Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 56 of 500
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      འཁོར་ལ་བཀའ་སྩལ་པ། །དེ་དོན་རྩ་བ་མདོར་བསྡུ་ན། །གཞི་གསུམ་མ་ནོར་ངེས་པ་ཡིས། །འདྲེལ་བ་ཡོད་མེད་ངས་བཤད་ཀྱིས། །དེ་གསུམ་ཡོད་མེད་གཅིག་ཏུ་རྟོགས། །འཁོར་འདས་གཞི་ཡི་རང་བཞིན་ལུས། །འཁོར་གཞི་ཤེས་པ་ལུང་མ་བསྟན། །གནས་སྐབས་འདྲེལ་ཡོད་མཐར་ཐུག་མེད། །གནས་སྐབས་འདྲེལ་བ་ཡོད་པ་ནི། །ལུང་མ་བསྟན་པ་རྣམ་གསུམ་ལ། །རང་བཞིན་ལུས་ཀྱིས་ཁྱབ་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀུན་རིག་སྟོན་པ་ཡིས། །ཀུན་གཞི་སེམས་ཀྱི་མུན་གསེབ་ནས། །འཁྲུལ་དང་མ་འཁྲུལ་བཀའ་སྩལ་པ། །འཁྲུལ་པ་རྣམ་བཞི་དབྱེ་བའི་ཕྱིར། །གསུམ་འདྲེལ་བཞི་ལྡན་གོལ་བ་མེད། །དེ་ཕྱིར་ཆོས་སྐུ་གཞི་དང་གཅིག །ད་ཡང་འདུས་པའི་སྙིང་པོ་ཉོན། །འཁྲུལ་དང་མ་འཁྲུལ་ཤན་ཕྱེད་པས། །ཐོག་མ་ཉིད་ནས་བསགས་པ་ཡི། །སྔར་གྱི་བག་ཆ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      དོན་གསུངས་པ། །སྔ་ཕྱིའི་རྟོག་གསུམ་བྲལ་བ་ཡི། །རང་རིག་ཆོས་སྐུའི་ཡེ་ཤེས་ནི། །འཁྲུལ་མེད་ད་ལྟའི་ཤེས་པ་ལ། །ཐ་མལ་ལུས་ལ་རྟེན་བཅས་པའི། །ཤེས་པ་མ་བསྒྲིབས་གསལ་བ་འདི། །རང་བྱུང་ཆོས་སྐུ་དག་པའོ། །དེ་ལ་མ་རིག་མུན་པ་མེད། །ད་ཡང་འདུས་པའི་སྙིང་པོ་ཉོན། །དེ་ལ་ཡོན་ཏན་བཞི་ལྡན་པས། །དམ་ཚིག་འཛིན་པའི་ཡེ་ཤེས་ཀྱིས། །སྐྱེ་བོ་མུ་སྟེག…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །ལན་ཅིག་དུས་ཀྱི་དེང་སང་ནི། །ལུང་མེད་རྨོངས་པའི་ང་རྒྱལ་ཅན། །དཔྱད་བཟོ་རིག་པ་བྱེད་པ་ཀུན། །གཟུགས་སྐུ་ད་ལྟ་ངོ་སྤྲོད་ཡོད། །ཁ་ཚབ་རྫུན་ཚིག་སྨྲ་བ་ལ། །རྨོངས་པ་བདེན་པར་འཛིན་པ་འབྱུང་། །ད་ཡང་འདུས་པའི་སྙིང་པོ་ཉོན། །མ་རིག་རྫུན་དེ་སུན་འདོན་ཕྱིར། །ད་ལྟ་མངལ་གྱིས་བསྒྲིབས་གཡོགས་པས། །ལོངས…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      སྤྲུལ་པ་བྱེ་བ་ཕྲག་བརྒྱ་དགོས། །སངས་རྒྱས་དམྱལ་བ་ཡན་ཆད་དུ། །ལུས་ཀྱི་མིག་གིས་མཐོང་བ་དགོས། །རྣམ་སྨིན་ལུས་དང་བཅས་དུས་འདིར། །ཇི་ལྟར་གཟུགས་སྐུ་ངོ་སྤྲད་ཀྱང་། །མཐའ་འཁོབ་ཆུ་དང་བྲག་ལ་ཡང་། །མི་ཐར་སྡུག་བསྔལ་འབྱུང་བའི་ཕྱིར། །སྤྲུལ་སྐུ་ངོ་སྤྲོད་ཡོད་ཟེར་རྫུན། །ལྷ་མི་ཀུན་གྱིས་སྨད་བསད་རིགས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན།…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      