Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 419 of 500
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
བྱང་ཆུབ་ཤིང་གི་དྲུང་། །ལ་ལར་རྡོ་རྗེ་གདན་ལ་གཤེགས། །ལ་ལར་ཆོ་འཕྲུལ་ཆེན་པོར་སྟོན། །ལ་ལར་རྣམ་པ་བཅུ་གཉིས་སུ། །ལན་གསུམ་དག་ཏུ་འཁོར་ལོ་བསྐོར། །ལ་ལར་མྱ་ངན་འདས་པར་སྟོན། །ལ་ལར་སྐུ་གདུང་དག་ཏུ་སྟོན། །ལ་ལར་སྤྲུལ་པའི་མཆོད་རྟེན་སྟོན། །ལ་ལར་ཆོས་ཀྱི་གླེགས་བམ་སྟོན། །ལ་ལར་རྟེན་བཅས་སྐུ་ཡིས་སྟོན། །ལ་ལར་འབྱུང་བའི་སྒྲ་སྐད་ལ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
བའི་ཐེག་པའི་ཡང་རྩེ་ལ། །སུ་ཞིག་དད་ཅིང་མོས་གྱུར་ན། །དེ་ཡིས་ལས་རྣམས་ཐམས་ཅད་འགྲུབ། །མི་བྱ་བ་ནི་གང་ཡང་མེད། །མི་བསྲུང་བ་ནི་གང་ཡང་མེད། །ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མི་ཚངས་པར་ཡང་སྤྱད་པར་བྱ། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །ཚིག་རྩུབ་པ་ཡང་སྨྲ་བར་བྱ། །རིན་ཆེན་རིགས་སུ་ངེས་པར་སྐྱེ། །ཕ་དང་ཁུ་བོ་རྟག་ཏུ་བསད། །མེས་པོ་…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
པ་རྣམས། །འདི་ལ་གནས་པར་མ་བྱེད་ཅིག །འདི་ཉིད་བྱང་ཆུབ་སྤྱོད་པའི་གནས། །གང་ལ་ཡོད་པ་བརྒྱད་དུ་ཤེས། །གང་ལ་ཅི་འདྲའི་དེ་ཉིད་སྲིད་པ་ཡིན། །རྣམ་བཞི་བྱེ་བྲག་དྲུག་ལས་བརྒྱད་དཀྱིལ་ན། །གང་ལ་སྙོམས་འཇུག་དེ་ལ་ཡོད་པ་ལ། །དེ་ལ་དེ་ཡོད་དེ་ལ་བལྟ་བར་བྱ། །གང་ལས་བྱུང་བ་དེ་ལས་བྱུང་བ་ཡིན། །དེ་ལས་དེ་བྱུང་དེ་ཉིད་ཁོ་ནའོ། །གསང་བའི་ཤེས་…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
པས། །དེ་ལྟར་དངོས་མེད་དངོས་དང་བྲལ། །ཇི་ལྟར་སྤྱོད་ཅིང་བལྟས་པ་རྣམས། །གཉིས་མེད་དོན་ལས་གཡོས་པ་མེད། །དམྱལ་བ་ཡི་དྭགས་བྱོལ་སོང་རྣམས། །འདི་ཡི་སྡུག་བསྔལ་བྱང་ཆུབ་ལ། །དེ་ཡི་གནས་ཉིད་བླ་མེད་གནས། །ཁམས་གསུམ་འཁོར་བ་མྱ་ངན་འདས། །ལུས་ཀྱི་སྒྲིབ་པ་མངོན་སངས་རྒྱས། །འདི་ཞེས་བྱ་བར་བསྟན་པ་ནི། །ངས་ཀྱང་བསྟན་དུ་ཡོད་མ་ཡིན། །རང་རང…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
གཤེགས་ཀུན་མཛད། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །གདུག་པའི་ང་རྒྱལ་ཞི་བར་འགྱུར། །དེ་ཕྱིར་འཁོར་རྣམས་བསྡུ་བར་མཛོད། །ཅེས་གསོལ་པ་དང་། བཅོམ་ལྡན་གསང་མཆོག་དགྱེས་བདག་གིས། །རྡོ་རྗེ་ཆོས་ཀྱི་ཚིག་གསན་ནས། །ཧཱུཾ་ཞེས་བརྗོད་དེ་རབ་ཏུ་བསྡུས། །རིགས་ལྔ་ལ་སོགས་འཁོར་རྣམས་ཀུན། །ཐུགས་ཀར་བསྡུས་ཏེ་མི་སྣང་མཛད། །ཧཱུཾ་ཞེས་བརྗོད་དེ་གཞ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
