Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      4382 results — page 89 of 220
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      དཀྱིལ་འཁོར་འཁོར་ལོ་ཕྱི་ནང་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱང་། ཟག་པ་མེད་ཅིང་མི་འགྱུར་བའི་བདེ་བས་མྱོས་པའི་རྣམ་པར་རོལ་པ་རྒྱ་མཚོ་བན་བུན་ལང་ལོང་དུ་བཟང་པོར་སྤྱད་པ་སྤྱོད་པ་མངོན་པར་འདུ་མཛད་པའི་ཚེ། རྒྱལ་བ་གར་གྱི་དབང་པོས། ད་ནི་མི་རིང་བར་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་(ཆེ་)ཆེས་ཆེར་གསལ་བར་འགྱུར་ཞིང་། བོད་ཀྱི་དམ་ཆོ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཆབས་ཅིག་མཐོང་། །སྐབས་དེར་བདག་ཡིད་ཐེ་ཚོམ་དྲྭ་བས་བཅིངས། །ཅི་བྱའི་གཏོལ་བྲལ་ཆང་མོར་གྱུར་པ་ན། །རྒྱལ་དབང་དགུ་པའི་རྣམ་ཐར་གྱིས་ཕྲོགས་པའི། །ཀུན་རྟོགས་སྤྲོ་བས་དྲེགས་པའི་སོགས་རས་པ། །དོན་གཅིག་ལོ་ཡི་ཁྲིམས་གཉེར་གྱིས་བཅིངས་སྐུ། །དྲི་མེད་སྙིང་སྟོབས་སྲིད་མེད་དབུས་ཀྲོལ་ཏེ། །དྲི་ཞིམ་དགྱེས་འོས་པད་མཚོར་ངང་པ་བཞིན། །ལེ་བར…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      བསྒྱུར། །མཉམ་མེད་ཤཱཀྱའི་རྒྱལ་བརྒྱུད་བོད་རྗེའི་གདུང་། །གྲུབ་མཆོག་ཀརྨ་པ་ཡི་རིགས་ཐུ་བོ། །འཇིག་རྟེན་འཇིག་རྟེན་འདས་པའི་མཐའ་ཀུན་མཁྱེན། །གླེན་རྨོངས་ཆགས་ཁྲོར་བྱམས་དང་ཐུགས་རྗེ་བརྩེ། །སྲིད་ཞིའི་འབྱོར་རྒུད་མ་ལུས་ཀུན་བཟོད་ནུས། །མཁྱེན་བརྩེ་ནུས་པ་གསུམ་ལྡན་ཆང་གུའི་གུང་། །རྟའི་དབེན་གོ་ཤྲི་རིན་ཆེན་རྣམ་རྒྱལ་ཞབས། །ལུག…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      བ་གསུམ་གྱིས་ཕུལ། །དཔེ་ཟླ་ལས་ཀྱང་དཔེ་ཟླས་དབེན་བསྩལ་ཏེ། །ཙ་མ་རི་ཡི་མཚེའུ་ཁར་འབྱོར་དུས། །ཕྱི་དང་ནང་གི་རྟེན་མཇལ་ཐུན་མོང་དང་། །སྦྱིན་པ་གསུམ་ཀྱང་ཐུན་མོང་ཙམ་སྦྱིན་མཛད། །ཐུན་མོང་མིན་པ་གང་ཡིན་ཀུན་མ་བསྩལ། །འདི་ཉིད་ནས་བཟུང་དཔལ་ལྡན་ཀརྨའི་བར། །སྣང་ཚུལ་ལུས་ཀྱིས་ཁོ་ཐག་བཅད་བྱས་ཀྱང་། །གནས་ཚུལ་སེམས་ཀྱི་སྒྲེང་བརྒྱུད་མ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      