Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 11 of 500
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      བཀའ་སྩལ་པ། །གཞི་ལ་བྱེ་བྲག་མིང་མེད་ཀྱང་། །འཁོར་གྱི་རྟོག་པ་བསལ་ཕྱིར་བསྟན། །འཁོར་རྣམས་མ་ཡེངས་གུས་པས་ཉོན། །སངས་རྒྱས་སེམས་ཅན་གཉིས་ཀྱི་གཞི། །ཀུན་གཞི་མཁའ་ཀློང་ཡངས་པ་ཡིན། །ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། །མ་ཐ་དམྱལ་བའི་འཇིགས་ཚོགས་སུ། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །ཏིལ་ལ་མར་གྱིས་ཁྱབ་བཞིན་གནས། །དེ་ཡང་ཇི་ལྟར་གནས་ཞེ་ན། …
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      སུ་འཁྲུལ། །གཞི་ལ་མེད་དེ་ང་རྒྱལ་སྐྱེས་པ་ལས། །ལྷ་མིན་གནས་སྐྱེས་འཐབ་རྩོད་སྡུག་བསྔལ་མྱང་། །གཞི་ལ་མེད་དེ་འདོད་ཆགས་སྐྱེས་པ་ལས། །ལྷ་ཡི་གནས་འཁྲུལ་ལྟུང་བའི་སྡུག་བསྔལ་མྱོང་། །གཞི་ལ་མེད་དེ་ཕྲག་དོག་སྐྱེས་པ་ལས། །མི་རུ་སྐྱེས་ནས་འགྱུར་བའི་སྡུག་བསྔལ་མྱང་། །དེ་ལྟར་འགྲོ་དྲུག་སེམས་ཅན་ཐམས་ཅད་འཁྲུལ། །དཔེར་ན་ཐག་སྦྲུལ་སྨི…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      ཤུགས་ལ་ཆོད། །དུག་གསུམ་མ་སྤངས་སྐུ་གསུང་ཐུགས། །དུག་གསུམ་འཁྲུལ་པ་ཤུགས་ལ་ཆོད། །དུག་ལྔ་མ་སྤངས་སྐུ་ལྔར་གྲོལ། །འགྲོ་བ་རིགས་དྲུག་སྡུག་བསྔལ་བཅད། །དབང་པོ་ཐ་མའི་བཅད་ཐབས་སོ། །དབང་པོ་འབྲིང་གི་འཁྲུལ་བཅད་པ། །ཅིར་སྣང་རང་སར་གྲོལ་བས་ཆོད། །ཅི་སེམས་འཛིན་སེམས་མེད་པས་ཆོད། །སྙམ་བྱེད་འདོད་པ་མེད་པས་ཆོད། །རྩིས་གདབ་བློ་ཡི་ཡུལ…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      ཀ་དག་སྟོན་པས་འཁོར་ལ་བཀའ་སྩལ་པ། །ཡང་རབ་སྐལ་ལྡན་རྣམས་ཀྱིས་རྟོགས་པ་ནི། །མིང་མེད་བློ་འདས་ཆེན་པོའི་ངོ་བོ་རྟོགས། །གཏིང་མཐའ་ཡངས་ལ་མུ་མཐའ་གྲོལ་བར་རྟོགས། །བྱར་མེད་རྩོལ་བསྒྲུབ་བྲལ་བའི་ངོ་བོ་རྟོགས། །ཆོས་རྣམས་བྱ་བ་མེད་པའི་ངོ་བོ་རྟོགས། །ལྟ་བའི་རྒྱལ་པོ་མུ་མཐའ་གྲོལ་བར་རྟོགས། །སྒོམ་པའི་རྒྱལ་པོ་གཏིང་མཐའ་ཡས་པར་རྟོགས།…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      མེད། །མ་འཁྲུལ་རྟོགས་པའི་ལམ་དུ་གཅིག །ངོ་བོ་གཅིག་ལ་སྣང་ཚུལ་གཉིས། །དཔེར་ན་ག་པུར་ལྟ་བུ་སྟེ། །ག་པུར་གཞི་ལ་གཉིས་མེད་ཀྱང་། །ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས། །ག་པུར་ངོ་བོ་ཐ་དད་མེད། །སྙིང་པོ་ཀ་དག་མུ་མཐའ་གྲོལ་རྟོགས་པས། །རྣམ་རྟོག་འཁྲུལ་པ་སྣང་ཡང་ག་ལ་འགྲིབ། །ཅེས་གསུངས་སོ། །ཉི་ཟླ་བཀོད་པའི་རྒྱུད་ལས། གཞི་འཁྲུལ་རྩད་གཅ…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      