Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 451 of 500
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཕྱག་རྒྱའི་རྫས། །ཁྱད་པར་གཞོན་ནུ་སྐྱོན་མེད་ཀྱི། །པདྨའི་རཀྟ་ཚོགས་ཚད་དེ། །ཡན་ལག་ཨ་ཤྭ་གནྡྷ་དང་། །འབྲི་མོག་ཉེ་ཤིང་ར་མོ་ཤག །ཙན་དན་དམར་པོ་བཙོད་རྒྱ་སྐྱེགས། །སྟར་བུ་ཤིང་ཏོག་སེར་ལེ་བརྒན། །རྒུན་འབྲུམ་ཤིང་མངར་མེ་ཏོག་མངར། །ཚོགས་ཚད་མཚལ་དང་དམར་པོའི་རིགས། །རིགས་དང་མཐུན་པར་ཉེ་བར་བསྒྲུབ། །ཁྱད་པར་སྐུ་གསུམ་བསྒྲུབ་པ་བླང་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རྒྱུ་བཟང་དང་། །ཙན་དན་ཀ་ར་འབྲས་བུ་གསུམ། །ཡུངས་ཀར་སྐྱེར་པའི་བར་ཤུན་དང་། །སྦྱར་བ་ལེགས་བསྒྲུབས་ལོངས་སྤྱད་ན། །སྦྱར་དུག་རླུང་ནད་ཐམས་ཅད་སེལ། །དོམ་མཁྲིས་ཚ་བ་གསུམ་གྱིས་བསྒྲུབས། །མགུལ་ནད་གག་པ་ལ་སོགས་སེལ། །བདུད་རྩི་དཀར་དམར་ཚིལ་ཆེན་དང་། །གླ་རྩི་བཟང་དྲུག་ཆ་མཉམ་བསྒྲུབས། །ཞག་བདུན་གྱིས་ནི་རྟགས་ཕྱུང་སྟེ། །ལོངས་སྤྱད་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བྱེད། །ཚ་བ་གསུམ་སྦྱར་གྲང་ནད་སེལ། །མཁྲིས་པ་དྲི་ཆུས་ཚ་བ་སེལ། །སྐྱེར་ཤུན་གླ་རྩི་ཡུང་བ་དང་། །གུ་གུལ་ཤུ་དག་བོང་ང་ནག །སྤྲུ་མ་རུ་རྟ་མུ་ཟི་ཡིས། །ལྷོག་པའི་རིགས་ཀུན་བསྲུངས་ཤིང་སེལ། །དེ་དག་ནད་ཞི་བྱེད་པ་སྟེ། །གདོན་ཞི་བྱེད་པའི་ལས་ཀུན་ནི། །མི་རྟ་ཁྱི་ཡི་ཤ་དང་ཁྲག །ལྷམ་རྙིང་ཚིལ་ཆེན་རྟའི་མཆིན་པ། །ར་ཁྲག་དང་བཅས་རྒྱལ་གད…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཚ་བ་སྐྱེས་ན་ཅུ་གང་ངམ། །གུར་གུམ་གཏང་བར་བྱ་བ་ཡིན། །དྲི་ཆེན་ལ་ནི་དྲི་ཆུ་སྟེ། །དེ་མ་ཞུ་ན་སྣབས་ཡིན་ཏེ། །ཐིག་ལེ་དཀར་དམར་དེ་ཉིད་དོ། །མཁྲིས་པར་ལྷུང་བའི་རྟགས་བྱུང་ན། །ཏིག་ཏ་བ་ལེ་བ་ཤ་ཀ །བདུད་རྩི་ཅོང་ཞི་སྦྱར་བར་བྱ། །བད་ཀན་ཨ་རུ་ར་ཡི་ཐང་། །རླུང་ལ་འབྲས་གསུམ་ཚིལ་ཆེན་ནོ། །ཚ་གྲང་ལ་སོགས་དེ་བཞིན་སྦྱར། །སྐྱུགས་བྲོ་གཉིད…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཞིང་བཙོ། །ཟན་དྲོན་ཆེན་པོར་བསྒྲུབ་ཅིང་སྤྱད། །དེ་ལ་ཕབས་བཟང་གདབ་ཅིང་བསྒྲུབ། །མ་བབས་མ་ལངས་བར་དུ་སྟེ། །རྟགས་བཟང་བྱུང་ན་ཆུ་བཟང་སྦྱར། །དེ་ནི་བཏུང་བའི་མཆོག་ཏུ་འགྱུར། །ར་མགོ་ལྟ་བུའི་ཆུ་བསིངས་ན། །གྲང་བའི་ནད་རྣམས་མ་ལུས་སེལ། །སྐམ་ཉུང་ཁཎྜ་ཨ་རུ་ར། །གསེར་མདོག་རྣམ་པར་རྒྱལ་བ་དང་། །རེའུ་རལ་ཁྱེའུའི་ཚན་དང་སྦྱར། །དུག་རྣ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      