Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      456 results — page 5 of 23
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཟིལ་ཁྲོམ་གསོལ་མཆོད་བསྡུས་པ་བཞུགས་སོ།།
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      རྃ་ཡྃ་ཁྃ། ཨོྃ་ཨཱཿཧཱུྃ། སྐུ་གསུམ་རོལ་གར་ཐུགས་རྗེས་ཡུལ་སྐྱོང་ཚུལ། །ཞི་བའི་ཉམས་སྟོན་ཚངས་མཛེས་ཞལ་དཀྱིལ་ནི། །ཉ་རྒྱས་ཟླ་བ་ལྟ་བུའི་གཟི་བྱིན་ཅན། །ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གཏོར་མགྲོན་གཤེགས། །བཛྲ་ས་མ་ཡ་ཛཿ ཀྱེ། ཡ་མཚན་ཡུལ་བཟང་རུ་དམ་ལུང་པ་དེར། སྟེང་ན་རྩ་གསུམ་དཀྱིལ་འཁོར་བླ་བྲེའི་འོག །བར་ན་དཔའ་བོ་མཁའ་འགྲོ་ཉི་རྡུ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རུ་དམ་པདྨ་བཀོད་ཀྱི་ཡུལ་ལྷའི་བསང་མཆོད་བཞུགས་སོ།།
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      ཨོཾ་ཨཱཿཧཱུྃ། །རང་སེམས་འཁྲུལ་པ་དག་པའི་སེམས་ཉིད་དང་། །སྐུ་གསུམ་ལྷུན་གྲུབ་པདྨ་རྒྱལ་པོར་སམ། །སྐུ་གཅིག་མཚན་བརྒྱད་རྣམ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བ་སེམས་ཅན་མ་ལུས་བདེ་བ་བཀོད། །སྡེ་བརྒྱད་དབང་བསྡུས་བྲན་ཁོལ་ཟིལ་གནོན་ལྷས། །འོད་ཟེར་སྤྲོས་བསྡུས་དོན་གཉིས་ལྷུན་གྲུབ་གྱུར། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་སིདྡྷི་ཧཱུཾཿ གྲངས་བསོག…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་བཞུགས་སོ།།
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      གནས་བདག་ནོར་བུ་གཡུལ་རྒྱལ་མཆོད་པའི་སྒྲུབ་ཐབས་འདི་ལྟར་ལྷ་གསོལ་མཉེས་ཐབས་མཆོད་བཤམས་བྱས་ལ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་ལྔ་ལྡན་རྒྱལ་བའི་ཞིང་ཁམས་ཕྱོགས། །མཉམ་ཉིད་ལྷ་མཆོག་རིན་ཆེན་འབྱུང་ལྡན་འོག །འབྱུང་བ་ལྔ་པོའི་ཕྱི་ནང་ལེགས་བསྡུས་པའི། །གནས་བདག་ནོར་བུ་གཡུལ་རྒྱལ་བཞུགས་པའི་ཁང་། །ས་རྡོ་ཤིང་བྲག་ལྗང་སེར་གསེར་གཡུའི་མདངས། །ར…
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      ཀྱཻ། །ངོ་མཚར་གནས་མཆོད་སྦས་ཡུལ་རོང་མོ་ལྗོངས། །སྐྱོང་མཛད་དཀར་ཕྱོགས་རྡོ་རྗེ་གཡུང་དྲུང་རྩལ། །ཕུན་ཚོགས་འདོད་རྒུའི་མཆོད་པས་བསང་ཞིང་བརྔན། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་བཞི་པ་ཨོ་རྒྱན་ཆེན་མཆོག་དཔལ་གྱི་རྡོ་རྗེས་སོ།
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གནས་བདག་ནོར་བུ་གཡུལ་རྒྱལ་བསང་བསྡུས།།
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      ཀྱཻ། ནོར་བུ་གཡུལ་རྒྱལ་གནས་འདིའི་ལྷོ་ཕྱོགས་སུ། །རྒྱལ་པོ་འཕགས་སྐྱེས་པོ་ཡི་ཡང་སྤྲུལ་གང་། །ལྷ་ཀླུ་མི་བཙན་སྣ་ཚོགས་སྤྲུལ་བསྒྱུར་བྱེད། །བསང་རྫས་འདོད་དགུ་ཕུན་སུམ་ཚོགས་པ་ཡིས། །གཉེས་ཚིམ་དགྱེས་ལ་གེགས་ཞི་ཕྲིན་ལས་མཛོད། །ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་སོ།
