Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      Author
      About 40% of texts have an author recorded — this list will grow as more are attributed.
      Collection
      7880 results — page 79 of 394
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      ཕྱོགས་བྲལ་རྣམས་སུ་ཡང༌། །ཆ་ཆུང་ཕྱེད་དང་བརྒྱད་པ་ཡི། །པདྨ་བརྒྱད་དུའང་འགྱུར་བ་ཡིན། །ཤར་དང་ནུབ་ཀྱི་སྒོ་ཉིད་དུ། །ཆ་ཆུང་གསུམ་པའི་པདྨ་བྱ། །འཁོར་ལོ་བདེ་མཆོག་ཕག་མོ་ཡི། །དཀྱིལ་འཁོར་ཐིག་ནི་ཇི་ལྟ་བར། །རྩ་ཐིག་ནས་ཕྱེད་ཕྱེད་དང་བཞི། །ཕྱེད་ཕྱེད་ཕྱེད་དང་བཞི་དང་ཕྱེད། །ཕྱེད་དང་བཞི་དང་བཞི་ཆ་དང༌། །འདབ་མའི་ཕྱེད་དང་གསུམ་ནས་…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      གཅིག་ནི་སྦྱིན་བྱ་སྟེ། །གེ་སར་དོན་དུ་རབ་མཛེས་པའོ། །དཔལ་ལྡན་རྣལ་འབྱོར་ནམ་མཁའ་ཡི། །འཁོར་ལོར་རྩ་ཐིག་ནང་དུ་ཡང༌། །ཆ་ཆུང་ཕྱེད་དང་བཞི་དོར་ནས། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཕྲེང་བ་རབ་མཛེས་པའོ། །དེ་ནས་ཆ་ཆུང་གསུམ་དོར་ནས། །ཟླུམ་པོ་གཅིག་ནི་སྦྱིན་བྱ་སྟེ། །བསྡུས་པའི་རིམ་པའི་དཀྱིལ་…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      དུ། །སླར་ཡང་ཟུར་གྱི་ཐིག་རྣམས་དབྱི། །གསུམ་ལྷག་པ་ཡི་བརྒྱ་ཕྱེད་ཅན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའང༌། །རྩ་བ་ཡི་ནི་ནང་དུ་ཐིག །ཆ་ཆུང་བརྒྱད་དུ་སྦྱིན་པར་བྱ། །དེ་ཉིད་གཉིས་པ་ནང་མ་ཡི། །དཀྱིལ་འཁོར་གྱི་ནི་རྩ་ཐིག་ཡིན། །རྟ་བབས་མེད་ཅིང་སྒོ་ཁྱུད་བཅས། །སྒོ་རྣམས་དང་ནི་མཉམ་པར་ལྡན། །རྩ་བའི་ནང་གི་མཐར་ཐུག་པར། །ཀུན་ནས་ཟ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      ཐིག་དེ་ཡང་ནི་དཀྱིལ་འཁོར་ནི། །གཉིས་པ་ཡི་ཡང་རྩ་བ་ཡིན། །རྟ་བབས་མེད་ཅིང་སྒོ་ཁྱུད་བཅས། །སྒོ་རྣམས་དང་ནི་མཉམ་པར་ལྡན། །དེ་ཡི་ནང་དུ་གསུམ་པ་ཡི། །དཀྱིལ་འཁོར་གྱི་ནི་རྩ་བ་སྟེ། །སྒོ་གཉིས་ཡོངས་སུ་དོར་བས་ན། །ཐིག་ཀྱང་དེ་བཞིན་གདབ་པར་བྱ། །རྟ་བབས་མེད་ཅིང་སྒོ་འགྲམ་དང༌། །སྒོ་དང་སྒོ་ཁྱུད་སོགས་ཀྱིས་བརྒྱན། །དེ་ཡི་ཡང་ནི་ནང་ད…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      