Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      275 results — page 8 of 14
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > མདོ་ཁམས་པ་ཤེས་རབ་དཔལ་ལ་གདམས་པ།
      ཨོཾ་སྭཱ་སྟི། མཐའ་བཞིའི་སྤྲོས་པ་ལས་གྲོལ་བ། །གཉིས་མེད་ཡེ་ཤེས་བདེ་ཆེན་དངོས། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །གདམས་ངག་ མདོ་ཙམ་བཤད་པར་བྱ། །རྙེད་དཀའི་མི་ལུས་ཐོབ་དུས་སུ། །དོན་ཡོད་ཀྱི་ཐབས་ལ་འབད་པར་འཚལ། །མཚན་ལྡན་རྗེ་དང་མཇལ་དུས་འདིར། །མོས་གུས་རྒྱུན་ཆད་མེད་པར་འཚལ། །གདམས་ངག་ཟབ་མོ་ཐོབ་དུས་འདིར། །རྩེ་གཅིག་ཏུ་འབད་པས་ཉམ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > མདོ་ཁམས་པ་ཤེས་རབ་དཔལ་ལ་གདམས་པ།
      འཁོར་བར་འཁྱམས། །རང་སེམས་ཀྱིས་རང་ཉིད་བཅིངས་ཚུལ་ལ། །བསམ་བཞིན་དུ་སྙིང་རྗེ་འབད་མེད་དུ་འཆར། །བྱམས་སྙིང་རྗེའི་རང་ངོ་བལྟས་པའི་ཚེ། །སྙིང་རྗེ་བྱ་རྗེ་བྱེད་དབྱིངས་སུ་ཡལ། །དབྱིངས་དེ་ལས་སྙིང་རྗེར་ལམ་ལམ་པ། །དམིགས་མེད་ཀྱི་སྙིང་རྗེ་ཆོས་ཀྱི་མཆོག །གཞི་ལམ་འབྲས་བུའི་ཆོས་ཐམས་ཅད། །གདོད་ནས་སྐྱེ་བ་མེད་པ་ལ། །བློས་བྱས་ཀྱི་བཅ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > མདོ་ཁམས་པ་ཤེས་རབ་དཔལ་ལ་གདམས་པ།
      ཞེས་བྱ་བས། །རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བ་ཡི། །མདོ་ཁམས་པ་ཤེས་རབ་དཔལ་ལ་གདམས་པའོ།། །།དགེའོ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > རྒྱལ་བཟང་རྟོགས་ལྡན་རིན་བཀྲས་ལ་གདམས་པ།
      ཨོཾ་སྭཱ་སྟི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །བུ་སྣང་བ་སེམས་ལ་ཁྱད་པར་མེད། །གང་ཤར་བཟོ་བཅོས་མེད་པར་ཞོག །སྙིང་རྗེ་དང་སྟོང་ཉིད་འགྲོ་ལྡོག་གཅིག །སྙིང་རྗེ་འཛིན་པར་མ་ཤོར་ཞིང༌། །སྟོང་ཉིད་ཆད་སྟོང་དུ་མ་ལུས་པའི། །ཟུང་འཇུག་ཉམས་ལེན་གལ་རེ་ཆེ། །ལས་འབྲས་ཀྱི་བླང་དོར་ཕྱིན་ཅི་ལོག །ཅིས་ཀྱང་དགོས་མེད་ཀྱི་ངེས་འབྱུང་སྟོར། །གཞན་ཕན་མ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།
      ན་མོ་གུ་རུ། ཕ་གཅིག་ཆོག་རྒྱལ་པོ་བླ་མ་ལ། །དུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། །བདག་བུ་སློབ་ཀྱི་བློ་སྣ་ཆོས་ལ་བསྒྱུར། །སེམས་མཁའ་ཁྱབ་རྟོགས་པར་བྱིན་གྱིས་རློབས། །དུས་ད་རེས་མཐུན་ རྐྱེན་ཀུན་འཛོམ་ཞིང༌། །མཚན་ལྡན་རྗེ་དང་མཇལ་བ་དང༌། གདམས་ངག་ཟབ་དགུ་ཐོབ་དུས་འདིར། །དོན་མེད་དུ་མ་ལུས་པ་ཅིས་ཀྱང་འཚལ། །ལུས་ཤ་ཁྲག་འདུས་པའི་ཕ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ལས་སྟོད་སྤ་ལུང་གི་རྣལ་འབྱོར་པ་འགའ་ལ་གདམས་པ།
