Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 40 of 500
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      རིག་ཡེ་ཤེས་དབྱེ་བ་གང་། །ཡུལ་སེམས་གཞི་མ་གཅིག་མི་གཅིག །རྒྱུ་འབྲས་དོན་གྱི་དབྱེ་བ་གང་། །བསྒོམ་དུ་ཡོད་མེད་ཇི་ལྟར་ཡིན། །རྟོགས་མ་རྟོགས་ཀྱི་ཁྱད་པར་གང་། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །སེམས་ཅན་ཀུན་ལ་གནས་པ་ཡི། །མ་རིག་ཡེ་ཤེས་ཁྱད་པར་ནི། །ང་ཡིས་བཤད་ཀྱིས་ད་ཉ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      རྒྱས་ཀུན་གྱི་ཡེ་ཤེས་ནི། །རང་སེམས་ངོ་བོ་རྟོགས་ལས་བྱུང་། །ཡེ་ནི་རང་བྱུང་ཀུན་གྱི་གཞི། །ཤེས་ནི་ཁུང་ལྡན་ངེས་པའི་དོན། །ཟུང་དུ་འཛེམ་ཕྱིར་ཡེ་ཤེས་ཡིན། །སྨན་དང་སྨན་པ་འཛོམ་པ་འདྲ། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་རིག་ཡེ་ཤེས་དབྱེ་བ་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ན…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      མཐའ་ལ་ཟད་མེད་ཕྱིར། །དེ་ཕྱིར་རང་རིག་དོན་རྟོགས་ན། །སེམས་མེད་ཡུལ་འདི་ཅི་ལ་སྲིད། །དེ་བས་རང་སེམས་སྙིང་པོ་འདི། །སེམས་ཀྱི་ཡུལ་ལས་འདས་པའི་ཕྱིར། །གཅིག་དང་མི་གཅིག་བརྗོད་ཀྱི་བར། །མ་རིག་བློ་ལ་ཡུལ་སེམས་ཡོད། །ལོག་ལྟ་ཅན་རྣམས་དམ་པར་འཛིན། །དེ་ཕྱིར་སྒྲ་དང་ཚད་མའི་ཆོས། །སྤྲེའུ་འདྲའི་བློ་ཡིས་ནན་བརྟགས་ནས། །ཡུལ་སེམས་རྩོད་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཡང་རྡོ་རྗེ་སེམས་དཔའ་ཉོན། །ཐེག་གཞན་ཆོས་ཀུན་རྒྱུ་འབྲས་དེ། །དུས་གཅིག་མ་ཡིན་རིམ་གྱིས་ཚོལ། །རྩོལ་སྒྲུབ་ཡིན་ཕྱིར་འཁོར་བའི་རྒྱུ། །གནས་སྐབས་བདེ་ཐོབ་མཐར་ཐུག་མེད། །རྒྱུ་འབྲས་རིམ་བསྐྱེད་གོལ་སར་གསུངས། །དཔེར་ན་བྱས་པའི་རྫས་རྣམས་ནི། །མི་རྟག་མྱུར་དུ་འཇིག་པ་བཞིན། །རྒྱུ་རྐྱེན་བྱས་པའི་ཆོས་ཀུན་ནོར། །འབྲས་བུ་མི་འབྱུང་ཆུ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      སེམས་དཔའ་ཉོན། །ངེས་དོན་གདམས་ངག་སྐལ་མེད་ལ། །ཞི་གནས་བློ་ནི་མ་ངེས་པ། །བསྒོམ་དུ་ཡོད་པ་གནས་པའི་ལམ། །འཁོར་ལ་བསྟན་གྱིས་ཡིད་ལ་ཉོན། །བསྒོམ་དུ་མེད་ལ་སུ་སྐྲག་པ། །མཚན་ཉིད་དབང་གསུམ་རིམ་གྱིས་བསྐུར། །ངེས་དོན་ཉམས་སུ་མྱོང་བ་དང་། །ཡིད་ཆེས་གདེང་དང་ལྡན་པར་འགྱུར། །དེ་ཕྱིར་རང་སེམས་དགོངས་པ་སྟེ། །དེར་གནས་ཤེས་རབ་ཤིན་ཏུ་ཆེ། …
