Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 39 of 500
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > གཉིས་པ། སྔགས་རྣམས་ཀྱི་ཚོགས་བཤད་པའི་ལེའུའི་བཤད་པ།
      བུ་དཀར་པོ་སྟེ་དེའི་སྙེ་མ་ཇི་ལྟ་བར་ཞེས་པ་དེ་ལ་ཉི་མས་རེག་པས་སྐད་ཅིག་གིས་རྣམ་པ་དུ་མར་འགས་པར་འགྱུར་བ་དེ་བཞིན་དུ་ཀླུ་རྣམས་ཀྱི་མགོ་བོ་འགས་སོ། །ཆར་ཆེན་སྤྲིན་དྲལ་བའི་ཆོ་ག་གསུངས་པ་སྤྲིན་རྣམས་ཞེས་པའོ། །རྡོ་རྗེ་གྲི་གུག་གི་བསྒྲུབ་པ་གསུངས་པ་ནི་རྡོ་རྒྱུས་ཀྱི་སྒྲུབ་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་བདུད་རྩི་ལྔ་དང་རྡོ་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་མཾ་ཡོངས་སུ་གྱུར་པ་ལས་ཆང་ལྟོ་བར་བསྒོམ་པར་བྱའོ། །བསྒྲུབ་བྱ་ཡང་སྐྲ་གྲོལ་ཞིང་ཆང་སྐྱུགས་པར་བསྒོམས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་ཧེ་བཛྲ་མ་དྱ་མུད་གི་རི་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེའི་འོག་ཏུ་ཆ། སྐྱུགས་པར་འགྱུར་རོ། །སྔོན་དུ་ཀུ་རུ་ཀུ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      གྱི་དོན་སྒྲུབ་པར་བྱེད་པས་འཇུག་པར་བྱའོ་ཞེས་པ་ནི་དང་པོ་ཚད་མེད་པ་བསྒོམ་པ་གསུངས་པ། དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་ཕན་པ་དང་བདེ་བ་ཉེ་བར་སྡུད་པར་བྱེད་པའི་བྱམས་པ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་སྡུག་བསྔལ་དང་དེའི་རྒྱུ་ལས་བསྒྲལ་བའི་བསམ་པའི་ངོ་བོ་ཉིད་ཀྱིས་སྙིང་རྗེའོ། །མ་རིག་པ་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > གསུམ་པ། ལྷའི་ལེའུའི་བཤད་པ།
      ཁམས་ལ་སོགས་པའི་ཚད་ཀྱིས་སའི་འོག་དང་སྟེང་དུ་ཚངས་པའི་གནས་ལ་ཐུག་པར་རྡོ་རྗེ་འབར་བའི་རང་བཞིན་ཟུར་བཞི་པ་སྣ་ཚོགས་རྡོ་རྗེ་འཕྲོས་པར་བསྒོམ་མོ། །སྟེང་དུ་ཡང་རྡོ་རྗེའི་རང་བཞིན་གྱི་དྲ་བའོ། །ཡང་ཞེས་པ་ནི་འོག་ཏུ་རྡོ་རྗེའི་རང་བཞིན་གྱིས་འབར་བ་དང་ལྡན་པར་བསྒོམ་པར་བྱའོ། །དེ་ནས་དེའི་དབུས་སུ་ཡང་དག་པར་བྱུང་བའི་པདྨ་ལ། རོ་ཞེས་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བཞི་པ། ལྷ་དབང་བསྐུར་བའི་ལེའུའི་བཤད་པ།
      རང་ལུས་འོད་ཅེས་པ་ནི་ཀྱེའི་རྡོ་རྗེའི་སྐུ་ལྟ་བུའི་འོད་ཟེར་དང༌། རྣལ་འབྱོར་མ་ཡང་ངོ༌། །བསྡུ་བ་ནི་སྡུད་པར་བྱེད་པ་སྟེ་གཞུག་པའོ། །སྙིང་གར་ཞེས་པ་ནི་ཧཱུཾ་ལ་སྟེ། འདི་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་འོག་ཏུ་རྣལ་འབྱོར་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཞེ་སྡང་གི་བདག་ཉིད་ནི་ཀྱེའི་རྡོ་རྗེར་གྱུར་པའོ། …
