Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 2 of 500
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དང་། །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རྟོག་པ་མེད་པའོ། །ཞེས་བྱུང་ན། རྩལ་ལ་རང་བཞིན་མེད་པར་བཤད། ཐམས་ཅད་རང་སྣང་རང་ཤར་ཡིན། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། རིག་པའི་རྩལ་འབྱུང་བ་དང་། དེ་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་ཐུགས་རྗེ་ཆེ་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རྗེས་བརྒྱན། །འགྲོ་དྲུག་རང་སར་འདྲེན་པས་མཛེས། །དེ་ཕྱིར་མཛེས་པས་རྒྱན་ཞེས་བྱ། །དེ་ནས་རོལ་པའི་དོན་བསྟན་པ། །མ་འགགས་གཉིས་མེད་སྦྱོར་བ་ནི། །རོལ་པའི་ངོ་བོ་ཡིན་པར་བསྟན། །ཅི་ཕྱིར་རོལ་པར་བཏགས་ཤེ་ན། །རང་ལས་ཤར་ཞིང་རང་ལས་གྲོལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །དག་པ་ཆོས་ཉིད་རོལ་པ་དང་། །འཁོར་བ་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ཆོས་ཉིད་ངང་ལ་ཆོས་སྐུ་གནས། །དེ་སྐད་བརྗོད་པའི་ཚིག་བྱུང་ན། །ཆོས་ཉིད་ལ་ཆོས་སྐུ་རྒྱས་པར་བཤད། །རིག་པའི་མཚན་ཉིད་ལྔར་བཅད་ཅིང་། །དེ་ལྔ་ཡེ་ཤེས་ལྔ་ཡི་མཚན་ཉིད་དང་། །དེ་ཡི་གདངས་སུ་བརྗོད་པས་ན། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པར་བཤད། །ཡེ་ཤེས་འོད་ལྔ་ས…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      རྒྱལ་པོ་ནོར་བུ་འོད་ལྡན་ཞེས་བྱ་བ་བཞུགས་པས། ཁོང་ལ་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཆེན་པོ་གཅིག་རིན་པོ་ཆེ་ཕྲ་མོ་མང་པོས་བཀང་ནས་ཡོད་པ་ལ་ཁོང་ཕྱི་རོལ་དུ་ཞབས་འཆག་ཅིང་ཡུལ་གཟིགས་སུ་བྱོན་པ་ལས། རྒན་མོ་ལིང་ཏོག་ཅན་བྱ་བ་དང་འཕྲད་ནས། རྒན་མོས་སླའོ་ལ་བྲིད། རྐུན་མོ་མི་ལྔས་བར་དུ་ཟ་མ་ཏོག་བརྐུས། སྨེ་ཤ་ཅན་གྱི་གྲོང་ཁྱེར་དྲུག་ཏུ་མ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མཐོང་བའི་སྟོབས་ཀྱིས་སྣང་བ་ལྟར། །རང་རིག་གཅིག་ལས་མེད་བཞིན་དུ། །འཁོར་འདས་གཉིས་ལ་དུ་མར་སྣང་། །སྨན་དུག་ག་བུར་དབྱེར་མེད་ཀྱང་། །སྨན་དང་དུག་ཏུ་སྣང་བ་བཞིན། །གཉིས་མེད་གཞི་སྣང་ཆེན་པོ་དེ། །གཉིས་མེད་ངང་ལས་མ་གཡོས་ཀྱང་། །ཡོན་ཏན་སྟོབས་ཀྱིས་སྣང་བའོ། །དུ་མར་སྣང་བའི་ཡོན་ཏན་ལ། །འཁྲུལ་པར་འགྱུར་བས་ཡོན་ཏན་སྐྱོན་དུ་འཆར། །ག…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དང་མ་འོངས་གོང་རོལ་ནས། །ཞེས་པ་དང་། ང་མེད་པ་ཡི་སྔོན་རོལ་ན། །སེམས་ཅན་བྱ་བ་གདོད་ནས་མེད། །སེམས་ཅན་མེད་པའི་སྔོན་རོལ་ནས། །འབྱུང་བ་ཆེན་པོ་ཡེ་ནས་འཕགས། །འབྱུང་བ་མེད་པའི་སྔོན་རོལ་ནས། །ནམ་མཁའ་ཆེན་པོ་ཡེ་ནས་འཕགས། །ནམ་མཁའ་མེད་པའི་སྔོན་རོལ་ནས། །ཆོས་ཉིད་རྣམ་དག་ཡེ་ནས་འཕགས། །ཆོས་ཉིད་རྣམ་དག་ཀློང་ཡངས་ནས། །ཆེན་པོ་ལྔ་ཉིད་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མ་རིག་པ་ཅེས་བྱའོ། །ཀུན་ཏུ་བརྟགས་པའི་མ་རིག་པ་ནི། ཡུལ་ལ་རྟོག་པ་ཕྲ་རགས་སུ་སྐྱེས་ཏེ། སྐད་ཅིག་མ་སྔ་ཕྱིའི་ཚུལ་ལོ། །དཔེ་རྒན་མོ་ལོང་མ་དང་འདྲའོ། །ཀྱེ་མ་རིགས་ཀྱི་བུ། མ་རིག་པ་དེ་ཡང་དག་པར་ཡོད་པ་མ་ཡིན། འོ་ན་ཇི་ལྟ་བུ་ཞེ་ན། ཐོ་ཡོར་རམ་ཐག་པ་ལ་མི་བདེན་པ་བཞིན་དུ་རྒྱུས་མེད་དམ་སྔར་སུན་པའི་མི་ལ་དགྲར་སྣང་བའམ། སྣང་བ་མ་དག་པ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གུ་ཡིས། །སོ་སོའི་མཚན་ཉིད་འཛིན་ཅིང་རང་རང་རྒྱུར་གནས་པའི། །ཆོས་ཉིད་དག་པ་མེ་ལོང་ལྟ་བུར་ཤར། །ཡེ་ཤེས་འབྱུང་ལྡན་ནམ་མཁའི་གཞའ་ལྟར་ཡལ། །དེ་ཡི་སྐད་ཅིག་ཕྱི་མ་ལ། །དེ་ལས་དེ་བཞིན་བྱད་དང་གཟུགས་བརྙན་བཞིན། །རང་ལས་བྱུང་བའི་རྣམ་རྟོག་བདག་རྐྱེན་ཤར། །དེ་ཡི་སྐད་ཅིག་ཕྱི་མ་ལ། །དམིགས་པའི་རྣམ་པ་ཡུལ་དུ་སྣང་། །རྐྱེན་དུ་འཛིན་པའི་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་བཤད་པའི་རྒྱུད་བཀླགས་པས་ཤེས་པ་ལས། འཁྲུལ་པའི་རྐྱེན་དང་བར་གྱི་བསྐལ་པ་ལ་ཡུལ་གྱི་འཁྲུལ་པ་ལུས་ཀྱི་རྐྱེན་དང་བཅས་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྣོད་ཀྱི་འཇིག་རྟེན་དེ་ལྟར་ན། །བཅུད་ཀྱི་རིགས་དྲུག་ཇི་ལྟར་ཆགས། །ཞེས་ཞུས་སོ། །སྟོན་པས་བཀའ་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      འདུ་བྱེད་སེམས་ལ་གཡོ་བར་བྱེད། །ཡིད་ལ་བྱེད་པ་དམིགས་པ་སྟེ། །རིག་པ་དག་གིས་གང་གཅོད་པའོ། །རྣམ་ཤེས་རྣམ་པར་རིག་པའོ། །ཐམས་ཅད་ཀུན་ལས་བྱེད་ཕྱིར་དང་། །རྒྱུ་རྐྱེན་ལས་བྱུང་འདུ་བྱེད་ཡིན། །རླན་ལས་སྐྱེས་པས་གློ་བུར་ཡིན། །རྫོགས་པར་སྨིན་པས་རྫུས་སྐྱེས་ཡིན། །མངལ་སྐྱེས་རིམ་པར་སྨིན་པའོ། །སྒོ་ང་ལས་སྐྱེས་འགྱུར་ཏེ་སྨིན། །དམྱལ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      འབྱུང་བའི་དྭངས་མ་ལྔ་དང་སྙིགས་མ་ལྔ། །དྭངས་མ་ལྔ་ཡི་ངོ་བོ་ནི། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། །སྙིགས་མ་ལྔ་ཡི་ངོ་བོ་ནི། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །འབྱུང་བ་ལྔ་ཡི་ངེས་ཚིག་བསྟན་པ་ནི། །རིག་པའི་རྩལ་དུ་འཆར་བ་དང་། །རྩལ་ལས་འཁོར་འདས་སྣང་བའོ། །དབྱེ་ན་མུ་བཞིར་ཤེས་པར་བྱ། །དྭངས་མ་སྙིགས་མ་རྣམ་པ་གཉིས། །རེ་རེ་ལའང་དེ་བཞིན་ཏ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བ་མེད་པར་སྡུད་པའི་ཆུ། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །གཡོ་བ་མེད་པར་ཐོགས་པ་མེད། །གཡོ་བ་མེད་པར་བསྐྱོད་པའི་རླུང་། །མ་སོང་གནས་སུ་ཕྱིན་པའོ། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །ཡེ་ཤེས་ཆེན་པོ་རང་གི་གདངས་ལ་བཞུགས། །གཞན་དུ་སྣང་བའི་རྣམ་པར་རྟོག་པ་མི་མངའ་བས། །ཚ་བ་མེད་པར་བསྲེག་པ་མེད། །གཞན་སྣང་མེད་པར་རང་གསལ་བ། །ཁྱད་པར་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་བའི་རོལ་པར་ཤར་པ་དེ་ལྟར་ན། །དེ་ཡི་འདུལ་བྱེད་གཉེན་པོ་རུ། །དག་པ་ཆོས་སྐུ་ཆེན་པོ་ལས། །སྐུ་གཉིས་རོལ་པ་ཇི་ལྟར་ཤར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །མན་ཤེལ་ལྟ་བུའི་རིག་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      