Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 478 of 500
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      དཀྱིལ་འཁོར་རོ། །ནང་དུ་ནི་མགྲིན་པའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་རོ། །ནང་དུ་ནི་སྙིང་གའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རོ། །ནང་དུ་ནི་ལྟེ་བའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་མཾ་ཡིག་ཡོངས་ས…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      ནུབ་ཀྱི་རྩིབས་སུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མའིའོ། །བྱང་དུ་ཏཾ་ཡིག་ཡོངས་སུ་གྱུར་པ་ལས་གཟུགས་ཅན་མའིའོ། །ཕྱོགས་བྲལ་རྣམས་སུ་དྲི་ཆེན་དང་དྲི་ཆུ་དང་ཁྲག་དང་ཤའི་ཐོད་པ་རྣམས་སོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་ལའོ། །ཕྱི་རོལ་དུ་དུར་ཁྲོད་བརྒྱད་པོ་རྣམས་ལ་ཤར་གྱི་དུར་ཁྲོད་དུ་ཤུ་ཡིག་ཡོངས་སུ་གྱུར་པ་ལས་རོའི་གདན་ནི་ཁྲ་ག…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      དྲང་བའི་དོན་གྱི་ཕྱི་རོལ་དུ་སྤྱི་བོར་པཱུ་ཡིག་དགོད་པའོ། །དེ་ལྟར་ཕྱི་རོལ་དུ་ལྷོའི་རྩིབས་ལ་ཛཱ་ཡིག་ཡོངས་སུ་གྱུར་པ་ལས་གཏུམ་མིག་མའི་རོའི་གདན་ནོ། །ནང་དུ་ནི་ལྷོའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་སྤྱི་གཙུག་ཏུ་ཛཱ་ཡིག་དགོད་པའོ། །ཕྱི་རོལ་དུ་ནུབ་ཀྱི་རྩིབས་ལ་ཨོ་ཡིག་ཡོངས་སུ་གྱུར་པ་ལས་འོད་ལྡན་མའི་རོའི་གདན་ནོ།…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      གྱི་རྩིབས་ལ་ཀཱ་ཡིག་ཡོངས་སུ་གྱུར་པ་ལས་ས་སྲུངས་མའི་རོའི་གདན་ནོ། །ནང་དུ་ནི་ངེས་པའི་དོན་གྱི་ལོངས་སྤྱོད་འཁོར་ལོའི་ནང་གི་ཡོངས་སུ་བསྐོར་བའི་ཤར་གྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་མཆན་ཁུང་གཉིས་སུ་ཀཱ་ཡིག་དགོད་པའོ། །ཕྱི་རོལ་དུ་ལྷོའི་རྩིབས་ལ་ཨོ་ཡིག་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ཆེན་མོའི་རོའི་གདན་ནོ། །ནང་…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      དང་འདུན་པ་དང་ཉེ་བར་འདུན་པའི་ལྷ་མོ་རྣམས་ཀྱི་གདན་གྱི་ངེས་པའོ། །དེ་ནས་ཕྱི་རོལ་དུ་སྐུའི་འཁོར་ལོ་དང་ནང་དུ་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོའི་ཕྱི་རོལ་གྱི་ཡོངས་སུ་བསྐོར་བ་ལ་རྩ་བཅུ་དྲུག་དང་ནང་གི་ཡོངས་སུ་བསྐོར་བ་ལ་རྩ་བརྒྱད་དེ། འདི་ཉིད་ལ་ལོངས་སྤྱོད་འཁོར་ལོ་ལ་ཇི་ལྟ་བ་དེ་ལྟར་གདན་རྣམས་བརྗོད་པར་བྱའོ། །འདིར་ཕྱི་ར…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བ་ལས་བརྩོན་འགྲུས་ཆེན་མོའི་རོའི་གདན་ནོ། །ནང་དུ་ནི་མེའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་པུས་མོ་གཉིས་ལ་ཀུ་ཡིག་དགོད་པའོ་ཞེས་པ་སྐུའི་འཁོར་ལོ་ལ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་གདན་གྱི་ས་བོན་དགོད་པ་སྟེ། དེ་ལྟར་ན་སྐུའི་འཁོར་ལོ་ལ་འདུས་པ་དང་ཉེ་བའི་འདུས་པ་དང་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བ་བུ་མ་སྐྱེས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱ་སྟེ། ལྷའི་དམིགས་པ་བྱ་སྟེ་པདྨར་རྡོ་རྗེ་བཅུག་སྟེ། ཧཱུཾ་ཕཊ་ཡི་གེས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱ་ཞིང་སྤྲོ་བ་ན་འོག་ཏུ་པདྨའི་སྣོད་བཞག་ནས་རྡོ་རྗེ་པདྨའི་སྣོད་དེར་གཞུག་པར་བྱའོ། །ཚེས་གཉིས་པ་ལ་རོ་ལ་མཆོད་པར་བྱས་ནས་གླད་པ་བླང་བར་བྱའོ། །གསུམ་པ་ལ་མི་མོ་དཀར་ཤམ་ལ་མཆོད་པ་བྱ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བར་བྱའོ། །ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦྦ་དྲ་བྱ་ཎི་པི་ཤོ་དྷ་ཡ་ཧཱུཾ་ཕཊ། ཅེས་པ་གཏོར་མ་སྦྱང་བའི་སྔགས་སོ། །སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོའི་ཚོགས་ཀྱིས་མཉེས་པར་བྱེད་པ་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་པས་དེ་བཞིན་གཤ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      འདིར་སྐྱེ་བོ་དང་བྲལ་བའི་ཁང་བའམ་ཤིན་ཏུ་སྦས་པའི་གནས་སུ་རིགས་ཀྱི་ཕོ་ཉ་མོ་གོས་དང་བྲལ་བ་ཐམས་ཅད་དང་སྒྲུབ་པ་པོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་རང་རང་གི་གནས་སུ་རྣལ་འབྱོར་མ་སྐྲ་གྲོལ་བ་རྣམས་དང༌། སྒྲུབ་པ་པོ་རལ་པའི་ཅོད་པན་བཅིངས་པ་རྣམས་མིའི་པགས་པའི་སྟེང་དུ་འདུག་ཅིང་ཚོགས་ཀྱི་བདག་པོ་ནི་འཁོར་ལོའ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      ཞིང་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་བདེ་བས་དམན་ཞིང་བྱང་ཆུབ་ཀྱི་སེམས་མྱང་བ་སྤངས་པའི་བཟའ་བ་དང་བཏུང་བས་དཔའ་བོའི་སྟོན་མོར་བརྗོད་པར་བྱའོ། །དེ་ཉིད་དགེ་བསྙེན་རྣམས་ཀྱིས་སློབ་དཔོན་གཙོ་བོར་བྱའོ། །སྔགས་ཀྱི་ཚུལ་ལ་སློབ་དཔོན་ཡང་རྣམ་པ་གསུམ་སྟེ། ཁྱིམ་གནས་དགེ་ཚུལ་དགེ་སློང་ནི། །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་པའོ། །…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      རྒྱལ་པོའི་བུ་དབང་བསྐུར་བ་ནི་རྒྱལ་བོར་འགྱུར་རོ། །བློན་པོའི་བུ་དབང་བསྐུར་བ་ནི་བློན་པོར་འགྱུར་རོ། །དེ་བཞིན་དུ་དགེ་སློང་དབང་བསྐུར་བ་ནི་སློབ་དཔོན་མཆོག་ཏུ་འགྱུར་རོ། །དགེ་ཚུལ་ནི་སློབ་དཔོན་འབྲིང་པོར་འགྱུར་རོ། །ཁྱིམ་ན་གནས་པ་ནི་སློབ་དཔོན་ཐ་མར་འགྱུར་རོ། །དེའི་ཕྱིར་གསུམ་པོ་རྣམས་ལས་སྔར་དགེ་སློང་ཕྱིས་རྡོ་རྗེ་འཛིན…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      གཞག་པར་བྱའོ། །དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན། བ་བྱུང་གི་མཎྜལ་གྲུ་བཞི་པ་བྱས་ཏེ་དེར་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱ་ཞིང་ཚོགས་ཀྱི་བདག་པོའི་གཡོན་དུ་ལས་ཀྱི་ཕྱག་རྒྱ་གཅིག་བཞག་ནས་ཚོགས་ཀྱི་བདག་པོའི་ཕྱག་རྒྱ་བྱའོ། །རྣམ་པ་གཞན་དུ་རྣལ་འབྱོར་མ་དང་བྲལ་བ་ནི་ཚོགས་ཀྱི་བདག་པོའི་བཏུང་བར་མི་འགྱུར་བས། ད…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      པར་བྱའོ། །གཉིས་ཀས་བཀབ་སྟེ་ཧཱུཾ་ཡིག་གིས་སྤར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿ་ཡིག་གིས་བདུད་རྩིར་བྱ་སྟེ། ཆང་གི་ཐིགས་པས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ནས། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་བར་བྱའོ། །དེའི་དབུས་སུ་ཡེ་ཤེས་གྱི་འཁོར་ལོ་ལྟ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དངས་ཤིང་ག…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      