Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Collection
      143 results — page 6 of 8
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གཏེར་སྲུང་ལྡང་ལྷའི་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གཏེར་སྲུང་ལྡང་ལྷའི་བསྐང་བསྡུས་བཞུགས་སོ། ཧཱུྃ། སྔོན་ཚེ་པདྨའི་བཀའ་ཉན་ཐ་ཚིག་ཅན། །ལྷ་ཡི་དགེ་བསྙེན་རྡོ་རྗེ་དྲག་པོ་རྩལ། །བཙན་རྒོད་བྱ་ར་སྟོང་གི་ཚོགས་དང་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་གཉེན་སྟོང་རྣལ་འབྱོར་དབུ་འཕང་བསྟོད། །རྫོགས་སྤྲུལ་ལྔ་བས་སོ། །དགེ་ལེགས་འཕེལ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གནོད་སྦྱིན་ཙིའུ་དམར་པོའི་བསྐང་བ་དགོས་འདོད་རེ་སྐོང་བཞུགས་སོ། རཾ་ཡཾ་ཁཾ། ཨོཾ་སྭཱ་བྷཱ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ། ཧོ༔ སྐུ་གསུང་ཐུགས་ཀྱིས་དྲེགས་ཆེན་སྤྲུལ། །མཐུ་ཆེན་སྟོབས་ལྡན་ཙིའུ་དམར། །འཁོར་བཅས་ཐུགས་དམ་དགྱེས་བསྐང་རྫས། །ཞིང་བཅུ་ཉམས་པ་བསྒྲལ་བ་ཡི། །ཕུང་ཁམས་ལས་བྱུང་མཾ་ས་ནི། །རི་བོ་ལྟར་བརྗིད་ཁྲག་གི་མཚོ། །ཀེང་རུས…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གནོད་སྦྱིན་ཙིའུ་དམར་བསྐང་བསྡུས་བྱད་མ་སྟོབས་བཤིག
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གནོད་སྦྱིན་ཙིའུ་དམར་བསྐང་བསྡུས་བྱད་མ་སྟོབས་བཤིག་བཞུགས་སོ། ཧྲཱིཿ དབང་ཆེན་པདྨའི་བཀའ་སྡོད་དྲེགས་པའི་གཙོ། །གནོད་སྤྱིན་ཙིའུ་དམར་པོ་འཁོར་བཅས་ཀྱི། །དམ་རྫས་ཕུད་ཀྱི་མཆོད་པ་འདི་འབུལ་བས། །ཐུགས་དམ་གཉེན་བསྐང་རྣལ་འབྱོར་དབུ་འཕང་བསྟོད། །རྫོགས་སྤྲུལ་པས་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རྒྱལ་ཆེན་སྐུ་ལྔའི་གསོལ་བསྡུས་བདུད་སྡེ་ཕྱེར་འཐག
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རྒྱལ་ཆེན་སྐུ་ལྔའི་གསོལ་བསྡུས་བདུད་སྡེ་ཕྱེར་འཐག་བཞུགས་སོ། ཧྲཱིཿ རྒྱལ་ཆེན་སྐུ་ལྔ་ཡབ་ཡུམ་སློན་པོ་དང་། །རུ་འདྲེན་སྡེ་བཞིའི་འཁོར་ཚོགས་བསམ་མི་ཁྱབ། །མཆོད་པ་འབུལ་ལོ་ཐུགས་དམ་དགྱེས་སྐོང་ཤིག །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས་ཏུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་གསུངས་པ་དགེའོ། །