མེད་ཡེ་དག་ཟང་ཐལ་ཆེན་པོ་ཡིན། དེ་དོན་རྒྱས་པརབསྟན་པ་ནི། །གཞན་སྣང་མེད་པས་རང་བཞིན་གཞི། །གཟུགས་སྐུ་མཚན་མ་མེད་པས་རིག་པ་དངོས་མེད་ཡིན། སྤྱན་གཉིས་དག་ནས་ཡེ་ཤེས་སྤྱན་མངའ་ཡེ་དག་ཟང་ཐལ་ཡིན། དེའི་གོང་ན་གཞན་མེད་པས་ཆེན་པོར་བཤད། ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཆོས་སྐུ་ལས་ཐུགས་རྗེ་གཟུགས་སྐུ་གཉིས་འབྱ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཉིས་མེད་ཡུལ་ལྔ་ལུས་དང་གྲིབ་མ་བཞིན། །ཐབས་དང་ཤེས་རབ་གཉིས་མེད་ཞལ་སྦྱོར་གནས། །རྣམ་སྣང་ཞལ་གཟིགས་དགོངས་པ་གཟིགས་མཁྱེན་ཡང་། །རྣམ་སྣང་རང་ལས་གཞན་སྣང་མེད། །རང་བྱུང་རང་སྣང་རང་ཤར་རང་གི་མཁྱེན། །རང་རྩལ་རྩེ་གཅིག་འབྱེད་པ་མེད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཤེས་རབ་ཀྱིས་གདུལ་བྱ་ལ་སྐུ་ཕྱག་རྒྱར་གས…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། བཞུགས་གནས་དང་གདན་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངོ་བོ་ཆོས་ཉིད་འགྱུར་མེད་ཡིན། །བསྡུས་པ་དེ་ལས་མེད་མོད་ཀྱི། །དབ…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གཉིས། །མ་འགགས་གཡས་དང་གཡོན་ན་གསལ། །ཡུམ་ཆེན་ན་བཟའ་དཀར་མོ་ལས། །གཱི་ཏཱི་མ་དང་ཨཱ་ལོ་ཀེ། །གཡས་དང་གཡོན་དུ་དེ་བཞིན་གནས། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལས། །ཕྱག་ན་རྡོ་རྗེ་སྒྲིབ་པ་སེལ། །གཡས་དང་གཡོན་དུ་རྣམ་པར་གསལ། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལས། །ནྲྀ་ཏཱི་གནྡྷེ་གཡས་དང་གཡོན། །ཚོམ་བུའི་དཀྱི…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      སྣང་བ་དེ་བཞིན་བཤད། །ཅེས་གསུངས་སོ། །སྤྲོས་བྲལ་དོན་གསལ་གྱི་རྒྱུད་ཆེན་པོ་ལས། ལོངས་སྐུ་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །བཞི་བཅུ་རྩ་གཉིས་འོད…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      དྲི་མེད་རྣམ་དག་པས། །ཐུགས་ཀྱི་རང་བཞིན་པདྨ་འདབ་བརྒྱད་གནས། །ཐུགས་ཀྱི་དགོངས་པ་མཐའ་བཞི་ལས་འདས་ཤིང་། །ཚད་མེད་ཡེ་ཤེས་ཕྲིན་ལས་རྣམ་པ་བཞིས། །འགྲོ་དོན་མ་ལུས་རྫོགས་མཛད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་གསལ། །ཡུམ་ནི་ཡེ་ཤེས་སྣང་བ་སྟེ། །སྐུ་མདོག་ཕྱག་མཚན་ཡབ་དང་མཐུན། །གཉིས་མེད་ཡེ་ཤེས་འོད་དུ་གསལ། །མ་བཅོས་རང་བཞིན་…
      DNG001 · Author: not yet catalogued
      སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།
      གྱུར་མ་སྐྱེས་ནམ་མཁའི་དོན། །དོན་གྱི་དྲི་གསལ་མཱ་ལེ་དྷཱུ་པེའི་དོན། །འོད་དཔག་མེད་ཀྱི་ཞལ་གཟིགས་པས། །སོ་སོར་ཀུན་རྟོགས་ཡེ་ཤེས་དོན་རིག་པ། །སྤྱན་རས་གཟིགས་ཀྱི་དོན་དང་སྦྱར། །གསལ་བའི་རྟེན་གྱུར་མ་སྐྱེས་འཇམ་དཔལ་དོན། །སྐྱེས་པའི་ཡུམ་གྱུར་གཱིརྟཱི་མ། །ཡེ་ཤེས་དོན་རྣམས་སོ་སོར་བསྟན། །ཇི་ལྟར་བསྐྱེད་དུ་མར་མེ་གསལ། །དོན་གྲུ…