གཉིས་པ་དགའ་ལྡན་ཕོ་བྲང་པར། །ཚོགས་པ་རྒྱ་མཚོ་ཏའི་ཆིང་མིང་གསུམ་སྣང་། །ནང་སོ་གསུམ་པ་བསོད་ནམས་རིན་ཆེན་སྐོར། །འགྲོ་མགོན་ཞང་སྤྲུལ་མི་བསྐྱོད་རྡོ་རྗེ་དང་། །ཐུགས་རྒྱུད་གཅིག་བཞེད་རིན་ཆེན་ལེགས་པ་དང་། །བཞག་བླ་འབུལ་སྐྱེལ་ཐོབ་རྒྱལ་དུས་ཇ་བ། །ཁྲོམ་དང་རྒྱལ་རོང་སྤ་སྤོམ་ལྷ་འདྲི་བ། །ངོར་དང་ཐུབ་བསྟན་མ་བུའི་དུས་ཇ་དང་། །འབུ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཆུང་ཞེས་གྲགས་པ། །མ་རབས་བུ་ཚ་གསུམ་གྱིས་བློ་བུར་བསྐུམ། །བདོག་པ་ཀུན་ཁྱེར་དར་རྩེ་མདོར་སོང་ཟེར། །ལོ་འགའ་ཐལ་བ་ཐོས་ཚོར་ཨེ་ཤེས་ལོ། །དེ་མ་ཐག་འདི་སྐད་ཅེས་ཐོས་པ་ཁོ་ནར་མཐོང་སྟེ། སྔོན་བཅོམ་བརླག་གི་རྒྱལ་པོ་ཚངས་སྦྱིན་དང་། བློན་པོ་ཚངས་པའི་ཚེ་ལ་བུ་རིག་པ་དང་ལྡན་པ་རེ་ཡོད་པ་ལྷོ་ཕྱོགས་གྲུ་འཛིན་ན་རྗེས་སུ་སྒྲོགས་པ་དྲུག་གི…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      གཙུག་ཕུད་ལག་པས་བཟུང་བྱས་ཏེ། །མགོ་བོ་རྡོག་པས་མནན་ནས་ནི། །རལ་གྲིས་མགོ་བོ་ཉེ་བར་བཅད། །ཅེས་ཟེར་བར་འདུག་སྨྲས་པ་ན། ཡབ་རྒྱལ་པོ་ཡིད་སྐྱོ་ཞིང་སྒྱིད་ལུགས་ནས་འདི་སྐད་ཅེས། སྡིག་སྤྱོད་རྒྱལ་པོའི་ཡུལ་འཁོར་དང་། །དུག་སྦྲུལ་གནས་པའི་ས་ཕྱོགས་དང་། །གྲོགས་པོ་ངན་པ་རྟེན་པ་རྣམས། །དོན་མེད་ཉེས་པ་འབྱུང་བའི་གཞི། །ཀྱེ་མ། སྙིང་དང…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      པའི་ཕྱེད་གསལ་བཀའ་གྲོས་ཁེ་ཉེན་བསྡུར། །ཀོང་པོ་གང་འདུག་ལྷོ་ལམ་འགྲིམ་ཐག་བཅས། །མདོ་ཁམས་དབུས་གཙང་འགྲུལ་པ་ཕལ་མོ་ཆེ། །རྩྭ་ཁ་ལ་ལམ་ཆུ་འཕྲང་ཟོས་བདེ་བཟང་། །འཕྲང་དོག་མེད་ན་བྱང་ལམ་མྱུར་མོད་ཀྱང་། །ཨ་འབུམ་བུ་ངན་ཁྲམ་པ་ཇི་སྙེད་དང་། །འཚོ་གསུམ་པ་སོགས་མཐོར་བསྡུས་མི་སྲུན་མཁར། །ནང་ཐོབ་ཐར་འབུམ་དམག་ཀྱང་ཆས་སྲིད་ཚེ། །ཀོང་པོའི…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      