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      གར་ས་བོན་ཞེས་པ་ནི་ཀྱེའི་རྡོ་རྗེའི་སྙིང་གའི་ཉི་མ་ལ་རང་གི་ས་བོན་ནི་ཧཱུཾ་ངོ༌། །ལྷ་མོ་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པའོ། །རང་གི་ས་བོན་ལས་ཡང་དག་པར་སྤྲོས་ཏེ་མཆོད་ལ་རྗེས་སུ་བླང་བ་ཞེས་པ་ནི་གསོལ་བ་གདབ་པའོ། །རྡོ་རྗེའི་གླུས་ཀྱང་ཞེས་པ་ནི་ཀོ་ལླ་ཨི་རེ་ཊྛི་ཨ་བོ་ལ་ཞེས་བྱ་བ་ལ་སོགས་པའོ། །རང་གི་རིགས་ཀྱི་བདག་པོ་མི་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      ཅིག་བསྐྱེད་པར་བྱའོ། །སྦྱོར་བ་རིག་པས་ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ཤེས་པས་སོ། །རྟག་ཏུ་ཞེས་པ་ནི་སྐད་ཅིག་ཀྱང་གཞན་དུ་སེམས་མ་ཡེངས་པས་སོ། །མ་འབའ་ཞིག་མ་ཡིན་གྱི་གཞན་ལ་ཡང་མཆོད་པར་བྱ་བ་ནི་གར་མཁན་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གར་མཁན་མ་ཞེས་པ་ལ་སོགས་པ་བསྡུས་པ་འདིའི་བཤད་པ་ནི་ལེའུ་འདི་ཉིད་ལས་བཅོམ་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      བཞིན་ཉིད་དེ། དེ་བཞིན་གཤེགས་པ་དེའི་ཚུལ་གྱིས་མི་གནས་པར་གནས་པའི་སྦྱོར་བས་སོ། །དཔལ་ལྡན་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་སོ། །དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱིས་དེ་བཞིན་ཉིད་དུ་གཤེགས་ནས་སླར་བསོད་ནམས་ཀྱི་ཚོགས་ཀྱི་མཐུས་སླར་ཡང་འཁོར་བར་འོངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །མདོར་བསྡུ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      དག་ཅེས་འཆད་པར་འགྱུར་རོ། །གང་དག་དེ་བཞིན་གཤེགས་པ་དེ་དག་གི་མིང་ནི་ཅི། རིགས་དྲུག་ནི་གང་དག་སྙམ་པ་ལ། རྣམ་པར་སྣང་མཛད་མི་བསྐྱོད་པ། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །ཨཱ་རོ་ལྀ་ཀ་ནི་འོད་དཔག་ཏུ་མེད་པ་སྟེ། །རོ་ལྀ་ཀ་ནི་རྩོད་པའོ། །དེ་ཡང་མཆོག་ཏུ་དགའ་བའི་རང་བཞིན་འདོད་ཆགས་ཆེན་པོ་ལ་ཡོད་པ་མ་ཡིན་པས…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      མེ་པའོ། །དེ་བཞིན་དུ་བསྒོམ་པའང་མེད་ཅེས་པ་དེ་ལྟར་དེའི་གནས་སྐབས་ཀྱི་སྔགས་ཀྱི་སྔགས་མེད་པ་དང་ལྷ་མེད་པའོ། །སྤྲོས་པ་མེད་པ་ལས་ནི་ཞེས་པ་དེ་ཉིད་བདེ་བ་ཆེན་པོ་ཡིད་ཀྱི་རང་བཞིན་ཉིད་སྔགས་སོ། །ལྷ་ཡང་བདེ་བ་ཆེན་པོའི་རོལ་པའི་རང་བཞིན་ཉིད་དམ། ལུས་ལས་བྱུང་བ་ཉིད་ལྷ་སྟེ་དེའི་ཚུལ་གྱིས་མཛེས་པས་རྣམ་པར་སྣང་མཛད་པའོ། །གཉིས་སུ་མེ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      བདུད་རྣམས་རྩ་བ་ནས་འདོན་པར་བྱེད་པས་ན། ཤེས་རབ་ཉིད་ལ་བཅོམ་པར་གསུངས་སོ། །བཅོམ་པ་འཇོམས་པར་བྱེད་པར་གསུངས། །ཉོན་མོངས་པ་ཡི་བདུད་བཅོམ་པས། །ཤེས་རབ་ཉོན་མོངས་བཅོམ་པ་ཡང༌། དེ་ཕྱིར་ཤེས་རབ་འཇོམས་པར་གསུངས། །ཤེས་སོ། །སྔར་བསྟན་པའི་མ་ལ་སོགས་པ་སྒྲའི་དོན་གསུངས་པ། མ་ཞེས་པ་ནི་སྐྱེད་པར་བྱེད་པ་སྟེ། གང་གི་ཕྱིར་འགྲོ་བ་སྐྱེད་པར…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > ལྔ་པ། དེ་ཁོ་ན་ཉིད་ཀྱི་ལེའུའི་བཤད་པ།
