Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      143 results — page 4 of 8
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གསང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་འདོད་འབྱུང་ནོར་བུའི་ཕྲེང་བ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      གསང་གི་བློན་པོ་རྡོ་རྗེ་གྲགས་ལྡན་གྱི་གསོལ་མཆོད་འདོད་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། ལོག་པར་འདྲེན་པའི་དམ་སྲིའི་ཚོགས། མ་རུང་འདུལ་བའི་གཤེད་པོ་ཆེ། རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། དེ་ལ་འདིར་ལྷ་མཆོག་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན་འདི་ཉིད་ཀྱི་མཁོ་བའི་ཡོ་བྱད་…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཧཱུྃ། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ཚན་ལས། །བེ་ཧར་རྒྱལ་པོ་སྐུ་ལྔ་གསང་ཡུམ་བཅས། །བློན་པོ་འཁོར་དང་བཅས་པ་ད་ཚུར་བྱོན། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པར། །སྟེན་མཛད་སྤྲུལ་པའི་ཆོས་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་མཆོད་འབུལ་རྒྱས་པ་མེ་ལྕེའི་ཕྲེང་བ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་མཆོད་འབུལ་རྒྱས་པ་མེ་ལྕེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ཨོཾ་སྭཱ་སྟི། །བདེ་ཆེན་སོ་སོ་རྟོགས་པའི་ཡེ་ཤེས་ལས། །ཁྲོས་པའི་རྒྱལ་པོ་རྟ་གདོང་ཧེ་རུ་ཀ། །གདུགས་ས་མ་ལུས་ཟིལ་གྱི་མནོན་མཛད་པ། །གར་དགུའི་ཉམས་ལྡན་ཁྱོད་ལ་བདག་བསྟོད་སོ། །དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ། །དབང་མཛད་དབང་གི་རྒྱལ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      བསྐུལ་བ་ནི། ཧཱུྃ༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ། སྐུ་མདོག་དམར་པོ་ཤ་བའི་དབུ། སྨ་ར་སྨིན་མ་མེ་ལྟར་འབར། ཞལ་གདང་ལྗངས་འདྲིལ་མཆེ་བ་གཙིགས། སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ། །མི་ལྤངས་གཡང་གཞིའི་ན་བཟའ་ཅན། ཕྱག་གཉིས་བཙན་མདུང་ཞགས་དམར། བ་སྤུའི་བུ་ག་ཐམས་ཅད་ནས། མེ་ཡི་ཚྭ་ཚྭ་ཐོ་རོ་རོ། ཆིབས་སུ་དེ་ནི་གློགས་མར་ཆིབས། འཁོར་ནི་བཙན་ད…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      གྲི་བཙན་ཆེན་པོ་རྡོ་དགྲ་འཇོམས་རྩལ་གྱི་གསེར་སྐྱ་འདོད་དོན་བདུད་རྩིའི་རྦ་རླབས་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ དབང་ཆེན་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། དབང་གི་ལྷ་མཆོག་རྟ་མགྲིན་རྟ་སྐད་བཞད། དབང་མདོག་དབང་གི་རྒྱལ་པོ་རྟ་མཆོག་དཔལ། དབང་ཆེན་དབང་གི་ལྷ་མཆོག་ཧེ་རུ་ཀ། དབང་གི་སྐུ་མཆོག་ཉི་མ་འབུམ་གྱི་གཟི། །དབང་དྲག་ཁྲོས་པའི་རྔ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་གསོལ་མཆོད།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༄༅། །བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་གསོལ་མཆོད་བཞུགས་སོ། ། རྡ་ཡིག་ཡོད་་་་ དབང་ཆེན་རྟ་མཆོག་རྒྱལ་པོའི་སྐུ་ལ་འདུད༔ དྲེགས་པ་མི་བསྲུན་རབ་གཏུམ་དྲེགས་པའི་སྡེ༔ འདུལ་དཀའ་འདུལ་མཛད་པདྨ་ཧེ་རུ་ཀའི༔ གདམས་པའི་གཉེར་འཛིནལས་ཀྱི་ཕོ་ཉ་བ༔ པདྨ་བདག་གི་མངག་གཞུག་དམ་འཛིན་པ༔ བཙན་རྒོད་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ༔ ཇི…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཐང་ལྷ་སྒེར་དུ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཀྱང་རྒྱ་མ་ཆུང་༔ སེང་གེ་གླང་ཆེན་ཁྲི་བཤམས་དཔང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྙེན་ཅིང་རྒྱང་མ་རིང་༔ འཇིག་རྟེན་སྲུང་མ་སྒྲུབ་ཅིང་མཐུ་མ་ཆུང་༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ༔ ས་མ་ཡ་ཛ༔ཛཿ ཧཱུྃ༔…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རྨ་རྒྱལ་སྤོམ་རའི་གསོལ་བསྡུས་བཞུགས། ཀྱེ། མདུན་དུ་བྷྲུཾ་ལས་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང་། །སྐུ་ལྷ་རྨ་རྒྱལ་སྤོམ་ར་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉེས་ཕྱག་གཡས་མདའ་དར་བསྣམས། །གཡོན་པས་གསེར་གྱི་ནོར་འཛིན་ནེའུ་ལེ་བསྣམས། །སྐུ་ལ་བེར་ཆེན་སེར་ཁྲབ་ལྷུབ་ལྷུབ་གསོལ། །ཞབས་ལ་ལྷྭམས་འཇའ་རིས་འཁྱིལ་པ་གས…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གསོལ་མཆོད་འདོད་དོན་ཀུན་འགྲུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      བསང་མཆོད་སྐབས་ཕུན་ཚོགས་འདོད་དགུ་མཆོད་པས་བསང་ཞིང་བརྔན་ཞེས་གསུངས་སོ། །ཅེས་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གསོལ་མཆོད་འདོད་དོན་ཀུན་འགྲུབ་འདི་རྫོགས་སྦྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་གསུངས་སོ། །ཤིན་ཏུ་བསྡུས་པ་འདི་འང་བདེ་དགེའི་རྒྱལ་ཁབ་ལྕང་རིའི། །ཐུམ་སྒྲུབས་སྐབས་མི་འགྱུར་ནམ་མཁའི་རྡོ་རྗེའི་གསུང་པ་དགེ་ཞིང་བཀྲ་…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཟིལ་ཁྲོམ་གསང་ཡུམ་ཐབས་བཞུགས། ཧཱུྃ། རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི། །དམ་ཚིག་ཕྱག་རྒྱ་མི་འདོར་བའི། །སྨན་བཙུན་རྒོད་ལྕམ་ཤེལ་རུ་སྨན། །འཁོར་དང་བཅས་པ་མྱུར་དུ་བྱོན། །རོ་བཅུད་དཔལ་གྱི་གཏོར་མ་ཟངས་སེ་ཟང་། །ཇ་ཆང་འོ་སྐོལ་བཏུང་བ་མེ་རེ་རེ། །བཟང་ཤིང་དྲི་ཞིམ་ངད་པ་ཆི་ལི་ལི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས་ནས་ཀྱང་། །སྨན་བ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གནས་བདག་ནོར་བུ་གཡུལ་རྒྱལ་གྱི་གསོལ་མཆོད་ཚིག་ཉུང་དོན་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      གནས་བདག་ནོར་བུ་གཡུལ་རྒྱལ་གྱིས། །གསོལ་མཆོད་ཚིག་ཉུང་དོན་བསྡུས་ཏེ། །མཆོད་བཤས་སྤྱི་སྟར་ཚངས་བར་བྱས། །རང་ཉི་རྩ་གསུམ་ལྟར་སྒོམ་ནས། །དྲེགས་པ་སྡེ་བརྒྱད་བསྟན་སྲུང་ཚུལ། ཨེ་མ་ཧོཿ འབྱུང་བ་ལྔ་ཡིས་ལེགས་བསྡུས་པའི། །ཕྱི་སྣོད་རུ་དམ་པདྨ་བཀོད། །ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་། །དམར་སྨུག་རི་བྲག་རྩི་ཤིང་ཕྱུགས། །པདྨ་ཁ་ཕྱེ་མཛ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      སྐྱ་མོའི་གསོལ་བསྡུས་ནི། ཧཱུྃ། །བདག་ཉིད་ལྷར་གསལ་མདུན་དུ་སྐད་ཅིག་གིས། །སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །ལྕམ་མོ་ཆེན་མོ་སྨན་བཙུན་གཞོན་ནུ་མ། །རབ་དཀར་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །རབ་མཛེས་ཡིད་འོང་ལྷ་ཡི་བུ་མོ་བཞིན། །རབ་བཀྲ་ཟ་འོག་གོས་དང་སྭག་ཏིའི་ལྷྭམ། །རབ་མང་རིནཆེན་སྣ་ཚོགས་བརྒྱན་གྱི་སྤྲས། །ཕྱག་གཉིས་མདའ་དར་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༄༅། །སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ།། ཇ་ཆང་བཱ་ལིང་སོགས་བཤམས་ཞིང་བྱིན་གྱིས་བརླབས་ནས་འདི་སྐད་དོ། ཧཱུྃ་ཧྲཱི༔ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །དམར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དགྲ་ལྷ་རླུང་རྟ་གསོ་བའི་མཆོད་འབུལ་དགའ་བདེའི་དཔལ་བསྐྱེད།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཀློང་གསལ་ཐུགས་ཀྱི་ཐིག་ལེ་ལས༔ དགྲ་ལྷ་རླུང་རྟ་གསོ་བའི་མཆོད་འབུལ་དགའ་བདེའི་དཔལ་བསྐྱེད་བཞུགས་སོ༔ སྐུ་གསུམ་རྒྱལ་བ་ཡོངས་ལ་འདུད༔ དགྲ་ལྷ་རླུང་རྟའི་མཆོད་བསྡུས་ནི༔ ནམ་མཁའ་རྒྱང་བུ་མདའ་འཕང་ལྔ༔ སྦ་ལྕགས་ཁྲབ་བྱུང་མདུང་རྒྱལ་མཚན༔ གདུགས་དང་ཤིང་རེས་མཁའ་ཐབས་གཏོར༔ ཅི་འབྱོར་པ་ཡི་རྫས་ལ་བརྟེན༔ བདག་བསྐྱེད་གང་རུང་སྤྱི་འགྲོས་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གསང་སྔགས་སྙིང་པོ་ནང་རྒྱུད་སྡེ་གསུམ་་་་་་
