Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 88 of 500
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > དྲུག་པ། བྲིས་སྐུའི་ཆོ་གའི་ལེའུ།
      དུ་གནས་པར་གྱུར་ཏོ་ཞེ་ན། རླབས་གཉིས་བཙིར་བས་རྟོགས་པར་བྱའོ། །མཚོན་པར་བྱ་བ་བསྟན་པར་མི་ནུས་པས། དཔེ་གཉིས་ཀྱིས་གསུངས་པ། གཞོན་ནུའི་དགའ་བ་ཇི་ལྟ་བའམ། ལྐུགས་པའི་རྨི་ལམ་ཞེས་བྱ་བ་ནི། ཇི་ལྟར་གཞོན་ནུ་མས་དགའ་བ་མི་ཤེས་པ་ལ། ལྐུགས་པས་རྨི་ལམ་དུ་མྱོང་བ་དགའ་བའི་བདེ་བའམ། རྨི་ལམ་མཐོང་བ་བསྒྲགས་པར་འདི་གཉིས་མི་ནུས་པ་དེ་བཞིན་ད…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བདུན་པ། བཟའ་བའི་ལེའུ།
      ཡིན་ཏེ། འོན་ཀྱང་དུས་ཀྱི་ཁྱད་པར་ཉིད་རྟོགས་པར་བྱ་བའི་ཕྱིར། ཟླ་བ་ཉ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བྲིས་སྐུ་བསྒྲུབ་པའི་རིམ་པ་གསུངས་པ། རང་གི་ཕྱག་རྒྱ་གཡོན་དུ་བཞག །ཅེས་བྱ་བ་ལ་སོགས་པའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་བྲིས་སྐུའི་ཆོ་གའི་ལེའུ་སྟེ་དྲུག་པའོ།། །། …
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བརྒྱད་པ། འདུལ་བའི་ལེའུ།
      ལ། །དབུས་སུ་ཧེ་རུ་ཀ་བདག་གཟུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཀྱེའི་རྡོ་རྗེའི་རང་གི་གཟུགས་ཀྱི་བདག་ཉིད་ཐབས་དང༌། ཤེས་རབ་གཉིས་ཀྱི་ལུས་རྣལ་འབྱོར་པ་དང༌། རྣལ་འབྱོར་མ་རྣམས་ཀྱི་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་ཀྱིའོ། །དེ་ནས་ཞེས་བྱ་བ་ནི་བཟའ་བའི་དུས་སུའོ། །དགོད་ཅེས་བྱ་བ་ནི་ལས་ཀྱི་དྲུག་པའོ།…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བརྒྱད་པ། འདུལ་བའི་ལེའུ།
      དང་ལྡན་པར་བསྟན་པའི་ཕྱིར་རོ། །གནག་པ་དང་དཀར་བ་ཞེས་བྱ་བ་ནི་རབ་ཏུ་དགག་པ་ལས་སྔོ་བསངས་མར་རྟོགས་པར་བྱ་བའི་ཕྱིར་རོ། །པདྨའི་འདབ་མའི་རྣམ་འདྲ། །ཞེས་བྱ་བ་ནི་འདིས་རྣམ་པར་འབྱེད་པ་དང་གསལ་བར་བྱེད་པའི་རྣམ་པ་སྟེ། བུད་མེད་ཀྱི་གསལ་བྱེད་དོ། །པདྨའི་འདབ་མ་འདྲ་ཞེས་བྱ་བ་ནི། པདྨའི་འདབ་མ་ལྟར་འདི་ཉེ་གནས་འཇམ་པའི་ཕྱིར་པདྨའི་འདབ་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > དགུ་པ། སྔགས་བཏུ་བའི་ལེའུ།
      རྟག་པར་སྐལ་བཟང་ཤེས་པར་བྱ། །སྒྲུབ་པ་པོ་ལ་མཆོག་རབ་སྦྱིན། །ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བ་ནི་རང་གི་ངོ་བོ་སྟེ། དེ་འདི་ལ་ཡོད་པའི་ཕྱིར། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མའོ། །དེ་རྙེད་ནས་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་གསུངས་པའི་མཚན་ཉིད་ཡང་དག་པར་ཐོབ་ཅིང་འགྲུབ་པར་འགྱུར་ཏེ། དེའི་དོན་ད…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > དགུ་པ། སྔགས་བཏུ་བའི་ལེའུ།
