Author
About 40% of texts have an author recorded — this list will grow as more are attributed.
4382 results
— page 148 of 220
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
ནས་ལས་ནི་བརྩམ་པར་བྱ། །ཞེས་གསུངས་པས་ལག་གཉིས་རྡོར་དྲིལ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ་གཉིས་བརྐྱང་བས་དགང་བླུགས་སོ་སོར་བཟུང་སྟེ་གཟར་བུ་གཉིས་ཀྱི་ཁ་ལ་རཾ་གསལ་བར་གྱུར། ཅེས་གཡས་པའི་བླུག་གཟར་གྱིས་ཞི་སོགས་གསུམ་ལ་མར་ཁུ་དང་། མངོན་སྤྱོད་ལ་མར་ནག་གཟར་བུ་གསུམ་མམ་བདུན་སོགས་དགང་གཟར་དུ་བླུག་ལ། གང་བ་དང་ལག་གཉིས་སྔར…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
ཞེས་པའི་མཐར་ལས་བཞི་གང་ཡིན་གྱི་སྤེལ་ཚིག་འོག་ནས་འབྱུང་བ་རྣམས་ཅི་རིགས་སུ་སྦྱར་བས་མར་ཁུ་དགང་གཟར་གསུམ་མམ་བདུན་འབུལ་ལོ། །གཉིས་པ་བསྲེག་རྫས་འབུལ་བ་ནི། གུར་ལས། མར་ལ་སོགས་པའི་རབ་སྦྱོར་བས། །མེ་ནི་ཀུན་ཏུ་ཚིམ་པར་བྱའོ། །ཞེས་དང་། ཡིད་ཀྱིས་མར་མེ་སྦྱར་བ་དང་། །སོ་བའི་འབྲས་དང་མ་ཆག་འབྲས། །།འབྲུ་རྣམས་དང་ནི་ཞོ་ཟན་དང་། །ཡ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
དྷི་བྲིཀྵཱ་ཡ་བྱང་ཆུབ་ཤིང་། སྭཱ་ཧཱ། བྱང་ཆུབ་ཤིང་གིའོ། །ༀ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པླ་ཀྵའི་འོ། །ༀ་བཛྲ་ཀུ་ཝེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་རྡའི་འོ། །ༀ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །ༀ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺ་རའི་སྔགས་ཏེ་འདི་རྣམས་ཅི་ལྟ་བ་བོད་དུ་འབྱོར་དཀའ་བའི་ཕྱིར་བ་ལུ་སོགས་འོ་མ་ཅན་དུ་བཏགས་པ་རྣམས་ལ་མོས་པ་ཙམ་བྱེད་དགོ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
འབུལ་ལུགས་དང་གྲངས་འདི་ཁོ་ན་མར་ཁུ་སོགས་རྫས་ལྷག་མ་རྣམས་ལའང་རིགས་འདྲེ་ཞིང་སྔགས་ཟླ་གྲོགས་ཡོད་ན་དུ་ཡོད་ཀྱི་གྲངས་གྲངས་རྐུན་བྱེད་དེ། དཔེར་ན་སྔགས་བཟླ་གྲོགས་བཅུ་ཡོད་ན། སྔགས་ཚར་རེས་ཀྱང་ཚར་བཅུ་རེ་འགྲོ་བས་རྫས་གང་ཡིན་ཀྱང་ཚར་བཅུའི་བོངས་ཚོད་རེ་འབུལ། གྲངས་འཛིན་པ་པོས་ཀྱང་བཅུ་ཉི་ཤུ་ཞེས་སོགས་བཅུ་བཅུ་འ ཆོངས་ནས་འདྲེན་པ་…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