དབང་འགྱུར་ལོ་གསུམ་གྱིས་ཚིག་གཅིག་ཆད་དམ། །གཞི་ཡི་མཛེ་དང་རིམས་ནད་འཇོམས། །ལྷ་དང་ལྷ་མིན་དབང་དུ་སྡུད། །ལྔ་ཡིས་སེངྒེ་གླང་ཆེན་དང་། །རྨ་བྱ་མཁའ་ལྡིང་དག་དང་མཚུངས། །ཚེ་རིང་ནད་མེད་རིགས་རྒྱུད་འཕེལ། །དྲུག་གིས་ས་གསུམ་ནོར་རྣམས་ཐོབ། །སྤྱན་ལྔ་སྐུ་ལྔ་ཡེ་ཤེས་འགྲུབ། །བསླབ་བྱ་ཀུན་ལ་རིང་གྱུར་སྐོང་། །མཚམས་མེད་ལ་སོགས་སྡིག་སྒ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      དང་རབ་ལྡན་པའི། །རིམ་པ་གཉིས་ཀྱིས་བསྡུས་པའི་ལམ། །འབྲས་བུར་བཅས་པ་རབ་བཤད་པ། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །ལམ་གྱི་ལྷ་ཡི་རྣལ་འབྱོར་གྱིས། །ཕྱི་ནང་སྲུང་བ་རིམ་བཞིན་བརྩམ། །འབྱོར་ལྡན་ཡོ་བྱད་བྱིན་གྱིས་བརླབ། །བསོད་ནམས་ཚོགས་ཆེན་བསག་བྱའི་ཕྱིར། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །རང་རིག་ལྷ་ཡི་བདག་པོ་དགོད། །ཕྱག་རྒྱའི་ཚོགས་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རྟེན་ཁམས་ཀྱི་ཚོགས། །མ་ལུས་སྣང་བ་དེ་ཡིས་བརྒྱན། །འགྲོ་རྒྱུད་དྲུག་དང་ལྔ་དག་དང་། །ཁམས་གསུམ་ཁྱབ་པར་ཇི་སྙེད་པ། །བདེ་བར་གཤེགས་པའི་དཀྱིལ་འཁོར་འདུས། །དངོས་དང་བློ་ཡི་ཡུལ་དུ་བསླབ། །སྔ་མ་དག་གིས་རིམ་བསྟན་ནས། །ཕྱི་མ་དེ་བཞིན་སློབ་པ་ནི། །རིམ་གྱིས་གནས་པའི་བསྒྲུབ་ཆེན་པོ། །བཅོ་བརྒྱད་དང་ནི་བཞི་བཅུ་གཉིས། །ལྔ་བཅུ་དྲུག་ཅུ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བསལ། །ཐུན་མོང་མཆོག་གི་བསྲུང་བ་བརྩམ། །ཕྱི་དང་ནང་དུ་འཛིན་པ་བཟློག །རཱུ་ཏྲ་ཆེན་པོ་ཚུལ་བཞིན་མནན། །དབབ་དང་བཅའ་དང་བཤགས་པ་དག །ང་ཡིས་སྔར་བཤད་བཞིན་དུ་བརྩམ། །འཁོར་ལོ་ཁྱམས་དང་སྒོ་རྣམས་ལ། །རིགས་བཞི་ཡུམ་དང་བཅས་པ་དང་། །མ་སྲིང་བཅུ་དྲུག་ཕོ་ཉ་བཞི། །འཇིགས་བྱེད་དཀྱིལ་འཁོར་དེ་ལུས་ལ། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་བསྒོམ། །འཁ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རྫོགས། །རང་བྱིན་བརླབ་པའི་ནུས་པ་ཅན། །སྣོད་བཅུད་ཆས་གོས་ཏིང་འཛིན་ལྡན། །མོས་པའི་འདུན་པ་ཆེར་གཡོས་པ། །དེ་ཉིད་དབང་ཕྱུག་རྫོགས་གྱུར་ནས། །ང་རྒྱལ་གསུམ་དང་བཅས་པ་ཡིས། །རྡོ་རྗེ་པདྨ་མཉམ་སྦྱོར་བའི། །བྱང་ཆུབ་སེམས་ཀྱི་ཡོན་ཏན་སྤྲོས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །མཉེས་པ་མཆོག་གི་མཆོད་པ་སྦྱར། །ཚུལ་མཐུན་ལུས་ཀྱི་དཀྱིལ་འཁོ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      