Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 24 of 500
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      སྒོར་ཞུགས་ནས། །ཉན་བཤད་བསྒྲུབ་དབང་མེད་པ་ཡིས། །རང་དབང་མེད་པར་གཞན་དབང་བསྐུར། །ནོང་པོ་སྡར་མ་གདོལ་པ་བཞིན། །ཐོ་ཆོ་བཀའ་གཞུང་ཉམས་པར་བྱེད། །བར་ཆོད་གནོད་པ་ལྕེར་རྨོད་ལྟུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །དུག་དང་གཉན་གསོད་མནའ་ཟ་ཞིང་། །སྐུ་གསུང་ཐུགས་ཀྱི་དམ་ཉམས་ན། །འབྲས་བུ་སྨྱོ་འབོགས་ལྐུགས་པ་དང་། །ཕྱི་མ་རྡོ་རྗེ་དམྱལ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      གཞི་གནས་བག་ཆགས་རྣམ་པ་བཞི། །ལྟུང་རྐྱེན་འཕྲལ་འབྱུང་བག་ཆགས་ལྔས། །རང་དབང་མེད་པར་མངལ་དུ་འཇུག །དེ་རྒྱུ་ཉོན་མོངས་རྣམ་གསུམ་གྱིས། །ཀུན་གཞི་རྣམ་གསུམ་སྡུག་བསྔལ་འབྱུང་། །ཐར་ལམ་མི་ཐོབ་སྐྱེ་ཞིང་འཆི། །ད་ཡང་འདུས་པའི་སྙིང་པོ་ཉོན། །སེམས་ཅན་ཀུན་ལ་གནས་པ་ཡི། །ཀུན་གཞི་འཁོར་བའི་གཞི་ཡིན་ཡང་། །ཆོས་ཀྱི་སྐུ་ཡི་གཞི་ཉིད་མིན། །ད…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། འཁྲུལ་པ་ལྡོག་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།འཁོར་གྱི་སྙིང་པོས་ཡང་གསོལ་པ། །ངེས་པའི་དོན་དང་མཐུན་པ་ཡི། །ཕྱི་ནང་དུས་མཉམ་བལྟ་བ་གང་། །ཆོས་སྐུ་ཉམས་སུ་བླང་ཐབས་དང་། །རིགས་གསང་མཐུན་འཇུག་ལ་བཟླ་བའི། །ངེས་དོན་སྤྱད་པ་ཇི་ལྟར་སྤྱད། །མཉམ་པའི་…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      རྣལ་འབྱོར་ཆོས་དབྱིངས་ལ། །འཁྲུལ་པའི་རྟོག་པས་གཞི་མི་འགྱུར། །རྩོལ་བའི་སེམས་ལས་དབྱིངས་མི་བསྐྱོད། །རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། ངེས་པ་དོན་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རང་སེམས་ཆོས་སྐུ་ངོ་སྤྲད་ན། །ལུས་ཅན་ཀུན་གཞི་གཞི་ཆ་ལ། །…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      པས། །ཚོགས་དྲུག་འགགས་ཀྱང་ཆོས་སྐུར་གསལ། །བྱ་ན་པ་ཏིའི་མིག་ཞགས་འདྲ། །འཇིགས་པ་འགལ་འདོད་མི་བཞིན་དུ། །ཉམས་མེད་རིག་པའི་དོན་འདི་ལ། །ནད་གཅོད་སྡུག་བསྔལ་ཅི་བྱུང་ཡང་། །གདམས་ངག་དྲན་པ་གཅེས་པར་གསུངས། །སངས་རྒྱས་སེམས་ཅན་གཉིས་ཀའི་གོང་། །རྟོགས་དང་འཁྲུལ་པའི་བྱེ་བྲག་གིས། །མུ་བཞི་ཡ་བརྒྱད་གཅིག་ཏུ་ཤེས། །གོལ་ས་རྡུལ་ཙམ་མི་འབྱ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      