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཟག་མེད་བདེ་ཆེན་ཡེ་ཤེས་ཀྱི། །རྣམ་རོལ་ལས་བྱུང་སྟོང་གསུམ་ཁྱོན། །གསང་བའི་མཆོད་གཏོར་འདི་བཞེས་ལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དེ་རིང་བཅོལ་བའི་ཕྲིན་ལས་མཛོད། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན། །འབྱུང་བར་མི་འདོད་ཉེར་འཚེ་ཀུན། །ཞི་ཞིང་ཚེ་དང་བསོད་ནམས་དང་། །འཁོར་དང་བསྟན་པ་རྒྱས་པར་མཛོད། །འཇིག་རྟེན་གསུམ་ན་གནས་པ་ཡ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གསུང་བློན་རྡོ་རྗེ་གྲགས་ལྡན་བསྐང་བསྡུས་ཕྲིན་ལས་མྱུར་འགྲུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གསུང་བློན་རྡོ་རྗེ་གྲགས་ལྡན་བསྐང་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། ཧྲཱིཿ ཁམས་གསུམ་དབང་བསྒྱུར་སྲིད་གསུམ་སྲོག་གི་གཤེད། །བློན་པོ་རྡོ་རྗེ་གྲགས་ལྡན་འཁོར་དང་བཅས། །མཐུན་པའི་དམ་རྫས་ནམ་མཁའི་ཁྱོན་བསྐང་ཏེ། །ཐུགས་དམ་བསྐང་ལ་ལས་རྣམས་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་བསྐང་བསྡུས་དམ་ཉམས་འཇོམས་པའི་འཁྲུལ་འཁོར།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གྲི་བཙན་རྡོ་རྗེ་དགྲ་འཇོམས་རྩལ་གྱི་བསྐང་བསྡུས་དམ་ཉམས་འཇོམས་པའི་འཁྲུལ་འཁོར་བཞུགས་སོ། ཧྲཱིཿ དབང་ཆེན་ཐུགས་སྤྲུལ་གྲི་བཙན་དགྲ་འཇོམས་རྩལ། །མཆེད་ཟླ་ཡུམ་སྲས་བློན་འཁོར་རྒྱ་མཚོའི་ཚོགས། །མཆོད་པའི་བྱེ་བྲག་རྣམ་མང་རྒྱ་མཚོ་ཡི། །ཐུགས་དམ་བསྐང་ལ་དངོས་གྲུབ་མ་ལུས་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ཉི་གྲགས་ནོར་བདག་བསྐང་བསྡུས་དངོས་གྲུབ་འདོད་རྒུའི་གཏེར་མཛོད།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཉི་གྲགས་ནོར་བདག་བསྐང་བསྡུས་དངོས་གྲུབ་འདོད་རྒུའི་གཏེར་མཛོད་བཞུགས་སོ། བཻ། ནོར་བདག་ཡིད་བཞིན་ནོར་བུ་རྣམ་ཐོས་སྲས། །དགྱེས་སྡེ་ཡུམ་སྲས་ནོར་ལྷ་རྒྱ་མཚོའི་ཚོགས། །རྣམ་མང་མཆོད་སྤྲིན་རྒྱ་མཚོ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ནོར་གྱི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རྟ་ལྷའི་བསྐང་བསྡུས་བཞུགས་སོ། ཧཱུྃ། རྟ་ལྷའི་རྒྱལ་པོ་ཨཪྱ་རེ་མནྟ། །རང་འདྲ་ལྔ་བརྒྱའི་འཁོར་ཚོགས་བཅས་པ་རྣམས། །ཁྱེད་དང་མཐུན་པའི་དམ་རྫས་འབུལ་ལགས་ན། །ཐུགས་དམ་བསྐང་ལ་གཞི་བྱེས་ལམ་གསུམ་གྱི། །རྟ་དྲེལ་གོད་ཁ་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ཐང་ལྷའི་བསྐང་བསྡུས་བཞུགས་སོ། ཀྱཻ། ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །སྟོང་གསུམ་མི་འཇེད་བདག་པོ་ཚངས་པ་ཆེ། །གཉེན་ཆེན་ཐང་ལྷ་དགྱེས་ཡུམ་བཀའ་འཁོར་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་འདོད་དགུ་ལྷུན་གྲུབ་མཛོད། །ཤིང་རྟ་ལོར་མི་ཕམ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རྨ་རྒྱལ་བསྐང་བསྡུས་ཡིད་བཞིན་འདོད་འཇོའི་བང་མཛོད།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རྨ་རྒྱལ་བསྐང་བསྡུས་ཡིད་བཞིན་འདོད་འཇོའི་བང་མཛོད་ཅེས་བྱ་བཞུགས་སོ། ཧྲཱིཿ ལྷ་ཡི་སྲས་པོ་རྨ་རྒྱལ་སྤོམ་ར་ནི། །རྨ་འཁོར་འབུམ་དང་བཅས་པ་གཤེགས་ནས་ཀྱང་། །བསམ་མི་ཁྱབ་པའི་མཆོད་སྤྲིན་རྒྱ་མཚོ་འདིའི། །ཕུལ་བས་རྨ་གཡང་འདོད་དགུའི་དངོས་གྲུབ་སྩོལ། །ཞེས་རྫོགས་སྤྲུལ་ལྔ་པས་སོ། །སརྦ་མངྒ་ལཾ།
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། ལྷ་གཉེན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ ལྷ་གཉེན་ཆེན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་བསྐང་བསྡུས་བཞུགས་སོ། ཀྱཻ། རྒྱལ་དབང་པདྨའི་བཀའ་ཉན་ཡུལ་སྐྱོང་གཙོ། །ལྷ་གཉེན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ། །བཙུན་མོ་སྲས་བློན་རུ་འདྲེན་འཁོར་ཚོགས་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་བཀྲ་ཤིས་བདེ་ལེགས་སྩོལ། །རྫོགས་སྤྲུལ་པས་སོ། །དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དཀོར་བདག་ཆེན་མོ་རྒོད་ལྕམ་ཁ་རག་བསྐང་བསྡུས་འདོད་རྒུའི་རྡུལ་འཚུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ དཀོར་བདག་ཆེན་མོ་རྒོད་ལྕམ་ཁ་རག་བསྐང་བསྡུས་འདོད་རྒུའི་རྡུལ་འཚུབ་བཞུགས་སོ། ཧཱུྃ། སྨན་བཙུན་ཆེན་མོ་རྒོད་ལྕམ་ཤེལ་རུ་སྨན། །སྐོར་བདག་ཚུལ་འཛིན་ཀླུ་གཉན་སྨན་མོའི་གཙོ། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་འདོད་དོན་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གནས་བདག་ནོར་བུ་གཡུལ་རྒྱལ་བསྐང་བསྡུས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གནས་བདག་ནོར་བུ་གཡུལ་རྒྱལ་བསྐང་བསྡུས་ནི། ཧཱུྃ། གནས་བདག་ཆེན་པོ་ཟོ་དོར་ཡོངས་ཀྱི་གཙོ། །ལྷ་ཀླུ་གཉན་བཅས་འཁོར་ཚོགས་བསམས་མི་ཁྱབ། །ནམ་མཁའི་ཁམས་ཀུན་མཆོད་སྤྲིན་རྒྱ་མཚོ་ཡི། །ཐུགས་དམ་གཉན་བསྐང་རྣལ་འབྱོར་བསམས་དོན་སྒྲུབ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། སྐྱ་བྲག་བསྐང་བསྡུས་དཔག་བསམ་ལྗོན་ཤིང་།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ སྐྱ་བྲག་བསྐང་བསྡུས་དཔག་བསམ་ལྗོན་ཤིང་བཞུགས། ཧཱུྃ། ལྕམ་མོ་ཆེན་ཆེན་མོ་སྨན་བཙུན་གཞོན་ནུ་མ། །མིང་པོ་ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ཕྲིན་ལས་སྡོང་གྲོགས་མཛོད། །ཅེས་པ་འདིའང་རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། དུར་ཁྲོད་ལྷ་མོའི་སྐོང་བསྡུས་མ་མོ་དགྱེས་པའི་གླུ་དབྱངས།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ དུར་ཁྲོད་ལྷ་མོའི་སྐོང་བསྡུས་མ་མོ་དགྱེས་པའི་གླུ་དབྱངས་བཞུགས་སོ། བྷྱོཿ དུར་ཁྲོད་མ་མོ་ཞིང་སྐྱོང་ཀུན་གྱི་གཙོ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་འཁོར་དང་བཅས། །སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ། །ཐུགས་དམ་སྐོང་ལ་ཕྲིན་ལས་མྱུར་དུ་སྒྲུབ། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གེ་སར་མངའ་གསོལ་བསྡུས་བ་བཞུགས་སོ། ཧཱུྃ། དགྲ་བླ་གེ་སར་ནོར་བུ་དགྲ་འདུལ་རྩལ། །རྫུ་འཕྲུལ་རྡོ་རྗེ་ཀྱང་རྒོད་ཕེན་པོ་དང་། །དཔལ་བརྟུལ་དང་སྨན་བཀའ་སྡོད་ཕོ་ཉར་བཅས། །ཚོགས་ཀྱི་བདག་པོ་དགྲ་ལྷ་བཅུ་གསུམ་སོགས། །དགྲ་ལྷ་མཆེད་དགུ་འགོ་བའི་ལྷ་ལྔ་དང་། །མགྲོན་གཡག་དར་མ་དགྲ་བླ་ཉེར་གཅིག་སོགས། །རྨ་རྒྱ་སྤོམ་ར་མཆེད་སྲས་བཙུན་མོར་བ…
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། གེ་སར་སྐྱེས་བུའི་གསོལ་བསྡུས་དགྲ་ལྷ་དགྱེས་པའི་མཆོད་སྤྲིན།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ གེ་སར་སྐྱེས་བུའི་གསོལ་བསྡུས་དགྲ་ལྷ་དགྱེས་པའི་མཆོད་སྤྲིན་བཞུགས་སོ། བསྭོ། སྣང་སྲིད་དགྲ་ལྷ་ཡོངས་ཀྱི་ཆེ་བཙན་པ། །གེ་སར་ནོར་བུ་དགྲ་འདུལ་འཁོར་བཅས་ལ། །མཆོད་སྤྲིན་ནམ་མཁའ་མཛོད་དུ་འབུལ་ལགས་ན། །གཡུལ་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །དགེའོ། །
      གྲུབ་དབང་རྫོགས་ཆེན་པའི་ལུགས་ཀྱི་ཆོས་སྤྱོད། རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ།
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རླུང་རྟའི་གསོལ་མཆོད་ཕྲིན་ལས་ལྷུན་འགྲུབ་བཞུགས། ཧོཿ ཀུན་ཁྱབ་དག་པ་ཆོས་དབྱིངས་ཆེན་པོ་ལས། །རང་རྩལ་མ་འགག་རོལ་པ་ཕྲིན་ལས་ལྷ། །རྫུན་འཕྲུལ་རྐང་པ་བཞི་ལྡན་རླུང་ཤུགས་ཀྱིས། །གང་འདོད་གནས་སུ་ཐོགས་མེད་ཕྱིན་པའི་རྟ། །ཡེ་ཤེས་འཇིག་རྟེན་མགོན་མཛད་གང་ཡང་རུང་། །བརྫུས་གཟུགས་མྱུར་མཛད་ལས་ཀྱི་ལྷ་ཆེན་བཞིས། །འཁོར་འདས་ཡོངས་ལ་ཁྱབ…
      DZC001 · ཕྱོགས་བསྒྲིགས་པ། མཁན་བསམ་འཕེལ་ནོར་བུ།
      ༈ རླུང་རྟའི་བསྐང་བསྡུས་བཞུགས་སོ། ཧོཿ བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འཕྲོ་བ་འདིས། །རྩ་གསུམ་སྲུང་མ་དགྲ་ལྷ་ཟོ་དོར་བཅས། །དམ་རྫས་ཕུད་ཀྱི་མཆོད་པ་རྒྱ་ཆེན་འདིས། །ཐུགས་དམ་བསྐང་ལ་བསམ་དོན་ལྷུན་གྲུབ་མཛོ། །མི་ཕམ་པས་སོ། །