Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 131 of 500
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      དེ་ནི་འདུས་མ་བྱས། །འབྲས་བུ་སྐུ་གསུམ་མཐའ་རུ་ཐུག །རྒྱུ་འབྲས་གཉིས་ལ་མི་ལྟོས་དང་། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ། །ཡེ་ནས་གནས་པའི་དོན་རྟོགས་ན། །མ་བྱས་ཆོས་ཀྱི་སངས་རྒྱས་དང་། །ཅིག་ཆར་འཇུག་པའི་ལམ་ཡིན་པས། །ངེས་དོན་ཕྱིན་ཅི་མ་ལོག་པའོ། །དྲུག་ཚན་གཉིས་པའི་ཆོས་རྣམས་ནི། །རྒྱུ་ལས་མ་བྱུང་འབྲས་བུ་དང་། །ལུང་ལ་མ་བརྟེན་མན་ང…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      རྒྱས་པས། །སྟོང་གསལ་རིག་པ་ཆོས་ཀྱི་སྐུ། །ལོགས་ན་ཡོད་པ་མ་ཡིན་པས། །རང་གི་སེམས་ནི་སྟོང་གསལ་ཡིན། །དབང་མེད་གསུམ་གྱིས་འཁོར་བ་སྟོངས། །སྣང་བ་རང་སྣང་ཤེས་ཙམ་ན། །ཤ་ཁྲག་ལུས་ནི་སྟོངས་པར་འགྱུར། །ཤར་བ་རང་ཤར་ཤེས་ཙམ་ན། །ཉོན་མོངས་སེམས་ནི་སྟོངས་པར་འགྱུར། །རླུང་ཡང་རང་གི་རྩལ་དུ་ཤེས། །ལུས་སེམས་གཉིས་སུ་ཚོགས་རྒྱུ་མེད། །དེ་ལྟ…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      སྙིང་པོའི་དོན། །འཁོར་དང་མྱང་འདས་རོ་གཅིག་པས། །སངས་རྒྱས་སེམས་ཅན་འབྱུང་གནས་ས། །ཀུན་གྱི་སྤྱི་གཞི་ཡིན་པར་བཤད། །གསལ་ལ་འཛིན་མེད་རྟོགས་པས་ལམ། །ཞི་གནས་ལྷག་མཐོང་ཟུང་དུ་འདྲེལ། །ཉམས་མྱོང་སྣ་ཚོགས་འབྱུང་བའི་གནས། །འབྲས་བུ་ལམ་དུ་བྱེད་པར་བཤད། །ཡོངས་སུ་རྫོགས་པས་འབྲས་བུ་ཡིན། །ཁམས་གསུམ་སྐུ་གསུམ་ཐ་མི་དད། །བདག་དོན་གཞན་དོ…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      མཐོང་ན་རྣམ་པར་གྲོལ། །སྤྱོད་པའི་དོན་ལ་རྣམ་གསུམ་སྟེ། །འཇིག་རྟེན་ཕལ་དང་མི་མཐུན་སྤྱོད། །ལྟ་དམན་བློ་དང་མི་མཐུན་སྤྱོད། །ཡོངས་སུ་ཤེས་པའི་སྤྱོད་པ་ནི། །སྣ་ཚོགས་ཐུག་ཕྲད་ཞེན་པ་མེད། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །དེ་ཉིད་ཉམས་སུ་མྱོང་བས་འཁོར། །རིག་པ་བཀྲ་བས་དཀྱིལ་འཁོར་ཡིན། །རྡུལ་ཚོན་དཀྱིལ་འཁོར་རག་མ་ལུས། །ཆོས་དབང…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      དེ་ཉིད་ལམ་དུ་ཁྱེར་བས་རྒྱས་པ་ཡིན། །རང་སེམས་བཀོལ་དུ་བཏུབ་པས་དབང་ཞེས་བྱ། །འཁོར་བའི་རྩ་བ་ཆོད་པས་དྲག་པོའོ། །མཆོད་པའི་བྱེ་བྲག་མང་པོ་ཇི་སྙེད་པ། །ཕྱི་དང་ནང་གི་མཆོད་པ་དང་། །གསང་མཆོད་བླ་ན་མེད་པའོ། །བླ་མེད་མཆོད་པ་བསྟན་པ་ནི། །མཁས་པས་བྱང་ཆུབ་སེམས་བསྒོམས་པས། །རྒྱལ་དང་དེ་ཡི་སྲས་རྣམས་ལ། །མཆོད་པའི་ནང་ནས་དམ་པ་སྟེ། །འ…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      