ཆད་པ་སྦྱིན་པར་བྱ་སྟེ། དེ་ནི་ཚོགས་ཀྱི་བདག་པོས་སོ། །དེ་ལྟར་སྦྱིན་པའི་བདག་པོས་ཚོགས་ཀྱི་འཁོར་ལོ་དང་དཔའ་བོའི་སྟོན་མོ་ལ་ཐམས་ཅད་དུ་སློབ་དཔོན་གྱིས་བསྒྲུབ་པར་བྱའོ།། །།ད་ནི་སྔགས་བསྒྲུབ་པའི་ཆོ་ག་བརྗོད་པར་བྱ་སྟེ། འདིར་འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་དཀྱིལ་འཁོར་བཞེངས་པ་དང་སྔགས་བསྒྲུབ་པའི་གནས་བསྟན་པ་གསུངས་པ་འདི་ལ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བཟླས་པར་བྱ་ཞིང༌། ལྔ་པ་ལ་སོགས་པ་རྫོགས་པ་སོ་སོ་ལ་ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱི་བཅུ་ཆས་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གཅིག་གིས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པར་བྱ་ཞིང༌། སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་སོ…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      །གེ་བཅུ་བཞི་པའོ། །ཟླ་བ་གསུམ་གྱིས་ལས་རབ་འབྱམ་གྱི་སྒྲུབ་ཐབས་སུ་གསུངས་པའི་བགྲང་ཕྲེང་གིས་འབུམ་ཕྲག་དགུ་བཟླས་པར་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་དགུ་བྱས་ཏེ་ཟླ་བ་དང་པོ་ལ་མིའི་རུས་པའི་བགྲང་ཕྲེང་དང༌། གཉིས་པ་ལ་རྔ་མོའི་རུས་པའི་བགྲང་ཕྲེང་དང༌། གསུམ་པ་ལ་བོང་བུའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱ་ཞིང༌། ལས་རབ་འབྱམ་དུ་གསུངས་…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བགྲང་ཕྲེང་གིས་སོ། །དེ་ལྟར་ཟླ་བ་གསུམ་གྱིས་འབུམ་ཕྲག་དགུ་བཟླས་ཤིང་ཁྲི་ཕྲག་དགུ་སྦྱིན་སྲེག་བྱའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་བྱང་གི་ཞལ་གྱི་སྔགས་ཡི་གེ་བཅོ་བརྒྱད་པ་བཟླས་ཤིང་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གཅིག་གིས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་བྱ་ཞིང་འབུམ་ཕྲག་གསུམ་དང་ཁྲི་ཕྲག…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བཞེངས་ཏེ། ཕག་གདོང་མ་ལ་མཆོད་ཡོན་ཕུལ་ནས་ཟླ་བ་ཕྱེད་དང་གཉིས་སུ་བཅས་པར་གཟུགས་ཅན་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཕྱེད་དང་བཅས་པའི་འབུམ་ཕྲག་བཟླས་པ་བྱ་ཞིང་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞིས་སྦྱིན་སྲེག་བྱ་སྟེ། ཨོཾ་དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་ཤུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་བ་བཞི་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བྱ་སྟེ་དེ་ལྟར་ཆོ་ག་ཐམས་ཅད་ལའོ། །ཨོཾ་མ་ཧཱ་དྷུ་མྲཱ་ནྡྷ་ཀཱ་ར་ཝ་བུཥཱ་ཡ་བཛྲ་ལ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བརྒྱད་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ལྟར་ལོ་གཅིག་གིས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་གསུམ་ཅུ་རྩ་དྲུག་བྱ་སྟེ། དེ་ནས་ཁ་དང་རྣ་བ་དང་བཤང་ལམ་དང་སྣ་དང་མིག་དག་པར་འགྱུར་རོ།…
      DTG016 · Author: not yet catalogued
      མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ།ཕྱག་ན་རྡོ་རྗེ།
      བགྲང་ཕྲེང་གིས་ཉིན་ཞག་བཅོ་ལྔ་རྣམས་ཀྱིས་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ཤིང་ཁྲི་ཕྲག་ཕྱེད་དང་བཅས་པའོ། །ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་མ་ཧཱ་ནཱ་སེ་བཛྲ་བི་ཀ་ཊ་དཾ་ཥྚཱི་ཎེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཞི་པའི་སྔགས་ཡི་གེ་ཉི་ཤུ་རྩ་གསུམ་པའོ། །དེ་ནས་མཆུའི་ཟླ་བའི་གནམ་སྟོང་ལ་རི་སུལ་ལམ་པདྨའི་མཚོ་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ། དཔའ་བོ…