Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 433 of 500
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
བྱུང་བ་ཡང་། །གང་ཟག་ཉིད་ཀྱིས་རང་ཕུང་བསྒྲུབས། །ཐར་པའི་དུས་མེད་འཆིང་བའི་རྒྱུ། །དོན་ལ་ཉན་པར་མི་སེམས་པར། །ཕན་པར་འདོད་ནས་དོན་ལ་འཇུག །མ་རྟོགས་དབང་གིས་ལྷུང་གྱུར་པས། །ཡེ་ནས་མ་བཙལ་ཤིན་ཏུ་དགྱེས། །ཞེས་གསུངས་པས། དེའི་ཕྱིར་གསང་ཚིག་མི་ཐུབ་པ་དང་། གོལ་བ་སྡིག་ཏུ་འགྱུར་བའི་ཕྱིར། མཚམས་ཆོད་པར་བྱ་དགོས་པས་གཟི་ལྡན་འབར་བའི་…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
ཞེས་དམ་བཅས་ནས། བཀའ་དམ་པ་དང་། སྔགས་དམ་པ་དང་། གསང་བ་དམ་པ་དང་། དབང་དམ་པ་དང་། སྤྱོད་པ་དམ་པ་དང་། ཕྲིན་ལས་དམ་པ་དང་། དམ་ཚིག་དམ་པ་དང་། མན་ངག་དམ་པ་དང་། རྫས་དམ་པ་མེད་པར་ཞབས་རྡོལ་དུ་སྤྱད་ན། ངེས་ཚིག་ཆུ་ལ་སྐྱུར། གཏན་ཚིགས་རླུང་ལ་ཕྱར། ལུས་ངག་ཡིད་གསུམ་ཤིན་ཏུ་རུལ་ཚིག་ཉམས་ཏེ། མནར་མེད་པར་སྐྱེས་པ་ལ་ཁྲོ་བོ་འདི་དག་དམ་ཆེན…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
གསང་སྔགས་གསང་སྒོ་མེད་པར་སྤྱད་ན་དེ་བས་ཀྱང་ཉམས་ཏེ། ཡ་ག་དང་སྒྲོ་སྐུར་དང་། མཚང་ཚིག་ཏུ་གྱུར་པས་ཉམས་སོ། །སྔགས་ཤེས་རབ་བརྟུལ་ཞིང་མ་ཤེས་པས་སྤྱད་ན་ཉམས་སོ། །དེ་ཅིའི་ཕྱིར་ན་དོན་མ་ཁྲོལ་བར་ཐེ་ཚོམ་དང་རྟོག་པ་སྐྱེ་བའི་རྒྱུ་གྱུར་པས་ཉམས་སོ། །གསང་སྔགས་རྒྱུ་ལེ་ལོ་དང་སྒྱུ་སྙོམས་ཅན་གྱིས་སྤྱད་ན་ཡང་ཉམས་ཏེ། དེ་ཅིའི་ཕྱིར་ཞེ་ན…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
རྒྱལ་ཚབ་ཀར་མ་ཕྱི་ནང་ལ་བརྡ་མཇལ་བ་དང་། ཡོན་བདག་བསམ་པ་དག་པའི་སྟོབས་གསུམ་དང་ལྡན་པ་དང་། མཆོད་པ་བཤམས་སྦྱར་གཙང་སྦྲའི་ཚུལ་ཤིས་པས། གང་ཡང་མ་སྤངས་པའི་ལོངས་སྤྱོད་ཆེན་པོས་རྒྱལ་བ་མཆོད་པས་སྐང་སྐོང་དགྱེས་དགྱེས་ཤིང་དགོངས་པ་འཕེལ་དངོས་གྲུབ་ཐོབ་པའི་རྒྱུར་འགྱུར། གཞུང་འདི་ཡང་གར་སོང་སོང་བབ་ཅོལ་དུ་མ་ཡིན་ཏེ། རྡོ་རྗེ་སློབ་དཔ…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་། །ཐེག་ཆེན་ལ་ཡང་དགོད་པར་བྱའོ། །ཨོཾ་བཛྲ་བནྡྷ་ཏྲ་ཐ་ཙམ་པ་ཧཱུཾ་ཕཊ། ཞེས་པས། ཚོགས་ཀྱི་བར་ཆད་རྡུལ་ཆ་ཙམ་ཡང་མེད་པར་གྱུར་ཏོ། །དེ་ནས་ཡང་གསུང་གི་དབང་ཕྱུག་གིས་གསོལ་པ། གསང་བའི་ཐེག་པ་མཐའ་མ་རྫོགས་པར་བྱེད་པའི་མཚམས་བཅད་མཚམས་འཚལ་ལམ་མི་འཚལ་ཞེས་གསོལ་པ་དང་། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། གང་…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