འདི་ལྟར་ལགས། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་དེ། །ཡར་དང་མར་གྱི་སྤྱི་ས་ནས། །མི་ལྡོག་དེ་ནི་དྲི་ཟའོ། །ཡེ་ཤེས་རང་སྣང་འདམ་གྱི་པདྨ་འདྲ། །སྲིད་པའི་སྐྱེ་གནས་གཞལ་ཡས་ཁང་ཆེན་འདྲ། །དུས་ཀྱི་སྙིགས་མ་ལམ་གྱི་ཁ་བྲག་འདྲ། །སྐྱེ་ཤི་གཉིས་པོ་ཟོ་ཆུའི་ཁྱུད་མོ་འདྲ། །ལམ་གྱིས་བྱུང་ནས་སལ་གྱིས་གསལ། །དེ་…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      རྨི་ལམ་བར་དོ་ལ། །ཅིར་སྣང་སེམས་སུ་ཤེས་པ་ནི། །བྲམ་ཟེའི་གླིང་དུ་གཞན་འཚོལ་བཞིན། །ཐམས་ཅད་སེམས་སུ་རྟོགས་པ་ལ། །བཟང་ངན་ཕན་གནོད་མེད་པར་འགྱུར། །ཆོས་ཉིད་གསལ་བའི་བར་དོ་ལ། །ཡེ་ཤེས་ཟང་ཐལ་འཆར་བ་ནི། །སྐར་མདའ་མཁའ་ལ་རྒྱུག་པ་བཞིན། །ཕྱིར་མི་ལྡོག་པའི་རིག་པ་ནི། །འབྱུང་བ་རང་སར་ཐིམ་བྱས་ནས། །རྣམ་ཤེས་འོད་ལ་ཐིམ་པའི་དུས། །བག་ཆ…
      DNG005 · རྩོམ་མཁན།
      རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་ཅེས་བྱ་བ།
      འཇལ་བར་སྟོན། །བདེ་གཤེགས་གསུང་གི་སྤྲུལ་པ་ལས། །འཛམ་གླིང་རྡོ་རྗེའི་གདན་སྟེངས་ན། །ཤཱཀ་ཐུབ་ལྷ་མིའི་སྟོན་པ་བྱུང་། །མདོ་སྡེ་འདུལ་བ་མངོན་པའི་ཆོས། །དྲང་དོན་ངེས་དོན་མང་པོ་གསུངས། །ཀུན་རིག་ཐུགས་ཀྱི་སྤྲུལ་པ་ལས། །རྒྱུད་བདག་རྡོ་རྗེ་སེམས་དཔའ་བྱུང་། །སངས་རྒྱས་ལྷ་ཚོགས་རྣམས་དང་ནི། །དགའ་རབ་རྡོ་རྗེ་ལ་སོགས་པས། །གསང་སྔགས་…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      རྒྱ་གར་སྐད་དུ། བཛྲ་སཏྭ་ཨཱ་ཀཱ་ཤཱནྟ་ས་མ་མ་ཧཱ་ཏནྟྲ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།དཔལ་རྡོ་རྗེ་སྙིང་པོ་ཡེ་ཤེས་གསང་བ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་ནམ་མཁའི་མཐའ་ལྟར་རྟག་པར་བཞུགས་ཤིང་། སྐུ་དང་གསུང་ད…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      དུ་ཐོབ་པའི་འཁོར་ལ་འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྩོགས་པ་དང་། ཡོངས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་ལ་སྩོགས་པ་ཐམས་ཅད་དང་། ཕྱོགས་བཅུའི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      