྲེག་པར་བྱེད་པའོ། །ཐ་མར་དགང་གཟར་གྱིས་བླུགས་པར་བྱ་བ་བསྟན་པའི་ཕྱིར། ཧཾ་བསྲེགས་པས་ནི་ཟླ་བ་ཞུ། །ཞེས་བྱ་བ་ནི་ཤིང་ཐམས་ཅད་བསྲེགས་པས་སྐུའི་འཁོར་ལོ་ཧཾ་དང་བཅས་པ་ཐུར་དུ་བལྟ་བའི་ཁ་འཇུ་བར་འགྱུར་རོ། །དེ་ནི་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      འཁོར་ལོ་དང༌། དེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་དང༌། དེའི་དབུས་སུ་མངོན་པར་བྱང་ཆུབ་པའི་རིམ་པས་སྐུ་རྫོགས་པར་བྱས་པའོ། །དེ་ནས་ཞུ་བར་འགྱུར་རོ། །དེ་ནས་ལྷ་མོ་བཞེས་དེ་ལ་བསྐུལ་ནས་གཙོ་བོ་བཞེངས་པར་བྱེད་དོ། །དེའི་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། འཁོར་ལོ་བཞིས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བའོ། །རང་གི་དེ་བཞིན་ད…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      མིག་ལ་སོགས་པའི་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི་བསྙེན་པའི་ཉེ་བའི་སྒྲུབ་པའི་ཡན་ལག་དང༌། རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱའོ། །འཁོར་ལོ་བཞིས་བྱིན་གྱིས་བརླབས་པ་ནི་བསྙེན་པའི་སྒྲུབ་པ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་ཞེས་བྱའོ། །དབང་བསྐུར་བ་ལ་ནི་བསྙེན་པའི་སྒྲུབ་པ་ཆེན་པོ་དང༌། དྲི་མ་མེད་པའི་འབྲས་བུ་ཞེས་བྱའོ། །ཤེས་རབ་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      འཁོར་བསམ་པར་བྱའོ། །ཀ་ལ་སོགས་པ་ལས་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་གཉིས་ཀྱི་བར་དུ་ས་བོན་བསམ་པར་བྱའོ། །ས་བོན་ནི་གོང་དུ། ཁ་དོག་ནག་པོ་འཇིགས་སུ་རུང༌། །ཞེས་བྱ་བ་ལ་སོགས་པ་དང་འབྲེལ་པར་ཤེས་པར་བྱའོ། །ཧཱུཾ་གྱུར་པ་ལས་རྡོ་རྗེར་བསམ་པར་བྱའོ། །དེ་ལ་ཧཱུཾ་གིས་མཚན་པར་ཤེས་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །ཉི་ཟླ་དང་རྡོ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      མཛད་པའི་ཀྱེའི་རྡོ་རྗེའི་ལེའུ་གསུམ་པའི་འགྲེལ་པ་རྫོགས་སོ།། །། དཔེར་ན་རྒྱལ་པོར་དབང་མ་བསྐུར་བར་རྒྱལ་པོའི་བྱ་བ་བྱེད་མི་ནུས་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་རྒྱལ་པོའི་དབང་མ་བསྐུར་བར་ཚེས་བཤད་མི་ནུས་པས་ན་དབང་བསྐུར་བའི་ལེའུ་བཤད་པར་བྱའོ། །རང་སྙིང་འོད་ཟེར་སྤྲོ་བྱས་ནས། །ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་རྣམ་པ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      