Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      10000 results — page 57 of 500
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      གྱི་གཉིད་དང་ནི། །དེ་ཉིད་གཉིད་ཀྱི་རྩ་བའོ། །རྩ་བའི་གཉིད་ནི་འདི་ལྟ་སྟེ། །ཐོག་མར་རང་ལུས་གྲུབ་ཙ་ན། །མཛོད་སྤུའི་སྒོ་རུ་བག་ཆགས་གཉིད། །མ་ཡི་ཤེས་རབ་དེ་ཡིས་རྩར། །འགྱུ་བའི་ཤེས་པ་བྱིང་བར་བྱེད། །གཉིད་ཀྱི་གདམས་པ་དེ་ལྟར་ཤེས། །གཉིད་ལོག་རྟོག་པ་མེད་པ་ཡི། །ལྷུན་གྱིས་གྲུབ་པའི་སྤྱན་ཡིན་པས། །གཉིད་དེ་ཐིག་ལེའི་ཀློང་དུ་གྲོལ…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      བྱུང་ཆེན་པོར་སྤྲོད། །ཡེ་ཤེས་རྨིས་པ་རང་བྱུང་རླུང་དང་སྤྲོད། །ཤེས་རབ་རླུང་སྟེ་ཡེ་ཤེས་ཟང་ཐལ་རླུང་། །བག་ནི་ཐིག་ལེ་དཀར་དམར་རོ། །ཆགས་པ་འགྱུ་བའི་ཐིག་ལེ་ལ། །དེ་ནས་རང་བྱུང་རྐྱེན་ལས་གྲོལ། །ཞེས་གསུངས་སོ། །བསམ་གཏན་རྩེ་གཅིག་གི་རྒྱུད་ལས། རྨི་ལམ་རྨིས་པ་རྐྱེན་ཐུབ་པའི་ལེའུ་སྟེ་དྲུག་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས།…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      ལ། །སྐྱེ་རྒ་ན་འཆི་བཞི་པོ་ལ། །རྐྱེན་ཐུབ་བར་དོར་གདོད་ནས་དག །དུག་ལྔ་ཡེ་ཤེས་ལྔ་རུ་སྣང་། །རང་སྣང་ཡེ་ཤེས་འཕེལ་འགྲིབ་མེད། །ཆགས་སྡང་རྐྱེན་ཐུབ་རང་སྣང་གསལ། །རང་བྱུང་རྩ་ལྔ་ཡེ་ཤེས་ལྔ། །ཁ་དོག་ལྔ་ལས་གྲུབ་པའི་རྩ། །དབུས་མཐིང་གཡས་དཀར་གཡོན་དམར་བ། །མདུན་དང་རྒྱབ་ནི་སེར་དང་ལྗང་། །སྐུད་པ་ལྔ་ཡང་ཡེ་ཤེས་ལྔ། །གསལ་བྱེད་སྤྱན་ལ…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། ངེས་ཤེས་རྐྱེན་ཐུབ་ཀྱི་ལེའུ་སྟེ་དགུ་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ། །འབྲས་བུ་རྐྱེན་ཐུབ་བསྟན་པ་ནི། །ཕྱི་དང་ནང་དང་གསང་བ་གསུམ། །དེ་ལ་ཕྱི་ཡི་རྐྱེན་ཐུབ་བསྟན་པ་ནི། །ཕྱི་ཡི་འབྲས་བུ་འབྱུང་བ་ལྔ། །རང་སྣང་ལོངས་སྐུ་རྒྱུན་ཆད་མེད། །ལྷ་མོ་ལྔ་ལ་སྐྱེ་ཤི་…
      DNG002 · རྩོམ་མཁན།
      འཕགས་པ་སྤྱན་རས་གཟིགས་ཏིང་འཛིན་རྩེ་གཅིག་གི་རྒྱུད་ཅེས་བྱ་བ།