བླ་མེད་གོ་འཕང་མཆོག་བརྙེས་པའི། །བླ་མ་དུས་གསུམ་སངས་རྒྱས་དཔལ། །དཀྱིལ་འཁོར་སྒོར་ཞུགས་འབྲལ་མེད་ལྷ། །མན་ངག་རྒྱུད་དོན་རང་རིག་ལྷ། །རྩོལ་མེད་རྣལ་འབྱོར་མཁའ་འགྲོ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ཏེ། །དགོངས་པ་དོན་གྱིས་བརླབས་པའི་ཕྱིར། །ཆེད་དུ་རྩོལ་བ་མི་དགོས་ཏེ། །ཕྱི་ཡི་མཆོད་གཏོར་གཏོང་བའི་ཚེ། །བྱིན་བརླབ་དྲུག་དང་སྨོན་ལ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      ལུང་ལྡན་རྐྱེན་གྱི་གདམས་ངག་གིས། །འབྱུང་བཞིའི་ལུས་དང་འབྲལ་མེད་ཤེས། །འཁྲུལ་པ་ལོག་པའི་རྟགས་བརྒྱད་གཉིས། །དེ་ལྡན་རྣལ་འབྱོར་གང་ཡང་རུང་། །སངས་རྒྱས་སྲས་ལ་རྒྱལ་བའི་ཐུགས། །རིག་འཛིན་གདུང་འཚོབ་སྤྲུལ་པའི་སྐུ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། མན་ངག…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      རྟོགས་པ་གསུམ་དུ་འདུས། །གང་ཡང་ཡིད་ལ་མ་བྱས་ན། །གོལ་མེད་ཆོས་སྐུ་ཤུགས་ལ་གནས། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཡང་དག་དོན་གྱི་ཉིང་ཁུའི་དོན། །ཡེ་ནས་ཆོས་སྐུ་འབྲལ་མེད་དོན། །ཉམས་ཀྱི་རིམ་པ་ལྔ་ལྡན་པས། །རྟགས་ཆེན་གསུམ་གཉིས་ཤུགས་ལས་འབྱུང་། །དེ་ཚེ་བདུད་ཀྱི་སྤྱོད་ཡུལ་ནི། །བཞི་གསུམ་དྲུག་འབྱུང་ཟིལ་གནོན་ན། །ངེས་པ་དོན་གྱི་ར…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      ཀྱང་། །སེམས་ལ་གསལ་པོར་ཡོད་པའི་ཕྱིར། །རིག་པའི་ཡེ་ཤེས་ཆོས་ཉིད་མཐོང་། །དུས་གསུམ་དག་ཏུ་སྐྱེ་འགགས་མེད། །མཚན་མར་མཐོང་བ་ཅི་ཡང་མེད། །རིན་ཆེན་འདམ་ཁུང་སྟོར་གྱུར་ཀྱང་། །དེ་ཡི་ཡོན་ཏན་མཁའ་ལ་འབྱུང་། །དེ་བཞིན་རང་སེམས་ངོ་བོ་ཉིད། །མངལ་དུ་རང་སེམས་བྱིང་གྱུར་ཀྱང་། །རང་བྱུང་གདོད་ནས་རང་གསལ་ཕྱིར། །ཡེ་ཤེས་ཆེན་པོ་རྒྱུན་མི་ཆ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      སེམས་ཅན་བསམ་པའི་ཁྱད་པར་ལས། །ཡིད་བཞིན་དབང་པོ་གང་འཐད་སྟོན། །རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ལས། ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཡིས། །འདུས་པའི་འཁོར་ནི་རྣམ་བཞི་ལ། །ངེས་པའི་དགོས་ཆེད་བཀའ་སྩལ་པ། །རང་རང་རྟོགས་པ་འདིར་སྨྲོས་ཤིག །ད…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་འཁོར་བ་རྩད་ནས་གཅོད་པ་ཆོས་སྐུ་སྐྱེ་མེད་རིག་པའི་རྒྱུད་ཅེས་བྱ་བ།