བརྒྱད་ཆ་ཡི། །ཚད་དེས་སྒོ་དང་སྒོ་ལོགས་སོགས། །བྱ་སྟེ་རྟ་བབས་མེད་པའོ། །ཆ་ཆུང་སྤངས་ནས་ཕྱོགས་རྣམས་སུ། །དཀྱིལ་འཁོར་བཞི་བོ་རྣམས་ལ་ཡང༌། །རིམ་པ་འདི་ཡི་སྦྱོར་བ་ཡིས། །མཁས་པས་ཐིག་རྣམས་སྦྱིན་པར་བྱ། །ཕྱོགས་སུ་དཀྱིལ་འཁོར་ཕྱི་ཡི་ས། །ཆ་ཆུང་ཕྱེད་དང་གཉིས་པར་ཤེས། །རྡོ་རྗེ་མཁའ་འགྲོ་འཁོར་ལོར་ཡང༌། །རྩ་བའི་དཀྱིལ་འཁོར་ནང་དུ་…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      འཁོར་དྲུག་ཏུ་འགྱུར་བ་ཡིན། །དཀྱིལ་འཁོར་རྣམས་ཀྱི་ནང་ཉིད་དུ། །ལྟེ་བའི་དོན་དུ་ཆ་ཆུང་གསུམ། །དེ་ཕྱིར་འདབ་མའི་དོན་དུ་ཡང༌། །ཆ་ཆུང་དྲུག་གིས་ཟླུམ་པོ་བྱ། །ཕྱི་རོལ་ཕྱོགས་དང་ཕྱོགས་བྲལ་དུ། །ཆ་ཆུང་དྲུག་པའི་པདྨ་བརྒྱད། །དེ་ཡི་ཕྱི་ནས་ཟླུམ་པོ་གཅིག །ཆ་ཆུང་བར་ནས་སླར་དེ་བཞིན། །རང་རང་དཀྱིལ་འཁོར་ཚད་ཀྱིས་ནི། །སྒོ་སོགས་མཚན་ཉ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      འདབ་མའི་ཆ་ཆུང་བཞིར། །རྡོ་རྗེ་ཅན་གྱིས་ཟླུམ་པོ་བྱ། །དེ་ནས་བར་མེད་པར་ནི་ཐིག །ཀུན་ནས་གྲུ་བཞི་པ་ཡིན་ཏེ། །ཆ་ཆུང་བར་ནས་སླར་ཡང་སྦྱིན། །རྡོ་རྗེ་ཕྲེང་བས་མཚན་པའོ། །ཆ་ཆུང་བཞི་ཡི་བར་སྤངས་ནས། །ཟུར་གཉིས་དག་ལ་ཐུག་བའི་ཐིག །སླར་ཡང་ཆ་ཆུང་བར་དོར་ནས། །རྡོ་རྗེ་ཕྲེང་བའི་ཐིག་གདབ་པོ། །འདི་ཡི་དབུས་སུ་པདྨ་ནི། །རབ་མཛེས་ཆ་ཆུང་བ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      དུ་ཆ་ཆུང་གཅིག །མྱོས་པ་བསྲུང་བའི་སྣམ་བུ་སྟེ། །རིངས་སུ་ཆ་ཆུང་བཅུ་དྲུག་པའོ། །དེ་ཡི་སྟེང་གི་དབུས་སུ་ནི། །མཆོད་བའི་ལྷ་མོའི་གནས་ཉིད་ཀྱང༌། །ཆ་ཆུང་བཞི་པ་རབ་མཛེས་པ། །རྡོ་རྗེ་སློབ་དཔོན་མཁས་པས་བྱ། །དེ་ཡི་ཡང་ནི་ངོས་དག་ཏུ། །ཆ་ཆུང་རེ་རེའི་ཀ་བ་བྱ། །སླར་ཡང་མཆོད་པའི་ལྷ་མོའི་གནས། །ངོས་གཉིས་དག་ཏུ་དེ་བཞིན་ཏེ། །ཕྱིར་ཞིང…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      རྩེ་མོ་ལ། །དྲིལ་བུ་མེ་ལོང་རྔ་ཡབ་དང༌། །རྒྱལ་མཚན་ལ་སོགས་ཁྱད་པར་གྱིས། །དེར་ཡང་བརྒྱད་པར་བྱ་བ་ཡིན། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རོལ་དུ། །གསུང་གི་དཀྱིལ་འཁོར་བྱ་བ་སྟེ། །ཐུགས་ཀྱི་ཉིས་འགྱུར་ཚད་ཀྱིས་ནི། །དེ་ཡི་ཚད་རྣམས་རབ་ཏུ་བརྟག། སོ་སོའི་ཕྱོགས་ཀྱི་ཆ་རྣམས་སུ། །དེ་ལ་ཆ་ཆུང་བཅུ་གཉིས་ནི། །ཐུགས་ཀྱི་དཀྱིལ་འཁོར་རྩིག་སོགས…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      དད་གཡོན་རྣམས་སུ། །འདབ་མ་རྣམས་ནི་བཅུ་དྲུག་འགྱུར། །དེ་ཡང་རིམ་པ་གསུམ་པ་སྟེ། །རིམ་པ་གསུམ་དུ་གྱུར་པས་ཀྱང༌། །འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་ཡི་སྣམ་བུའི་ཐིག་ལས་ནི། །ཕྱི་རོལ་དུ་ཡང་རྩ་བའི་ཐིག །ཆ་ཆུང་བར་ནས་སྦྱིན་བྱ་སྟེ། །ཟུར་གྱི་ཐིག་གི་བར་དུའོ། །སྒོ་དང་རྟ་བབས་དག་གི་ཚད། །སྔར་བརྗོད་ཇི་བཞིན་འདིར་ཡང་སྟེ། །འོན་ཀྱང་ག…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ནོ། །གང་གི་ཚེ་ཡང་དབུས་ཀྱི་དཀྱིལ་འཁོར་ཁྲུ་བཞི་པ་དང་དེའི་ཉིས་འགྱུར་གཉིས་པ་དང༌། དེའི་ཉིས་འགྱུར་གསུམ་བ་ཡིན་པ་དེའི་ཚེ་ཁྲུ་བཅུ་དྲུག་གི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་གསུང་གི་དཀྱིལ་འཁོར་དང༌། དེའི་ཉིས་འགྱུར་གྱི་ཐིག་སྐུད་ཁྲུ་སུམ་ཅུ་སོ་གཉིས་ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      འཁོར་གྱི་ཆད་རྣམས་ཀྱང་རབ་ཏུ་གྲགས་པ་བརྗོད་ཀྱི་འདི་ཙམ་ཁོ་ན་ནི་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། འཛམ་བུའི་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བྱ་སྟེ། །ཀུན་ནས་དཔག་ཚད་རབ་ཏུའོ། །གདུལ་བྱའི་སྐྱེ་བོའི་བསམ་པ་ལ། །མཁས་པས་མཉམ་པར་བལྟས་ནས་ནི། །འདོད་པས་ཚད་ནི་བྱས་པ་ལ། །…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      མངོན་པར་བསྔགས་ཤིང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་སོ། །དེ་བཞིན་དུ་འབར་བའི་ལྟ་བས་ཡང་དག་པར་གཟི་བརྗིད་བསྐྱེད་ཅིང༌། རེ་རེ་ལ་ཧཱིཿ་ཡིག་བཀོད་ནས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པར་གྱུར་པའི་བདེན་བ་…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      ཆད་ན་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་ན་ནི། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །ཕུར་བུས་བཏབ་པ་ནི་དངོས་གྲུབ་ཀྱི་རྒྱུ་མ་ཡིན་པ་སྟེ། ཕན་ཚུན་འདྲེས་པས་ནི་རིགས་འཆད་པར་འགྱུར་རོ། །ཉེས་པ་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་མེད་པའི་བསམ་སྦྱོར་ལས། །གང་ཞིག་ཚོན་བཀྱེའི་ཉེས་པ་སྟེ། །བཟང་པོ་དེ་ཉིད་བ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་སྣ་ཚོགས་པའི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའམ་ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་གྲུབ་པ་བཀོད་པ་ནི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའོ། །ཕྱོགས་གཞན་བརྗོད་པ་ནི་དེའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དོ་ཤལ་གྱི་སྣམ་བུའོ། །འདོད་པ་གཉིས་ཀ་ལ་ཡང་སྟེགས་བུ་ནི་ཤེལ་ལམ་གསེར་གྱི་རང་བཞིན་ནམ་པདྨ་རཱ་ག…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      