      པ་གསུངས་ཏེ། སྙིང་རྗེས་འཇིགས་པ་མེད་པ་དང་འགལ་བ་མེད་པར་བྱ་བ་ཉིད་དོ། །གཞན་དུ་ན་ཡང་དེ་བཞིན་གཤེགས་པའི་བསྟན་པ་ལ་གནོད་པར་བྱེད་པ་དང༌། ཕ་མ་ལ་གནོད་པར་བྱེད་པ་དང༌། བླ་མ་དང༌། སངས་རྒྱས་འཇིག་པ་དང༌། མཚམས་མེད་པ་ལྔ་བྱེད་པ་རྣམས་དམྱལ་བར་འགྲོ་བར་འགྱུར་རོ། །དེ་བས་ན་ཇི་ལྟར་དམྱལ་བར་འགྲོ་བར་མི་འགྱུར་བ་དེ་ལྟ་བུ་ཉིད་དུ་བླ་མ་དང…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > དགུ་པ། སྔགས་བཏུ་བའི་ལེའུ།
      པའོ། །ཡིག་འབྲུའི་ཐུ་བོ་ནི་ཨོཾ་མོ། །ཧཱུཾ་དང་མཐར་སྭཱ་ཧཱ་ནི་འགུགས་པར་བྱེད་པའོ། །གཏི་མུག་རིགས་ནི་ཨོཾ་མོ། །གྷུ་དང་མཐར་སྭཱ་ཧཱ་ཞེས་བྱ་བ་ནི་གསོད་པར་བྱེད་པའོ། །དང་པོ་རྣམ་པར་སྣང་མཛད་ནི་ཨོཾ་མོ། །དང་པོ་ཉིད་ཀྱི་དང་པོ་ཉིད་ནི་ཀའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཨུ་དང་ལྡན་པའོ། །མཐའ་གནས་པ་ཡི་གཉིས་པ་ནི་རིའོ། །རྡོ་རྗེ་མཁའ་འགྲོ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བཅུ་པ། བཟླས་པའི་ལེའུ།
      དེ་དང་ལྡན་པའོ། །མཐར་གནས་པ་ཡི་གསུམ་པ་ནི་ལའོ། །གྷསྨརཱི་ནི་ཨོཾ་སྟེ་དེ་དང་ལྡན་པའོ། །དང་པོའི་དང་པོ་ནི་ཀའོ། །མཐར་གནས་པ་ཡི་དང་པོ་ནི་ཡ་སྟེ་དེ་དང་འདུས་པའོ། །རྡོ་རྗེ་མ་ནི་དབྱངས་ཀྱི་གཉིས་པ་སྟེ་དེ་དང་ལྡན་པའོ། །ཀྵ་ནི་ཆོམ་རྐུན་མ་ཡིས་ཞེས་བྱ་བ་ནི་ཨེ་དང་བཅས་པའོ། །ལྔ་པ་ཉིད་ཀྱི་དང་པོ་ནི་པའོ། །ཨུ་ཥྨ་རྣམས་ཀྱི་བཞི་པ་ནི་ཧའོ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བཅུ་གཅིག་པ། ལྷན་ཅིག་སྐྱེས་པའི་དོན་གྱི་ལེའུ།
      ནི་སི་ཧླ་ཉིད། །ཅེས་བྱ་བ་ནི་ནང་གི་བཤད་པ་ལ་སོགས་པ་ལྔ་པའོ། །མཐའི་ཤྭ་དང་པོའི་ཤྭ། །ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་དམ་ཚིག་ལྔའོ། །སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ལེའུ་བཅུ་པའོ།། །། དེ་བཞིན་གཤེགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་རིགས་རྟོགས་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གས…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      ཀཽ་མུ་དཱི་ཞེས་བྱ་བའི་དཀའ་འགྲེལ། སྦྱངས་དཀའ་ཟླ་བ། > བརྟག་པ་གཉིས་པའི་དཀའ་འགྲེལ། > བཅུ་གཉིས་པ། དབང་གི་ལེའུ།