ཀ་ནས། མ་བཏོན་ཏེ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཞེས་བརྗོད་པས། ཁྲག་གི་རྒྱ་མཚོའི་གཏིང་མཐའ་མེད་པ། ཡུམ་མཱ་མ་ཀཱིའི་མཁའ་ཟླུམ་པོ་སྟེ། སྡུག་བསྔལ་དབང་དུ་བསྡུས་ནས་གཉིས་སུ་མེད་པའི་རང་བཞིན་དུ་མཛད་དོ། །དེ་ནས་ཡང་ཉིད་ཀྱི་ཐུགས་ཀ་ནས་སུཾ་བཏོན་ཏེ། སུཾ་ས་མ་ཡ་ཧཱུཾ། ཞེས་བརྗོད་པས། འབྱུང་བ་སའི་རང་བཞིན།ཡུམ་སངས་རྒྱས་སྤྱན་གྱི་མཁའི་རང་བཞིན…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
གསུམ་གྱི་དྲེགས་པ་སྟོན་པའི་དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་པོ་དང་། ཁྱབ་འཇུག་རྣམས་རང་རང་གི་མཐུ་སྟོབས་སྟོན་ཅིང་རབ་ཏུ་ཁྲོ་གཏུམ་མོ། །དེ་ནས་འཇིགས་བྱེད་ཀྱི་བདག་པོ་བཛྲ་ཀཱི་ལ་ཡ།ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། སརྦ་བིགྷྣཾ་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊཿཞེས་བརྗོད་པས། སྐུ་གསུང་ཐུགས་ལས་ཕྱུང་བའི་ཁྲོ་བོ་དེ་དག་…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ཕུར་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་ཐོན་ཏོ། །ཨོཾ་བུཌྜྷ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཾ་ཧཱུཾ་ཕཊ། ཨོཾ་ཀར…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
འབར་བའི་དཀྱིལ་འཁོར་ནས། །རཏྣ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །ཡོན་ཏན་སྐུ་ལ་འོད་ཕུང་དབྱིངས་སུ་ཐིམ། །སྲོག་གཅོད་ལོག་པར་ལྟ་བའི་སྙིང་ལ་ཐོབ། །ཧཱུཾ་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གསུང་མཆོག་བསྒྲགས་ནས་འགྲོ་བ་མ་ལུས་འདུལ། །ཕྲ་མ་མ་བྱིན་ལེན་པའི་སྙིང་ལ་ཐོབ། །ཧཱུཾ་མཐིང་ནག་གྲུ་གས…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
ཡང་དུ་འཁོར། །འདི་ལྟའི་སེམས་ཅན་ཉོན་མོངས་ལ། །འདི་ལྟའི་རྫུ་འཕྲུལ་བསྟན་པ་མཚར། །འདི་ལྟའི་ཆོ་འཕྲུལ་ངོ་མཚར་ཆེའོ། །དེ་ཡི་རྗེས་སུ་བསྒྲུབ་པ་ཡིས། །དཀྱིལ་འཁོར་དམ་པ་ཇི་ལྟར་བསྒོམས། །དྲེགས་པའི་མ་དང་བུ་མོ་དང་། །ཆུང་མ་དབང་དུ་མི་འཚལ་ལམ། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡས་བཀའ་སྩལ་པ། ཉོན་ཅིག་ཀརྨ་ཧེ་རུ་ཀ །རྗེས་ས…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
