Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 303 of 500
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་བསོད་སྙོམས་ལ་རྒྱུ་བ་ན་སྲང་ན་སྐྲ་ལྗང་གུ་ཅན་ཞིག་མཐོང་ནས་དེས་བསམས་པ། འདི་ནི་ལྷུང་བཟེད་ནག་པོ་ཅན་དག་གིས་ཕྲོགས་པར་མི་འགྱུར་བས་གལ་ཏེ་རབ་ཏུ་འབྱུང་ན་འདི་རབ་ཏུ་དབྱུང་ངོ་སྙམ་དུ་བསམས་ནས་དེའི་དྲུང་དུ་སོང་སྟེ་དྲིས་པ། བཞིན་བཟངས་ཁྱོད་སུའི། དེས་སྨྲས་པ། འཕགས་པ་བདག་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅུང་ཟད་བྱུང་བ་ནི་དགེ་སློང་རྣམས་དེ་ལྟ་བུ་དག་ཀྱང་རབ་ཏུ་འབྱིན་པ་ལས་གྱུར་གྱིས། དེའི་ཕྱིར་དགེ་སློང་གིས་དེ་ལྟ་བུ་དག་རབ་ཏུ་དབྱུང་བར་མི་བྱའོ་སྙམ་དུ་མཁྱེན་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་ནི་ཐོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
གཅིག་དང་ནི་མིག་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །གླང་པོའི་སྣ་དང་རྟ་སྣ་དང་། །བ་ལང་དང་ནི་སྤྲེའུ་སྣ་དང་། །བོང་བུ་ཕག་གི་སྣ་དག་དང་། །སྣ་སྦུབས་གཅིག་དང་སྣ་མེད་པ། །དེ་ལྟ་བུ་ཡི་མི་དག་ནི། །དྲང་སྲོང་ཆེན་པོས་སྤངས་པ་ཡིན། །རྟ་དང་གླང་ཆེན་ཀོས་ཀོ་དང་། །བ་ལང་སྤྲེའུའི་ཀོས་ཀོ་དང་། །བོང་བུ་ཕག་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
དེའི་སྐྲ་དག་ཀྱང་གར་མཁན་གྱི་ལག་ཏུ་བཙོངས་པའི་སྐབས་དེ་J01,Vo11,Po36B དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་གིས་སྐྲ་བཙོང་བར་མི་བྱའོ། །བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྡོམ་ལ། བྲན་ཅན་དང་ནི་སྐྱོང་བ་དང་། །གླེང་གཞི་དང་ནི་ཞུ་བ་དང་། །ཆོ་འཕྲུལ་ཆེ་དང་སྙན་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
འདུན་བསྙེན་པར་རྫོགས་པར་འགལ་ཏེ། དགེ་འདུན་གྱིས་དགེ་འདུན་བསྙེན་པར་རྫོགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་དེ་གཉིས་གསོལ་བའི་ལས་གཅིག་གིས་བསྙེན་པར་རྫོགས་པར་བྱས་པ་J01,Vo11,Po37A དང་། དེ་གཉིས་གང་ལ་ཕྱག་བྱ་བ་དང་། ལས་སུ་ཇི་ལྟར་བསྐོ་བར་བྱ་བ་དང་། རྙེད་པ་ཇི་ལྟར་བླང་བ་མི་ཤེས་པའི་སྐབས་དེ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
དགེ་བསྙེན་མ་ནི་ཁྱིམ་བདག་གསོ་སྦྱོང་སྐྱེས་ཀྱི་ཆུང་མ་བརྗོད་པར་བྱའོ། །མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་རྣམས་བརྗེད་པར་གྱུར་ན་གླེགས་བུ་ལ་བྲིས་ནས་བཅང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱི…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
གཉེན་གྱི་བུ་གཅེར་བུ་པའི་མདུན་དུ་འབར་བ་དང་། སྣང་བ་དང་། ཆར་འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་པ་དང་། དེས་ཀྱང་སྨྲས་པ། རྫོགས་བྱེད་ཁྱོད་ཀྱིས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་རྣམས་ཐོབ་བམ། ཐོབ་བོ། །དེ་བཞིན་དུ་བདག་ཉིད་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུའི་ཆ་བྱད་དུ་མངོན་པར་སྤྲུལ་ནས་ཐམས་ཅད་ཀྱི་དྲུང་དུ་སོང་J01,Vo11…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཞེས་བྱ་བ་ནས། དགེ་སྦྱོང་གཽ་ཏ་མས་ནི་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱང་རྙེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཤེས་ལྡན་དག་དེ་ལྟ་བས་ན་བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དགུག་པར་བྱ་ཞིང་། གལ་ཏེ་དགེ་སྦྱོང་གཽ་ཏ་མས་མིའི་ཆོས་བླ་མ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དགུག་གམ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་དང་། དེ་དག་དོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་རྒྱལ་པོའི་ཁབ་ནས་ཕྱུང་སྟེ། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་དང་། དེ་དག་དེའི་ལམ་ཀར་སོང་ནས། རྒྱལ་པོ་ལ་རྒྱ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