      རྐྱེན་ཐུབ་སྲིད་པ་རང་བྱུང་སེལ། །ཞེས་གསུངས་སོ། །ཏིང་ངེ་འཛིན་རྩེ་གཅིག་གི་རྒྱུད་ལས། འབྲས་བུ་རྐྱེན་ཐུབ་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡིས། །འཁྲུལ་པ་རྐྱེན་ཐུབ་བསྟན་པ་ནི། །ཐོག་མ་འཁྲུལ་པ་རླུང་གིས་འཁྲུལ། །བར་དུ་འཁྲུལ་པ་ཆགས་སྡང་འཁྲུལ། །ཐ་མ་རང་སྣང་འོད་ལ་འཁྲུལ། །ལྷུན་གྲུབ་མ་ནིང་འཁྲུལ་པའི་ར…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      རྒྱ་གར་སྐད་དུ། རྒྱ་ཚིག་བཀྲོལ་བ། ཨཱ་ལོ་ཀ་བྷ་བ་སཾ་པུ་ཊཱ་མྲྀ་ཏ་སུར་བིནྡུ་སཾ་སཱརཱ་དྱནྟ་ཙྪེ་ད་ན་ཏནྟྲ། བོད་སྐད་དུ། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད། བཅོམ་ལྡན་འདས་མཚོན་མེད་བརྗོད་ལས་འདས་པའི། སེམས་ཉིད་སྐྱེ་མེད་ཀུན་བཟང་ཀློང་ལ་ཕྱག་འཚལ་ལོ། །བརྟགས་སྣང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། …
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཚིག་དང་ཡི་གེའི་མིང་བཏགས་ལས་གྲོལ་བའི་བསྟན་པའོ། །དེ་ནི་བསྟན་པ་ཕུན་སུམ་ཚོགས་པའོ། །དུས་བསྟན་པ་ཡང་འདི་ལྟར་ཏེ། འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྐྱེན་ཁར་མ་ཤོར་ཏེ། དུས་གསུམ་དབྱེར་མེད་ཀྱི་དུས་སོ། །སྔོན་བྱུང་རྗེས་འཇུག་གདུང་སོབ་གསུམ་སྟེ། དུས་ཕུན་སུམ་ཚོགས་པའོ། །དེ་ནས་འཁོར་ཚོགས་དེའི་ནང་ནས་རྡོ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཐེག་པ་གཞན་ལས་འབྱུང་མི་འགྱུར། །མ་བྱུང་མི་འབྱུང་འབྱུང་མི་སྲིད། །བཀའ་ཆེན་བཤད་ལུགས་གསུམ་དུ་བཤད། །སྐྱེ་མེད་མཚན་མེད་བཤད་པ་དང་། །བླ་དགས་ཚིག་གིས་བཤད་ལུགས་དང་། །མཚོན་པའི་བརྡའ་འགྲོལ་བཤད་ལུགས་སོ། །ཐུན་མོང་བཤད་ལུགས་རྣམ་གསུམ་ནི། །བྱིན་གྱིས་བརླབས་ཀྱིས་བཤད་པ་དང་། །རང་གི་ངོ་བོས་བཤད་པ་དང་། །སྡེབ་སྦྱོར་གྱིས་བཤད་ལུགས་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ན་མེད་དེ་ཨ་ལ་ལ། ང་ཡི་རང་བཞིན་འདི་ལྟར་ཏེ། །ཡོད་ནི་ཅི་ཡང་མེད་པ་སྟེ། །སྣང་ནི་ཅིར་ཡང་སྣང་བའོ། །དངོས་པོ་ཅི་ཡང་མེད་པ་སྟེ། །སྣ་ཚོགས་ཀུན་གྱི་གཞི་མ་བྱས། །མཚོན་དུ་རྡུལ་ཙམ་མེད་པ་སྟེ། །མཚོན་པ་སྣ་ཚོགས་རྩ་བ་བྱས། །ཚིག་གི་ཡུལ་དུ་མ་གྱུར་ཏེ། །ཚིག་ཚོགས་རྒྱ་མཚོའི་རྩ་བ་བྱས། །ངོས་ཟིན་བརྟགས་པ་མེད་པ་སྟེ། །བརྟགས་སྣང་ཀུན་གྱི…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ནས་བཞག །ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་ནི། །ཆོས་རྣམས་འགག་པ་མེད་པར་བསྟན། །གདལ་ཁྱབ་འགག་མེད་ལོངས་སྐུའོ། །ལོངས་སྤྱོད་རྫོགས་སྐུའི་བཤད་ལུགས་སོ། །ཐུགས་རྗེ་སྤྲུལ་སྐུའི་བཤད་ལུགས་ནི། །སྣང་སྲིད་གཉིས་མེད་སྤྲུལ་པའི་སྐུ། །སྣ་ཚོགས་སྣང་ལ་ངོས་བཟུང་མེད། །གང་སྣང་ཡུལ་ལ་ཆགས་ཞེན་མེད། །དྲན་མེད་སྤྲུལ་སྐུའི་བཤད་ལུགས་སོ། །བ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་མེ་ཡི་སྐུར་བྱུང་ནས། །བདག་ཏུ་མི་འཛིན་གཞན་མི་འཛིན། །གཟུང་འཛིན་གཉིས་མེད་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་བསམ་པས་དབྱིངས་མི་བསྐྱོད། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      འཁོར་ལ་འདི་སྐད་གསུངས། །སངས་རྒྱས་སེམས་ཅན་མེད་པའི་སྔོན་རོལ་ན། །ཅི་ཡང་མ་ཡིན་ཅི་ཡང་མ་གྲུབ་པ། །ཐ་སྙད་གང་གིས་མཚོན་པར་མི་ནུས་སོ། །མིང་འདོགས་ཚིག་གི་མཐའ་ལས་གྲོལ་བ་ཡིན། །ཐོག་མ་གཞི་ལ་དབྱེར་མེད་པས། །སངས་རྒྱས་སེམས་ཅན་མིང་ཡང་མེད། །བརྡའ་དང་ཐ་སྙད་འདོགས་མཁན་མེད། །དཔེ་དང་དོན་དུ་སྟོན་མཁན་མེད། །ཚིག་དང་ཡི་གེར་འདོགས་མཁན་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      སྒྲིབ་མ་མྱོང་། །རྟོགས་མ་མྱོང་ལ་རྒྱས་མ་མྱོང་། །གཉིས་སུ་རྒྱ་ཆད་མེད་པ་ཡིན། །གཅིག་ཏུ་བསྡུ་མ་མྱོང་བ་ཡིན། །རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པར། །ངོ་བོ་མི་འགྱུར་རང་བཞིན་མི་དམིགས་པས། །སྐྱེ་འཇིག་གང་དུ་རྒྱ་ཆད་མེད་པ་ཡིན། །མཚོན་མེད་ཚིག་གིས་བསྟན་པ་མེད། །ཆོས་མེད་སྟོན་མེད་ཉན་པ་མེད། །སྨྲར་མེད་ཚིག་མེད་བརྗོད་པ་མེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      ཀྱི་སོ་མཚམས་སོ། །ཡར་རྒྱས་མར་འཁྲུལ་གཉིས་ཀྱང་འདི་ལྟ་སྟེ། །སྔོན་ནས་གདོད་མ་ཉིད་ནས་གནས། །སྟོང་ཉིད་ཡབ་ཀྱི་ཚུལ་དུ་གནས། །ཡེ་ནས་མཚོན་པ་མེད་པ་དེ། །ཆོས་ཉིད་ཡུམ་གྱི་ཚུལ་དུ་གནས། །སྐྱེ་མེད་འབྱེད་མེད་སྲས་གཅིག་འཁྲུངས། །འབྱེད་མེད་གཏི་མུག་ཆེན་པོ་དེ། །ཐབས་ཀྱི་རྒྱལ་པོ་ཡབ་ཏུ་གནས། །སྐྱེ་འགག་ཀུན་བྲལ་ཤེས་རབ་ཡུམ་གྱི་ཚུལ། །ར…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བསྒྲུབ་སྤངས་པས་བྱར་མེད་སྤྲོས་བྲལ་རྒྱས། །ཡར་རྒྱས་ཀུན་བཟང་དེ་ལྟར་ཤེས་པར་གྱིས། །ཅིས་ཕན་འདྲི་བའི་གཏན་ཚིགས་དེ། །བྱ་བཙལ་གང་གིས་ཕན་པ་མ་ཡིན་ཏེ། །རང་སར་ངང་ཉིད་ཐིམ་པ་ཡིན། །ངང་ཉིད་ངང་གིས་གྲོལ་བ་ཡིན། །རང་གིས་རང་ཉིད་རྟོགས་པ་ཡིན། །སྤང་ལེན་དགག་བསྒྲུབ་ཕན་པ་མ་ཡིན་ནོ། །རྣམ་རྟོག་སངས་པས་ཡེ་ཤེས་རྒྱས། །སུས་ཀྱང་རྒྱས་སུ་མ་…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      