Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      10000 results — page 407 of 500
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པ། ཤྲཱི་ཨ་ནུ་པཱ་མ་རཀྵི་ཏ་པཱ་ན་ནཾ་གིས་མཛད།
      བ་ནི་དངོས་པོ་ཐམས་ཅད་ལས་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ། །དེ་ལྟར་བསམ་གཏན་ཡན་ལག་ལྔ་ལྡན་ནོ། །དེ་ནས་སྲོག་རྩོལ་རླུང་ནི་རྐྱང་མ་དང༌། རོ་མ་གཡོན་པ་དང་གཡས་པའི་ལམ་འགགས་ཏེ། ཨ་བ་དྷཱུ་ཏཱི་དབུ་མའི་ལམ་ལ་སྲོག་རླུང་རྟག་ཏུ་འཇུག་པ་སྟེ། དགའ་བ་དང༌། བུམ་པ་ཅན་དང༌། འཕང་པའི་སྦྱོར་བས་དབུ་མ་ལ་ཨོཾ་ཡིག་གིས་འཇུག་པ་དང༌། ཧཱུཾ་ཡིག་གིས་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      མ་ནི་མ་ཉམས་པའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་དང་པོ་ཐོབ་པ་དང༌། མངོན་ཤེས་ལྔ་དང་མཐོང་བའི་དོན་མཐོང་བ་དང༌། འཇིག་རྟེན་གྱི་གྲུབ་པ་ཐོབ་པའོ། །ཐ་མའི་མཚན་མ་ནི་ཉམས་པའི་སྐད་ཅིག་སྟོང་ཕྲག་ཉི་ཤུ་གཅིག་དང༌། དྲུག་བརྒྱས་ས་བཅུ་གཉིས་ཐོབ་པ་སངས་རྒྱས་ཉིད་རྡོ་རྗེ་འཛིན་པའོ། །ཕྱག་རྒྱ་ཆེན་པོ་འགྲུབ་པོ་ཞེས་བྱ་བ་ཐོག་མའི་དང་པོའི་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      མེད་པའི་ཡོན་ཏན་གྱི་འབྱུང་གནས་ཀྱི་བླ་མ་མཉེས་པར་བྱེད་པ་ལ་བརྩོན་པ་ཉི་མ་དཔལ་བདག་གིས་དེ་ཁོ་ན་ཉིད་ཐོབ་བོ། །འདི་ནི་བླ་མའི་བརྒྱུད་པའོ། །དེ་ལྟར་སློབ་མས་གསོལ་བ་བཏབ་པའི་དབང་གིས་སློབ་དཔོན་དཔེ་མེད་འཚོ་དེས་རྡོ་རྗེ་འཛིན་པའི་ས་གོ་འཕང་ཐོབ་པའི་རྒྱུ་སྦྱོར་བ་ཡན་ལག་དྲུག་པ་བྱེད་པར་འདོད་པས་རང་གི་ཡི་དམ་ལ་བསྟོད་པ་བྱེད་པའི་ས…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      རྟོགས་པ་ལ་འདོད་པའི་ཡོན་ཏན་ལྔའི་བདེ་བ་མ་ཉམས་པ་སྟོན་པའོ། །སེམས་མིན་ནི་རྟོག་པ་འགག་པའི་སེམས་སོ། །དེ་ལས་འཆར་བས་འགྲོ་བས་བསྟེན་བར་བྱ་བས་མགོན་ཏེ། དེས་འགྲོ་བ་དག་གི་སེམས་བྱིན་གྱིས་རློབ་པར་སྨོན་པའོ། །ཡོད་པའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བས་བླ་མ་ལ་ཕྱག་འཚལ་བ་བཤད་དེ་ཡོད་རྟོག་ལ་སོགས་པའོ། །ཅུང་ཟད་ཀྱང་ཡོད་པར་རྟོག་ན་ར…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      གི་བཀས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱི་སྦྲུལ་བ་ཤམྦྷལའི་རྒྱལ་པོས་བཀའ་བསྡུས་པའི་སྒོ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གསུངས། འདིས་སྟོན་པ་བོ་དང༌། བཀའ་སྡུད་པ་བོ་དང༌། དོན་གྱི་ཞུ་བ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བཟངས་ཡིན་པས། རྒྱུད་ཀྱི་ཆེ་བ་བརྗོད་དོ། །རྒྱུད་གང་ལ་འཇིག་རྟེན་དབང་ཕྱུག་གི་སྤྲུ…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      