Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 438 of 500
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      འབྱུང་ཆ་མེད་གདོས་ཐག་བཅད། །ད་ལྟའི་དྲན་རིག་སོ་མ་ལ། །ཅེར་གྱིས་རང་གི་རང་ལ་གཟིར། །ཡིད་བསམ་དྲན་པ་པར་པུར་སོགས། །གློག་ལྟར་འཁྱུག་ཅིང་བྱ་ལྟར་ལྡིང་། །ཕྱི་ནང་སྣང་བའི་རི་མོ་ལ། །ཡོ་ལང་འགྱེད་པའི་ཤེས་རིག་འདི། །བྱུང་གནས་འགྲོ་བ་ལ་སོགས་དང་། །དབྱིབས་དང་ཁ་དོག་རྣམ་པ་ཅན། །ཡོད་མེད་ཡིན་མིན་ཐ་སྙད་དང་། །གཅིག་དང་དུ་མར་སྣང་བ་དང…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      སྡོད་པ་དང་། །འགྲོ་དང་འདུག་པ་ལ་སོགས་ཏེ། །རྣམ་པ་འདི་དང་འདི་ལྟ་ཞེས། །བལྟར་མེད་མཚོན་དུ་མེད་པ་དང་། །མིང་དང་ཡི་གེའི་ཐ་སྙད་དང་། །བདག་དང་གཞན་ཞེས་བྱ་བ་དང་། །འཁོར་དང་འདས་པ་ཉིད་དང་ནི། །དེ་ཡི་རྒྱུ་རྐྱེན་ལོ་མ་དང་། །རྩ་བ་སྡོང་པོ་ཡལ་ག་སོགས། །གང་དུ་ཡང་ནི་མ་གྲུབ་པས། །བརྗོད་པ་ཀུན་ལས་འདས་པའོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      མེད་པར་སླེབ། །མ་བལྟས་བལྟས་པ་མེད་པར་མཐོང་། །མ་ཉན་ཉན་པ་མེད་པར་ཐོས། །མ་བསྣམ་མནམ་པ་མེད་པར་དཀུ། །མ་ཟོས་ཟོས་པ་མེད་པར་བྲོ། །མ་རེག་རེག་པ་མེད་པར་ཚོར། །མ་དྲན་དྲན་པ་མེད་པར་རིག །སྣང་སྲིད་བསམ་ཡུལ་མེད་པར་ཤར། །མ་བུ་ཆུ་དང་འོ་མ་འདྲེས། །རང་སྣང་དཀྱིལ་འཁོར་ཉིད་ལ་རྫོགས། །ཨེ་མ་ངོ་མཚར་སྣང་བའི་ཆོས། །རང་བཞིན་སྣང་སྟོང་ཆུ་ཟླ་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ལས་དེ་ལྟར་གྲོལ་ཐག་བཅད། །ཡིན་མིན་ལ་སོགས་གང་ལ་ཡང་། །བྱ་རྩོལ་འཛིན་པ་མེད་པའི་ཀློང་། །རང་བབས་ལྷུག་པར་གློད་ལ་གཞག །རབ་འབྲིང་ཐ་མའི་གློད་ཚུལ་གྱིས། །སྐུ་གསུམ་ཡེ་ཤེས་མངོན་དུ་ཤར། །འགག་པ་མེད་པར་རྩལ་ཆེན་གྱིས། །རབ་འབྱམས་གདལ་ཁྱབ་མཁའ་ལྟར་གནས། །ངོ་བོ་རང་བཞིན་ཐུགས་རྗེ་རྣམས། །འཕོ་འགྱུར་མེད་པར་ཀ་ནས་དག །ཀ་དག་ཆེན་པོའི་ཡེ་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      རིག་པའི་ལྷ། །ལྷམ་མེ་ལྷན་ནེ་ལྷང་ངེ་བ། །མཚན་དང་དཔེ་བྱད་རྫོགས་པ་དེ། །སྣང་བ་དག་པ་རྩ་ཡི་ལམ། །ཤེལ་སྦུག་རྐྱེན་དང་བྲལ་བ་ལས། །ཟང་མར་ཐལ་ནས་ཆུ་ཡི་སྒོ། །གཟུགས་སྣང་ཡུལ་ཅན་བྷྲྀ་གུ་ཏ། །མ་བསྒྲིབས་ཧུ་རེ་དང་གསལ་བ། །ཏིལ་མར་དོན་ཅིང་དབྱིངས་ཀྱི་ཡུལ། །རྐྱེན་བྲལ་ནམ་མཁའ་དག་པའི་ཀློང་། །མཁའ་དབྱིངས་ངང་ལས་འཆར་