རྟོགས། །ཡང་རབ་ཏུ་གྱུར་ཐོད་རྒལ་ལ། །མིང་མེད་མཐའ་སྟོངས་རྟོགས་པར་བྱེད་པའི་ཐབས། །བྱ་བ་བཏང་ནས་བློ་འདས་རྟོགས་པ་ནི། །ཉོན་མོངས་དུག་ལྔའི་མིང་མེད་མཐའ་སྟོངས་སོ། །དུག་གསུམ་ཞེས་བྱའི་མིང་མེད་མཐའ་སྟོངས་སོ། །རྣམ་རྟོག་མིང་མེད་མཐའ་སྟོངས་སོ། །འགྲོ་དྲུག་སེམས་ཅན་མིང་མེད་མཐའ་སྟོངས་སོ། །ཁམས་གསུམ་འཁོར་བའི་མིང་མེད་མཐའ་སྟོངས་…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      ཀྱེ་ཧོ་ཨེ་མ་རྣལ་འབྱོར་ཀུན། །མུ་མེད་མཐའ་ཡས་རྟོགས་འདོད་ན། །རྒྱ་མཚོའི་ཀློང་དུ་ཉོལ་ལ་ནམ་མཁའི་དབྱིངས་སུ་ལྟོས། །ཁྱུང་དང་སེང་གེ་ཞོན་ལ་ཉི་ཟླའི་སྙིང་པོ་ལྟོས། །ཤེས་རབ་གྲི་ཐོགས་ཁྱི་ཕག་བྱ་སྤྲེལ་གསོད། །སྒྲོན་མེ་ལག་ཐོགས་མུན་པའི་སྨག་རུམ་སེལ། །འཇའ་ཚོན་རྒྱལ་མཚན་གྱིས་ལ་ན་བུན་སྨུག་པ་སོལ། །ཆུ་གཉེར་ཁ་རུ་ཆུགས་ལ་སྤྲེའུ་ལག…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      འཁོར་ལ་བཀའ་སྩལ་པ། །ཆོས་དང་སེམས་སུ་འདྲེས་པ་ན། །བྱ་བཙལ་ཅི་ཡང་མི་དགོས་སོ། །བློ་དངོས་འཕྲད་ནས་མུ་མཐའ་གྲོལ་བ་ན། །བྱ་བ་གང་ཡིན་བྱ་རྒྱུ་ཅི་ཞིག་སྤྱོད། །ལྟ་བྱེད་གང་ཡིན་བལྟ་བྱ་གང་ན་འདུག །ནམ་མཁའི་དབྱིངས་སུ་ལྟོས་དང་ཅི་མ་འདྲ། །སྒོམ་བྱེད་གང་ཡིན་བསྒོམ་བྱ་གང་ན་འདུག །བསྒོམ་ན་དངོས་པོ་བསྒོམ་མམ་སྟོང་པ་བསྒོམ། །དངོས་པོ་བསྒ…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      མིང་མེད་བློ་འདས་རྟོགས། །རྩོལ་བསྒྲུབ་ཅི་ཡང་མ་བྱས་གྲོལ་བར་བཤད། །ཅེས་གསུངས་སོ། །ཉི་ཟླ་བཀོད་པའི་རྒྱུད་ལས། ཡང་ཏི་ཡོ་གས་ཇི་ལྟར་རྟོགས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཀུན་རིག་ཁྱེའུ་ཆུང་གིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །བཅུ་རྩེ་ཡང་ཏི་ཡོ་ག་རུ། །ཐེག་པ་རིམ་བཅུ་ཇི་ལྟར་རྫོགས། །ཞེས་ཞུས་པ་དང་། སྟོན་པས་འཁོར…
      DNG001 · Author: not yet catalogued
      རྒྱུད་ཐམས་ཅད་ཀྱི་སྤྱི་ཕུད་ཉི་ཟླ་བཀོད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།
      ཆེན་ཡང་ཏིའི་འབྲས་བུ་ལ། །ཐོབ་དང་མ་ཐོབ་གཉིས་མེད་ཀྱང་། །རེ་ཞིག་བྲོད་པ་སྐྱེ་ཕྱིར་བཤད། །གོང་དུ་འབྲས་བུ་བཤད་ཟིན་ཀྱང་། །མུ་མཐའ་ཡས་པའི་འབྲས་བུར་བཤད། །གཏིང་མཐའ་གྲོལ་བའི་འབྲས་བུ་ཡིན། །ཆོས་རྣམས་ཟད་སར་སྐྱོལ་བ་འབྲས་བུ་ཡིན། །སྙིང་པོ་ཀློང་དུ་གྱུར་པ་འབྲས་བུ་ཡིན། །སྐྱེ་མེད་ཀ་དག་རྟོགས་པ་འབྲས་བུ་ཡིན། །དངོས་མེད་ཟང་ཀ་རྟ…
      DNG001 · Author: not yet catalogued
      ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད།
      རྒྱ་གར་སྐད་དུ། ག་ག་ན་ག པྭཱུ་ཏ་ར་བ་ཎ་མཻ་གྷ་ཛྱོ་ཏྱཱ་བེ་ཤོརྨྨི་ས་མཱ་ཛ་སཱ་མཱ་ནྱ་ཛ་ཡ་མུ་དྲཱ་གྲནྠ་ཏནྟྲ། བོད་སྐད་དུ། ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད། ཐིག་ལེ་ཀུན་འདུས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཅིར་ཡང་མ་ཐོས། ཅིར་ཡང་མ་མཚོན། ཚིག་ཏུ་མ་བརྗོད། དུས་མེད་པ་ན། སྐྱེ་མེད་སྙིང་པོའ…
      DNG001 · Author: not yet catalogued
      ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད།
      ངོ་བོར་འདྲེལ་པ་ཡིན། །ཞེས་གསུངས་སོ། །ཕུན་སུམ་ཚོགས་པ་དང་གླེང་བསློང་དང་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །ཀ་དག་ཉིད་ལ་འདི་སྐད་ཞུས། །སེམས་དང་ཆོས་རྣམས་ཡོད་དམ་མེད། །སྐུ་དང་ཡེ་ཤེས་གང་ལ་ཟེར། །དུག་ལྔ་སྐུ་ལྔ་ཡོད་དམ་མེད། །མ་རིག་ཡེ་ཤེས་ཅི་ལ་ཟེར། །འཁོར་བ་མྱང་འདས་ཡོད་དམ་མེད། །སངས་རྒྱས་སེ…
      DNG001 · Author: not yet catalogued
      ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད།
      རིག་མེད། །ཅང་མེད་ཡེ་གསལ་ཡེ་ཤེས་མེད། །མ་རིག་ཡེ་ཤེས་རྣམ་གཉིས་ཀྱང་། །ཀ་དག་མ་དག་རྣམ་གཉིས་ལས། །མ་རིག་ཡེ་ཤེས་གྲུབ་པ་མེད། །ཅེས་གསུངས་སོ། །དུག་ལྔ་མ་རིག་ཡེ་ཤེས་མེད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ངང་དྭངས་ཁྱེའུ་ཆུང་གིས་ཞུས་པ། །འཁོར་བ་མྱ་ངན་ཡོད་དམ་མེད། །སངས་རྒྱས་སེམས་ཅན་ཅི་ལ་ཟེར། །ཞུས་པས། སྟོན་པས་བཀའ་སྩལ་པ། འཁ…
      DNG001 · Author: not yet catalogued
      ནམ་མཁའ་འབྲུག་སྒྲོགས་ཐོག་བབས་ཀློང་འདུས་སྤྱི་རྒྱལ་རྒྱ་མདུད་ཀྱི་རྒྱུད།
      པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ངང་དྭངས་ཁྱེའུ་ཆུང་གིས། །སྐྱེ་མེད་ཀ་དག་ཆོས་སྐུ་ལ། །བག་ཆགས་སྒྲིབ་གཡོགས་ཡོད་དམ་མེད། །ལས་འཕྲོ་རྣམ་སྨིན་ཅི་ལ་ཟེར། །ཞེས་ཞུས་པས། །སྟོན་པས་འཁོར་ལ་བཀའ་སྩལ་པ། །སྟོང་གསལ་ཀ་དག་དོན་རྟོགས་ན། །བག་ཆགས་སྒྲིབ་གཡོགས་མ་རིག་མེད། །ལས་འཕྲོ་རྣམ་སྨིན་བསྒྲིབ་མི་སྲིད། །ཀ་དག་སྟོང་གསལ་དྭ…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      རྒྱ་གར་སྐད་དུ། དྲྀཥྚི་མ་ཧཱ་ནི་ཡ་མ་རཏྣ་དཱི་པ་མཱུ་ལ་ཏནྟྲ། བོད་སྐད་དུ། ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད། མིང་མེད་མཐའ་ལས་འདས་པའི་གསང་བདག་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། མ་བྱུང་མ་སྐྱེས་མཉམ་པ་ཆེན་པོ། ཆོས་དབྱིངས་རྒྱ་ཆད་ཕྱོགས་ལྷུང་མེད་པ། རང་བཞིན་གྱི་མིང་ལས་འདས་པའི་གནས་…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      