བཅས་བསྐོང་བ་དང་། །སངས་རྒྱས་ཐུགས་རྗེའི་བྱིན་རླབས་ཀྱིས། །བརྡ་དོན་སྤྲད་ལ་རྟོགས་བྱའི་ཕྱིར། །ཚིག་གི་སྒོ་ནས་དགྲོལ་བར་བྱ། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བ་རང་གི་འཁོར་ལ་རྩོལ་མེད་སེམས་ཀྱི་དོན་རྒྱ་ཆེར་གསུངས་པ་ལ…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      ལྷུན་རྫོགས་ཕྲིན་ལས་ལ། །འགྲོ་དོན་ཕྲིན་ལས་ཇི་ལྟར་མཛད། །ཅེས་གསོལ་བས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་གསུངས་སོ། །རྩོལ་མེད་ལྷུན་གྲུབ་བྱིན་རླབས་ལས། །མཛད་པའི་བྱིན་རླབས་ཕྱོགས་བཅུར་བརྡལ། །ཕྱོགས་རིས་མི་མངའ་ཡོངས་ཀྱི་གཏེར། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ནས་སེམས་དཔའ་རྡོ་རྗེས་དེ་བཞིན་གཤེགས་པ་རྣམ་པར…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      མེད་པའི་རྒྱལ་པོ་ཡིས། །ཕུན་སུམ་ཚོགས་པ་ཀུན་བསྡུས་ནས། །བསྟན་པ་བསམ་ཡས་གསུངས་པ་ཡང་། །ཀློང་དགུའི་ནང་དུ་མ་འདུས་མེད། །སྐལ་ལྡན་ཐུགས་རྗེ་སེམས་དཔའ་ཡིས། །དུས་གཅིག་ཉིད་ལ་རྟོགས་པའི་ལུང་། །རྡོ་རྗེ་ནམ་མཁའ་དཀྱིལ་བོ་ཆེ། །མཐའ་དབུས་སྤྲོས་པ་རྣམ་པར་བཅད། །སྒྲོན་མེ་ཡེ་ཤེས་འཁོར་ལོ་ཅན། །སྐུར་མེད་རང་གསལ་བརྗོད་དང་བྲལ། །དགོངས་པ…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      རྒྱུད། །རྒྱལ་བ་ཀུན་གྱི་དགོངས་དོན་འདི། །དཔག་མེད་རྒྱལ་བ་བསྐྲུན་པ་ཉིད། །སྟོང་ཉིད་སྨྲ་བ་མ་ཡིན་ཀྱང་། །ཚིག་དོན་སྤྲད་པ་རབ་ཏུ་གཅེས། །རང་བཞིན་ཐབས་དང་འབྲས་བུ་ཉིད། །རྫོགས་ཆེན་མ་བཅོས་དགོངས་པ་ལ། །མི་འགལ་བརྗོད་པའི་སྒྲ་ཡིས་མཚོན། །དངོས་པོའི་དོན་ཉིད་གཏན་ལ་ཕབ། །འགྱུར་མེད་སྙིང་པོ་རྩོལ་མེད་ལམ། །མ་བསྒྲུབས་རང་བྱུང་འབྲས་བ…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      རྒྱུ་འབྲས་བྲལ། །རྐྱེན་ཉིད་མ་སྐྱེས་བྱང་ཆུབ་སྟེ། །རྡོ་རྗེ་སྙིང་པོར་དུས་གཅིག་རྫོགས། །བར་མཚམས་སྦྱར་མེད་གཅིག་ཏུ་གནས། །གསལ་བ་རང་སྣང་དཀྱིལ་འཁོར་ལ། །རྐྱེན་ལ་མི་རག་གདོད་ནས་དག །རྒྱུ་མེད་ཡེ་ཤེས་མཆོག་ཏུ་གསལ། །བདག་མེད་རང་རིག་སྟོང་ཉིད་ལུང་། །མཚུངས་མེད་སྐད་ཅིག་རྒྱུན་དང་བྲལ། །ཡུལ་མེད་དམིགས་བྲལ་ཆོས་ཀྱི་དབྱིངས། །མ་བཅ…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      