མཉམ་པར་སེམས་བཟུང་ནས། །སེམས་དེ་སེམས་མ་ཡིན་བྱས་ན། །དེས་ནི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །ད་ནི་རྫོགས་པའི་རིམ་པ་གསལ་བར་བྱེད་པ་ནི་ཀུན་རྫོབ་དང་དོན་དམ་རོ་གཅིག་པར་སོན་པའོ། །དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་ལེའུ་ཚིགས་སུ་བཅད་པ་བརྒྱ་དང་ཉི་ཤུ་རྩ་དྲུག་གི་རྗེས་ལ་ཉམས་མེད་ལ་སོགས་པའོ། །ཉམས་པ་མེད་པའི་ལྷན་ཅིག་སྐྱེས་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      པའི་རིམ་པ་ལམ་དུ་ཞུགས་པ་སྟེ། དེ་དེ་ལས་འདས་པ་རྫོགས་པའི་རིམ་པ་ནི་ནམ་མཁའ་ལ་བསྒོམས་པས་རྟོགས་པར་བྱ་བ་དེའི་རིམ་པ་ནི་དུ་བ་ལ་སོགས་པའི་སྦྱོར་བ་དེ་ཁོ་ན་ཉིད་རྒྱུ་ཡིན་གྱི་པདྨ་ལ་སོགས་པའི་རྟོགས་པ་གཞན་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་མཐོང་བའི་ཐབས་བཤད་དེ། མེ་ནི་ལ་སོགས་པའོ། །རྟེན་མེད་པ་ལྟ་ཞོག་གི་ཤིང་ལ་གནས་པ་ཡང་སྟ་རེ་ལ་སོག…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      འཁོར་ལོ་ནི་བརྟེན་པ་ལྷའི་ཚོགས་སོ། །སོགས་པའི་སྒྲས་སྔགས་དང་ཕྱག་རྒྱའོ། །དེ་དག་བསྒོམས་པས་འཇིག་རྟེན་ནི་ཁམས་གསུམ་སྟེ་དེའི་གྲུབ་པ་ནི་འོག་མིན་གྱི་བར་གྱི་དབང་ཕྱུག་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པ་འཇིག་རྟེན་ལས་འདས་པ་གང་ལ་གྲུབ། འོ་ན་ལམ་གྱི་གདམས་པ་འདི་ཐམས་ཅད་ལས་འབྱུང་ངམ་མ་ཡིན་ཏེ་འོན་ཀྱང་སེམས་ཅན་ལ་སོགས་པའོ། །ལམ་འདི…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      ནུས་སོ་ཞེས་བྱ་བའི་རྣམ་པ་ཅན་ནོ། །ཆོམ་རྐུན་འདི་དག་གི་ཉེ་དུ་ནི་བུ་དང་ཆུང་མ་ལ་སོགས་པ་དེ་ཉིད་ནགས་ཏེ་དེར་ཞུགས་པའི་གྲོལ་ལམ་མཆོག་ནི་འཕྲོག་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒྲིབ་པ་འདི་དག་འབའ་ཞིག་པ་མ་ཡིན་གྱི། འོན་ཀྱང་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། བརྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ཚིག་རྩུབ་པོ་དང༌། འདོད་པས་ལོག…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      གི་ཕྱིར་ལམ་འཕྲོག་པ་ཡོད་པ་དེ་བས་ཉེ་དུ་དང་ཐེ་ཚོམ་ལ་སོགས་པ་སྤངས་ནས་འབད་དེ་བླ་མས་གནང་བའི་ལམ་རིན་པོ་ཆེ་ཤིན་ཏུ་གསལ་བར་བྱ། ཐར་པ་ཐོབ་པའི་ལམ་གཞན་ཡང་ཡོང་ཅེ་ན། སྨྲས་པ། བདག་ལ་སོགས་པའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་ཞི་བའི་ལྷ་ལ་དམིགས་པའོ། །དཔའ་བོའི་རིམ་པ་ནི་དྲག་པོའི་ལྷ་ལ་དམིགས་པའོ། །དེ་ནི་ཐར་པའི་སླད་དུ་སངས་རྒ…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      