པའི་སྔ་འགྲོ་བྱས་ན་མཛད་བདེ་ཞེས། །ཀོང་པོས་མགོ་བྱས་སྟག་མཐུས་དགོང་བཟང་བྱུང་། །དེ་ལྟར་ཆས་ཚེ་རྟ་ངོར་འབུལ་སྐྱེལ་དང་། །ཇ་བསྐོལ་གྲྭ་རྒྱུན་གླིང་ཚང་དྲུང་རྒོད་སོགས། །ས་དགེ་སེར་ཉོབ་བརྒྱ་ཕྱེད་རྗེས་འབྲང་བྱས། །ཟླ་ཕྱེད་བར་ལ་ཀོང་པོའི་སྔ་འགྲོས་བྱས། །ཕལ་ཆེ་ཉིན་རེ་ལ་ཆུང་གསུམ་རེ་བརྒལ། །རྒྱལ་མཆོག་བཞི་པ་རོལ་པའི་རྡོ་རྗེ་དང་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      རྟ་ཁྲེས་ཁལ་བསུ་སྐྱེལ་རིམ་གྲོ་སྐྱེད། །གཡག་ཤོད་བགྲོད་ཚེ་རྒྱལ་ཚབ་སྤྲུལ་པའི་སྐུ། །གྲགས་པ་དཔལ་འབྱོར་བལྟམས་ཡུལ་སེང་གེ་སྒང་། །མཇལ་བའི་ལེགས་བྱས་བསྐལ་བཟང་བདག་གིར་བྱས། །དེ་དང་ཁད་ཉེ་མངའ་རིས་རྒྱལ་མོ་ཞེས། །རྗེ་བཙུན་མཚན་ལྡན་སྔ་ཕྱིའི་འཁྲུངས་ཡུལ་མཐོང་། །དེ་ནས་ཉེར་བརྩམས་ཤོད་ཆེན་མང་པོ་ཡི། །ལ་ལུང་རྫོང་གཞིས་སྡེ་དགོན་མང…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      སོགས། །ཡུལ་བཅོས་ངོ་མཚར་ཞལ་མཇལ་མོག་མ་བྱུང་། །་དེ་མུར་རྒྱ་སྟོན་དགོན་པ་ཚ་རགས་སླེབ། །གཞི་སྡོད་གཉེར་པ་བཟན་ཤིང་སློངས་པའི་ཚེ། །ཞྭ་ནག་པ་མེད་ཞྭ་དམར་ཅན་དག་ཀྱང་། །ངེད་ལ་དགོས་པ་ཡོད་སྐད་མ་ཚར་ཟེར། །གཙུག་ལག་ཁང་ཆེན་སྣང་བར་མཇལ་བ་ན། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་རྟེན་དང་། །ཟུང་འཇུག་བརྒྱུད་སྐུ་ངོ་མཚར་བཟང་དགུས་གཙོས།…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      རྗེའི་ཕྱགས་དང་བསྲེས་པ་མཇལ། །རུ་ཤོད་གཞིས་ཕྲན་ཞིག་ན་གདུང་བརྒྱུད་པ། །སྙད་ཚེ་དཀོན་མཆོག་དམ་པ་ཁྱེད་རྣམས་ལ། །ཐོབ་ཐང་ཡོད་ཀྱང་ཟན་ལ་གཅོད་ཞེ་མེད། །གསུང་ཞིང་མཆེད་པོ་འགའ་ལ་ཇ་གནང་མཛད། །རྡོལ་བོན་གྱིས་བརྩམས་བོན་འབུམ་བཀླགས་པ་བཞིན། །ཕྱི་ནང་ཧང་ཧང་ཧང་ཧང་ཧང་ཧང་ཉིད། །མི་བསྐྱོད་རྒྱལ་བའི་མཁན་བུ་རྒྱ་སྟོན་དབོན། །དགེ་འདུན་རྒྱ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      