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      མེད་མ་རྟོགས་ན། །ལུས་ངག་རྩོལ་བས་སྡུག་བསྔལ་ནོན། །དེ་ཕྱིར་ངེས་དོན་ལུང་མེད་ན། །ཐེག་དགུའི་ཤེས་པས་གྲོལ་མི་སྲིད། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ཡེ་ནས་ཡོད་པའི་ཆོས་ཉིད་ལ། །ལུང་ལྡན་ངེས་པའི་དོན་ཕྲད་ན། །རྟོགས་དུས་ད་ལྟའི་ཚེ་འདི་ལ། །རང་སེམས་སྙིང་པོ་རྟོགས་པར་གྱིས། །ཀུན་བཟང་ང་ལ་ཐོག་མཐའ་ཡོད། །དུས་ཅིག་ཆོད་ཕྱིར་མངོན་སངས…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      དོན་ལ་གཉེར། །དེ་དོན་རྟོགས་ཐབས་མཐུན་དཔེ་ནི། །ནམ་མཁའི་མཚན་ཉིད་དངོས་པོ་མེད། །དེ་དང་འདུ་ཕྱིར་སྤྲོས་མེད་པས། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ནམ་མཁའི་མཚན་ཉིད་གཟུང་དུ་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་འགྲོ་འོང་མེད། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ནམ་མཁའི་མཚན་ཉིད་འདུ་འབྲལ་མ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཡུལ་དུ་སྣང་། །ནམ་མཁའ་བརྟག་ཏུ་མེད་པ་ཙམ། །ཆོས་ཉིད་བརྟགས་པས་ཡོན་ཏན་གཏེར། །ནམ་མཁའ་སོང་བ་མེད་པ་སྟེ། །ཆོས་ཉིད་མྱ་ངན་འདས་པར་སོང་། །ནམ་མཁའ་འགག་པ་མེད་པ་སྟེ། །ཆོས་ཉིད་ངང་དུ་ལོག་རྟོག་འགགས། །ནམ་མཁའ་ཅིར་ཡང་མ་གྲུབ་སྟེ། །ཆོས་ཉིད་བདེ་བ་ཆེན་པོར་གྲུབ། །ནམ་མཁའ་མེད་པའི་མེད་པ་སྟེ། །ཆོས་ཉིད་ཡོད་པའི་ཡོད་པའོ། །ནམ་མཁའ་ཆད་པའ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ལ་དཀར་བ་སྟེ། །རྒྱུ་སྐར་ཚེས་གྲངས་དུས་ཚོད་འཛིན། །ལོ་དང་ཟླ་བ་འཕེལ་འགྲིབ་ཅན། །རྒྱུ་འབྲས་ཆོས་ཀྱང་དེ་བཞིན་ནོ། །སྐར་མ་མ་འདྲེས་ཡོངས་རྫོགས་པས། །བར་སྣང་ལམ་ལ་ཤུགས་ཀྱིས་འགྲོ། །རྙོག་མེད་ཆུ་ལ་གཟུགས་བརྙན་འབྱུང་། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །རྒྱ་མཚོ་གཏིང་ཟབ་འཕེལ་འགྲིབ་མེད། །སྲོག་ཆགས་བྱིངས…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཀུན་ལ་ཁྱབ། །དེ་ཕྱིར་རིན་ཆེན་སྙིང་པོ་བླངས། །ཆོས་ཉིད་སྙིང་པོ་དེ་བཞིན་ནོ། །པདྨ་སྐྱེ་ས་འདམ་ཡིན་ཀྱང་། །ཁ་དོག་དབྱིབས་ནི་ཇི་ལྟར་ཡང་། །ཉེས་པས་མི་གོས་གསལ་ལ་འཚེར། །ཆོས་ཉིད་ངོ་བོ་དེ་བཞིན་ནོ། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །ཏིལ་ལ་མར་གྱི་རྒྱུན་གནས་ཁྱབ། །རྩོལ་བའི་རྐྱེན་གྱིས་མར་ཁུ་འབྱུང་། །སེམས་ཅན་ཀུན་ལ་གནས་པ་ཡིན། །ར…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཡེ་ཤེས་རིག་པ་རྒྱུན་དུ་གནས། །དེ་ཕྱིར་ཆོས་ཉིད་ཁྱད་པར་འཕགས། །ཟླ་བ་གསལ་ཞིང་བསིལ་ཀྱང་ནི། །འཕེལ་འགྲིབ་ཡོད་ཕྱིར་མི་རྟག་པ། །རང་བྱུང་ཡེ་ཤེས་འགྱུར་མེད་ཕྱིར། །ཆོས་སྐུའི་ངོ་བོ་ཁྱད་པར་འཕགས། །སྐར་མ་མ་འདྲེས་ཡོངས་རྫོགས་ཀྱང་། །རི་རབ་འཁོར་ཕྱིར་ཆོས་ཉིད་མིན། །རང་རིག་འགྲོ་འོང་མེད་པར་གནས། །དེ་ཕྱིར་ཆོས་སྐུ་ཁྱད་པར་འཕགས། །ད…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      པ་ཡང་། །ཞེན་པའི་ཆགས་པས་ཡེ་ཤེས་མེད། །ལུང་ལྡན་བླ་མས་དོན་བསྟན་ན། །ཞེན་པའི་དོན་ཤེས་ཁྱད་པར་འཕགས། །ད་ཡང་འདུས་པའི་སྙིང་པོ་ཉོན། །ཆུ་ཤེལ་གཟུགས་བརྙན་གསལ་གྱུར་ཀྱང་། །ཁ་དོག་རྐྱེན་གྱིས་འགྱུར་ཕྱིར་འཁྲུལ། །ཆོས་སྐུ་ཕྱི་ནང་མེད་པར་ནི། །འགྱུར་མེད་གསལ་བས་ཁྱད་པར་འཕགས། །བཻ་ཌཱུར་ཁ་དོག་གསལ་དྭངས་ཀྱང་། །འཁྲུལ་བློ་ཡིན་ཕྱིར་བཏ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཡེ་ཤེས་ཡིན། །བེམ་པོ་བྱ་བའི་མིང་མེད་དོ། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐུན་མོང་དཔེ་ལས་དོན་ཁྱད་པར་དུ་འཕགས་པར་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ། །སྡོམ་དུ་བསྡུས་ཏེ་བསྟན་པ་བཅུ་པའོ།། །།དེ་ནས་འདུས་པའི་སྙིང་པོ་ཡི། །དད་ལྡན་འཁོར་གྱི་དོན་ཆེད་དུ། །ཀུན་རིག་སེམས་ཀྱི་རྒྱལ་པོ་ལ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      སྟེ། །དེ་ལས་འགྱུར་མེད་སངས་རྒྱས་ཐུགས། །ཡེ་ཤེས་ལུས་ཅན་ཆོས་ཀྱི་སྐུ། །དེ་ལྡན་སྣང་བ་ཡུལ་རྣམས་ལ། །ཞེན་མེད་རང་བྱུང་ཡེ་ཤེས་གསལ། །རྣམ་པར་སྣང་མཛད་དགོངས་པར་འདུས། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །དཔེ་ནི་ཀུན་དཔེ་ནམ་མཁར་འདུས། །དོན་ནི་ཀུན་འདུས་ཆོས་སྐུར་འདུས། །རྟགས་ནི་བྱང་ཆུབ་སེམས་སུ་འདུས། །གཏན་ཚིགས་རང་བྱུང་སྙིང་པོར་འད…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      ཆེན་ལྔ་ཡིས་བླ་མ་སྟེ། །འདོད་ཡོན་ལ་སོགས་རྣམ་ལྔ་ནི། །ཚིག་དང་ཡི་གེར་མི་མཚོན་པ། །ལྡེམ་དགོངས་རང་གི་ངོ་བོར་ནི། །སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན། །རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་ཀྱི་དགོངས་པ་ཆོས་ཀུན་བླ་མ་དམ་པའི་གདམས་ངག་ཏུ་འདུས་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། …