      དཀྱིལ་འཁོར་སྟེ། མནན་པས་དཀྱིལ་འཁོར་འདྲི་བ་ལ་མངོན་པར་ཞེན་པ་རྣམས་ཟློག་པར་བྱེད་དོ། །ལག་པ་བསྐྱོད་པ་ནི་རྣམ་པ་སྣ་ཚོགས་ཀྱི་གར་བྱེད་པས་འབྱེད་པ་སྟེ། ལག་པ་བསྐྱོད་པའི་བྱེ་བྲག་གོ །དེ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཡིན་ཞེས་པ་སྟེ། དེ་ལྟ་བུའི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་གསུངས་སོ། །འདི་ནི་བདེ་བ་ཆེན་པོ་དང་ལྷ་མངོན་སུམ་ཉ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > དྲུག་པ། སྤྱོད་པའི་ལེའུའི་བཤད་པ།
      པ་བཤིག་ནས་ལྷན་ཅིག་སྐྱེས་པའི་བདེ་བ་དེ་དང་དེ་ཉིད་རང་གིས་སྤྱོད་པར་འགྱུར་ཏེ། དེ་ཉིད་ཀྱང་དེ་ལྟ་བུར་གྱུར་པའི་བདེ་བ་ཡང་དག་པར་རྟོགས་པར་བྱེད་ནུས་ཏེ། རང་རིག་པ་ཙམ་དེ་ཁོ་ན་ཉིད་མཐར་ཕྱིན་པའི་དངོས་པོ་མེད་པའི་བསམ་གཏན་ཞེས་གསུངས་ཏེ། དོན་དམ་པའི་བསམ་གཏན་གྱི་སྒྲར་བརྗོད་དོ། །དེ་བས་བསམ་པའི་དམིགས་པ་མེད་དེ་དེ་ཁོ་ན་ཉིད་ཀྱི་ཡ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > དྲུག་པ། སྤྱོད་པའི་ལེའུའི་བཤད་པ།
      ལྔ་རྣམས་ལའོ། །དེ་ཉིད་ལ་མཉམ་པ་ཉིད་གསུངས་པ། ཁ་དོག་ལྔ་དང་ཡང་དག་ལྡན། །ཞེས་སོ། །ཁ་དོག་ལྔ་ནི་དེ་བཞིན་ཉིད་དུ་བསྡུས་པས་ཁ་དོག་གཅིག་ནི་གཉིས་སུ་མེད་པའོ། །བརྟག་པ་ནི་བསམ་པའོ། །གང་ལ་སྙམ་པ་ལ། ཁ་དོག་སྣ་ཚོགས་པ་ཉིད་ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ནི་དོན་དམ་པ་ལས་སོ། །དབྱེ་བ་བརྟག་མི་བྱ་ཞེས་པ་ནི་དམིགས་པར་མི་བྱའོ། །ད་ནི་སྤ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > དྲུག་པ། སྤྱོད་པའི་ལེའུའི་བཤད་པ།
      དེ་ལ་ཆོས་ནི་བཤད་པར་བྱ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པ། །དངོས་གྲུབ་དེ་དང་ལྷན་ཅིག་འགྱུར། །ཞེས་སོ། །སྐལ་བ་དང་ལྡན་པའི་ལྷའི་རིགས་ཏེ་ཡི་དམ་གྱི་ལྷའི་རིགས་སོ། །ཀུ་རུ་ཀུ་ལླེ་ལ་སོགས་པའི་རྣལ་འབྱོར་པའི་བསམ་པ་གསུངས་པ། བྱང་ཆུབ་ས་བོན་རབ་བཏང་ནས། །ཞེས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ་དང༌། གསང་བའི་དབང་བསྐུར་བ་ལ་སོག…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བདུན་པ། བརྡ་དང་གནས་ལ་སོགས་པ་གཏན་ལ་དབབ་པའི་ལེའུའི་བཤད་པ།
