Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 329 of 500
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ངེད་ཀྱི་གྲོང་གི་ཉེན་ཀོར་དུ་རྟེན་པ་ལས་འདས་པར་གྱུར་པས་བཅོམ་ལྡན་འདས་དེའི་སྐུ་གདུང་ཤ་རི་རམ་གྱི་སྐལ་བ་ངེད་ཀྱིས་སྦྱིན་པར་མི་བྱའོ། །གལ་ཏེ་བྱིན་ན་དེ་ལྟ་ན་ནི་ལེགས། ཇི་སྟེ་མ་བྱིན་པར་གྱུར་ན་དམག་གིས་དབྲོག་གོ །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་དེ་བཞིན་དུ་བྱའོ་ཞེས་མཉན་ཏོ། །ཡུལ་རྟོག་པ་གཡོ་བ་ན་གནས་པའི་རྒྱལ་རིགས་བུ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ཀྱིས་ཤེས་སམ། དེ་བས་ན་བདག་ཅག་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་སྐལ་བ་བླང་བར་བྱའོ། །དེས་ལྷ་དེ་བཞིན་དུ་གོ་བསྐོན་པར་བགྱིའོ་ཞེས་སྨྲས་ནས། དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། རྒྱལ་པོ་མ་སྐྱེས་དགྲ་ཡང་གླང་པོ་ཆེ་ལ་ཞོན་པ་དང་། དེས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ལྡན་དག་ཉོན་ཅིག །ཤེས་ལྡན་དག་ལ་ཡུལ་མ་ག་དྷཱའི་རྒྱལ་པོ་ལུས་འཕགས་མའི་བུ་རྒྱལ་པོ་མ་སྐྱེས་དགྲ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ནད་འདྲི་ཞིང་། འདི་སྐད་ཅེས་ཤེས་ལྡན་དག་བཅོམ་ལྡན་འདས་དེ་ནི་ང་ལ་ཡུན་རིང་པོ་ནས་ཕངས་ཤིང་སྡུག་པ་བླ་མར་གྱུར་པ་ཡིན་ཏེ་དེ་ཁྱེད་ཀྱི་གྲོང…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ལ་གཏོགས་པ་བྲམ་ཟེ་དབྱར་བྱེད་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ཏེ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱི་དྲུང་དུ་དམག་བརྒལ་བའི་ཕྱིར་ལྷགས་སོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་གྱད་ཀྱི་ཆུང་མ་དང་། གྱད་གཞོན་ནུ་དག་གྲོང…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
པ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པ་བྱའོ། །མཆོད་པ་བྱས་ནས་དུས་སྟོན་ཆེན་པོ་ཡང་བྱའོ། །གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ལ་དེ་བཞིན་དུ་བྱའོ་ཞེས་མཉན་ཏོ། །དེ་ནས་བྲམ་ཟེའི་རིགས་བྲེ་བོ་དང་མཉམ་པ་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་དང། ཡུལ་རྟོག་པ་གཡོ་བའི…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ལྡན་འདས་ཀྱི་སྐུ་གདུང་ཆ་བརྒྱད་དུ་བགོས་ཏེ། ཆ་གཅིག་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་བྱིན་ནོ། །དེས་ན་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་བཙུགས་ནས་དྲི་དང་། ཕྲེང་བ་དང་། བདུག་པ་དང་། ཕྱེ་མ་དང་། རོལ་མོའི་སྒྲས་བཀུར་སྟིར་བྱས། བླ་མར་བྱ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