བ་སྟེ། །འཁོར་དང་སྤ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཡེངས་གཏད། །ཐོག་མར་ཡད་ཡུད་ལང་ལོང་འཆར། །བར་དུ་དེ་དག་དལ་གྱིས་ཕེབ། །ཐ་མ་གཡོ་མེད་བཙན་ས་ཟིན། །ཆེར་འཕེལ་གོང་ནས་གོང་བཞིན་དུ། །ལྔ་ལྔ་འམ་ནི་དགུ་ལ་སོགས། །ཚོམ་བུ་ལྟ་བུར་ཆེར་སྣང་ཞིང་། །ཡུལ་ཁམས་ཡུལ་གྲུ་ཁྱབ་པ་དང་། །ཡི་གེའི་ཚོགས་དང་ཕྱག་མཚན་དང་། །ཕྱེད་སྐུ་དང་ནི་སྐུ་རྐྱང་གི། །རྣམ་པ་དུ་མར་འཆར་བ་སྟེ། །རིམ་བཞིན་སྐུ་རྐྱང…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཡང་དག་ཚད་ལ་ཕེབ། །འཕེལ་འགྲིབ་མེད་པར་དཀྱིལ་འཁོར་རྫོགས། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་ལ་ཕེབས་པར་བསྟན་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དབྱིངས་ཀྱི་དཀྱིལ་འཁོར་རབ་རྫོགས་ནས། །ཕྱི་དང་ནང་མེད་ཀུན་ཏུ་ཡང་། །གདལ་བ་ཆེན་པོའི་ཀློང་དུ་ཐིམ། །ཡེ་གཞིའི་སྟེང་དུ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཆུབ་རྒྱུ་ཡི་ཧེ་རུ་ཡང་། །དུས་འདིར་སྣང་ཙམ་མ་ཡིན་ལ། །སྒྲོ་བཏགས་ཉིད་ལས་འདས་པའོ། །ཟང་མ་དང་ནི་ཐལ་བ་ཉིད། །བླ་མ་ལྷ་དང་ཌཱཀྐི་ཡ། །དཀྱིལ་འཁོར་ཉིད་ཀྱང་ཟང་ཐལ་བར། །སྣང་བ་རྫོགས་ནས་ཡེ་ཤེས་ཀྱི། །ཐུགས་རྗེ་ཞལ་ཕྱག་སྐུར་ཤར་བས། །ཡེ་ཤེས་སྣང་བའི་ཆ་མ་འགགས། །འཛིན་ཆ་ཐམས་ཅད་ཟད་པའོ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ནམ་མཁའ་ཀློང་ཡངས་ལས། གཞི་སྣང་གི་ཡེ་ཤེས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།གཞི་སྣང་ཡེ་ཤེས་ཆེན་པོ་ལས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས། །མཐའ་དབུས་མེད་པར་མཉམ་གདལ་ཞིང་། །སྣང་སྲིད་འཁོར་འདས་དཀྱིལ་འཁོར་རྣམས། །སྒྲིབ་གཡོགས་བྲལ་བ་ལམ་མེ་བ། །སྤྱི་ཟླུམ་ཡེ་ཤེས་རབ་འབྱམས་སུ། །རང་རྫོགས་ས་ལེར་ཤེས་པ་སྟེ། །དབྱིངས་ལས་རབ་སྣང…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཀྱི་ཡེ་ཤེས་ནི། །འཁོར་བ་གཏིང་མཐའ་མེད་པ་དང་། །འདས་པ་དཀར་པོའི་ཆོས་རྣམས་ཀུན། །ཕན་ཚུན་ཕྱོགས་སུ་མ་ཆད་པར། །རིས་མེད་མཉམ་ཉིད་ཆེན་པོར་གནས། །གཏིང་གསལ་ཆེན་པོའི་གདངས་ལས་ཀྱང་། །སྣ་ཚོགས་བཀྲ་བའི་འཕྲོ་འདུ་ཡང་། །མཉམ་ཉིད་སྤང་དང་བླང་མེད་པར། །ཡེ་ཤེས་གཅིག་པའི་ཀློང་དུ་གྲོལ། །མཉམ་དང་མི་མཉམ་རིས་མེད་ལ། །མཉམ་པ་ཉིད་ཅེས་བྱ་བ་སྟ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      