Author
About 40% of texts have an author recorded — this list will grow as more are attributed.
28 results
— page 1 of 2
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག་བཞུགས།
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ཨོཾ་སྭཱ་སྟི། བླ་མ་དམ་པའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །འདིར་དཔལ་ལྡན་ཨ་ཏི་ཤའི་བཀའ་བརྒྱུད་དྲི་མ་མེད་པ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་ནི། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ལགས་ཏེ། སྤྱིར་རྒྱལ་བ་འབྲོམ་གྱྀ་བཀའ་བརྒྱུད་རྣམས་ལ། སྔགས་དང་ཅུང་ཟད་འབྲེལ་བའི་གདམས་ངག་དང༌། མདོ་ལུགས་རང་རྐང་གི་གདམས་ངག་བརྗོད་ཀྱིས་མི་ལང…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
པ་དང་བཞི། བློ་འབྱོངས་པའི་ཚད་དང་ལྔ། བློ་སྦྱོང་གི་དམ་ཚིག་དང་དྲུག །བློ་སྦྱོང་གི་བསླབ་བྱ་དང་བདུན་ནོ། ། དང་པོ་ནི། ཐོག་མར་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་པས། རང་གི་སྤྱི་བོར་རྩ་བའི་བླ་མ་བསྒོམ་སྟེ། དེ་ཉིད་བརྒྱུད་པ་ཀུན་འདུས་ཀྱི་ངོ་བོར་བསམ། མོས་གུས་དུང་བ་དང་བཅས་པས། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
རྗེས་ཏིང་ངེ་འཛིན་ལ་རང་བྱན་ཆུད་པ་ལགས་ན་སླར་ཅུང་ཟད་གསལ་འདེབས་ཀྱི་ཚུལ་དུ། དེ་ཐམས་ཅད་དམིགས་པ་གཅིག་ཏུ་དྲིལ་ན། ཡང་ཡང་མི་རྙེད་པའི་མི་ལུས་ཁྱད་པར་ཅན་ད་རེས་རྙེད་པ་ལས། ཅི་ནས་ཀྱང་ཆོས་ཉམས་སུ་ལེན་དགོས་པ་འདུག །དེ་ཡང་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ཆོས་རང་བྱེད། འཆི་བའི་ཚེ་ཟས་ནོར་ལོངས་སྤྱོད་དགྲ་གཉེན་གནས་ལུས་དབང་ཐང་སོགས་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ཀྱི་འཁྲུལ་སྣང་ཡིན། དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས་རྨི་ལམ་དང་འདྲ་ཞེས་འདུན་པ་ཅུང་ཟད་སྦྱངས་ལ། སླར་རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཤིང༌། བཙལ་བ་ན་ཁ་དོག་དབྱིབས་སོགས་ངོ་བོ་གང་དུའང་མ་གྲུབ་པ་ལ། སེམས་ཀྱང་སྐྱེ་མེད་བདེན་མེད་དུ་ཐག་བཅད་ནས། སྙིང་པོ་བདེན་མེད་ཀྱི་འདུན་པ་ཁོ་རང་གི་ངོ་བོ་ལ་བལྟས་པས་གཏད་མེད་དུ་ཡལ་བ་དེ་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
བསྔལ་གྱི་རྒྱུ་རྔམ་པོ་ཆེ་ལ་འཇུག་པ་འདི་རྣམས་སྙིང་རེ་རྗེ། བདག་གི་ཕ་མ་སྡུག་བསྔལ་མྱོང་བ་འདི་ཀུན་ཅི་ཙུག་རང་བྱ། ཞེས་སེམས་ཅན་སྡུག་བསྔལ་མྱོང་བ་ལ་མི་བཟོད་པའི་སེམས་གང་དྲག་ཅི་དྲག་གི་ཚུལ་དུ་བྱའོ།། །།གཉིས་པ་དངོས་གཞི་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །དེ་ཉིད་རླུང་ལ་སྐྱོན་ཏེ་བྱ། །ཞེས་གསུངས་ཏེ། སྔ་མ་བཞིན་དུ་བྱམས་པ…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ཅད། བདག་གི་འདི་ལ་འདུས་པར་གྱུར་ཅིག །དེ་རྣམས་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག །དེ་རྣམས་ཀྱི་ཉོན་མོངས་ཀྱི་གོབ་བདག་གི་འདིས་ཆོད་པར་གྱུར་ཅིག་སྙམ་དུ་བསམ་པས། དུག་གསུམ་དགེ་རྩར་འགྱུར་བའོ། །དུས་ཐམས་ཅད་དུ། བདག་ལ་དེ་དག་སྡིག་སྨིན་ཞིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པ་དང༌། ཁེ་དང་རྒྱལ་ཁ་ཐམས་ཅད་ཇོ་བོ་སེམས་ཅན་པ་རྣམས་ལ…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ལྟ་བ་ཡིན། །སྟོང་ཉིད་བསྲུང་བ་བླ་ན་མེད། །ཅེས་ཏེ། སྤྱིར་སྣང་བ་ཐམས་ཅད་དང་དགོས་རྐྱེན་ངན་ཅི་བྱུང་བ་དེ་ལ། འདི་སྣང་ཡང་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་པ། སྐྱེ་འགག་གནས་གསུམ་གང་ལ་བརྟགས་ཀྱང༌། ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་བཞིན་དུ་ཤེས་ནས། སྣང་ཙམ་དེ་ལ་ཅི་ཡང་མ་ཡིན་པའི་མི་རྟོག་པར་བཞག །དེ་ཡང་སྟོང་པ་ཆོས་སྐུ། གསལ་བ་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
མཛོད་ཅིག་ཅེས་བྱ། ཆོས་སྐྱོང་ལ་མཆོད་གཏོར་ཕུལ་ནས་ཀྱང་ཚེ་འདིའི་བདེ་སྐྱིད་ལ་གསོལ་བ་མི་འདེབས། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་རེ་དོགས་འགོག་པའི་གསོལ་འདེབས་བྱའོ། །འཕྲལ་དུ་བྱ་བ་ཅི་བྱེད་ཀྱང་ཐམས་ཅད་སེམས་ཅ…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
པར་ཅི་འགྲུབ་འགྲུབ་སྒྲུབ་པའོ། །སུན་འབྱིན་པ་ནི། ད་ཡང་བདག་འཛིན་འདི་ཅིས་ཀྱང་ཐུལ་བ་ཞིག་བྱ། སྔར་ཡང་འཁོར་བར་འཁྱམས་ཤིང་སྡུག་བསྔལ་མྱོང་བ་འདི་ཁོ་ནས་ལན། ད་ཡང་འདི་དང་འགྲོགས་ན་སྐྱིད་མེད། ད་རེས་འདི་ཅི་བརླག་ཅིག་བྱ་སྙམ་དུ་འདུན་པ་ཡང་ཡང་གཏོང་པའོ། །སྨོན་ལམ་ནི། སྤྱྀར་སེམས་ཅན་ཐམས་ཅད་འཁོར་བ་ནས་འདྲེན་པ་དང༌། དགོས་སུ་བྱང་ཆུ…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས། མི་འདོད་པ་བྱུང་བ་སོགས་ཀྱིས་ཡིད་མི་བདེ་བ་མེད་པའོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་ཆེད་གཏད་གཉེན་པོས་མ་བཏུལ། དྲན་པས་མ་བཟུང་ན་ཡང་དགྲ་གཉེན་བདེ་སྡུག་གནོད་བྱེད་ཐམས་ཅད་ཀྱི་སྟེང་དུ། བྱང་ཆུབ་ཀྱི་སེམས་གཉིས་རྩོལ་མེད་དུ་ལྷན་ལྷན་སྐྱེའོ། །བཞི་པོ་འདི་དག་ནྀ་བློ་སྦྱོང་གནད་དུ་སོང་བའི…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
བཅད་པར་བྱའོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱངས། །ཞེས་རང་རྒྱུད་ལ་བརྟགས་ནས་ཉོན་མོངས་པ་གང་ཆེ་བ་དེའི་སྟེང་དུ་ཆོས་ཐམས་ཅད་སྤུངས་དགོས། འབྲས་བུ་རེ་བ་ཐམས་ཅད་སྤངས། །ཞེས་བློ་སྦྱོང་བསྒོམས་པས་ལྷ་འདྲེ་སོགས་དབང་དུ་འདུ་ལ་རེ་བའམ། རང་སྐྱེས་བུ་དམ་པར་གོ་བ་ལ་རེ་ནས། གནོད་ལན་དུ་ཕན་བྱེད་པ་ལ་སོགས་མགོ་བསྐོར་ཡིན་པས་སྤངས། དུག་ཅན་གྱ…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
རང་དང་མཉམ་པ་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང༌། དགྲ་ཤི་ན་འཚེང་སྙམ་པ་དང༌། མདོར་ན་རང་སྐྱིད་པའི་ཕྱིར་དུ་གཞན་ལ་སྡུག་བསྔལ་དང་མི་འདོད་པ་ཡོང་དུ་རེ་བ་དེ་སྤོང་བའོ།། །།བདུན་པ་བློ་སྦྱོང་གི་བསླབ་བྱ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་ཟས་ཀྱི་རྣལ་འབྱོར། གོས་ཀྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། འདུག་པའི་རྣལ་འབྱོར་སོགས་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