དེའི་ཚེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འཁོར་འདུས་པ་དེ་ཉིད་དུ་འོངས་ཏེ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། གྲོང་ཁྱེར་རྩྭ་ཅན་གྱི་གྱད་ཀྱི་འཁོར་མང་པོ་ཚོགས་ཤིང་འདུས་པ་ཤེས་ལྡན་དག་ཉོན་ཅིག །བཅོམ་ལྡན་འདས་གཽ་ཏ་མ་དེ་ནི་ཡུན་རིང་པོ་ནས་བདག་ལ་ཕངས་ཤིང་སྡུག་པ་ཡིན་ཏེ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུ་གནས་པས། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ཅིག་ཡོངས་སུ་མྱ་ངན་ལས་འདས་པས་ལྷའི་བུ་ཚེ་བསྐལ་པ་བརྒྱ་ཕྲག་མང་པོ་ཐུབ་པ་དག་ཅི་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་ནས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་། འདུལ་བ་དང་། མ་མོ་དག་མི་སྒྲོགས་སོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཁ་ཟེར་བར་བྱེད་པས་དེ་ལྟ་བས་ན་འདིར་ཤ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ལྡན་པ་བ་ལང་བདག་ག་ལ་བ་དེར་སོང་ལ་ཕྱིན་ནས། ཚེ་དང་ལྡན་པ་བ་ལང་བདག་ལ་འདི་སྐད་ཅེས་སྨྲོས་ཤིག །འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདི་སྐད་དུ་ནད་མེད་པར་གྱུར་ཅིག །དགེ་འདུན་གྱི་བྱ་བ་ཅུང་ཟད་ཅིག་ཡོད་པས་མྱུར་དུ་བོས་ཤིག་ཅེས་བྱོས་ཤིག །ཚེ་དང་ལྡན་པ་འོད་སྲུང་གིས་དེ་སྐད་སྨྲས་པ་དང་ཚེ་དང་ལྡན་པ་གང་པོས་ཚེ་དང་ལྡན་པ་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
བའི་དྲ་བ་མ་བྱུང་ངམ། ཚངས་པ་མཚུངས་པར་སྤྱོད་པ་དག་ཀློག་པ་དང་། འདོན་པ་དང་། ཡིད་ལ་བྱེད་པ་དག་ལས་བློ་བསྒྱུར་ནས་འདུས་ཤིང་བྲེ་མོའི་གཏམ་བྱེད་པར་མ་གྱུར་ཏམ། གང་ཐེ་ཚོམ་དང་། ཡིད་གཉིས་ལ་ཞུགས་པའི་སེམས་ཀྱིས་ཆོས་མ་ཡིན་པ་ལ་ནི་ཆོས་སུ་ཆོས་ལ་ནི་ཆོས་མ་ཡིན་པར་འདུལ་བ་མ་ཡིན་པ་ལ་ནི་འདུལ་བར། འདུལ་བ་ལ་ནི་འདུལ་བ་མ་ཡིན་པར་མ་བཤད་དམ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
བྱང་ཆུབ་ཀྱི་ཡན་ ལག་གི་མེ་ཏོག་གིས་མཛེས་པར་བྱས་པ་དགེ་སྦྱོང་གི་འབྲས་བུ་བཟང་པོ་བཞི་དང་ལྡན་པ་མི་རྟག་པའི་གླང་པོ་ཆེ་སྨྱོན་པས་མ་བཅོམ་མམ། ཡེ་ཤེས་ཀྱི་སྒྲོན་མ་མི་རྟག་པའི་རླུང་གིས་བདས་ནས་ཡོངས་སུ་མྱ་ངན་ལས་མ་འདས་སམ་ཞེས་སྨྲས་སོ། །དེ་ནས་དེའི་ཚེ་ཚེ་དང་ལྡན་པ་གང་པོས་ཚིགས་སུ་བཅད་དེ་སྨྲས་པ། བློ་ལྡན་བསྟན་པ་གནས་བྱའི་ཕྱིར།…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
སྐད་ཅིག་འཇིག་འགྱུར་ཏེ། །སྐྱེ་ལ་སོགས་པ་སྡུག་བསྔལ་ཉོན་མོངས་ལྡན། །སོ་སོའི་སྐྱེ་བོ་བདག་ཏུ་ང་རྒྱལ་ཏེ། ། དེ་དག་བྱེད་པ་མེད་པར་རིག་པར་བྱེད། །གསུམ་པས་སྨྲས་པ། མཁས་པ་རྟག་ཏུ་དོགས་པས་བག་ཡོད་ཅིང་། །བསོད་ནམས་ཡིད་ལ་བྱ་བ་དེ་བརྩོན་བྱ། །འབྱུང་པོའི་ཚོགས་ཀུན་སོང་ཞིང་འཇིག་འགྱུར་ཏེ། །སྲོག་དང་བཅས་པའི་དཔལ་ནི་གཡོ་བར་གྱུར། །བ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ཆེན་པོས་དགེ་སློང་ལྔ་བརྒྱ་པོ་དེ་དག་ལ་ཁྲིམས་སུ་བཅས་ནས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཇི་སྐད་སྨྲ་བ་གསོན་ཅིག །ཇི་ལྟར་བདག་ཅག་གིས་ཆོས་ཀྱི་ཚུལ་ཇི་ ལྟ་བ་བཞིན་བཤད་དང་། དེ་བཞིན་གཤེགས་པ་དང་རྣམ་པར་བྲལ་བའི་སྡུག་བསྔལ་ཅན་གྱི་དགེ་སློང་ཕྱོགས་དང་ལྗོངས་གང་དང་གང་ན་གནས་པ་དེ་དང་དེ་དག་གིས་ཐོས་ནས་འདིར་འོངས་ཏེ། དེ་དག་གིས་བདག་གི…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ལས་བྱ་བར་བརྩམས་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོ་འདི་བཅོམ་ལྡན་འདས་ཀྱི་ཞལ་ཏ་བ། བཅོམ་ལྡན་འདས་ཀྱི་ཉེ་བ་ན་འདུག་ཅིང་། དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་མཐའ་དག་གཏད་ དེ། དེ་ལྟ་བས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་འདུན་གྱི་ཆུའི་ཞལ་ཏ་བར་བསྐོ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཆུའི་ཞལ་ཏ་བར་བསྐ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
མའི་བུ་མ་སྐྱེས་དགྲའི་སྤྱོད་པ་ནི་གང་དུ་གླང་པོ་ཆེ་ལ་ཞོན་ཏེ། བཅོམ་ལྡན་འདས་མཐོང་ན་དེ་མ་ཐག་ཏུ་རང་ལྷུང་ནས། དེ་བཅོམ་ལྡན་འདས་ཀྱི་མཐུས་མཉམས་པར་ས་ལ་འཇོག་གོ །ཡུལ་མ་ ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་མཐོང་སྟེ། མཐོང་ནས་བཅོམ་ལྡན་འདས་རྗེས་སུ་དྲན་ནས་དེ་བཞིན་དུ་རང་ས་ལ་ལྷུང་བ་དང་། དེ་ཚེ་དང་ལྡན་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
དགྲས་དགྲ་བཅོམ་པ་ལྔ་བརྒྱ་རྒྱལ་པོའི་ཁབ་ཏུ་ཕྱིན་པར་ཐོས་སོ། །ཐོས་ནས་ཀྱང་ གྲོང་ཁྱེར་དག་བྱི་དོར་བྱས་ཏེ་ལམ་དག་བསྟན་ནས། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་བསུའོ། །དེ་ནས་སྐྱེས་བུ་བཟང་པོ་སྟོང་གིས་ཞབས་འབྲིང་བྱས་ནས་རབ་ཏུ་མཛེས་པར་བྱས་ཏེ། དགེ་སློང་གི་དགེ་འདུན་རྣམས་གྲོང་ཁྱེར་དུ་ཕྱི…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་མ་འགགས་པ་ དགོངས་ཤིག །འཁོར་འདི་དེ་བཞིན་གཤེགས་པས་རབ་ཏུ་བསྔགས་པའི་ནང་ན་དགེ་སློང་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྲེད་པ་དང་བཅས་པ། ལེན་པ་དང་བཅས་པ་སློབ་པ་དག་ཡོད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ་རྣམ་པར་བརྟགས་ན། ཚེ་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
བྱས་པ་དང་། སྤྱོད་པ་ཉམས་པར་མ་བྱས་པ་དང་། འཚོ་བ་ཉམས་པར་མ་བྱས་པ་ལྟ་ངོ་མཚར་ཅི་ཆེ། ངས་དགེ་འདུན་ལ་ཉེས་པ་ཅུང་ཟད་ཀྱང་མ་བྱས་སོ་ཞེས་སྨྲ་བར་བྱེད་དམ། ལོངས་ལ་ཚུལ་ཤིང་ཟུང་ཤིག་དང་། ཁྱོད་ཀྱི་ཉེས་པ་བསྟན་པར་བྱའོ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལངས་སོ། །དེ་ལངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་བརྒྱད་པ། དབྱུང་བའི་སྡེ་ཚན།
ཏེ་རང་གིས་ནུ་མ་བསྣུན་ནས་གསོས་ཤིང་བསྐྱེད་པ་དང་། གཞན་ཡང་སྔོན་གྱི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་འཁོར་བཞི་ཡོད་པ་དེ་བཞིན་དུ་གང་བཅོམ་ལྡན་འདས་འདི་ལ་ཡང་དེ་བཞིན་དུ་འགྱུར་རོ་སྙམ་པ་དང་། བདག་གིས་བྱས་པ་གཟོ་བ་དང་། ཉེ་དུ་དང་གཉེན་པས་བུད་མེད་རབ་ཏུ་དབྱུང་བར་གསོལ་བ་བགྱིས་ཏེ་དེ་གཅིག་པུ་ནོངས་པ་ནི་བཟོད་པ་གསོལ་…