འབྲུ་ལྷག་མ་རྣམས་ཀྱང་མཐེབ་སྲིན་གྱིས་དབུལ་ལོ། །ༀ་སརྦ་སཾ་པ་དེ་ཕུན་སུམ་ཚོགས་པ། སྭཱ་ཧཱ། ཟས་མཆོག་རིལ་བུ་ཡིན་ན་མཐེབ་སྲིན་དང་། ཕྱེ་མ་ཡིན་ན་བླུགས་གཟར་གྱིས་དབུལ། ཞོ་ཡང་སྔགས་འདིས་བླུག་གཟར་གྱིས་དབུལ། ༀ་བཛྲ་པུཥྚཱ་ཡ་རྡོ་རྗེ་རྒྱས་པའི་ཕྱིར། ། སྭཱ་ཧཱ། འབྲས་མ་ཆག་པའི་འོ། །ༀ་བཛྲ་བི་ཛྲཱ་ཡ་རྡོ་རྗེ་ས་བོན་གྱི་ཕྱིར། སྭཱ་ཧཱ།…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཁུ་བའི་རྫས་རྣམས་ནི་ཞལ་དུའོ། །གོང་བུའི་རྫས་རྣམས་ནི་ཕྱག་ཏུའོ། །ཀུ་ཤ་ནི་སྟན་དུའོ། །དཱུ་དང་མེ་ཏོག་ནི་དབུ་ལའོ། །ཞེས་སྡོམ་འབྱུང་སོགས་ལས་བཤད་ཅིང་། སྔར་སྨོས་པའི་ལས་མཐུན་གྱི་རྫས་ཐ་དད་པ་རྣམས་དང་། བདུད་རྩི་ལྔ་དང་། གོས་ཟུང་ཡང་སྙིང་པོའི་འཐར་འབྲུ་གསུམ་བཏགས་ལ། སྐབས་ཐོབ་བཞིན་དབུལ་…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
སྭཱ་ཧཱ། ཞེས་དང་། དེ་བཞིན་དུ་མར་ཁུ་ལ། འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཞེས་སོགས་སྔ་མ་ལྟར་བརྗོད་དོ། །ཏིལ་ལ། སྡིག་པ་དང་བྲལ་བ་ལ། ཟས་མཆོག་ལ། ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། འབྲས་མ་ཆག་པ་ལ། དཔལ་འབྱོར་ཕུན་སུམ་ཚོགས་པ་ལ། འབྲས་སོ་བ་ལ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། ནས་ལ། ལུས་ཀྱི་ཤུགས་ཕུན་སུམ་ཚོགས་པ་ལ། མོན་སྲན…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་དང་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་གོང་གི་སྔགས་རྣམས་ལ་སོ་སོར་སྦྱར་བར་བྱ་སྟེ། སམྤུ་ཊར། སྔགས་ཀྱི་ཡི་གེ་རྐང་པ་ཡི། །ནང་དུ་ཆུད་པའི་བསྐུལ་བས་སྦྱར། །ཅེས་སོ། །གསུམ་པ་མཆོད་བསྟོད་ནི། གུར་ལས། བསྒེག་སོགས་བརྒྱད་ཀྱི་ཆོ་གས་མཆོད། །ཆོ་གའི་ཕྱིར་ནི་མཆོད་ཡོན་བྱ། །ཞེས་གསུངས་པས་ཆུ་རྣམས་ཐབ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
སྭཱ་ཧཱ། ༀ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཨཱཉྫ་མཱ་ནཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡེ། ནཻ་ཝི དྱ། ཤབྡ། ཅེས་པ་རྣམས་མཆོད་ཡོན་སོགས་ལ་རིམ་པས་སྦྱར་རོ། །དེ་ནས་མེ་ལྷའི་གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས་པ་དགང་བླུགས་ཀྱིས་བཟུང་ལ། ༀ་དྷྭཾ་དྷྭཾ་ཞེས་པས་ཕུལ་ལ། སྒེག་སོགས་རང་རང་གི་ཕྱག་རྒྱ་པད་བསྐོར་སྔོན་དུ་འགྲོ་བ་དང་བཅས་པས། ༀ་བཛྲ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