      དང་སྐལ་མིན་རྣམ་དཔྱད་ན། །ཞེས་པ་ནི་གཅིག་དང་དུ་མའི་སྦྱོར་བ་དང་ལྡན་པས་སྦྱིན་པ་དང་སྦྱིན་པར་བྱེད་པ་ལ་སོགས་པ་མི་དམིགས་པའོ། །གང་གི་ཕྱིར་དོན་དམ་པ་ལ་སྦྱིན་པར་མི་བྱ་བ་དེའི་ཕྱིར་རྣལ་འབྱོར་པས་མི་སྦྱིན་ཏེ་ལུས་མི་སྦྱིན་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་ཐོབ་པས་ཀྱང༌། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བླ་མ་ལ་ཕྱག་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བདུན་པ། བརྡ་དང་གནས་ལ་སོགས་པ་གཏན་ལ་དབབ་པའི་ལེའུའི་བཤད་པ།
      པར་བྱ་བའི་ཕྱག་རྒྱ་ནི་བརྡ་སྟེ། དེ་གསལ་བར་བྱེད་པའི་ངེས་པའི་ཚིག་ནི་བརྡའི་ལེའོ། །དེ་ཅིའི་ཕྱིར་བྱ་སྙམ་པ་ལ། གང་གི་རྣམ་པར་ཤེས་ཙམ་གྱིས། །ཞེས་པས་སོ། །སྤུན་ནི་རྡོ་རྗེ་སྤུན་ནོ། །སྲིང་མོ་ནི་རང་གི་དམ་ཚིག་ལ་གནས་པའི་རྡོ་རྗེའི་སྲིང་མོའོ། །ཐེ་ཚོམ་མེད་པ་ནི་སོམ་ཉི་མེད་པའོ། །སོར་མོ་གཅིག་ནི་ལེགས་པར་འོངས་སམ་ཞེས་པའི་དོན་ཏ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བདུན་པ། བརྡ་དང་གནས་ལ་སོགས་པ་གཏན་ལ་དབབ་པའི་ལེའུའི་བཤད་པ།
      གཉིས་རྣམས། །ཞེས་པ་ནི་གནས་ལ་སོགས་པའོ། །འདི་དག་ནི་འདིར་བདག་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རབ་ཏུ་དགའ་བ་ལ་སོགས་པ་ལས་གཞན་མ་ཡིན་ནོ། །ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ། །མགོན་པོ་ནི་སངས་རྒྱས་སོ། །གནས་ལ་སོགས་པའི་གནས་གསུངས་པ། གནས་ནི་ཛཱ་ལ་ནྡྷ་རར་གསུངས། །ཞེས་བྱ་བ་ལ་སོགས་པའོ། །གནས་འདི་རྣམས་ཀྱང་སུམ་ཅ…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བདུན་པ། བརྡ་དང་གནས་ལ་སོགས་པ་གཏན་ལ་དབབ་པའི་ལེའུའི་བཤད་པ།
      པ་གསུངས་པ། དེ་ལའང་འདི་ལྟར་རྟོགས་པར་བྱ། །ཞེས་སོ། །མི་བྱ་མེད་ཅེས་པ་ནི་འཇིག་རྟེན་ན་སྨད་པ་སྙིང་རྗེ་དང་མི་འགལ་བས་སྡིག་པ་མེད་པར་དགེ་བའི་སེམས་ཀྱིས་སོ། །ཇི་ལྟར་བདག་ཉིད་ཅེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེས་སོ། །དེ་བཞིན་དུ་སེམས་ཅན་བལྟ་བར་བྱའོ། །བདག་ཉིད་ཀྱང་ཇི་ལྟར་བལྟ་བར་བྱ་སྙམ་པ་ལ་གསུངས་པ། དེ་བཞིན་བདག་ཉིད་བདག་དང་…
      DTG002 · རྡོ་རྗེ་སྙིང་པོ། མཚོ་སྐྱེས་རྡོ་རྗེ། བྷ་བ་བྷ་དྲ།
      ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན། མཚོ་སྐྱེས་རྡོ་རྗེ། > བརྟག་པ་དང་པོའི་བཤད་པ། > བརྒྱད་པ། རྣལ་འབྱོར་མའི་འཁོར་ལོའི་ལེའུའི་བཤད་པ།
      པའི་ས་བོན་རྣམས་ཏེ་བྷྲཱུཾ་ལ་སོགས་པའོ། །ཀ་པཱ་ལ་ནི་ཨ་ལས་བྱུང་བའི་པདྨའི་སྣོད་དོ། །རྣལ་འབྱོར་བས་ཞེས་པ་ནི་འོག་ཏུ་རླུང་དང་མེའི་སྦྱོར་བ་སྔར་བྱས་ཏེ། འབར་བ་དང་ཁོལ་བས་རྡོ་རྗེའི་བདུད་རྩི་དང་གཅིག་ཏུ་བྱེད་པའོ། །ཡང་ན་སེམས་ཅན་གྱི་ཕུང་པོ་རྣམ་པར་རྟོག་པ་ནི་ཤ་སྟེ། དེ་དང་དེ་དག་གིས་སེམས་ཅན་དང་དེ་དག་གི་ཕུང་པོ་དབང་དུ་བྱེད་པ…