Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      4382 results — page 92 of 220
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      གསུང་། །ཕྱག་གིས་སྐྲ་དཀར་ལ་རེག་མང་སོང་གསུང་། །དེ་ལྟའི་ཡ་མཚན་ལྟད་མོ་མཐོང་ཐོས་ལ། །དགུང་ཟླ་བཅོ་བརྒྱད་ངོ་བཞེས་ལ་མཇལ་ནས། །ཉེར་གསུམ་ཕན་ཀྱང་བསམ་མི་ཁྱབ་སྣང་མོད། །ཐེ་ཚོམ་གཅོད་པའི་ལེགས་མཛད་ཡིན་ན་ཀྭོ། །ཡིད་བསྲུབས་དབང་པོས་བཅོས་སམ་དག་སྣང་ཡིན། །ཆ་མ་འཚལ་བས་དེ་ཙམ་ཞིག་ཏུ་ཟད། །ནམ་ཞིག་རྟེན་མཇལ་ཞུས་ཚེ་ཀརྨ་པ། །བདུན་དང་བར…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      མཐིང་འཕྲ་ཅན། །ངོ་མཚར་ལས་གོས་ཁྲིམས་ར་གསུམ་པའི་ལུང་། །དེ་མི་ལག་རྟགས་སྟག་མགོ་ནོར་བུ་གསུམ། །གསེར་ལ་ལྗང་བརྡུངས་བྱས་པ་ཆེ་ཆུང་དང་། །ལྕགས་ལ་གསེར་དང་དངུལ་ཁྲིད་བརྐོས་ཆེན་གྱི། །གསེར་སྒོར་དངུལ་སྒོར་ཨོབ་ཤག་རྒྱལ་པོའི་ཆས། །རྒྱ་དུས་སྔ་ཕྱི་རྣམ་གསུམ་དང་མཚུངས་པར། །མཐིང་ཤོག་གསེར་མང་གསེར་བྲིས་ཤེལ་ཐམ་ཅན། །ཐམས་ཅད་མཁྱེན་པ་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      དགུགས་བྱས་བསགས་པས། །ཉིན་ལམ་བཅོ་ལྔ་ཚུན་འདུས་ཞལ་མཇལ་མི། །འབུམ་ཕྲག་ལྔ་ཡོད་ཅེས་པ་འདུས་སོ་ལོ། །ས་དེའི་མིག་མཐོང་གཅིག་གི་རི་ཀླུངས་ལ། །གྲོང་ཆེན་བདུན་ཅུ་ཕྱིན་སྣང་ཕྱུག་ཅིང་རགས། །དུང་ཐོས་འདི་ལ་ཁྲབ་ཅན་སྟོང་འབུད་ཟེར། །ཀུ་ནང་ཞེས་པ་ཨོ་རྒྱན་པདྨའི་གནས། །རིགས་གསུམ་མགོན་པོའི་ཐུགས་གསུང་སྐུ་ཡི་རི། །ཐུགས་སྐུ་རྒྱང་མཇལ་གསུ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      རབ་འབྱམས་དཀྱིལ་འཁོར་འཁོར་ལོ་དང་། །སྐུ་དང་ཕྱག་མཚན་ཡིག་འབྲུ་མཆོད་རྟེན་རིགས། །འབུར་བྲིས་དུ་མ་དུར་ཁྲོད་བཀོད་པ་དང་། །བདུད་རྩི་ས་ཞག་ཁ་དོག་སྣ་ཚོགས་པ། །དབྱར་དགུན་འཐུང་ཆུ་ཚ་བསིལ་གདམ་ང་ཅན། །ཁྱམས་མདོར་བྱམས་པ་བཟང་པོའི་འདུག་སྟངས་ཅན། །སྨན་སྐུ་རྒྱབ་མཐོ་བཞི་བཅུ་པ་ཞིག་ལ། །གཡུ་ཐོག་ཅན་གྱི་གཙང་ཁང་རང་ཤོང་ཞིག །བྲག་གི་སྐྱ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      