Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 424 of 500
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      གནག་ས་བོན་གནས། །རིགས་དྲུག་བསྐྱེད་ཅིང་འཕེལ་བར་བྱེད། །ལྷ་རྣམས་འདོད་པའི་ལོངས་སྤྱོད་བསམ་ཡས་ལ། །དཔག་བསམ་ཤིང་ལ་ལྟོ་གོས་རྩོལ་བ་བྲལ། །ལྷ་མིན་ལོངས་སྤྱོད་རྫས་ལ་རྣམ་སྤྱོད་པ། །རང་སྐལ་ལས་ཀྱི་དབང་གིས་རྣམ་པར་སྣང་། །མི་རྣམས་བཟའ་བཏུང་ལོངས་སྤྱོད་འདོད་ཡོན་ལྔ། །རྩོལ་བས་ལྟོ་གོས་བདེ་བ་ལྡན་པར་བསྒྲུབ། །དུད་འགྲོ་ལས་ཀྱི་རང་ག…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ལ་ཡོད་པས། །དེ་ཉིད་རྟོགས་པའི་སྐལ་བ་མི་ལྡན་ན། །འདི་ནི་རིགས་ཆད་གང་ཟག་ཡིན་ཞེས་བྱ། །རང་བཞིན་གཤིས་ཀྱི་དབང་པོ་རྣོ་བ་འམ། །ཡང་ན་སྦྱངས་པས་དབང་པོ་རྣོ་བ་རྣམས། །དམ་པའི་ཆོས་དེ་མཐོང་ནས་འཇུག་པ་ནི། །དབང་པོ་རྣོན་པོས་ཆོས་ཕྱིར་འབྲང་བ་ཡིན། །རང་བཞིན་གཤིས་ཀྱིས་དབང་པོ་བརྟུལ་བ་དང་། །མ་སྦྱངས་ལས་ངན་དབང་གིས་བརྟུལ་བ་ནི། །བླ་མའི…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      གྲངས་མཉམ་སྤྲུལ་པར་སྣང་། །མཐུན་པས་མཐུན་པ་འདུལ་མཛད་པ། །དེ་ལ་སྤྲུལ་པའི་སྐུ་ཞེས་བྱ། །དང་པོའི་སངས་རྒྱས་སར་འགྲོ་བ། །དེ་ཉིད་ཇི་བཞིན་རྡོ་རྗེ་འཆང་། །དེ་ཉིད་རང་སྣང་རང་རིག་པ། །མགོན་པོ་གཞི་ནས་རྫོགས་སངས་རྒྱས། །སེམས་ཅན་ལུས་ཀྱི་བྱ་བ་ཡིས། །ཚོགས་གཉིས་རྫོགས་ནས་སངས་རྒྱས་པ། །ལམ་སྦྱངས་རིག་པ་གྲོལ་གྱུར་པ། །རྟོགས་པ་མངོན་གྱ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      རྫོགས་པས། །ཆོས་ཀྱི་སྐུ་རུ་རབ་ཏུ་འགྲུབ། །མཚན་དང་དཔེ་བྱད་ཡང་དག་རྫོགས། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །མཚན་དང་དཔེ་བྱད་མི་དམིགས་སྤངས། །ཆོས་སྐུ་སྨྲ་བརྗོད་ཡུལ་ལས་འདས། །དྲི་མ་མེད་པའི་ཆོས་སྐུ་ལ། །གཞན་སྣང་རྟོག་པ་ཀུན་བྲལ་བས། །གཟིགས་པར་བྱ་བའི་ཡུལ་དང་བྲལ། །རང་སྣང་དགོངས་པ་རང་གསལ་མཁྱེན། །ཉན་ཐོས་རང་རྒྱལ་བྱང་…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བདེ་བར་གཤེགས་པ་ཉིད་ལ་ཉིད་འདི་བརྗོད་དོ། །མ་རྟོགས་པ་ཡི་སྣང་བ་ཉིད། །ལོག་པར་རྟོག་པའི་སྣང་བ་དང་། །འགྲོ་བ་ཞེན་པའི་སྣང་བ་དང་། །རྒྱུ་འབྲས་བློ་ཡི་སྣང་བ་དང་། །དབྱེར་མེད་ཀུན་བཟང་སྣང་བ་རྣམས། །རང་བཞིན་མ་ནོར་དོན་རྟོགས་ན། །ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད། །ཆོས་སྐུ་ཆེན་པོར་རང་གནས་པའོ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      