ཆོས་སྐུར་ཉམས་སུ་མྱོང་། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡུལ་གྱི་རྣམ་པ་གང་བྱུང་ཡང་། །དངོས་པོ་མ་འཁྲུལ་རིག་པ་ཡིས། །དོན་གྱིས་ཟིན་པའི་ཡེ་ཤེས་ཏེ། །ཆོས་ཉིད་ཡང་དག་གནས་ལུགས་ཡིན། །དེ་ཉིད་ལུང་ལྡན་སྒྲོན་མ་ཡིས། །མ་རིག་མུན་པ་མེད་པའི་ཕྱིར། །སྒྲོ་སྐུར་བྲལ་བའི་ཤེས་པ་ལ། །ཆོས་ཀྱི་སྐུ་ཞེས་དེ་ལ་བྱ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      གསང་བ་ཐུགས་ཀྱི་རྒྱུད་ལས། ཡེ་ཤེས་རང་ཤར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀུན་རིག་ཆོས་རྗེ་ཡིས། །ཐ་མལ་རྣམ་རྟོག་མི་གོས་པའི། །ལ་ཟློའི་སྤྱོད་པ་བཀའ་སྩལ་པ། །གཞི་ཤེས་བློ་དངོས་གཅིག་པ་དང་། །བརྟུལ་ཞུགས་མཆོག་དང་གེགས་མེད་པའི། །ལ་ཟློའི་སྤྱོད་པ་བཀའ་སྩལ་པ། །གཞི་ཤེས་རང་ཤར་སྤྱོད་པའི་དུས། །ལུང་ལྡན་ངེས་པའི་གདམས་ང…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ལས། བློ་དངོས་ཡེ་ཤེས་རང་ཤར་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འདུས་པའི་ཚོགས་རྣམས་ལ། །བརྟུལ་ཞུགས་མཆོག་སྤྱོད་བཀའ་སྩལ་པ། །ལྟ་བ་ལ་ནི་བཟླ་བའི་ཕྱིར། །སྤྱོད་པ་རྩིང་མོ་ཆེད་དུ་དགོས། །ངེས་མི་འཆིང་བའི་གདམས་ངག་ཡོད། །དེ་ཕྱིར་རང་གྲོལ་རྟོགས་པ་གཅེས…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      པ་ལ། །བཙུན་པ་ཁྲིམས་འཆལ་ཨུ་ལི་ཡིས། །མུ་སྟེགས་ལོག་ལྟའི་ལྷ་བསྒྲུབས་ནས། །ཁ་ཆེ་བྱེ་བྲག་སྨྲ་བ་ཡིས། །ཐོལ་ཐོལ་སྨྲ་ཞིང་ལམ་ལམ་བོར། །བདུད་ཀྱི་བྱིན་རླབས་གློ་བུར་འབྱུང་། །ལྷ་མེད་ལྷར་འཛིན་འདྲེ་རྣམས་གནོད། །འདུ་བ་རྣམ་བཞིའི་ནད་དང་ནི། །ཡེ་འདྲོག་སུམ་བརྒྱ་འདྲེ་ཡིས་བྱས། །ལྷ་མཆོད་འདྲེ་བརྡུང་ནད་ལ་ཕན། །དེ་སྐད་རྫུན་དུ་སྨྲ་བ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      ཤེས། །ཐམས་ཅད་ཐིག་ལེ་ཉག་གཅིག་ལ། །དུག་ཉིད་སྨན་དུ་སྦྱོར་ཤེས་ལྟར། །འདྲེ་ཉིད་ཡེ་ཤེས་ཀློང་དུ་ཤེས། །དགག་བསྒྲུབ་མེད་ཕྱིར་འདྲེ་རྣམས་སྟོང་། །རྐྱེན་གྱིས་མི་ཚུགས་ནམ་མཁའ་འདྲ། །ད་ཡང་འདུས་པའི་སྙིང་པོ་ཉོན། །སྔགས་དང་དོན་གྱི་ངོ་བོ་ལ། །ལྷ་འདྲེ་མེད་ཤེས་ཡེ་ཤེས་སྐུ། །གང་ལ་རྟོག་མེད་རང་བྱུང་ལ། །ངེས་དོན་གདམས་ངག་གསལ་ཐེབས་ཕྱི…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      