Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 304 of 500
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
བྱས་པ་དང་། དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་མངོན་པར་འདུ་བྱ་བ་དང་བཅས་པར་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་པ་དང་ས་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ནས་ས་ཆེན་པོ་འདི་གཡོས། ཀུན་དུ་གཡོས། ཀུན་དུ་རབ་ཏུ་གཡོས། འགུལ། ཀུན་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་བར་གྱུར་ཏེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
དང་། བཀུར་སྟི་ལ་མངོན་པར་དགའ་བའི་དྲི་མའི་འདམ་གྱི་སྐྱོན་དང་བྲལ་བ། དུས་དཔག་ཏུ་མེད་པ་ནས་ཚོགས་བསགས་པའི་ཡེ་ཤེས་བླ་ན་མེད་པ་ཕུལ་དུ་ཕྱིན་པའི་རྒྱན་གྱིས་བརྒྱན་པའི་གྲགས་པ་ཅན། ལྷའི་དབང་པོའི་ཅོད་པན་རིན་པོ་ཆེའི་མྱུ་གུས་ཞབས་གཉིས་ལ་གཏུགས་པ། ལྷ་དང་། ལྷ་མ་ཡིན་དང་། མི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སྔ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
པ་དང་། དེ་རྣམས་ཀྱིས་འབད་བརྩལ་བསྒྲིམས་པས་འཁོར་བའི་འཁོར་ལོ་གཡོ་བ་དང་མི་གཡོ་བ་ཆ་ལྔ་པ་འདི་ཉིད་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་འཇིག་པ་དང་། ལྟུང་བ་དང་། འགྱེས་པ་དང་། འཇོམས་པའི་ཆོས་ཅན་དུ་རྟོགས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཁྱོད་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་མི་འབོད་ཀྱི། འདི་རྣམས་ང་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་འབོད་པས་ང་ཉིད་ཀྱིས་འདི་དག་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་འདི་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ན་མུ་སྟེགས་ཅན་རྣམས་དགེ་སྦྱོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ང་འདི་རྣམས་ཀྱིས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བོས་པས། ང་ཉིད་ཀྱིས་འདི་དག་ལ་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་མུ་སྟེགས་ཅན་རྣམས་དང་ལྷན་ཅིག་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ན། མུ་སྟེགས་ཅན་རྣམས་དགེ་སྦྱོང་གཽ་ཏ་མ་ལ་ནི་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་མཉམ་པར་བཞག་ན་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ནས། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་སྤྱོད་ལམ་བཞི་པོ་འདི་ལྟ་སྟེ། གཤེགས་པ་དང་། འགྲེང་བ་དང་། བཞུགས་པ་དང་། གཟིམས་པ་མཛད་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སངས་རྒྱས་བཅོ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ལ་གསོལ་པ་བདག་ལགས་ཏེ། དེ་ནི་དགེ་སྦྱོང་དང་བྲམ་ཟེར་བཅས། ལྷ་དང་མིར་བཅས་པའི་སྐྱེ་དགུ་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་ལགས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