      གསང་བ་དང་མཇུག་མ་དང་ལྟེ་བ་དང་དེའི་སྟེང་དུ་སྙིང་ག་དང༌། ལྐོག་མ་དང༌། རྐན་དང༌། ཞལ་དང༌། སྣ་དང༌། རྣ་བ་དང༌། དཔྲལ་བ་དང༌། ལྟག་ཁུང་དུའོ། །ཇི་ལྟར་བྱ་ཞེས་སྙམ་པ་ལ། འོག་དང་སྟེང་དུ་ལྟ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་ཕྱོགས་གཉི་ག་ཡང་འགལ་བ་མེད་དེ་འདི་ནི་བླ་མས་འཆད་པར་འགྱུར་རོ། །ལྷན་ཅིག་སྐྱེས་པ་ནི་གཉིས་སོ། །དེའི་དོན་…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      པོ་ཆེན་པོའོ། །སློབ་དཔོན་ཆེན་པོ་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་ལས་ཁྱད་པར་མང་པོ་དང་བཅས་པའི་བསྡུ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་མའི་བརྟག་པ། བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་བྱུང་བ་བརྟག་པ་གཉིས་ཀྱི་བདག་ཉིད་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀྱེའི་རྡོ་རྗེ་ལས་ལེའུ་བཅུ་གཉིས་པའོ།། །།ལྷ་མ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      པ་རྒྱ་ཆེ་བ་གཏིང་མི་རྟོགས་པའི་ཟབ་པས་འཇིགས་པ་ཉིད་ཀྱིས་ཤིན་ཏུ་བསྡུས་ནས། དཔལ་ཀྱེའི་རྡོ་རྗེའི་ཚིག་ངེས་པར་བྱ་བ་ཅུང་ཟད་ཅིག་བླ་མ་དམ་པའི་བརྒྱུད་པའི་མན་ངག་གི་རིམ་པ་ཐོབ་པའི་ཁ་ཆེ་ཆེན་པོས་བདག་ཉིད་དྲན་པའི་ཆེད་དང༌། །སློབ་མ་རྣམས་ཀྱིས་རྟོགས་པའི་ཆེད་དུ་ཡང་དག་པར་བསྡུས་ཏེ་བྲི་བར་བྱའོ། །སྙན་དངགས་བཀོད་ཚིག་མུ་སྟེགས་པས། །བ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      བྱུང་བ་དང་སྤྱི་བོ་ལས་བྱུང་བ་དག་སྟེ། དེ་བཞིན་དུ་གཞན་རྣམས་ཀྱང་རྗེས་སུ་རྟོགས་པར་བྱའོ། །དེའི་ཕྱིར་ཀུན་མཁྱེན་ལ་མངོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་མོ་ནི། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱིས་མོས་པའི་སེམས་ཀྱི་དབང་ལས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      ལ་སོགས་པའི་འབད་རྩོལ་ལས་སྐྱེས་པ་ཉི་ཚེ་བས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ཡིན་ནོ། དེའི་ཚེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་པས་སྟོན་པར་མི་ནུས་ཤིང༌། །སྡུད་པ་པོས་བྲི་བར་ཡང་མི་ནུས་ཏེ། ཉི་ཚེ་བའི་ཚིག་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིར་སྤྲུལ་པའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར་ན་མཐའ་ཡས་པ་མཐའ་ཡས་པའ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      