ཕྱག་དྲུག་ཞབས་བཞིར་བགྲད། །དུར་ཁྲོད་ཆས་ཀྱིས་ལེགས་པར་བརྒྱན། །གདུག་པའི་ལག་ཆ་སྣ་ཚོགས་བསྣམས། །གཤོག་པ་རྡོ་རྗེ་འབར་བས་གཏམས། །སྐུ་སྟོད་རྡོ་རྗེའི་གོ་ཆ་དང་། །ཞིང་དང་གླང་ཆེན་ཀོ་རློན་མནབས། །སྐུ་སྨད་སྟག་ལྤགས་ཤམ་ཐབས་ཅན། །བྲང་གིས་འགྲོ་བ་ཆེན་པོས་བརྒྱན། །དེ་དག་ཡབ་ཡུམ་རོལ་པ་ལས། །བྱང་ཆུབ་སེམས་ལས་བྱུང་བའི་འཁོར། །ཕག་དང་ས…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
འཁོར་གྲངས་མེད་པ་དང་བཅས་ནས། བཛྲ་ཀཱི་ལ་ཡའི་ཐད་དུ་ཡུད་ཙམ་གྱིས་འདུས་སོ། །འདུས་ནས་ཀྱང་མཁའ་གཅིག་ཏུ་བཅུག་སྟེ། སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧ་ཧ་ཞེས་བརྗོད་པས། གཽ་རཱི་མ་དང་། ཙཽ་རཱི་མ་དང་། པྲ་མོ་ཧཱ་དང་། བེཏྟཱ་ལཱི་དང་། པུཀྐ་སཱི་དང་། གྷསྨ་རཱི་དང་། སྨ་ཤ་ནཱི་དང་། ཙཎྜ་ལཱི་ལ་སོགས་པ་རེ་རེ་ལ་ཡང་འཁོར་གྲངས…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
བཅུ་གཉིས་ཀྱི་མདོ་ལས་གདུག་པ་ཅན་བཏུལ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་དགྱེས་པ་ཆེ། །འདི་བསྒྲུབ་འཚལ་བའི་རྣལ་འབྱོར་པས། །གནས་ནི་གང་དང་གང་དུ་བགྱི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །བྱེ་བྲག་རྣམས་ནི་ཇི་ལྟར་ལགས། །ཞེས་གསོལ་པ་དང་། དེ་ནས་སྟོ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
གྲོག་པོ་ངན་པ་གཏིང་ཟབ་དང་། །སྟག་གི་སོ་འདྲ་སྦྲུལ་གྱི་ལྕེ། །སྡིག་པའི་རྭ་འདྲ་ཆུ་སྲིན་ཁ། །བན་གླང་སྣ་འཐབ་བྲག་ཆུའི་བར། །རྐང་གཅིག་ཤིང་དང་མ་རུངས་པ། །འདི་ནི་སྲས་མཆོག་བསྒྲུབ་གནས་ཡིན། །གསད་པའི་གནས་སུ་བསྟན་པ་ནི། །སྔོན་ཆད་ལྷ་མི་ཕུང་ས་དང་། །གཡུལ་བཀྱེ་བ་དང་མཚོན་དུམ་དང་། །བསད་བཅད་ས་དང་མ་རུངས་འདུས། །སྲིན་པོ་བསྒྲལ་བའི…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
དབུས་སུ་དྲག་པོ་གྲུ་གསུམ་བྲི། །ཐ་མར་ཚོན་གྱི་འཁོར་ལོ་བརྒྱད། །གྲུ་ཆད་བཞིས་ནི་རབ་ཏུ་བརྒྱན། །སྒོ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །དབུས་སུ་དྲེགས་པའི་གདན་དག་དང་། །ཕྱོགས་སྐྱོང་གདན་དང་པདྨར་ལྡན། །ཉི་ཟླ་བཞི་རྣམས་གསལ་བྱས་ནས། །དང་པོ་སྔགས་ཀྱི་བདག་པོར་བསྐྱེད། །དེ་བཞིན་བརྒྱ་དང་བརྒྱད་དུ་བསྟ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