འདུ་འཕྲོ་རང་སྣང་རྩལ་པོ་ཆེ། །སྤྲུལ་དང་ཡང་སྤྲུལ་ཀུན་ནས་སྤྲུལ། །གདུལ་བྱ་གདུལ་བ་འདུལ་བྱེད་ཀྱིས། །དཀྱིལ་འཁོར་སྣ་ཚོགས་རང་སྣང་ཞིང་། །འབྲས་བུ་ཡང་དག་དེ་བཞིན་ཉིད། །རྩོལ་བྲལ་ཆེན་པོར་ལྷུན་གྱིས་གྲུབ། །བྱས་པ་མེད་ཀྱང་རང་གཤིས་ལས། །རང་བྱུང་འདུས་མ་བྱས་སུ་སྣང་། །དེ་བས་བྱ་བྱེད་རྩོལ་བྲལ་བས། །བྱ་བ་བྱེད་ཅིང་བྱེད་པ་བྱ། །ཡང…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      དེ་ནས་བར་དོའི་གནས་ལུགས་ནི། །རྡོས་བཅས་ཤ་ཁྲག་ལུས་གྲུབ་པས། །ཡེ་ཤེས་སྣང་བ་འགག་པ་སྟེ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྟོག་ཚོགས་འཕྲོ་འདུ་དུ་མ་སྟེ། །ཡུལ་དང་ཡུལ་ཅན་འཐབ་པ་ནི། །སྐྱེ་གནས་བར་དོའི་གནས་ལུགས་སོ། །རླུང་མཁྲིས་བད་ཀན་འདུས་པ་སོགས། །འཆི་རྐྱེན་ནད་ཀྱིས་འབྱུང་བ་རྣམས། །རབ་ཏུ་འཁྲུགས་ཤིང་ལུས་ངག་ཡིད། །སྡུག་བསྔ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཡུལ་བདེན་སྣང་འཆར་བ་སྟེ། །རིགས་དྲུག་གང་དང་གང་སྐྱེ་བར། །དེ་དང་དེ་ཡི་སྣང་བ་འཆར། །སོ་སོར་དམིགས་ཡུལ་རང་རང་གི། །ལས་ཀྱི་འཕེན་སྡུད་སྣང་བའོ། །དེ་ལྟར་བར་མ་དོ་རུ་ཡང་། །རབ་འབྲིང་ཐ་མ་ཡང་མཐའ་ཡི། །སྐྱེས་བུ་རྩལ་སྦྱང་ལམ་སྣ་བཟུང་། །སྐྱེ་གནས་ཉིད་ནས་བྱེ་བྲག་དབྱེ། །ངེས་པར་འཁྲུལ་པའི་སྣང་བ་དག །ཡེ་ཤེས་རང་རྩལ་ངོ་ཡིས་བཟུང་། …
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ལུགས་གཞི་ཡི་ཕྱག་ཆེན་ནི། །ངོ་བོ་མི་གཡོ་འགྱུར་བ་མེད། །རོལ་པ་མ་འགགས་སྣ་ཚོགས་ཀུན། །ཆུ་ཟླ་མེ་ལོང་གཟུགས་བརྙན་ལྟར། །བྱ་རྩོལ་འཛིན་པ་མེད་པར་འཆར། །ཡེ་ནས་རབ་རིབ་མེད་པའི་ཀློང་། །ཀུན་གསལ་གདལ་ཁྱབ་འོད་པོ་ཆེ། །སེམས་ཅན་ཀུན་ལ་ཐུན་མོང་སྣང་། །ཁྱད་པར་དལ་འབྱོར་ལྡན་པ་ཡི། །ལུས་ཅན་ཀུན་ལ་རྩལ་དུ་ཞུགས། །གཡོ་མེད་གཏིང་གསལ་ཆེན་པོ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      མཉམ་བཟང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ལས། འབྲས་བུ་ཕྱག་རྒྱ་ཆེན་པོ་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ལྟར་གཞི་ལམ་འབྲས་བུ་ཡི། །ཕྱག་རྒྱ་ཆེ་ལ་མངའ་བརྙེས་པས། །ཉམས་ལེན་ལམ་གྱི་བོགས་དབྱུང་བ། །ལུས་ངག་ཡིད་གསུམ་མཉམ་གནས་པས། །གཡོ་མེད་བསམ་གཏན་ངང་ལ་གཞག །ཚོགས་དྲུག་ཡུལ་ལ་ཡིད་མི་སྤྲོ། །ག…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      