Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 427 of 500
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
སྩལ་པ། །རྒྱས་པས་མིག་ཕྱེ་དཀའ་བ་ཁྲོལ། །དེ་དག་ཇི་ལྟར་ཤེས་འགྱུར་བ། །གླང་པོ་རབ་འབོག་བཤད་པའི་རྒྱུད། །རབ་གསུང་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་ནི་འཁོར་གྱིས་བརྗོད་གསན་ནས། །དེ་ནས་བདེ་གཤེགས་རྡོ་རྗེ་འཆང་། །དགོངས་པས་རབ་ཏུ་གསལ་བར་བྱ། །སྣང་ཕྱོགས་སྟོང་ཕྱོགས་གཉིས་མེད་འདྲེལ། །སྣང་ཕྱོགས་ཇི་བཞིན་བཤད་ཚུལ་ནི། །དེ་ལའང་གོང་འོག་…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
སྤྲིན་པའི་ཚོགས་དང་བྲལ། །འཁར་གཞོང་དག་པའི་ནང་བཞག་ན། །ཆུ་ཡི་རྒྱུན་རྣམས་འབྱུང་བར་འགྱུར། །གླང་པོ་རྒྱུད་ལུང་ལྟ་བས་འགྱིངས། །བསྟན་པ་རྒྱ་མཚོ་ཆུ་ཡི་རྒྱུན། །སློབ་རྒྱུད་འཁར་གཞོང་ནང་དུ་འབབ། །ཐོས་པའི་ཤེས་རབ་སྒྲ་ལ་དམིགས། །རྣ་བའི་དབང་པོས་ཉན་པར་བྱ། །བསམ་པའི་ཤེས་རབ་སྒྲ་དོན་འདྲེས། །ལྕེ་ཡིས་ཕྱུང་ལ་ཡིད་ལ་བརྟགས། །སྒོམ་པའ…
DNG013
· རྩོམ་མཁན།
གླང་པོ་རབ་འབོག་གི་རྒྱུད་ཅེས་བྱ་བ།
ནི་བུ་ཆུང་འདྲ། །ཚེ་ནི་ཉི་ཟླ་དག་དང་མཉམ། །མི་རྣམས་བུད་མེད་ཀུན་ཡིད་འོང་། །མ་དང་མཁའ་འགྲོའི་འཁོར་གྱིས་བསྐོར། །སྐུ་གསུམ་འབྲས་ཐོབ་མི་འབྲལ་ཞིང་། །མཁའ་སྤྱོད་གནས་སུ་འགྲོགས་པར་སྨོན། །བདེ་ཆེན་འདུ་འབྲལ་མེད་པ་ཡི། །ཀུན་བཟང་ཡབ་ཡུམ་སྲས་དང་བཅས། །དཀྱིལ་འཁོར་ཐམས་ཅད་འབྱིན་པར་བྱེད། །མཐོང་ཡུལ་ཀུན་ཏུ་བཟང་མོ་ཉིད། །ཡུམ་ལྔ་ཆོ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་གི་དོན་བསྡུས་པ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རིག་པའི་བྱིན་བརླབས་ལས་བྱུང་བའི་མཆོད་པ་རྒྱ་ཡོངས་སུ་མ་ཆད་པའི་གཞལ་ཡས་ཁང་དང་། བླ་རེ་དང་། རྒྱལ་མཚ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
བསྒྲུབས་ན་ཚེ་འདིས་སངས་རྒྱས་ཆེ་བ་ཡང་། །བླང་དོར་མེད་པའི་སྐུ་གསུམ་རྡོ་རྗེས་འཐོབ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་བདེན་པ་གཉིས་བསྟན་པའི་ལེའུ་སྟེ་དང་པོའོ།། །།སེམས་དཔའ་ཆེན་པོ་དམ་ཚིག་འདི་དག་ནི་བདག་དང་གཞན་ལ་ཕན་པའི་ཕྱིར་ངས་བཤད་དོ། །གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་ཆེན་པོ་ནི། །བསྲུང་བ་མེད་པའི་སྡ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ཁམས་གསུམ་བདག་ཉིད་ཡིན་པ་སྟེ། །སྐུ་གསུམ་ཞེས་ཀྱང་དེ་ལ་བྱ། །ཡེ་ཤེས་ལྔ་དང་འགྲོ་བ་ལྔ། །མཉམ་པས་སོ་སོ་དབྱེར་མེད་དེ། །སྔགས་དང་ཕྱག་རྒྱ་དབང་བསྒྱུར་ན། །སྤྱོད་ཡུལ་ཀུན་དུ་མཎྜ་ལ། །འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། །།སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སེམས་དཔའ་ཐོས་ནས་བཤད་ད…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
མར་ལྡན་པས། །ན་བཟའ་དང་ནི་ཞལ་ཟས་རྣམས། །གྲུབ་པའི་རྫས་སུ་དབང་བསྐུར་ནས། །གསོལ་ན་དངོས་གྲུབ་མཆོག་ཏུ་འགྱུར། །རྣལ་འབྱོར་རིག་འཛིན་མར་ལྡན་པས། །གླུ་དང་ཚིག་གི་སྒྲ་རྣམས་ཡིན། །གསུང་གི་ངོ་བོར་བྱིན་བརླབས་ཏེ། །བསྒྲགས་ནས་དངོས་གྲུབ་མཆོག་ཏུ་འགྱུར། །རྣལ་འབྱོར་རིག་འཛིན་མར་ལྡན་པས། །བྲོ་དང་གར་གྱིས་བསྐྱོད་བྱས་ཏེ། །འོད་ཀྱི་འད…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