      DZS004 · རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།
      སྐྱ་བྲག་ལྷ་ཡི་དགེ་བསྙེན་བོན་ཞྭ་ཅན། །བན་དེ་ཞྭ་དམར་གཉིས་བརྩེགས་གསོལ་བ་ཡི། །གནས་ཀྱི་སྒོ་སྲུང་བསང་གསོལ་མཆོད་བསྟོད་ཀྱིས། །བསྟན་འགྲོའི་དོན་གཉིས་ཚེ་གཡང་གོང་འཕེལ་ཤོག །ཅེས
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ་པདྨ་རིན་འཛིན་ནི། དུས་རབས་བཅུ་གཅིག་པའི་ནང་སྔ་འགྱུར་རྙིང་མའི་ཟབ་ཆོས་རྫོགས་པ་ཆེན་པོའི་ཆོས་མིང་གང་ཟག་ལ་ཐོག་པའི་འཚབ་བྱེད་སྐྱེས་ཆེན་ཡོངས་གྲགས་ཤིག་སྟེ། རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་བྱ་གཏང་སྦས་པའི་རྣལ་འབྱོར་བའི་ཚུལ་གྱིས་འོད་གསལ་རྫོགས་པ་ཆེན་པོའི་ཉམས་བཞེས་ལ་གནད་དུ་སྣུན་པས་རིག་པ་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་མཆོག་ནི། རྩོད་བྲལ་སྤྲུལ་བའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སྤྱན་དྲངས་པའི་ཨོ་རྒྱན་ཆེན་པོའི་གསང་བའི་བརྡ་ལུང་གིས་བསྟན་པ་ཉིད། བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་གསལ་བར་བྱས་པ་ལས། བཱི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུ༔ སྤྲེལ་ལོ་ད…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཟངས་མདོག་དཔལ་རིར་བྱོན་པའི་ལོ་རྒྱུས་འབྲེལ་ཚད་ཐར་ལམ་འདྲེན་པའི་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ལྕགས་སྤྲེལ་ལོ་མཚམས་སྤྲུལ་རིན་པོ་ཆེས་ལུང་བསྟན་ལ། ད་ལོའི་རང་ལོའི་སྟེང་འདན་སེང་གེ་གནམ་རྫོང་ལྟ་བུ་ཞིག་ལ་བསྡད་ན་གསུངས་པ་ལྟར། སེང་གེ་གནམ་རྫོང་དང་པདྨ་རི་མཐོ་གཉིས་ཀྱི་མདུན་ཞོལ་དུ་གནས་འབྲེལ་བསྡད་སྐབས། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་ནུབ་མོའི་མནལ་ལམ་དུ་སྐད་ཅིག་གིས་རོལ་བའི་མཚོ་བདུན་ཞིག་གི་མཚོ་འགྲམ། རི་དང་བྱེ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྫོགས་པ་ཆེན་པོའི་ཉམས་ལེན་ཐར་བའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      རྗེ་དྲིན་ཆེན་བླ་མ་རྡོ་རྗེ་འཆང་། །མགོན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དེ། །བུ་བདག་གི་བདེ་ཆེན་འཁོར་ལོ་རུ། །མི་འབྲལ་རྒྱན་གྱི་ཚུལ་དུ་བཞུགས། །ད་ལྟ་མི་ལུས་རིན་ཆེན་ཐོབ། །ཕྱི་འདི་འདྲ་ཡང་ཡང་རྙེད་པར་དཀའ། །དེ་བས་ཐོག་མ་ཉིད་དུ་ནི། །བློ་ལྡོག་རྣམ་བཞི་ཡང་ཡང་སྒོམས། །དེ་ནས་ཐུན་མིན་སྔོན་འགྲོ་ལ། །རིམ་པ་བཞིན་དུ་བསྒྲུབ་པར་མ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། འཇམ་མགོན་མི་ཕམ་རིན་པོ་ཆེའི་བླ་སྒྲུབ་བྱིན་རླབས་མཆོག་སྩོལ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      