འོག་ས་སྟེང་མ་ལུས་ཁྱབ། །ལུང་བསྟན་གནས་ཆེན་ཀུ་ནང་ཟོར་ཐོག་མཇལ། །ཚུར་ལམ་མཚུངས་མེད་དགའ་བའི་དབྱངས་ཅན་གྱི། །སྐུ་སྐྱེ་ཕྱི་མ་འཁྲུངས་ཡུལ་ལུང་བསྟན་པ། །ཏྲེ་ཤོད་གངས་ཀྱི་ར་བའི་སྟོད་དུ་སོང་། །ཏྲེ་སྨད་ཁ་བ་གླང་རི་ཞེས་གྲགས་པ། །ཆོས་བཞིན་སྐྱོང་བའི་ཡུལ་ལྷ་ཆེན་པོའི་ངོགས། །ཟླ་འོད་གཞོན་ནུའི་དངོས་སློབ་རབ་མཉེ་བ། །ཆོས་འབྱུང་སྒ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      མངལ་ཁུར་གྱིས་ལྕི་བས། །རྒྱ་མཚོའི་གོས་ཅན་ཟླ་བདུན་དུབ་པའི་མཐུས། །རང་ཚུགས་མ་ཐུབ་ཞིག་ཉམས་མཁར་ཁྱིམ་མཇལ། །ལར་བོན་པོའི་ཡིག་རྙིང་ན། འབྲི་ཆུ་ཁམ་པས་མར་བཅད། རྫ་ཆུ་སྔོན་མོས་ཡར་བཅད་པ་ཤར་སྤོ་འབོར་སྒང་ཟེར་བ་སྣང་། དེ་ལྟར་ན་འབྲི་རྫ་གཉིས་ཀྱི་ཆུའི་སྟོད་ན་གླིང་དཔོན་ཆེན། བར་ན་གླིང་དུ་སི། སྨད་ན་གླིང་བདག་པོ་ཞེས་ཧོར་ཁྲིམས་ལ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      བསྡད་ནས་རྟ་འབུལ་རྒྱུགས་འདུག་ཟེར། སྒར་ཆེན་དུའང་ནང་སོའི་ཞུ་ཡིག་ཟླར་གླིང་ཚང་དབང་གི་ཞུ་ཡིག་ཅེས་ཕུལ་ཡོང་གི་འདུག་པ་དེར་སྣང་། སྤྱིར་གླིང་བདག་པོས་དབང་བ་ལ་ཏྲེ་བོ། རྟ་ཤེལ་ཡན་འབྲི་ཆུ་སྟོད་སྨད་ཚུན་ལ་ཁྲི་སྐོར་བཅུ་གསུམ་ཚང་རྒྱུ། ད་ལྟ་ཁྲལ་འཐེན་གྱི་ལུགས་ཉིས་སྟོང་ཙམ་ཡོད་རྒྱུ་ནང་ཞིག་ནས་དམག་སུམ་བརྒྱ་རེ་ལས་སོ་སོ་ལ་མེད། …
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      སོར་སྒར་ཐོག་ཏུ་གཅིག་དང་གསུམ་སྐྱལ་ནས་བྱ་ཚང་འཛུད་མཛད་སོང་ཀྱང་། ཐུག་ཐལ་འདེབས་རྒྱུ་མེད་སྣང་བས་རེ་ཞིག་བཙོན་མཛད་ན་ཁག་འཇོག་པ་བདེ་བ་ཙམ་དུ་མཐོང་། མངའ་འོག་གཉིས་སྟོང་པོའི་ལྷག་ཕལ་ཆེ་དཔོན་མེད་ཕ་ཚོ། ཁ་ཅིག་ཞལ་ངོ་གཞོན་རིམ་པའི་ནང་སྐལ་ལ་སྔ་མོ་ནས་ཆད། ཁ་ཅིག་སྟོང་དཔོན་བརྒྱ་དཔོན་མིང་ཅན་གྱི་འོག །ཁ་ཅིག་ཆོས་སྡེ་གསར་རྙིང་ལ་ཕ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      གདུང་རྒྱུད་པའང་རུ་བ་ནས་བོད་ལ་བསྡུས། བུ་སྲིང་མ་སྔ་ཕྱིར་བྱིན་པ་སོགས་ཉེ་འབྲེལ་ཡོན་མཆོད་ཐིག་གུ་བརྐུས་ནས་ཏྲེ་ཤོད་ཕལ་མོ་ཆེ་དང་། རྫ་ཆུ་རྒྱུད་སྔ་མོ་ནས་དམག་ཁྲལ་འཐེན་པའི་ཁར། ཕྱིས་གླིང་གི་འོག་མང་པོའང་མགོ་བཏགས། རོང་པོ་བསོད་ནམས་བཀྲ་ཤིས་གོ་ཆོད་པས་ཤེལ་ཁོག་ར་མ་སྒང་ཞེས་ཉིན་ལམ་གཉིས་ཡན་ལ་ལུང་འགྲོ་ཞིང་། ཆོས་མཐོངས་ཀྱི་ཁ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཆད་ན་མི་ཚེ་ཉི་ཕུལ་བྱས་ཆོག་འདུག །ལ་པ་སྒར་ཆེན་གཅིག་གིས་ཚྭ་སྒོ་ཉིས་བརྒྱ་ཙམ་སྤྲོད་ཀྱི་འདུག་པས་མཚོན། ཇ་པ་སྒར་ཆེན་རེས་ཇ་སུམ་ཅུ་ལྷག་འབུལ་ཟེར་བས་འགྲོན་ལ་སྐྱབས་སུ་མཆིས། དེང་སང་གླིང་བདག་པོ་ཚུགས་ཁ་བ་གཅིག་གི་ཁུངས་ལེན་གྱི་འདུག་པའང་ལྕགས་མོས་སྡུད་མགོན་མ་མཛད་ན་མགྲོན་པོས་འགྲོ་མཚམས་ནས་ཐད་ལ་མི་སྤྲོད། གླིང་བདག་པོ་ཚོས་ན…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      སྔོན་དུད་ཁ་བརྒྱ་ཁ་སྟོང་ཁ་མང་པོ་སྟོན་གྱི་མཚན་དགུང་རྒྱུ་སྐར་ལྟར་ཡོད་ཚོད། ད་ལྟའང་། བརྒྱ་ཁུངས་རྣམས་ལ་སུམ་ཅུ་ཙམ་དང་སྟོང་ཁུངས་ཙམ་ལ་བརྒྱ་ཟིན་མིག་མངས་ལྟར་བཀྲམས་པ། མཁར་ལྔ་ཐོག་དྲུག་ཐོག་ཁ་རལ་གྱི་འོག་ཐོག་སྒོ་སྐར་ཁུང་དབྱེ་འབྱེད། སྟེང་ཤོད་འགྲོ་འདུག་མང་པོ་མི་དགོས་པ་ཕྱི་གསལ་ནང་གསལ་རྒྱུག་བདེ་ན་གསེར་གྱི་འཁོར་ལོའི་སྟན…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      ཁྲག་མང་པོ་ཟླ་ལམ་བགྲང་བར་སླེབ། སོག་པོ་གཞི་གཟུང་རྣམས་སྦྲ་གཡབས་བཟོ་ཞིང་འབྲོས་གྲབས་འཛུད་ཀྱང་འཇིགས་པ་དང་བྲལ་བས་དཔའ་ཞིང་བརྟུལ་ཕོད་པ། བཙུགས་ཤིང་གང་བསམ་དང་བཟའ་བཅའི་འབྱོར་པ་དུ་མ་སྐྱེ་ནའང་། ཤིང་དང་ཟས་སྣ་སྨན་སྣ་མེ་ཏོག་བཏབ་སྐྱེས་ཀྱིས་དག་པའི་ས་ཕྱོགས་སུ་མཛད་དེ་དགོས་མེད་ཐུགས་རྒྱུད་ལ་འཁྲུངས་པ། བྲ་བ་བྱི་ལོང་ཆུའི་གར་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      ལམ་ཡིག་རྡོ་རྗེའི་ཟེགས་མ།
      པ་ཆེད་དུ་བསྔགས་པར་འོས་སྣང་ནའང་། ཡིག་གཟུགས་དང་ཆད་ལྷག་ནོར་བ་ལ་ནི་ཇི་མི་སྙམ་པས་བཀླག་མི་ཐུབ་པའི་གླེགས་བམ་ཡང་ཡོང་སྣང་བ། དེ་ལྟ་བུའི་རྒྱལ་ཁམས་ཀྱི་རི་བོར་གྱི་ནར་སྤྱོད་པ་བདག་དང་བདག་འདྲ་རྣམས་ལ་སྐྱབས་གནས་རིན་པོ་ཆེས་ཐུགས་རྗེས་ཟུང་ཞིག །བྱིན་གྱིས་རློབས་ཤིག །བརྩེ་བས་སྐྱབས་ཤིག །བཀའ་དྲིན་སྩོལ་ཅིག། །།
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ་བཞུགས་སོ། །