གདེང་ལྡན་རྣལ་འབྱོར་པས། །ཡར་ལ་རེ་དང་མར་ལ་དོགས། །རེ་དོགས་མེད་པའི་ཏིང་འཛིན་གྱིས། །སྣང་སྲིད་ཐམས་ཅད་རྒྱ་ཡིས་གདབ། །གཏད་པ་མེད་པའི་ངང་ལ་གཞག །གསལ་འགྲིབ་མེད་པའི་ངང་ལ་གཞག །རང་ཡན་ཡིན་པའི་ངང་ལ་གཞག །རང་ས་ཟིན་པའི་ངང་ལ་གཞག །བཅོས་བསླད་མེད་པའི་ངང་ལ་གཞག །བླང་དང་དོར་བ་མེད་པར་གཞག །དེ་ལྟར་དེ་ཡི་གནས་ལུགས་ལ། །ཡེ་ཤེས་ངང་བསྒ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ལེན་པ་ཡི། །སྐྱེས་བུ་དད་བརྩོན་སྙིང་རྗེར་ལྡན། །ཕོངས་མེད་བདག་ལུས་ཐེད་ལ་བོར། །རེ་ལྟོས་ཉམ་ང་བག་ཚ་མེད། །འཇིག་རྟེན་ཆོས་ལ་མཐུན་མི་འཇུག །སྣང་བའི་ཆོས་ལ་ཞེན་མི་ཆགས། །ལེགས་ཉེས་རྩིས་གདབ་བྲལ་བ་ཡི། །ཡང་དག་ངེས་པའི་ཆོས་ལ་འཇུག །སྣང་ཞེན་འཁྲི་བ་རྦད་ཀྱིས་བཅད། །གང་ལའང་ཉམ་ང་མེད་པར་བྱ། །སྤོབས་པའི་གཟེངས་ཆེན་བསྟོད་པ་གནད། །བླ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      སྲིད་འཁོར་འདས་ཆོས་རྣམས་ཀུན། །གྱི་ན་ཙམ་དུ་བུན་གྱིས་བསྐྱུར། །གཏད་མེད་རིག་པ་དབྱིངས་སུ་སྤུར། །ཕྱི་ནང་སྣང་ཞེན་འཁྲི་བ་བཅད། །ཡུལ་མེད་དམིགས་གཏད་བྲལ་བར་བཞག །རྒ་ནད་འཆི་སོགས་འདུན་པ་བཤིག །རང་བབ་ངང་དུ་བསྐྱུར་ལ་བཏང་། །ཅོག་བཞག་ཆེན་པོར་ལ་ཐག་བཅད། །མདོར་ན་གདལ་བ་ཆེན་པོའི་ངང་། །མཐའ་བྲལ་ཡོངས་གྲོལ་གནད་ལ་གཟིར། །བླང་དོར་ལ་…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      གཟུད། །སླར་ཡང་དམིགས་པ་སྤྲུལ་བསྒྱུར་གྱིས། །གང་ལ་གང་དགོས་ཅི་འདོད་ཀྱི། །རེ་ལྟོས་མེད་པའི་སྦྱིན་པ་གཏང་། །བདག་གཞན་རེ་དོགས་ཉེ་རིང་གི། །བླང་དོར་འཛིན་པའི་རྟོད་ཕུར་ཕྱུང་། །གང་དང་གང་དུ་འདྲེལ་བཅས་པས། །རྣམ་དག་རྒྱལ་བའི་ཞིང་དུ་བསྐྱལ། །རྣམ་གྲོལ་ལེགས་པའི་ལམ་ལ་སྦྱོར། །བྱང་ཆུབ་ཆོས་ཀྱི་ས་བོན་གདབ། །ལས་འབྲས་དཀར་པོའི་བག་ཆ…
      DNG014 · རྩོམ་མཁན།
      བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྒྱུད་ནམ་མཁའ་ཀློང་ཡངས་ཞེས་བྱ་བ།
      ཙན་ནེ་བ། །ཀ་ཀུ་ཤབ་ཤུབ་མེད་པར་གཞག །ངག་སྤྱོད་བླ་མེད་ཡང་དག་དོན། །བཀླག་དང་སྡེབས་སུ་བསྒྲིག་པར་བྱ། །ཡིད་དཔྱོད་ཉོན་མོངས་རང་གར་མིན། །རབ་འབྲིང་ཐ་མའི་བློ་ཅན་གྱིས། །རང་གྲོལ་གཉེན་པོ་འབད་མེད་དང་། །འབད་བཅས་ཀྱིས་ནི་ལམ་དུ་འཁྱོར། །གང་ལ་ཡ་ང་འཁུ་འཕྲིགས་མེད། །སྤྱོད་པ་བབས་མལ་ཉིད་དུ་སྤྱོད། །སྤང་བླང་དགག་བསྒྲུབ་མེད་པར་གཞག …