མགོ་ཅན་བསྐྱེད་པར་བྱ། །བྱང་སྒོར་ཉི་མའི་གདན་ལ་ནི། །ཁྲ་ཡི་མགོ་ཅན་བསྐྱེད་པར་བྱ། །ལས་ཀྱི་ལྷ་རྣམས་རིམ་བཞིན་དགོད། །རྫས་སུ་དགོད་པར་བྱ་བ་ནི། །བྷནྡྷ་བུ་ག་གཅིག་ནང་དུ། །དབང་པོ་ལྔ་རྣམས་བླུགས་པ་ནི། །བདག་པོ་ཡབ་ཡུམ་མཚན་མར་བཞག །ཡན་ལག་བཞི་ཡི་ནི་སག་བཅུ། །ཁྲོ་རྒྱལ་ཡབ་ཡུམ་རྣམས་ཀྱི་རྫས། །ཡན་ལག་བཞི་ཡི་མཚན་མ་ནི། །སྒོ་བ་རྣམ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
སུ་དྲེགས་པའི་གདན་ལ་ནི། །གཤིན་རྗེའི་གཤེད་པོ་ཡབ་ཡུམ་བསྐྱེད། །གཡས་སུ་སྔགས་ཀྱི་བདག་པོའོ། །ཡོན་ཏན་དཀྱིལ་འཁོར་དམ་པ་ནི། །ང་རྒྱལ་འཇོམས་པའི་ཕུར་བུ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་རིགས་ཞེས་བྱ། །ལས་ཀྱི་དཀྱིལ་འཁོར་དམ་པ་ནི། །དང་པོ་ཚད་མེད་སྙིང་རྗེ་བསྐྱེད། །བྱང་ཆུབ་སེམས་ལ་དགའ་བ་ནི། །སྔོན་དུ་འགྲོ་བའི་ལམ་མཆོག་ཡིན། །སྒྲུབ་…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
པའི། །སྟོབས་ཆེན་ཡབ་ཡུམ་བསྒོམ་པར་བྱ། །སྒོ་མ་ཡན་ཆད་གཞན་བཞིན་གསལ། །ཧཱུཾ་བསྒྲིལ་ལྔ་དང་ཉི་ཟླ་དང་། །ཕྱག་མཚན་འོད་དང་བཅས་པ་ལྔ། །སོ་སོར་རྟོག་པ་མེ་ལོང་དང་། །མཉམ་ཉིད་ཡེ་ཤེས་ཆོས་དབྱིངས་དང་། །བྱ་བ་ནན་ཏན་ཡེ་ཤེས་ལྔ། །ཡོངས་སུ་རྫོགས་པའི་སྐུ་རུ་བརྟག །ལས་ཀྱི་དཀྱིལ་འཁོར་དམ་པ་ཡི། །ཐུགས་ཀྱི་རིགས་ལས་བྱུང་ཞེས་བྱའོ། །དཀྱིལ་…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
གམ་ཅན་ལ་དངོས་གྲུབ་སྩོལ། །ཧཱུཾ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བདག་ལ་བྱིན་གྱིས་བརླབ་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུཾ་འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་ཆེ། །སེམས་ལ་བརྗོད་མེད་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལགས། །ཧཱུཾ་སྲིད་གསུམ་འཇོ…
DNG013
· རྩོམ་མཁན།
ཕུར་པ་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།
གཞུང་བཞིན་བྱ། །བདུད་རྩིས་མཉེས་ཕྱིར་མཆོད་དང་བླང་། །རཀྟས་མཆོད་ཕྱིར་སྦྲེང་བར་བྱ། །བསྙེན་འབུམ་གྲངས་ཀྱང་ཚང་བར་བྱའོ། །ཏིང་འཛིན་འོད་དང་སྐུ་ཡང་སྤྲོ། །བསྲེག་དང་རྡུལ་དུ་བརླག་པར་བསམ། །སྐུ་དང་ཁ་དང་སྙིང་གའོ། །ལྟེ་བར་བསམ་བྱ་སྙིང་པོ་བཟླས། །བདག་ཉིད་ཁྲོ་རྒྱལ་ཡིན་པའི་ཕྱིར། །སྐུ་ལས་འོད་ཟེར་འབར་བ་འཁྲུགས། །ཐིམ་དང་དབང་ཕྱ…