Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 417 of 500
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      སྐུ་ཕྱག་རྒྱ་ཆེན་མོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀྱི་མཚན་ཉིད་རབ་སྡུད་པ། །ཀུན་སྡུད་གསང་བའི་མཚན་ཉིད་ཅན། །མ་གཡོས་དབྱིངས་ལས་ཐམས་ཅད་སྡུད། །སྐྱོན་མེད་དྲི་བྲལ་གདོད་ནས་དག །སྡུད་ཅིང་གསང་བའི་མཚན་ཉིད་ཡིན། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །སྡུད་པའ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      སེམས་དཔའི་ཐུགས་མ་གཡོས་པ་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། རབ་ཏུ་བསྐྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཆེད་དུ་བརྗོད་པ་འདི་གསུངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། ཆོས་སྐུའི་དབྱིངས་ནས་ཐམས་ཅད་འབྱུང་། །མ་བཅོས་དབྱིངས་ལས་མ་གཡོས་པ། །དྲི་མེད་གསང་བའི་ཡི་གེར་ཤར། །ཞེས་…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། །ཀྵིཾ་ཧི་རཱ་ཛ་ཡ། འདི་ཕྱུང་མ་ཐག་ཏུ་སའི་སྙིང་པོའི་སྐུ་ཕྱག་རྒྱ་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟས་ནས་འདི་སྐད་ཅེས་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །དངོས་མེད་དག་པའི་བྱང་ཆུབ་སེམས། །སྙིང་པོ་ཉིད…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འཛིན་ལ་སྙོམས་པར་ཞུགས་ནས་གསང་བའི་སྙིང་པོ་འདི་ཕྱུང་ངོ་། །གཱ། འདི་ཕྱུང་མ་ཐག་ཏུ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། བདུད་རྩིའི་རྒྱུན་ཞེས་བྱ་བ་ལ་གནས་པར་མཛད་དོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། །ཧྲཱྀཿཧ་ཧཱུཾ་པདྨ་པཱ་ད་མ། འདི་ཕྱུང་མ་ཐག་ཏུ་ས…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      པར་གྱུར་ཏོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས། སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། །མཻ་དྷ་ར་ཎི་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་བྱམས་པའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཀུན་གྱི་དངོས་གཞི་དམ་པ་ལས། །ཁམས་གསུམ་སེམས་ཅན…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      རཱ་ཛཱ་ཡ་སྭཱ་ཧཱ། འདི་ཕྱུང་མ་ཐག་ཏུ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཀུན་དག་པ་བདག་མེད་པ། །དྲི་མ་མེད་ཅིང་གསལ་བའི་དངོས། །དེ་རྟགས་སྐུ་རུ་ཡོངས་རྫོགས་པའོ། །ཞེས་གླེངས་ཏེ་ནུབ་བྱང་མཚམས་ཀྱི་ངོས་སུ་བཅོམ་ལྡན་འདས་ལ་ཕྱོག…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཨཱཾ་ནཱིརྟི་རཱ་ག་ཡཱ་མི། འདི་ཕྱུང་མ་ཐག་ཏུ་ལཱ་སྱེ་མ་དང་། མཱ་ལེ་མ་དང་། གཱིརྟི་དང་། ནཱིརྟི་རྣམས་སྐུ་ཆ་ལུགས་དང་རྒྱན་ཡོངས་རྫོགས་སུ་འཐོན་ཏེ་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཉིད་ལས་ཐམས་ཅད་བྱུང་། །ཇི་ལྟར་མཛེས་ཤིང་མཉེས་པ་དང་། །ཇི་ལྟར་སྣང་རྟགས་སྐུ་རུ་རྫོགས། །ཞེས་གླེངས་ཏེ་སའི་སྙིང་པོ་དང…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཐུགས་ཀྱི་གསང་བ་ལས། རིག་པའི་སྔགས་འདི་ཕྱུང་ངོ་། །ཡ་མཱན་ཏ་ཀྲྀཏ་ཕཊ། བིགྷྣཱཾ་ཏ་ཀྲྀཏ་ཕཊ། པདྨཱནྟ་ཀྲྀཏ་ཕཊ། པྲཛྙཱནྟ་ཀྲྀཏ་ཕཊ། འདི་ཕྱུང་མ་ཐག་ཏུ་འཇོམས་པ་ཆེན་པོ་རེག་ཤེས་དང་། འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་མཐར་བྱེད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པར་འཐོན་ཏེ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། སོ་སོའི་མཚན་ཉིད་ཀྱི་བྱེ་བྲག་ལ་གནས་པར་གྱུར་ཏོ། །དེ་ནས་ཡང་གསང་བ་མཆོག་གི་བདག་པོ་དེས་སྐུ་གསུང་ཐུགས་ཀྱི་གསང་བ་ལས་རིག་པའི་སྔགས་འདི་ཕྱུང་ངོ་། །ཨཱོཾ་མུ་ནེ་ཀྲིཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་སྲུཾ་སྭཱ་ཧཱ། ཨཱོཾ་མུ་ནེ་བྲཾ་སྭཱ་ཧཱ། ཨཱོཾ་མུ་ནེ་ཀྵཾ་སྭཱ་ཧཱ། ཨཱོཾ་མུ་ན…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཨེ་མ་ཧོ་སངས་རྒྱས་བཅོམ་ལྡན་འདས། །དཀྱིལ་འཁོར་རྣམས་ཀྱི་དེ་ཉིད་དོན། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དང་། །མ་བཅོས་སྙིང་པོའི་དོན་རྣམས་ཀུན། །བདག་ཅག་འཁོར་ལ་བཤད་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་གསང་བ་མཆོག་གི་བདག་པོ་དེས། རྡོ་རྗེ་ཆོས་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག །ཁྱོད་ཀྱིས་ཞུམས་པའི་སེམས་མ་ཡིན་པར། སྤོབས་པ་བསྐྱེ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      རྣམས་ཀྱིས་བསྐུལ་བ་ཐུགས་སུ་ཆུད་དེ་འཁོར་གྱི་བྱང་ཆུབ་སེམས་དཔའ་བློ་དམན་པ་གྲངས་མེད་པ་བྱིན་གྱིས་བརླབས་ནས་སྣོད་དུ་རུང་བར་བྱས་སོ། །དེ་ནས་ཡང་རྡོ་རྗེ་ཆོས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གླེངས་སོ། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །གསུང་མཆོག་བཀའ་ནི་དྲི་མ་མེད། །བདག་ཅག་འཁོར་ཚོགས་མ་འཚལ་ན། །བདེ་བར་གཤེགས་པས་…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      རབ་ཏུ་མི་རྟོག་གནས་མེད་པའོ། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་མི་བསྐྱོད་པས། བྱང་ཆུབ་སེམས་རྟོགས་པའི་ཚད་འདི་གསུངས་སོ། །ཨེ་མ་ཧོ་བདེ་གཤེགས་བཅོམ་ལྡན་འདས། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས། །དམིགས་པ་མེད་ལས་ཐམས་ཅད་བསྐྱེད། །དེ་རྫོགས་སྔགས་ཀྱི་དོན་རབ་གསལ། །བྱང་ཆུབ་སེམས་རྫོགས་བདེ་བའི་གནས། །གཟུང་འཛིན་རྣམ་སྤངས…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཤར་བ་ཉིད་ན་བརྗོད་དུ་མེད། །བརྗོད་མེད་ངང་ལས་ཐམས་ཅད་གསལ། །གསལ་བའི་བྱེ་བྲག་ཐམས་ཅད་གསལ། །གསལ་བའི་བྱེ་བྲག་སོ་སོར་འབྱུང་། །དེ་ལས་ཐམས་ཅད་ཉོན་མོངས་མེད། །དྲི་མེད་རྣམ་དག་རྒྱལ་བའི་སྐུ། །རྣལ་འབྱོར་བློ་ལྡན་གྱིས་བསྒོམས་འགྲུབ། །ཅེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པས། བྱང་ཆུབ་ཀྱི་སེམས་རྟོགས་པའི་ཚད་འ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འཁོར་ཚོགས་ཞུ་བར་འཚལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་སྟོན་པ་གསང་བདག་གིས་རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས། སོ་སོར་རང་རང་དཀྱིལ་འཁོར་རྣམས། །རབ་