ཀྱང་ལྷ་ཡི་གཤང་གཅི་ཟ། །མིས་ཀྱང་མ་རིག་དྲི་མ་སྦྱངས། །རྣམ་རྟོག་མེད་པའི་ཡེ་ཤེས་ཀྱིས། །དུག་ནི་བདུད་རྩིར་འགྱུར་བར་བཤད། །ཕལ་པས་སྤྱོད་པའི་རྫས་མིན་པས། །གསང་བས་སྤྱད་ལ་སྦ་བར་བྱ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །གསང་ཆེན་བསྒྲུབ་པའི་རྫས་ཡིན་པས། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ལྷ་ལ་གཏོར་བས་ཐུགས་དམ་བསྐང་། །བགེགས་ལ་ཕོགས་པ…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
ཀུན་ལ་ཆ་ཡོད་པར་བྱས་པས། སྨན་ཆུས་མནའ་དགག་པ་བརྡུང་ཞིང་གཏག་པ་དང་། བསྒྲལ་ཞིང་དམོད་བྱད་ལ་སོགས་པ་བརྩམས། མི་ནག་ལ་སོགས་པ་རྣམས་ཀྱང་འདི་ལྟར་སྤྱོད་པ་དང་གནོད་པ་དང་ངེས་པ་འདི་སྤྱོད་པས། འདི་དག་གི་སྲོག་ལ་མ་ཕབ་ན། མཐའ་ཕུང་བར་འགྱུར་ཞེས་སེམས་ནས། རྣལ་འབྱོར་པ་སྲོག་དང་ཕྲལ་ནས། རྣལ་འབྱོར་པའི་སྐུ་དགྲ་འབྱུང་བས། དེའི་བར་ཆད་གདུལ…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
པ་འཕེལ་བས། བགེགས་དང་ར་ཏྲི་དང་། དགྲ་མི་ཏྲི་དར་བས་སྡུག་དུས་ངན་པ་ལ་བབ་པའི་ཚེ་ཐུགས་རྗེ་ཅན་གྱི་ལྷ་ཁྲོ་བོ་བཅུ་ལས་གཞན་མེད་པས། ལོག་པར་བལྟ་བ་འདུལ་བ་དང་། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་ཕྱིར་ཁྲོ་བོ་འདི་བཅུ་ཡི་དམ་དུ་བཅང་ཞིང་མཆོད་དོ། །ངག་གི་དབང་པོ། དུས་དང་ཕལ་པའི་གང་ཟག་རྣལ་འབྱོར་པ་ཡང་དག་པའི་དོན་མི་འཚོལ་བས། རས་ཆོ…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
འབྲས་བུ་བདེ་བ་འཚོལ་ཞེས་པ་ལས་གོལ་ཏེ། སྙིང་རྗེ་ཕར་མི་གཏང་བར་ཞེ་སྡང་ཕར་གཏང་། བྱམས་སེམས་ཕར་ལ་མི་བསྒོམ་པར་བཀུར་སྡི་ཚུར་འདོད། མཁས་པ་རང་གིས་མ་སྦྱངས་པར་དཔོན་པོར་ཕར་འཆོལ། སྦྱིན་པ་རང་གིས་མི་གཏང་བར་བཟའ་ཞིང་སྤྱད་པར་ཕར་དགའ་བས་བདེན་པའི་ཆོས་ལུགས་ནི་ཤོར། མི་བདེན་པའི་ང་རྒྱལ་ནི་ཆེ། གཉེན་པའི་དམ་ཚིག་ནི་མེད། མི་གཉན་པའི་…
DNG014
· རྩོམ་མཁན།
རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད།
ནས་ཀུན་ལ་སྟེར། ནང་ན་འདི་གཅེས་ཞེས་མཉམ་ཉིད་ཀྱི་ཆོས་ལ་ཁྱད་འདོར། གང་ཟག་གི་སྒྲིན་ཚིག་དང་གྲུབ་པ་མ་ཐོབ་པའི་རང་ཤེས་དང་མངོན་ཤེས་མེད་པའི་བཅོས་མང་བས། དེ་བཞིན་གཤེགས་པའི་བཀའ་ལ་ཐུག་ཐུང་སྤྱད་པའི་སྒྲིབ་པ་ཆེན་པོས་བཀའ་ཆད་ཀྱི་གནས་སུ་གྱུར་ནས། འཆི་འཕོ་བ་དང་ལྟུང་ངེ་བ་བྱེད་པོའི་ལྕེ་དང་ཁ་ཚིག་ལ་སྡུག་བསྔལ་མྱོང་བ་ཡང་། བཤགས་པ་…