སྐྱབས་སུ་འགྲོ་བ་ནི། ན་མོ། སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རྣམ་གསུམ་ལ། །བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་སུ་མཆི། །སེམས་བསྐྱེད་ནི། ཧཱུྃ། དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་པར། །རྗེ་བཙུན་བླ་མ་ཁྱེད་ཉིད་སྒྲུབ་ནས་ནི། །མཁའ་ཁྱབ་ཞིང་གི་སེམས་ཅན་ཐམས་ཅ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ན་མོ་གུ་རུ། བདག་ལུས་འཛིན་མེད་མདུན་གྱི་ནམ་མཁའི་དབུས། །མི་འཇིགས་སེང་ཁྲི་པདྨ་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ནི། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སྤྲུལ་པའི་སྐུ། །ཞལ་གཅིག་ཕྱག་གཉིས་རབ་བྱུང་ཆ་ལུགས་ཅན། །ཞི་འཛུམ་སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །གཡས་སུ་རི་དྭགས་ཀྲི་ཎ་སཱ་རའི་སྟེང་། །གྲུབ་བརྒྱའི་གཙུག་རྒྱན་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། བླ་མ་རྒྱང་འབོད་འཕོ་བའི་གདམས་པ་བཅས་སྙིང་པོར་དྲིལ་བ་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བདེ་གཤེགས་རིན་ཆེན་གཙུག་གཏོར་ཅན་ཞེས་པའི། །མཚན་ཙམ་ཐོས་པས་ངན་འགྲོའི་འཇིགས་པ་ཀུན། །སྐྱོབ་མཛད་རྫོགས་པའི་སངས་རྒྱས་དེ་ཉིད་དང་། །དབྱེར་མེད་བླ་མ་ཆོས་ཀྱི་རྡོ་རྗེ་མཁྱེན། །ད་ནི་བཟོད་དཀའ་འཆི་བའི་དུས་ལ་བབ། །འཇིགས་རུང་བར་དོའི་སྣང་བ་འཆར་ལ་ཉེ། །ལས་ངན་དབང་གིས་ངན་འགྲོར་སྐྱེ་ཡང་སྲིད། །དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། མདོ་ཁམས་གངས་ར་ཉེར་ལྔའི་ཡ་གྱལ་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་ལུང་གི་གནས་ཡིག་ཕན་ཡོན་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བདེ་ཆེན་བསམ་འགྲུབ་ཤེལ་གྱི་ཕུག་པ་རུ། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །དབུས་ཕྱོགས་རུ་ཡི་ལུང་པ་ཞེས་བྱ་བར། །རིག་འཛིན་བླ་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །བསྒྲུབས་ན་བསྐྱེད་རིམ་ལྷག་པར་འཕེལ་བའི་གནས། །རབ་མཛེས་ནེའུ་སེང་པ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་ངོས་འཛིན་ལུང་བྱང་།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      གནས་མཆོག་སྤོ་བོ་སྟོད་ཀྱི་ཕྱོགས་ཤིག་ན། །རིན་ཆེན་བྲག་རི་ལྷུན་སྟུག་མཛེས་པའི་རྩར། །ལྗོན་ཤིང་སྣ་ཚོགས་མཚོ་དང་གདེངས་ཀས་བརྒྱན། །བསིལ་ལྡན་ཆུ་བོ་ཆེན་པོ་ལྷོ་ནས་འདྲེན། །ཐབས་ཤེས་བསོད་ནམས་སྐྱིད་ཀྱི་མིང་ཅན་ལ། །རིགས་ལྡན་ཁྱེའུ་ཆུ་སྤྲེལ་ལོ་བ་འབྱུང་། །བསྟན་འགྲོར་སྨན་པའི་དགེ་མཚན་བཟང་པོ་ཤར། །རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྡོ་གྲུབ་མཆོག་སྤྲུལ་ངོས་འཛིན་བརྡ་ལུང་།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      