      ཡུག་རྒྱུན་ཆགས་ཏེ། །བྱར་མེད་ལས་མེད་གལ་རེ་ཆེ། །དེ་ཡང་རྩོལ་མེད་ཀྱི་དྲན་པས་བཟུང༌། །མུན་ཐོམ་དུ་ལུས་ན་ཐེ་ལེ་ལེ། །འབྲས་བུ་རང་སེམས་སངས་རྒྱས་འདི། །གཞི་ཐོག་ཏུ་ཟོབ་སྟོང་ལམ་ལས་ཤིང༌། །རེ་དོགས་ཀྱི་གཡང་སར་མ་ལྷུང་པ། །ཐག་ཆོད་ཀྱི་ཤེས་པའི་ངེས་ཤེས་དགོས། །གང་སྣང་ཐམས་ཅད་ཆོས་སྐུ་ལ། །ཕྱོགས་འཛིན་གྱི་དབྱེ་བ་མེད་ལགས་མོད། །གཅམ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས།
      ཨོཾ་སྭཱ་སྟི། འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ་བ་དང༌། །ཚེ་སྲོག་ནམ་མཁའི་གློག་ལྟར་མི་བརྟན་ཞིང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འགྲོ། །ལང་ཚོ་ལྡན་པའི་ལུས་ཀྱང་འཇིག་འགྱུར་བས། །འཇིག་རྟེན་འདི་དང་གཞན་དུ་ཕན་ངེས་པའི། །དགེ་བའི་ལས་ལ་རྩེ་གཅིག་འགྲུས་པར་འཚལ། །ལས་ནི་ཆུང་ཡང་འབྲས་བུ་རྒྱ་ཆེ་ན། །དགེ་སྡིག་ཆེན་པོ་བསགས་ལ་སྨོ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཞལ་གདམས།
      ཚེ་རབས་ཀུན་ཏུ་སྡུག་བསྔལ་རྒྱུར་འགྱུར་བའི། །སྡིག་པས་ཚེ་འདིར་བདེ་ནའང་དེ་དང་འདྲ། །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན། །འཇིག་རྟེན་ཕ་རོལ་ཚད་བཟུང་མེད་པའི་ཕྱིར། །སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང༌། །དགེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ། །ཚེ་འདིའི་གྲོགས་པོ་ཇི་ལྟར་བཟང་ཡང་འབྲལ། །དམ་ཆོས་སྒོམས་ན་ནམ་ཡང་འབྲལ་མི་སྲི…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།
      ན་མོ་གུ་ར་ཝེ། མཚན་ལྡན་བླ་མ་རྗེ་ལ་འདུད། །དད་ལྡན་མོས་པའི་སློབ་མ་ལ། །དོན་ལྡན་གདམས་པ་ཅུང་ཟད་ ཙམ། །ཆོས་ལྡན་བྱ་བའི་ངང་ནས་བསྲིངས། །ངེས་མེད་འཇིག་རྟེན་གྱི་བྱ་བཞག་འདི། །རྨི་ལམ་དུས་ཀྱི་ལོངས་སྤྱོད་བཞིན། །བདེན་བདེན་འདྲ་ཡང་སྙིང་པོ་མེད། །བདེན་འཛིན་གྱི་ཞེན་པ་མི་འཚལ་ལོ། །རྙེད་དཀའ་མི་ལུས་ཀྱི་རིན་ཆེན་ལ། །དགེ་ལེགས་ཀྱི་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།