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས། ན་མོ་གུ་རུ་དྷི་ཝ་ཌཱཀྐི་ནི་ཧཱུཾ། དད་པ་དམ་ཚིག་ལ་གནས་ཤིང་། བླ་མ་ཡི་དམ་མཁའ་འགྲོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་ཕོ་མོ་གང་དག་གིས། རྒྱུད་འཆང་བར་འདོད་པས། དུས་ཁྱད་པར་ཅན་ཉ་སྟོང་བརྒྱད་གསུམ་དང་ཚེས་བཅུ་ལ་སོགས…
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
སྐུ་རྒྱུད་ཤེལ་གྱི་རི་བོ་དངུལ་ལམ་དུང་བཏུལ་བའི་ཁུ་བས་བྲི། གསུང་རྒྱུད་རིན་ཆེན་འབྲུག་སྒྲ་ཟངས་དང་མཚལ་བཏུལ་བའི་ཁུ་བས་བྲི། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་བཻ་ཌཱུརྻ་དང་མཐིང་བཏུལ་བའི་ཁུ་བས་བྲི། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་གསེར་སྦྱངས་པའི་ཁུ་བས་བྲི། ཕྲིན་ལས་ཀྱི་རྒྱུད་སྤུ་གྲི་རེག་གཅོད་སྐྱེས་དར་མ་གྲིར་ཤི་བའི་ཁ…
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
སྣ་ཚོགས་དང་བཅས་པ་རིན་པོ་ཆེའི་ཟ་མ་ཏོག་གམ་གའུར་བཅོལ་ནས། བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་བཞུགས་སུ་གསོལ། དེ་ནས་རང་ཉིད་དྲི་བཟང་པོའི་ཆུས་ཁ་ལག་གདོང་གསུམ་དག་པར་བཀྲུ། གོས་གསར་པ་དྲི་མ་མེད་པ་གོན་ཅིང་། བདེ་བའི་སྟན་ལ་གནས་པས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོས་སྤྱོད་བྱ། ཡུ…
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
ལྡན། ལྗགས་རིན་པོ་ཆེ་འབར་བ། དྲུག་པ་ལ་བདག་ཉིད་དོན་ཡོད་གྲུབ་པ། ལྗགས་སྣ་ཚོགས་རྡོ་རྗེ། བདུན་པ་ལ་བདག་ཉིད་མཚོ་སྐྱེས་རྡོ་རྗེ། ལྗགས་གསེར་གྱི་རྡོ་རྗེ། བརྒྱད་པ་ལ་བདག་ཉིད་རྟ་མགྲིན་དབང་ཆེན། ལྗགས་དངུལ་གྱི་གྲི་གུག །དགུ་པ་ལ་བདག་ཉིད་ཡུམ་རྡོ་རྗེ་ཕག་མོ། ལྗགས་གནམ་ལྕགས་ཀྱི་རལ་གྲིར་བསམས་ལ་བཀླག །དེ་ཙམ་སྤྲོས་པ་ལ་མི་དགའ་ན། …
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
སུ་བཅད་པ་བརྗོད། བླ་མ་ཡི་དམ་མཁའ་འགྲོ་ལ་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་འབུལ། གཞན་ཡང་རྗེས་ཀྱི་བྱ་བ་སྤྱོད་པ་ཐམས་ཅད་སྤྱི་དང་མཐུན་ལ་གཞན་དང་ལྡན་གྱི་སྐྱེས་བུ་གང་དང་གང་དག་ལ་གདོགས་པར་འདོད་པས་ཀྱང་། ཚུལ་དེ་དག་ལ་རྡོ་རྗེ་སློབ་དཔོན་གྱིས་གང་གིས་འཆང་བ་དེ་ལ་གླེགས་བམ་གྱིས་དབང་བསྐུར་ནས་གདགས་པར་བྱའོ། །དེ་ལྟར་ཁྱད་པར་རྨད་དུ་…
DNG014
· རྩོམ་མཁན།
བླ་མ་དགོངས་པ་འདུས་པ་ལས་དད་བརྩོན་དང་ལྡན་པའི་སྐྱེས་བུས་རྒྱུད་འཆང་བའི་ཐབས་དང་རྒྱུད་ཀྱི་ཆེ་བ་བསྟན་པ་བཞུགས།
