Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 105 of 500
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་འབྱོར་པ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་མི་མང་པོ་ཡོད་པ་རྒྱལ་སྲིད་བྱེད་དུ་འཇུག་སྟེ་ཞེས་བྱ་བའི་བར་དུ་སྟེ། བྱམས་པའི་བདག་ཉིད་སྙིང་རྗེ་ཅན་བདག་ཉིད་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྡན་པ་ཞིག་ཡོད་དེ། ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུས་རྒྱལ་པོའ་ཕོ་བ…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
དགོངས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བྱམས་པའོ། །དེ་རྣམས་ཀྱིས་བསམས་པ། འདིར་རྒྱུ་འདིས་ན་ད་ལྟར་བདག་ཅག་གིས་གླགས་མ་རྙེད་དོ་སྙམ་ནས་དེ་རྣམས་བཱ་རཱ་ཎ་སཱིའི་སྒོ་ནས་སྒོར་རྒྱུ་ཞིང་རྒྱལ་པོ་བྱམས་པའི་སྟོབས་ནམ་ཞིག་མཐོང་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་བྱམས་པའི་སྟོབས་ཕྱི་རོལ་དུ་སྐྱེད་མོས་ཚལ་དུ་ཆས་པ་དང་། དེ་…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
སློང་དག་ཇི་སྣམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་བྱམས་པའི་སྟོབས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །མདངས་འཕྲོག་པའི་གནོད་སྦྱིན་ལྔ་པོ་གང་དག་ཡིན་པ་དེ་དག་ནི་ལྔ་སྡེའི་དགེ་སློང་འདི་ཉིད་ཡིན་ཏེ། དེ་ན་ཡང་ངས་འདི་རྣམས་རང་གི་ཁྲག་གིས་ཚིམ་པར་བྱས་ཏེ་བརྟུལ་ཞུགས་ལྔའི་གཞི་རྣམས་ལ་བཀོད་དོ། །ད་ལྟར་ཀྱང་ངས་འདི་རྣམས་དམ་པའི་ཆ…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ནས་དག་པ། མེས་པོའི་ཕྱོགས་དང་། ཕྱི་མོའ་ཕྱོགས་ཟུང་བདུན་རྒྱུད་ཀྱིས་བཟུང་སྟེ་རིགས་ལ་གཏམ་གྱི་མ་ཕོག་པ། ཀློག་ཏུ་འཇུག་པ། གསང་ཚིག་འཛིན་པ། རིག་བྱེད་གསུམ་པོ་སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་བཅས་པ་དང་། ཡི་གེ་རབ་ཏུ་འབྱེད་བ་དང་བཅས་པ་དང་ལྔ་པོ་དེ་ལྟ་བུ་བྱུང་བ་ཅན་རྣམས་ཀྱི་ཕ་རོལ་དུ་ཕྱིན་ཅིང་ལུང་སྟོན་པར་བྱེད་པ། གཟུགས…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ནོ། །དེ་ནས་རྫ་མཁན་དགའ་སྐྱོང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྫ་མཁན་དགའ་སྐྱོང་ལ་ཆོས་དང་ལྡན་པའི་ག…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
བྱང་ཆུབ་ནི་མཆོག་ཏུ་དཀའ་བ་ཡིན་ནོ་ཞེས་མ་སྨྲ་ཤིག །འདི་ལྟར་བཅོམ་ལྡན་འདས་དེ་ཉིད་སངས་རྒྱས་ཡིན་ཏེ། དེས་ཆོས་ཐམས་ཅད་སངས་རྒྱས་སོ། །རྫ་མཁན་དགའ་སྐྱོང་གིས་ལན་གཉིས་ལན་གསུམ་དུ་ཡང་བྲམ་ཟེའི་ཁྱེའུ་བླ་མ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་བླ་མ་ཚུར། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ཅི་དེ་ཙམ་བྱ་བ་ལ་ཐུག་གམ། དེས་པ་བླ་མ་དེ་ཙམ་བྱ་བ་ལ་ཧ་ཅང་ཐུག་ཅེས་སོ། །དེས་པ་དགའ་སྐྱོད་དེའི་ཕྱིར་ཐོང་ཤིག་དང་། བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དུ་འདོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་བླ་མ་དང་རྫ་མཁན་དགའ་སྐྱོང་ཤིང་རྟ་གཅིག་གི་ནང་དུ་ཞུགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