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༄༅། །གསང་སྔགས་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང་། གང་ལ་བར་དུ་གཅོད་པའི་དགྲ་དང་བགེགས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །བརྒྱུད་གསུམ་བླ་མའི་སྤྱན་སྔར་དམ་མནོས་པ། །སྡེ་གསུམ་སྲུང་མའི་མཐུ་རྩལ་མངོན་ཕྱུངས་ལ། །རིག་གསུམ་སྤྲུལ་པའི་རིང་ལུགས་ཆོས་ཀྱི་མཛོད། །ས་གསུམ་ཁྱབ་པར་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ཡི་བསྐང་བ་ཡིད་བཞིན་རེ་སྐོང་།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༄༅། །བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ཡི་བསྐང་བ་ཡིད་བཞིན་རེ་སྐོང་ཞེས་བྱ་བ་བཞུགས་སོ། ། ༄༅། །ཨོཾ་སྭ་སྟི། བདེ་ཆེན་ཡེ་ཤེས་ལྔ་ཡི་བདག །དཀྱིལ་འཁོར་ཀུན་གྱི་འབྱུང་གནས་མཆོག དཔལ་ལྡ་རྡོ་རྗེ་སེམས་དཔའ་ལ། སྙིང་ནས་གུས་པས་ཕྱག་འཚལ་འདུད། དེ་ལ་འདིར་བསྟན་སྲུང་དམ་ཅན་རྒྱ་མཚོ་སྤྱི་ལ་བསྐང་བཤགས་བྱེད་པར་སྤྲོ་ན་དམ་ཅན་སོ་སོའི་རྟེན་…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གྲུབ་ཐོབ་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོས་བསྡུས་པ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༄༅། །གྲུབ་ཐོབ་པདྨ་རིག་འཛིན་གྱིས་མཛད་པའི་གཏོར་བསྔོས་བསྡུས་པ་བཞུགས་སོ། ། ཐུན་མཚམས་སུ་གཏོར་མ་བསྔོ་བ་ནི། །བྷནྡྷ་སོགས་ཀྱི་སྣོད་ནང་དུ་གཏོར་ཟན་མར་ཐུད་ཤ་ཆང་སོགས་གང་འཛོམ་བཤམས་ཤིང་བཏུང་བའི་རིགས་རྣམས་བྲན་ཏེ། རྃ་ཡྃ་ཁྃ། སྟོང་བའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །དུམ་གཅིག་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར། །དམ་རྫས་བདུད་རྩ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཉུང་གཏེར་རྟ་ནག་ལྕགས་རལ་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ཉུང་གཏེར་རྟ་ནག་ལྕགས་རལ་བསྐང་བསྡུས་པ་ནི། ཧྲཱིཿ གར་གྱི་དབང་ཕྱུགས་རྟ་མགྲིན་ནག་པོ་ཆེ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ཀུན། །ཕྱི་ནང་གསང་བའི་མཆོད་པ་ཕུལ་བའི་མཐུས། །ཐུགས་དམ་བསྐང་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་གསུང་།
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རྒྱུད་མགོན་ལེགས་ལྡན་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རྒྱུད་མགོན་ལེགས་ལྡན་བསྐང་བསྡུས་ནི། ཧཱུྃ། ས་བཅུའི་དབང་ཕྱུགས་ལེགས་ལྡན་ནག་པོ་ཆེ། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཕྱི་ནང་ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །དུས་ཀུན་རྟག་ཏུ་མ་གཡེལ་མེལ་ཚེ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རཏྣའི་མགོན་པོ་མ་ནིང་གསོལ་བསྡུས་གཡུལ་ལས་རྣམ་རྒྱལ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རཏྣའི་མགོན་པོ་མ་ནིང་གསོལ་བསྡུས་གཡུལ་ལས་རྣམ་རྒྱལ་བཞུགས་སོ། ། ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །ཁྱེད་ལ་དགྱེས་པའི་མཆོད་པ་འདི་འབུལ་བས། །ཕྱོགས་བཅུར་གནས་པའི་དགྲ་བགེགས་ཀུན་སྒྲོལ་ལ། །གནོད་པའི་བར་ཆད་མིང་ཡང་མེད་པར་མཛོད། །རྫོགས་སྤྲུལ་ལྔ་པས་གསུངས་སོ། །དགེའོ། །