འདུ་བྱེད་བསྒོམས་ནས་ནི། །ཐལ་མོ་དམ་སྦྱར་རྩེ་བསྣོལ་གཤིབས། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏོ། །སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོ་མཐེ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །རྐང་སོར་གཡས་ཀྱིས་གཡོན་པ་མནན། །ལག་མཐིལ་གཡས་ཀྱིས་གཡོན་པ་མནན། །མཐེ་བོ་རྩེ་སྤྲད་པང་དུ་བླང་། །རྣ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
མཐེ་ཆུང་སྦས། །རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན། །མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས། །ལུ་གུ་རྒྱུད་དུ་སྦྲེལ་བར་བྱ། །ལྷག་མ་འོད་ལྟར་བྱས་ན་ནི། །རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན། །ལག་ངར་གཡོན་པ་བསྒྲེང་ནས་ནི། །རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །གཡས་པ་གྲུ་མོར་གཟུང་བར་བྱ། །རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན། །གཡོན་གྱི་སྟེང་དུ་གཡས་བཞག་ནས། །ས…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
གུང་མོ་རྩེ་སྦྱར་བཞི་ཡང་བསྒྲེང་། །རྡོ་རྗེ་འཛིན་ལྟར་རྟིང་སྤྲད་པ། །རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན། །རྟིང་སྦྱར་མཐེབ་མཛུབ་རྩེ་སྦྱར་ཏེ། །མཛུབ་མོའི་མིག་ཏུ་མཐེ་ཆུང་དྲང་། །ལྷག་མ་རྩེ་གསུམ་ལྟར་བྱས་པ། །རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་ཡིན། །ལག་ངར་གཡོན་པ་བསྒྲེང་ནས་ཀྱང་། །སོར་མོ་ཨུཏྤལ་ལྟར་བྱས་པ། །གཡས་ཀྱི་སོར་མོ་གཟུང་བར་བྱ།…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ཆེན་ཁྲོ་བོ་ཁྲོ་མོ་དང་། །ཕོ་ཉར་འཇིག་རྟེན་སྐྱོང་བར་ལྡན། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བདག་གི་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་བརླབ་ཏུ་…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
གཅོད་པ་ཞེས་བྱ་བ་འདི་གསུངས་སོ། །ཨོཾ་བཛྲ་ཛྭ་ལ་བཛྲ་ཧཱུྃ།མནྟྲ་སུྃ་བྷ་ནི། ཨོཾ་བཛྲ་ཛྭ་ལ་ཧཱུྃ། ཨོཾ་ཧཱུྃ་ཏྲཱྃ་ཧཱུྃ་ཧྲཱྀཿ།་ཨཱ་། འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ནས་མཚོན་ཆའི་ཆར་ཆེན་པོ་ཕབ་སྟེ་ལག་ན་རྡོ་རྗེ་ཉིད་ཀྱང་ཁས་སྦུབ་ཏུ་འགྱེལ་ནས་ཁྲག་སྐྱུག་པར་གྱུར་ཏོ། །ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱང་བརྒྱལ་ཏེ་ལུས་དུམ་བུ་དུམ་བུར་ཆད་པ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
རའི་དབྱུག་པ་ཆེན་པོ་དང་། །དུང་ཆེན་དམར་གྱིས་བཀང་བ་ལ། །རྡོ་རྗེས་དཀྲུག་ཅིང་འཐུང་བར་བརྟག །གཡོན་གྱི་གསུམ་ན་ཐོགས་པ་ནི། །སྡི་རའི་རྒྱུ་མའི་ཞགས་པ་དང་། །ཁྱུང་གི་ཁྲག་ཆེན་ཐོགས་པ་དང་། །སྡི་ར་ཕྲ་མོའི་གསུས་པ་ནས། །གློ་སྙིང་ནང་གྲོལ་འདྲེན་ཅིང་ཟ། །གཙུག་ཏུ་རྣམ་པར་སྣང་མཛད་ཉིད། །ཨོཾ་ཕྲག་གཡས་ལ་ཨཀྵ་བྷྱཿཧཱུྃ། །གཡོན་རཏྣ་སམྦྷ་…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