ཀྱིས་བསྟོད་དོ། །དྲུག་པ་མེའི་པྲ་བརྟག་པ་ནི། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོར་གསུངས་པ། དངོས་གྲུབ་འདོད་པས་ཤེས་པར་བྱ་སྟེ། གདུགས་དང་། རྒྱལ་དང་། རྡོ་རྗེ་དང་། བུམ་པ་དང་། པདྨ་དང་། ལྕགས་ཀྱུའི་དབྱིབས་དང་། རྩེ་གཅིག་པ་དང་། རྩེ་གཉིས་པ་དང་། རྩེ་གསུམ་པ་དང་། མཆོག་དང་། འབྲིང་དང་། ཐ་མ་དང་། ཁྱད་པར་དུ་གཡས་སུ་འཁྱིལ་བ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
དང་། མེ་ལྕེ་མང་བ་དང་། དུ་བ་དང་མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང་། ཆུང་ངུ་ཆུང་ངུར་འཆད་པ་དང་། མྱུར་བར་གཟི་བརྗིད་ཆུང་བ་དང་། ནག་པོ་དང་བཅས་པ་དང་། པ་ལ་ཤའི་མདོག་དང་། རྩེ་གསུམ་དང་། ཉི་མ་ལྟ་བུ་ཉིད་དང་། དེ་བཞིན་དུ་བ་ལང་གི་མགོ་ལྟ་བུ་དང་། རོའི་དྲི་དང་། ཉའི་དྲི་དང་། བོང་བུ་དང་། ཁྱི་དང་། རྔ་མོ་ནི་བགེགས་དང་བགེགས་མེད…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
སོགས་བགེགས་མེད་པའི་འབར་བའི་མཚན་མར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱས་ཤིང་གསུངས་པ་ཡིན་པས་སྒྲུབ་པ་པོས་ཀྱང་དེ་ལྟར་མཚོན་པར་བྱ་བ་ཡིན་ནོ། །ཞེས་བསྟན་པ་ལས་གལ་ཏེ་བགེགས་དང་བཅས་པའི་མཚན་མ་མཐོང་ན་ཨཥྚ་དང་ལས་སྔགས་བཟླ་བཞིན་པའི་ཀུ་ཤས་བསང་གཏོར་བྱ་ཞིང་། བྱོན་ཟན་གྱི་སྐབས་ལྟར་དགང་བླུགས་ཕུལ་ལ་བཟློག་པའི་ཆོ་ག་བྱའོ། །དེ་ལྟར་…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
མར་བརྟག་པའི་དུས་སྔ་ཕྱི་གཉིས་པོ་གང་རུང་ནས་བཟུང་། ཇི་སྲིད་ཐབ་ཁུང་གི་བུད་ཤིང་རྣམས་ཀྱི་ནུས་པ་རྫོགས་པ་དེ་སྲིད་དུ་བརྟག་པར་བྱ་ཞིང་། ནམ་དུ་བ་ཀུ་བ་དང་། མེ་སྟག་དྲག་ཏུ་འཕྲོ་བ་དང་། དྲི་ང་བ་དང་། དབྱིབས་མདོག་མི་སྡུག་པ་མཐོང་བའི་ཚེ་ཕྱིར་བཟློག་གི་ཆོ་ག་བྱེད་པ་རྒྱུད་དང་རྒྱ་གཞུང་ཚད་ལྡན་གྱི་དགོངས་པར་གནས་ཅེས་ཁོ་བོའི་རྗེ་…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
བྱ་སྟེ། ཞེས་སོགས་སྔར་སྨོས་པའི་འབར་བའི་མཚན་མ་གསུངས་པས་ཀྱང་གསལ་བར་བྱས་པ་ཡིན་ནོ། །བདུན་པ་དཀྱིལ་འཁོར་ཀྱི་ལྷ་བསྐྱེད་པ་ནི། རྗེ་བཙུན་རྔོག་གཞུང་པའི་གསུང་གིས། ལྟེ་བར་འདོད་པའི་ལྷ་ལ་མཆོད་བསྟོད་དང་སྦྱིན་སྲེག་གིས་མཉེས་པར་བྱས་ཏེ། ཞེས་གསུངས་པ་ནི་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་པ་ཡིན་ལ། གཞན་དུ་ན། སམྤུ་ཊར། མེ་ལྷ་འབར་བ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
བཞིན་ཅན་དེ་ལས་འོད་འཕྲོས་འདུས་པ་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོའི་ཐུགས་མི་འགྱུར་བའི་བརྡར་ཆར་སྤྲིན་ལྟར་རབ་ཏུ་གནག་པའི་སྐུ་ཅན། ཅེས་པ་ནས་མཆོག་ཏུ་བདེ་བ་ཆེན་པོས་བཅོམ་ལྡན་འདས་དང་སྙོམས་པར་འཇུག་པས་ག…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