      གང་ཤར་ལ་དྲན་པའི་སོ་བས་ཟུང༌། །བྱར་མེད་ཀྱི་ངང་དུ་ལྷོད་ཀྱི་ཀློང༌། །རང་གྲོལ་གྱི་རྟོགས་པ་ནང་ནས་འཆར། །འགྲོ་དྲུག་དྲིན་ཅན་གྱི་ཕ་མ་ལ། །བྱམས་སྙིང་རྗེ་ཕྱོགས་དུས་མེད་པར་བསྒོམ། །རང་འདོད་ཀྱི་ངན་སེམས་ཤིག་གིས་བཤིག །ཕན་སེམས་བདེ་འབྱམ་གྱི་ངང་ལ་བཞག །མཛའ་བཤེས་ཀྱི་ཕྱི་རྗེས་མཐར་ཐུག་ཀྱང༌། །ཕྱི་ནས་དགེ་བ་ལ་འབད་པ་དཀོན། །གཞན་བ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པ།
      དབྱེར་མེད་དུ་གསོལ་བ་བཏབ། །རང་སེམས་དང་བླ་མ་དབྱེར་མེད་པ། །འདུ་འབྲལ་མེད་པར་རྟོགས་ཙ་ན། །མཐར་ཐུག་གི་རྟོགས་པ་ངང་གིས་འཆར།། །།ཞེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས། །དད་ལྡན་བདེ་སྐྱིད་དཔལ་འཛོམ་ལ་གདམས་པའོ། །དགེའོ། །
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དྲུང་པ་འོ་པ་ལ་གདམས་པའོ། །
      ཁོ་བོ་རྗེ་བཙུན་བླ་མ་ཡིས། །རྗེས་སུ་བཟུང་ལ་ཉེར་བརྟེན་ནས། །སྙན་པའི་ཚིག་ལ་མ་ལྟོས་པར། །མ་སྒྲིབས་གཉུག་མ་ཁོང་ནས་གསལ། ཁྱེད་ཀྱང་བླ་མ་རིན་ཆེན་ལ། །གུས་པས་གསོལ་བ་འདེབས་པར་ཞུ། །འདོད་དགུ་ཐམས་ཅད་ཆར་ལྟར་འབབ། །གེགས་དང་གོལ་ས་བར་ཆད་གསུམ། །ནམ་གཞུག་ཆད་ཁའི་སྤྲིན་ལྟར་དེངས། །ཡོན་ཏན་ཐམས་ཅད་རང་ཤར་འབྱུང༌། །ཐ་སྙད་ཚིག་གི་བརྗོད་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དྲུང་པ་འོ་པ་ལ་གདམས་པའོ། །
      ཆེན་པོའི་འཁྲུལ་འཁོར་ནི། །འདབ་ཆགས་མཁའ་ལྡིང་རྒྱལ་པོ་དེ། །མཁའ་ལ་འགྲོ་སྡོད་ཅི་བྱེད་ཀྱང༌། །ས་ལ་མི་བོག་རང་དབང་ཡོད། །སྤྱོད་ལམ་བྱ་བ་ཅི་བྱེད་ཀྱང༌། །འགྱུར་མེད་ཀློངས་སུ་གྱུར་པ་ན། །ཅི་བྱས་རང་ཤར་རང་གྲོལ་ཡིན། །ཉམས་རྟོགས་ལོངས་སྤྱོད་རྒྱ་ཆེར་སྤེལ། །ཧེ་རུ་ཀའི་འཁྲུལ་འཁོར་ནི། །ངེས་མེད་སྤྱོད་པ་སྐྱོང་བ་ཡང༌། །ཆལ་ཆོལ་ཙམ་ལ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།
      ༈ བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །གང་ལ་བདུད་བཞི་བཅོམ་པའི་དཔལ། །ཟས་གཙང་སྲས་ཀྱིས་འདི་སྐད་ཅེས། །བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །དྲེགས་ལྡན་དབང་གིས་ཕྱུག་པ་ཡང༌། །མི་རྟག་གདོན་གྱིས་ཟིན་པ་ན། །མགོན་མེད་གྱུར་པའི་གནས་སྐབས་ལ། །ཆོས་ལས་གཞན་པའི་སྐྱབས་མ་མཆིས། །གང་ཞིག་འབྱོར་པར་ལྡན་པ་ལ། །ནོར་ད…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།
      མེས་སོགས་ཀྱི་དྲིན་བསབ་ལའང༌། །དགེ་བ་རྒྱ་ཆེན་སྒྲུབ་པར་འཚལ། །བཀུར་འོས་བཀུར་བས་བདག་ཉིད་ལ། །བཀུར་བསྟི་རྒྱ་ཆེན་ཐོབ་པར་འགྱུར། །མཆོད་འོས་མཆོད་ཅིང་བསྟོད་འོས་བསྟོད། །གུས་དང་དྲིན་དུ་བཟོ་བའང་མཚུངས། །ཀུན་ལའང་བརྩེ་བར་རིགས་ལགས་ན། །རང་ལ་བརྟེན་པ་ལྟ་ཅི་སྨོས། །བདེ་འདོད་སྡུག་བསྔལ་སྤོང་འདོད་པར། །རང་གཞན་ཐམས་ཅད་མཚུངས་པར་ག…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > དཔོན་མོ་ནམ་མཁའ་རྒྱལ་མོ་ལ་ཆོས་ཀྱི་འཕྲིན་དུ་བསྐུར་བ།