སྣང་བ་ནི། །འཁོར་དང་མྱ་ངན་འདས་པའི་ཆོས། །མ་ལུས་རིག་པ་བྱང་ཆུབ་སེམས། །དབྱེར་མེད་ཐིག་ལེ་ཆེན་པོར་བཞུགས། །ཞེས་གསུངས་པས་སྣང་བའི་ཆོས་འཇིག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་འདི་སྐད་བརྗོད་དོ། །སྣང་བ་དབང་པོ་ཡུལ་རྣམས་ལ། །གཟུགས་སྒྲ་དྲི་རོ་རེག་བྱར་སྣང་། །མཆོད་པ་འདོད་ཡོན་རྣམ་ལྔས་བསོགས། །དབང་པོ་རབ་འབྲིང་ཐ་མ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      བལྟ་བ་ནི། །ལོག་པའི་ཐེག་པ་ལམ་དུ་ཞུགས། །འདུས་བྱས་ཐམས་ཅད་མི་རྟག་པ། །ཟག་པ་བཅས་རྣམས་སྡུག་བསྔལ་ཞིང་། །ཆོས་རྣམས་ཀུན་ལ་བདག་མེད་པས། །མྱ་ངན་འདས་པ་ཐམས་ཅད་ཞི། །འདི་ནི་ཆོས་རྟགས་ཕྱག་རྒྱ་བཞི། །འདི་འདོད་འདས་པའི་ཐེག་པར་བཤད། །སེམས་ཉིད་སངས་རྒྱས་རྒྱུད་ཤེས་པས། །རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། …
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      དཔའི་ཐེག་པ་ནི། །ཕ་རོལ་ཕྱིན་བཅུའི་ལམ་ཞུགས་པས། །ས་བཅུ་རིམ་གྱིས་བགྲོད་གྱུར་ནས། །བཅུ་གཅིག་ཀུན་ཏུ་འོད་ཀྱང་འཐོབ། །དུག་གསུམ་སྦྱངས་པའི་རིགས་གསུམ་པས། །རྡོ་རྗེ་འཛིན་པའི་ས་འཐོབ་འགྱུར། །རིགས་བཞི་ལྷ་འདོད་ཆ་གཉིས་འཛིན། །རིགས་བཞི་རྡོ་རྗེ་འཆང་སར་འགྲོ། །རིགས་ལྔ་བསྒོམས་པའི་རྣལ་འབྱོར་ནི། །སྟུག་པོ་བཀོད་པའི་ས་འཐོབ་འདོད། …
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      རྒྱུན་དུ་སྐྱེ། །རྡོ་རྗེའི་སྐུ་དང་མངོན་པར་བྱང་ཆུབ་སྐུ། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་ནི། །དབྱར་དགུན་སྟོན་དཔྱིད་ཉི་མའི་དཀྱིལ་འཁོར་ལྟར། །མ་བྱས་བྱེད་མེད་རང་བཞིན་ངང་གིས་སྣང་། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཐུགས་རྗེ་ནི། །བསྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བར་འགྱུར། །ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས། །ལྷན་ཅི…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      གསང་བ་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ནི། །ཐུགས་རྗེ་ཆེན་པོས་གཞན་དོན་དང་དུ་ལེན། །ཕྲིན་ལས་རྣམ་བཞིས་འགྲོ་དོན་རྫོགས་པར་མཛད། །བླ་མེད་རྣལ་འབྱོར་གསང་སྔགས་ནང་པ་ནི། །འདོད་ཆགས་ཆོས་ཉིད་དུ་ནི་སྦྱར་བྱས་ནས། །ཞེ་སྡང་སྙིང་རྗེ་ཆེན་པོའི་མཛད་སྤྱོད་ཀྱིས། །མཚམས་མེད་མནར་མེད་དམྱལ་བར་ལྷུང་བ་དང་། །དམ་ཉམས་རྡོ་རྗེ་དམྱལ་བར་སྐྱེ་…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      