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་དང་དེའི་ཆོས་དང་། །དགེ་འདུན་རྣམས་ལ་གུས་པས་ཕྱག་འཚལ་ཏེ། །ལུང་དང་མདོ་རྩ་ཀརྨ་ཤ་ཏཾ་ལས། །ཇི་སྙེད་གསུངས་བཞིན་ལས་ཀྱི་ཆོ་ག་བརྗོད། །དེ་ཡང་། དགེ་སློང་འགའ་ཞིག་གི་གཞན་དུ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་འདོད་པ་དག་འོངས་ན། དེའི་ཆོ་ག་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། དགེ་…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      སྦྱོར་བའི་ཆོ་ག་ལྔ་ལས། དང་པོ་བར་ཆད་དྲི་བ་ནི། བསྒྲུབ་བྱ་དེ་ཕྱག་གསུམ་འཚལ་ནས་ཐལ་མོ་སྦྱར་ཏེ་འདུག་སྟེ་བཅུག་པ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འདོད་པ་དེ་མི་ལུས་ཐོབ་པ་དོན་ཡོད་པར་བྱེད་པ་ཡིན་པས་ཤིན་ཏུ་སྐལ་བ་བཟང་། བསྟ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      མི་ལྡན་པ་ཞིག་དགོས་པ་དེའི་ཕྱིར། མདོ་རྩ་བར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་འབྱུང་བ་ལྟར། ངས་ཁྱོད་ཀྱི་རྒྱུད་ལ་བར་ཆད་ཡོད་མེད་བརྟག་པའི་དོན་དུ་དྲི་བ་འགའ་ཞིག་བྱེད་པས། ཁྱོད་ཀྱིས་མ་ལགས་ཞེས་བྱ་བ་ལ་སོགས་པ་ལན་དྲང་པོར་ཐོབ་ཅིག །ཅེས་བརྡ་སྦྱར་ནས་འདི་ལྟར་དྲི་བར་བྱ་སྟེ། ཁྱོད་མུ་སྟ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      བ། ཕམ་པར་གྱུར་པའི་ལྟུང་བ་བཞི་པོ་དག་ལས་གང་ཡང་རུང་བ་བྱུང་བ། རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ། ལག་སྡུམ་ལ་སོགས་པ། སྐྲ་སེར་ལ་སོགས་པ། སེན་མོ་གཅིག་པ་ལ་སོགས་པ། རྒྱལ་པོས་བཀྲབས་པ། རྒྱལ་པོས་མ་གནང་བ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ། ཆོམ་རྐུན་པར་གྲགས་པ། ཕུང་ཁྲོལ་བ། ལྷམ་མཁན། གདོལ་པ། གཡུང་པོ། མི་མ…
      GGT003 · རྒྱལ་ཚབ་གྲགས་པ་དོན་གྲུབ།
      དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པ་དང་དགེ་སློང་ཉིད་དུ་ཉེ་བར་བསྒྲུབ་པའི་ལས་ཀྱི་ཆོ་ག་མཚམས་སྦྱོར་དང་བཅས་པ།
      འདུག་ཅིང་། དེ་ཡང་སྔོན་སྲིད་པ་ཐ་མ་པའི་གང་ཟག་སྒྲིབ་པ་གསུམ་ཤས་ཆུང་ཞིང་། སྨིན་པ་གསུམ་ཤས་ཆེ་བ་རྣམས་ལ་ཚུར་ལ་སོགས་པ་སྔོན་ཆོག་གི་སྒོ་ནས་རབ་བྱུང་བསྙེན་རྫོགས་ཅིག་ཅར་དུ་ཐོབ་པ་ཡོད་ཀྱང་། དེང་སང་གང་ཟག་སྨིན་པ་ཤས་ཆུང་ཞིང་སྒྲིབ་པ་ཤས་ཆེ་བ་རྣམས་ད་ལྟར་གྱི་ཆོ་གས་རབ་བྱུང་དང་བསྙེན་རྫོགས་རིམ་ཅན་དུ་བསྒྲུབ་ཚུལ། མདོ་རྩ་བར། དག…