དང་བསྡོས་ནས་བསྲུང༌། ཞེས་ཆོས་སྤྱིའི་བསླབ་བྱ་ཐམས་ཅད་དང༌། བློ་སྦྱོངས་དགོས་ཀྱི་བསླབ་བྱ། ཅི་བྱེད་རང་དོན་གྱི་རྣམ་རྟོག་གི་འཁྲི་བ་མ་ཞུགས་པར་བྱེད་པ་གཉིས་ལས་མ་འདས་པར་བསྲུང་བའོ། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་ཉོན་མོངས་དང་པོར་ངོ་ཤེས་དཀའ་བས། སྐྱེས་མ་ཐག་ཉོན་མོངས་ཡིན་པར་ཤེས་པར་བྱ། བར་དུ་བཟློག་དཀའ་བས། དེ་མ་ཐག་འཕྲལ་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
གནོད་པ་བྱེད་པའི་ལོག་སྒྲུབ་མཁན་རྣམས་ལ་གཙོ་བོར་བློ་སྦྱོང་བར་བྱའོ། །རྐྱེན་གཞན་གང་ལའང་ལྟོས་མི་བྱ། །ཞེས་ཁམས་བཟང་ངན་དང༌། ལོངས་སྤྱོད་དཀོན་མོད་དང༌། མི་ཁ་བྱམས་མི་བྱམས་སོགས་གང་ལའང་ཁྱད་མེད་པར་བློ་སྦྱོང་བ་སྟེ། གཞན་ལ་རག་མ་ལས་པའོ། །ད་རེས་གཙོ་བོ་ཉམས་སུ་བླངས། །ཞེས་ད་རེས་ཚེ་འདི་ལས་ཕྱི་མའི་དོན་གཙོ་ཆེ་དེ་ཡང་འཁོར་བ་ལས་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
གཅེས་འཛིན་ཅི་འདྲ་འདུག་བལྟ། གལ་ཏེ་མེད་པ་ལྟར་འདུག་ན་ཆགས་སྡང་གི་ཡུལ་ཞིག་བསམ་ནས། ཡང་གཅེས་འཛིན་སྐྱེ་བར་འདུག་ན། བདག་གཞན་བརྗེ་བའི་གཉེན་པོས་དེ་མ་ཐག་སྤོང༌། ཡུས་མ་སྒོམ། ཞེས་ཕ་རོལ་ལ་རང་གི་དྲིན་ཡོད་པ་དང༌། རང་གི་ཆོས་ཉམས་སུ་བླངས་པ་རང་དོན་ཡིན་པས། དེ་ཀུན་གྱི་ཡུས་གཞན་ལ་མི་འཚོང་བའོ། །ཀུན་སློང་མ་སྡོམ་ཞེས་པ། གཞན་ཕྱོགས་…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་སོགས་གོང་དང་འདྲ། མི་འདོད་པའི་རྐྱེན་བྱུང་ན་དགེ་བསྐུལ་ཡོང༌། གདོན་ཞུད་བྱུང་ན་ཚོགས་གསོགས་དང་ཐུགས་དམ་འཕེལ། ན་ཚ་བྱུང་ན་སྡིག་སྒྲིབ་འདག །སྡུག་བསྔལ་རང་བཞིན་སྟོང་པ་ཉིད། །ཆོས་ཉིད་ཡིན་པས་ཉམས་སུ་བླངས་ཆོག །དེ་ཀུན་བྱུང་ན་བྱུང་གི་བཟང༌། །ཞཻས་ཉམས་སུ་བླངས། སྐྱིད་ཀྱི་གཉའ་གནོན་ཆེན་པོ་ཡིན། །སྡི…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
ས་རང་སྤོ་ཞིང༌། །ཤེས་པ་མི་དགའ་སྐྱོ་བ་ན། །རང་ལ་གཤགས་འདེབས་འདི་ལྟར་བྱ། ཁྱོད་ཀྱི་གཤིས་ལུགས་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱེད་ཀྱིས་སྡུག་སྲན་འདིས། །དམྱལ་བར་མ་སྐྱེས་ཁར་རྗེ་ཆེ། །བཙོ་བསྲེག་མ་མྱོང་ཁར་རྗེ་ཆེ། །ཞེས་སོགས་དང༌། གཞན་ཡང་འཇིགས་པ་རབ་བསམས་ཏེ། །བདག་ལ་ཁྲེལ་བར…
JTN018
· ཏཱ་ར་ནཱ་ཐ།
ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་གྱི་ཁྲིད་ཡིག
དོན་བདུན་གྱི་གཞུང་ཤིང་འདིར་ཉམས་ལེན་ཐམས་ཅད་འདུ་བ་ཡིན། ཞེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རྗེ་བཙུན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་དེ། རྗེ་བཙུན་དཔལ་སྟག་ལུང་པ་ཆེན་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རྗེ་ངག་དབང་ཀུན་དགའ་ལེགས་གྲུབ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་བློ་སྦྱོང་གི་ཁྲིད་ཡིག་བསྙེལ་བ…