Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 453 of 500
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      མོ་བདུན་ནི་ལྡིང་ཐབས་འཕྱོ། །པདྨ་ཤིང་གི་སུམ་ཆ་ན། །མགོ་མེད་སྙིང་ལ་བགེགས་ཀྱི་རིགས། །སྟོང་ཕྲག་བརྒྱད་ཅུའི་ཆོ་འཕྲུལ་འགྱེད། །འདོད་པ་ཁམས་ཀྱི་གཙོ་མོ་གསུམ། །དེ་སྟེང་བརྐྱང་བསྐུམ་བརྗིད་པའི་ཚུལ། །ཕྱི་རིམ་བང་རིམ་བཞི་པོ་ལ། །རྒྱལ་ཆེན་བཞི་ཡི་སྤྱི་བོ་ན། །པདྨ་བརྒྱད་ལ་སྲིང་བཞི་དང་། །དམག་དཔོན་མོ་བཞི་འགྱིང་བའི་ཚུལ། །དཔག་བ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      མའི་འོད་ཆེན་གཉིས། །ཕྲ་མེན་མ་དང་ཐོད་ཕྲེང་གནས། །ནང་གི་འོད་ལ་དགྱེས་སྡེ་བཞི། །མགྲིན་པ་ལོངས་སྤྱོད་ཆ་སྙོམས་མ། །ཡན་ལག་བདུན་གྱི་ཁ་སྤྲོད་དབུས། །སྲིན་མོ་བདུན་ནི་བཟའ་བཏུང་སྤྱོད། །རང་བཞིན་བཅུ་དྲུག་ཁ་སྤྲོད་ལ། །མིག་དང་རྣ་བ་སྣ་དང་ལྕེ། །ཟ་བྱེད་མ་མོ་ཡུལ་ལོངས་སྤྱོད། །བདེ་ཆེན་འཁོར་ལོ་བྱང་ཆུབ་སེམས། །ཚངས་པའི་གདུང་བཞི་རྒ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      མཱུཾ་བཅུད་ཀྱི་ཐིག་ལེ་གནས། །ཡུམ་དྲུག་རྗེ་མོ་བཅུ་བཞིའི་གནས། །རང་བཞིན་ཐིག་ལེ་འོད་གསལ་བ། །ཡེ་ཤེས་ཡེ་ནས་ཁྱབ་པར་གནས། །དྭངས་མ་ལྔ་ལས་རྒྱལ་མོ་ལྔ། །ཁ་དོག་ལྔ་ལ་ཉི་ཐོད་ཕྲེང་། །གསེར་ཉི་ཕྲ་མེན་རྒྱ་མཚོ་སྟེ། །ཤེས་རབ་སྙིང་རྗེའི་བདག་ཉིད་ཅན། །རྣམ་ཤེས་བཞི་ལ་མ་བཞི་སྦས། །ཁྲོས་པའི་བུ་མོ་འོད་རིམ་ལ། །ཆོས་ཀྱི་འཁོར་ལོ་ཉི་ཤུ་ལ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བྲག་དབྱེ། །བལྟ་བསྒོམ་སྤྱོད་འབྲས་འཁོར་འདས་ཀྱི། །ས་བོན་སོ་སོའི་གནས་སུ་བྱུང་། །འཁོར་འདས་ས་བོན་ཧཱུཾ་རིང་སྤྲོ། །རྩ་ཐིག་བཞི་ལྡན་དཀྱིལ་འཁོར་ན། །ཐིག་ལེ་སྐྱེ་འཆིའི་སྡུག་བསྔལ་སྤོང་། །ཤྲཱི་མ་ཧཱ་སུ་ཁ་བཛྲ་བོ་དྷི་ཧཱུཾ་ཧོ། འབྲུ་གཅིག་གཏང་ལྟ་ཡང་སྤྱོད་རྣམ་བཞི་ལ། །སྐུ་གསུང་ཐུགས་སུ་ཐག་ཆོད་དེ། །ཆགས་སྡང་ང་རྒྱལ་ཕྲག་དོག་གི…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཡུམ་ཆེན་བཅོ་ལྔ་པོ། །ཐུགས་འོད་བཙོ་མའི་གསེར་ལ་བསྡུ། །རླུང་ནི་སྐྱེ་མེད་ཨ་ལ་བསྡུ། །དྭངས་མའི་མཁའ་འགྲོ་མ་རྣམས་ཀུན། །རིག་པའི་རྩལ་གྱི་ཐིག་ལེར་བཞུ། །སྨིན་བྱེད་སྟོབས་ཀྱི་མ་ལ་བསྡུ། །རྩ་བའི་མཁའ་འགྲོ་ལྔ་བཅུ་དྲུག །བསྡུ་ཐབས་ལེ་བརྒན་འབར་བར་བཞུ། །སྟོབས་ཀྱིས་འཛིན་པའི་ཏི་ལ་བསྡུ། །ཧཱུཾ་ཆེན་འབར་བས་རི་རབ་བསྲེགས། །ཉི་ཟླའི…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཡུམ་གསང་གནས་བྱིན་བརླབས་ནས། །མཁའ་ལ་གསང་བའི་ཡུམ་བཞི་བསྐྱེད། །ལེ་ཚེ་བཞི་ལ་གསང་བའི་ཡུམ། །འདི་སྐོར་སྔགས་རྣམས་མ་ཕྱི་སོར་བཞག །བ་ར་མ་ཎ་ཕཊ། དཀར་མོ་ཉི་མའི་གའུ་ཅན། །ཤར་གྱི་ལེ་ཚེ་དག་ལའོ། །རཏྣ་སྥ་ར་ཎ་ཕཊ། སེར་མོ་རིན་ཆེན་འོད་འབར་ལྷོ། །པདྨ་གར་བྷ་ཡ་ཕཊ། དམར་མོ་པདྨའི་བཅུད་འཛིན་ནུབ། །ག་བི་ཏྲ་ཐ་ཕཊ། ལྗང་གུ་རྡོ་རྗེ་རྒྱ་གྲ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཐོད་ཕྲེང་འཛིན་པ་བྱང་གི་རྩིབས། །བི་ཤ་ཀཱི་ལ་ཡ་ཕཊ། མེ་འཁོར་དམར་པོ་ཁ་ཊྭཱཾ་འཛིན། །བེ་ཤ་ཀཱི་ལ་ཡ་ཕཊ། ཟ་བྱེད་བརྟུལ་ཞུགས་རལ་གྲི་ཅན། །ཧི་ཤ་ཀཱི་ལ་ཡ་ཕཊ། སྐྱོད་བྱེད་རླུང་གི་བ་དན་ཅན། །སྔོ་སངས་རླུང་རྐྱལ་སྦྲུལ་ཞགས་ཐོགས། །དུ་ཤེ་ཀཱི་ལ་ཡ་ཕཊ། གཟི་འབར་ལྗང་སྐྱ་གྲི་གུག་ཅན། །འདི་དག་རིམ་བཞིན་རྩིབས་མཆན་ལའོ། །ཀ་ཤ་ཕཊ། རྟ་མགོ་ལ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ལ་ཡ་ཕཊ། འཇིག་རྟེན་འོད་སྔོ་མེ་དཔུང་ཅན། །རགྴ་སེ་ཏྲཾ་ཀཱི་ལ་ཡ་ཕཊ། སྟོང་གསུམ་ཁྱབ་བྱེད་དམར་ཐོད་ཁྲག །ཧེ་ཧེ་ཁ་རག་ཀཱི་ལ་ཡ་ཕཊ། ཧཱུཾ་སྒྲ་དུད་ཁ་རོ་དབྱུག་འཛིན། །ད་དུར་ཕྲ་ཏི་ཀཱི་ལ་ཡ་ཕཊ། ཤུགས་སྒྲོལ་ལྗང་ནག་ཁྲུང་ཁྲུང་འཛིན། །ཧཱུཾ་བཾ་སུ་ཀཱི་ལ་ཡ་ཕཊ། སྐར་མདའ་གདོང་སེར་བྱ་ཁྲ་འཛིན། །གར་བྷ་ཀཱི་ལ་ཡ་ཕཊ། གློག་སྲིན་སྣ་ཚོགས་མདོག…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཁ་འདར་ལི་རྦད། མྱོགས་མུགས་རྦད་ཕཊ། གྲོད་པ་འཕར་འགུལ་རྟགས་བྱུང་ནས། །ཀི་ཀང་དྲག་པོ་རྒྱུ་དུས་འཕང་། །སྔགས་གསུམ་གྱིས་ནི་རྟེན་གསུམ་བཤིག །ལྷོ་ཡི་ཙཀྲ་རྒྱས་པའི་ལས། །འབྲུབ་ཁུང་རྒྱས་པའི་དབྱིབས་ལྡན་ལ། །ལིངྒའི་ཡན་ལག་ཧཱུཾ་ལྔ་དགོད། །དཔྲལ་བར་ཕཊ་དང་སྙིང་ག་རུ། །མཱ་ར་ཡ་བཀོད་གསལ་གྲུབ་བརྟན། །ཨ་ཡི་འོད་ཀྱིས་ཡོན་ཏན་བསྡུ། །ཕྱོག…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ཟླ་ཁམ་གསུམ་དང་བཅས། །ཕྱི་ཁྱམས་རྒྱས་པ་མཛུབ་གང་སྟེ། །མེ་འོད་ཐོད་པའི་ཕྲེང་བས་བརྒྱན། །བྷནྡྷའི་ནང་དུ་མུ་ཀས་བཀང་། །ཕུར་པ་རྫས་ཀྱི་གཙོ་བོ་བཞག །ཆགས་བྱེད་ཆགས་སྙོམས་གཉིས་ལ་བྲི། །བདུན་ལ་མ་བདུན་བྷྱོ་བདུན་བྲི། །ལྷ་གྲངས་ལྡན་པ་དེ་རུ་དགོད། །བྱིན་གྱིས་བརླབ་པའི་ལྷ་བསྒོམ་པ། །དབྱིངས་ཀྱི་ཡུམ་དྲུག་མགོ་བོ་ལ། །རྣལ་འབྱོར་བཅུ་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རྗེ་ཀླུ། །གནོད་སྦྱིན་སྲིན་པོ་མ་མོ་བཙན། །དེ་བཞིན་ནང་དུ་བཏགས་ཤིང་ཆགས། །མ་སངས་གིང་དང་དགྲ་ལྷ་དང་། །རྨུ་བདུད་མུ་སྟེགས་མཁའ་འགྲོ་དང་། །འགོང་པོ་ཐེ་བྲང་ཞེས་བྱ་བ། །གསང་བར་བཏགས་ཤིང་ཆགས་པ་ཡིན། །ནང་གི་རྣམ་ཤེས་ཀུན་གཞི་དང་། །ཡིད་དང་ཡིད་ཀྱི་རྣམ་ཤེས་ལས། །དབང་པོ་ལྔ་ཡི་དྭངས་མར་བཅས། །གསང་བའི་ལམ་ལ་རྒྱུ་བ་དག །ཡང་གསང་གཏེར…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བཟློག་པར་འགྱུར། །བཏགས་ཤིང་ཆགས་པས་དབྱེ་བ་ནི། །ལྷ་ལས་དགྲ་ལྷ་རྒྱལ་པོ་གིང་། །བདུད་ལས་རྨུ་བདུད་མུ་སྟེགས་དང་། །རཱུ་ཏྲ་རྣམས་སུ་བཏགས་ཤིང་ཆགས། །མ་མོ་ལས་ནི་མཁའ་འགྲོ་དང་། །ལྷ་མོ་སྲིན་མོ་མོན་མོ་དང་། །བལ་མོ་ཀླུ་མོར་བཏགས་ཤིང་ཆགས། །བཙན་ལས་ཡབ་རྗེ་ཡམ་ཤུད་དང་། །གེ་གོད་ཟེ་དྲད་རྣམས་སུ་བཏགས། །གཟའ་ལ་རོག་ཏི་ཁྱབ་འཇུག་དང་། …