རིགས་ཀུན་ཁྱབ་བདག་རྡོ་རྗེ་སློབ་དཔོན་གྱི། །སྤྲུལ་གཞི་རྔ་ཡབ་དཔལ་གྱི་རི་བོ་དང་། །དབུས་འགྱུར་ལོངས་སྐུའི་ཞིང་ཁམས་ཆེན་པོ་རུ། །སྐུ་གསུང་ཐུགས་དང་ཡོན་ཏན་སྤྲུལ་པ་བཞི། །ཁྱད་པར་ཕྲིན་ལས་སྤྲུལ་བའི་ཟློས་གར་ནི། །དགོན་གནས་དེ་ཡི་གཤིན་རྗེར་ཕྱོགས་པའི་སར། །རིན་ཆེན་ལྗོན་ཤིང་བྲག་རི་འཛོམས་པའི་གནས། །ཐབས་ཤེས་ཀ་དང་ད་ཡི་མིང་ཅན་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། །ཚེ་རབས་རྗེས་འཛིན་སྨོན་ལམ་བསྡུས་པ་བཞུགས།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་མི་འབྲལ་ཞིང་། །དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་། །སྡོམ་དང་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལ་རབ་བསྟེན་ནས། །མཐར་ཐུག་རྔ་ཡབ་དཔལ་རིའི་རྩེར། ། ཨོ་རྒྱན་སློབ་དཔོན་པདྨའི་དྲུང་། །རིག་འཛིན་མཁའ་འགྲོའི་ཚོགས་ཁང་དུ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང་འབྲེལ་བའི་སྨན་སྒྲུབ་ཀྱི་ངག་འདོན་སྙིང་པོ་ཉུང་ངུར་བསྡུས་པ་བསམ་འཕེལ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བླ་མ་དང་དཔལ་ཆེན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང་འབྲེལ་བའི་སྨན་སྒྲུབ་ཇི་ལྟར་བྱེད་ཚུལ་ལ་སྨན་ཁྲོལ་བུར་བསྡུས་པའི་ཐོ། སྨན་ཁྲོལ་སྒྲུབ། རྟགས་གདབ་དང་། བརྟགས་བཙགས་སྦལ་གསུམ། སྨན་ཕྱེ་སྒྲུབ། དངོས་གྲུབ་ལེན་ཆོག་དང་ས་བཅད་དྲུག་ལས། དང་པོ། སྨན་ཁྲོལ་བུ་བསྡུས་པའི་ཐོ་ལ། སྨན་གྱི་གཞི་ཨ་ར…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གུ་རུ་ཡོན་ཏན་གཏེར་མཛོད་རྒྱུན་ཁྱེར་དཔག་བསམ་ལྗོན་ཤིང་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      རྒྱལ་བ་ཀུན་འདུས་ཨོ་རྒྱན་པད་འབྱུང་ལ། །འབྲལ་མེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བླ་མ་གསང་འདུས་ཐེམ་མེད་ལས། དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ནས་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐ…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ས་ཡི་སྙིང་པོའི་གསོལ་འདེབས་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།
      DZS005 · རྫོགས་ཆེན་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ཞབས། །སྤྲུལ་པའི་སྐུ་མཆོག་བདེ་གཤེགས་གཙུག་ཏོར་ཅན། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བློ་གྲོས་རབ་ཞི་བློ་གྲོས་ཐབས་ལྡན་དང་། །བློ་གྲོས་དད་སེལ་བློ་གྲོས་རྒྱ་མཚོའི་དཔལ། །བློ་གྲོས་མཐའ་ཡས་སྐལ་ལྡན་རྒྱལ་པོ་ཛ། །གསོལ་བ་འདེབས་…