བྱ། །ཟིན་པའི་སེམས་ཅན་གང་ཡང་རུང་། །དེ་དག་སྐུད་པ་ནག་པོས་བཅིང་། །དེ་ཡང་དུམ་བུར་བཅད་པར་བྱའོ། །དེ་ནས་མི་དེ་སྔ་མ་བཞིན། །ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡིས། །གནས་ལྔ་དག་ཏུ་རྣམ་བཀོད་དོ། །ཟིན་པའི་སེམས་ཅན་བསྲུང་བར་བྱ། །ཚ་ཞིང་རྩུབ་པའི་ཤིང་དང་ནི། །ཤ་དང་ཆང་དང་ཡོ་བྱད་རྣམས། །གནག་ཅིང་ཚ་བར་རྣམ་སྦྱར་ཏེ། །ལྷ་ཆེན་རྣམས་ལ་མཆོད་པར…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ཀྱང་འགྲུབ་ན་འཇིག་རྟེན་གྱི་བསྒྲུབ་པ་ཕྲན་ཚེགས་ལྟ་ཅི་སྨོས། ཤར་ལྷོའི་མཚམས་ན་པུཀྐ་སི་ཁ་དོག་དམར་སེར་ཕྱག་གཉིས་ཞིང་ཆུང་ངུའི་བ་སུ་ཏ་འདྲེན་ཅིང་ཟ་བ། ཨོཾ་བཛྲ་པུཀྐ་སི་ཧཱུྃ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆིང་ཞིང་འདྲེན་པར་ནུས་ན་གཞན་བཅིང་ཞིང་ཟ་བ་ལྟ་ཅི་སྨོས། ལྷོ་ནུབ་ཀྱི་མཚམས་ན་གྷསྨ་རི་ཁ་དོག་ལྗང…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
དོག་སེར་མོ་ཞིང་ཆུང་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་བ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བྱཱ་གྷྲི་མུ་ཁ་ཁ་དོག་དམར་མོ་ལག་པ་གཉིས་བསྣོལ་ཏེ་མདུན་ན་ཞིང་གནས་པ་ལ་ལྟ་བ། སྟག་གི་མགོ་ཅན་ནུབ་ཕྱོགས་སུ་སྲིན་གླ་མུ་ཁ་ཁ་དོག་ནག་མོ་ལག་པ་གཉིས་ཞིང་ཆུང་ངུ་འཛིན་ཅིང་ལྕེས་ལྡག་པ་ཝ་མགོ་ཅན། བྱང་ཕྱོགས་ན་ཤྭ་ན་མུ་ཁ་ཁ་དོག་མཐིང་ག་ཞིང་ལག་པ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ལྡན་ཚོགས་ཀྱི་བདག །ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་བརྙས་བྱེད་དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉེན་པོ་དྲལ་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བྱེད་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླགས་ནས་ནི། །གནོད་སེམས་མ་ལུས་གཏན་ནས་ཕྱུང་། །དཔལ་ཆེན་པོ་སྟན་དང་ག་ནའི་གནས་སུ་ཚོགས་ཆེན་པོ་ལ་གཤེགས་པའི་ཚེ་སྐུ་གསུང་ཐུགས་ཀྱི་…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
པ་གདེངས། །ཞབས་ཀྱང་བརྒྱད་དུ་རྣམ་པར་བསྟན། །དེ་ཡི་དཀྱིལ་འཁོར་ཁྲོ་བོ་ནི། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེའི་བྲག་སྟེང་ན། །འཇིག་རྟེན་སྐྱོང་བས་འདུད་ཚུལ་ལོ། །དེ་ཡི་ཕོ་ཉ་བཀའ་ཉན་ནི། །རྡོ་རྗེ་ཕྲ་མེན་གཏུམ་བག་ཅན། །འཇིགས་པའི་གཟུགས་ཅན་མང་པོ་སྟེ། །དེ་དག་ཅིར་ཡང་འགྲུབ་པར་བྱེད། །འཕགས་པ་ཐབས་ཀྱི་ཞགས་པ་པདྨ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ན་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ད་ཧ་ད་ཧ་ད་ཧ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། པ་ཙ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱརྱཱ་ཙ་ལ་ཧཱུྃ། བནྡྷ་བནྡྷ་བནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ།ཏིཥྛ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ…
DNG013
· རྩོམ་མཁན།
འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ།
ལག་པ་གཡས་པའི་ཁུ་ཚུར་གྱིས། །རྡེག་པའི་ཐབས་སུ་གདེངས་པ་དང་། །གཡོན་པ་དཀུ་ལ་བརྟེན་པ་ནི། །གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། །ལག་པ་གཡས་པའི་ཐལ་མོ་ཡིས། །གདབ་པའི་ཐབས་སུ་གདེངས་པ་དང་། །གཡོན་གྱིས་འཛིན་པ་ལྟར་བྱས་པ། །མི་གཡོ་མགོན་གྱི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་ནས་ནི། །གུང་མོ་རྒྱབ་ཏུ་བསྣོལ་བར་བྱ། །མཐེ་བོ་གཉིས་ཀྱང་ཕྲ…