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བར་གྲགས་པ་ཡིན། །རྟེན་བསྐྱེད་གཞིར་གྱུར་མ་མོ་སྟེ། །གནོད་པ་སྟེར་བྱེད་གནོད་སྦྱིན་ནོ། །ཡན་ལག་ཕྱོགས་སུ་དབྱེ་བ་ཡང་། །གདུག་རྩུབ་ཆེ་བས་ལྷ་མ་ཡིན། །གང་དུའང་འབྱུང་བས་འབྱུང་པོ་སྟེ། །ལྷ་མིན་ཀུན་སྤྲུལ་མི་འམ་ཅི། །ཡིད་ཀྱིས་དྲི་སྣོམ་དྲི་ཟ་དང་། །སྟོབས་ལྡན་ཁྲོ་གཏུམ་སྲིན་པོ་ཡིན། །མཁའ་ལ་སྤྱོད་པས་མཁའ་འགྲོ་སྟེ། །ཟས་ཡིད་བཏག…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      ལྡན་པ་རྣམས། །ལྷ་ཡི་རྒྱལ་པོ་བྱེ་བྲག་མཉེས། །ཙ་ར་ཁྱི་དང་འདབ་ཆགས་རྟ། །ནག་པོའི་ཆས་ཞུགས་བདུད་མཉེས་འགྱུར། །ཤེལ་སྨུག་གྲོ་མོ་སྨན་སྣ་ཚོགས། །དཀར་མངར་བྲོ་བཅུད་ཀླུ་ཡིན་ཏེ། །སྲོག་ཆགས་མོ་རིགས་ནག་ཆགས་དང་། །བ་དན་ཕེག་རྡོབ་དུང་དང་རྔ། །གདུགས་དང་རྒྱལ་མཚན་ཕྲེང་བ་དག །མ་མོ་ཡུམ་རྣམས་མཉེས་པའི་རྫས། །རིག་བཅས་མདའ་མདུང་བ་དན་དམར།…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      བསྡུ་དང་སྤྲོ་ཞིང་ལས་ལ་སྦྱར། །རྣམ་པ་སྦྱོར་བ་རྟགས་རྣམས་ཀྱིས། །མངོན་དུ་ཕྱུང་བ་དེ་ཉིད་དང་། །སྒྲོགས་ཤིང་དབབ་པ་རྟེན་སྦྱོར་བའི། །བརྟུལ་ཞུགས་ཏིང་ངེ་འཛིན་དག་ནི། །སྟོབས་དང་མི་འཇིགས་རིག་པ་ཡིས། །དོན་ཀུན་བསྒྲུབ་པ་དེ་ཤེས་བྱ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །གང་ལ་གང་གིས་དེ་ངོ་བོ། །གཉིས་མེད་རིག་པ་འཛིན་པའི་ཐུགས། …
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      རབ་ཕྱེ་སྙིང་ཕུར་བྱ། །མི་དང་དུད་འགྲོ་ཕྲ་མེན་དང་། །རིན་ཆེན་ཕྲ་མེན་རང་སྣོད་བཅས། །ཟངས་ལྕགས་གྲི་ཡི་ཐོད་པ་དང་། །སྟག་གཟིག་བྱི་ལ་ནི་ལེ་དང་། །ཧུ་ལུ་རང་གྲུབ་སྣོད་རྣམས་ནི། །སོ་སོའི་བཅིང་སྡོམ་བླ་སྣོད་ཡིན། །མཛེས་པའི་གཞི་ལ་རང་སྔགས་བྲི། །ཐུར་མ་རྡོ་དང་བཅས་ལ་དྲིལ། །མཐུན་པའི་རྫས་དང་སྣོད་དུ་སྩལ། །སྙིང་ཕུར་རྣམས་ལ་འབྲུ་…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      