      ཀྱི་མཆོག །ད་ཡང་འདུས་པའི་སྙིང་བོ་ཉོན། །རྒྱལ་སྲས་སྤྲུལ་པ་ད་ཉོན་ཅིག །རང་སེམས་འགྱུར་མེད་རིག་པ་གསལ། །རེ་དོགས་མེད་པར་ལམ་དུ་རྟོགས། །དེ་སྐད་ཅེས་ནི་གསོལ་པ་དང་། །ཐུགས་ལ་དགོངས་ནས་བཀའ་སྩལ་པ། །ཤེས་པ་བློ་ཡི་ཁྱད་པར་ལས། །ཚིག་ཏུ་མཚོན་པ་སྣ་ཚོགས་ཀྱང་། །དོན་ལ་དབྱེར་མེད་ངོ་བོ་གཅིག །སངས་རྒྱས་དགོངས་པ་ཁྱོད་ཀྱིས་རྟོགས། །རྫོ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      རྒྱ་གར་སྐད་དུ། མ་ཧཱ་སནྟི་དྲྀཥྚཱ་ཏི་གརྦྷ། སརྦ་བུདྡྷཱ་ཤ་ཡ། ག་ག་ནོརྨྨི་བི་པུ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་ངོ་བོ་ཉིད་ཀྱི་སྐུ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་གསུངས་པའི་དུས་གཅིག་ན། །…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      ཐུགས་དམ་དབང་གིས་བཞེངས་སུ་གསོལ། །དེ་སྐད་བསྐུལ་བ་མཁྱེན་གྱུར་ནས། །ངོ་བོ་ཉིད་ལས་གཟུགས་སྐུར་བཞེངས། །གཟུགས་སྐུ་རོལ་པའི་མཛད་སྤྱོད་ཀྱིས། །འོད་ཟེར་སྤྲོས་པས་ནམ་མཁའ་ཁྱབ། །ཐམས་ཅད་ཀུན་ཏུ་སྣང་མཛད་པས། །འཁོར་རྣམས་ངོ་མཚར་དུ་གྱུར་ནས། །རྩེ་གཅིག་ལུས་ངག་ཡིད་ཀྱིས་ཀྱང་། །རྣལ་འབྱོར་ཚོགས་ཀྱིས་ཕྱག་འཚལ་ནས། །བདེན་པའི་ཡིད་ཀྱིས་…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      བཀའ་སྩལ་གསུངས་མ་ཐག །འཁོར་རྣམས་མ་དགའ་ཡིད་འདྲོགས་ཏེ། །དོན་ལ་ཐེ་ཚོམ་ཟ་གྱུར་ཏེ། །མྱ་ངན་ཡིད་ཀྱིས་ཟིན་གྱུར་ནས། །འཇིག་རྟེན་ཀུན་འགུལ་རབ་ཏུ་གཡོས། །ལྷ་མི་མི་མ་ཡིན་ལ་སོགས། །ཀུན་ཀྱང་སྐྲག་ཅིང་ཡ་ངར་གྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀྱིས་གཟིགས་ནས་དོན་རིག་པ། །འཁོར་རྣམས་ཞི་གནས་བསམ་གཏན་ལ། །ཞེན་པ་གསལ་བར་ཡིད་གཟིག…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      བར། །རང་བཟོ་ཁ་ཚབས་བསྲེས་པ་ལ། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་དམན་རྣམས་ཀྱི་ངོ་སྲུང་བྱེད། །དེ་ལྟ་བུ་ཡི་དུས་བྱུང་ཚེ། །དོན་བསྟན་སྐད་ཅིག་དེ་ཉིད་ལ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་དངངས། །ཉན་ཐོས་མདོ་སྡེ་བརྒྱལ་ཅིང་འབོག །ལྷ་དང་ལྷ་མིན་སྲིན་པོའི་ཚོགས། །སྒྲོ་སྐུར་འདོགས་པའི་གང་ཟག་རྣམས། །གཏན་དུ་དམྱལ་བ་ཆེན་པོར་ལྟུང…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      