དེས་པ་བླ་མ་ཇི་ལྟར་ཁོ་བོ་ཕ་མ་ལོང་བ་གཉིས་གསོ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་དུས་སུ་བསོད་སྙོམས་འབུལ་བར་ཁྱོད་མི་ཤེས་སམ། དེས་པ་དགའ་སྐྱོང་ཁྱོད་རབ་ཏུ་བྱུང་ཡང་རུང་མ་བྱུང་ཡང་རུང་། རེ་ཞིག་ཁོ་བོ་ནི་རབ་ཏུ་འབྱུང་ངོ་། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྫ་མཁན་དགའ་སྐྱོང་གིས་འདི་སྐད་ཅེས་གས…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
གཅིག་ཏུ་འདུག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་རྒྱལ་པོ་ཀྲི་ཀི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟ…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཀྲི་ཀིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་ས…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
བགྱིད་ལགས་ན་གནང་བར་མཛད་དུ་གསོལ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལན་གཉིས་ལན་གསུམ་དུ་ཡང་རྒྱལ་པོ་ཀྲི་ཀི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་སེམས་མངོན་པར་དད་པར་བྱས་པ་གང་ཡིན་པ་དེ་ཉིད་ཀྱིས་བྱས་ཟིན་པས་ཆོག་གོ །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་རྒྱལ་པོ་ཀྲི་ཀིས་འདི་སྐད་ཅེས་གསོལ་ཏོ། །…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
གྱིས་བསོད་སྙོམས་ལ་རྒྱུ་བ་ན་རྫ་མཁན་དགའ་སྐྱོང་གི་ཁྱིམ་གང་ན་བ་དེར་གཤེགས་ཏེ་བྱོན་ནས་སྒོ་འཕར་ལ་མི་དྲག་པར་དལ་བུས་བརྡབས་པ་དང་། དེའི་ཚེ་རྫ་མཁན་དགའ་སྐྱོང་ནི་དགོས་པ་འགའ་ཞིག་གི་ཕྱི་རོལ་དུ་སོང་བར་གྱུར་ནས། རྫ་མཁན་དགའ་སྐྱོང་གི་ཕ་མས་སྒོ་འཕར་བརྡབས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་འདི་སྐད་ཅེས་སྒོ་འཕར་ལ་མི་དྲག་པ་དལ་བུ་དལ་…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ཀྱི། ཁྱོད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་མཆིས་ལགས་ཀྱིས་གལ་ཏེ་བཞེད་ན་ཉིད་ཀྱིས་བཞེས་ཏེ་ཡོངས་སུ་ལོངས་སྤྱད་དུ་གསོལ་ཞེས་གསོལ་པ་དང་། དེས་ཕྲུ་བའི་ནང་ན་ཟན་དྲོན་ཡོད་པ་དང་། རྫེའུ་ན་སྲན་ཆོད་ཡོད་པ་དེ་དག་གསོལ་བ་ལྟ་ཞིག །དེ་ནས་རྫ་མཁན་དགའ་སྐྱོང་འདི་སྙམ་དུ་སེམས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ལེགས་པ…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་དེར་ཐོག་མར་ལྷས་ཆར་ཕབ་པས་ཟགས་པར་གྱུར་ནས། ཁོ་བོ་ཅག་རྫ་མཁན་དགའ་སྐྱོང་གི་ལས་བྱེད་པའི་ཁང་པ་གཡོགས་ཕ་རྩྭ་སར་པ་བཤུས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་གཡོག་གོ །དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ལ་བསྙེན་བཀུར་བགྱིད་པ་ནི་སླད་རོལ་དུ་མཆིས་ལགས་ཀྱིས། …