པ་དང་། །ལ་ལར་རབ་ཏུ་བྱུང་བ་དང་། །ལ་ལར་དཀའ་ཐུབ་མཛད་པར་སྣང་། །ལ་ལར་ཆོ་འཕྲུལ་བསྟན་པ་དང་། །ལ་ལར་སངས་རྒྱས་མཛད་པ་དང་། །ལ་ལར་བདུད་རྣམས་བཏུལ་བ་དང་། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་མྱ་ངན་འདས་པ་དང་། །ལ་ལར་སྐུ་གདུང་བགོད་པ་མཛད། །སངས་རྒྱས་མཛད་པ་བཅུ་གཉིས་ཀྱིས། །གདུལ་བྱ་མ་ལུས་འདུལ་བར་འགྱུར། །གཏི་མུག་རྨོངས་པའི་གད…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཡུལ་དང་ཉེ་བའི་ཡུལ་ཉིད་དེ། །ཚནྡོ་ཉེ་བའི་ཚནྡོ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས། །གནས་ཀྱིས་འདུལ་བར་དགོངས་པ་རྣམས། །ཧེ་རུ་ཀ་ཡི་གནས་བཅུར་བསྟན། །ལ་ལར་ཚངས་པའི་གཟུགས་སུ་སྟོན། །ལ་ལར་དབང་ཕྱུག་ཆེན་པོར་སྣང་། །ལ་ལར་ལྷ་ཆེན་ཉིད་ཡིན་ལ། །ལ་ལར་བརྒྱ་བྱིན་སྐུར་སྣང…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      མཆོག་མན་ངག་དགོངས་པ་མཛད། །གླེང་བསླངས་སངས་རྒྱས་རྒྱས་བཤད་དབྱེ། །སྣོད་ལྡན་རྒྱན་བདུད་རྨོངས་སེལ་བ། །ལྷན་ཅིག་པ་ཡི་འཁོར་རྣམས་ཀྱིས། །མགྲིན་གཅིག་མཐུན་པར་གྱུར་པ་ཡིས། །རབ་ཏུ་རྒྱལ་བ་རྣམས་ཀྱིས་བཤད། །གླེང་བསླངས་པ་ཡི་གྲངས་ནི་ལྔ། །སངས་རྒྱས་པ་ཡི་ཚུལ་ནི་བཞི། །བཤད་པའི་མཐའ་ནི་རྣམ་པ་དྲུག །བཤད་པའི་ཚུལ་ཡང་རྣམ་པ་བཞི། །བཤད་པ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      གསལ། །མཛད་སྤྱོད་སྤྲུལ་སྐུ་བསམ་མི་ཁྱབ། །འཆད་པའི་སྐྱེས་བུ་རིགས་ལྔ་ཉིད། །བསམ་གྱིས་མི་ཁྱབ་སྣང་བར་འགྱུར། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་བསྐུར་བ་དང་དམ་ཚིག་བསྲུངས། །དཀྱིལ་འཁོར་བསྐྱེད་ལ་མཆོད་པ་འབུལ། །ཕྲིན་ལས་རྣམ་བཞི་བསྙེན་བསྒྲུབ་བཞི། །ཏིང་འཛིན་བསྒོམ་དང་གསང་སྔགས་བཟླས། །འདི་བཅུ་རྒྱུད་དོན་རང་བཞིན་ཅན། །ལྡང་ཚད་ཡི…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ལ་གཟུང་། །ཡང་དག་དོན་སྟོན་ངེས་པའི་དོན། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །འཁོར་བ་ཀ་དག་དྲི་མ་མེད། །ཉི་མའི་དཀྱིལ་འཁོར་བཞིན་དུ་གནས། །དགོངས་པས་བཤད་པ་བློ་རབ་ལ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །བདག་གཞན་དངོས་གྲུབ་ཐོབ་པར་འགྱུར། །ཞེ་སྡང་ཤན་པ་རྡོ་རྗེའི་རིགས། །གཏི་མུག་གླེན་པ་དེ་བཞིན་རིགས། །འདོད་ཆགས་ཡི་དྭགས་པདྨའི་རིགས…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      