འཁོར་གྱི་ནང་ནས་རང་གསལ་སེམས་དཔའ་རྡོ་རྗེས་སྟོན་པ་ལ་ཞུས་པ། ཨེ་མ་སྟོན་པ་གསང་བའི་བདག་པོ་ཆེ། །མིང་མེད་མཐའ་གྲོལ་བློ་འདས་རང་ངོ་འདི། །མ་རྟོགས་གཉིས་འཛིན་གྲུབ་མཐས་བཅིངས་པ་རྣམས། །བློས་བཏགས་མཐར་འཛིན་རང་སར་གྲོལ་བའི་ཕྱིར། །རྒྱུ་དང་འབྲས་བུའི་ཆོས་རྣམས་ལ་བཟླ་བའི། །ཁྱད་འཕགས་དོན་གྱི་རང་བཞིན་ཡང་ཏིག་གང་། །དེ་ཡིས་འཛིན་པའི…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      ཟང་ཐལ་རིན་ཆེན་སྒྲོན་མ་འདི། །ངོ་བོ་ཅིར་ཡང་མ་གྲུབ་ནམ་མཁའ་བཞིན། །རྒྱུ་ལས་མ་བྱུང་ནམ་ཡང་སྐྱེ་མི་འགྱུར། །སངས་རྒྱས་སེམས་ཅན་དབྱེར་མེད་ངོ་བོ་གཅིག །གཅིག་པོ་བསྟན་དུ་མེད་པའི་སྙིང་པོ་ངོ་བོ་ཉིད། །སྣང་སྟོང་རྟག་དང་ཆད་པའི་མཐའ་ལས་གྲོལ། །སྤང་བྱ་གཉེན་པོ་བླང་དོར་དམིགས་འཛིན་བྲལ། །རིགས་དྲུག་སེམས་ཅན་འཁྲུལ་པའི་རྟོག་པ་དང་། །…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      གཟུགས་སྣང་འདྲ། །མེད་པར་ཡོད་སྣང་དུང་ལ་སེར་པོ་བཞིན། །ཀུན་གཞིའི་རྣམ་པར་ཤེས་པས་གཞི་བྱས་ནས། །ཚོགས་བདུན་ཤེས་པའི་རྩལ་གྱིས་རང་མ་ཤེས། །དཔེར་ན་རྒན་མོ་ལོང་བའི་མིག་དང་འདྲ། །རྩལ་དང་རང་ངོ་རང་གིས་མ་ཤེས་པས། །གཞི་ལ་འཁྲུལ་དུས་ལྷན་ཅིག་སྐྱེས་པ་ལས། །ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ། །དེ་ནས་ང་བདག་གཟུང་འཛིན་ཕྱི་ནང་ཟུང་། །…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      མའི་སྔོན་རོལ་ན། །མིང་མེད་མཉམ་ཉིད་ཕྱོགས་ལྷུང་མེད་པ་ལས། །རྩལ་གྱི་ཡན་ལག་རྟོགས་པའི་ཟེར་འཕྲོས་ཀྱང་། །འཕྲོ་ས་མ་རྙེད་གཞི་ཡི་ཀློང་དུ་ཐིམ། །གཞི་ཉིད་ངོ་ཤེས་རྟོག་པའི་གདེངས་ལྡན་པས། །སྔོན་ཐོག་གཞི་ཡི་སངས་རྒྱས་ཞེས་བྱའོ། །དཔེར་ན་ག་པུར་གཞི་ལ་གཉིས་མེད་ཀྱང་། །ཚ་གྲང་རྐྱེན་གྱིས་སྨན་དུག་གཉིས་སུ་སྣང་། །གྲང་བའི་དུག་ཏུ་ངོ་ཤ…
      DNG001 · Author: not yet catalogued
      ལྟ་བ་ལ་ཤན་ཆེན་པོ་རིན་ཆེན་སྒྲོན་མ་རྩ་བའི་རྒྱུད།
      མཉམ་ཉིད་ཡེ་ཤེས་ཏེ། །སོ་སོར་རྟོག་དང་ནན་ཏན་སྤྲུལ་སྐུའི་གཞི། །ཆོས་སྐུའི་གདུལ་བྱ་སྐུ་གསུང་ཐུགས་སྤྲུལ་ལ། །རང་རྒྱུད་འདྲེལ་པའི་འཁོར་རྣམས་འདུལ་བར་བྱེད། །ལོངས་སྐུའི་གདུལ་བྱ་ཕྱི་ནང་གསང་གསུམ་ལ། །དོན་གྱིས་གཅིག་པའི་འཁོར་རྣམས་འདུལ་བར་བྱེད། །སྤྲུལ་སྐུ་ཕྱི་འཁོར་ནང་འཁོར་གསུམ་ལས་ནི། །འདོད་པས་འདུས་པའི་འཁོར་རྣམས་འདུལ་བ…