འཁོར་ངེས་པར་བརྟག །དགའ་དང་སྐྱེ་དགའ་མཆོག་ཏུ་དགའ། །བྲལ་བ་དང་ནི་སྐད་ཅིག་བཞི། །རྣམ་པར་བསྐྱོད་སོགས་དེ་དག་ལ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་ཆེན་ཟག་མེད་དམ་པ་བཞི། །འཁོར་ལོ་བཞི་ལ་རིམ་བཞིན་དབབ། །དབབ་དང་བསྐྱིལ་དང་གཟུང་དང་བཟློག །སྐུ་གསུང་ཐུགས་ཀྱི་སྦྱོར་བ་བརྩམ། །མ་ལུས་ཐབས་དང་ཤེས་རབ་དང་། །མཉམ་པ་ཉིད་དུ་རབ་ཏུ་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      པའི་རིམ་གྱིས་ཕྲ་བ་དག །སྐྱེ་འགྱུར་ཡང་ན་མི་སྐྱེ་སྲིད། །ལུས་སེམས་སྣང་བ་གཞལ་མེད་ཁང་། །རྟེན་དང་བརྟེན་པར་བཅས་པ་སྟེ། །འདུ་བྱེད་མ་ལུས་ཕྱག་རྒྱར་གསལ། །སྨྲ་བརྗོད་དབྱངས་དང་དྲུག་ཡིན་ཏེ། །དྲན་དང་རྟོག་པ་གང་སྣང་ཉིད། །མཉམ་ཉིད་མྱ་ངན་འདས་དགོངས་ཏེ། །ཐེག་པ་སྤྱི་གཅོད་རབ་ཏུ་བརྗོད། །ཡེ་ཤེས་རང་ལ་སྣང་བ་ནི། །འོག་གསལ་དོན་གྱི་མ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཀྱི་དབང་ཕྱུག་པོ། །འཁོར་ལོ་བཞི་ལས་ཐ་མའི་ལས། །འཁྲུལ་ཞིང་འཁོར་བ་རབ་ཏུ་གཅོད། །ཡབ་ཡུམ་ཕྱི་ནང་གསང་བ་གསུམ། །ཚུལ་བཅུ་དང་ནི་འོད་ཟེར་བཀྱེ། །རུ་བཞི་རྡོ་རྗེ་རྒྱ་གྲམ་ཚུལ། །གནད་སྐབས་འབྲུ་དེད་བསྣུར་འགྲོས་སོ། །དང་པོ་ཕོ་མོ་རྣམ་གཉིས་བཞི། །ཡ་མ་རཱ་ཛ་ས་དོ་མེ་ཡ། མོ་ཡི་མོ་གཡོན་ས་འོག་ནང་། །མོ་ཡི་ཕོ་གཡས་གནམ་སྟེང་ཕྱི། །ཕོ་ཡི…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཉིད། །ནང་གི་བསྒྲུབ་པ་བཅུ་བདུན་པ། །བསྒྲུབ་པའི་བསྙེན་པ་དག་ཏུ་འགྱུར། །དང་པོ་ཨ་ཀྲོ་ཏེ་ཀའོ། །ཡ་མ་མེ་ད་ཀྵེ་བཅུ་བདུན། །བསྒྲུབ་པའི་ཡང་ནི་བསྒྲུབ་པ་ཡིན། །ཡ་མ་ཀྵེ་ད་བཅུ་བདུན་པ། །གཡས་བསྐོར་བསྒྲུབ་པའི་ལས་སྦྱོར་རོ། །ལས་རིམ་ཀུན་ལ་དེ་བཞིན་སྦྱར། །ལས་སྦྱོར་ཉིད་ལ་དབྱེ་བ་ནི། །འབྲུ་དེད་བདུན་ལ་གཡོན་བསྐོར་བས། །ལས་ལ་སྦྱོར་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      འཁྲུལ་པ་བཅུ་ལ་ས་ཟིན་དགུ། །ཡི་གེ་ཟད་པ་གཅིག་སྟེ་བཅུ། །བདུན་བསྐོར་གཡས་གཡོན་རུ་བཞི་སྟེ། །བདུན་བསྐོར་ཡ་ནས་མེ་ཡི་བར། །ཡ་ཡི་བཟླས་ལུགས་རྫོགས་དེ་བཞིན། །གཅིག་ལས་བདུན་དུ་འགྱུར་བ་ལས། །ཉི་མ་དང་པོ་བཞི་བཅུ་དགུ། །བཟླས་པས་དང་པོའི་ཡི་གེ་ཟད། །གཉིས་པ་ལ་སོགས་དེ་བཞིན་སྦྱར། །རུ་བཞི་ཟད་པའི་ཕོ་བྲང་དབུས། །ཡ་ཉིད་ལྔ་འགྱུར་དག་ཏ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      