ཆུབ་ཀྱི་སེམས་ཇི་ལྟར་འཚང་རྒྱ་བའི་རྒྱུ་ཡིན་ཞ་ན། སྨྲས་པ། རྟ་བླ་མོ་ལ་སོགས་པའོ། །རྟ་བླ་མོ་དང་སྡིག་སྲིན་ལ་སོགས་པ་རྣམས་ནི་མ་གང་ལས་སྐྱེས་པ་དེ་གསོད་པར་བྱེད། དེ་ལྟར་ཐབས་དང་ཤེས་རབ་རྣལ་འབྱོར་གྱི་སེམས་དེ་འང་བཞི་བ་ཀུན་རྫོབ་ཀྱིས་གང་ལས་བྱུང་བ་དེས་སྒྱུ་མ་དེ་གསོད་པར་བྱེད། རྣལ་འབྱོར་གྱི་སེམས་འདིའི་མ་ཉམས་ཚུལ་གྱིས་དབྱེ་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      གནས་པའི་བླ་མ་མཉེས་པར་བྱས་པ། དམྱལ་བའི་འཇིགས་པ་ལས་སྐྱོ་པ་བའི་ལམ་སྟོན་པ། མ་ཉམས་པའི་བདེ་བ་ཐོབ་པས་དེ་ཉིད་དུ་ཚངས་པར་སྤྱོད་པ། བདུད་བཞི་འཇོམས་པར་བྱེད་པའི་བླ་མ་དེ་ནི་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་པས་དེའི་སྤྲལ་པ་ཡིན་པས་རྡོ་རྗེ་སེམས་དཔའ་ཡིན་ནོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་བསྒྲུབ་པའི་ཕྱར་ལྷའི་དམིགས་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      ལ་སོགས་པའི་དབྱེ་བས་ས་ཐོབ་པ་ནི་ཆུང་དུ་ལ་སོགས་པ་བཞི་པ་གསུམ་ལ་སྦྱར་བས་སོ། །རབ་ཏུ་དགའ་བ་ནས་ཡེ་ཤེས་སྤྱན་གྱི་བར་ས་བཅུ་གཉིས་སོ། །བདེན་པ་རྣམ་པ་བཅུ་གཉིས་ཀྱི་དོན་ནི་ལུག་དང་གླང་ལ་སོགས་པའི་ཁྱིམ་བཅུ་གཉིས་ཀྱི་དག་པ་སྣ་བུག་ཏུ་འཕོ་བ་བཅུ་གཉིས་འགོག་པའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ནི་འཁོར་བའི་ཆ་བཅུ་དྲུག་ཟླ་བའི་ཆ་ཟད་པས་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      པ་ནི་སྟོང་པ་ཉིད་དུ་ངེས་པའོ། །སྣ་ཚོགས་གཟུགས་ལ་ཞེན་པ་ནི་ཡུལ་ལ་སོགས་པའི་ཡིད་ཙམ་གྱིས་བླ་ན་མེད་པ་ཤེས་རབ་དང་ཐབས་རོ་གཅིག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ལ་འཇུག་པས་ཡིད་བདེ་བ་གང་ཡིན་པ་དེ་ནི་དགའ་བའོ། །བདེ་བ་མི་གཡོ་བ་ནི་ལུས་སྦྱངས་པ་ལ་སོགས་པའི་བདེ་བས་སོ། །ལམ་གཉིས་དབུ་མར་འཇུག་པ་ནི་སྣ་བུག་གཡོན་པར་ནམ་མཁའ་ལ་སོགས་ལྔ་དང༌། གཡ…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      མའི་པདྨར་རྡོ་རྗེ་བཅུག་ཅིང་གཡོ་བ་མེད་པར་ངལ་སོལ་དེའི་པདྨར་རྡོ་རྗེའི་ནོར་བུས་མནན་ལ་དགའ་བ་དང་མཆོག་ཏུ་དགའ་བས་ཡུད་ཙམ་མི་གཡོ་ཞིང་གཉིས་ཀ་ལ་ཉམས་པའི་དགའ་བ་འཆར་བ་ན་ཧཱུཾ་ཞེས་བརྗོད་པ་སྔོན་དུ་འགྲོ་བས་བླ་མ་དམ་པའི་དྲིན་ལ་མངོན་དུ་ཕྱོགས་ཤིང༌། ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་མྱོང་བས་བྱང་ཆུབ་ཀྱི་སེམས་བཀག་སྟེ་མ་ཉམས་པའི་སྐ…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      