་རང་ག…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཏོ། །དེ་དག་གི་གཡས་གཡོན་དུ་ཡང་པདྨ་དེ་འདྲ་བ་གཞན་དག་བྱུང་བར་གྱུར་ཅིང་དེ་དག་ལ་ཡང་གཞན་ཏེ་དེ་བཞིན་དུ་འོག་མིན་གྱི་གནས་ཀྱི་བར་དུ་སངས་རྒྱས་ཕལ་པོ་ཆེ་སྤྲུལ་ཏོ། །དེ་ན་སངས་རྒྱས་ཁ་ཅིག་ནི་འབར། ཁ་ཅིག་ནི་གསལ་བར་མཛད། ཁ་ཅིག་ནི་ཆར་འབེབས། ཁ་ཅིག་ནི་གློག་འབྱིན། ཁ་ཅིག་ནི་ཀུན་ཤེས་པ་ལུང་སྟོན། ཁ་ཅིག་ནི་ཞུ་བ་ཞུ། ཁ་ཅིག་ནི་ལན་འད…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
མ་ཡིན་པའི་བར་དག་ཀྱང་དེ་བཞིན་ནོ། །དེ་ལྟ་བུའི་དགའ་སྟོན་ཆེན་པོ་བྱུང་བ་ན་གདུལ་བའི་སྐྱེ་བོས་རྟོགས་པར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བརྩམ་པར་བྱ་ཞིང་ངེས་འབྱུང་བྱ། །སངས་རྒྱས་བསྟན་ལ་འབད་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འད…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
མགོ་སྨད་ཅིང་སྤོབས་པ་མེད་དེ J01,Vo11,Po49A ་སེམས་ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེ་འདི་སྙམ་དུ་སྐྱེས་བུ་བླུན་པོ་འདི་རྣམས་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་ཐོ་བཙམ་པས་དེའི་ཕྱིར་གང་གིས་ན་འདི་རྣམས་ཀུན་ཏུ་འབྲོས་པར་འགྱུར་བའི་ཐབས་ཞིག་བྱའོ་སྙམ་ནས། དེས་གང་གིས་ན་ཆོ་འཕྲུལ་གྱི་འདུན་ཁང་དེ་དེ་རྣམས་ཀྱ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ནི་ཉན་ཐོས་ཀྱི་བྱང་ཆུབ་ J01,Vo11,Po49B ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འཁོར་དེ་ཕལ་ཆེར་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། དགེ་འདུན་ལ་བབ་པར་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་ཆོས་ཀྱི་གཏམ་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ང་ནི་བདེ་བ་བྱེད་དུ་འགྲོ། །ཉི་ཟེར་རབ་ཏུ་ཚ་བར་བྱེད་རྣམས་ཀྱིས། ། J01,Vo11,Po50A ལུས་དང་སེམས་ཀུན་གདུངས་ཤིང་ངལ་གྱུར་གྱིས། །མི་སྲུན་ཐོང་ལ་རྫིང་རབ་བསིལ་བ་དེ། །ག་ལ་ཡོད་པ་བདག་ལ་མྱུར་དུ་སྨྲོས། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། ཕོ་ངན་སྡིག་ཅན་སྐྱེས་མཆོག་མ་ཡིན་པ། །མཚེའུ་ལྟར་པད་མ་ངང་པ་དང་ལྡན་ཞིང་། །གངས་ཀྱི་ཆུ་ལྟར་ཆ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ནས་དེ་རྣམས་ཀྱིས་དེ་ལ་ཚིགས་ J01,Vo11,Po50B སུ་བཅད་པས་དྲིས་པ། ཆོས་ཀྱི་གོས་ནི་གྱོན་པ་པོ། །དཀའ་ཐུབ་ནལ་ཟེ་གང་ཟ་བ། །རྫོགས་བྱེད་འདི་ནས་སོང་གྱུར་པ། །བཟང་མོ་ཁྱོད་ཀྱིས་མ་མཐོང་ངམ། །དེས་ཀྱང་ཚིགས་སུ་བཅད་པས་སྨྲས་པ། ངན་སོང་སེམས་ཅན་དམྱལ་བ་པ། །ལག་པ་བརྐྱང་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེངས་ནས། །རྐང་ལག་སྐྱ་བོར་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