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      གཞི་སེམས་རིག་པའི་ཡེ་ཤེས་ནི། །གཅིག་པ་མ་ཡིན་ཁྱད་པར་ཆེ། །དེ་དོན་ངས་བཤད་ལེགས་པར་ཉོན། །འཁོར་འདས་གཉིས་ཀྱི་ངོ་བོ་དང་། །དེ་ལས་བསྐྱེད་པའི་ཆོས་རྣམས་ནི། །དེ་ཙམ་ཉིད་ན་ངང་གིས་སྟོང་། །གཞི་ལ་གཉིས་མེད་ནམ་མཁའ་འདྲ། །ད་ཡང་འཁོར་གྱི་སྙིང་པོ་ཉོན། །མ་རིག་སྐྱེད་པ་གཏི་མུག་ཡིན། །དེ་ཕྱིར་འཁོར་བའི་རྩ་བ་སྟེ། །ཉོན་མོངས་བག་ཆགས་སྐ…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      དེ་ནས་འདུས་པའི་འཁོར་རྣམས་ལ། །ཀུན་རིག་སྟོན་པ་ཆོས་རྗེ་ཡིས། །དཔེ་དང་དོན་དུ་བཀའ་སྩལ་པ། །དཔེར་ན་ཝཱ་ར་ཎཱ་སིའི་རས། །ཚོན་གྱིས་སོ་སོར་བསྒྱུར་བྱས་པར། །ཁ་དོག་སྣ་ཚོགས་ཅིར་ཡང་སྣང་། །རས་སུ་དབྱེར་མེད་ངོ་བོ་གཅིག །དེ་བཞིན་སེམས་ཀྱི་རྣམ་རྟོག་པ། །ཡུལ་དབང་རྐྱེན་གྱིས་སོ་སོར་སྣང་། །སྣང་ཡུལ་འཁྲུལ་པའི་སེམས་སུ་འདུས། །དེ་ཕྱིར…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      སྨན་གྱི་མཆོག །དེ་བཞིན་འདོད་ཆགས་ཞེ་སྡང་ཡང་། །ཉོན་མོངས་རང་སར་གྲོལ་ཙམ་ན། །དེ་ནི་རང་བྱུང་ཡེ་ཤེས་ཡིན། །སྨན་གྱི་རྒྱལ་པོ་བཅུད་ལེན་བཞིན། །ཐབས་ལ་མི་མཁས་བཟའ་ཉེས་ན། །ཧ་ལ་ནག་པོའི་དུག་དང་འདྲ། །རང་ལ་གནས་པའི་ཆོས་ཀྱིས་ཀྱང་། །ལུང་དུ་མེད་པའི་དབང་ཡོད་ཚེ། །འདོད་ཆགས་ལ་སོགས་དུག་ལྔ་ཡིན། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །ས་འོག་…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      བྱིང་རྒོད་མེད་པའི་ཏིང་འཛིན་གསལ། །ཆེད་དུ་མི་བསྒོམ་རང་ལུགས་ཙམ། །དེ་ཕྱིར་ཡེངས་མེད་ཉམས་དང་ལྡན། །མ་བསྲུངས་འབྲལ་མེད་དམ་པའི་མཆོག །མི་འདའ་ཆོས་ཉིད་དམ་ཚིག་སྟེ། །སངས་རྒྱས་ཀུན་གྱི་ཐུགས་དམ་ཡིན། །ཕྲིན་ལས་རྩོལ་དུ་མེད་པ་སྟེ། །གང་ཡང་རུང་བ་ཅི་ལ་ཡང་། །མ་ཆགས་མི་གཡོ་ཕྲིན་ལས་ཡིན། །ལུས་ངག་བྱ་བའི་ལས་མི་དགོས། །སྤྱོད་པ་བླང་ད…
      DNG002 · རྩོམ་མཁན།
      རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད།
      བུ་ཅི། །ཀུན་རིག་རྒྱལ་པོས་བཤད་དུ་གསོལ། །དེ་སྐད་ཞུས་པའི་དོན་གསན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། །དང་པོ་འཁོར་འདས་བར་དོ་ལ། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །རང་བྱུང་ལུས་ལ་རིག་པའི་ཐུགས། །འཁོར་འདས་མེད་ཕྱིར་གཞི་ཉིད་མིན། །ད་ཡང་རྡོ་རྗེ་སེམས་དཔའ་ཉོན། །གཞི་ལ་སངས་རྒྱས་མེད་པའི་ཕྱིར། །ལུང་ལྡན་གདམས་ངག་བསྟན་པ་མེད། །དེ་ཕ…