དྲག་པོའི་གདན་ལ་ཟ་ནུས་མ། བྱང་ཤར་གྱི་འདབ་མར་གཤིན་རྗེའི་གདན་ལ་པུཀྐ་སཱི། ཤར་ལྷོའི་འདབ་མར་ནོར་བདག་གི་གདན་ལ་རི་ཁྲོད་མ། །ལྷོ་ནུབ་ཀྱི་འདབ་མར་སྲིན་པོའི་གདན་ལ་གཏུམ་མོ། །ནུབ་བྱང་གི་འདབ་མར་ཐག་བཟང་རིས་ཀྱི་གདན་ལ་གཡུང་མོ་རྣམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྩ་བའི་ཞལ་གྱི་མིག་གཉིས་སུ་མོཾ་ལས་གཏི་མུག་རྡོ་རྗེ་མ་ཞེས…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་ན་ལས་ཀྱི་རྡོ་རྗེ་ལ་སོགས་པས་སྔགས་བརྗོད་ཅིང་མེ་ཏོག་གི་མཚན་མ་སྤྱན་དྲངས་ཏེ། སློབ་དཔོན་ལ་ཕུལ་ལ་དེས་ཀྱང་སྔགས་བརྗོད་བཞིན་པས་དཀྱིལ་འཁོར་པ་ཐབ་ཏུ་ཞུགས་པར་བསྒོམ་ཞིང་གསལ་གདབ་བོ། །དེ་ནས་བདུད་རྩི་མྱང་བ་བསྒྲུབ་ཐབས་བཞིན་བྱས་ལ། མཆོད་ཡོན་སྦྲེང་བཞིན་པས་ༀ་ཛ ཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ། །…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
དགྲ་དང་བགེགས་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་ཞི་སོགས་ལ་མར་ཁུ་དང་མངོན་སྤྱོད་ལ་མར་ནག་དགང་བླུགས་གསུམ་མམ་བདུན་འབུ ལ་ལུགས་སྔར་འཇིག་རྟེན་པའི་ཆོ་གར་སྨོས་པ་ལྟར་བྱའོ། །གཉིས་པ་སྲེག་རྫས་འབུལ་བ་ནི། །སྲེག་རྫས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་ཡབ་ཡུམ་གྱི་ལྗགས་འོད་ཀྱི་བུ་གུས་གཞེས་པར་འ…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
དང་ནུབ་བྱང་ལྷོ་དང་ནི། །ཕྱོགས་སུ་གནས་པ་རྣམས་ཆེར་མཆོད། །ལྷ་མོ་ཕྱོགས་བྲལ་གནས་རྣམས་ལ། །ལྷག་པའི་ཚེ་ནི་མཆོད་པས་མཆོད། །ཅེས་གསུངས་སོ། །མདོར་ན་སྲེག་རྫས་ཀྱི་སྔགས་བདུན་རེ་ཙམ་གྱི་མགོར་སྙིང་པོ་ཚར་རེ་བྱ་ལ། གཞན་སྲེག་རྫས་ཀྱི་སྔགས་དང་འབུལ་ལུགས་དང་སྤེལ་ཚིག་རྣམས་ནི་འཇིག་རྟེན་པའི་མེ་ལྷའི་སྐབས་དང་ཁྱད་པར་མེད་པས་འབུལ་ཐེབ་…
GGT004
· རྒྱལ་ཚབ་བཞི་པ་གྲགས་པ་དོན་གྲུབ།
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལས་རབ་འབྱམས་ཀྱི་གྲུབ་པ་ངེས་པར་བསྟན་པའི་ཐིག་ལེ།
ལ། ལས་སྦྱོར་ཀྱི་ཚེ་དེ་ལྟ་བུ་འབྱོར་བས་ལྕོགས་ན་དགེ་བའི་ཡན་ལག་ཏུ་འགྱུར་ལ། མ་འབྱོར་ན་ཞི་བའི་སྦྱིན་སྲེག་སྤྱི་ལ་ཏིལ་ནག་སྔགས་བཅས་གྲངས་ཚང་འབུལ་ཞིང་། ཁྱད་པར་དུ་སྡིག་སྒྲིབ་ཞི་བའི་ཆེད་དུ་ཡིན་ན་ཏིལ་ནག །ཚེའི་བར་ཆད་ཞི་ཆེད་ཡིན་ན་དཱུ ། བསྲུང་བའི་བར་ཆད་ཞི་ཆེད་ཡིན་ན་ཀུ་ཤ། འབྱོར་བའི་བར་ཆད་ཞི་ཆེད་ཡིན་ན་ཟས་མཆོག་འབུལ་བ་ས…