      ཆེན་སྒྲུབ་ལ་ཐུགས་མི་ཟློག །ཞིང་པ་ཚོང་པ་ལ་སོགས་བཞིན། །དུས་གཞན་ཞིག་ན་ལན་མང་དང༌། །འགྲུབ་པར་འགྱུར་བ་མ་ཡིན་ནམ། །འགལ་བགྱིད་གཅིག་ཀྱང་མངས་བའི་སྐྱོན། །ཕན་བགྱིད་བྱེད་པའང་མི་སྤང་ངོ༌། །བྲམ་པའི་རྡོ་བཞིན་འབད་པ་ཡིས། །བསལ་ཡང་གནོད་བྱེད་འཕེལ་བར་འགྱུར། །རིགས་དང་མི་རིགས་ཚར་བཅད་དང༌། །རྗེས་བཟུང་ནད་དང་ཟུངས་བཞིན་འཚལ། །གཟི་ལ…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཚིགས་བཅད་བཅུ་གཉིས།
      ༈ ཨོཾ་སྭཱ་སྟི། ཤིན་ཏུ་རྙེད་པར་དཀའ་བ་ནི། །མི་ལུས་ཤིང་རྟ་ལ་ཞོན་ནས། །ཐར་པའི་གྲོང་ཁྱེར་འཇུག་འདོད་པས། །ཤིན་ཏུ་འབད་པས་བརྩོན་པར་རིགས། །བརྩོན་འགྲུས་དཔུང་དང་བྲལ་བ་རྣམས། ། བར་ཆད་ཆོམ་པོས་བཅོམ་ཞིང་བརླག །འཁོར་བའི་ཟམ་སྟེགས་དལ་འབྱོར་འདི། །འཆི་བདག་ཆུ་བོས་མ་ཁྱེར་བ། །དེ་སྲིད་འབད་པ་ཅིས་མི་རྩོམ། །འབུམ་ཕྲག་དཔུང་གི་རྡུལ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > ཚིགས་བཅད་བཅུ་གཉིས།
      རྒྱལ་མི་འཚལ་ཞིང༌། །གཞན་གྱི་ཕུན་ཚོགས་ལ་མི་སྡང༌། །ངན་པ་རྣམས་ལ་བརྙས་མི་བགྱིད། །མཆོད་དང་སྦྱིན་པ་རྒྱ་ཆེར་བཏང༌། །སློབ་དཔོན་གང་ལ་མཉེས་འགྱུར་བ། །དེ་ཡིས་བཀུར་བསྟི་མཆོད་པ་བྱ། །དགེ་བ་གང་བྱས་སེམས་ཅན་དང༌། །ལྷན་ཅིག་སངས་རྒྱས་རྒྱུ་རུ་བསྔོ། །ཆོས་ཚུལ་མུ་མཐའ་མ་མཆིས་པས། །མཐའ་དག་སུ་ཞིག་བརྗོད་པར་བྱེད། །གང་ལས་ཐབས་མཁས་ཐོབ་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ།
      ཨོཾ་སྭཱ་སྟི། གང་ཞིག་སྲིད་ཞིའི་ཕུན་ཚོགས་བདུད་རྩིའི་འབྲས། །དལ་འབྱོར་དཔག་བསམ་ལྗོན་པའི་རྩེར་ཆགས་པ། །འདི་ལས་འདོད་དགུ་ཅི་ཡང་བླང་བར་རིགས། །གཞན་དུ་འདི་འདྲ་རྙེད་པ་བརྒྱ་ལ་ཞིག །ཧ་རི་ཙནྡན་དྲིས་རྒྱས་སུམ་རྩེན་ནགས། །ཅི་འདོད་དགའ་བས་རོལ་པའི་རྩེ་ས་ཡང༌། །དབང་མེད་བོར་ཏེ་ལོ་མ་རལ་གྲིའི་ཚལ། །བསྐལ་པར་བསྟེན་པ་འདི་ནི་ལས་ཀྱི་…
      JTN001 · ཏཱ་ར་ནཱ་ཐ།
      རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་གྱི་སྐོར། > བློ་ལྡན་ཀརྨ་ཆོས་བཟང་ལ་གདམས་པ།
      ཀརྨ་ཆོས་བཟང་ཞེས་བྱ་བ། །དེ་ལ་དམ་པའི་ཆོས་ལས་བརྩམས་པ་ཡི། །བཀའ་མཆིད་ཉུང་ངུ་ཙམ་ཞིག་སྨྲས་པ་ལགས།། །། མངྒལཾ་བིསྟཱ་ར་ཀུ་རུ། དགེའོ། །