སྟེ་གེ་སར་ནི་སེར་པོ་ཡིན་ལ་འདབ་མ་རྣམས་ནི་སྣ་ཚོགས་པའི་མདོག་གོ །དེའི་ས་གཞི་ནི་དམར་པོ་ཤས་ཆེ་བའི་དཀར་པོ་སྟེ་ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ། །ཁོར་ཡུག་གི་ཕྱོགས་ལ་ཡང་ཤེལ་ཉིད་ཡིན་ན་རེ་ཁཱ་དཀར་པོའམ་གསེར་གྱི་མདོག་ཡིན་ན་སེར་པོའོ། །རྡོ་རྗེ་རྣམས་དང་དེའི་རེ་ཁཱ་ཡང་ནག་པོ་སྟེ་གཞན་དུ་དཀར་པོའམ་སེར་པོ་ཞེས་གསུངས་སོ། །…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      གུ་དབང་ལྡན་གནག །མེ་དང་རླུང་ནི་སེར་པོ་སྟེ། །ཕྱོགས་རྣམས་ཀྱི་ནི་དམར་པོའོ། །གཙོ་བོའི་སྣམ་བུ་ལ་ནི་གཙོ་བོའི་མཚན་མའི་ཕྲེང་བ་སྟེ་རེ་ཁཱ་གཞན་གྱི་ལེགས་པའི་ཡོན་ཏན་དང་ཁ་དོག་ནི་ཇི་ལྟར་མཛེས་པའོ། །དཔལ་ལྡན་བདེ་མཆོག་གི་དཀྱིལ་འཁོར་ལ་ནི་ཐུགས་ཀྱི་འཁོར་ལོ་ནག་པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་དམར་པོ་སྟེ་གསུང་གི་འཁོར་ལོའི་ལ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      ཕྱིར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ནི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་རལ་གྲི་སྔོ་བསངས་སོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོར་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ། །ནུབ་ཏུ་ཉི་མ་ལ་འོད་དཔག་མེད་ཀྱི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བྱང་དུ་ཉ…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      གསེར་གྱི་བུམ་པ་བརྒྱད་དོ་ཞེས་ཕྱོགས་གཅིག་གི་སྟེ། གཞན་དག་ནི་རིན་པོ་ཆེའི་རང་བཞིན་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ་ཞེས་པའོ། །འདི་དང་ཕྱི་མ་རྣམས་ལ་ཡང་དབུས་སུ་དེ་བཞིན་གཤེགས་པ་གཞན་གྱི་མཚན་མ་འགོད་ནས་དེའི་གནས་སུ་དབུས་ཀྱི་མཚན་མ་བྲི་བར་བྱའོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་དབུས་སུ་ཉི་མ་ལ་མི…
      DTG076 · མཛད་པ་པོ་སྣ་ཚོགས།
      རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། འགྲོ་བའི་མེ་ལོང་།
      གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླ་བ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལོ་དང༌། ལྷོར་ཉི་མ་ལ་རིན་ཆེན་དབང་པོའི་རིན་པོ་ཆེ་དང༌། ནུབ་ཏུ་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་མདའ་དང༌། བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །སྤྱན་མའི་སྤྲིན་ལ་གནས་…