རྒྱལ་སྲས་དཀོན་མཆོག་འབངས་དང་རྒྱལ་ཚབ་མཆོག །ལྡེམ་སྐུ་རྒྱབ་མཐོ་ཉི་ཤུ་ཞྭ་དམར་ཅན། །བྱིན་ཆགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་པ། །བྲིས་སྐུར་སྨན་པའི་རྒྱལ་པོ་ཞྭ་ནག་ཅན། །སེང་ལྡེང་ནགས་སྒྲོལ་ཞྭ་ནག་ཅོད་པན་འཛིན། །མགོན་པོ་བེར་ནག་ཞྭ་ནག་བཞེས་པ་སོགས། །རྨད་བྱུང་དག་སྣང་བྲིས་སྐུ་དུ་མ་དང་། །རྒྱལ་དབང་ན་རིམ་དུ་མས་ཡུན་རིང་དུ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཆེས་མ་དར། །་དུས་ཕྱིས་མཛད་མཐའ་བསྐང་ཕྱིར་གཞི་བྱེད་ཀྱི། །རྒྱལ་དང་རྒྱལ་སྲས་ཡོན་མཆོད་ཀུན་བགྲོས་ཏེ། །གྲྭ་ཚང་ཚུལ་འཛུགས་མགོ་སྡུད་བླ་མ་ལ། །ཞག་སྒོམ་དབོན་པོའི་གནས་ཚུལ་དྲིས་པའི་ཚེ། །བླ་མ་དྲུང་པ་གདན་རིམ་རྣམ་གཉིས་དང་། །ནང་སོ་ཆེ་ཚང་དཔོན་རྗེའི་མཛད་འཕྲིན་དང་། །གྲྭ་པ་དཔོན་སློབ་སུ་ལའང་ཡུལ་ཅན་གྱི། །ལེ་ལན་མེད་བཞིན་དབོན་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ནས་ཕོགས་དབུས་གཙང་ལུགས། །ཇ་ཕོགས་ཡང་ཟུར་ལས་ཀྱང་ཡུལ་ཁྱད་བཟབ། །རང་རང་སྤྱིལ་ལུར་སྐྱིད་བཅོས་ཟུར་གསོས་ཅན། །སྔ་དགོང་ལན་རེ་ལན་གཉིས་ཟབ་མདོ་ཙམ། །འདོན་སྒྲིགས་ཀྱིས་ཆོག་གྲྭ་ཚང་ཁྱུ་ནང་འཇུག །གཞན་དུ་དགོན་པར་འདུག་པ་ཡོད་བཞིན་དུ། །ཐོས་བསམ་གྱིས་ཅི་སྡུག་གྲིར་ཤི་དོགས་བྱེད། །དབོན་པོས་བླ་བཞེད་ཆོས་སྤྱོད་བསྐུལ་མ་ཐུབ། །གྲྭ་བཞེ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      མཛོད། །མི་དང་མི་འདས་བསྟན་སྲུང་ཆེ་དགུ་ཀུན། །ངལ་བསོའི་ཁང་བརྩེགས་ལྷོ་རོང་ཆོས་རྫོང་དུ། །ཇ་པ་ལ་པའི་བབ་པ་ཐོབ་པ་ལྟར། །མཁོས་ཕེབས་ཤོམས་ཆེའི་འབྱོར་པས་རྣམ་བརྩེན་ཞིང་། །གསུམ་ཕོགས་བདུན་ཕོགས་བཅུ་ཕོགས་གཟབས་མཛད་རུང་། །མཆེད་པོ་རྫོང་རྩེར་འདུག་ཡུལ་བྱེད་དགོས་མཐུས། །ཡང་རིར་དགེ་སློང་ཆེ་བགྲེས་རྣམས། །གོ་རམ་དབོན་པོ་གླིང་ཚང་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      