ཏུ་ཉམས་དགའ་ཐོགས་མེད་བཤད། །རྣལ་འབྱོར་བློ་ལྡན་བརྩེ་ཕྱིར་རོ། །ལས་ཀྱི་བྱེ་བྲག་ཐམས་ཅད་དང་། །དངོས་གྲུབ་རབ་འབྲིང་ཐ་མ་རྣམས། །སློབ་དཔོན་བྱེད་པར་འདོད་པ་དང་། །བདེ་བར་གཤེགས་པའི་རྗེས་འ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཚིག་སྒོ་གསལ་ཞིང་ཁ་དོག་དམར། །པདྨ་ཅན་གྱི་ལས་ཀྱི་རིགས། །ཕྱི་ནང་ལས་རྣམས་ཐམས་ཅད་ལ། །ཤིན་ཏུ་མ་རྨོངས་དབང་ཡང་ཐོབ། །སྔགས་ལ་བརྩོན་ཞིང་ཤེས་རབ་གསལ། །ཕྱི་ནང་རྒྱུད་ཀྱི་ལས་རྣམས་ལ། །ལྷག་གམ་འོན་ཏེ་ཆད་ཀྱང་རུང་། །དེ་ཡི་དོན་རྣམས་མ་ནོར་སྐོང་། །ཕྲིན་ལས་རྣམ་བཞིའི་ལས་ལ་མཁས། །ལས་ཀྱི་དཀྱིལ་འཁོར་བྱ་བར་གསུངས། །ཡོན་ཏན་ཐམས་ཅད་ཀུ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བཤད། །ཕྱི་ནང་ཆོས་ལ་རྟག་ཏུ་དགའ། །ཕྲིན་ལས་རྣམ་བཞིའི་ལས་ལ་འགྲུས། །དཔའ་རྩལ་ཆེ་ཞིང་ལྷུན་ཡང་སྡུག །བཟོ་ལ་མཁས་ཤིང་རིག་པ་གསལ། །བླ་མ་དམ་པ་མཉེས་བྱེད་ཅིང་། །དགོངས་པ་ཐམས་ཅད་སྐོང་བྱེད་པ། །སྣ་ཚོགས་ལས་ལ་ཤིན་ཏུ་མཁས། །ལས་ཀྱི་རིགས་ཀྱི་སློབ་མར་རུང་། །ཡོན་ཏན་མཆོག་རྣམས་ཀུན་ཚང་ཞིང་། །མང་པོས་བཀུར་ཞིང་བསྔགས་པ་བརྗོད། །ལུས་མཛ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཚལ་ཆེན་པོ་གཏིབས་པ་དང་། །སྐྱེད་མོས་ཚལ་གྱིས་མཐའ་བསྐོར་དང་། །ཉམས་དགའ་ཤར་དུ་ཁ་བལྟས་དག །འཁོར་ལོའི་དཀྱིལ་འཁོར་བསྒྲུབ་པའི་གནས། །ཁ་དོག་རྣམ་པ་ལྔ་ཡོད་དང་། །རིན་ཆེན་སྣ་ལྔའི་དབྱིབས་འདྲ་བ། །ཡང་ན་རིན་ཆེན་ཟུར་བརྒྱད་དམ། །རིན་ཆེན་མྱུ་གུ་འདྲ་བའམ། །མཛེས་པའི་བྱ་སྐད་སྣ་ཚོགས་སྒྲོགས། །ལུང་པ་མཛེས་ཤིང་ཁ་དོག་སྔོ། །སྐྱེ་ཤིང་ལ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      ཆོ་ག་ཡོ་བྱད་མ་ཚོགས་ཀྱང་། །དངོས་གྲུབ་ཇི་ལྟར་འདོད་པ་རྣམས། །འགྲུབ་འགྱུར་འབྲས་བུ་ཐག་མི་རིང་། །གནས་དང་སློབ་མའི་མཚན་ཉིད་ནི། །ཆོ་ག་ཡོ་བྱད་ལྡན་གྱུར་ན། །མཁས་པས་རིམ་པ་བྱས་བསྒོམས་ན། །དངོས་གྲུབ་འབྲས་བུ་མྱུར་འགྲུབ་ཅེས། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པས། །ཀུན་གྱི་མཚན་ཉིད་བཤད་པ་ཡིན། །དངོས་པོའི་ཆོས་ལ་དད་པ་དང་། །མཚན་…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      བྱས་རྒྱན་གྱིས་སྤྲས། །བྱིན་དང་ལྡན་པས་དབང་བསྐུར་བྱ། །དེ་དག་རྣལ་འབྱོར་གཡོན་དུ་བཞག །ཚད་ལྡན་རྡོ་རྗེ་སྲད་བུ་ལ། །དེ་ལྡན་དབང་བསྐུར་བྱིན་བརླབས་ནས། །ཐིག་གི་བྱེ་བྲག་དཀྱིལ་འཁོར་གཞུང་། །ཇི་ལྟར་འོས་པར་ཐིག་གདབ་བརྩམ། །དེ་རྗེས་དྲི་ཡི་ཐིག་ལེ་བྱ། །སོ་སོའི་ཕོ་བྲང་གདན་དུ་བརྩིག །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །མཆོད་བསྟ…
      DNG013 · རྩོམ་མཁན།
      ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
      འཛིན། །བར་བ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་རིན་ཆེན་མྱུ་གུའོ། །གཡོན་དང་དྲིལ་བུ་དཀུ་ལ་བརྟེན། །བར་བ་པདྨ་ཁ་འབུས་བསྣམས། །ཐ་མ་རྡོ་རྗེ་རྒྱ་གྲམ་མོ། །ཞབས་ནི་བརྐྱང་བསྐུམ་ཚུལ་དུ་བཞུགས། །གཡས་སུ་རིན་ཆེན་འབྱུང་ལྡན་ཏེ། །མཱ་མ་ཀཱི་དང་གཉིས་སུ་མེད། །རྫུ་འཕྲུལ་རྟ་ཡི་ཁྲི་སྟེང་ན། །ཉི་ཟླ་པདྨ་རིན་པོ་ཆེ། །དེ་སྟེང་ཡབ་ཡུམ་ཡང་དག་བཞུགས…