པ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་ J01,Vo11,Po51A རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་མིའི་ཆོས་བླ་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སྤྱན་དྲངས་པ་ལས་མུ་སྟེགས་ཅན་ཐམས་ཅད་ཐག་སྩལ། ཕམ་པར་མཛད། རྒྱབ་ཀྱིས་ཕྱོགས་པར་མཛད། སྤོབས་པ་མེད་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
དགའ་མགུར་སྤྱོད་པར་བྱེད་དོ། །དེ་ནས་བཙུན་མོ་དེ་ལ་སེམས་ཅན་ཞུགས་པར་གྱུར་ནས་རིམ་གྱིས་ཟླ་བ་དགུ་ལོན་པ་དང་། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་བཙས་སོ། །གཞོན་ནུ་དེ་བཙས་པ་ན་ལུས་འཕགས་ཀྱི་ J01,Vo11,Po51B ལྗོངས་རྣམས་ལོ་ལེགས་པ་དང་། བཟའ་བ་དང་། བཏུང་བ་མོད་པར་གྱུར་ཅིང་ལྷས་ཀྱང་ཆར་དུས་བཞིན་དུ་ཕབ། དུས་དང་མཐུན་…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
པོས་སྨྲས་པ། ཉི་འོག་གི་རྒྱལ་པོ་འདི་ནི་ཆུང་བས་གཉེན་དུ་བགྱིས་ན་བཤེས་པར་འགྱུར་ལགས་ཀྱིས་ཐམས་ཅད་དུ་ཐུགས་ཁྲལ་ཆུང་བར་བཞུགས་ཤིག་དང་། འདི་བདག་ཅག་གིས་བསྒྲུབ་པར་བགྱིའོ། །དེ་ནས་བློན་པོ་རྣམས་ཉི་འོག་གི་རྒྱལ་པོ་དེའི་ཐད་དུ་སོང་ནས་དེར་དེ་དག་གིས་དེ་ཤིན་ཏུ་རངས་པར་བྱས་པ་དང་། དེས་སྨྲས་པ་ངས་དམ་ J01,Vo11,Po52A ཞིག་བཅས་ནས་བ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ངས་བཙུན་མོ་ལ་དམ་པ་སྦྱིན་པའི་སྐབས་ཕྱེ་བ་དང་། དེས་ཀྱང་བུ་ཞིག་མཆིས་པར་གྱུར་ན་རྒྱལ་ཚབ་ཏུ་སྩལ་བར་གསོལ་ཞེས་གསོལ་བ་བཏབ་ནས། དེའི་ཕྱིར་ང་སེམས་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་འདིར་ཡང་མ་བས་ཏེ། ཉི་འོག་གི་རྒྱལ་པོ་གང་ལས་བདག་ཅག་གིས་འདི་བསླང་བ་དེ་ལས་ཀྱང་དམ་འདི་ལྟ་བུ་བཅས་པས་སྩལ་མོད་ཀྱི། ལྷ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
འོངས་ཏེ་ཁྱོད་རྒྱལ་པོ་ལས་ཕྱུང་ལ་ངའི་ཚ་བོ་གཞུག་གོ་ཞེས་ཟེར་རོ། །དེ་ནས་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱས་སྲིད་ལ་མངོན་པར་དགའ་བ་རྒྱལ་ཚབ་ཀྱི་ཐབས་སྩལ་ལ། གཞོན་ནུ་བཟའ་བཏུང་འདི་དགུམ་པར་བགྱིའོ། །དེ་ནས་རྒྱལ་པོ་སྐྱེད་པས་བློན་པོ་རྣམས་ལ་སྨྲས་པ། ཆོས་དང་མི་ལྡན་པའི་ཚིག་དེ་ལྟ་བུ་མ་སྨྲ་ཤིག །འདི་ལྟར་འདི་ན་བུ་ཕ་གསོད་པ་ཐོས…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
ཇི་ལྟར་ཉལ། །མལ་དུ་བདེ་བར་ཉལ་ནས་རོལ་མོ་དང་། །གླུ་སྒྲ་སྣ་ཚོགས་དག་གིས་སད་བྱས་པ། །གྲང་དང་ཚ་བའི་ཆུ་ཡིས་ཕོག་གྱུར་ན། །མདངས་ཅན་ལུས་ནི་ཇི་ལྟར་ནགས་ན་དགའ། །སྔོན་ཆད་རྒྱལ་པོས་གནང་བའི་བཟའ་བཏུང་དང་། །སྟན་དང་བཞོན་དང་ཐེག་མཆོག་ལ་སྤྱོད་པ། །བྱུག་པ་རྒྱན་དང་གོས་ཀྱིས་ཕོངས་བཞིན་དུ། །སུ་ཡི་དབང་གིས་སྡུག་བསྔལ་གྱུར་པར་འཁྱམ། །འ…
DKG011
· སངས་རྒྱས་ཤཱཀྱ་ཐུབ་པ།
ཕྲ་མོའི་སྒོ་དྲུག་པ། རྒྱུས་པའི་སྡེ་ཚན། སྨད་ཆ།
བཟའ་བཏུང་ཞེས་བགྱི་བ་ལགས་ཏེ། ཕས་འདི་ལྟ་བུ་ཞིག་གི་སླད་དུ་བསྐྲད་ནས་འདིར་ཕྱིན་པ་ལགས་སོ། །དེ་ནས་བཟའ་བཏུང་གིས་ཀྱང་ལྔ་ལེན་གྱི་རྒྱལ་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །ཡང་སྨྲས་པ། མི་ཡི་བདག་པོ་སྐྱེད་པ་ནི། །དབང་པོ་འདྲ་བའི་སྲས་འདི་སྟེ། །གཟུགས་ལྡན་ཡོན་ཏན་ཕུན་ཚོགས་པ། །རྒྱལ་སྲིད་ཉམས་ནས་འདིར་མཆིས་སོ། །དེ་ནས་ལྔ་ལེན་གྱི་ར…