མེད་ཐོས་པ་པོ་ཡང་མེད། །ཅེས་བྱ་བ་ལ་དེ་ནི་རྣམ་པ་བརྒྱད་དེ། བསྐྱེད་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། མ་སྐྱེས་པའི་སྒྲ་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང༌། སེམས་ཅན་གྱི་སྒྲ་དང༌། སེམས་ཅན་མ་ཡིན་པའི་སྒྲ་དང༌། སྙན་པའི་སྒྲ་དང༌། མི་སྙན་པའི་སྒྲའོ། །ཐལ་མོ་བརྡབས་པ་ལ་སོགས་པའི་སྒྲ་ནི་བསྐྱེད་པའི་སྒྲ་འབྱུང་བ་ཆ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      དོ། །གར་མཁན་ཚོས་མཁན་དེ་བཞིན་དུ། །ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་རིགས་མེད་པར་བསྟན་ཏོ། །ཅིའི་ཕྱིར་མེད་ཅེ་ན། པགས་པ་དང༌། ཤ་དང༌། ཁྲག་དང༌། རུས་པ་དང༌། རྐང་དང༌། ཚིལ་དང༌། ཁུ་བའོ། །དངོས་པོ་དེ་དག་ནི་བྲམ་ཟེ་དང༌། གདོལ་པ་ལ་སོགས་པ་ཀུན་ལ་ཡོད་པའི་ཕྱིར་རིགས་མེད་པར་བསྟན་ཏོ། །གསང་བར་མ་བྱས་ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་མ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      དང༌། ད་ལྟ་མེད་པ་དང༌། སྐྱེ་བ་གཞན་མེད་པ་དང༌། ལས་དཀར་ནག་གི་དམིགས་མེད་པ་དང༌། སློབ་དཔོན་དང་སློབ་བུའི་འབྲེལ་པ་མེད་པ་དང་བྱང་ཆུབ་གྲུབ་པར་འདོད་པའི་བརྩོན་པ་ཡང་དོན་མེད་པར་འགྱུར་པས་སྐྱོན་དེ་དག་བསལ་བའི་ཕྱིར་དེ་བཞིན་གཤེགས་པས་སྟོན་པར་བྱེད་དོ། །སྔགས་དང་ལྷ་དག་ཡང་དག་གནས། །ཞེས་བྱ་བ་ལ་སོགས་པས་ནི་གཅིག་དང་དུ་མ་ལ་སོགས་པའི…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > དྲུག་པ། སྤྱོད་པའི་ལེའུའི་བཤད་པ།
      རྫོགས་སོ།། །། སྤྱོད་པ་ཞེས་བྱ་བ་གང་ཞེ་ན། །གསང་ནས་འགྲོ་བ་ལ་སྤྱོད་པ་ཞེས་བྱའོ། །གོ་བར་བྱེད་པའི་རྒྱུར་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྤྱོད་པ་ལ་ཡང་སྤྱོད་པ་ཞེས་བྱའོ། །དེ་ཁོ་ན་ཉིད་གང་གིས་རིག་ཅེས་བྱ་བ་ལ་སོགས་པ་ལ། མངོན་སུམ་དུ་གྱུར་པ་ལ་ནི་རིག་ཅེས་བྱའོ། །ཧེ་རུ་ཀའི་རང་བཞིན་ལ་དེ་ཁོ་ན་ཉིད་ཅེས་བྱའོ། །གང་གིས་མངོན་སུམ་དུ་བ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བདུན་པ། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་བཤད་པ།
      ཐབས་ཡིན་ཞེ་ན། ཡེ་ཤེས་ཀྱི་སྣང་བ་མཉེན་པ་དང༌། དབང་པོ་རྣམས་གཡོ་བ་དང༌། ཡུལ་གྱི་རླུང་རྣམས་ཆེ་བ་དང༌། དེ་ལྟ་བུའི་རྒྱུས་ཡེ་ཤེས་འགག་པར་འགྱུར་བས་ན། སྤྱོད་པ་འདི་བྱས་པས་ཡེ་ཤེས་འགག་པར་མི་འགྱུར་རོ། །ཡང་ན་གླུ་ལེན་དགའ་བའི་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་དག་གིས་ནི་གླུ་དང་གར་གྱི་རྣམ་པར་དག་པ་བསྟན་ཏོ། །སྦྱིན་སྲེག་དང་ནི་མཆོད་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བདུན་པ། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་བཤད་པ།