དུ་བ་ལ་སོགས་པའི་སྣང་བ་ནི་དེའི་གཟུང་བྱ་ཡིན་ནོ། །ཇི་ལྟར་མེ་ལོང་གི་གཟུགས་བརྙན་མིག་རང་གི་མིག་གིས་མཐོང་བ་དེ་བཞིན་དུ་སྟོང་བ་ཉིད་ཀྱི་རང་བཞིན་རང་སེམས་ཀྱིས་སྟོང་བ་ཉིད་ཀྱི་རང་བཞིན་རྣམ་པ་ཐམས་ཅད་དང་ལྡན་པའི་རང་སེམས་མཐོང་ངོ༌། །གཟུད་བྱའི་སེམས་དུ་བ་དང་ལྡན་པའི་མཚན་ཉིད་འདི་ལ་རྣལ་འབྱོར་པས་དབུ་མ་ལ་སྲོག་རླུང་གཞུག་དགོས། …
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      མོ་དང་ཕྲད་པས་བདེ་བ་རྨི་ལམ་དུ་འབྱུང་བ་ལྟར། ནམ་མཁའ་ལས་བྱུང་གཟུགས་བརྙན་ལ། །བརྟེན་བས་རང་ལ་དེ་བཞིན་ནོ། །ས་ཡི་རྣམ་པ་ལ་སོགས་པ་ནི་གཟུགས་བརྙན་གྱི་མཚན་ཉིད་དོ། །འདིར་སྟོང་པ་ཉིད་ཀྱི་སྣང་བ་དངོས་པོ་མ་ཡིན་པ་ལ་སོགས་པར་སྣང་བ་སྲ་བ་མིན། ཁུ་བའི་རྣམ་པ་ཅན་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་མ་ཡིན་ཏེ། དངོས་པོ་མ་ཡིན་པས་སོ། །མེའི་རྣམ…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      བའོ། །ད་ནི་རང་གི་སེམས་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ལ་འཇུག་པར་བཤད་དེ། ནམ་མཁའ་ལ་སོགས་པའོ། །མཚན་མོ་ནི་མུན་པ་ཉེ་བར་མཚོན་པའོ། །ཆགས་པ་ནི་ནམ་མཁའ་ལ་སེམས་ཐིམ་པའོ། །གཟུགས་ཀྱི་སྣང་བ་ནི་མེ་ལོང་གི་གཟུགས་བརྙན་ལྟ་བུ་དེ་རྙོག་པ་དང་བྲལ་བ་ཐོགས་པ་མེད་པར་སྣང་བས་སོ། །སྒྲའི་སྣང་བ་ནི་མགུལ་པ་དང་རྐན་ལ་སོགས་པའི་རྩོལ་བ་ལས་…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      དང་ཐིག་ལེ་ཆེན་པོ་ནི་བརྟན་པ་དང་གཡོ་བ་གསལ་བར་བྱེད་པ་མདོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལྟར་སྣང༌། མཚན་མ་དྲུག་པོ་འདི་དག་ནི་སྤྲིན་མེད་པའི་ནམ་མཁའི་སྣང་བ་ལས་བྱུང་བ་ཉིན་མོའི་རྣ་འབྱོར་དང་བླགས་བ་མེད་པའི་རྣལ་འབྱོར་རོ། །དེ་ནས་དེའི་དབུས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ས…
      DTG014 · Author: not yet catalogued
      སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ། ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད།
      སྟེ་གལ་ཏེ་བརྟག་པ་ཡིན་ན་དངོས་པོར་འགྱུར་ཏེ་ལུགས་མ་ལ་སོགས་པ་བཞིན་ནོ། །མཐོང་བ་མེད་ན་དངོས་པོ་མ་ཡིན་པར་འགྱུར་ཏེ་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །འདིར་ནི་མ་བརྟགས་པར་མངོན་སུམ་དུ་མཐོང་བས་ཐམས་ཅད་ལེགས་པར་གནས་སོ། །མཐོང་བའི་དཔེ་བཤད་དེ་པྲ་ཕབ་པ་ལ་སོགས་པའོ། །པྲ་ཕབ་པ་ནི་སྒྲུབ་པ་པོས་བྱེད་པ་སྟེ། མེ་ལོང་དང་རལ་གྲི་དང་མཐ…