གཙང་སྨེ་གཞི་ལ་མེད་པའི་ཕྱིར། །བློ་ཡིས་བྱས་པ་ཐམས་ཅད་འཁྲུལ། །མ་བྱས་མ་བཅོས་རང་བྱུང་ཐུགས། །ལ་བཟླ་བཟང་ངན་མེད་པར་གྱིས། །ད་ཡང་འདུས་པའི་སྙིང་པོ་ཉོན། །མཐོ་དམན་ཆེ་ཆུང་མ་ལུས་ཀུན། །མན་ངག་ཅན་ལ་ཆེ་ཆུང་མེད། །ཡེ་ཤེས་རང་ལ་གནས་པ་ལ། །མཐོ་དམན་མེད་པར་རྟོགས་པར་གྱིས། །རང་བྱུང་སྐྱེ་ཤི་མེད་པའི་ཕྱིར། །དུས་གསུམ་གཅིག་པས་ཡེ་ཤེས་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ཡེ་ཤེས་འཁོར་ལོ་གསང་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ།
      ཐོས་པའི་ཕན་ཡོན་ནི། །དོན་མཐོང་སངས་རྒྱས་ལག་ཏུ་ཐོབ། །ཆོས་སྐུའི་ཡེ་ཤེས་དུས་འདིར་རྟོགས། །ཆོས་རྣམས་རྩ་བ་དུས་གཅིག་ཤེས། །རྒྱུད་འདི་འཛིན་པས་དངོས་གྲུབ་ཐོབ། །ཀུན་ཏུ་བཟང་པོ་ད་ལྟ་ཡིན། །གང་ཞིག་སངས་རྒྱས་དངོས་འདོད་པ། །རྒྱུད་ཆེན་འདི་ལ་བལྟ་བར་གྱིས། །སངས་རྒྱས་བསྟན་པ་ནུབ་ཀ་རུ། །ང་ཡི་ཆོས་འདི་དུས་དེ་རུ། །མན་ངག་སྙིང་པོ་འབ…
      DNG002 · རྩོམ་མཁན།
      འཇམ་དཔལ་འདུས་པའི་རྒྱུད།
      རྒྱ་གར་སྐད་དུ། ཤྲཱི་མཉྫུ་ས་མུ་དཱ་ཡ་ཏནྟྲ། བོད་སྐད་དུ། འཇམ་དཔལ་འདུས་པའི་རྒྱུད། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འོག་མིན་དུ་ནི་བཞུགས་ནས་ནི། །སངས་རྒྱས་སེམས་ཅན་རྒྱབ་གྱེས་དུས། །འཁོར་གྱི་རྡོ་རྗེ་སེམས་དཔའ་ལ། །ཡང་ཏི་ནག་པོའི་བསྟན་པ་ཤར། །སྡུད་བྱེད་རོ་ལངས་བདེ་བས་བསྡུས།…
      DNG002 · རྩོམ་མཁན།
      འཇམ་དཔལ་འདུས་པའི་རྒྱུད།
      ཞེས་གསུངས་སོ། །འཇམ་དཔལ་འདུས་པའི་རྒྱུད་ལས། དབང་གི་ལེའུ་སྟེ་གསུམ་པའོ།། །།ལམ་སྦྱང་མི་དགོས་པའི་དོན་འདིའོ། །འབྱུང་བ་ལྔ་ལ་ལོངས་སྤྱད་པས། །དེ་ནི་ཚོགས་ཀྱི་ལམ་པའོ། །དེ་ཉིད་འོད་གསལ་ཉིད་དུ་ཤར། །དེ་ནི་སྦྱོར་བའི་ལམ་པ་ཡིན། །གཉིས་སྣང་མེད་པའི་ཡེ་ཤེས་གསལ། །དེ་ནི་མཐོང་བའི་ལམ་པའོ། །དེ་རྣམས་གཉིས་སུ་མེད་པར་གནས། །དེ་ནི་མཐ…
      DNG002 · རྩོམ་མཁན།
      འཇམ་དཔལ་འདུས་པའི་རྒྱུད།
      སྒྲིབ་པ་བཞི་པོ་གང་དུ་སྦྱང་། །སྦྱང་བའི་ས་དང་སྦྱོང་བའི་རྒྱུ། །གཉིས་སྤྱོད་ཕྱིར་ན་ཡང་ཏི་མིན། །ཇི་སྙེད་ཐེག་པ་འོག་མར་གོལ། །གོལ་ས་བཅད་ཕྱིར་དོན་འདི་བསྟན། །ཞེས་གསུངས་སོ། །འཇམ་དཔལ་འདུས་པའི་རྒྱུད་ལས། སྒྲིབ་པ་སྦྱང་བའི་ལེའུ་སྟེ་བདུན་པའོ།། །།དམ་ཚིག་བསྲུང་དུ་མེད་པའི་དོན་འདིའོ། །ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། །སྲུང…
      DNG002 · རྩོམ་མཁན།
      འཇམ་དཔལ་འདུས་པའི་རྒྱུད།
      ཡུམ་གྱི་སྣང་བའི་ཆ་ལས་གཟུང་། །གཉིས་མེད་ཟེར་གྱིས་གཉིས་སུ་བསྒྲུབ། །དེས་ན་བསྒྲུབ་པའི་གོལ་ས་ཡིན། །ཡང་ཏི་ནག་པོའི་ལྷ་བསྒོམ་ནི། །རིག་པའི་ཡེ་ཤེས་ཐམས་ཅད་ལྷ། །རིག་པའི་ལྷ་ལ་མདུན་རྒྱབ་མེད། །ཡབ་ཡུམ་གཉིས་སུ་ཕྱི་ནང་མེད། །ཕྱི་ནང་མེད་པའི་ཐིག་ལེའོ། །དེ་ནི་དོན་གྱི་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །འཇམ་དཔལ་འདུས་པའི་རྒྱུད་…
      DNG002 · རྩོམ་མཁན།
      འཇམ་དཔལ་འདུས་པའི་རྒྱུད།
      སྡེ་བར་གོལ། །ཡང་ཏི་ནག་པོའི་ཚུལ་ཁྲིམས་ནི། །ལྷུན་གྲུབ་ཐིག་ལེ་ཆོས་སྐུ་ལ། །བསྲུང་དུ་མེད་སྣང་མེད་པའི་ཕྱིར། །ཐམས་ཅད་ཡེ་བསྲུངས་ཆེན་པོར་འདུས། །དེ་ནི་ཚུལ་ཁྲིམས་ཆེན་པོ་ཡིན། །ཞེས་གསུངས་སོ། །འཇམ་དཔལ་འདུས་པའི་རྒྱུད་ལས། ཚུལ་ཁྲིམས་དང་དམ་ཚིག་བསྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྦྱིན་པ་མེད་པར་བསྟན་པ་ནི། །སྦྱིན་པ་ཀུན…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ས་མཱ་དྷྱེ་ཀ་ཏནྟྲ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། སྤྱན་རས་གཟིགས་སེང་གེ་རྣམ་པར་རྩེ་བ་དང་མཁའ་འགྲོ་རྣམས་ཀྱིས་རབ་ཏུ་བསྐོར། རང…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      བསྟན་པ་རང་སྣང་ཤུགས་ཆོད་ལ། །ཏིང་འཛིན་རྩེ་གཅིག་བརྒྱུད་པའོ། །དེ་ནས་མཁའ་འགྲོ་ཉི་མའི་ཕྲེང་བ་ཡིས། །ཆོས་ཉིད་བརྡལ་བའི་ཕོ་བྲང་དུ། །བཅོམ་ལྡན་ཀུན་ཏུ་བཟང་པོ་ལ། །བལྟ་བ་རྐྱེན་ཐུབ་ཇི་ལྟར་ལགས། །བསམ་གཏན་རྐྱེན་ཐུབ་ཇི་ལྟར་ལགས། །སྤྱོད་པ་རྐྱེན་ཐུབ་ཇི་ལྟར་ལགས། །གཉིད་ལོག་རྐྱེན་ཐུབ་ཇི་ལྟར་ལགས། །རྨི་ལམ་རྐྱེན་ཐུབ་ཇི་ལྟར་ལགས།…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ལ། །བསམ་གཏན་རྐྱེན་ཐུབ་བསྟན་པ་ནི། །བསམ་གཏན་ཆེན་པོ་ཐུན་གཅིག་པོ། །བསམ་གཏན་རང་སྒོ་བྱིང་རྨུགས་སེལ། །རང་བྱུང་ཉམས་ལས་གྲོལ་བ་ཡིན། །རྩེ་གཅིག་ཡེ་ཤེས་ཉམས་ལས་གྲོལ། །ཉམས་མྱོང་བག་ཆགས་ཕྲག་དོག་ཆུང་། །ཕྲ་མོའི་རྟོག་པ་རང་སར་དག །ཡེངས་པ་མེད་པ་རིག་པའི་གནད། །བྱིང་ར…