ཚྭ་ལྡན་པའི་རྒྱ་མཚོར་བཤད། །དེ་ལྟར་གཉིས་མེད་རྟོགས་བྱའི་ཕྱིར། །རྫོགས་ཆེན་གཞུང་ལ་ངེས་ཐོས་པས། །ཐོས་པ་ཟླ་བ་ལྟ་བུར་བཤད། །དོན་ལ་སྤྱོད་པས་ངེས་མ་ངེས། །སྤང་ལེན་བསམ་པ་སྐར་མ་ལྟར། །ངེས་པར་གསལ་སྙོམས་འདུ་ཤེས་བྲལ། །བསྒོམ་པ་ཉི་མ་ལྟ་བུར་བཤད། །མཚན་ཉིད་གང་ཡང་མ་སྤངས་པས། །རང་གསལ་ཡེ་ཤེས་སྙིང་པོར་རྫོགས། །གདོད་ནས་སྟོང་པའི་རང…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      སྒྲིབ་པ་རང་གསལ་བས། །རང་བྱུང་ཉི་མའི་དཀྱིལ་འཁོར་གསལ། །བྱ་བྲལ་རྫོགས་པའི་ལུང་དུ་བཤད། །རང་རིག་ཡེ་ཤེས་མཁྱེན་ལྡན་པས། །གཉིས་མེད་སྙིང་པོར་རྫོགས་པ་རྟོགས། །རང་གསལ་ཡེ་ཤེས་རྫོགས་པར་ལྡན། །རིག་པ་རང་སྣང་ཉམས་སུ་ཤར། །རང་བྱུང་འོད་ཀྱི་དཀྱིལ་འཁོར་ལ། །འཕྲུལ་ཡིག་རིག་པའི་བརྡ་སྤྲད་པས། །སྐྱེ་མེད་དབྱིངས་ཀྱི་བརྡ་དོན་མཇལ། །བཙལ་…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      དབྱིབས་དང་བྲལ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད། །གསང་བ་ཀུན་འདུས་གཏེར་འདི་ཉིད། །བཤད་ཐབས་གསུམ་སྟེ་རྫོགས་ཆེན་གསུམ། །གཞི་ལམ་འབྲས་བུའི་ཚུལ་དུ་གནས། །དགོངས་པ་ཀུན་གྱི་ཞེ་ཕུགས་པས། །དགོངས་པ་ཀློང་བརྡོལ་ཚུལ་དུ་བཤད། །མན་ངག་རྩ་བ་འདིར་འདུས་པས། །མན་ངག་ཞལ་ཆེམས་སྤྲུགས་ལྟར་བཤད། །ཀློང་དགུའི་རྩ་བ་སེམས་ཉིད་ཀློང་། །སེལ་མེད་…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      འཛིན་ལང་རྩེ་འཁྲུལ། །མ་བཅོས་ཡེ་ཤེས་རང་གསལ་ལ། །དབྱིངས་དང་ཡེ་ཤེས་འཁྲུལ་པའི་ཆོས། །ཡེ་ནས་རིན་ཆེན་དག་པ་ལ། །དག་པ་གསུམ་གྱི་རྩོལ་བྱེད་ནོར། །བསྐྱེད་བྲལ་ཡེ་ཤེས་དཀྱིལ་འཁོར་ལ། །བསྐྱེད་དང་རིམ་རྩོལ་རྣལ་འབྱོར་ཆེ། །བཙལ་བས་རང་བྱུང་གཏེར་དང་བྲལ། །ཡེ་ཤེས་རིན་ཆེན་ཕུང་པོ་ལ། །བྱིན་རླབས་སྣང་འདོད་རེ་དོགས་ཅན། །རང་སྣང་འཁོར་ལོའ…
      DNG005 · རྩོམ་མཁན།
      རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ།
      མ་བསྒྲུབས་རང་འཆར་ལ། །ཅིར་སྣང་རང་ལས་སྨིན་པའི་ཕྱིར། །ཤིང་ཏོག་ཨ་མྲ་ལྟ་བུར་བཤད། །རང་བྱུང་ཐེག་པའི་རྒྱལ་པོ་ལ། །ཟིལ་གནོན་མ་བགྲོད་ཀུན་སོན་པས། །མཁའ་ལ་ཁྱུང་འཕུར་ལྟ་བུར་བཤད། །མཐའ་བྲལ་རང་བྱུང་རྫོགས་ལུང་ལ། །མཐའ་ཡི་ཞེན་པ་ཟིལ་གནོན་པས། །སེང་གེའི་སྒྲ་སྒྲོགས་ཅི་ལྟར་བཤད། །ཀུན་བཟང་འཁོར་ལོའི་རིམ་པ་ལ། །གནང་བཀག་ཡོད་མེད་ཀུ…