བརྟགས་ཞེན་མེད་དེ་ངང་དྭངས་ཆེན་པོ་ཡིན། །ཆགས་འཛིན་མེད་དེ་ངང་དྭངས་ཆེན་པོ་ཡིན། །བརྟགས་སྣང་ཀུན་ལས་གྲོལ་ཏེ་ངང་དྭངས་ཆེན་པོ་ཡིན། །རྟོག་ཚོགས་མཚན་མ་གྲོལ་ཏེ་ངང་དྭངས་ཆེན་པོ་ཡིན། །བརྗོད་གཞི་ཐམས་ཅད་ངང་དྭངས་ཆེན་པོར་གྲོལ། །སངས་རྒྱས་ཆེ་བའི་ཡོན་ཏན་དེ་ལྟར་རོ། །སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས། འཁོར་བ་ཐོག་མཐའ་གཅོད་པའ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      གནས་དོན་མ་ཤེས་དོན་མ་རིག །དེ་ལ་མ་རིག་མུན་པར་གསུངས། །འགྱུ་བ་རླུང་གིས་རྒྱུ་བྱས་ནས། །སྒྲིབ་གཡོགས་མུན་པ་རྐྱེན་དུ་བྱུང་། །ཡེ་ཤེས་འཆར་སྒོ་མ་ཤར་བར། །མུན་པའི་འཁོར་སྒོ་རྐྱེན་དུ་བྱུང་། །མ་རིག་འཁྲུལ་སྒོར་འཁྱམས་པ་ཡིན། །རིག་པས་ཀུན་ཏུ་འཚོལ་ཁྲོ་བྱས། །ཡིད་ནི་འགྱུ་བ་ཉིད་དང་བཅས། །སེམས་ནི་གསལ་ཆ་ལྔ་རུ་ཤར། །གསལ་དང་མི་གཡོ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      འཆི་བདེ་བའི་ཆོས་སུ་བཟུང་། །དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན། །གཉིས་མེད་ངང་ལ་གཉིས་སུ་བཟུང་། །དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན། །བདག་གཞན་མེད་ལ་བདག་ཏུ་བཟུང་། །དེ་ཡིས་འཁྲུལ་པའི་འབྲས་བུར་སྨིན། །དབྱེ་བསལ་མེད་ལ་དབྱེ་བསལ་བཟུང་། །དེ་ཡིས་འཁྲུལ་པའི་འབྲས་བུ་སྨིན། །རྩིས་གདབ་མེད་ལ་རྩིས་གདབ་བཟུང་། །དེ་ཡིས་འཁྲུལ་པའི་འབ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      དེ་ནས་སེམས་ཉིད་ཀུན་བཟང་ལ། །རྡོ་རྗེ་སེམས་དཔས་འདི་སྐད་ཞུས། །ཆོས་སྐུ་རྟོགས་པར་བྱ་བའི་ཐབས། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེའི་འོད་ནང་དུ་ཞི་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །དེ་ནས་བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ཨཱ་པཾ་ཀ་རི་མ་ཧཱ་ཨཱ་ཏི་ཏ་ཨཱཿ། ཐེག་པའི་རྒྱལ་པོ་སྤྱི་ཏི་ཡོ་ག་འདི། །ཐེ…
      DNG002 · རྩོམ་མཁན།
      སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད།
      མོངས། །ཡེ་ཤེས་མེད་པར་བསྒྲུབ་པར་འདོད། །འདི་ཡང་སེམས་ཅན་ཉོན་རེ་མོངས། །ཡུལ་སེམས་མེད་པར་སྤང་བར་འདོད། །འདི་ཡང་སེམས་ཅན་ཉོན་རེ་མོངས། །བཟུང་བ་མེད་པར་བསྒྲུབ་པར་འདོད། །འདི་ཡང་སེམས་ཅན་ཉོན་རེ་མོངས། །དེ་ལ་སོགས་པ་གཉིས་སྣང་ཐམས་ཅད་ཀུན། །སེམས་ཅན་བློ་ཡི་ཆོས་སུ་བསྟན་པ་ཆ་མེད་དམ། །བརྟགས་པ་སྣང་བ་ཡིན་པར་ཆ་མེད་དམ། །ཚིག་ནི་བ…