གཉིས་བྱེད་ལྟར། །སོ་སོའི་སྔགས་ཀྱིས་མ་ལུས་གཅོད། །འོད་ཟེར་བརྒྱད་ཀྱི་ཆོ་འཕྲུལ་ཡིན། །འབྲུ་དེད་གཡས་གཡོན་ཉིན་མཚན་དུ། །བཟླས་པས་བསྙེན་བསྒྲུབ་རྟགས་ཕྱིན་ནས། །ཐོགས་མེད་ལས་ལ་སྦྱར་བར་བྱེད། །སྔགས་འཁྲུལ་མཚོ་བསྡེབ་བསྟན་པ་ཡང་། །གཞི་དང་དངོས་པོ་ཐབས་འབྲས་བུ། །དང་པོ་ཡབ་ཡུམ་ཕྱི་ནང་གསང་། །འོད་ཟེར་བརྒྱད་དང་བཟླས་ལུགས་བཅུ། །ར…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ། ཡི་གེ་ཉི་ཤུ་རྩ་བརྒྱད་ལ། ཡ་མ་རཱ་ཛ་ས་དོ་མེ། ཡ་མེ་དོ་རུ་ཎ་ཡོ་ད། ཡ་ད་ཡོ་ནི་ར་ཡ་ཀྵེ། ཡ་ཀྵེ་ཡཙྪ་ནི་རཱ་མ། ཡི་གེ་ཉི་ཤུ་རྩ་བཞི་པ། །ཡ་མ་རཱ་ཛ་ས་དོ། ཡ་མེ་དོ་རུ་ཎ་ཡོ། ཡ་ད་ཡོ་ནི་ར་ཡ། ཀྵེ་ཡཙྪ་ནི་རཱ་མ། ཡི་གེ་བཅུ་བདུན་པ་འདིའོ། །ཡ་མ་མེ་ཏ་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      གསུམ་བསྒྲུབ་པ་གསང་གསུམ་ལས། །འོད་ཟེར་བརྒྱད་ཀྱི་ལས་སྦྱར་བ། །ཉི་མ་བྱ་རྒོད་བཙོན་ནི་བསྙེན། །སྐྱེས་བུ་གོ་མཚོན་གཡོན་བསྐོར་བསྒྲུབ། །གོ་མཚོན་གཡས་བསྐོར་བཙོན་ལྕགས་གཟེར། །གསེར་ཐོག་སྤུ་གྲི་བཞི་དྲིལ་བས། །བཞི་སྙིང་གཅིག་ཏུ་དྲིལ་བའི་ལས། །དེ་ལ་བཞི་ནི་བསྙེན་པ་སྟེ། །བརྒྱད་ནས་གསུམ་གྱི་བར་དུ་ཕྱེ། །གཡོན་དུ་བསྐོར་བས་བསྒྲུབ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      མཚོ་བསྡེབ་འབྲས་བུ་གསུམ་པའོ། །གཞན་ཡང་བསྙེན་པ་ཞི་བ་དང་། །སྐུ་གསུང་རྣམས་ནི་ཡུལ་དུ་བཤད། །བསྒྲུབ་པ་དང་ནི་རྒྱས་པ་དང་། །དབང་དང་གསུང་ནི་ཐབས་ཞེས་བྱ། །ལས་ལ་སྦྱར་དང་དྲག་པོ་དང་། །ཐུགས་ནི་འབྲས་བུར་བསྡུས་པ་ཡིན། །དེ་ལྟར་འཁྲུལ་འཁོར་མཚོ་བསྡེབ་ལ། །ངོ་བོ་ཀུན་གཞི་བག་ཆགས་དང་། །བཅས་པ་རྣམ་དག་གཤིན་རྗེ་གཤེད། །དབྱིངས་དང་ཡེ་ཤ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ནས་མེ་ཡི་བར་དུ་བདུན། །གནམ་ཐུས་ཡིན་ཏེ་བདུན་དུ་འཁྲུལ། །ཡ་ནས་དོ་རུ་དྲུག་བཟླས་པ། །ལས་ཁ་བསྐང་བའི་དྲུག་འཁྲུལ་ཡིན། །ཡ་ནས་ཀྵེ་རུ་ལྔ་འཁྲུལ་པ། །བཟླས་པ་དབུས་ཀྱི་ལྟེ་བར་འཁྲུལ། །ཡ་ནས་ཛ་རུ་བཞི་བཟླས་པ། །གཉིས་པ་ཡིན་ཏེ་བཞིར་འཁྲུལ་པའོ། །ཡ་མ་རཱ་ནི་ཤར་ཕྱོགས་ཀྱི། །ལས་སྡེབས་བཟླས་པ་གསུམ་དུ་འཁྲུལ། །དེ་ལྟར་གཡོན་གྱི་བསྙེན་བས…