      དམ་ཚིག་ལ་གནས་པར་གྱིས་ཤིག་ཅེས་ཟློས་པར་བྱེད་དོ། །རྣལ་འབྱོར་པ་དེ་ཡང་འདི་ལྟར་ཟློ་བར་བྱེད་དོ། །རྣལ་འབྱོར་མ་རྣམས་ཇི་ལྟར་གསུངས། །དེ་ལྟར་ཐམས་ཅད་བྱ་དགོས་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་རྣལ་འབྱོར་མ་ཅི་གསུངས་བདག་གིས་བྱའོ། །ཞེས་ཟློ་བར་བྱེད་དོ། །ཕྱི་རོལ་གྱི་གནས་ལ་གང་དགའ་བའི་རྣལ་འབྱོར་པའི་ཆེད་དུ་གདན་ལ་སོགས་པ་བཅུ་གཉིས་ས…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བདུན་པ། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་བཤད་པ།
      འགྱུར་རོ། །ཚུལ་ཁྲིམས་མ་ཡིན་པའི་དྲི་མ་དང་བྲལ་བས་ན་ས་གཉིས་པ་དྲི་མ་མེད་པ་ཞེས་བྱའོ། །ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཇི་ཙམ་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་མ་རྙེད་པ་དང༌། ཐོས་ནས་དོན་འཛིན་པར་མི་ནུས་ཀྱི་བར་དུ་ས་དེར་གནས་པར་བྱའོ། །ས་དེར་ཞུགས་ནས་དོན་བྱེད་པ་དང༌། སྡུག་བསྔལ་ལ་བཟོད་པའོ། །དེའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བདུན་པ། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་བཤད་པ།
      རྒྱུ་མ་རྙེད་ཀྱི་བར་དུ་ས་དེར་གནས་པར་བྱའོ། །རྙེད་པར་གྱུར་པའི་ཚེས་དྲུག་པ་མངོན་དུ་གྱུར་པར་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པར་རྟག་པར་བསྒོམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཕྱིར་ས་དྲུག་པ་མང…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བདུན་པ། བརྡ་དང་གནས་གཏན་ལ་ཕབ་པའི་ལེའུའི་བཤད་པ།
      པ་དང༌། སེམས་ཅན་གྱི་བསོད་ནམས་ཀྱི་ཚོགས་རྣམས་སྨིན་པར་མི་ནུས་ཀྱི་བར་དུ་དེར་གནས་པར་བྱའོ། །ནུས་པར་གྱུར་པའི་ཚེ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་འཇུག་པར་བྱའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔས་སྤྲུལ་པ་དང༌། སེམས་ཅན་སྨིན་པར་བྱེད་པ་དང༌། སེམས་ཅན་ལ་ཡེ་ཤེས་ཀྱིས་ཁྱབ་པར་སྦྱིན་པར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ། པདྨའི་མྱུ་གུ་རྡོ་རྗེ། > བརྟག་པ་དང་པོའི་འགྲེལ་པ། > བརྒྱད་པ། རྣལ་འབྱོར་མའི་འཁོར་ལོའི་ལེའུའི་བཤད་པ།
      སོགས་པ་དང༌། དམ་ཚིག་ཉམས་པར་བྱེད་པའོ། །དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སམ། གཞན་ཡང་གནས་བཟང་པོ་གང་ཡང་རུང་བར་རྣམ་པར་ཤེས་པ་བསྒྲལ་བར་བྱའོ། །ཁ་སྦྱོར་ཁ་ཕྱེ་ལ་སོགས་པའི་རིམ་པས་བསད་ནས། དེའི་ཤ་འབར་བ་དང་དྲོ་བར་བྱ་བ་ལ་སོགས་པའི་རིམ་པས་བཟའ་བར་བྱའོ། །གང་གང་སྐྱེ་བོ་རྣམས་ལ་ནི། །ཞེས་བྱ་བ་ལ་ས…