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ཤིན་ཏུ་བག་ཕབ་ཅིང་འདྲིས་པར་གྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་རིག་ནས་དགའ་བ་དང་བདེ་བ་དེ་ཉིད་ཀྱིས་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་འདས་པར་བྱས་སོ། །ཟླ་བ་ཕྱེད་ཀྱི་བར་དུ་ཡང་དེའི་ལྷན་ཅིག་ལྡན་པའི་དྲན་པ་རྟག་ཏུ་ལུས་ལས་མ་འདོར་ཞིང་། ཞག་བདུན་དུ་ཕ་དང་མའི་ལུས་ལ་ཡང་དེ་བར་ཆད་མེད་པར་འདུག་གོ །དབྱར་གྱི་གནས་ད…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་རྒྱལ་པོ་ཀྲི་ཀིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གཤེགས་ནས་རིང་པོ་མ་ལོན་པར་ཤེས་ནས་མི་ཞིག་ལ་སྨྲས་པ། །ཀྱེ་ནང་རྗེ་ཚུར་…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་གི་ཉི་མ་ལ་བྱང་ཆུབ་སེམས་དཔའ་ཕྱིར་བྱུང་བ་དེ་ཉིད་ཀྱི་ཉི་མ་ལ་གྲགས་འཛིན་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་དེའི་ཚེ་བཙུན…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
དེ་ཕ་རོལ་ནས་ཚུ་རོལ་དུ་འོངས་ནས་དེ་རྣམས་ངོ་མཚར་སྐྱེས་པར་གྱུར་ཏོ། །གྲགས་འཛིན་མས་སྨྲས་པ། ཤེས་ལྡན་དག་ཇི་ལྟར་བྱང་ཆུབ་སེམས་དཔའ་ལས་སྐྱེས་པ་ཡིན་ཞིང་ཁོ་མོས་བྱི་མ་ཕྱིན་པར་ཡང་ཡིད་ཆེས་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་གིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ལོ་བཅུ་གཉིས་འདས་པ་ན་སེར་སྐྱའི་གཞིར་བྱོན་ནས་ཉི་མ་གཅི…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ནམས་དང་བཅས་པ་ངོ་མཚར་སྐྱེས་ནས། གྲགས་འཛིན་མ་ལ་ལྷག་པར་མངོན་པར་དགའ་བར་གྱུར་ཏོ། །དེ་ནས་གྲགས་འཛིན་མའི་མི་སྙན་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གཞོན་ནུ་སྒྲ་ཅན་ཟིན་བཟང་པོ་རབ་ཏུ་དབྱུང་བར་བརྩམས་པ། རྒྱལ་པོ་ཟས་གཙང་གིས་ཐོས་ནས་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི…
DKG004
· སངས་རྒྱས་ཤཱཀྱ་ཐུབ་པ།
ཀཽཎྜི་ནྱའི་སྡེ་ཚན།
ལས་ཀྱི་མཐུ་དང་གཉེན་གྱི་མཐུས་བསྣུན་བསྐྱངས་ཏེ་བསྐྱེད་དོ། །དེ་དང་ཧ་ཅང་ཡང་མི་རིང་བཞིག་ན་ཐག་པ་རང་གི་བཟོལ་མཁས་པ་ཞིག་གནས་ཏེ། དེ་རང་གི་བཟོས་ཐམས་ཅད་གྲུབ་པར་འགྱུར་རོ། །དེས་དེའི་རང་གི་བཟོས་འབྱོར་པ་འགྲུབ་པ་མཐོང་ནས་སྨྲས་པ། །ཐ་གའི་ལས་ནི་མཆོག་ཡིན་གྱི། རྒྱ་མཚོར་འཇུག་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེར་སོང་ན་ཚུལ་མ་ཡིན་པས་སྡ…