འགྲུས་ཕུན་སུམ་ཚོགས་ལྡན་པས། །འདི་དག་འགྲུབ་ཅིང་ཐེབས་པའི་རྒྱུ། །དེ་ནས་བཟློག་ཚུལ་དེ་ཉིད་དོ། །དམ་བཅའ་ཁས་བླངས་དུས་ལས་འདས། །སྡོམ་རིམ་བསླབ་པའི་ཚུལ་མི་ལྡན། །བསྒྲུབ་བྱ་སྒྲུབ་བྱེད་ཐེ་ཚོམ་བཅས། །ཡོན་ཏན་མ་རྫོགས་ལས་ལ་འཇུག །དམིགས་དང་སྦྱོར་བ་གོ་རིམ་ནོར། །ངན་སེམས་གདུག་པའི་བསམ་པ་སྐྱེས། །ཕ་རོལ་སྒྲོལ་བ་དྲག་པོ་རྣམས། །བཟླ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      འཁྲུངས་ས་གནོན་དང་། །རླུང་གིས་ཁྱེར་དང་རང་བཞིན་ཞིག །གསད་པའི་ལས་ཀྱི་དོན་འགྲུབ་རྟགས། །ཤ་ཟ་ཁྲག་འཐུང་སྟོན་མོ་ཟ། །བཤད་དང་ལོངས་སྤྱོད་བྱེད་ལ་སོགས། །དོན་གྲུབ་གསད་ལས་ཟིན་པའི་རྟགས། །རྟོག་པ་ཐུགས་རྗེས་བསྒྲལ་བ་དང་། །ཞེ་སྡང་ནུས་པས་བསྒྲལ་བ་དང་། །མན་ངག་ཐབས་ཀྱིས་བསྒྲལ་བ་ལས། །བྱེ་བྲག་ཐུན་མོང་ཁྱད་པར་དག །སོ་སོའི་མཐུན་ཚོག…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      འཕང་། །གཞི་གནས་སྔོ་བའི་གསར་ཞིང་བསྒྲུབ། །བསྙེན་པ་བསྐྱར་དང་དྲག་སྔགས་དཀྲུག །རྫས་ཀྱིས་བདུག་དང་ཤི་ས་བསྟན། །ཉམས་པ་གསོ་ཞིང་བསྐང་བ་དང་། །ངག་བཀྲོལ་ལྷ་ཕྱེ་བསྙེན་བསྒྲུབ་དང་། །ལས་སྦྱོར་ལན་གསུམ་བསྐྱར་བས་སྦོགས། །མདོར་ན་མ་གྲུབ་བར་དུ་ནི། །བརྣག་ཅིང་བསྒྲུབ་པ་མན་ངག་གནད། །རང་བཞིན་འཁོར་འདས་ཆོས་རྣམས་ཀུན། །རང་གཞན་སྣང་བ་རྟ…
      DNG014 · རྩོམ་མཁན།
      མ་ཚང་ཁ་བསྐང་བའི་རྒྱུད།
      པས། །དྲེགས་པ་རང་ལ་ལྡོག་པར་འགྱུར། །གསང་སྦྱོར་མི་ནུས་དུས་ལས་གཡེལ། །རྟེན་རྫས་མེད་ལ་རྟེན་མི་འདུ། །ཕ་རོལ་མཚན་རྟགས་མ་ཤེས་པས། །དུས་མིན་ཕྱལ་པར་འགྱུར་བ་ཡིན། །གནད་ལ་མ་ཕེབས་ལས་མི་བྱེད། །དཀའ་བ་མ་སྤྱད་ཐེ་ཚོམ་སྐྱེས། །གཞན་ལ་བསྒྲགས་པས་འཁོར་ལ་གནོད། །བསྲུང་སྡོམ་མི་ལྡན་དོན་མེད་སྤྱོད། །བསམ་ངན་གདུག་པས་ངན་འགྲོར་འཁྲིད། །ཉ…