སྤེལ་བ་བྱས་ནས་སྨྲས་པ། ལྷ་བདག་ཅག་ནི་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས། དགེ་སྦྱོང་གཽ་ཏ་མ་ཡང་བདག་ཉིད་རྫུ་འཕྲུལ་དང་ལྡན་པ། ཡེ་ཤེས་ཅན་དུ་སྨྲ་བ་ལགས་པར་སེམས་ན། དེའི་སླད་དུ་ཡེ་ཤེས་ཅན་དུ་སྨྲ་བ་དང་། ཡེ་ཤེས་ཅན་དུ་སྨྲ་བ་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་དུ་སྩལ་བའི་རིགས་སོ། །གལ་ཏེ་དགེ་ས…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག་ཁྱེད་ཚུར་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་འོངས་པ་རྣམས་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ཅིག་ཅེས་ཆོས་སྟོན་པར་མི་བྱེད་ཀྱི། འོན་ཀྱང་ང་ནི་ཉན་ཐོས་རྣམས་ལ་འདི་སྐད་དུ་དགེ་སློང་དག…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
དགོངས་ན་མཉན་ཡོད་དུ་ཡིན་པར་གཟིགས་སོ། །ཡང་སྐྱེ་བོའི་ཚོགས་ཆེན་པོས་དུས་ཇི་ཙམ་ན་ཁོང་དུ་ཆུད་པར་འགྱུར་ཞེས་དགོངས་ན་ཞག་བདུན་ལོན་ནས་འགྱུར་བར་མཁྱེན་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་སོང་ལ་དེ་བཞིན་བྱས་ཅི་རིགས་པར་སྒྲུབས་ཤིག་ཅེས་གྱིས་ཤིག །བཅོམ་ལྡན་འདས་དུས་ཇི་ཙམ་ན། རྒྱལ་པོ་ཆེན་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ན་ཉིན་མོ་གནས་ཤིང་ཁོ་བོ་བསོད་སྙོམས་བླངས་ནས་མཚོ་ཆེན་པོ་མ་དྲོས་པར་སོང་སྟེ་ཟའོ། །དེ་ན་ཁོ་བོ་ཕྱོགས་གཅིག་ན་འདུག་པ་ལ་མ་དྲོས་པ་ན་གནས་པའི་ལྷ་རྣམས་ཀྱིས་ཆུ་བཅུས་ཤིང་སྦྱིན་པར་བྱེད་དོ། །གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་དུ་བྱུང་བ་དེའི་ཚེ་དེའི་ཉན་ཐོས་ཀྱི་མཆོག་ཤཱ་རིའི་བུ་ཞེས་བྱ་བ་དེའི་དགེ་སྦྱོང་སྐུལ་བྱེད་ཅེས་བྱ་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ནས་འདིར་འོངས་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་རྣམས་བརྗོད་དོ། །དེ་རྣམས་ཡིད་བདེ་བ་སྐྱེས་ནས་དེ་དག་གི་དྲུང་དུ་སོང་ངོ་། །དེ་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱས་ནས་ལམ་གྱིས་དུབ་པ་ངལ་བསོ་སྟེ། ཀྱེ་ཁྱེད་དང་བདག་ཅག་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ལག་དང་ཉིང་ལག་ཇི་ལྟར་སྔ་མཁོ་བཞིན་དུ་འགྱུར་བར་བདེན་པའི་ཚིག་མཛད་དུ་གསོལ། དེས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་ལ་ཞུས་ཏེ་འོང་ངོ་ཞེས་བྱས་པ་དང་། དེ་དག་འདི་ད་ནི་སོས་ཟིན་ཏོ་ཞེས་དབུགས་ཕྱིན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རིངས་པ་རིངས་པར་མཉན་ཡོད་དུ་སོང་སྟེ་བསོད་སྙོམས་བཞག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
སེམས་ཅན་རྐང་པ་མེད་པ་དང་ཞེས་བྱ་བ་ནས། གང་སུ་ཡང་རུང་དེ་དག་གི་ནང་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཏུ་གསུངས་པའི་བདེན་པ་དང་བདེན་པའི་ཚིག་དེས་དེ་ཡན་ལག་དང་ཉིང་ལག་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱ་བའི་བར་སྔ་མ་བཞིན་དུ་བྱས་པ་དང་། བདེན་པའི་ཚིག་གིས་དེའི་ཡན་ལག་དང་ཉིང་ལག་ཇི་ལྟར་སྔ་མ་བཞིན་དུ་གནས་པར་གྱུར་ནས་སྐྱེ་བོའི་ཚ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཞེས་བྱ་བར་ཆགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་མཉན་ཡོད་ནས་ར…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
བཅོམ་ལྡན་འདས་གང་ན་བཞུགས་པ་དེར་སོང་ལ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བདག་གི་མཆིད་ནས་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ། ཁ་ན་མ་ཐོ་བ་མི་མངའ་འམ་ཞེས་སྙུན་གསོལ་ལ་འདི་སྐད་ཅེས་བཙུན་པ་མུ་སྟེགས་ཅན་དེ་རྣམས་ཚོགས་ཤིང་མཆིས་ལགས་ན། བཅོམ་ལྡན་འདས་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འབྱོར་པ་དེ་དག་མཐོང་ནས་ཡ་མཚན་གྱིས་ཡིད་དད་པར་གྱུར་ཏེ་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཟིན་ཏེ། ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་ཁྱེད་ཀྱིས་སྟོན་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་གཞེས་ཤིག་སྐྱེ་བོའི་ཚོགས་ཆེ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
བགྱི་སྟེ། ལྷ་སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན་ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽ་ཏ་མའི་ལགས་སམ། འོན་ཏེ་བདག་ཅག་གི་ལགས་སམ། སུའི་ལགས་སུས་འཚལ། དེ་ནས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་ལྟ་བར་སྤྲོ་བའི་སྲོག་ཆགས་བརྒྱ་སྟོང་དུ་མ་ཡང་འདུས། ལྷ་བརྒྱ་སྟོང་དུ་མ་ཡང་ནམ་མཁའི་དཀྱིལ་དུ་འདུས་པར་གྱུར་པ་དང་། བཅོམ་ལྡན་འད…