ཉིད་ཇི་བཞིན་མིན། །ངེས་དོན་དགོངས་ཏེ་སྦས་མཐར་ཐུག །སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་པོ་དང་། །པདྨ་དམར་པོ་ཙནྡན་དང་། །རིན་ཆེན་ལྟ་བུའི་གང་ཟག་ལྔས། །གསང་སྔགས་སྣོད་རྣམས་གཏན་ལ་དབབ། །ཨུཏྤལ་མང་འཛིན་ཡལ་བ་སྐྱེན། །ཐོས་མང་འཛིན་མཁས་རྗེད་པར་སླ། །པད་དཀར་སྦྲང་མ་སྦྲང་རྩི་འཛིན། །ཐོས་མང་བུམ་ནང་རས་བལ་འདྲ། །པདྨ་ཡིད་འོ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      འོན་ཏེ་གཉིས་སུ་མེད་གྱུར་ན། །རིག་དང་མ་རིག་ཐ་དད་སྣང་། །འོན་ཏེ་སོ་སོར་ཐ་དད་སྣང་། །སངས་རྒྱས་སེམས་ཅན་འདྲེལ་པ་མེད། །སེམས་ཉིད་བདེ་གཤེགས་སྙིང་པོ་མིན། །ཆུ་དང་མེ་བཞིན་དགྲ་ཐུན་འདྲ། །དེ་སྐད་སྨན་པའི་ལྷ་ཅན་གསུངས། །དེ་ནས་ལྷན་ཅིག་གནས་པའི་འཁོར། །དགྱེས་ནས་རྨད་བྱུང་ངོ་མཚར་གསུངས། །སྲིད་གསུམ་འཁོར་བའི་སེམས་ཅན་རྣམས། །སེམས…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      མེ་ལོང་ནང་བལྟས་རྡུལ་འབྱིན་ལྟར། །རང་སེམས་རང་གིས་མ་རིག་པས། །ཆོས་ཀྱི་དབྱིངས་ཀྱི་མེ་ལོང་བལྟས། །སྐྱེ་མེད་སྤྲོས་བྲལ་མངོན་དུ་བྱས། །ཡུལ་སེམས་གཉིས་མེད་དབྱིངས་སུ་ཐིམ། །མ་རིག་ལྟ་ངན་ཉེས་པ་བྲལ། །ཡེ་ཤེས་མཁྱེན་པའི་ཉི་མ་ཤར། །མ་རིག་པ་ཉིད་རིག་པར་གྲོལ། །རིག་པ་ཡེ་འབྱམས་ཀློང་ཡང་གདལ། །ཉི་མའི་དཀྱིལ་འཁོར་ཤར་ནུབ་མེད། །དཔག་བ…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      སེམས་དཔའ་དོན་དམ་རྗེ་དང་འདྲ། །ཆ་གཉིས་འཛིན་པ་ཀུན་རྫོབ་རིགས་བཞིའི་ལུས། །དོན་དམ་ཡེ་ཤེས་ལྷ་ནི་རང་སྣང་སྐུ། །རྣལ་འབྱོར་ཀུན་རྫོབ་ལྷ་ནི་རང་ལུས་ཉིད། །དོན་དམ་རྡོ་རྗེ་དབྱིངས་ཏེ་སྤུན་ཟླ་གྲོགས། །མ་ཧཱ་ལོངས་སྐུ་རྟོག་ཚོགས་བདེན་གཉིས་ལྷ། །ཨ་ནུ་དབྱིངས་དང་ཡེ་ཤེས་བདེན་གཉིས་ལྷ། །ཐེག་བརྒྱད་སྣང་ལུགས་འཁོར་འདས་གཉིས་སུ་བལྟ། །ར…
      DNG013 · རྩོམ་མཁན།
      གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
      བོ་དཔའ་མོས་བཀའ་སྩལ་པ། །ཕྱོགས་མེད་ཀུན་ཏུ་རང་ཤར་གཞན། །གང་ལྟར་བལྟས་པ་དེར་སྣང་བས། །འཁྲུལ་མེད་ལྷུན་གྲུབ་གཞིར་རྟོགས་བྱ། །གཞི་དོན་མ་ནོར་ཐ་སྙད་མཚོན། །འཁོར་འདས་རང་སེམས་ཉིད་ཡིན་པས། །ཏིལ་གོང་བཞིན་དུ་ཡེ་གནས་པ། །གཉིས་སུ་བསྡུས་པ་མ་འདྲེས་ལ། །ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ། །རྡོ་རྗེ་མཆེད་ཀྱིས་ཡང་ཞུས་པ། །མ་རིག་འཁྲུལ…