མར་འབྲུ་ཆང་ཕོགས་ཆུང་ཇི་སྙེད་དང་། །གཟན་ཤིང་མི་རྟ་ཟུར་གསོལ་ལ་དགོངས་ནས། །ཞག་སྒོམ་དྲུང་པས་འབུལ་སྡུད་བསོད་སྙོམས་མཛད། །སེར་ཉོས་སྤྱི་དང་ཨ་བྱམས་དབོན་པོ་སོགས། །སྒར་པ་ཕྱི་སྐོར་བདག་ཅག་སྐོར། །ཀུན་ལ་གཟན་ཤིང་མཐུན་རྐྱེན་ཉོན་མ་མོངས། །སྒར་པའི་ཞར་ལ་གཞན་ཀུན་མཚར་ཁའང་ཆག །རང་གཞན་ཕྱི་ནང་ཀུན་ལ་ངོ་བྱུང་རུང་། །དགེ་སློང་ཆེ་བག…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཐམ་ཁ་ཆེ་ཆུང་ལིང་གོས་ཀྱི། །ཀོའུ་མིང་འཇའ་ས་ཡོན་མཆོད་རིམ་གནང་རིགས། །ལས་ཞྭ་གྲི་ཁྲབ་ཤེལ་བཅད་ནོར་ངོམ་མཛད། །ཀུན་ཀྱང་ཀརྨ་པ་ཡི་རྫོང་གཞིས་མཁར། །ཕྱག་མཛོད་དོ་དམ་རྫོང་གཉེར་ཉིད་ཡིན་ལ། །ཡིན་པར་ཁས་ལེན་མཛད་པ་དོན་ལྡན་ནོ། །དེ་ནས་སྡེ་དགོན་རྣམས་ཀྱིས་ཆིབས་པ་དང་། །དྲེའུ་ཁལ་རྟ་ལ་སོགས་ཞུ་ཡིག་རྟེན། །གནང་སྟེར་ཕུན་ཚོགས་མཐའ་དབུ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      སོ་གོང་འོག་བྱ་སྤུ་བརྩེགས། །དཀྱིལ་འཁོར་རྟ་སུག་བྲེ་བརྩེགས་བྲེ་སྤུངས་སྟེང་། །ལྕམ་གདུང་གཤིབས་བསྒྲིགས་ཐོག་ལ་མི་ཕྱུགས་ཀུན། །ཁྱུ་རྡལ་འགྲིམས་ཆོག་ལྷ་ཡི་བཀོད་པའི་ཟམ། །རྒྱལ་བའི་ཕྲིན་ལས་ཡིད་སྤྲུལ་ངོ་མཚར་བགྲོད། །རྫོང་ནས་བར་ཚུགས་གསུམ་གྱིས་ལྷོ་རུར་སླེབ། །མགྲོན་པོ་གཡུལ་ལས་རྒྱལ་བའི་དགའ་བྲོད་དང་། །གཞི་བ་དམྱལ་ཐག་ཆད་པའ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཀུན་བསྲེས་ཚོགས་དར་དིར་རྨིག་སྒྲ་འུར། །ལུག་ཐུག་འཐབ་དང་ཞོལ་གཡག་རྭ་འཛིངས་ཀྱི། །ཐུག་ཆོམ་འཁུན་སྒྲ་ངར་འཇོའི་འབྲུག་སྒྲ་ལྡིར། །མཁར་རྫོང་འགྱེལ་རྡིབ་འུར་ཆོམ་ཏག་སྒྲ་དང་། །དཔུང་གི་ཧ་དིར་སོ་སྒྲ་ཀུན་འདྲེས་པས། །རི་བྲག་ནགས་ཚལ་ཁང་རོ་ཀུན་འདར་ཞིང་། །དུད་འགྲོ་འཛིངས་འཁྲུགས་དཔུང་གི་རྡུལ་འཚུབ་དང་། །མི་ཕྱུགས་པུར་དང་དུད་སྤྲི…