བའི་འདུན་པ་དང་བཅས་ཏེ་འཆི་ཞིང་བླ་མ་ཡི་དམ་མཁའ་འགྲོའི་སུན་མ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་གཏིབས་ནས་སྤོས་ཀྱི་དྲི། རོལ་མོའི་སྒྲ་སྙན་པའི་དབྱངས་དང་བཅས་པས་བསུས་ཏེ། བདེ་བ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེས་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ། །རབ་དབུགས་ཆད་པའི་དུས་དེར་སྒྲ་དང་འོད་དང་ཟེར་དང་། …
DNG014
· རྩོམ་མཁན།
བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ།
རྒྱ་གར་སྐད་དུ། གྷུ་རུ་དྷི་ཝ་ཌཱཀྐི་ནི་སརྦ་ཙིཏྟ་ཨ་མྲྀ་ཏཽ་གྷ་ཏནྟྲ་རཱ་ཛ་པདྨ་ཀུ་ཊ་ནཱ་མ། བོད་སྐད་དུ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རང་བྱུང་གི་ལྷ་བདེ་བ་ཆེན་པོ་གཟི་བརྗིད་མཐའ་ཡས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་གཅིག་ན། །དཀ…
DNG014
· རྩོམ་མཁན།
བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ།
སྤྱོད་འབྲས་བུ། །ཆགས་ལམ་གསང་བའི་གདམས་པ་སྩོགས། །དེ་ལྟར་བསྐྱེད་རྫོགས་ཐམས་ཅད་ཀྱི། །མཐར་ཐུག་འབྲས་བུ་གྲུབ་མཐའ་དང་། །ས་ལམ་ཆོད་ཚུལ་ཇི་ལྟ་བུ། །ལྡན་འབྲས་དུས་སྐབས་བཀའ་སྩོལ་ཞིག །དེ་སྐད་འཁོར་གྱིས་ཞུས་པའི་ཚེ། །བཅོམ་ལྡན་དཔག་མེད་མཐའ་ཡས་ཀྱིས། །རང་ཤར་སྤྲུལ་པའི་འཁོར་རྣམས་ལ། །སྣ་ཚོགས་ཆོ་འཕྲུལ་འདི་གསུངས་སོ། །ཐུགས་བཅུད་འ…
DNG014
· རྩོམ་མཁན།
བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ།
པ་མྱུར། །ལྷོད་ཆགས་ཞི་དུལ་སྨྲ་སྒོ་ཉུང་། །ཆད་བཙན་མདོ་ཆེ་གཞན་ཕན་བསྒྲུབ། །རྫུན་དང་གཡོ་སྒྱུ་ཕྲ་མ་ཆུང་། །འདོད་ཡོན་སྲེད་བྲལ་རྟོག་པ་མེད། །སྙིང་རྗེ་ཆེ་ཞིང་སེམས་བསྐྱེད་ལྡན། །གཞན་དབང་མ་སོང་རང་དབང་ཐོབ། །འབྱོར་ལྡན་རིགས་རྒྱུད་བཟང་བ་འམ། །ཡང་ན་སྐྱིད་སྡུག་སྣ་ཚོགས་མྱངས། །ཚེ་འདིས་བྱ་བ་གང་ལ་ཡང་། །རེ་ལྟོས་བྲལ་ཞིང་ཁོ་ཐག་…
DNG014
· རྩོམ་མཁན།
བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་བཅུད་འདུས་པའི་རྒྱུད་ཀྱི་རྒྱལ་པོ་པད་སྡོང་བརྩེགས་པ་ཞེས་བྱ་བ།
སློབ་དཔོན་ཕྱི་ཡི་བླ་མ་ཉིད། །བདེ་གཤེགས་བཀའ་ལུང་ལག་ལེན་སློབས། །བཀའ་བབས་སྒྲུབ་བརྒྱུད་རིག་པ་འཛིན། །སློབ་དཔོན་རྒྱུད་གཏད་དེ་རྗེས་བསྙེགས། །བརྒྱུད་པའི་བླ་མ་ནང་གིའོ། །མཁན་སློབ་སྡོམ་སྩོལ་སེམས་བསྐྱེད་ཕོག །སྨིན་བྱེད་དབང་བསྐུར་ཆོས་སྒོ་འབྱེད། །གྲོལ་ལམ་ཁྲིད་གདབ་རྒྱུད་བཤད་པ། །གསང་བ་རྩ་བའི་བླ་མའོ། །ཚེ་རབས་ལས་སྨོན་བླ…