ཤུགས་ལ་འཆང་། །གོལ་མེད་ཡེ་ཤེས་ཆོས་ཉིད་ཀློང་། །ཐུགས་ཀྱི་འོད་ཟེར་སྟོང་གི་ཆ། །ཕྱོགས་བཅུ་ཀུན་ཏུ་རབ་སྤྲོས་པས། །འཁོར་རྣམས་སེམས་ལ་དོན་ཤར་ནས། །ཞི་གནས་ལ་ནི་ལྷག་མཐོང་དུ། །རྡུལ་ཙམ་དུ་ཡང་མ་བསྒོམས་པར། །ཕྲ་མོ་ཆ་ཙམ་རྟོགས་གྱུར་ནས། །དགའ་བའི་ཡིད་ཀྱིས་དོན་བསྟོད་པ། །འཁོར་བའི་ནད་འབྱིན་སྨན་པའི་མཆོག །རབ་མེད་སྒྲོལ་བ་ཆོས་ཀྱི…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      པ་བཤད་དུ་གསོལ། །ཀུན་རིག་རྒྱལ་པོས་བཀའ་སྩལ་པ། །ཁྱོད་ཀྱིས་ཞུས་པ་ངས་བཤད་ཉོན། །ང་ཡི་ཡེ་ཤེས་ལྷུན་གྲུབ་ལ། །རེ་ཞིག་མོས་པ་དྲང་བའི་ཕྱིར། །སྤྱི་ཡི་མཚན་ཉིད་རྟོགས་པའི་ཐབས། །བརྡའ་ཙམ་མཚོན་ནས་ཞེན་གྲོལ་བའི། །རང་དོན་སེམས་ཀྱི་མོས་པ་ཡིས། །ཐེག་པ་ཀུན་ལ་ཐོས་བསམ་གནས། །དབེན་པའི་དགོན་པར་གང་བསྒོམ་པ། །རང་སེམས་དམུ་རྒོད་སྟོང་ཁམས…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      རྣམས། །བཀའ་དང་མཐུན་པར་དོན་གོ་ནས། །རྡུལ་ཙམ་དུ་ཡང་མ་བསྒོམས་ཀྱང་། །སངས་རྒྱས་ས་ལ་སྨོས་ཅི་དགོས། །དེ་ཚེ་དད་ལྡན་འདི་ལ་འཇུག །འཁོར་འདས་མ་རེག་ཆོས་སྐུའི་དོན། །ལས་ཅན་ཀུན་ཀྱི་རྟོགས་དོན་ཆོས། །མན་ངག་རྫོགས་ཆེན་བསྟན་པ་འབྱུང་། །དེ་ཚེ་ང་ཡི་འཁོར་རྣམས་ཀྱིས། །ངེས་དོན་ལྟ་བ་འཆད་པ་ལ། །ལྟ་དམན་ཚུལ་འཆོས་སྡེ་པ་ནི། །སྔགས་པར་ཁས་འ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      ལེགས་བཞིན། །དོན་ལ་བརྩོན་འགྲུས་ཤིན་ཏུ་ཆེ། །དེ་ནི་སྣོད་ཀྱི་དམ་པའི་མཆོག །མན་ངག་ཡང་སྙིང་རྫོགས་པར་བསྟན། །དེ་དོན་ཤིན་ཏུ་བཙལ་དཀའི་ཕྱིར། །སྣོད་ལ་བརྟག་པ་ཤིན་ཏུ་གཅེས། །བཀའ་དང་མཐུན་པའི་དོན་འགྲུབ་ཕྱིར། །མ་བརྟགས་རང་འདོད་ཆོས་མི་འཆད། །རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློ…
      DNG001 · Author: not yet catalogued
      རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཅེས་བྱ་བ།
      བར་ཞལ་གྱིས་བཞེས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཀུན་རིག་རྒྱལ་པོ་ཡིས། །དད་ལྡན་འདུས་པའི་འཁོར་རྣམས་ལ། །སེམས་ཀྱི་རྟོག་པ་བསལ་བའི་ཕྱིར། །ཆེད་དུ་བརྗོད་པའི་དོན་གསུངས་པ། །འཁོར་འདས་གཉིས་ཀྱི་གཞིར་གྱུར་པ། །ངོ་བོ་ཉིད་ཀྱི་སྐུ་མཆོག་ནི། །རང་བྱུང་ཡིན་ཕྱིར་ཐོག་མཐའ་མེད། །འདུས་མ་བྱས་ཀྱི་ནམ་མཁའ་འདྲ། །དེ་ཡང་འདུས་པའི་སྙིང…