སྙོམས་རྣམ་པར་རྒྱུ་རུ་གཤེགས། །དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་ཆུ་འཛིན་ལས་ནི་བསིལ་ཞིམ་དང་ཞིང་འཇམ་ལ་ཡང་བའི་ཆུ་བྱུང་བ། །དེ་ནི་གཞིར་རྒྱུ་དང་གནས་ཀྱི་དབྱེ་བས་རྣམ་པ་མང་པོའི་རོ་ཉིད་འགྱུར། །དེ་བཞིན་ལེགས་ཡངས་ཐུགས་རྗེའི་སྤྲིན་གྱི་སྙིང་པོ་ལས་བྱུང་ཡན་ལག་བརྒྱད་ལྡན་ལམ། །རྒྱུད་དང་གནས་ཀྱི་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོར་གསུངས་པ། ཇི་ལྟར་རྒྱལ་བའི་དབང་པོ་ཕྱོགས་བཅུར་གནས། །དེ་ཡི་སྐུ་ལས་རྐང་རུས་ཤ་མེད་ཀྱང༌། །སེམས་ཅན་ཕན་ཆེད་རིང་བསྲེལ་རབ་འཇོག་ཅིང༌། །སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པའོ། །ཞེས་སོ། །གསུངས་པ་ཡང༌། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      དབང་ཕྱུག་དབང་བཅུ་ཐོབ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའ་དེ་དུ་མ་ནི་མ་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      མཉེས་གཤིན་པ། །ཞེས་སོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་དུ་ཡང་གསུངས་པ། ཨེ་མ་བྱང་ཆུབ་སེམས་ཁྱོད་ནི། །གདུལ་བྱར་བསམ་པ་མཉེས་གཤིན་པ། །ཐུགས་རྗེའི་ལྕགས་ཀྱུས་དྲངས་ནས་ནི། །རྣམ་པ་དུ་མས་ཐ་དད་དོ། །ཞེས་སོ། །དེ་བཞིན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དུ་ཡང་གསུངས་པ། ལྷ་ཡི་སྐད་དང་གླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་རྣམས་དང…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      པས་སྦྱངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཆོ་ག་ཇི་ལྟ་བར་གསལ་བར་བྱས་ཏེ། བསྲུབ་ཅིང་སྲུབ་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་སྤར་ལ། ཇི་སྲིད་དུ་ཧཾ་ཡིག་བསྲེགས་པ་འཛག་པ་ནི། རི་བོང་ཅན་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་རྡོ་རྗེ་དང་པདྨའི་ལྟེ་བ་དང་རྡོ་རྗེ་དང་པདྨའི་ལྟེ་བར་འོངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་ཡུལ་དང་དབང་པོ…
      DTG004 · སྦྱངས་དཀའ་ཟླ་བ། སྙན་གྲགས་བཟང་པོ། ནག་པོ་པ། པདྨའི་མྱུ་གུ་རྡོ་རྗེ། རིན་ཆེན་འབྱུང་གནས་ཞི་བ།
      རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། སྙན་གྲགས་བཟང་པོ། > བརྟག་པ་དང་པོའོ་དཀའ་འགྲེལ། > དང་པོ། རྡོ་རྗེའི་རིགས་ཀྱི་ལེའུ།
      དཔལ་དོན་དམ་པའི་བསྙེན་པར་ཡང་གསུངས་པ། ཐར་པའི་དཔལ་མོ་མ་ཉམས་བདེ་བ་དེ། །དོར་ནས་དགེ་མེད་གཞོན་ནུ་མར་རྩེ་བ། །ཕལ་ཆེར་སྔོན་བསགས་དྲགས་པའི་ལས་གང་གིས། །བདུད་རྩི་དོར་ནས་དུག་ནི་འཐུང་བར་བྱེད། །ཅེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། སྙིང་ནི་རྙོག་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་བཏང་བྱས་ཏེ། །ཡ…